| Wylie | e-texts based on the ACIP/ALL Input |
ཧེ་རུ་ཀ་ཉེ་བར་འབྱུང་བ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་།དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་དཔལ་ཐམས་ཅད་མཁྱེན་ཉིད་རིག་པར་ལྡན། །ལྷན་ཅིག་སྐྱེས་པ་དེ་ལ་སྤྱི་བོས་ཕྱག་འཚལ་ཏེ། ། ་སྐྱོན་རྣམས་ཐམས་ཅད་བྲལ་ཞིང་སྙིང་རྗེའི་རང་བཞིན་ལྡན། །དེ་ཉིད་རྟོགས་ཕྱིར་དཀྱིལ་འཁོར་ཆོ་ག་བསྡུས་ཏེ་བཤད། །དབང་བསྐུར་རབ་གནས་བཟླས་དང་སྒྲུབ་པ་ལ་སོགས་པ། །དཀྱིལ་འཁོར་ཆེན་པོར་མི་ལྡན་གང་ཡང་འགྲུབ་མི་འགྱུར། །དེ་ཕྱིར་ལས ་ཀུན་རྫོགས་ཤིང་དེ་ཉིད་རྟོགས་ཕྱིར་དང། །ཁྱད་པར་ལམ་ལ་སྨིན་ཕྱིར་དཀྱིལ་འཁོར་ཆོག་བརྩམ། །དཀྱིལ་འཁོར་ཉིད་འཛིན་སྔགས་དང་ཕྱག་རྒྱ་དང། །གདན་ལྡན་བཟླས་དང་སྦྱིན་སྲེག་ཆོ་ག་དང། །མཆོད་དང་ལས་ཀྱི་སྤྱོད་ཀ་ཡོངས་སུ་སྡུད་པ་སྟེ། ་འདི་ནི་དེ་ཉིད་བཅུ་སྟེ་རིག་?་བྱ། །སློབ་དཔོན་དེ་ཉིད་བཅུར་ལྡན་ཞིང། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །མཆན་ཉིད་ཐམས་ཅད་ཡོངས་སུ་རྫོགས། །བསྟན་བཅོས་ཀུན་གྱི་དོན་རྟོགས་ཤིང། །དབང་རྣམས་ཐམས་ཅད་རྫོགས་པ་དང། །དེ་ཉིད་ལྷ ་ཡི་སྣང་བ་ཐོབ། །བླ་མ་ཡོན་ཏན་ལྡན་གྱིས་གནང། །དམ་ཚིག་སྡོམ་ལྡན་རབ་ཏུ་བརྟན། །ཐེག་པ་གསུམ་གྱི་དེ་གཉིད་རིག། འཇིག་རྟེན་ཆོས་ཀྱིས་མགོས་ཤིང། །སྙིང་རྗེའི་རང་བཞིན་སྙིང་བརྩེར་ལྡན། །རྒྱུན་དུ་བཟླས་བརྗོད་མཐར་ཕྱིན་ཞིང། ། ་དང་དང་བྱམས་ལ་རྒྱུན་བཞུགས་པ། །ཆོ་ག་ཐམས་ཅད་རྫོགས་པ་དང། །དཀྱིལ་འཁོར་བྲིལ་བརྩོན་ལྡན་ཡིན། མཆོག་གི་བསོད་ནམས་ཐོབ་འདོད་དང། །དེ་ཉིད་རྗེས་སུ་ཡི་རང་ལྡན། །དེ་དག་མི་ལྡན་དཀྱིལ་འཁོར ་རྩོ?་ཆོ་གའི་རང་བཞིན་དམན་པ་དང། །རློམ་པའི་སེམས་ཀྱིས་བྱས་གྱུར་ན། ཚེ་འདིར་སྡུག་བསྔལ་ཆེན་པོ་འཐོབ། ཕ་རོལ་འཇིགས་པ་ཆེན་པོར་འགྱུར། །དེ་ཕྱིར་མཚན་ཉིད་རྫོགས་པ་དང། རྒྱུད་ཀྱི་དོན་ཐམས་ཡོངས་རྟོགས་ཤིང། །ཆོག ་ཐམས་ཅད་མ་ཉམས་པར། །དཀྱིལ་འཁོར་ཆེན་པོ་རྩོམ་པ་ན། །འདི་དང་ཕ་རོལ་ཐམས་ཅད་ཀྱི། །བསོད་ནམས་ཕུན་སུམ་ཚོགས་པ་འཐོབ། །མི་མཉམ་བསོད་ནམས་ཐོབ་བའི་ཕྱིར། །དཀྱིལ་འཁོར་མཆོད་ལ་བརྩོན་པར་བྱ། །དེ་ལ་རང ་གོ་།དོ?་ནར་སློབ་མ་སྦྱིན་པར་བྱ་བའི་ཕྱིར། །མཎྜལ་ལ་སོགས་པ་སྔོན་དུ་འགྲོ་བས་ལན་གསུམ་དུ་གསོལ་བ་གདབ་པར་བྱའོ། །བདག་ཉིད་བསྒྲུབ་པར་བྱ་བའི་དཀྱིལ་འཁོར་རམ། གཞན་སྦྱིན་པར་བྱ་བའི་དོན་ཆེད་དུ་གཉེར་བའི་བསྙེན་པ་ལ་འཇུག ་པར་བྱ་སྟེ། དེ་ནས་ཁྱད་པར་གྱི་གནས་སོ་སོའི་སྐྱེ་བོ་མི་?། ཡིད་འཇུག་པ། གནས་ཀྱི་དེ་ཁོ་ན་ཉིད་རིག་པའི་སྟོབས་ཀྱིས་གནས་ཏེ། དགྱེས་པའི་རྡོ་རྗེའི་རྣལ་འབྱོར་མཚན་ཉིད་ཐམས་ཅད་དང་ལྡན་པར་བྱ་སྟེ། ལྷག་པའི་ལྷ་འམ་འཁོར ་ལོ་སྒྱུར་པའི་སྔགས་ལ་འབུམ་ཕྲག་གི་བཟླས་སོ་བྱས་ནས། འཁོར་གྱི་སྔགས་ཀྱང་ཁྲི་ཕྲག་རེ་རའི་བཟླས་པ་བྱས་པ་འམ། ཡང་ན་ལྷའི་རྗེས་སུ་གནང་བ་ཐོབ་ཅིང། །མཁའ་འགྲོ་མས་བསྟན་ནས་དཀྱིལ་འཁོར་རྩོམ་པ་ལ་འཇུག་པར་བྱའོ།། ་དེ་དག་ནི་བསྟེན་པའི་རིམ་པའོ། །ཤིང་གཅིག་འཇིགས་གནས་ཆུ་འགྲམ་དང། །དུར་ཁྲོད་དབེན་པའི་ནགས་ཚལ་དང། །རྒྱ་མཚོའི་འབྲམ་དང་གཡུལ་འགྱེད་སྦར?། །བསྒྲུབས་ན་དངོས་གྲུབ་ཉེ་བར་བཤད། །མཚོ་དང་གྲོང་ཁྱེར་དབུས་དག ་དང། སྐྱེ་བོ་འདུས་ས་ཕྱུགས་ར་དང། །རབ་གནས་མ་བྱས་ལྷ་ཁང་དང། །མཚན་ཉིད་མི་ལྡན་ས་ཕྱོགས་སུ། །གང་ཞིག་དཀྱིལ་འཁོར་རྩོམ་བྱེད་ན། །དེ་ཡི་དངོས་གྲུབ་ཐམས་ཅད་ནི། །དེ་ཉིད་མཁྱེན་པས་རིང་བར་གསུངས། །གནས་བརྟག ་Fཔའི་རིམ་པའོ། །དུས་དང་རྒྱུ་སྐར་ཤིས་པ་ལས། །སྔ་དྲོའི་དུས་སུ་ཡང་དག་པར། །དེ་ཉིད་མཁྱེན་པའི་གཙོ་བོ་ཡིས། །ས་ནི་ལེགས་པར་བརྟག་པར་བྱ། །བྲ་ཤིང་ཡུང་བ་རྣོ་ཤིང་རམས་ཤིང་རྣམས་ནི་སྤང། །ཉུང་ནག་སྐུར་ཤིང་དོན ་གྲུབ་གོ་བི་དར་དང། །ས་རྩུབ་དག་དང་རི་སུལ་ཚྭ་སྒོ་ཚེར་མ་ཅན། །རུ་སྤལ་རྒྱབ་འདྲའི་ས་གཞི་ཡོངས་སུ་སྤང། །ཤར་ཕྱོགས་ནིམ་པ་ལ་ཡི་ཐང་ཤིང་ཡོད་པ་དང། །ལྷོ་ཕྱོགས་པ་ལ་ཤ་ཡི་ཐང་ཤིང་ཡོད་པ་དང། །ནུབ་ཕྱོགས་ནྱ་གྲཧོ?་དྷ་ཡི་ཐང་ཤིང་གནས་པ་དང། ་བྱང་ཕྱོགས་ག་འབུ་ལ་ཡི་ཐང་ཤིང་སྐྱེས་པ་ནི། །ས་ཕྱོགས་དེ་དག་ཡོངས་སུ་སྤང་པར་བྱ། །མེ་ཡི་མཚམས་སུ་ཀ་ཀུ་པ་ཡི་ཤིང་ལྡན་དང། །སྲིན་པོའི་མཚན་སུ་པ་ལ་ལྔའི?་ཤིང་གནས་སྤང་བར་བྱ། །དེ་བཞིན་རླུང་གི་མཚམས་སུ་པ་ལ་བྷ་ལའོ་ཤིང། དབང་ལྡན་མཚམས་སུ་ཨུ ་དུམྦ་རའི་ཤིང་བཅས་སྤང། །ོཾ་ཤྭ་ཀ་ནི་འབྲས་མེད་?་པོ་?་ཤིང་ས། །ཏ་མ་ལའི་ཤིང་ཆེར་མ་དུག་ཤིང་སྤང། །གསལ་ཤིང་ལ་སོགས་གདུག་པའི་ཤིང་རྣམས་ཡོངས་སུ་སྤང། །མི་མཉམ་ནག་པོ་གྲུ་བཞི་ཆུ་ཤིང་སྐྱེས་པ་དང། །ཆུ་ཤོལ་གད་རོལ་འོམས ་ཅན་གཉིས་ཁྱད་?་ལྡན་པ། །ལེགས་པར་ཐུང་?་ནས་དེ་ཉིད་ས་ཡིས་དབང། །སྔོན་པས་?་ན་ལེགས་པར་བརྟགས་ཏེ་སྤང་བར་བྱ། །མཉམ་པར་གང་སྟེ་མཐོ་ནས་གཞི་བཟང་པོར་བཤད། །དེ་ནི་ས་བརྟག་པའོ། །བྲ་ཤིང་ལ་སོགས་ས་གཞི ་ལ། །གང་ཞིག་དཀྱིལ་འཁོར་?་བྱེད་ན། །རྩོད་དང་མྱ་ངན་ནོར་ཤིང་དང། །ཡོན་བདག་གདུང་སྐྱེ་ཐེ་ཚོམ་མེད། །དམའ?་དུད་རྩལ་རྒྱབ་འདྲ་ན། །འཆི་འམ་ནད་ཆེན་འབྱུང་བར་འགྱུར། །དེ་ཕྱིར་དེ་འདྲའི་ས་གཞི་ལ། །དཀྱིལ་འཁོར་མི ་བརྩམ་བློ་ལྡན་གྱིས། ། ཤྭ་ཀ་སོགས་ལྡན་པ་ནི། །ས་གཞི་དཀར་པོ་འཐེམ?་པ་ཡི། །བྱང་ཤར་གཡས་འབའ་ཆུ་འབབ་ན། །དེར་ནི་བླ་མེད་དངོས་གྲུབ་ཐོབ། །བརྐོས་པས་ས་ཆུས་མ་སེམས?་ནི། །དེར་ནི་?? ་འགྱུར། །བརྐོས་པས་ས་ཆུས་གང་ལྷག?་ན། །བསམས་པའི་དགོངས་པ་འགྲུབ་པར་འགྱུར། །ས་གཞིའི་མཚན་ཉིད་བརྟག་པའོ། །དེ་ནས་སྔགས་ལས་ས་གཞི་ལེགས་པར་བརྟགས་པའི་དབུས་སུ་མཐོ་ཞིང་བདེ་བའི་སྟོན་ལའམ་སྟེ། ཁུམ་བྱས་ཏི་?? ་བྱུགས་ལ། ན་བཟའ་དང་ཕྱག་རྒྱ་དྲུག་གིས་ལེགས་པར་བརྒྱན་ལ། །དགོས་པ་ཐམས་ཅད་ཡོངས་སུ་ཚོགས་པར་བྱས་ནས་རྒྱུན?་དུ་བསྲུང་བའི་སྔགས་བཟླས་ཏེ། སྔགས་ལ་མཉམ་པར་བཞག་པ་དང་ལྡན་པས་རྡོ་རྗེ་དང་དྲིལ་བུ་གཟུང་སྟེ། མཆོད་པ་དང་གཏེར་མ་སྔོན་དུ་འགྲོ ་བ་བྱས?་?། དགོངས་ཀའི་དུས?་ཏིང་ངེ་འཛིན་གསུམ་རྫོགས་པར་བྱས་ལ། ?་སྔར་བཤད་པའི་དྲག་པོའི་སྦྱིན་སྲེག་གིས་བགེགས་བསྐྲད་ནས་ཕུང་པུ་བཏབ་ཏེ། རྡོ་རྗེར་བ་དང་གུར་ལ་སོགས་པ་བསྡོམ་པར་བྱའོ། །དེ་ནས་སློབ་མ་བསྲུང་བའི་དོན་དུ་ཞི་བའི་སྦྱིན་སྲེག་བྱའོ ་?་གསོར་མ་རྒྱུ་ཆེན་པོ་ཇི་ལྟ?་བའི་གདམས་ངག་གིས་བྱིན་གྱིས་བརླབས་ལ། ཕྱོགས་ཐམས་ཅད་ཀྱི་འཇིག་རྟེན་སྤྱོད་པ་རྣམས་ལ་སྒྲ་ཆེན་པོ་དང་ལྡན་པར་བྱས་ཏེ་སོ་སོ་ལ་གཏེར་མ་སྦྱིན་ནོ། །ཕྱིན་གྱི་བརློབ་པའི་གསོལ་བ་གཏབ་པར་བྱའོ། །དེའི་ནང་བར་སྔ་དྲོའི ་དུས་?་ང?་རྒྱལ་འབྱོར་དང་ལྡན་པ་ལས་ཐམས་ཅད་པའི་སྔགས་ཀྱིས་ལས་ཐམས་ཅད་པའི་ཆུ་ལ་བསྔགས?་ཏེ། སཾ་གཞི་ལ་བསང་གཏོར་དུ་བྱས་ནས་རང་གི་འོད་ཟེར་གྱིས་ཇི་ལྟར་བཤད་པའི་སའི་ལྷ་མོ་བཀུག་སྟེ། མདུན་གྱི་ནམ་མཁའ་ཨི་དབྱིངས་ནས ་?་པ་ལ་སོགས་པས་ཡོངས་སུ་མཆོད་ལ། ལྟ་མོ་ཁྱོད་ནི་དབང་དུ་གྱུར་ཞེས་པ་ལ་སོགས་པས་གསོལ་བ་བཏབ་ནས་ཨོཾ་བཛྲོ་ཏྟིཤ?་ཞེས་བྱ་བའི་སྔགས་གྱིས་ནམ་མཁའ་ཨི་ཕྱོགས་སུ་བཞག་པར་བྱའོ། །ལས་ཀྱི་རྡོ་རྗེར་བརྐོ་བར་བྱ། །ཟབས་སུ་བུས་མོའི་ཚད་ཙམ ་བརྐོ་། ལྟོ་འཕྱེ་ཡོངས་སུ་བརྟག་བྱས་ལ། །སྐྱོན་ནི་རྣམ་པར་བརྟག་པར་བྱ། །དགུན་ཟླ་གསུམ་གྱི་བདག་ཉིད་ལ། །ཇི་ལྟར་ཉི་མ་ཤར་ནས་བརྩམས། །ལྷོ་ཡི་ཕྱོགས་སུ་མགོ་བལྟས་ནས། །གཡོན་གྱི་ལུས་ཀྱིས་ཉལ་བ་ཡིན། །དཔྱིད་ཟླ་གསུམ་གྱི་བདག་ཉིད་ལ། །ལྷོ་ནས ་ཉི་མ་ནུབ་ཕྱོགས་སུ། །ལུས་སྟོང་མི་ལུས་ནུབ་ཏུ་བལྟ། །ལུས་སྣང་སྡུལ?་འདུ་ཤར་དུ་ཡིན། །དཔྱད་ཟླ་གསུམ་གྱི་བདག་ཉིད་ལ། །བྱང་?་ཁ་བལྟས་ནུབ་ཏུ་འཁོར། །སྟོན་ཟླ་གསུམ་གྱི་བདག་ཉིད་ལ། །ཤར་དུ་མགོ་བལྟས་ཤིང་བལྟ་ཡིན། །དེ་ཡིས་ལྟོ་ཤེས་བྱས་ནས ་བཀོད་ངེས་ནི་འདོད་པའི་དངོས་གྲུབ་ནི། །ཐོབ་པར་འགྱུར་ཏེ་ཐེ་ཚོམ་མེད། །གལ་ཏེ་མགོ་པོར་བརྐོ་བ་ན། །པ་དང་མ་དང་སྙིང་གཉེན་དང། །བུ་དང་ཚ་བོ་ཉ་འཁོར་བཅས། །རྟག་ཏུ་བརླག་འགྱུར་ཐེ་ཚོམ་མེད། །གལ་ཏེ་རྒྱབ་ཏུ་བརྐོད་པ་ན། །ཡུལ་འཚོར་ཡང་ན་འཆི་བར ་འགྱུར། །གལ་ཏེ་མཐུག་མར་བཅོས་པ་ན། །བ་ལང་མS?་ཏེ་ལ་སོགས་པའི། །སྒོ་ཕྱུགས་མྱུར་དུ་བརླག་པར་འགྱུར། །དེ་ཕྱིར་ལྷོ་འཕྱེ་ཡོངས་བརྟག་ལ། །སྐོར་བ་ལན་གསུམ་བྱས་ནས་ནི། །ལྷོ་པའི་ཕྱོགས་སུ་བོན་པར་བྱ། །ལྟོ་འཕྱེ་ཤར་ཕྱོགས་ནས་བརྩམས་ནས། ཇི་ལྟར ་ཕུས་ཚོང་གསུངས་པ་བཞིན། །ཕྱོགས་མཚམས་ཀུན་དུ་འཁོར་ཞིང་གནས་།ས་བརྐོས་པ་ཡི་ནང་ནས་ནི། །ཕུག་མ་རྔོ་བ་གསེག་མ་དང། །སོལ་བ་རོ་དུམ་ལ་སོགས་པ། །དེ་དག་ལེགས་པར་བསལ་པར་བྱ། །བྱུང་ནས་ལེགས་པ་མ་བསལ་ན། །དེ་ལ་ངེས ་པར་སྐྱོན་པ་འགྱུར། །དུས་བ་མ་བསལ་སྐྱོན་གྱིས་ལུས་ནི་འཇིག་པར་འགྱུར། །སོལ་བ་མ་བསལ་སྐྱོན་གྱིས་འཇིགས་པ་ཆེན་པོས་ཕོག་།ཐལ་བས་ནོར་ཤོར་མི་རུས་གྱིས་ནི་འཆི་བར་འགྱུར། །སྦྲུལ་ལ་སོགས་པའི་སྐྱོན་ནི་ལེགས་པར་སྔགས་ཀྱིས་སྤང།། ་མ་སྤངས་སྐྱོད་གྱེལ་མཁའ་འགྲོ་འཆང་པས་འབྱུང་བར་འགྱུར། །རྔོ་དང་རྡུལ་ཕྱེ་བྱེ་མ་སེན་མོ་སྒྲ་རང་གྱོ་མོ་བོང་?