| Wylie | e-texts based on the ACIP/ALL Input |
སྨིན་ཅིང་རྫོགས་པར་ཤོག་།ཅེས་བརྗོད་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དཔལ་དགྱེས་པ་རྡོ་རྗེའི་ལྷ་ཆོགས་འཁོར་དང་བཅས་པ་ལ། བདག་ཉིད་ལུས་འབུལ་གྱིས། བདག་དུས་ཐམས་ཅད་དང་རྣམ་པ་ཐམས ་ཅད་དུ་ཞེས་སུ་གསོལ། །ཐུགས་རྗེ་ཆེན་པོ་དང་ལྡན་པའི་མགོན་པོ་ཁྱེད་རྣམས་ཀྱིས། །དམ་ཚིག་ཆེན་པོའི་དངོས་གྲུབ་སྩལ་དུ་གསོལ། དེ་ནས་སྡོམ?་པ་གཟུང་ནས་བསྟོད་པ་ཉི་ཤུ་པས་བསྟོད་ལ། བཟོད་པར་གསོལ་བ་ནི། གཡང་བདག་བློ་གཏི?་མུག? ་པས་ཞེས་པ་ལ་སོགས་པའོ། །ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ནས་སྨོན་ལམ་གདབ་པ་མི་རིགས་སུ་སྐྱེ་ཞིང་དམ་ཚིགས་ཅན། །སྣོ?་མེད?་ཀྱི་ཡི་རྡོ་རྗེ་སྟོན། །བླ་མ་ལ་གུས་སྙིང་རྗེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་པར་ཤོག་།ལག་པ་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག་།དེ་ནས་གཤེགས་སུ་གསོལ་བ་ནི། །ོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་གསོལ། །སངས་རྒྱས་ཡུལ ་དུ་གཤེགས་ནས་ཀྱང། སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་བརྗོད་ལ་ཧ?་བཛྲ་མཎྜལ་མུ:ཞེས་པས་གཤེགས་སུ་གསོལ་བར་བྱའོ། །མདོར་བསྡུས་པའི་བྱ་བ་རྫོགས་སོ།། །།སཱ?་ཆ་བྱ་པའི་རིམ་པ་ཡང། །ས་ལ་འཇིམ་པ་? ་ནས་ནི། རང་གི་ལྷ་ཡི་རྣལ་འབྱོར་གྱིས། །འཇིམ་པ་རིན་ཆེན་སྣ་ལྔར་བསམ། །དེ་ནས་སེམས་ཅན་ཐམས་ཅད་ལ། །བྱམས་དང་སྙིང་རྗེ་བསྐྱེད་བྱ་ཞིང། །རིགས་གསུམ་ལྷ་ཡང་དྲན་པར་བྱས། །ཆོས་སྐུའི་གཟུགས་བརྙན?་བཞེས་པ་དང། །དེ་ཡང་སེམས ་ཅན་དོན་དུའོ། །དེ་ནས་འཇིམ་པ་ངག་ལ་ནི། །སྔགས་ནི་ཉི་ཤུ་རྩ་གཅིག་གདབ། །ན་མོ་བྷ་ག་བ་ཏེ། བེ་རོ་ཙ་ཎ། ཏ་ཐཱ་ག་ཏ་ཡ། ཨ་ར་ཧ་ཏེ། སཾ་མྱ?་ས་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་སུཀྵྨེ་སུཀྵE་ས་མེ་ས་མ་ཡེ། ཤཱནྟེ་དནྟེ། ?་?་?་ཨ་ན་ལ་གཱ་ཏ་རཾ་བེ?