CLOSE WINDOW

N1200: dpa' bo gcig pa dpal he ru ka phyag bcu drug pa'i sgrub pa'i thabs zhes bya ba
Wyliee-texts based on the ACIP/ALL Input

དབང་དུ་བྱ་བ་རྫོགས་སོ།། །། *། །དཔའ་པོ་གཅིག་པ་དཔལ་ཧེ་རུ་ཀ་ཕྱག་བཅུ་དྲུག་པའི་སྒྲུབ་ཐབས་བཞུགས། །རྒྱ་གར་སྐད་དུ། ཨོཾ་ཀ་པཱི་ར་ཤྲཱི་ཧེ་རུ་ཀ་ཥོ་ཌ་ཤ་བྷུ་ཛ་སཱ་དྷ་ནཱཾ་ནཱ་མ། བོད་སྐད་དུ། དཔའ་བོ་གཅིག་པ་དཔལ་ཧེ་རུ་ཀ་ཕྱག་བཅུ་དྲུག་པའི་སྒྲུབ?་པའི་ཐབས་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དང་པོར་རང་ཉིད་ཐུན་མོང་དང་ཁྱད་པར་གྱི་མཚན་ཉིད་དང་ལྡན་པས་བགེཌ་དང་འཆེ་པ་ལ་སོགས་པ་མེད་པར་རྗེས་མཐུན་པའི་གནས་སུ་ཞུགས་ཏེ། བྱ་བའི་རིམ ་པ་ནི་མཎྜལ་ངས?་རིས?་ལ་སོགས་པ་དགོད་པ་དང། མཆོད་པ་ཉེ་བར་བཤམས་ཏེ། ཁྲུས་སྔོན་དུ་སོང་བས་ལྷར་མོས་ཤིང། སྟན་བདེ?་བ་ལ་འདུག་ནས། ཨོཾ་བཛྲ་བུཥཔེ་ཨོཾ་ཨཱ་ཧཱུཾ་ཞེས་པ་ལ་སོགས་པ་མཆོད་པ་ལྔ་བྱིན་གྱིས་བརླབ ་པ་དང། མཆོད་པ་གཞན་དག་ཀྱང་ཨོཾ་ཨཱ:ཧཱུཾ་ཞེས་སོ། །དེ་ནས་རང་གི་སྙིང་གར་རཾ་ཡོངས་སུ་གྱུར་པའི་ཉི་མ་ལ་ཧཱུཾ་བསམས་ཏེ། དེའི་འོད་ཟེར་དག་གནས་པའི་ཁང་པ་ལ་ཕོག་པས་རྡོ་རྗེ་ས་བཏམ?་པར་མོས་ཤིང། །ོཾ་ཧེ་བཛྲ་ཨ་དྷི་ཏིཥྛ? ་སྟ་ཏ་ན་ར་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པས་གནས་བསྲུང?་པ་དང། དེ་བཞིན་དུ་བདག་སྲོག་དང་རྣལ་འབྱོར་བསྲུང་པ་ལ་ཡང་སྦྱར་ཏེ། ཨོཾ་ཨཱ་ཏ་མ་ཛོ?་པ་ཡི་གེ་ཞེས་པ་དག་གིས་སོ། །དེ་ནས་སྙིང་གའི་ས་བོན་ལས་འོད ་ཟེར་འཕྲོས་པས། བསོད་ནམས་ཚོགས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཏེ། མངོན་སུམ་ལྟ་བུར་གསལ་བར་དམིགས་ཏེ། ཆུ་དང་ཐར་ལ་སྐྱེས་པ་ཡི། །ལྷ་རྫས་བཟང་པོའི་མེ་ཏོག་འདི། །གུས་པས་མཆོག་གིས་བདག་དབུལ་ན། །ཅི་བདེ་བར ་ནི་བཞེས་སུ་གསོལ། ཨོཾ་བཛྲ་པུཥཔེ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ་།དེ་ལ་སོགས་པ་ཐུན་མོང་གི་མཆོད་པ་བྱས་ལ། །ཡང་རང་གི་སྙིང་གའི་ས་བོན་ལས་ལྷ་མོ་བརྒྱད་བྱུང་སྟེ་མཆོད་དོ། །དེ་ཡང་གཽ་རཱི་མ་ནི་རི་བོང་འཛིན། །ཙོ? ་རཱི?