་ངང། །ཤིང་དང་ཕག་བུ་དྲི་མ་ཕུག་མཆོར་མ་རྔོ་ཆེ་གེས་ལ་སོགས་པ། །མ་བསལ་སྐྱོན་གྱིས་བརྡུང་བརྡིག་རྩོད་དང་རྣམ་པར་འཚེ་བ ་ཀུན་ཏུ་འབྱུང། །དེ་ཕྱིར་ཤིན་ཏུ་ཕྲ་བའི་སྐྱོན་ཡང་ལེགས་པར་བརྟགས་ཏེ་ཡོངས་སུ་སྤང། །པུས་མོའི་ཚད་དུ་བརྐོས་པས་ནི། །ས་བརྟག་ལེགས་པར་མ་བྱུང་ན། །རྐེད་པའི་ཚད་དུ་བརྐོ་པར་བྱ། །གསེར་མ་ལ་སོགས ་མང་གྱུར་ནས། །དེ་དག་བསལ་བར་མ་ནུས་ན། །ཆུ་དང་ཡུངས་ཀར་ཤིས་པར་བྱ། །ཆུ་དང་ཡུངས་ཀར་ལག་བཟུང་ནས། །ས་གཞི་ཡོངས་སུ་ཁྱབ་གཏོར་ཏེ། །སྔགས་ནི་འོད་བཅས་དྲག་ཏུ་བརྗོད། །ོཾ་ཧ་ན་ཧན་ཀྲོ་དྷ་ཧཱུཾ་ཕཊ། དེ་ནས་ཧཱུཾ ་ཀྱིས་བྱིན་གྱིས་བརླབས་པའི་ཆུ་དང་ས་ལ་ལས་ཐམས་ཅད་པའི་སྔགས་ཀྱིས་ལན་དུ་མར་བསྔགས་ཏེ་ས་ལ་ཁྱབ་པར་གཏོར་ནས། །རིན་པོ་ཆེ་ལྔ་དང་སྨན་ལྔ་རྒྱལ་བའི་ས་བོན་གྱིས་བྱིན་གྱིས་བརླབས་ཏེ། དཀྱིལ་འཁོར་གྱི་སྙིང་བོར་བཅུག་ནས། ་ཤིན་ཏུ་མཉམས་པ་ལེགས་པར་བ་ཆུང་བར་བྱའོ། །བདག་གམ་ལས་ཀྱི་རྡོ་རྗེ་མ་ཡིན་པས་མི་བྱའོ། །རྒྱལ་པོའོ་ཕོ་བྲང་ནང་དང་ནི། །མི་མཉམ་པ་ཡིས་ཕྱོགས་དང། །གླང་ཆེན་བ་གླང་ད་བ་དང། །ལྷ་ཁང་ནང་དང་ལམ་ཆེན་དང། །ཆུ་དང ་མཚེ་ཡི་འགྲམ་དུ་ནི། །དེ་དག་གནས་སུ་བརྐོ་མི་བྱ། །མ་ནི་ཡོངས་དག་བྱའི་ཕྱིར། །ལག་པ་བཞག་ནས་གསང་སྔགས་བརྗོད། །ས་ཕྱོགས་ཡོངས་སུ་དག་པས་ནི། །སེམས་ཀྱི་སྒྲིབ་པ་སྤོང་བས་འགྱུར། །ོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། དེ ་ལ་དཀྱིལ་འཁོར་གྱུ་བཞི་པ། །སྒོ་བཞི་རྟ་བབས་བཞིས་བརྒྱན་པ། །བར་སྣང་ཁྱབ་པར་གནས་པ། བླ་རེ་དང། རྔ་ཡབ་དང། པ་དན་དང། དྲིལ་བུ་གཡེང་ཁ་དང། །དར་དབྱངས་དང། མེ་ཏོག་གི་ཆུན་འཕྱར་གིས་སྤྲོས་པ། དྲི་ཞིམ་བོའི་མེ ་ཏོག་གི་ཆུན་འཕྱང་དང་ཁ་དོག་སྣ་ཚོགས་ཀྱི་རས་ཀྱིས་བརྒྱན་པ། དེ་ལྟ་བུའི་ས་ཕྱོགས་པའི་རྣམ་པ་ལྔས་དག་པ་ལ་བདུད་རྩི་ལྔ་དང་དྲི་ཞིམ་པོས་བྱུགས་ཏེ། གྲཝ་དང་ཕྱོགས་སུ་སྤོས་ཀྱིས་བཀང་བའི་ཕུར་བུ་བཞག་ལ། དེར་སྦྱིན་སྲེག་ལ་སོགས ་པ་བྱའོ། །དེ་ནས་སའི་ལྷ་མོ་བཀུག་སྟེ། ས་ཕྱོགས་དེར་བྱིན་གྱིས་རློབ་པའི་བདག་ཉིད་དུ་དམིགས་པར་བྱའོ། །ཕྱིའི་ས་སྦྱང་བའི་རིམ་པའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་བདེ་བའི་སྟན་ལ་འདུག་ལ། མཉམ་པར་བཞག་པས་ལེགས་པར་སྦྱངས་པའི་ས་ལ ་མཆོད་པ་དང་གཏོར་མ་སྔོན་དུ་འགྲོ་བས་ལྷག་པའི་ལྷའི་དཀྱིལ་འཁོར་བསྐྱེད་པར་བྱས་ནས། གེགས་?་པར་བྱས་ཏེ། ལས་ཐམས་ཅད་པའི་སྔགས་ཀྱིས་ལས་ཐམས་ཅད་པའི་ཆུ་ལ་ཕན་བདུན་བུ་བསྔགས་ནས་དཀྱིལ་འཁོར་ལ་བསང་?།། ་དེ་ལ་ཨོཾ་བྷུ་ལ་གི་སྔགས་ཀྱིས་ནམ་ལའི་རང་བཞིན་དུ་བྱས་ནས། ཧཱུཾ་ཡི་ཧཱུཾ་གི་སྔགས་ཀྱིས་ས་གཞི་རྡོ་རྗེའི་རང་བཞིན་དུ་དམིགས་སོ། །ོཾ་མེ་དེ་ནི་བཛྲི་བྷ་བ་བཛྲ་བནདྷ་ཧཱུཾ་གི་སྔགས་ཀྱིས་ས་བཞི་དེ་ཉིད་བརླང?་པར་བྱའོ། །ནང་གིས་སྦྱང་བའི་རིམ་པའོ། །དེ ་ལས་སློབ་དཔོན་གྱིས་མེ་ཏོག་དྲི་ཞིམ་པ་སྣ་ཚོགས་སིལ་མར་?་པའི་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་དྲིལ་བུ་གཟུང་ནས་འདུག་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཀྱི་ཏིང་ངེ་འཛིན་གསུམ་དང་ལྡན་པར་བྱས་ལ། ཕྱོགས་བཞིར ་གཽ་རཱི་ལ་སོགས་པའི་རྣལ་འབྱོར་དུ་ཞུགས་པའི་སློབ་མས་རྡོ་རྗེ་དང་དྲིལ་བུ་ལག་ཏུ་ཐོགས་ནས། རྡོ་རྗེ་ཚིག་བཞིས་བསྐུལ་བར་བྱའོ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་བ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི ་མཆོག། དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་མིན་ཐམས་ཅད་རྣམ་པར་སྤངས། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །ཀུན་ཏུ་བཟང་པོ་པོ་སྐུ་ཡི་མཆོག། དཀྱིལ་འཁོར་དམ་པ་བཤད་དུ་གསོལ་།ཞི་བའི་ཆོས་ནི་མཆོག ་ལས་བྱུང། །ཡེ་ཤེས་སྤྱོད་པ་རྣལ་འབྱོར་པ། །ཀུན་ཏུ་བཟང་པོ་གསུང་གི་མཆོག་།དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་ཐུགས་ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་སྒྱུར། །དཀྱིལ་འཁོར་དམ ་པ་བཤད་དུ་གསོལ། །དེ་ལྟར་བསྐྱལ?་ནས་སྔགས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ང་རྒྱལ་དུ་བྱས་ནས་འདི་སྐད་བརྗོད་དོ། །པ་ཉིད་སངས་རྒྱས་ཐམས་ཅད་ཆེ། །དེ་ཉིད་བྱང་ཆུབ་སེམས་ཀུན ་ཉིད། ང་ཉིད་རྡོ་རྗེ་ཉི་མ་ཉིད། །ང་ཉིད་རྡོ་རྗེ་དོན་ཡོད་དེ། །ང་ཉིད་རྡོ་རྗེ་ཆོས་ཀུན་ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཀུན་གྱི་ཐུགས་མཆོག་པ་ཉིད་ཡིན། །དེ་ནས་ཨོཾ་བཛྲ་ཏིཥྛའི?་སྔགས་ཀྱིས་སྔོན་དུ་བཤད་པའི་དཀྱིལ་འཁོར ་བཏག་སྟེ་ནམ་མཁའ་ཨི་ཁམས་སུ་བཞག་གོ། སེམས་ཅན་གྱི་ཁམས་ཐམས་ཅད་ཉོན་མོངས་པའི་ནུན་པས་གཏིབས་པ་བསལ་བའི་དོན་དུ་སྙིང་རྗེའི་བདག་ཉིད་བཞེངས་ཏེ། ཊ་ལས་ཟླ་བ་མིག་གཡོན་པ། །གཡས་པ་མ་ལ་ཉི་མར་འབར། །འཇིག ་རྟེན་ཐམས་ཅད་འབར་བལྟས་ཁྱབ། །རྡོ་རྗེའི་ལྟ་བས་མཉམ་བར་བལྟ། །རྐང་འོག་རྡོ་རྗེ་འབར་བ་སྟེ། །ཤིན་ཏུ་ཁྲོ་བའི་སྦྱོར་བ་ཡིས། །རྡོ་རྗེ་ཤིན་ཏུ་གསོར་བར་བྱ། །སྣ་ཚོགས་རྡོ་རྗེས་འགྲོས་ཀྱི་གར། །དྲིལ་དུ་གནས་སུ་གསོལ་བྱ ་?་ཁྲོ་གཉེར་འཐིང་ས་བཅས་ཧཱུཾ་སྐྲ་བསྒྲོགས། །སྔགས་པ་གཡས་སྐོར་ཁྲོས་སྟངས་ཀྱིས། །འཁོར་ལོའི་ས་ལ་དྲག་པོར་བསྐོར། །ལྷ་སོགས་བགེགས་ཀྱི་ཚོགས་རྣམས་ཀྱིས། །ལུས་ངག་ཡིང་ལ་གནས་པ་ཡི། །བགེགས་ཀྱི ་རིགས་ན་ཐམས་ཅད་ཅར?་?། །དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཆེན་ཀུན་ཉོན་ཞིང། །རྣལ་འབྱོར་བདེ་གཤེགས་ཕོ་བྲང་དུ་བཞེངས་ཀྱིས། །བགེགས་ཆེན་རིགས་སོགས་གང་ཕྱིར་འབྱེད་བར ་གྱི་?་ནི་ཀུན་དངོས་སངས་རྒྱས་རྡོ་རྗེ་ཅན། །བདེ་ཆེན་ལས་བྱུང་རྡོ་རྗེ་སེམས་དཔའ་ཡིན། །ང་ནི་སྙིང་རྗེ་ཆེན་བོ་དཔལ་དང་ལྡན་པ་ཡིན། །སྲུང་བའི་འཁོར་ལོ་ང་ཡིས་རབ་འབྱོར་པ། །རྡོ་རྗེ་འབར་བའི་ཁྲོ་གཟུགས་ཀྱིས། །གསང ་གསུམ་རྡོ་རྗེ་རབ་གསོར་བས། །འཇིག་པར་འགྱུར་བ་གདོན་མི་ཟ། །གལ་ཏེ་ང་ཡི་བཀའ་འདས་ན། །ཤིན་ཏུ་རྣམ་པར་འཇིག་འགྱུར་ཏེ། །ཕྱེ་མར་གྱུར་པ་གདོན་མི་ཟ། །དེ་ནས་བགེགས་ཚོགས་ཀུན་འབྱོར་ཏེ། །ལྷག་མ་ལུས་བ་ཅུང་ཟད་མེད། ་བགེགས་བསྐྲད་ནས་གཟུང་བའི་རིམ་པའོ། །དེ་ནས་སྔགས་པས་བགེགས་ཉེ་བར་ཞི་བར་བྱ་བའི་དོན་དུ་།བདུད་རྩིའི་ཁྱིལ་པ་སྨད་རྩེ་གསུམ་ཕུར་བུའི་དབྱིབས་སུ་གནས་པ། སྟོད་ཁྲོ་བོ་ཆེན་པོའི་ཆ་བྱད་ཉི་མ་འབུམ་གྱི་འོན་འབར་བར་བསམས ་ནས་དཀྱིལ་འཁོར་གྱི་དབུས་སུ་བསྒོམ་པར་བྱའོ། །ོཾ་གྷ:གྷ(རྒྱུད་འགྲེལ་ཕྱོགས་ཐམས་ཅད་དུ་སྤྲོས་པའི་སྦྱོར་བ་ཡིས་བགེགས་ལ་གདབ་པར་བྱའོ། །དེ་ནས་བགེགས་ལྷག་མ་མེད་པར་གཞོམ་པར་བྱ་བའི་ཕྱིར། ཕྱོགས་སོ་སོ་ནས་དབང་པོ་ལ་སོགས་པའི་ཕྱོགས་སྐྱོང་པ་རྣམས། པུ་དང་བུ་མོ་ཆུང་མ་དང་འཁོར་དང ་གཡོག་ཏུ་བཅས་པ་གདུག་སེམས་དང་བཅས་པ་རྣམས་དཀྱིལ་འཁོར་གྱི་ཕྱོགས་སུ་དམིགས་ལ། བདུད་རྩི་འཁྱིལ་པའི་སྦྱོར་བ་དང་སྔགས་ཀྱིས་སོ་སོའི་ལུས་ངག་ཡིད་ལ་གདབ་པར་བྱའོ། །བཏབ་སྟེ་རང་བཞིན་མེད་པར་དམིགས་སོ། །ཕུར་བུ ་གདབ་པའི་རིམ་པའོ། །དེ་ནས་བགེགས་དང་གྲལ་བར་གྱུར་པ་ལ་རྣོ་བའི་འཁྲུགས་ཀྱི་འོད་ཟེར་གྱིས་བར་སྣང་ཁྱབ་པར་བྱས་ལ། ཕྱི་རོལ་གྱི་རྡོ་རྗེ་རབ་ལ་སོགས་པ་བྱའོ། །དེ་ལ་རི་དམར་པོ་ཡོངས་སུ་གྱུར་པའི་ཉི་མའི་དབུས་སུ་ཧཱུཾ་ནག་པོ་ཡོངས་སུ། ་གྱུར་པ་ལས་སྣ་ཚོགས་རྡོ་རྗེ་འོད་ཟེར་ལྔ་དང་ལྔ?་ནས?་རྣམ་པར་བསྒོམ་པར་བྱའོ། །དེའི་འོད་ཟེར་རྡོ་རྗེ་ཕྲ་མོའི་རང་བཞིན་ནམ་མཁའ་ཨི་ཁམས་ཡོངས་སུ་ཁྱབ་ནས་ཕྱོགས་བཅུར་འཕྲོས་ཏེ། ཤིན་ཏུ་མཚམས་མེད་པའི་རྡོ་རྗེའི་ར་པ་གཏམ་པར་བྱའོ། །སྟེང་གི་ཕྱོགས་སུ་འཕྲོས ་པས་ནི་རྡོ་རྗེ་བུར་མཚམས་མེད་པར་བྱའོ། །འོག་ཏུ་སྤོས་པས་ནི་རྡོ་རྗེའི་ས་གཞི་བརྟན་པར་བྱའོ། །གུར་དང་རྡོ་རྗེ་རབ་ལས་འོད་ཟེར་ཕྱོགས་ཐམས་ཅད་དུ་སྤོས་ཏེ། ཤིན་ཏུ་མཚམས་མེད་པར་ཕྱོགས་བཅིང་བར་བྱའོ། །ཉི་མ་དང ་སྣ་ཚོགས་རྡོ་རྗེའི་འོད་ཟེར་མཉམ་པར་ཤིན་ཏུ་རིང་བར་སྤྲོས་ཏེ། མཚམས་བཅད་པའི་འཁོར་ལོའི་རང་བཞིན་དུ་དམིགས། །རྡོ་རྗེ་གུར་ལ་སོགས་པའི་བསྲུང་བའི་འཁོར་ལོའི་རིམ་པའོ། །དེ་ནས་བཾ་སེར་པོ་ལས་སྐྱེས་པའི་སའི་ལྷ་མོ་སྐུ་མདོག ་སེར་མོ་ལུས་ཕྱེད་འཐོན་པ། རིན་པོ་ཆེའི་བུམ་པ་འཛིན་པ། རྒྱུན་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པ། རང་གིས་མདུན་གྱིས་ལ་དེ་ལྟར་དམིགས་ཏེ་ཚིག་འདིས་གསོལ་བ་གདབ་པར་བྱའོ། །དགྱེས་པའི་རྡོ་རྗེ་ཁྲོས་མཆོད་པའི། །ལྷ་མོ་ཁྱོད་ནི ་དཔང་དུ་གྱུར། རིན་ཆེན་སྣ་ཚོགས་ཕྱེ་མ་ཡིས། །བདག་གིས་དོན་ཡོད་དཀྱིལ་འཁོར་བྲི། །དེ་ལྟ་བས་ཡི་ལྷ་མོ་ལ། །གསོལ་བ་ལན་གསུམ་བཏབ་ནས་ནི། །བསང་གཏོར་ལ་སོགས་རབ་ཕུལ་ནས། །ཕྱི་ནས་མཆོད་པ་ཀུན་བྱ་སྟེ། །དེ་ཉིད་ས ་ལ་ཐིམ་ནས་ནི། །སྐུ་གསུང་ཐུགས་ཀྱི་རང་བཞིན་གྱི། །ཆོས་འབྱུང་ངོ་བོ་གནས་པར་འགྱུར། །དེ་ནས་སློབ་དཔོན་ལས་ཀྱི་རྡོ་རྗེ་དང་བཅས་པས་བདུད་རྩེ་དྲི་ཞིམ་པོས་དཀྱིལ་འཁོར་བྱུགས་ལ། དེར་མེ་ཏོག་སྣ་ཚོགས་སི་ཡམས ་བགྲམ་ལ། དབུས་སུ་བདུད་རྩི་ལྔས་དཀྱིལ་འཁོར་དགུ་བྱས་ཏེ། དེ་ནས་གོང་དུ་ནམ་མཁའ་ཨི་ཁམས་སུ་བཞུགས་པའི་དཀྱིལ་འཁོར་སྤྱན་དྲངས་ཏེ། བདུད་རྩི་ལྔའི་དཀྱིལ་འཁོར་ལ་བཞུགས་པར་དམིགས་སོ། །དེ་ནས་ཡང་རིམ་པ་ཇི་ལྟ་བ་བཞིན་དུ་རྡོ་རྗེར ་བ་ལ་སོགས་པ་བསྲུང་བའི་འཁོར་ལོ་ཚང་བར་བྱས་ལ། །ཕྱི་དང་ནང་དང་གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཆོད་དེ། བསྟོད་པ་དང་བདུད་རྩི་མྱང་བ་བྱའོ། །ས་གཟུང་བ་དང་སྟ་གོན་ལ་སོགས་པ་ལ་མཚན་མོའི་དུས་སུ་སྒྲའི་མཆོད་བ་ནི ་ཅང་ཏེ་ལུས་ཆ་ལང་དང། རྡ་རིང་ས་དང། རྔ་དང། ཕྱེད་རྔ་དང། རྔ་ཞུ་ཆུང་དང། པི་ཝང་དང། གླིང་བུའི་སྒྲས་ཤིན་ཏུ་དལ་བས་ལེགས་པར་མཆོད་དེ། རྡོ་རྗེའི་གླུ་ཤིན་ཏུ་དལ་བས་གང་དང་བསྟུན་ལ་ལེགས་པར་བསྒྱུར་པ་དང། བཀྲ་ཤིས་ཀྱི་ཚིག་སྙན་པར་རྡོ་རྗེ ་དང་གར་མཁན་མ་བརྒྱན་པ་ཡིས་གར་གྱི་འགྱུར་བ་སྣ་ཚོགས་ཀྱིས་དཀྱིལ་འཁོར་གྱི་ཕོ་བྲང་གི་ནང་དུ་མཆོད་པའི་བྱེ་བྲག་གིས་མཆོད་པར་བྱའོ། །དེ་ལྟར་ལེགས་པར་བརྟགས་པའི་དག་པར་གྱུར་པའི་དཀྱིལ་འཁོར་གྱི་ཤར་དུ་རྣལ་འབྱོར་པ་བདེ་པའི་སྟེན་ལ་འདུག་སྟེ། ་མདུན་གྱི་གཡོན་གྱི་ཆར་མན་འཐིལ་སོགས་པའི་སྟེང་དུ་རིན་པོ་ཆེའི་སྣོད་དྲི་ཞིམ་པོའི་ཆུ་དང་མེ་ཏོག་གིས་བཀང་ལ། ལས་ཐམས་ཅད་པའི་སྔགས་ཀྱིས་ལན་བདུན་དུ་བསྔགས་ལ་བསང་གཏོར་ལ་སོགས་པ་བཞག་པར་བྱའོ། །རྣལ་འབྱོར་པའི་ཏིང་ངེ་འཛིན་གསུམ་དང་ལྡན ་པས་བུམ་པ་སྟ་གོན་ལ་གནས་པར་བྱའོ། །དེ་ལ་ནག་པོ་?