CLOSE WINDOW

N1207: phyag mtshan gyi phan yon
Wyliee-texts based on the ACIP/ALL Input

འདས་ཀྱི་ལ?་རྡོ་རྗེ་ཞེས་བྱའི་གཏོར་མའི་ཆོ་གའི་རིམ་པ་རྫོགས་སོ།། །།བཅོམ་ལྡན་འདས་ཀྱེའི?་རྡོ་རྗེ་ལ་ཕྱག་འཚལ། །གྱེ་ཡི་རྡོ་རྗེ་བདག་མེད་ལྡན། །མཁའ་གྲོ་བརྒྱད་ཀྱིས་ཡོངས་བསྐོར་ལ། །ཕྱག་འཚལ་ནས་ནི་ཕྱག ་མཚན་རྣམས། །བསྣམས་པའི་ཕན་ཡོན་རིམ་བཞིན་བརྗོད། །གླང་པོ་ལ་སོགས་བསྣམས་པ་ནི། ནད་རྣམས་ཞི་བར་མཛད་པ་སྟེ། །གློ་དང་དབུགས་དང་དེ་བཞིན་སྨོ?། །ཁྲག་སྐྱུག་མཛེ?་ནད་འབྲུམ་བུ་དང། །མཚེར?་བ་མཆིན་པའི་རང་བཞིན་ནོ ་གླང་པོ་ལ་སོགས་རིམ་ཞེས་གྲགས། །ས་ལ་སོགས་པ་བརྒྱད་བསྣམས་པ། །ཕྱུག་པོ་ཐམས་ཅད་འགྲུབ་པའོ། །ང་རྒྱལ་ལ་སོགས་སྐྱོན་དྲུག་བོ། །གཅོད་ཕྱིར་གྲི་གུག་གཡས་པས་ཏེ། །དངོས་དང་དངོས་མེད་རྟོག་པ་ལ། །གཡོན་པ ་ན་ནི་པད་སྣོད་དོ། །འཁོར་བའི་རྒྱ་མཚོ་དྲུག་ཅུ་ལས། །ཉ་འདྲའི་འགྲོ་བ་འདོན་ཕྱིར་རམ། །བཀྲ་ཤིས་འཛིན་པ་རོ་ཧི་ཏ། །ཉོན་མོངས་རྒྱ་འདྲ་གྲི་གུག་གཡས། །གཏི་མུག་གིས་ནི་རབ་རྨོངས་ལ། །ཕག་དང་འདྲ་བའི་སེམས་ཅན ་རྣམས། །གཏི་མུག་གཉིད་ལ་བསླང་བའི་ཕྱིར། །གཡས་ན་ཅང་ཏེ་སྒྲ་སྒྲོགས་པ། །འདོད་ཆགས་ཀྱིས་གདུངས་དུ་སྤལ?་ནི། །འགྲོ་བའི་ནད་རྣམས་བསལ་ཕྱིར་དང། །ཆགས་ཆེན་བདུད་རྩིས་ཚིམ་བྱའི་ཕྱིར། །རུས་སྤལ?་དང་ནི་པད་སྣོད་བསྣོས? ་ཞེ་སྡང་དགྲ་ཡིས་བམ་བྱས་པ། །སྤྲུལ་དང་འདྲ་བའི་སེམས་ཅན་རྣམས། །ཞེ་སྡང་ཆེན་བོས་ཚིམ་བྱའི་ཕྱིར། །ཕྱག་ན་སྤལ?་དང་ཐོད་པའོ། །ངན་རྟོག་པ་ཡི་རི་དགས་རྣམས། །སྐྲགས?་པར་བྱ་ཕྱིར་སེང་གེ་འམ། །སེང?་འདྲང?་རྒྱལ་གཞོམ་ཕྱིར་རམ། །སེང ་གེ་དང་ནི་དགྲ་སྟ་བསྣམས། །བདག་ཏུ་ལྟ་བས་སོགས་པ་ཡི། །ལྟ་བ་པོ་ཡི་གཉིས་པའོ། །བདག་ཏུ་ལྟ་བའི་མདུད་པ་དང། །སེར་སྣ་དགྲོལ་བར་བྱ་བའི་ཕྱིར། །དགེ་སློང་དང་ནི་མཁར་གསིལ?་ལོ། །དཔེར་ན་ཐོད་པ་ལྟ་བུ་ཡི། ཆོས་ནི་འཁོར་ལོ་བསྐོར ་བ་ཡིས། །ཉོན་མོངས་ཐ་བ་རློག་པའི་ཕྱིར། །འཁོར?་ལོ་དང་ནི་ཐོད་པ་བསྣམས། །རྣམ་པར་རྟོག་པའི་རི་བསྙིལ་ཅིང། །གདུག་པ་ཚར་གཅད་བྱ་བའི་ཕྱིར། །གཡས་པ་སྡིགས་མཛུབ་བསྟན་པའོ། །བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ་།མ་མོའི་ཆོགས་ཀྱིས ་ཡོངས་བསྐོར་བའི། ཕྱག་མཚན་བསྣམས་པའི་ཡོན་ཏན?་རྣམས། །ཅི་ནུས་བརྗིད?་ཐོབ་ཡོན་ཏན་རྣམས། །ཐབས་དང་ཤེས་རབ་གུས་ཆེན་དང། །བརྟེན་ནས་མཛའ་ཡས་སེམས་ཅན་རྣམས། །འཁོར་བའི་རྒྱ་མཚོ་ལས་བརྒལ་ཏེ། །ཐར་པའི་སྐམ་སེར་གནས ་པར་ཤོག་།ཕྱག་མཚན་གྱི་ཕན་ཡོན་རྫོགས་སོ།། །།རྒྱ་གར་སྐད་དུ། མཧཱ་ཏི་ལ་ཀ་ཀྲ་མ་ནཱ་མ། བོད་སྐད་དུ། ཐིག་ལེ་ཆེན་པོའི་རིམ་པ་ཞེས་བྱ་བ། དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །རང་བཞིན་གཉིས་བྲལ་གསེར་འདྲ་ཡོན ་