་མ?་ཉི་མའོ། །རོ་ལངས་མ་ནི་འབབ་ཆུ་འཛིན། །གྷསྨ?་རཱི་ནི་སྟོབས་འཛིན་པའོ། །སྤོས་མོ་ཙན་དན་སྡོང་བུ་འཛིན། །རི་ཁྲོད་མ་ནི་སྤྲང་རྩིའོ། །གཏུམ་ཅང་ཏེའུ་སྒྲ་བརྡུང་ཞིང། །གཡུང་མོ་མགུལ་པ་ལ་སྟོང?་པའོ། །སྐྱེས་བུ་བཞིན་དུ་བྱེད ་པར་བཤད། །དེ་ནས་བཤགས་པ་བྱ་སྟེ། །བདག་གིས་སྡིག་པ་བགྱིད་པ་དང། །རྗེས་སུ་ཡི་རང་བགྱིས་པ་དང། །རྫོགས་སངས་རྒྱས་ཀྱི་སྤྱན་སྔར་ནི། །ཐམས་ཅད་མ་ལུས་སོ་སོར་བཤགས། །དེ་ནས་རྗེས་སུ་ཡི་རང་བ་བྱ་སྟེ། །སངས་རྒྱས་བྱང ་ཆུབ་སེམས་རྣམས་དང།?་།འཕགས་པ་ཉན་ཐོས་རང་རྒྱལ་དང། །སོ་སོ་སྐྱེ་བོའི་བསོད་ནམས་དེ། །ཀུན་ལ་རྗེས་སུ་ཡི་རང་ངོ། །དེ་ནས་སྔོ་བ་བྱ་སྟེ། །བདག་གི་དགེ་བ་འདི་དག་ཀུན། །བླ་མེད་བྱང་ཆུབ་ཡང་དག་རྫོགས། །སེམས་ཅན་ཀུན་དང ་ཐུན་མོང་དུ། །ཡོངས་སུ་སྨིན་ཅིང་རྫོགས་པར་བགྱི། །དེ་ནས་སྐྱབས་སུ་གསོལ་ཏེ། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག། དེ་ཡིས་གསུངས་པའི་དམ་ཆོས་དང། །བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། ། ་དེ་ནས་སྨོན་ལམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །བདག་གི་བླ་མེད་བྱང་ཆུབ་ཏུ། །ཡང་དག་རྫོགས་པར་གྱུར་ནས་ནི། །སེམས་ཅན་ཀུན་དོན་ཕན་པའི་ཕྱིར། །མི་གནས་མྱ་ངན་འདས་ལ་དགོད། །དེ་ནས་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། ་བདག་གིས་སྦྱིན་པ་ལ་སོགས་པ། །ཕ་རོལ་ཕྱིན་པ་ཀུན་རྫོགས་པ། །རྡོ་རྗེ་ཐེག་པ་བླ་ན་མེད་པའི། །ལམ་ནི་ཡང་དག་བསྟན་པར་བྱ། །དེ་ནས་སྔར་གྱི་ཧཱུཾ་ལས་བྱུང་བའི་འོད་ཟེར་གྱིས་འགྲོ་བའི་སེམས་ཅན་ཐམས་ཅད་བཀུག་ནས། བཤེས་དང ་འབྲེལ་ལྟ་བུར་གསལ་བར་དམིགས་ནས། ཚད་མེད་པ་བཞི་བརྩེ་གདུང་གི་རྣམ་པ་དང། སྡུག་བསྔལ་དང་བྲལ་བར་བྱ་བ་དང། ཐབས་ཐོབ་པས་དགའ་བ་དང། མི་རྟོག་པ་ལ་འཇུག་པ་བཏང་སྙོམས་བསྒོམ་པར་བྱའོ། །དེའི་རྗེས་ལ ་སྔགས་འདི་དག་བརྗོད་པས། སྟོང་བ་ཉིད་དུ་བསྒོམ་པར་བྱ་སྟེ། ཨོཾ་སྭ་བྷ་བ་བི་ཤྲུདྡྷ(རྒྱུད་འགྲེལ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་པ་ངེས་ནི་སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཡི། །རང་བཞིན་ང་འམ་བདག་ཡིན་ནོ། །ཞེས་བ་དེ་ལ་གནས་པར་བྱའོ། །དེ་ནས་བདག་ཉིད་སྐད་ཅིག་ཙམ་གྱིས་ནི། །ཡེ་ཤེས་དང་ལྡན་ལྷ་རུ་མོས་པ་རེ། །དེ་ཡི་མདུན་ནི་ནམ་མཁའ་ ་རེ་པ་ལས། །གྱུར་བ་ཉི་མའི་སྟེང་དུ་ཧཱུཾ་ལས་ནི། །སྣ་ཚོགས་རྡོ་རྗེ་ཡེ་ཤེས་ལྔ་ལྡན་བསམ། །དེ་ཡི་ལྟེ་བར་ཧཱུཾ་ལས་འོད་ཟེར་འཕྲོས་པས། །བགེགས་བསྲེགས་ར་བ་དང་ནི་གུར་ཡང་བསམ། །དེ་ཡི་ནང་དུ་པདྨ་ཉི་མ་ལ། །རང་གི་སེམས་ཉིད ་ཡེ་ཤེས་རྣམ་པ་ཡིས་?་ཧཱུཾ་གི་དེ་ཉིད་ཡོངས་སུ་གྱུར་པ་ལས། །རྡོ་རྗེ་རྩེ་ལྔའི་ལྟེ་བར་ཡི་གེ་ཧཱུཾ། །ཡང་ནི་དེ་ཡི་འོད་ཟེར་གྱིས་ནི་ཁམས་གསུམ་གྱི། །སེམས་ཅན་རྣམ་པར་སྦྱངས་ཏེ་འོད་ཟེར་བསྡུ། །དེ་རྗེས་རྡོ་རྗེ་ཡོངས་སུ་གྱུར་པ་ལས། །ཧེ་རུ་ཀ ་དཔལ་ཟླ་བ་ཆུ་ཤེལ་འོད། །ཞལ་བརྒྱད་ཉི་ཤུ་རྩ་བཞི་སྤྱན་གྱིས་ཚེ། །བཅུ་དྲུག་ཕྱག་ལྡན་ཞབས་བཞིས་བདུད་བཞི་མནན། །རང་སང་མོས་པ་ཙམ་སྟེ་དངོས་སུ་མིན། །མཆེ་བ་ཅུང་ཟད་གཅིགས་ཤིང་རལ་པ་དང ་ཐོད་པའི་དབུ་རྒྱན་ཐོད་པའི་ཕྲེང་བ་དང། །སྤྱི་གཙུག་འཁོར་ལོ་ལ་སོགས་ཕྱག་རྒྱ་ལྔ། །བརྐྱང་བསྐུམ་སྤྱིལ་ཀྲུང་ཕྱེད་པ་གར་མོས་བྱ། །དེ་ཚེ་རང་གི་སྙིང་གར་ཉི་མ་ལ། །ཧཱུཾ་གི་རྣམ་པ་བདུད་རྩི་ཐིག་ལེ་དང་ཅས། །སྲོག་དང་རྩོལ་བ ་པའི་སྦྱོར་བས་འོད་ཟེར་འཕྲོ། །ོཾ་དེ་བ་པིཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་ཅི་ནུས་བཟླས་བྱ་སྟེ། །དེ་རྗེས་དེ་ཡང་སྨིན་པར་བྱ་པའི་ཕྱིར། །ཤིང་འབྲས་ཚོས་པ་ལྟར་གྱུར་འབྲས་བུ་ཡཾ། །ཧེ་རུ་ཀ་དཔལ་ཕྱག་མཚན་ཞལ་སོགས་ནི།། ་སྔར་སོགས་མིག་སྨན?་གཅིག?་པ་ལྟ་བུའི་མདོང། དེ་རྗེས་དེ་ཡང་རྫོགས་པར་བྱ་བའི་ཕྱིར། །རང་གི་སྙིང?་གའི་ཉི་སྟེངས་ས་བོན་ལས། །རྡོ་རྗེ་ས་བོན་དང་བཅས་ཡངས་གྱུར་པ། །ཡེ་ཤེས་སེམས་དཔའ་རང་འདྲའི་སྙིང་ག་རུ། །ཏིང་འཛིན ་སེམས་དཔའ་མཚན་མ་ས་བོན་བསམ། །དེ་མི་འོད་ཀྱིས་ཡེ་ཤེས་བདག་པོ་བསྡུ། །དེ་བརྗོད་ཛ:ཧཱུཾ་བཾ་ཧོ(རྒྱུད་འགྲེལ་བརླབས་དབང་བསྐུར་བྱ། །དབང་གི་སྔགས་རྣམས?་དག་ནི་བརྗོད་ཀྱང་རུང། །མཆོད་ནས་བསྟོད་དང་བདུད་རྩི་མྱང་བའང་བྱ། དེ་དག་སྔགས་བརྗོད་པའང་འདི་ཡིན་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། །ོཾ་སརྦ་ཏ་ཐཱ་ག་ཏཱ ་?་སྟུ་དེ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཨོཾ་སརྦ་ཏ་ཐཱ?་ག་ཏ་ཨ་མྲི་ཏ་སུ་ཏ་ན་བཛྲ་སྭ་བྷཱ་ཨཱཏྨ་ཀོ་ཧཾ། ད་ནི་རྫོགས་རིམ་ལ་འཇུག་པ། །ཤེས་བྱའི་གཙོ་མོ་གཏུམ་མོ་སྦར། །ཡང་?ནི་སྲོག་དང་རྩོལ་སྦྱར་བས། །ཡེ་ཤེས་རླུང་དང་མེ་སྦར་བས། །ཧཾ ་ལས་བདུད་རྩིའི་ཐིག་ལེ་བག། ངལ་སོ་དབུགས་དབྱུང་དབྱེར་མེད་འགྱུར། །དེ་ལ་སེམས་བརྟན་རྩེ་གཅིག་བྱ། །ཉམས་ཆེན་གཙོ་བོའི་རྣམ་པ་ནི། །དགའ་དང་སྐད་ཅིག་རིག་པ་གསུམ་ལས། །མཚན་ཉིད་བྲལ་བའི་ལྷན་སྐྱེས་བསྒོམ། །སེམས་བརྟན ་པ་ཡི་མཚན་མ་ནི། །གཟུང་འཛིན་བྲལ་ཞིང་ཡེ་ཤེས་རྙེད། །རྟགས་ནི་སྨིག་རྒྱུ་དུ་བ་དང། །མར་མེ་སྤྲིན་མེད་ནམ་མཁའ་འདྲ། །ངེས་པར་ཆོས་ཉིད་མངོན་དུ་བྱེད། དེ་ལྟ་ཅི་ནུས་བསྒོམ་བྱ་སྟེ། །སྐྱོབ་པར་གྱུར་ན་སྔགས་བཟླས་བྱ། །བདག ་ཉིད་རིམ་གཉིས་ཚོགས་པ་གཅིག། བསྐྱེད་རིམ་འབྲས་བུ་ཧེ་རུ་ཀ། མིག་སྨན?