་མེད་པ། ལྟོ་བ་ཆེ་བ། མཆུ་འཕྱང་བ་མགྲིན་པ་རིང་བ། ཞབས་སྟེགས་མེད་པ་ལེགས་པར་བཀྲུས་ལ་བདུག་པས་བདུགས་ཏེ། ཏིལ་དང་གྲོ་དང་སྲན་མ་དང་འབྲས་དང་ནས་རྣམས་ནི་འབྲུ་ལྔའོ། །དྲི་ཧ་ཏེ ་དང། ཀཎྜ་ཀ་རི་དང་ཤྭེ་ཏ་ཨ་པ་རཱ་ཛ་ཏ་དང། ས་ཧ་དེ་བ་དང། དཎྜོནབ?་ལ་དང་སྨན་ལྔའོ། །གུར་གུམ་དང། ཨ་ཀ་རུ་དང། གནདྷི་དང། ཙིར?་ན་དང། སདཏ?་ཨ་གྷ་སྟེ་དྲི་ལྔའོ། །གསེར་དང། དངུལ་དང་མུ་ཏིག་དང་བྱུ་རུ་དང། རྒྱལ་པོ་རིན་ཆེན་དང། རིན་པོ་ཆེ་ལྔ་? ་དེ་རྣམས་ཡང་དག་པར་བསྡུས?་ཏེ། དག་པའི་འབྱོར་པ་དང་?་ན་པས་བུམ་པར་བླུག་པར་བྱའོ། །རྟ་དང་གླང་པོ་ཆེ་དང་རྔ་མོ་དང། བ་ལང་ལ་སོགས་པས་མ་བརྙོགས་པ་ཆུ་རིན་པོ་ཆེའི་སྣོད་དུ་དག་པའི་སྐྱེས་བུས་གཞན་དང་དག་མ་འདྲེས་པར་བླངས་ཏེ། ཨོཾ་ཏཔཏེ་ཏཔཏེ ་མཧཱ་ཏདཏེ?་?། ཞེས་བརྗོད་པས་ལྷའི་ཆུ་དག་པར་གྱུར་ནས་བུམ་པ་ཡོངས་སུ་དགང་བར་བྱའོ། །ཙཱུ་ཏ་དང། ཛམ་བུ་དྷ་དང། ཀ་པིརྠ་དང། བྷཱི་ལོ་དང། མ་དུ་ལུང་ག་དང། ཤིང་ལྔ་བདུག་པས་བདུགས་ཏེ་ཁ་རྒྱན་དུ་བྱའོ། །ངས་སར་པ་མ་ཉམས་པ ་དྲིན་ལ་སོགས་པའི་སྐྱོན་གྱི་མ་གོས་པས་ཅོད་པན་དུ་བྱས་ཏེ། བུམ་བར་དབུས་མན་མགྲིན་པར་ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུ་ཆུད་པར་སོ་སོའི་ལྷའི་ཕྱག་མཆན་དྲི་ཞིམ་པོས་ལེགས་པར་བྲིའོ། །དེ་ནས་?་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་བདུན? ་པར་བསམ་མོ། །གདུགས་དང་བ་དན་དང། མེ་ཏོག་གི་ཆུས་འཕྱང་གིས་བརྒྱན་པ། དེ་དག་གི་དབུས་སུ་གཙོ་བོ་ལ་སོགས་པ་ཆོ་ག་ཇི་ལྟ་བ་བཞིན་དུ་བསྐྱང་ལ། མེ་ཏོག་ཕྲེང་བས་བརྒྱན་པའི་རྡོ་རྗེའི་སྐུད་པ་ལ་རྡོ་རྗེ་དང་ལྡན་པས་རྣམ་པར་རྒྱལ་བ་ལ་སོགས ་པའི་བུམ་པའི་སྟེང་དུ་བཞག་ལ། ལག་པ་གཡོན་པའི་རྡོ་རྗེའི་ཁུ་ཚུར་གྱི་རྡོ་རྗེ་སྐུད་པའི་རྩེ་མོ་ལ་གཟུང་ལ། གཡས་པས་གསང་བའི་ཕྲེང་བ་ཐུགས་ཀར་བཟུང་ནས། ཐུགས་ཀའི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་དགུག་པ་དང་གཞུག་པ་དབང་སྐུར ་བ་ལ་སོགས་པར་དམིགས་ནས། སོ་སོའི་སྔགས་ཡི་གེ་གསུམ་དང་ལྡན་པས་བཟླས་པ་བརྒྱ་རྩ་བནདྷ་རྩ་བརྒྱད་བྱའོ། །དེ་ནས་འཁྲ་ལོའི་ལྷ་རྣམས་ཀྱི་བུམ་པ་ལ། བཟླས་པ་གཙོ་བས་ཅུང་ཟད་ཉུང་ཡང་རུང། ཡང་ན་རྩ་བའི་སྔགས་ཀྱིས་ལན་བདུན ་?་བརྒྱས་པར་བྱའོ། །ཇི་ལྟར་གཙོ་བོ་བྱིན་གྱིས་བརླབས་པ་དེ་བཞིན་དུ་འཁོར་རྣམས་ཀྱང་བྱིན་གྱིས་བརླབ་བོ། །དེ་ནས་བསང་གཏོར་ནས་བརྩམས་ཏེ་ཕྱི་དང་ནང་གསང་བ་དང་དེ་ཁོ་ན་ཉིད་ཀྱིས་མཆོད་ནས་རྡོ་རྗེ་དང་དྲིལ་བུ་འཛིན་པས་བསྟོད་པ ་?་དེ་ནས་བུམ་པ་གཞན་ཡང་སེམས་ཅན་ཐམས་ཅད་ཀྱི་འཕྲིན་ལས་རྫོགས་པར་བྱ་བའི་ཕྱིར། ཇི་ལྟར་གོང་མ་བཞིན་དུ་ལས་ཐམས་ཅད་པའི་ཁྲོ་བོས་བྱིན་གྱིས་བརླབས་ནས་ལས་ཐམས་ཅད་པའི་སྔགས་ཡི་གེ་གསུམ་དང་ལྡན་པས་བརྒྱ་རྩ ་བརྒྱད་དུ་བཟླས་བར་བྱའོ། །དེ་ལ་སློབ་དཔོན་ལ་ལས་ནི་ཤར་ལ་སོགས་པའི་བུམ་པ་བརྒྱད་ནི་འདི་ལྟར་གནས་ཏེ། རྒྱལ་བ་དང། བཀྲ་ཤིས་པ་དང། དངོས་གྲུབ་དང། བསྲུང་བ་དང། ཡང་རྒྱལ་བ་དང། ཞི་བ་དང། རྫུ་འཕྲུལ་དང་དངོས་གྲུབ ་སྟེ། དེའི་ངོ་བོས་གནས་ཏེ། ཨོཾ་སུཾ་ཁུཾ་ཡུཾ་ཧཱུཾ་སྭཱ་ཧཱ། སྔགས་འདིས་ལན་བདུན་དུ་བྱིན་གྱིས་བརླབ་སྟེ། སྟ་གོན་ལ་གནས་པར་བྱའོ་ཞེས་གསུངས་ངོ། །བུམ་པ་སྟ་གོན་ལ་གནས་པའི་ཆོ་གའོ། །དེ་ནས་སྔགས་པས་མེ་ཏོག་དྲི་ཞིམ་པོ་ཐལ་མོས་བཟུང་སྟེ། ་ལུས་འདུད་པར་བྱས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ། སུ་ལ་ལི་ཏ། བི་ལཱ་སྣ་མི་སྟེ་ནཱ་མཱ་མི་བྷ་ག་བནྟཾ་ཛ(རྒྱུད་འགྲེལ་གཡས་པའི་ལྔ་པས་ལ་བཙུགས་ཏེ། ལག་པས་དྲི་ཞིམ་པོའི་སྤོས་གྱི་སྣོད་ཐོགས་ལ། ཧཱུཾ་ཤིན་ཏུ་ཕྲ་བ་ལྕེ་བསམས་ནས། །དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་གསུང་དུ་བསམས་ཏེ། གསོལ་བ་གདབ་པར་བྱའོ། །བཅོམ་ལྡན་ཁྲོ་བོ་རྡོ་རྗེ་ཅན། །རིགས་སྔགས་རྒྱལ ་ལ་ཕྱག་འཚལ་ལོ། །སློབ་མ་རྣམས་ལ་བརྩེ་བ་དང། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས། །དཀྱིལ་འཁོར་བདག་ནི་བྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལ། །རྗེས་སུ་གནང་བ་མཛད་དུ་གསོལ། ་སངས་རྒྱས་འཁོར་བའི་དོན་བྱ་བརྩོན། །བྱང་ཆུབ་སེམས་དཔའ་འབྲས་གནས་དཔལ། །གཞན་ཡང་གསང་སྔགས་ལྷ་རྣམས་དང། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང། །གང་ཡང་འབྱུང་པོ་མཐུ་ཅན་དང། །གཞན་ཡང་ལྷ་ཡི་སྤྱན་མངའ་བའི།། ་སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པ་མཛད?་དུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡིས། །དགྱེས་པའི་རྡོ་རྗེ་དཔལ་འབྱུང་བའི། །འགྲོ་བ་དག་པར་བྱ་བའི་ཕྱིར། །ཡོ་བྱད་ཅི་འབྱོར་བས་འདྲིན། །དེང་བདག་སློབ་མར་བཅས་པ ་ལ། ཐུགས་ནི་བརྩེ་བར་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དེ་ལྟར་ལན་གསུམ་གསོལ་བ་བཏབ་ནས་མཆོད་པ་དང་བསྟོད་པ་བྱའོ། །ལྷ་སྟ་གོན་ལ་གནས་པའི་རིམ་པའོ། །དེ་ནས་སྔགས་པ ་དཀྱིལ་འཁོར་གྱི་ནང་ནས་ཕྱིར་བྱུང་སྟེ། སྲུང་བའི་འཁོར་ལོ་བྱས་ནས་སློབ་མ་སྟ་གོན་ལ་གནས་པར་བྱའོ། །བླ་མའི་མདུན་དུ་མཎྜལ་ཕུལ། །མེ་ཏོག་ཕྲེང་ཐོགས་རང་སློབ་མ། །གཟུགས?་སྤོ?་བ་ཆེ་བ་དང། །བྱས་པ ་གཟོ་ཞིང་ང་རྒྱལ་མེད། །རིགས་མཐོ་ཡོན་ཏན་ལྡན་ཞིང་དང། །གཟུགས་བཟང་ཁ་དོག་ལང་ཚོར་ལྡན། །བདེ་བར་གཤེགས་པའི་གསང་བ་ནི། །སྒྲུབ་པའི་དོན་གཉེར་མངོན་བརྩོན་ནས། །གཟུགས་ངན་ཡོན་ཏན་མེད་པ་དང། །མདན་པའང ་ལྷག་པར་གནས་པར་བྱ། །དཀྱིལ་འཁོར་གྱི་ནི་ཆོ་ག་ལ། །འཁོར་བཞི་དག་ཀྱང་རྗེས་སུ་གནང། །རང་གི་བསློབ་དང་ཤིན་ཏུ་ལྡན། །ཐེག་པ་ཆེ་ལ་དགའ་བའི་བདག་།ལ་ལར་གསང་སྔགས་སྒྲུབ་དོན་གཉེར། །འདི་ནི་དཀྱིལ་འཁོར་འཇུག ་པར་བྱེད། །བཀོད་ནས་ས་འདོད་པ་དེ་ལས་གཞན། །གཞན་དག་འཇིག་རྟེན་གཞན་དོན་གཉེར། །འཇིག་རྟེན་ཕ་རོལ་དོན་གཉེར་བའི། །དང་བ་མང་དུ་བྱེད་པ་ཡིས། །བློ་ལྡན་དཀྱིལ་འཁོར་གཞུག་བྱ་ཡི། ཚ?་འདིའི་འབྲས་བུ་འདོད་མི་བྱ། །ཚེ་འདི? ་འདོད་པར་འགྱུར་བ་ལ། །འཇིག་རྟེན་ཕ་རོལ་དོན་མི་འགྱུར། །འཇིག་རྟེན་ཕ་རོལ་དོན་གཉིས་སྐྱེས། །འཇིག་རྟེན་འདི་ཡི་འབྲས་བུ་རྒྱས། །དེ་སྐད་བརྗོད་ནས་སློབ་མ་དེ། །བློ་ཡིས་རང་གི་སྙིང་གང་གཞུག་།རྡོ་རྗེ་ལམ་ནས་གྱུར་ནས་ནི། ་ཡུམ་གྱི་ཆུ་སྐྱེས་སྟེང་བཀོད་ལ། །ཡང་བསྡུས་དེ་བཞིན་གཤེགས་པ་ཡི། །འོད་ཀྱི་གོང་བུ་བཀུག་ནས་བསྟིམ། །རྡོ་རྗེ་པདྨ་མཉམ་སྦྱོར་བས། །ཡེ་ཤེས་ཐིག་ལེ་ལས?་འབྱུང་བའོ། །སློབ་མ་དཀྱིལ་འཁོར་སྒོ་རང་ཞིག?་སྡེ། །ཐལ་སྦྱར ་གསོལ་བ་གའི་པར་བྱ། །ཁྱོད་ནི་གཙོ་བོ་ཆེན་པོ་སྟ། །བདག་མེད་མ་དང་ཡང་དག་ལྡན། །དཔལ་ཆེན་ཁྱོད་ལ་བདག་སྐྱབས་མཆི། །སེམས་ཅན་ཀུན་གྱི་དོན་ཀྱི་ཕྱིར། །འཁོར་བའི་རྒྱ་མཚོ་ལས་གོལ་བའི། །ཁྱོད་ནི་བདེ་བ་ཆེན་པོ་སྟེ། །དེ་བཞིན ་བདག་ལ་གསོལ་དུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བརྟན་པའི། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ནི་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་དང། །སྐྱབས་གསུམ་དག་རྒྱས ་བདག་ལ་སྩོལ། །གནས་མཆོག་ཆེན་པོའི་ཕོ་བྲང་དུ། །ད་བཞིན་བདག་ནི་གཞུག་ཏུ་གསོལ། །དེ་ལྟར་ལན་གསུམ་གསོལ་བཏབ་ནས། །སློབ་མ་རྣམས་ཀྱི་མཆོག་གྱུར་པས། །ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། །ཐལ་མོ་སྦྱར་ནས་འདུད་པར ་འདུག་།དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །སློབ་མའི་གཙོ་བོ་ཡོངས་གཟུང་ནས། །ཚིགས་བཅད་འདི་ནི་བརྗོད་པར་བྱ། །བུ་ཚུར་ཐེག་པ་ཆེན་པོ་ཡི། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་འདི། །ཁྱོད་ལ་ཡང་དག་བསྟན ་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང། །དེ་བཞིན་གང་དག་མ་བྱོན་དང། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ ་ཀ་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟང་བ། །དཔུང་ཆེན་དག་ཀྱང་དེ་ཡིས ་བཅོམ། །འགྲོ་བ་རྣམས་ཀྱི་དེ་ཡི་ཕ་ཡིར། །ཆོས་ཀྱི་འཁོར་ལོ་བསྐོར་མཛད་པའོ། །དེ་བས་ཀུན་མ། བྱེན་ཐོབ་བྱའི་ཕྱིར། །བུ་ཡི་བློ་གྲོས་འདི་གྱིས་ཤིག་།དེ་ལྟར་རྡོ་རྗེ་སློབ་དཔོན་གྱིས། །དྲིལ་བུའི་སྒྲ་ལྡན་ལན་གསུམ་བརྗོད། །དེ་ནས་གནང་བ ་ཐོབ་པ་དང་སློབ་མ་སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་རྒྱས་པར་བྱའོ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དུས་འདི་ནས་ནི་གཟུང་བར་བགྱིས། །བསླབ་པ ་གསུམ་གྱི་ཚུལ་ཁྲིམས་དང། །དགེ་བའི་ཆོས་ནི་སྤང?