| Wylie | e-texts based on the ACIP/ALL Input |
ལམྦ། ཏ་པ་བ་དང་ཤེས་?་མེ་ཧཱ་ཏེ་ཛ་ནི་མགུ་ལེ་ནི་རྒཎ། སརྦ་ཏ་ཐཱ་ག་ཏ། ཨ་དྷིཥྛ་ན་ཨ་དྷི་ཥྛི་ཏ་སྭཱཧཱ། རྟེན་འབྲེལ་དག་གི་སྔགས་དཔག་གིས། །རབ་ཏུ་གནས་པར་བྱ་བ་ཡིན། རྫོགས་སོ། གཏོར་མའི་ཆོ་ག་།རྒྱ་གར་སྐད་དུ། བི ་ལིཾ་བིདྷི?། བོད་སྐད་དུ། གཏོར་མའི་ཆོ་ག། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ལ། །བཏུད་དེ་དང་བས་ཕྱག་འཚལ་ནས། །སེམས་ཅན་ཐམས་ཅད་བསྲུང་བའི་ཕྱིར། །གཏོར་མའི་ཆོ་ག་བྲི་བར་བྱ། །དཀོན་མཆོག་གསུམ ་མ་ཕྱག་འཚལ་ལོ། །སྐད་ཅིག་ཙམ་གྱིས་སྟོང་པར་བསྒོམ་སཱ་ལ། ད་ནས་ཧཱུཾ་ཞེས་བརྗོད་དེ། ཧཱུཾ་ལས་སྐད་ཅིག་ཙམ་ཕྱིས་རྡོ་རྗེའི་ས་གཞི་དང། ར་བ་དང་དྲ་བའི་ནང་དུ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དུར་ཁྲོད་བརྒྱད་དང་བཅས་པ་ལ་ལྷའི་? ་འཁོར་དུ་བསྐྱེད་ལ། བདག་ཉིད་ཀྱང་དེའི་མདུན་དུ་ཧེ་རུ་ཀའི་གཟུགས་སུ་བསམས་ལ། ཡི་གེ་འབྲུ་དྲུག་དང། འབྲུ་གསུམ་དང། ཅོད་པན་གྱི་ལྷ་དྲན་པས་བསུང་བར་བྱའོ། །དེ་ནས་འོག་ཏུ་ཡཾ་རཾ་ལས་རླུང་དང་མེ་བསྐྱེད་ལ། ཨ་ལས་?་པ་བསྐྱེད། ་དེའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་བསམ། དེའི་སྟེང་གི་བར་སྣང་ལ་ཧཱུཾ་ལས་ཟླ་བའི་སྟེང་དུ་རྡོ་རྗེ་བསྐྱེད། རླུང་གིས་མེ་སྦར་མེས་བདུད་རྩི་བསྒོལ་བའི་འོད་ཀྱིས་བཟླ་བ་དང་རྡོ་རྗེ་ཡང་ཐིམ་ནས་ལྷའི་བདུད་རྩིར་གྱུར་ཏེ། དེའི་སྟེང་དུ་ཨོཾ་བསམ། དེའི ་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་བསྟིམས་ལ། ཡི་གེ་འབྲུ་གསུམ་གྱི་སྔགས་ལན་གསུམ་བཟླས་པས་བྱིན་གྱིས་བརླབ་པོ། །དེ་ནས་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱིས་ལྟ་སྤྱན་དྲངས་ལ། ཨོཾ་ཤྲཱི་ཏེ?་བུ་ཀ་མ་ཧཱ ་བཛྲ་ཨཱ་གཟུགས?་གྷདྷ?་ཨོཾ། པྲ་བེ་ཤ་ཡ་པྲ་བོ་ཤ་ཡ། བནྡྲ་ཡ་བནདྷ་ལ། ཏོ་ཥ་ལ་ཏོ་ཥ་ཡ། སརྦབ་བཛྲ་ཌཱ་ཀི་ནཱི་ནཾ་ཧི་ད་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཞེས་བརྗོད་ལ། དམ་ཚིག་གི་དཀྱིལ་འཁོར་ལ་བསྟིམས་ལ། །ཡང་ཡིད་ལས་བྱུང་བའི་མཆོད་པ ་ཐམས་ཀྱིས་མཆོད་དོ། །དེ་ནས་?་རྣམས་?་ཁྲོད་བརྒྱད་ཀྱི་བདག་པོ་རྣམས་ཀྱིས་ལྕེ་ཧཱུཾ་ལས་རྡོ་རྗེ་ནས་འབྲུ་ཙམ་བསམས་ལ། དེའི་རྩེ་མོར་ཧཱུཾ་བསྒོམས་ཏེ། དེའི་འོད་ཟེར་གྱིས་བདུད་རྩི་དྲངས་ནས་གསོལ་བས་གཉིས་སུ་མེད ་པའི་ཡེ་ཤེས་ཐོབ་པར་བསམ་མོ། །སྔགས་ནི་ཨོཾ་ཤྲཱི་ཧེ་རུ་ཀ་བཛྲ་པྲ་ཏཱིཙྪ་མཾ་པ་ལིཾ་ཧཱུཾ་ཕཊ་།ོཾ་བུདྡྷ་ཌཱ་ཀི་ནི་པྲ་ཏཱིཙྪ་ཨི་མཾ་པ་ལིཾ་ཨོཾ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནི་པྲ་ཏཱིཙྪ་མཾ་བ་ལིཾ་ཧཱུཾ་ཕཊ། ཨོཾ་རཏན་?