་ཆག་པ་ལྟ་བུར་མོས། །ཕྱག་མཚན་ཞལ་སོགས་སྔར་བཞིན་ནོ། །རྫོགས་རིམས་བདེ་ལ་མི་རྟག་ཅིང་མི་དམིགས་པ་རུ་མོས་པས་བཟླས། །?་བ་ལྟ་བུའི ་བསམ་གཏན་དང། །ཆུ་ཟླ་ལྟ་བུའི་རྣམ་པ་སྟེ?། །བྲག?་ཆ་ལྟ་བུའི་བཟླས་པ་ནི། །ོཾ་ཨཥྛ?་ན་ཡ། པིངྒ་ཨུརྡྷ?་ཀེ་ཤ། ཝརྟ་མ་ན་ཡེ་ཙ་ཏུརྦི?་ཤ་ཏི་ནེ་ཏ་ཡ། ཥོ?་ཌ་ཤ་བྷུ་ཛ་ཡ་ཀྲི་?་ཛཾ?་མཱུ?་ཏ་ཝ?་དུ་ཥེ། ཀ་པཱ་ལ་མཱ་?་རྡེ་ཀ་དྷུ་ར་རཾ་ཎ?། ཨཱདྷ?་ཏ་ཀྲུ ་ར?་ཛིདྷཱ?་ཡ། ཨ?་ཨིནདུ?་དཾཥྚ?། །ོཾ་མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་རི་ཡ། གརྫ་ཡ་བརྫ?་ཡ། ཏརྫ་ལ་ཏརྫ་ཡ། ཤེ་ཥ་ཡ་ཤོ་ཥ་ཡ། སཔཏ་སཱ་ག་ག་རཱ་ན། བནདྷ་བནདྷ། ཨ་ཝ?་ན་ག་ཀཱ་ན། གྲིཧྞ་གྲིཧྞ། སརྦ་ཤ་ཏྲུཾ་ནཾ། ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ?་ཧཻ་ཧོ་ཧཽ་ཧཾ་ཧ:ཧཱུཾ ་ཕཊ་སྭཱཧཱ?། ཞེས་པ་བདག་ནི་བཟླས་བྱས་ནས། །འབྱུང་པོ་ཀུན་གྱི་གཏོར་མ་འམ། མཚན་ཕྱེད་ཡིན་ན་ཚོགས་འཁོར་བྱ། །དེ་ནས་ཅུང་ཟད་མཆོག་བྱས་ལ། །ོཾ་ཨཱ:ཧཱུཾ་མུ:ཡིས་ནི། །ཡེ་ཤེས་བདག་པོ་གཤེགས་སུ་གསོལ། དམ་ཚིག་རང ་གི་ཐུགས་དཀར་བསྡུ། །སྤྱོད་ལམ་ལྷག་པར་མོས་པ་ཡིས། །བསྐྱེད་རིམ་ལྷ་ཡི་ང་རྒྱལ་དང། །རྫོགས་རིམ་གཉིས་སུ་མེད་པར་མོས།། །།གང་ཞིག་ཐར་པའི་ལམ་ནི་འདོད་པ་ངེས། །བླ་མེད་མཆོག་གི་ཐེག་པར་ཞུགས་ ་ནས་ཀྱང། །བླ་མ་དམ་པའི་གདམ་ངག་ལ་བརྟེན་ནས། །ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་བསྒྲུབ། །དེ་ལྟར་བདག་ལ་འདི་ནི་རིམ་པར་འབྱུང། །རྗེས་སུ་འབྲངས་པས་འདི་བཞིན་བསྒྲུབ་པར་བྱ། །དགེ་བ་གང་ཐོབ་དེས ་ནི་ཐམས་ཅད་ཀྱང། །འཕྲལ་ལ་ཡིད་ཆེས་མངོན་དུ་བྱེད་གྱུར་ཅིག། དཔའ་བོ་གཅིག་པ་དཔལ་ཧེ་རུ་ཀ་ཕྱག་བཅུ་དྲུག་པའི་བསྒྲུབ་པའི་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། པྲ་ཏི་སྟ་བི་དྷི། བོད་སྐད་དུ། སྤྱན་དབྱེ་བའི་ཆོ་ག ་