་བ་དང། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་དང། །དེ་བཞིན་བདག་གིས་བརྟན་པོར་གཟུང། །རྡོ་རྗེ་ཆེན་པོའི་རིགས་དག་པའི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང། །ཡང་དག ་ཉིད་དུ་གཟུང་པར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་བུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས ་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐིག་པ་གསུམ། །དམ་པའི་ཆོས་རྣམས་མ་ལུས་བཟུང། །ལས་ཀྱི་རིགས་མཆོག་ཆེན་པོ་ཡི། །སྡོམ་པ་ཐམས་ཅད་ལྡན་པ་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱིད།? ་བླ་ན་མེད་པའི་བྱང་ཆུབ་མཆོག་།སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །བདག་གིས་ཡང་དག་བསྐྱེད་པར་བགྱི། །ཇི་ལྟར་གསུངས་པའི་སྡོམ་པ་རྣམས། །དེ་བཞིན་བདག་གིས་གཟུང་བར་བགྱིས། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མགྲོལ ་བ་རྣམས་གྲོལ་བར་བགྱི། །དབུགས་མ་ཕྱུང་བ་དབུགས་ཕྱུང་ཞིང། །སེམས་ཅན་མྱ་ངན་འདས་ལ་དགོད། །དེ་ལྟར་ལན་གསུམ་བརྗོད་པར་བྱ། །དེ་ལྟར་འཛིན་པར་མནུས་ན། །ཚིགས་བཅད་འདི་ཙམ་བརྗོད་པར་བྱ། །དཀོན་མཆོག་གསུམ ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །བསོད་ནམས་ཀུན་ལ་རྗེས་ཡི་རང། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང། །ཞེས་བྱ་བ་ལ་སོགས་པ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་སྦྱིན་པར་བྱའོ། །དེ་ནས ་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་རྣམས་ཀྱིས་སྙིང་ག་དང་མགྲིན་པ་དང་སྦྱི་པོར། །བདག་མེད་མ་དང་ས་སྤྱོད་མ་དང་མཁའ་སྤྱོད་བསྒོམ་པར་བྱའོ། །ཕྱག་གཡས་པའི་རྡོ་རྗེ་སྙིང་ག་ལ་སོགས་པར་གཏུག་ཅིང་ཡི་གེ་གསུམ་འོད་ཟེར་དང་བཅས་པས་བྱིན ་གྱིས་བརླབས་ལ། སྤྱི་བོར་མེ་ཏོག་སྦྱིན། མར་མེ་དང་སྤོས་དང་ལྷ་བཤོས་ནི་མདུན་དུ་སྦྱིན། །དྲི་ནི་སྙིང་གར་སྦྱིན། མར་མེ་གསལ་ན་དངོས་གྲུབ་ནི། །ཇི་ལྟར་བསམས་པ་དེ་བཞིན་འགྲུབ། །འབྲིང་གིས་དངོས་གྲུབ་འབྲིང་བུ་བཤད། །མདོག་གཞན་འདབ་བར་འབར ་བ་དང། །ཡུད་ཙམ་ཡུད་ཙམ་འབར་བ་ནི། །བགེགས་དང་བར་ཆད་ཡིན་པར་བཤད། །ཤིན་དེ་ཉིད་འཆི་བར་འགྱུར། །དེ་ནས་ཕཊ?་དང། ཨུ་དུམྦ་ར་དང། ཨ་ཤྭཏཔ?་ལ་སོགས་པའོ་མ་ཅན་གྱི་ཤིང་སོར་བཅུ་གཉིས་པའི་ཚད་དུ་གནས་པ། སྲོག་ཆགས ་མེད་པ་མི་གཡོ་བ་བསྐམས་པ་དང་གས་པ་མ་ཡིན་པ་རྩེ་མོའི་ཆ་ལས་བྱུང་བ་དྲི་ཞིམ་པོའི་ཆུས་ལེགས་པར་བཀྲུས་ཏེ། གནས་གསུམ་དུ་མེ་ཏོག་གི་ཕྲེང་བ་དཀྲིས་ནས་སློབ་མའི་ལག་ཏུ་བཞག་ལ། ཨོཾ་ཨཱ:ཛི་ཧྲ?་ས་བརྟན་ནི་ཧཱུཾ་ཕཊ་ཅེས་ལན་གསུམ་དུ ་ཡོངས་སུ་བསྔགས་ཏེ་སྦྱིན་ནོ། །དེ་ནས་སློབ་མ་དེ་ཤར་ཕྱོགས་སམ་དཀྱིལ་འཁོར་ལ་མངོན་པར་ཕྱོགས་ལ། བ་ཀོ་ཙམ་དུ་བ་བྱུང་རྣམ་ལྔས་ལེགས་པར་བྱུང་བའི་མཎྜལ་ལ། སོ་ཤིང་གི་བླ་མའི་མན་ངག་བཞིན་དུ་དག་གི་སྒྲིབ་པ་བཞད་ནས། ་ལྷག་པའི་ལྷ་ལ་དངོས་གྲུབ་ཀྱི་གསོལ་བ་འདེབས་པའི་དོན་དུ་སོ་ཤིང་དོར་བར་བྱའོ། །སོ་ཤིང་དོར་བ་བརྒྱ་ཞིག་ན། །རྩེ་མོ་གྱེན་དུ་བལྟས་ནས་ནི། །དེ་ཡི་དངོས་གྲུབ་མཆྒོ་ཏུ་འགྱུར། །རྩེ་མོ་ཤར་དུ་བལྟས་པ་དང། །དེ་བཞིན་བདག་ལ་བལྟས་པ་ནི། །དེ་ནི ་དངོས་གྲུབ་འབྲིང་དུ་བཤད། །ལྟོ?་དང་མཆམས་སུ་རྩེ་བལྟས་ན། །འཇིག་རྟེན་པ་ཡི་དངོས་གྲུབ་ཐོབ། །སོ་ཤིང་འདོར་བ་བརྒྱ་ཞིག་ལ། །གལ་ཏེ་འོག་ཏུ་རྩེ་བལྟས་ན། །ས་འོག་གི་ནི་དངོས་གྲུབ་སྟེ། །ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །རྡོ་རྗེ་ཕྲེང་བའི་ཕྱི་རོལ ་ཏུ། ཕོག?་ན་དེ་ལ་དངོས་གྲུབ་མེད། །དེ་ནས་སློབ་མ་བདུན་བཀུག་སྣས། །ོཾ་ཧྲཱི(རྒྱུད་འགྲེལ་བླུད་པར་བྱའོ། །དེ་ནས་ལས་ཐམས་ཅད་པའི་སྔགས་ཡོངས་སུ་བཟླས་ནས་སྲུང་སྐུད་ལ་མདུད་པ་གསུམ་བྱས་ལ། སློབ་མ་སྨིན་པར་མ་གྱུར་གྱི་ཚེ་དཔུང་པ་གཡས་པ་ལ་གདགས་པར་བྱའོ། །དེ་ནས་ལུས་ཀྱི་སྒྲིབ་པ་དག་པ་དང་བརྟགས ་ཉེ་བར་སྟོན་པའི་དོན་དུ་ལས་ལས་ཐམས་ཅད་པའི་སྔགས་ལན་བདུན་བདུན་དུ་བསྔགས་ལ། ཀུ་ཤ་གཅིག་སྔས་སུ་སྦྱིན། གཞན་དག་སྟན་ལ་སོགས་པར་བྱིན་ནོ། །དེ་ནས་སེམས་ཀྱི་གཟེངས་བསྟོད་པར་བྱ་བའི་ཕྱིར་ཆོས་བཤད་པར་བྱ་སྟེ། འཇིག་རྟེན་དུ ་ནི་ཀུན་མཁྱན་རྣམས། །འབྱུང་འགྱུར་ཡང་ན་མི་འབྱུང་ངོ། །ུ་དུམྦ་རའི་མེ་ཏོག་བཞིན། །བརྒྱ་ལམ་ལ་ནི་རེས་འགའ་ཞིག། ཤིན་ཏུ་དཀོན་པར་འབྱུང་བ་སྟེ། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་ཞིག་སེམས ་ཅན་མི་མཉམ་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བགྱིས་པར་གྱུར་པ་གང། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་བདག་པར་འགྱུར་ལགས་ན། །གྲགས་པ་མཛའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས ་པ་སྨས་ཅི་འཚལ། སྐྱབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པའི་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་བ། །དེ་དག་གིས་ནི་ངན་འགྲོའི་རྒྱུན། །སྡུག་བསྔལ་ཀུན་འབྱུང་ཐམས་ཅད་གཅོད། །བདག ་ཉིད་ཆེན་པོ་དེ་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་གཟུང་སྟེ་སྐྱེ་བཞིན་པ། །དེ་བཞིན་ཁྱེད་རྣམས་ཐེག་ཆེན་ལ། །སྲུང?་ནི་རབ ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་འགྲོ་བས་ན། །རང་འབྱུང་སྐལ་པ་ཆེན་པོ་བ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཡོད ་མེད་དག་ལས་རྣམ་པར་འདས། །ནམ་མཁའ་ལྟ་བུར་དྲི་མ་མེད། །ཆོས་རྣམས་ཀུན་ལས་ཟབ་འགྱུར་ཞིང། །སྤྲོས་པ་ཐམས་ཅད་སྤངས་པ་ཡིན། སྤྲོས་པ་རྣམས་ཀྱིས་རབ་ཏུ་སྤྲོས། །ཐེག་པ་ཆེན་པོ་ལ་གནས་ན། །འདི་ཉིད་ཆོས་ནི་ཐོབ་པར་འགྱུར། །དེ་ནས་སློབ་མཆི ་ཚོགས་དགའ་བའི་སེམས་ཀྱིས་ལངས་ཏེ། ད་ནི་སོ་སོར་ཉལ་པར་གྱིས་ཤིག། ནང་པར་དཀྱིལ་འཁོར་མཐོང་བར་འགྱུར་བས་ཇི་སྲིད་མཐོང་བའི་རྨི་ལམ་ལེགས་པར་ཟློས་ཤིག་ཅེས་བསྒོས་ནས། ཨོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ་ཞེས་པའི་སྔགས་སམ།། ་ལས་ཐམས་ཅད་པའི་སྔགས་ཀྱིས་བསུང་བར་བྱའོ། །དེ་ནས་ཀུ་ཤའི་གདན་ལ་ཉལ་བར་བྱའོ། །སློབ་མ་སྟ་གོན་ལ་གནས་རིམ་པའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་དཀྱིལ་འཁོར་བསྡུས་ནས་ཇི་སྲིད་ནུབ་ཀྱི་བར་དུ་ལས་ཐམས་ཅད་པའི་སྔགས་བཟླས་པར་བྱ ་སྟེ། སེང་གེའི་ཉལ་སྟངས་ཀྱིས་ཉལ་པར་བྱའོ། །ནང་པར་ལངས་པའི་དུས་སུ་ནི། །ཁྲུས་བྱས་མཚན་མའི་རྨི་ལམ་གྲི། །ལེགས་བར་བསམས་ཏེ་ཟློས་ལ་མཉན། །དགེ་དང་མི་དགེ་བརྟག་པར་བྱ། །སངས་རྒྱས་ཕྲད་དང་སྐུ་གཟུགས་མཆོད་རྟེན་མཆོད།། ་ཆོས་ལ་འཇུག?་ཅིང་དགེ་སློང་དགེ་འདུན་གྲང?། །གཙུག་ལག་ཁང་དང་སངས་རྒྱས་སྲས་བཅས་དགེ་སློང་མ། །མེ་ཏོག་ར་བ་རི་དང་དགོན་པར་གནས་བཅས་དང། །འབབ་ཆུ་ཆུ་ཀླུང་རྫི་མ་དང་རྒྱ་མཚོ་སྒྲོལ་བ་དང། །རི་དགས་དབང་ཕྱུག་ཨེ་ཎེ་ཡ་དང་བ་གླང ་སླར?། འཁོར་ལོས་མཚན་པ་ལ་སོགས་གནོད་སྦྱིན་བཟང་པོ་མཐོང། །སྐྱེས་བུ་དམ་པའི་སྒོམ་པ་རྨི་ལམ་ཕྲད་མཐོང་དང། །གྱེན་ལ་འགྲོ་དང་གླང་ཆེན་ཞོན་དང་རི་བཟང་འཇོག། བླ་རེ་བཟང་དང་ཁང་བཟང་དཔག་བསམ་བརྟེན་པ་དང། །དགེ་བསྙེན ་རྒྱལ་པོ་དགེ་སློང་སྐྱབས་སྐྱོན?་མཐོང་བ་དང། །སྔགས་ཀྱི་དབང་ཕྱུག་ཁྱད་པར་རིག་མ་བསྟེན་མཐོང་དང། །ཕ་དང་མ་དང་ནམ་མཁར་འགྲོ་དང་སློབ་དཔོན་ཕྲད། །ལྷ་ཡི་བུ་མོ་གསང་དག་རིག་མ་བསྟེན་པ་དང། །དམ་པའི་སྒྲུབ་ཐབས་ཡོན་ཏན་ལྡན་པ་བྲམ་ཟེ ་མཐོང། །མཆོད་པ་ཆེན་པོ་རྩོམ་དང་གཞལ་ཡས་ཁང་མཐོང་དང། །རྒྱན་དང་ཡོས་དྲང་འབྲུ་ཡི་ཕུང་པོ་མཚོན་ཆ་འཛིན། །སྦྱིན་སྲེག་བྱེད་དང་འབྲས་བུ་མེ་ཏོག་ལེགས་ཐོབ་མཐོང། །རྒྱལ་པོ་དབང་བསྐུར་འགྲུ?་ཚོགས་རན་ཆེན་སྙེན་པ ་དང། གཡུལ་དུ་རྒྱལ་ཞིང་དགྲ་དཔུང་བཅིངས་དང་བཙོན་གཟུང་མཐོད། །རྒྱ་མཚོ་ཆེན་པོ་བསྒྲལ་ཞིང་ཁྲུས་བྱེད་མཐོང་བ་དང། །ལམ་རྩུབ་བགྲོད་དཀའ་འཕུར་ཞིང་བསྒྲལ་བར་མཐོང་བ་དང། །དེ་སྟར་མཐོང་བའི་རྨི་ལམ་ནི་དགེ་བའི་རྟགས་ཏེ། རྗེས་སུ ་ཡི་རང་ཞིང་བརྟན་པའི་ཆོག་བྱའོ། །དེ་ལས་གཞན་པ་ནི་མི་དགེ་བའི་རྨི་ལམ་དུ་བཤད་དོ། །དགེ་བ་ལས་ནི་དངོས་གྲུབ་ཏུ་འགྱུར་ཞིང། །མི་དགེ་པ་ལས་ནི་མ་ཡིན་ནོ། །དེ་ལྟར་མི་དགེ་བའི་རྟགས་མཐོང་ན་སྔགས་པས་ལས་ཐམས་ཅད་པའི་སྔགས་ཀྱིས ་ཤིས་པའི་ཆོ་ག་བྱས་ཏེ། རྨི་ལམ་གྱི་བདག་ཉིད་རང་བཞིན་མེད་ཅིང་ཆོས་ཐམས་ཅད་ཀྱི་རང་བཞིན་དེ་ཁོ་ན་ཉིད་དུ་མོས་པར་བྱའོ། །དེ་ནས་རྨི་ལམ་གྱི་རྟགས་ཞི་བ་དང་དངོས་གྲུབ་ཀྱི་རྒྱུར་འགྱུར་རོ། །དེ་ནས་རྣལ་འབྱོར་པས་དགྱེས་པའི་རྡོ་རྗེའི་ཏིང་ངེ་འཛིན ་གསུམ་དང་ལྡན་པར་བྱས་ལ་སྟ་གནལ?་གནས་པ་དང་སྔོན་དུ་སྤྱན་དྲངས་པའི་དཀྱིལ་འཁོར་ནམ་མཁའ་ཨི་ཕྱོགས་སུ་གཤེགས་སུ་གསོལ་ནས། དུར་ཁྲོད་ལས་བྱུང་བའམ་ཤེས་རབ་མ་མཚན་དང་ལྡན་པས་ཆོ་ག་བྱས་ཏེ། རས་པ་ལ་ལས་བཀབ་པའི་སྐུད ་པ་ཁ་དོག་དཀར་བ་དང། སེར་བ་དང། དམར་བ་དང། ལྗང་བ་དང། ནག་པོ་དུར་ཁྲོད་ཀྱི་ཆེན་གྱིས་བསྒྱུར་ཏེ། དོན་གྲུབ་ཀྱི་ཕྱེ་མས་ཀྱང་བསྲེ་བར་བྱའོ། །ཕྱོགས་ཕྱོགས་སུ་བཞག་ལ། འབྲུཾ་ཨཱཾ་ཛཾ་ཁཾ་ཧཱུཾ་དེ་དག་གིས་བསྐྱེད་པའི་རྣམ་པར་སྣང་མཛད་དང ་རིན་ཆེན་འབྱུང་ལྡན་དང། སྣང་བ་མཛའ་ཡས་དང། དོན་ཡོད་གྲུབ་པ་དང་མི་བསྐྱོད་པའི་རང་བཞིན་དུ་བསྐྱེད་དེ?