་ཡ་ཤོ་པ་ཏིམ ་ཧཱ་ཏེ་ཛ་ནི་རཀུ?་ལེ་ནི་ནཱ?་ཎེ། སརྦ་ཏ་ཐཱ་ག་ཏ། ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་སྭཱཧཱ་རྟེན་འབྲེལ་ངག་གི་སྔགས་ངག་གིས། །རབ་ཏུ་གནས་པ་བྱ་བ་ཡིན་རྫོགས་སོ།། །།བཅོམ་ལྡན་འདས་དཔལ་དགྱེས་པ་རྡོ་རྗེ་ལ་ཕྱག་འཚལ་ལོ། །དེ་ཉིད་ཡེ་ཤེས་རྒྱུས་སྐྱེས ་པའི། །ལོངས་སྤྱོད་རྫོགས་སྐུ་ཕྱག་འཚལ་ནས། །ཤིན་ཏུ་བསྡུས་པར་གྱུར་པ་ཡི། །བུང་པའི་སྒྲུབ་ཐབས་བཤད་པར་བྱ། །དང་པོ་ཁོ་ནར་ཁམས་གསུམ་ཐམས་ཅད་སེམས་ཙམ་དུ་ཤེས་པར་བྱས་ལ། དེ་ནས་བདག་ཉིད་དཔལ་ཧེ་རུ་ཀའི་གཟུགས་ཆུ་སྐྱེས་དམར ་པོ་དང་འདྲ་བ་སྐད་ཅིག་གིས་རྫོགས་པར་བྱས་ཏེ། རང་གི་སྙིང་གར་བཅུ་དྲུག་བྱེད་ཀྱི་པདྨ་ཤིན་ཏུ་དམར་བ་བསམས་ལ། དེའི་ལྟེ་བ་ལ་ཨཱ་ལི་ཡང་དག་པར་བསྡུས་པའི་གཟུགས། །སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རྗེས་སུ་ཆགས་པའི་ཡི་གེ་ཨཱ:དང་ཧཱུཾ ་ཡང་དག་པར་ཡིད་ཀྱིས་བྲིས་ཏེ། དེ་ནས་ཧཱུཾ་དང་ཨ་ལས་བྱུང་བ་ཤིན་ཏུ་དམར་བའི་འོད?་ཟེར་ཡིད་བཟོ་བར་བྱེད་པ་སྤྲོས་ཏེ།། །།གུར་གུམ་ལྟ་བུའི་འོད་ཟེར་དེ་ཕྱོགས་ཐམས་ཅད་ཁྱབ་སྟེ། སེམས་ཅན ་ཐམས་ཅད་རང་གི་གཟུགས་སུ་བྱས་ལ། དེའི་སྐུ་གསུང་ཐུགས་ལྷན་ཅིག་ཏུ་བཀུག་སྟེ། ཧཱུཾ་དང། ཨོཾ་གཉིས་ཀྱི་ཐིག་ལེ་ལེ་གཞུག་པར་བྱའོ། །དེ་ནས་ཧཱུཾ་ཡོངས་སུ་གྱུར་པ་ལས། ཐབས་དང་ཤེས་རབ་ཀྱི་རང་བཞིན་བུང་བའི་གཟུགས། རིན་པོ་ཆེ་ལྟ ་བུའི་སྙིང་རྗེ་ཆེན་པོའི་རང་བཞིན་མེ་ཏོག་གི་ངོ?་འཐུངས་པས་བརྒྱལ་བ། ཧཱུཾ་གཾ་ངོ་བོའི་སྒྲ་རྟག་རིང་དུ་སྒྲོག་པ། །བདག་མེད་མ་དང་ཧེ་རུ་ཀའི་རང་བཞིན་བསྒོམ་བར་བྱའོ། །དེ་ནས་དེའི་སྙིང་གར་མཚོན་དམར་པོ། ཀོ་བའི་ཆུ་ལྟ་བུའི་ཐིག་ལེ་ཕྲ་མོ་ཨཾ? ་དང་ཧཱུཾ་གི་ཡི་གེ་བལྟས་ཏེ། དེ་ནས་ཐབས་དང་ཤེས་རབ་ཀྱི་བུང་བ་སྲོག་གི་རླུང་ལ་ཞིན་ཏེ་སྣའི་བུ་ག་ནས་ཕྱུང་ལ། ཁམས་གསུམ་ན་གནས་པ་སེམས་ཅན་གྱི་ལུས་ངག་ཡིད་གསུམ་རྣམ་པར་དགུ་པར་བྱས་ཏེ་བསྡུའོ། །ཡང་དཔུགས་ཀྱི་རླུང ་