་ཀཱི?་ནཱི་པྲ་ཏཱིཙྪ་? ་ལི་ཏྲཾ་ཕཊ། ཨོཾ་བི་ཤྭ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མཾ་ལིཾ་ཨ་ཕཊ། ཨོཾ་སརྦ་ཌཱ་ཀི་ནི་པྲ་ཏཱི་ཙམ་བ་ཡི་རྟཱུ?་ཏེ་ཕཊ། ཨོཾ་སརྦབ་ཡོ་གི་ནཱི་པྲ་ཏཱིཙྪ་མི་བ་ལཾ་ཧཱུཾ་ཧཱ་ཧ་ཧ་ཧོ:། དེ་ནས་དེ་ཉིད་ལྔ་པས་སྟོད་པ་ནི། མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ན་མཁའ་ཆེན་པོ། ་རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ་རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་རབ་ཏུ་དག། རྡོ་རྗེ་ཞི་བ་དགའ་བ་ཆེན། །རང་བཞིན་གྱི་ནི་འོད་གསལ་མཆོག། སངས་རྒྱས་མཁའ་འགྲོ་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །དངོས་ཉིད་དག་པ་གོས་པ་མེད། །རིན་ཆེན་མཁའ་འགྲོ་ཕྱག་འཚལ་ལོ། །རྡོ་རྗེ་མི་འཆི་འདོད་ཆགས་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བསྙེས། །པདྨ་མཁའ་འགྲོ ་ཕྱག་འཚལ་ལོ། །རྡོ་རྗེ་དག་པ་གདོན་མི་?། །བསམ་པ་ཐམས་ཅད་ཡོངས་རྟོགས་པ། །སངས་རྒྱས་ངོ་བོ་ཉིད་ལས་བྱུང། །སྣ་ཚོགས་མཁའ་འགྲོ་ཕྱག་འཚལ་ལོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙེག་པ་མེད ་གཟུང་དུ་མེད་རིང་བརྗོད་དུ་མེད། །རྒྱུ་དང་ལས་ལ་ཀུན་དུ་འབྱུང། །ངོ་བོ་ཉིད་ཀྱི་གནས་པ་མེད། །དེ་ལྟར་ཆོས་འདི་ཤེས་ནས་ཀྱང། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་བུ་སྐྱེ། །ོཾ་ཨཱ:ཧཱུཾ་ཡུལ་ཆེ་གེ་མོ ་ཞེས་བྱ་བ་ལ་སོགས་པའི་ཀྵ་ཏྲ་པ་ལ་ཨི་དཾ་བ་ལི་གྲཧྞ་གྲཧྞ་མ་མ་ས་པ་རི་ཝཱ་ར་ན་སརྒྷ?་སདྭཉྩ་པཱ་པཾ་བྱ་ཏི་པི་གྷ་ནཱཾ་ཤཱནྟིཾ་ཀུ་རུ་དྷ་ན་དྷ་ན། ཨཱ་ཡུག་?་ཨ་ཨཱ་དི་པུཥྚིཾ་ཀུ་རུ་སརྦབ་པྲ་ཡཙྪ་རཀྵ་རཀྵ་ཀུ་རུ་སྭཱཧཱ། །སེམས་ཅན་ཐམས་ཅད ་ནད་མེད་ཅིང། །སེམས་ཅན་ཐམས་ཅད་བདེ་གྱུར་ནས། །སངས་རྒྱས་ཉིད་དང་ཕྲད་གྱུར་པའི། །ལམ་དེ་ཉིད་ལ་འབྲོ་བར་ཤོག། མ་གྲོལ་བ་རྣམས་གྲོལ་བ་དང། །མ་བརྒལ་བ་རྣམས་སྒྲེལ་བྱེད་ཅིང། །རྣལ་འབྱོར་བསེན་ཆོས་གནས་པ་ནི། །དེ་ལྟ་ཉིད་དུ ་གནས་པར་ཤོག། དེའི་འུག་ཏུ་ཡི་གེ་འབྲུ་གསུམ་གྱིས་ཞི་བ་ལ་སོགས་པའི་ལས་བཅོལ་ལོ། །དེ་ནས་ཨོཾ་ཨཱ:ཧཱུཾ་བཛྲ་མུ་ཞེས་བརྗོད། ས་གོལ་ལན་གསུམ་བརྡབས་ཏེ་གཤེགས་སུ་གསོལ། རྡོགས་སོ།། །།དཀོན་མཆོག་གསུཾ ་