། །མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་ཀྱིས་ཉི་ཤུ་རྩ་ལྔར་རྣམ་པར་ཕྱེ་བའི་རིམ་པས་བསྐྱེད་དེ་བཞག་པར་བྱའོ། །དེ་ནས་ཕྱོགས ་སོ་སོ་ནས་རྣམ་པར་སྣང་ལ་སོགས་པའི་དེ་བཞིན་གཤེགས་པ་རིགས་ལྔའི་བདག་ཉིད་དུ་དམིགས་ཏེ། དེ་དག་གི་སྙིང་གར་བྲུཾ་ལ་སྔགས་པའི་ཡི་གེ་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་ཐིག་སྐུད་འོད་ཟེར་དང་བཅས་པ་དམིགས་སོ། །ོཾ་ཨཱ:ཤ་ཤྭའ་ཏ?་བཛྲ། སུ་ཙམ་པྲ ་ཡཙྪ་མ་ཧཱ་མཎྜལ་།སུ་ཏཱན་ཡ་ཧཱུཾ་ཞེས་པས་རྣམ་པར་སྣང་མཛད་ལ་གསོལ་བ་གདབ་པར་བྱའོ། །དེ་བཞིན་རིན་ཆེན་འབྱུང་ལྡན་ལ་སོགས་པ་ཡང་སྔགས་ཀྱི་གནས་སུ་མིང་གི་ཡི་གེ་ཤེས་པས་གསོལ་བ་གདབ་པར་གསུངས་སོ། །དེ་ནས་སློབ་དཔོན་དགྱེས་པའི་རྡོ་རྗེའི ་རྣལ་འབྱོར་དང་ལྡན་པས་ཛ་ལས་ཟླ་བ་དང། མ་ལས་ཉི་མའི་མིག་བསམ་པར་བྱའོ། །འབར་བའི་ལྟ་བས་ཕྱོགས་རྣམས་ཁྱབ་པར་བལྟས་ལ། མིག་གི་ལྕགས་ཀྱུས་ཡེ་ཤེས་ཀྱི་ཐིག་སྐུ་དད་གུག་པར་བྱ་སྟེ། བཅོམ་ལྡན་འདས་སུ་བྱིན་གྱིས་བརླབ་པར་བྱའོ། །སོ་སོའི་ཁྱད ་པར་གྱི་ཐིག་སྐུད་ནི་གཅིག་ཏུ་བསྡུས་ཏེ། གྷསྨ་རིའི་རྣལ་འབྱོར་དང་ལྡན་པའི་སློབ་མས་བསྒྲིལ་བར་བྱའོ། །ོཾ་ཨནྱོ་ནྱ་ག་ཏ་སརྦ་དྷརྨ(རྒྱུད་འགྲེལ་?་ནས་འདི་ལྟར་བསྒོམས་པར་བྱ་སྟེ། གཅིག་ཏུ་བསྒྲིལ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་ཐ་མི་དད་པར་བྱས་ནས་རིང་ཐུང་དཀྱིལ་འཁོར་གྱི་ཉིས་འགྱུར་ཚད་དུ་བྱས་ཏེ། སྦོམ་འཕྲ་སྒོའི་ཉི་ཤུ་ཆར་བྱའོ། །དེ་ནས་སྔགས་པས་གསེར་ལ་སོགས་པའི་སྣོད ་དུ་བདུད་རྩི་ལྔ་དང་དྲི་བཟངས་ཀྱིས་སྤངས་ཏེ། ཡི་གེ་གསུམ་གྱིས་མཚན་ནས། མཆོད་པ་རྣམ་པ་ལྔ་བྱས་ཏེ། རྡོ་རྗེ་ཁུ་ཚུར་ཀྱིས་གཟུང་ལ་ཧཱུཾ་མང་དུ་བརྗོད་པས་བསྲུང་བར་བྱ་སྟེ། དེ་ནས་ཡང་སྔགས་པས་དཀྱིལ་འཁོར་བདུད་རྩི་ལྔ་དང་དྲི་ཞིམ་པོས་ཆག ་ཆག་བཏབ་ལ། མེ་ཏོག་གི་བསིལ་མ་བཀྲམ་ཞིང་ཐུགས་ཀའི་འོད་ཟེར་གྱིས་ནམ་མཁར་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་གསལ་བར་བྱས་ལ། བསང་གཏོར་ལ་སོགས་བ་སྔོན་དུ་འགྲོ་བས་མཆོད་པའི་ཁྱད་པར་བྱའོ། །དེ་ནས་དགྱེས་པའི་རྡོ་རྗེའི་རྣལ ་འབྱོར་དང་ལྡན་པས་ཐིག་སྐུར?་ཀྱི་རྩེ་མོ། །གྷསྨཱ་རིའི་རྣལ་འབྱོར་དང་ལྡན་པའི་སློབ་མ་ལ་གཏད་དེ། མིག་གཉིས་ཛ་ལས་གྱུར་པའི་ཟླ་བ་དང་ཉི་མ་ཁ་དོག་སེར་པོ་དམིགས་ཏེ། དེ་ནས་སྔགས་པས་ནུབ་ནས་ཤར་དུ་མངོན་པར་དམིགས་ཏེ། ཐིག? ་སྐུད་ཀྱི་རྩེ་མོ་རྡོ་རྗེའི་ཁུ་ཚུར་གྱིས་ལྟེ་བའི་གནས་སུ་གཟུང་སྟེ་སློབ་མ་ལ་གཏད་ནས། ཛ་ཛ་ཛ་ཤེས་བརྗོད་དེ་བཀའ་བསྒོ་བར་བྱའོ། །བློ་དང་ལྡན་པས་ཀྱང་ཛ་ཛ་ཛ་ཞེས་བརྗོད་དེ་ཐིག་སྐུད་ཀྱི་རྩེ་མོ་བླངས་ཏེ་གཟུང་བར་བྱའོ། །སློབ་དཔོན་ཤར་དུ་མངོན་པར ་ཕྱོགས་ཤིང་སློབ་མ་ནུབ་ཏུ་བལྟས?་ཏེ། རྡོ་རྗེ་མཐེ་བོ་དང་མཛུབ་མོའི་སྦྱོར་པས་ནམ་མཁའ་ཨི་དཀྱིལ་འཁོར་ལ་ཐིག་གདབ་པར་བྱའོ། །དེ་བཞིན་དུ་འོག་ཏུ་ཡང་གདབ་བོ། །ོཾ་བཛྲ་ས་མ་ཡ་མཱུ?་ཏྲ་མཱ་ཏི་ཀྲ་མ་?། དེ་དག་བརྗོད་ཅིང་གཡས་རྗེ་གསུང་? ་པོ་དང་མཛུབ་མོས་ཐིག་གདབ་པར་བྱའོ། །ལྟེ་བ་བམ་སྙིང་གང་གཟུང་སྟེ་ནམ་མཁར་བལྟས་ལ། །ཕྱོགས་ཐམས་ཅད་དུ་མཉམ་པར་ཚངས་ཐིག་གདབ་པར་བྱའོ། །དེ་ནས་སེམས་ཅན་ཐམས་ཅད་བསྒྲལ་བའི་དོན་དུ་ཐིག་གི་སྨྲ་བ་ནམ་མཁའ་ལ་གནས ་པའི་དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་ཏེ། དེ་ནས་བསྐོར་ཏེ་སློབ་དཔོན་བྱང་དུ་མངོན་བར་ཕྱོགས་ལ། སློབ་མ་ལྷོར་བལྟས་ཏེ། ཚངས་ཐིག་གདབ་པར་བྱའོ། །དེ་ནས་སློབ་དཔོན་བྱང་དུ་བལྟས་ལ་སྡོང?་ན་ལྷོང་?་ཏེ་ཤར?་དུ་གདབ་པར་བྱའོ ་དེ་ནས་བསྐོར་ཏེ་བློ?་བྱང་དུ་ཕྱག་ནུབ་ཀྱི་?་ལག་གདབ་པར་བྱའོ། །ཡང་བསྐོར་ཏེ་རླུང་མཚམས་ནས་ཤར་དུ་བལྟས་ཏེ། དབང་ལྡན་གྱི་མཚམས་ནས་ནུབ་ཏུ་བལྟས་ཏེ་བྱང་གི་ཆ་ལ་གདབ་པར་བྱའོ། །མིའི་མཚམས་ནས་ནུབ་ཏུ་ཁ། ་བལྟས་ཏེ། བྱིན་པའི་མཚམས་?་གང་དུ་བལྟས་ལ་ལྷོའི་ཆ་ལ་གདབ་པར་བྱའོ། །དེ་ཉིད་ནས་རླུང་གི་ཕྱོགས་སུ་བལྟས་ཏེ། ཟུར་ཐིག་གདབ་པར་བྱའོ། །བདེན་བྲལ་གྱི་ཕྱོགས་ནས་དབང་ལྡན་གྱི་ཕྱོགས་སུ་བལྟས་ལ་ཟུར་ཐིག་གདབ་བོ། །དེ་ནས་ཚངས ་ཐེག་ནས་འཁོར་ལོ་བརྒྱད་ཀྱི་ཆར་སྒོའི་ཐིག་གདབ་པོ། །རྩ་བའི་ཐིག་ནས་བརྩམས་ཏེ་གྲུ་བཞིའི་ཆར་སྒོའི་ཚོན་གྱི་སྣམ་བུའི་ཐིག་གདབ་པོ། །དེའི་ཕྱི་རོལ་ཏུ་སྒོའི་ཆའི་ཕྱེད་དུ་འདོད་ཡོན་གྱི་སྣམ་བུའི་ཐིག་གདབ་པོ། །དེའི་ཕྱི་རོལ་ཏུ་ཚོན་རྩིའི་ཆ་དང་མཉམ་པའི་རིན་པོ ་ཆེའི་རྩིས་པའི་ཐིག་གདབ་པོ། །དེའི་ཕྱི་རོལ་ཏུ་འདོད་ཡོན་གྱི་སྣམ་བུ་དང་མཉམ་པའི་དྲ་བ་ཕྱེད་པ་དང་རྡོ་རྗེ་ཟླ་ཚེས་དང་བཅས་པའི་ཐིག་གདབ་བོ། །དེའི་ཕྱིར་?་ཏུ་ཚོན་གྱི་ཆ་དང་མཉམ་པའི་ཐིག་གདབ་པོ། །དེ་ནས་སྒོ་བཞིའི་འགྲོན་དུ་ཚོན་གྱི་ཆ་དང་མཉམ་པའི ་ཡི་སྣམ་བུའི་ཐིག་གདབ་བོ། །དེ་ནས་སྒོའི་ཆ་དང་མཉམ་པའི་ཀ་བའི་ཐིག་གདབ་བོ། །དེ་ནས་སྒོའི་ཆ་སུམ་འགྱུར་དུ་རྟ་བབས་སྒོའི་སྟེང་དུ་ཇི་ལྟར་མཛེས་པའི་ཐིག་གདབ་པར་བྱའོ། །དེ་ནས་ཐིག་སྐུད་ཉིས་ཁུག་ཏུ་བྱས་ལ་དབུས་སུ་སང་ལྡེང་གི་ཕུར་བུ་བརྟན་པར ་བཙུགས་ཏེ། བྱང་ཤར་ནས་འཆོམས་ལ་གཡས་བསྐོར་དུ་བསྐོར་ཏེ། དཀྱིལ་འཁོར་གྱི་ཕྱི་རོལ་ར་བ་གསུམ་གྱི་ཐིག་དྲང་ངོ། ཐིག་སྐུད་དེ་ཉིས་ཁུག་ཏུ་བྱས་ལ་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་ར་བས་བསྐོར་བའི་ཐིག་དྲང་ངོ། །དེ་ནས་དཀྱིལ་འཁོར ་གྱི་ཕྱི་རོལ་ཏུ་?་འཇིག་རྡོ་རྗེའི་ལྕགས་རིའི་ནང་དུ་ཆུད་པར་དུར་ཁྲོད་བརྒྱད་ཀྱི་ཐིག་གདབ་པར་བྱའོ། །བདག་མེད་མའི་དཀྱིལ་འཁོར་ལ་ནི་ཕོ་བྲང་ཉི་རིམ་ཀྱི་ཐིག་གདབ་སྟེ། ཀ་བ་བརྒྱད་ལ་སོགས་པའི་ཐིག་ནི་དེ་དང་མཚུངས་པར་གདབ་པོ། །ཤར་ཕྱོགས་ཀྱི ་འཁོར་ལོ་ནི་ལྷོ?་ནས་བྱང་དུ་མངོན་པར་ཕྱོགས་ལ་ཀ་བའི་ཆར་ཐིག་གདབ་པོ། །ནུབ་ཀྱི་པདྨ་ནི་བྱང་ནས་ལྟོང་མངོན་པར་ཕ་ཡོགས་ལ་ཀ་བའི་ཆར་ཐིག་གདབ་པོ། །བྱང་གི་རལ་གྲི་ནི་ནུབ་ནས་ཤར་དུ་ཕྱོགས་ཏེ་ཀ་བའི་ཆར་ཐིག་གདབ་པོ། །ལྷོའི་རིན་པོ་ཆ་ནི ་ཤར་ནས་ནུབ་ཏུ་ཕྱོགས་ཏེ་ཀ་བའི་ཆང་ཐིག་གདབ་པོ། །དེ་ནས་རྣལ་འབྱོར་པ་གང་ཞིག་ཐིག་འདེབས་བ་རྩོམ་པར་འདོད་པས་སློབ་མ་དང་མི་ལྡན་ན་ཕུར་བུ་ལ་བཏགས་ཏེ་གདབ་པར་བྱའོ། །ཐིག་གི་དུས་སུ་བལྟས་བརྟག་པར་བྱ་སྟེ། སྲད་བུ་ཆད་ན་སློབ ་གཡོན?་འཆི། །རིང་ཐུང་ཁྱེར་ན་ན་ཐར?་འགྱུར། །ཕྱོགས་འཇུག?་སློབ་པ་མྱོས་པར་འགྱུར། །དེའི་རྟགས་ནི་ཚངས་ཐིག་འདེབས་པའི་དུས་སུ་བརྟག་པར་བྱའོ། །ཡང་ན་ཚངས་ཐིག་དང་ཕྱོགས་ཐིག་དང་ཟུར་ཐིག་གི་དུས་སུ་བརྟག་པར་བྱའོ། །ཡང ་ན་ཚངས་པའི་ལ་སོགས་པའི་ཐིག་ཐམས་ཅད་ཀྱི་དུས་སུ་བརྟག་པར་བྱའོ། །དེ་ནས་སོ་སོའི་སྒྲའི?་ཚངས་ཐིག་དེ་དབྱི་བར་བྱའོ། །གཞན་ཡང་མཚོན་གནས་སྐབས་སུ་བྱུང་བའི་ཐིག་ཐམས་ཅད་ཀྱང་དབྱི་བར་བྱའོ། །གཞན་སྒོ་འགྲམ་སོ་སོའི་ལྷ་སྣམ་ལ་སོགས ་པའི་ཐིག་རྐང་ཚང་ཙམ་དུ་དབྱི་བར་བྱའོ། །དེ་ནས་བྲ་བ་དང་དྲ་བ་ཕྱེད་པའི་མཚམས་སུ་ཡང་ཐིག་རྐང་ཚད་ཙམ་དུ་དབྱི་བར་བྱའོ། །རིན་པོ་ཆེའི་རྩིག་པའི་འཚན་སུ་?་རིག་དཀང་ཚད་ཙམ་དབྱི་བར་བྱའོ། །དེའི་སྒོའི་ཕུགས་ཀྱི་ཐིག་རྐང་བདུན་ཡང་དང་ཚད་ཙམ་དུ ་དབྱི་བར་བྱའོ། །དེ་ལྟར་ཐིག་བཏབ་པའི་དཀྱིལ་འཁོར་ཤིན་ཏུ་མཉམ་པར་ལེགས་པར་བྲིའོ། །དཀྱིལ་འཁོར་གྱི་ཕོ་བྲང་ཤིང་ཏུ་?་པར་བྲིའོ། །ཟུར་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་མཛེས། །ཐིག་བཞི་དང་ནི་ཡང་དག ་ལྡན་?་དང་འཕྱར?་མེ་ཏོག་ཕྲེང་པས་བརྒྱན། །ཁ་དོག་ལྔ་ཡིས་རྣམ་པར་མཛེས། །དཀྱིལ་འཁོར་དམ་པ་ཁྲུ་གསུམ་པ། །ཚོན་གསུམ་གྱིས་ནི་ལྷག་པར་གནས། །ཀྲ?་ཡི?་ཕྱོགས་ནི་ཐམས་ཅད་དང། །སྒོ་ཁྱུད་ཀྱི་ནི་ཕྱོགས་རྣམས་སུ།། ་རྡོ་རྗེ་རིན་ཆེན་ལེགས་སྤྲས་པས། །བདག་མེད་མ་ཡི་དཀྱིལ་འཁོར་ནི། །ཕྱི་ཡི་མཚན་ཉིད་དེ་དང་མཚུངས། །དཀྱིལ་འཁོར་བྱེད་ཀྱི་ཚད། །དབུས་སུ་མཉམ་པར་བལྟ་བར་བྱ། །འཁོར་ལོའི་ཀ་བ་ལ་སོགས་པའི། །རྡོ་རྗེ་ཕྲེང་པས་ལེགས་པར ་བསྐོར་?་རླུང?་ཡབ་མེ་ལོང་གིས་བརྒྱན་བྱ། །གདུགས་དང་བ་དན་རྒྱན་རྣམས་ཀྱིས། །འཁོར་ལོའི་ནང་དུ་བཀོད་པར་བྱ། །དེ་ལྟར་ཆོས་ཀྱི་སྐུའི་རང་བཞིན་གྱི་དཀྱིལ་འཁོར་ལ་ཐིག་གདབ་པ་རྣམ་པར་ཕྱེ་ནས་ཁ་དོག་དང་ལྡན་པའི་ཐིག་སྐུད ་དེ་ཡི་གེ་གསུམ་གྱི་མཐར་མུ་དང་ལྡན་པས་གཤེགས་སུ་གསོལ་ལ་དག་པའི་སྣོད་དུ་བཞག་པར་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ། གཡས་དང་གཡོན་པའི་མིག་ཧི་ལས་ཟླ་བ་དང་ཉི་མའི་བདག་ཉིད་དུ་བལྟའོ། །ཁྲོ་བོའི་བལྟ ་བས་ཕྱོགས་ཐམས་ཅད་དུ་མཉམ་པར་བལྟས་ལ། ཡིད་ཀྱིས་སྒོ་བཞི་ཕྱེ་བར་བསམ་ལ་ཕྱིར་བྱུང་ངོ། །ཐིག་གདབ་པའི་རིམ་པའོ། །དེ་ནས་རིན་པོ་ཆེའི་རིགས་ལས་བྱུང་བ་དང་རིན་པོ་ཆེའི་རིགས་སུ་གཏོགས་པའི་ཚོན་དང། འབྲས་དུ་ལས་ཁ་དོག་? ་བསྦྱུར་བ་དང། དུར་ཁྲོད་ཀྱི་བག་བུ་དང། སོལ་བ་དང། །རུས་པ་དང། རྐུན་མའི་ལོ་མ་དང་དེ་རྣམས་ལ་བྱ་སྟེ། དཀར་པོ་དང་སེར་པོ་དང། དམར་པོ་དང། ལྗང་བུ་དང། ནག་པོ་རྣམས་སོ། །དེ་དག་ཞིང་པར་བཏགས་ཉེ་རས་ཚགས་ལ་བཙགས་ལ་སྤོས་ཀྱིས ་ལེགས་པར་བདུགས་ལ། དག་པའི་སྤྲོད་དུ་?་ཏེ་སོ་སོའི་ཕྱོགས་སུ་བཞག་པར་བྱའོ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས་རང་བཞིན་མེད་པར་བྱས་ལ། བུཾ་ཨོཾ་ཛྲི། བཾ་ཧཱུཾ(རྒྱུད་འགྲེལ་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་འོད་ཟེར་གྱི་འབར་བའི་བལྟ་བས་ལྕགས་ཀྱུའི་སྦྱོར་བས་བཀུག་སྟེ་ས་བོན་དང་གཅིག་ཏུ་གྱུར་པ་ལས་།འོད་ཟེར་འབར་བ་ཡེ་ཤེས་ཀྱི་རང་བཞིན་དུ་བལྟས་ལ་གསང ་སྔགས་འདིས་བྱིན་གྱིས་བརླབས་པར་བྱའོ། །ོཾ་བཛྲ་ཙི་ཏཱ་ས་མ་ཡཾ་ཧཱུཾ། ཨོཾ་བཛྲ་བེ་ག་ཞེས་སྔགས་འདི་བརྗོད་ལ་ཡེ་ཤེས་ཀྱི་ཐིག་སྐུད་ཡིད་ཀྱིས་བསལ་ནས་དཀྱིལ་འཁོར་གྱི་ནང་དུ་ཞུགས་ཏེ། དཀྱིལ་འཁོར་གྱི་ལྟེ་བའི་ཕུང་བུ་ཧཱུཾ་ཞེས་བརྗོད་ལ་ཕྱུང་ནས ་ཕྱག་གི་རྡོ་རྗེ་ལ་ཐིམ་པར་བསམ་མོ། །ཚོན་སྣ་ལྔས་ཁུང་བུ་ཡོངས་སུ་བཀང་ལ་རྟགས་མ་ཡིན་པ་སྲིད་ན་བསལ་བར་བྱ་བའི་དོན་དུ་དྲིལ་བུའི་?་དང་ལྡན་པས་རྡོ་རྗེའི་གྲུ་བླང་བར་བྱའོ། །འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་སྒྲོལ ་བྱེད་པ། །དགྱེས་རྡོར་རྒྱལ་པོ་རང་ཉིད་ནི། །དེ་བཞིན་གཤེགས་པ་ཀུན་གྱིས་གནས། །ཉེས་པ་ཀུན་ལས་རྣམ་གྲེལ་བ། །འཁོར་ལོ་ནང་ནས་ཡང་དག་གནས། །ཤེས་རབ་ཐབས་ཀྱི་རྣལ་འབྱོར་བདག། གཡོན་གྱི་ཁུ་ཚུར་གྱིས་བཟླས་སྟེ། ་དབང་ལྡན་གྱི་ནི་མཚམས་ནས་བརྩམ། །དཀར་པོ་དང། སེར་པོ་དང། དམར་པོ་དང། ལྗང་གུ་དང། ནག་པོའི་ཆེན་རྣམས་ནི་ཕྱི་རོལ་ནས་ནང་གི་རིམ་པས་གཡས་བསྐོར་དུ་མཉམ་པར་རྒྱུན་མི་འཆད་པར་དྲང་བར་བྱའོ། །འདི་ལྟར་གསུངས་ཏེ། དཀར་པོ་རྡོ་རྗེ ་རྩེ་རང་བཞིན། །གཉིས་པ་གསེར་ལ་དམིགས་པ་སྟེ། །པདྨ་ར་གའི་རང་བཞིན་ཏེ། །དེ་བཞིན་གཞན་དག་མརྒད་འདྲ། །ནག་པོ་ནང་དུ་ཤེས་བྱ་སྟེ། །འདི་ནི་ཚོན་གྱི་རིམ་པར་བཤད། །འདི་ལྟར་སྤྱན་དྲང་བར་བྱ་སྟེ། མཉམ་པ་དང། མི་ཡོ་བ་དང། ་མ་ཆད་པ་དང། སྒོའི་ཉི་ཤུ་ཆར་གནས་པ་དང། ནས་ཀྱི་ཆེད་ཙམ་དུ་བར་མ་འདྲིས་པར་སོ་སོར་དྲང་བར་བྱའོ། །དེ་ནས་སྔགས་པ་མཉམ་པར་བཞག་པས་ལྟས་བལྟ་བར་བྱ་སྟེ། སྡོམ་པོར་བཀྱེ་ན་ནས་ཀྱིས་འདེབས། །ཕྲ་མོས་ནོད་ནི་རྣམ་པར ་འཇིག་།ཡོན་པོར་རྣམ་བ་ཆད་པ་ཡིན། །བླ་མ་དང་ནི་སློབ་མ་འཆི། །གཡས་བསྐོར་མིན་པར་བཀྱེ་བ་ཡིས། །ཚོན་གྱི་བུར་བུས་བཏབ་འགྱུར་དང། །སློབ་དཔོན་སློབ་མ་གཉིས་ཀ་ལ། །ཤིན་ཏུ་སེམས་ཁྲལ་འབྱུང་བར་འགྱུར། །དེ་ནས་དབུས་ཀྱི ་ཕོ་བྲང་གི་ཐིག་ཚད་ནས་གཟུང་སྟེ། སྒོ་རྣམས་ཀྱི་ཆ་ལ་ཤར་ཕྱོགས་སུ་དཀར་པོ་དགོད་པར་བྱའོ། །ལྷོའི་ཆ་ལ་སེར་པོ་དགོད་པར་བྱའོ། །ནུབ་ཀྱི་ཆ་ལ་དམར་པོ་དགོད་པར་བྱའོ། །བྱང་ཕྱོགས་སུ་ལྗང་གུ་དགོད་པར་བྱའོ། །དབུས་སུ་ནག་པོ་དགོད་པར་བྱའོ། །དེ་ནས ་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པ་གསེར་དང་བཅས་པའི་སྟེང་དུ་ཉི་མའི་དཀྱིལ་འཁོར་དགོད་དོ། །དེའི་སྟེང་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཐོད་པ་དཀར་པོ་ནང་དམར་པོ་སྣ་ཚོགས་རྡོ་རྗེས་མཚན་པར་བྱའོ། །ཞལ་གཅིག་ཕྱག་གཉིས་པ་འམ། ཕྱག་དྲུག ་པའི་དགྱེས་པའི་རྡོ་རྗེ་ལ་ནི་རང་གི་རིགས་ཀྱི་བདག་པོ་ཁ་དོག་ནག་པོ་འབར་བ་བྲི་སྟེ། ཤར་ལ་སོགས་པའི་འདབ་མ་ལ་ནི་སྣ་ཚོགས་རྡོ་རྗེ་སྤངས་པའི་ཐོད་པ་དཀར་པོ་རིམ་པ་བཞིན་བྲི་བར་བྱའོ། །ཡང་ན་ཤར་སྒོར་པདྨའི་སྟེང་དུ་བླ་བའི་དཀྱིལ་འཁོར་ལ་གྲི་གུག?་ནག་པོ ་བྲིའོ། ལྷོའི་སྐོར་ཅང་ཏེའུ་དམར་པོ་བྲིའོ། །ནུབ་ཀྱི་སྒོར་རུས་སྦལ་སེར་པོ་བྲིའོ། །བྱང་གི་སྒོར་སྦྲུལ་མ་རྐད་ལྟ་བུ་བྲིའོ། །བྱང་ཤར་མཚན་སུ་ཤ་ར་བྷ་ཨིནྡྲ་ནྟི་ལ་ལྟ་བུ་བྲིའོ། །མེའི་འཚམས་སུ་ཟླ་བའི་ནོར་བུའི་དགེ་སློང་བྲིའོ། །བདེན་བྲལ་གྱི་མཚམས་སུ་འཁོར་ལོ་ནམ་མཁའ་ཨི ་མདོག་ཅན་བྲིའོ། །རླུང་གི་མཚམས་སུ་རྡོ་རྗེ་སྣ་ཚོགས་ཀྱི་མདོག་ཅན་བྲིའོ། །དེ་དག་ཀྱང་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྲི་བར་བྱའོ། །དེ་དག་ལ་ཡང་ཚངས་པ་ལ་སོགས་པའི་བདུད་བཞིའི་གདན་དང་ལྡན་པ་འམ། །ཡང ་ན་མི་ལྡན་ཡང་རུང་སྟེ། དེ་ནས་གཞན་ཡང་བདག་མེད་མའི་དཀྱིལ་འཁོར་བྲི་བར་འདོད་པས། དབུས་ཀྱི་ལྟེ་བ་ལ་པདྨ་དམར་པོ་འདབ་མ་བརྒྱད་པ་བྲི་བར་བྱའོ། །དེའི་ལྟེ་བ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གྲི་གུག་ནག་པོ་བྲི་བར་བྱའོ། །ཤར་ལ་སོགས་པའི ་ཕྱོགས་ཀྱི་འདབ་མ་ལ་གྲི་གུག་བཞི་བྲི་བར་བྱའོ། །དེའི་ཕྱི་རོལ་གྱི་འདབ་མ་ལ་བྱང་ཤར་ལ་སོགས་པའི་མཚམས་སུ་ཟླ་བའི་སྟེང་དུ་གྲི་གུག་བཞི་བྲིའོ། །ཤར་ལ་སོགས་པའི་སྒོར་ཟླ་བ་དང་པད་མ་ལ་གྲི་གུག་བཞི་བྲིའོ། །ཤར་དང་ནུབ་ཀྱི་སྒོ་འགྲམ་དུ་?་མ་དང ་ཟླ་བའི་སྟེང་དུ་གྱི་མུག་གཉིས་བྲིའོ། །དཀྱིལ་འཁོར་གྱི་ཚོན་བཀྱེ་བའི་དུས་སུ་ཞུགས་པ་དང། འབྱུང་བ་དང། རྡོ་རྗེའི་ཐིག་ཡིད་ཀྱིས་ནམ་མཁའ་ལ་བཏེག་སྟེ། བཛྲ་བེ་གའི་སྔགས་བརྗོད་པ་དང། ལྷའི་རྣམ་པ་དང་མི་བྲལ་བར་དགོད་པར་བྱའོ། །དེ་ལྟར་མ ་ཡིན་ན་དམ་ཚིག་ཉམས་པར་བཤད་དོ། །དེ་ཉིད་འདུས་པ་ལས་འདི་ལྟར་གསུངས་ཏེ། དཀྱིལ་འཁོར་འབྱུང་དང་འཇུག་པ་ལ། །རྡོ་རྗེའི་ཐིག་དང་ཚོན་རྣམས་ནི། །སེམས་ཀྱིས་བཏེག་ནས་སྦྱོར་བྱས་ན། དམ་ཚིག་ཉམས་པས་གོས་མི་འགྱུར། །དེ་ནས་དཀྱིལ་འཁོར་ ་གྱི་རིམ་དུ་གཡས་དང་གཡོན་བསྐོར་ཀྱི་རིམ་པས་ཕྱོགས་དང་མཚམས་སུ་རོ་སྐྱེས་དང་རོ་ལངས་འཇིགས་གཟུགས་དང། འབྱུང་པོ་ལ་སོགས་དུར་ཁྲོད་བརྒྱུད?་ཀྱི་བདག་ཉིད་བྲིའོ། །དེ་ལ་ཤར་ཕྱོགས་སུ་ཆེ་བའི་རིགས་དྲག་ལ་གཏུམ་པ་ཞེས་བྱ་བའི ་དུར་ཁྲོད་བྲིའོ། །ལྷོ་ཕྱོགས་སུ་དུམ་བུའི་རིགས་འཇིགས་སུ་རུང་བ་ཞེས་བྱ་བའི་དུར་ཁྲོད་བྲིའོ། །ནུབ་ཕྱོགས་སུ་འདོད་པའི་རིགས་ཀེང་རུས་འབར་བ་ཞེས་བྱ་བའི་དུར་ཁྲོད་བྲིའོ། །བྱང་ཕྱོགས་སུ་གསལ་ཤིང་ལ་བཙུགས་པའོ་བྱ་བའི་རིགས་འུར་འུར་འབར་བས་ཁྱད་པ་ཞེས་བྱ ་བའི་དུར་ཁྲོད་དུ་བྲིའོ། །བྱང་ཤར་མཚམས་སུ་ཤིང་ལ་སྦྱངས་པའི་རིགས་ཧ་ར་ཧ་ར་དགོང་པ་ཞེས་བྱ་བའི་དུར་ཁྱོད་བྲིའོ། །མེའི་མཚམས་སུ་ཕྱེད་ཚ་བའི་རིགས་ནགས་ཚལ་ཕུན་སུམ་ཚོགས་པ་བྲིའོ། །བདེན་བྲལ་གྱི་མཚམས་སུ་ཕྱེད་དུམ་བུའི་རིགས་མུན་པ་མི་ཟད་པ ་ཞེས་བྱ་བའི་དུར་ཁྲོད་བྲིའོ། །རླུང་གི་མཚམས་སུ་ས་འོག་ཏུ་སྤྲས་པའི་རིགས་ཀཱི་ལི་ཀཱི་ལིའི་སྒྲ་སྒྲོགས་པ་བྲིའོ། །དེ་དག་ཀྱང་རིམ་ཇི་ལྟ་བ་བཞིན་དུ་ཤིང་རྣམས་བྲི་སྟེ། ཤི་རི་ཥ་དང་ཙུ་ཏ་དང། ཀངཀེ་ལི་། ཤྭ་ཏ། བྷ་ཐ་ཀ་རཉྫ། ལ་ཏ་ཊ་པྲ་ཀ་རི། ས་ལ་སྐྱེད ་པ་ཤར་ལ་སོགས་པའི་རིམ་པ་བྲིའོ། །ཤིང་རྣམས་ཀྱི་ནང་དུ་ཤིང་གི་བདག་པོ་གྲི་གུག་དང། ཐོད་པ་འཛིན་པ་འཁོར་དང་བཅས་པ་བྲིའོ། །དེ་ལ་གླང་པོ་ཆེའི་གདོང་པ་ཅན་ནི་གླང་པོ་ཆེའི་ཚོགས་ཀྱིས་བསྐོར་བའོ། །མ་ཧེའི་གདོང་པ་ཅན་ནི་མ་ཧེའི་ཚོགས ་ཀྱིས་བསྐོར་བའོ། །ཆུ་སྲིན་གྱི་འདོད?་པ་ཅན་ནི་ཉའི་ཚོགས་ཀྱིས་བསྐོར་བའོ། །གནང་སྦྱིན་གྱི་གདོང་བ་ཅན་ནི་མིའི་ཚོགས་ཀྱིས་བསྐོར་བའོ། །བ་ལང་གི་གདོང་པ་ཅན་ནི་ཁྱུ་མཆོག་གི་ཚོགས་ཀྱིས་བསྐོར་བའོ། །རའི་གདོང་པ་ཅན་ནི་རའི་ཚོགས་ཀྱིས་བསྐོར ་བའོ། སྲིན་པོའི་?་པ་ཅན་ནི་ཡི་དགས་ཀྱི་ཚོགས་ཀྱིས་བསྐོར་བའོ། །ཤ་ར་བྷའི་གདོང་པ་ཅན་ནི་ཤ་ར་བྷའི་ཚོགས་ཀྱིས་བསྐོར་བའོ། །ཤིང་དེ་དག་གི་རྩར་ནི་ཕྱོགས་སྐྱོང་བ་རྣམས་ཇི་ལྟར་གསུངས་པ་བཞིན་དུ་འཁར་དང་བཅས་པ་རང་གི་རིག་མ་ལ ་འཁྱུད་པར་བཞུགས་སོ། །དེ་ལ་དབང་པོ་ནི་སྐུ་མདོག་སེར་པོ་རིན་པོ་ཆེའི་དབུ་རྒྱན་ཆན་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ། ཕྱག་ན་རྡོ་རྗེ་འཛིན་ཞིང་གླང་པོ་དཀར་པོ་ལ་འགྱིང་བག་གི་ཚུལ་གྱིས་བཞུགས་པར་བྲིའོ། །གཤིན་རྗེ་ནི་སྐུ་མདོག་ནག་པོ་སྤང?་མེ་འདག་གི་ཕུལ་དུ ་འདྲ་བ། སྨིན་མ་དང་དཔྲལ་བར་ཁྲོ་གཉེར་བསྡུས་པ་སྐྲ་སེར་པོ་གྱེན་དུ་འབར་བ། ཕྱག་ན་དབྱུག་པ་དང་རྩེ་གསུམ་འཛིན་ཅིང་མ་ཧེ་ལ་ཁྲོས་པའི་ཚུལ་གྱིས་བཞུགས་པར་བྲིའོ། །ཆུ་བདག་ནི་སྐུ་མདོག་དཀར་པོ་གདེངས་ཀ་བདུན་དང་ལྡན་པ། སྤྲུལ་གྱི་ཞབས་པ ་དང་དུང་འཛིན་པ་ཆུ་སྲིན་ལ་བཞུགས་པའོ། །ནོར་བདག་ནི་སྐུ་མདོག་སེར་པོ་གསེར་གྱི་མདོག་ཅན་རིན་པོ་ཆེའི་དབུ་རྒྱན་ཅན་ལྕགས་ཀྱུ་དང་དབྱུག་པ་འཛིན་པ་གདོན་སྦྱིན་ལ་བཞུགས་པའོ། །དབང་ལྡན་ནི་སྐུ་མདོག་དཀར་པོ་རལ་པའི་ཐོད་ཚུགས་ཅན་བླ་མའི ་དབུ་རྒྱན། །སྤྱན་གསུམ་པ་ཐོད་པའི་ཕྲེང་བ་ཅན། །ཕྱག་བཞི་བ། ཅང་ཏེའུ་དང། ཐོད་པ་དང། ཏྲི་ཤུ་ལ། ཁ་ཊཝཱཾ་ག་འཛིན་པ་ཁྱུ་མཆོག་གི་སྟེང་དུ་བཞུགས་པའོ། །མེ་ལྷ་ནི་སྐུ་མདོག་དམར་པོ་རལ་བ་ཐོར་ཚུགས་སུ་བྱས་པ། ཚངས་པའི་ཐེ་གུ་ཅན་།ཕྱག་བཞི་པ། ་བགྲར་ཕྲེང་དང་སྐྱབས་སྦྱིན་དང་གུཎྜ་དང། དབྱུག་པ་འཛིན་པ་རའི་སྟེང་ན་བཞུགས་པའོ། །བདེན་བྲལ་ནི་སྐུ་མདོག་སྔོན་པོ་དབུ་སྐྲ་དམར་པོ་གྱེན་དུ་འབར་བ། ཐོད་པའི་ཕྲེང་བ་ཅན་གྲི་དང་ཐོད་པ་འཛིན་པ་རོའི་སྟེང་ན་བཞུགས་པའོ། །རླུང་ནི་དུ་བའི་དོག་ཅན ་རླུང་གི་རས་འཛིན་པ། རིན་པོ་ཆེའི་དབུ་རྒྱན་ཅན་ཤ་བའི་སྟེང་ན་བཞུགས་པ་བྲིའོ། །དེ་དག་གི་གནས་སུ་ཡང་ལྷ་དང་ཡི་དགས་དང་ཀླུ་དང་གནོད་སྦྱིན་དང་འབྱུང་པོ་དག་ཐུབ་པ་དང་།སྲིན་པོ་དང་རླུང?་བདག་དང་དེ་དག་གི་ཚོགས་ཀྱིས་བསྐོར་བར་བྲིའོ། །དེའི་གཡོན ་དུ་གླུ་ཆེན་པོ་བརྒྱད་གདེངས་ཀ་དང་ཆས་པར་བྲིའོ། །ནོར་རྒྱས་ན་ཤི?་བའི་མདོག་ཅན་སྤྱི་བོར་ཨུཏཔལ་སྔོན་པོས་མཚན་པ་གདེངས་ཀ་དང་བཅས་པ། པད་མ་ནི་དུང་གི་མི་དོག་ཅན་དཔལ་བེའུ་སོ་མཚན་པའི་གདེང་ཀ་ཅན། སྟོབས་ཀྱི་རྒྱུ་ནི་དུ་རབ་ལྟ་བུར ་མདོག་སྔོ་བ་རིན་པོ་ཆེ་གསུམ་གྱིས་མགྲིན་པར་མཚན་པའོ། །འཇོག་པོ་ནི་ཉེར་ལྡན་གྱི་མེ་ཏོག་ལྟ་བུའི་མདོག་ཅན་ནོར་བུ་འབར་བས་མཚན་པ། བར་མ་ཆེན་པོའི་མདོག་ཀུན་ད་ལྟ་བུར་མཚངས་པ་རྩེ་གསུམ་གྱིས་མཚན་པ། ་ཧུ་ལུ་ཏུ་ལུ་ནི་ཤིན་ཏུ་གནག་པ་སྤྱི་བོ་མཚན་མས་མཚན་པ། རིགས་ལྡན་ནི་དུ་བའི་མདོག་ཅན་ཟླ་བའི་ནོར་བུས་མ་དྲིན་པ་མཚན་པ། དུང་སྐྱོང་ནི་གསེར་གྱི་མདོག་ཅན་མགྲིན་པ་ཟླ་བའི་དཀྱིལ་འཁོར་གྱི་མཚན་པ་བྲིའོ། །དེ་དག་གི་རྒྱུ་བ་ཕྱོགས་སུ་སྤྲིན? ་རྣམས་བྲི་སྟེ་སྒྲ་གྲགས་པ་ནི་མདོག་ནག་པོ། །འཁྱིལ་བ་ནི་མདོག་སྔོན་པོ། །རྨུགས་པ་ནི་གུར་གུམ་གྱི་མདོག་ཅན་།མུན་པ་ནི་སྣ་ཚོགས་པའི་མདོག་ཅན་།འཁྱིག?་པ་ནི་དཀར་པོ་གང་བ་ནི་སེར་པོ། །འབབ་པ་ནི་སྔོ་དམར། དྲག་པོ་ནི་སྣག?་ཚལ ་མདོག་ཅན་གཞན་ཡང་དཀྱིལ་འཁོར་གྱི་རྒྱན་དུ་གྱུར་པ་ཐམས་ཅད་ཀྱིས་ལེགས་པར་སྦྲས་ཏེ་བརྒྱན་པར་བྱའོ། །ཚོན་དགྱེ་བའི་རིམ་པའོ། །དེ་ལ་དཀྱིལ་འཁོར་བྲི་བའི་དུས་སུ་གང་ཞིག་གིས་བགེགས་རྩོམ་པ་དང། །རང་བཞིན་གྱིས་བར་ཆད་དུ ་འགྱུར་བ་སྡང་བའི་ཕྱིར། སྔོན་གྱི་རིམ་པ་བཞིན་དབང་པོ་ལ་སོགས་པའི་ཕྱོགས་སྐྱོང་བ་རྣམས་ལ་རིམ་པ་བཞིན་དུ་ཕུར་བུམ་གདབ་པ་ལ་སོགས་པ་བྱའོ། །གལ་ཏེ་དཀྱིལ་འཁོར་གྱི་གནས་སུ་ཆར་དབབ་པར་གྱུར་ན། དགྱེས་པའི་རྡོ་རྗེའི་རྣལ ་འབྱོར་དང་ལྡན་པས་དུར་ཁྲོད་ཀྱི་རས་ཀྱི་སྟེང་དུ་འདུག་སྟེ། གདུག་པའི་སེམས་ཀྱིས་སྔགས་འདི་བཟླས་སོ། །ོཾ་ཨརྱ་ཨརྱ་སྨ་ཤ་ན། སྲི་ཡཱ་ལ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། འབར་བའི་ལྟ་བས་གྱེན་དུ་བལྟས་ནས་ཐུགས་ཀ་ནས་ཁྲོ་བོ་འབར་བའི་ཚོགས་ཀྱིས ་ནས་ཁ་གི་ཁམས་ཡོངས་སུ་ཁྱབ་སྟེ། དེའི་འོད་ཟེར་ཡེ་ཤེས་ཀྱི་མེ་ལྟ་བུམ་སྨིན་གྱི་ཚོགས་ཡོངས་སུ་གཏོར་བའི་བསམ་པ་དང་ལྡན་པར་བྱའོ། །གལ་ཏེ་མའི་དགྲ་བྱུང་བར་གྱུར་ན། མེའི་སྟེང་དུ་བ་ཡོངས་སུ་གྱུར་པ་ལས་ཆུའི་དཀྱིལ་འཁོར་ཁ་དོག ་དཀར་པོ། དེའི་སྟེང་དུ་པདྨ་འདབ་མ་བརྒྱད་པའི་ལྟེ་བ་ལ། བྲུཾ་ཡོངས་སུ་གྱུར་པའི་འཁོར་ལོ་རྩིབས་བརྒྱད་པ་བསམ། དེའི་ལྟེ་བ་ལ་བྲུཾ་ལས་གྱུར་པའི་སྟོན་ཀའི་རི་བོང་ཅན་གྱི་དབུས་སུ་བྲུཾ་གྱིས་བྱིན་གྱིས་བརླབས་པའི་དབུས་སུ་རྒྱ་མཚོ་བཞི་ཆུ་བོ་ཆེན་པོ་བཞི་མ་དྲོས་པའི་ཆུ ་ལྟ་བུའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་སྤྲིན་གྱི་ཚོགས་ལྟ་བུ་བྱུང་སྟེ་ནམ་མཁའ་ཨི་ཁམས་མ་ལུས་པ་ཁྱབ་པར་བྱས་ནས་ཆུའི་རྒྱུན་འབབ་པས་ཕྱོགས་བཅུར་ཡོངས་སུ་འགང་བར་འགྱུར་རོ། །བདག་ཉིད་རྣམ་པར་སྣང་མཛད་དུ་བསམ་མོ། །གལ་ཏེ་རླུང་གིས་བར ་ཆད་དུ་གྱུར་ན་དེ་ཞི་བར་བྱ་བའི་ཕྱིར་བདག་ཉིད་ལྷག་པའི་ལྷ་འམ་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་དུ་ཞུགས་ཏེ། ཧཱུཾ་གི་སྔགས་འབུམ་ཕྲག་ཏུ་བཟླས་པ་བྱས་ལས་ལ་མ་ལྷུང་བའི་རྣམ་ལྔའམ། གྲོག་མཁར་གྱི་ས་ལ་རླུང་ལྷའི་གཟུགས་བྱས་ནས་ནམ་མཁར་ཡི་ལས ་བྱུང་བའི་རླུང་ལྷའི་གཟུགས་བསམས་ཏེ། དེ་ཉིད་བཀུག་ལ་རྫས་ཀྱི་གཟུགས་ལ་བསྟིམ་པར་བྱའོ། །བཅིངས་ལ། ནི་རང་ཤུའི་ཕུར་བུ་སོར་བཞི་ས་ལ་ལན་བརྒྱ་རྩ་བརྒྱད་དུ་བཟླས་ཏེ་གདབ་པར་བྱའོ། །དེ་བཞིན་དུ་ཆུའི་སྣོད་ལ་གསལ་བར་བྱ་བའི་ཕྱིར་ཆུ་ལྷ? ་ལ་བུར་བུས་གདབ་པར་བྱའོ། །ཡང་སྔོན་བཞིན་དུ་རྡོ་རྗེར་བ་ལ་སོགས་པ་རྡོ་རྗེ་ས་གཞིའི་བར་དུ་རིམ་པས་བསྒོམ་པ་ལ་ཁྲོ་བོའི་ལྟ་བས་ཕྱོགས་ཐམས་ཅད་དུ་བལྟས་ལ། རྩ་བའི་སྔགས་བརྗོད་པར་བྱའོ། །ོཾ་ཨཥྚཱ་ན་ནཱ་ཡ། པིངྒོརྡྷ་།ཀོ་ཤ་བརྟ་མ་ནེ་རྩོ ་ཏུཥབི་ཤ་ཏི་ནེ་ཧྲཱ་ལ། ལོ་ཌ་ཤ་བྷུ་ཛཱ་ཡ། ཀྲིཥ་ཛཱི་མཱུ་ཏཱ་ལྭ་པུ་ཥེ། །ཀ་པཱ་ལ་མཱ་ལཱ། ནེ་ཀཾ་དྷཱ་རི་ཎེ་ཨཱདྷམཱ?་ཏ་ཀཱུ་ར་ཙིཎྟ་ཡ། ཨདྷེནདུ་དཾཥྚི་ཎེ་།ོཾ་མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། གརྫ་ཡ། གརྠ?་ཡ། ཏ་སྔ?་ག?་ཏརྫ་ཡ། ཤོ་ཥ་ཡ། གཤོས?་ཀས་བྷ་སཱུ་ག་རྠན?། བནདྷ། བནདྷ། ་ནཱ་གཱཥྚ་ཀཾ?་གྲཾ་ཧཱི་རཏན། པར་ཤ་དྷཱུ། ཧ་ཧཱ། ཧི་ཧཱི། ཧུ་ཧཱུ། ཧེ་ཧཻ། ཧོ་ཧཽ། ཧ་ཧ:ཕཊ་སྭཱཧཱ། ཡང་ན་བར་ཆད་ཞི་བར་བྱ་བའི་ཕྱིར། ཨརྒའི་ལོ་མ་དང། སྐེ་ཚེ་དང། བཙན་དུག་དང། ཙི་ཏྲ་ཀའི་ཁུ་བ་རྣམས་ཀྱིས་བགེགས་ཀྱི་མིང་བྲིས་ཏེ་།ོཾ་ཧ ་བཛྲ་ཛཝར་ཛཝར་ཤཏྲཾ?་ནན་?་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། སྔགས་འདི་བྲི་ཕྲག་ཏུ་བརླས་ཏེ། ཤིན་ཏུ་ཁྲོས་ནས་འབྲས་བུག་ཀྱི་ཕྱེ་ལ། སྦྱིན་སྲེག་བྱའོ། །དེས་ཀྱང་བར་ཆད་ཞི་བར་མ་སྐུར་ན་དེ་ལ་དག?་དང་ཚར་པོདམ?་མི་དང་ཚུ་དང། རེ་བས་བསྲལ?་སེམས ་དང། སོལ་བ་དང་མི་རུས་ཕྱེ་མ་དང་འདིར་ཡུ?་ནི་དྷཡོ་བྱེད་ཀྱི་བུབས?་སྤྲུས་ཏེ། བགེགས་ཀྱི་གཟུགས་བྱས་ལ་རྔ་མོ་དང་བུང་བུ་ལ་སོགས་པའི་རིལ་མ་ལ་དུར་ཁྲོད་ལས་བྱུང་པའི་མེ་སླར་ཏེ། མཚོན་རྣོན་གོས་གཟུགས་གཏུབ་ཅིང། །ོཾ་སརྦ་རིག?་?་ལས ་བྷུ།(རྒྱུད་འགྲེལ་པར་འགྱུར་རོ། །པར་ཆོད?་པས་བསལ་བའི་རིམ་པའོ། །དེ་ནས་བར་ཆད་མེད་པར་དཀྱིལ་འཁོར་བྲི་བ་སཛོགས་པ་དང། སློབ་དཔོན་ཁྲུས་བྱས་ཏེ་དྲི་ཞིམ་པོར་བྱུགས་པ། སྣ་ཚོགས་པའི་ན་བཟའ་གྱོན་ཞིང་མེ་ཏོག་གི་ཕྲེང་བས་ཅོད་པན་བྱས་ཏེ། དཀྱིལ་འཁོར་གྱི ་ཕོ་བྲང་དུ་ཞུགས་པ་ལྡན་པ་ཞེ?་ཞིང?་འབུམ་པ་ལ་འདུག་ལ་རང་ལྷའི་རྣལ་འབྱོར་དང་ལྡན་པས་ཚོན་གྱི་ལྡག་མ་རྣམས་ཡི་གེ་གསུམ་གྱི་མཐར་མུ:དང་ལྡན་པས་གཤེགས་སུ་གསོལ་ལ། ཚོན་གྱི་སྣོད་རྣམས་ནི་དབེན་པར་བཞགས་སོ། །དཀྱིལ་འཁོར་གྱི ་ཕྱི་རོལ་ཀྱིས་རྣམས་ནི་པའི་རྣམ་ལྔས་ལ་སོགས་པར་ཕྱུགས་ནས། མེ་ཏོག་གི་ཚུམ་བུ་བཀོར་ལ་མར་མེའི་ཕྲེང་བས་བསྐོར་ཏེ། ཁཎྜ?་བིནདྷ་ལ་སོགས་པའི་སྤོས་ཕྱོགས་ཐམས་ཅད་གཏམས་ཏེ། དེ་ནས་དཀྱིལ་འཁོར་གྱི་ཕྱི་རོལ་དབུས་སམ་ཕོ་བྲང་དུ ་རོལ་མོའི་ཚིགས་ཀྱིས་བུམ་པ་སྤྱན་དྲངས་ཏེ། སྐོར་བ་གསུམ་བྱས་ལ་རྣམ་པར་རྒྱལ་བའི་བུམ་པ་དབུས་སུ་གསོལ་བར་བྱའོ། །གོ་རེའི?་བ་སོགས་པའི་བུམ་པ་ནི་ཤར་ལ་སོགས་པའི་ཕྱོགས་བཞིར་ཕོ་བྲང་གི་ཕྱི་རོལ་ཏུ་བཞུགས་པར་བྱས་ལ། ་བྱ་བས?་མི་ལ་སོགས་པའི་བུམ་པ་ནི་གཡོན་བསྐོར་དུ་མཚམས་བཞིར་བཞུགས་པར་བྱའོ། །གང་བའི་བུམ་པ་བཞི་ཡང་ཕྱོགས་བཞིར་མཆོད་པའི་དོན་དུ་བཞག་པར་བྱའོ། །ལས་ཐམས་ཅད་པའི་བུམ་པས་བགེགས་བསྐྲད་དོ། །ཤར་སྒོའི་ལྷོ་ཕྱོགས་སུ་བཞག་པར ་བྱའོ། །ཡང་ན་མཆོད་པའི་དོན་དུ་གང་བའི་བུམ་པ་བརྒྱད་མཆོད་པའི་ཕྱག་མཚན་འཛིན་པ་བྱིན་གྱིས་བརླབས་ལ། ཤར་ལ་སོགས་པའི་ཕྱོགས་དང་མཚམས་སུ་དགོད་པར་བྱའོ། །དེ་ལྟར་ལྔའི་བུམ་པ་རྣམས་ཀྱི་ཆུ་བདུད་རྩི་ལྔ་དང་ལྡན་པའི་པདྨའི་སྣོད ་དུ་ཉུང་དུ་ཉུང་དུ་བླུགས་ཏེ་བདག་ཉིད་ཀྱི་མདུན་དུ་བཞག་གོ། བུམ་པ་དགོད་པའི་རིམ་བྱའོ། །དེ་ནས་སྔགས་པས་དཀྱིལ་འཁོར་ལ་མངོན་པར་ཕྱོགས་ཏེ། དཀྱིལ་འཁོར་གྱི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ལ། དཀྱིལ་འཁོར་གྱི་མཆོད་པ ་བྱས་ཏེ། དེ་ཡང་ཤིན་ཏུ་དག་པའི་སེམས་ཀྱིས་དཀྱིལ་འཁོར་གྱི་མཆོད་པ་བྱས་ཏེ། དེ་ཡང་ཤིན་ཏུ་དག་པའི་སེམས་ཀྱིས་དཀྱིལ་འཁོར་གྱི་ཆོ་ག་ཇི་ལྟ་བཞིན་དུ་བསྒྲུབ་པར་བྱའོ། །དེ་ཡང་རིམ་པ་འདི་ལྟར་འབྱུང་སྟེ། ཕྱིའི་རིག་མ་ལོ་བཅུ ་གསུམ་ཕག?་ལ་ལོན་པའམ། ཡང་ན་ནང་གི་རིག་མ་དང་བཅས་པས་ཏིང་ངེ་འཛིན་གསུམ་དང་ལྡན་པར་བྱས་ལ། རྡོ་རྗེ་དང་པད་མ་བསྐྱོད་པའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་སྟེ། ཐུགས་ཀར་བཅུག་སྟེའང?་དུ་ཞུ་ནས་རྡོ་རྗེའི ་ལས?་དུ་ཕྱུང་སྟེ་། ཡུམ་གྱི་པདྨའི?། གནས་སུ་ཕྲན?་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་དུ་ཕྱོགས་བཅུར་སྤྲོས་ནས་སེམས་ཅན་གྱི་དོན་མ་ལུས་པར་བྱས་ཏེ། བློ་དང་ལྡན་པས་དེ་ཉིད་ཚུར་བཀུག་སྟེ། དཀྱིལ་འཁོར་གྱི་མདུན་གྱི་ནམ་མཁའ་ ་ལ་བཞུགས་པ་ལ། དེ་དང་མཚུངས་པར་སྦྱིན?་པའི་བགེགས། ཨཥྚཱ་ནཊཱ?་ནཱའམ་ཧཱུཾ་གི་སྤྲས་ཡོངས་སུ་བསྐྲོད་དེ་དཀྱིལ་འཁོར་བསྲུང་བར་བྱའོ། །དེ་ནས་བསང་གཏོར་ལ་སོགས་པ་བྱིན་ཏེ། ཛ:ཧཱུཾ། བཾ?་ཧོ:འདིས་རིམ་པ་ཇི་ལྟ་བ་བཞིན་བཀུག་ལ། དཀྱིལ་ ་གདོང་གྱི་བྱས?་མཚན་ལ་དུབ?་པ་དང། གཞུག་པ་དང། བཅིང་བ་དང། དགྱེས་པ་བསྐྱེད་པར་བྱའོ། །དེ་ནས་སྤྱན?་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པར་བྱའོ། །ཡང་བསང་གཏོགས་སོགས་པ་སྔོན་དུ་འགྲོ་བས་རང་གི་ལྷུང? ་གའི་ས་བོན་ལས་ལྷ་མོ་བརྒྱད་སྤྲོས་ཏེ། ཕྱི་དང་གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཆོད་དོ། །རས?་ཡུག་དང་མེ་ཏོག་གི་ཕྲེང་བ་ལ་སོགས་པ་ལྷའི་གྲངས་སུ་དཀྱིལ་འཁོར་ལ་མཆོད་པར་བྱའོ། །འཁོར་ལོ་ལ་བསྟོད་པར་བྱའོ། །ཁྱོད་ནི་རྣལ ་འབྱོར་མ་རྣམས་ཡོངས་སུ་བསྐོར། །ཉིད་ཀྱི་ཐུགས་ཀྱིས་དགོས་པ་འགྲུབ་པ་སྟེ། །རྒྱུ་དང་མི་རྒྱུ་འཁོར་བ་ཀུན་སྒྲུབ་ཁྱོད། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་བྱང་ཆུབ་མཛད། །ཀུན་རྫོབ་སྒྱུ་མས་འབྲས་བུ་བསྒྲུབ་པའི་ཡིད། །ཧེ་རུ་ཀ་དཔལ་དབུས་? ་རྡོར་ཐུགས་ལ་བསྟོད། །དེ་ནས་པདྨའི་སྣོད་དུ་བདུད་རྩི་རྣམ་པ་ལྔ་ལ་མན་ངག་ཇི་ལྟ་བ་བཞིན་བྱིན་གྱིས་བརླབས་ལ། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་མཆོད་པར་བྱའོ། །དཀྱིལ་འཁོར་དང་དཀྱིལ་འཁོར་གྱི་བདག་ཉིད་བདུད་རྩི་དམ་ཚིམ་པར་གྱུར ་ནས་བདེ་བ་ཆེན་པོའི་བདག་ཉིད་དུ་གནས་པར་བྱའོ། །རིམ་པ་སོ་སོར་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་གྱི་བདག་པོས་ལྷ་ཐམས་ཅད་ཀྱི་གསང་སྔགས་བཟླས་པ་ལ་བཅུག་པར་བྱའོ། །དེ་ནས་སྔགས་པ་ཇི་ལྟར་འབྱུང་བའི་ལས་ཀྱི་རྡོ་རྗེ་མ་ཡིན་པ་དཀྱིལ ་འཁོར་གྱི་ཕོ་བྲང་ནས་བསྐྲད་ལ་སློབ་དཔོན་གདུགས་དཀར་བ་དང། བ་དན་དང། རླུང་ཡབ་དབང། རྒྱལ་མཚན་དང། གླུ་དང། གར་དང་།སྒྲའི་ཚོགས་ལ་སོགས་པའི་རོལ་མེས་ཡོངས་སུ་བསྐོར་བ་ལ་ཕྱིར་བྱུང་ནས། བདེ་བའི་སྟན་ལ་འདུག ་སྟེ། རང་གི་མདུན་དུ་ཟངས་བོ་ཆེའམ། སྐྱུག་མ་ལ་སོགས་པ་ལ་བྱས་པའི་སྣོད་དུ་ཉ་དང་ཤ་དང་ཟན་དང་ཞོ་དང་འོ་མ་དང་སྦྲང་རྩི་དང། ཆང་དང་ཆུ་དང་ཚན་དང་འབྲང་རྔོས་པ་དང། ཏིལ་དང་རི་ལུ་དང་ཁུ་བ་ལ་སོགས་པའི་སྣ་ཚོགས་པའི ་བཟའ་བ་དང་བཅས་པ་དང། སྟོན་མོའི་བྱེ་བྲག་བཏུང་བའི་རྣམ་པ་དང། ལྡག་པ་དང། འཇིབ?་པའི་རྣམ་པ་དང། དེ་དག་གི་རྫས་ཀྱིས་ཡོངས་སུ་བཀང་ལ། མར་མེ་ལྔ་དང་བདུད་རྩི་དང། གདུགས་དང་རྒྱལ་མཚན་དང། མེ་ཏོག་གི་ཕྲེང་བ་ལ་སོགས་པའི ་རྒྱན་གྱིས་བརྒྱན་པ་ཡང་བྱའོ། །གཞན་ཡང་ཁ་ཟས་ཚོགས་ཅི་འབྱོར་བས་ཆོམས་པར་བྱས་ལ་།གལ་ཏེ་མ་འབྱོར་ན་ཆུ་དང་བྲན་ཙམ་ལ་བྱ་སྟེ། ཐམས་ཅད་ཚོགས་པར་དམིགས་སོ། །དེ་ལྟར་བལྟས་ནས་འབར་ལ་སོགས་པའི་ཡེ་ཤེས་ལྔའི་བདག་ཉིད ་ཀྱི་རིམ་པས་དག་པར་བྱའོ། །དེའི་རིམ་པ་ནི་འདི་ལྟར་འབྱུང་ངོ། །མདུན་གྱི་ནམ་མཁའ་ལ་ཧཱུཾ་སྔོན་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་བསམ་པར་བྱའོ། །དེའི་འོག་ཏུ་ཨ་དམར་པོ་ཡོངས་སུ་གྱུར་པའི་ཐོད་པ་ནང་དམར་པོ་གནས་པ་བསམ་པར་བྱའོ། །དེའི་དབུས་སུ ་ཨོཾ་དཀར་པོས་བྱིན་གྱིས་བརླབས་པའི་བདུད་རྩི་ལྔའི་བདག་ཉིད་བསམ་པར་བྱས་ནས། །དེ་ནས་རྡོ་རྗེ་པདྨའི་སྐྱོར་བས་མེ་སྦར་བ་ན་མ་ལོང་ལྟ་བུའི་ཡེ་ཤེས། །དེས་རྫས་རྣམས་སྤྲོས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །དྲོས་ཏེ་ཁུ ་བར་གྱུར་ནས་འོད་ཟེར་དང་ལྡན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ཉིད་ཡེ་ཤེས་ཀྱི་ཉི་མའི་དཀྱིལ་འཁོར་ལྟ་བུ་གྱུར་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེའི་འོད་ཟེར་ཕྱོགས་བཅུར་སྤྲོས་པས་དེ་བཞིན་གཤེགས་པ་མ་ལུས་པའི་གཟུགས་ལྟར་ཏེ། ་དེ་དག་གི་ཐུགས་ཀའི་ཡེ་ཤེས་ཀྱི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ལ་བསྟིམ་ནས་གཉིས་སུ་མེད་པར་བྱས་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་ལྟར་ཡེ་ཤེས་ལྔའི་བདག་ཉིད་རླབས་པ་ནི་མཆོག་གི ་བདུད་རྩིར་གྱུར་ཏེ། ཡི་གེ་གསུམ་གྱིས་བྱིན་བརླབ་པར་བྱའོ། །དེ་ནས་རང་གི་མདུན་གྱི་ནམ་མཁའ་ལ་ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པ་བསམ་མོ། །དེ་ལ་ཤར་གྱི་འདབ་མ་ལ་སོགས་པ་བཞི་པ་དབང་པོ་དང། གཤིན ་རྗེ་དང། ཆུ་བདག་དང། ནོར་བདག་གོ་།བྱང་ཤར་ལ་སོགས་པའི་འདབ་མ་ལ། དབང་ལྡན་དང། མེ་ལྷ་དང། བདེན་བྲལ་དང། རླུང་ལྷ་རྣམས་ཧཱུཾ་ལས་སྐྱེས་པ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དྲིལ་བུའི ་ཕྱག་རྒྱ་དང་ལྡན་པས་རང་གི་རིག་མ་ལ་འཁྱུད་པ། ཕྱག་རྒྱ་དྲུག་དང་ལྡན་པ། བརྐྱང་བསྐུམ་གྱི་གར་གྱིས་བཞུགས་པ་མི་བསྐྱོད་པས་དབུ་བརྒྱན་པའི་བདག་ཉིད་དུ་བསྒོམ་པར་བྱའོ། །དེའི་སྟེང་ཆོས་ཀྱི་འགྱུར་གནས་ཀྱི་ནང་དུ་ཆུད་རིམ? ་ཟླ་བ་དང་ཉི་མ་དང་ཚངས་པ་ལ་སོགས་པ་རྒྱལ་པོ་ཆེན་པོ་བཞི་དང། སུམ་ཅུ་རྩ་གསུམ་པ་དང། འཐབ་བྲལ་དང། དགའ་ལྡན་དང། འཕྲུལ་དགའ་དང། གཞན་འཕྲུལ་དབང་བྱེད་རྣམས་འདོད་པའི་ལྷ་གོ་ཚངས་རིགས་དང་ཚངས་པར་དུ་ནན་འདོད་དང་ཚངས? ་མཚན་པོས་ཏེ་བསམ་གཏན་དང་པོའོ། །འོད་ཆུང་དང། ཚད་མེད་འོད་དང་འོད་གསལ་བ་ནི་བསམ་གཏན་གཉིས་པའོ། །དགེ་ཆུང་དང་ཚད་མེད་དགེ་དང། དགེ་རྒྱས་ནི་བསམ་གཏན་གསུམ་པའོ། །སྤྲིན་མེད་དང་བསོད་ནམས་སྐྱེས་རང་འབྲས ་བུ་ཆི་དང། མི་ཆེ་བ་དང། མི་གདུང་བ་དང། གྱ་ནོམ་སྣང་དང། ཤིན་ཏུ་མཐོང་དང། འོག་མིན་གྱི་གནས་ཏེ་བསམ་གཏན་བཞི་པའོ། །བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ན་གནས་པ་དང། འོད་ཟེར་གྱི་འཇིག་རྟེན་གྱི་ཁམས ་ན་གནས་པ་ཐམས་ཅད་བཀུག་ནས་གནས་ལྷན་ཅིག་ཏུ་ཞུ་སྟེ་།ོཾ་ལས་སྐྱེས་པ་སྐུ་མདོག་དཀར་པོ་རྡོ་རྗེ་དྲིལ་བུ་དང་ལྡན་པའི་ཕྱག་རྒྱ་རང་གི་རིག་མ་ལ་འཁྱུད་པ་ཕྱག་རྒྱ་དྲུག་དང་ལྡན་ཞིང་བརྐྱང་བསྐུམ་གྱིས་བཞུགས་པ། རྣམ་པ་སྣང? ་མཛད་ཀྱི་དབུ་བརྒྱན་པའོ། །ཆོས་ཀྱི་འབྱུང་གནས་ཀྱི་པདྨའི་རྩ་བར་ནོར་རྒྱུས?་དང། འཇོག་པོ་དང། སྟོབས་ཀྱི་རྒྱུ་དང། པདྨ་དང། པདྨ་ཆེན་པོ་དང། རིགས་ལྡན་དང། དུད་སྐྱོང་ལ་སོགས་པ་དང། ཐགས་བཟང་རིགས་དང། མཐོང་བྱེ་དང ་རྣམ་པར་སྣང་བྱེད་ལ་སོགས་པའི་ལྷ་མ་ཡིན་ཆེན་པོ་རྣམས་དང། སའི་ལྷ་མོ་འཁོར་དང་བཅས་པ་དང། ཉི་ཚོ་བ་དང་ཐིག་ནག་དང། འགྲོགས་པ་དང། འཇིགས་པ་དང། འཇིགས་པ་ཆེན་པོ་དང། ཆུ་བ་དང། རབ་ཏུ་ཚ་བ་དང། མནར་མེད་པ་སྟེ་ཚ་བའི ་དམྱལ་བ་ལ་གནས་པ་རྣམས་སོ། །ཆུ་བུར་ཅན་དང། རབ་ཏུ་ཆུ་བུར་ཅན་དང། སོ་ཐམ་དང། ཧ་ཧ་དང། ཧུ་ཧུ་དང། ཨུཏཔལ་ལྟ་བུ་དང། པདྨ་དང་པདྨ་ཆེན་པོ་སྟེ་གྲང་བའི་དམྱལ་བ་རྣམས་སོ། །ཆུ་ལ་གནས་པ་དང། སྐམ་ལ་གནས་པ་དང། རིགས ་ལ་གནས་པ་ལ་སོགས་པའི་དམྱལ་བའི་བྱེ་བྲག་ཇི་སྙེད་ཡིད་པ་དང། །ཡི་དགས་དང་དུད་འགྲོར་བཅས་པ་བཀུག་སྟེ། རྣམ་པར་བྱང་བའི་ཆོ་ག་བྱས་ལ། ཨཱ:དམར་པོ་ལས་གྱུར་པའི་གླུ་རྣམས་ནི་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དྲིལ་བུའི ་ཕྱག་རྒྱ་དང་ལྡན་པ་རང་གི་རིག་མ་ལ་འཁྱུད་པ། །བརྐྱང་བསྐུམ་གྱིས་བཞུགས་ཤིང་ཕྱག་རྒྱ་དྲུག་དང་ལྡན་པ། སྣང་བ་མཛའ་ཡས་ཀྱིས་དབུ་བརྒྱན་པར་བསྒོམ་པར་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་སྣ་ཚོགས་པའི་གོས་དང་དབུ་སྐྲ་སེར་པོ ་གྱེན་དུ་བརྫས་ནས། མེ་ཏོག་གི་ཕྲེང་བས་ཅོད་པན་བྱས་པ། རྣ་བ་ལ་ཨུཏཔལ་དང། འཁོར་ལོ་དང། དཔུང་རྒྱན་དང། ཕྱག་གདུབ་དང། མ་གྱུར་ཆུ་དང། གསེར་དངུལ་ལ་སོགས་པའི་རྒྱན་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པར་བྱའོ། །དེ་ནས་ཕྱོགས་སུ་དྲི་དང ་བའི་རྣམ་ལྔས་བྱུགས་ལ། པདྨ་འདབ་མ་བརྒྱད་པ་མུ་ཁྱུད་དང་བཅས་པ་ཆོས་འབྱུང་གི་གནས་སུ་ཆུད་པར་བྱའོ། །ཤར་དང་བྱང་ཤར་གྱི་མཚན་སུ་ཆོས་འབྱུང་གི་རྐྱེན?་དུ་བལྟ་སྟེ་ལྷ་རྣམས་བཀོད་པའི་གནས་སོ། །ནུབ་དང་ལྷོ་ནུབ་ཏུ་ནི་ཆོས་འབྱུང་གི ་ཞབས་སུ་སྟེ། ཀླུ་རྣམས་བཀོད་པའི་གནས་སོ། །ནུབ་ཀྱི་ཆར་ནི་ཕྱོགས་སྐྱོང་གི་བདག་ཉིད་བལྟ་བར་བྱས་ལ། དེ་ནས་གཽ་རི་ལ་སོགས་པའི་སྦྱོར་པས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་སྟེ། བསང་གཏོར་ལ་སོགས་པ་སྔོན་དུ་འགྲོ་བས་གཏོར་མའི་སྡུག་ ་ཀྱིས་བྱིན་གྱིས་བརླབས་ལ་དབུལ་བར་བྱའོ། །རྡོ་རྗེ་ཁ་དབྱེ་བའི་ཕྱག་རྒྱ་དང?་ལྡན་པས་སྔགས་ཀྱིས་དབུལ། ཨོཾ་ཨིནྡྲ་མ། ཛ་ལ། ཛཀྑ་བྷུ་བ། བཅཱི?། བཱ་ཨུ། རཀྑ། ཅིནྡྲ?། སུཛཛྲ། མཱ་ད། བཔྤ་ཏ་ལ་པཱ་ཏཱ་ལེ། ཨུརྒྷའ་སྭཱཧཱ? ་ཨོཾ་ཨེ?་དཾ་བ་ལི་བྷུཉྫ་ཇི་གྷ་ཕུལླ་དྷཱུ་པ་མཱཾ་ས་པཾ?་གྷ་ཨམྦྷ་སཔྤ་ཀཛཛ་སཱ་ད། ཁཎྜི་ཁུ་ཎི་ཕེ་ཌ་གཱ་ད། ཨོཾ་ཨ་ཀཱ་རོ་མུ་ཁ་སརྦ་དྷརྨཱ་ཎཱ་ཨཱ་རུ་ནུཏཔན་ན་ཏྭཱཧ་ཨོཾ་ཨཱ་ཧཱུཾ་ཕཊ་སྭཱཧཱ། དེ་དག་གི་སྔགས?་ལ་ཧཱུཾ་དཀར་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་སྤུ་གུས? ་བདུད་རྩི་འདྲིན་པའི་རླུང་གི་བདག་ཉིད་དུ་བལྟའོ། །དེ་ནས་ཐབས་དུང་ལ་སོགས་པའི་སྐྲ་དང་ལྡན་པས་མངོན་པར་ཕྱོགས་ཏེ། གཏོར་མ་ལས་ཁྱོར་བ་གསུམ་བླངས་ཏེ། ས་དེ་ཉིད་དུ་བཞག་ལ་ལྷ་ལ་སོགས་པ་མཆོག་གི་བདུད་རྩི་ཐོབ་པས་ཤིན་ཏུ་རི?་བར? ་འགྱུར་ཏེ། བདེ་བ་ཆེན་པོའི་བདག་ཉིད་དུ་བལྟས་ཏེ། གཏོར་མ་དེ་ཤིང་རྟ་འམ་ཁུར་བུ་འམ། ཇི་ལྟ་བའི་སྦྱོར་བས་གཤེགས་སུ་གསོལ་ལོ། །སྐབས་དེ་ཉིད་དུ་ཕྱོགས་སྐྱོང་བ་ལ་སོགས་པ་རྣམས་གཏོར་མས་དགྱེས་ཤིང་ཚིམ་པར་གྱུར་ནས། །སྒྲུབ་པ ་པོས་ཇི་ལྟར་འདོད་པའི་དངོས་གྲུབ་བྱིན་པར་གསུམ་ལ་བཀར་གཏོར་ལ་སོགས་པའི་མཆོད་པས་མཆོད་དེ། ཐོད་པའི་བདུད་རྩི་ལྔས་བསང་གཏོར་བྱས་ལ་ཚིག་འདི་བརྗོད་པར་བྱའོ། །ོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི ་དངོས་གྲུབ་སྩོལ། །སངས་རྒྱས་ལུས་དུ་གཤེགས་ནས་ཀྱང། །དམ་ཚིག་ཕྱག་རྒྱ་མི་སྤོང་བར། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ོཾ་ཨཱ:ཧཱུཾ་བཛྲ་མུ:ཞེས་པས་གཤེགས་སུ་གསོལ་བར་བྱའོ། །དེ་ནས་དགའ་བའི་སེམས་ཀྱིས་འབྲས་བུ་ཐོབ་ནས ་རང?་རང་གི་གནས་སུ་འགྲོ་བར་བལྟའོ། །གཏེར་མའི་རིམ་པའོ། །དེ་ནས་རྡོ་རྗེ་སློབ་དཔོན་རྡོ་རྗེ་དྲིལ་བུ་དང་ལྡན་དགྱེས་པའི་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པའི་རྣལ་འབྱོར་དང་ལྡན་པས་བརྐྱང་བསྐུམ་གྱི་གར་གྱེས་གནས་ལ། མེ་ཏོག་སྔོན་པོའི་ཕྲེང་བ་ཐོགས་ལ ་ཧཱུཾ་ཧཱུཾ་ཞེས་པའི་སྒྲ་སྒྲོག་ཅིང། ཧི་ཧི་ཞེས་འཇིགས་པར་བྱས་ནས་རོལ་བའི་འགྲོས་ཀྱི་གང་ཀྱིས་བཛྲ་བོ་ག་བརྗོད་ནས་དཀྱིལ་འཁོར་དུ་ཞུགས་ལ། རྡོ་རྗེ་དྲིལ་བུ་དཀྲོལ་ཞིང་བསྐོར་བ་གསུམ་བྱས་ཏེ། དམན?་པ་དང་ལྷག་པའི་སྐྱོན་དང་བྲལ་བར་བལྟས་ལ། མེ་ཏོག ་སྔོན་པོའི་ཕྲེང་བ་དེ་གཙོ་བོའི་ཐུགས་ཀར་གསོལ་བ་འདེབས་པའི་དོན་དུ་དོར་བར་བྱའོ། །དེ་ནས་མེ་ཏོག་དེ་ལྟ་རྣམས་ཀྱིས་གནང་བ་སྦྱིན་པའི་ཚུལ་དུ་བླངས་ལ་རང་གི་སྤྱི་བོར་གདགས་ཏེ། དཀྱིལ་འཁོར་ཆེན་པོ་དེ་ལ་མཆོད་པའི་ཁྱད་པར་གྱིས་ཡང་དག་། ་པར་མཆོད་པར་བྱ་བོ། །འདི་ནི་འཁོར་ལོ་མཆོད་པ་དག་།ཡང་དག་རྫོགས་པར་བྱ་ཆེད་དུ། །རྒྱལ་བས་ཇི་ལྟར་གསུང་བ་ཡི། །སྤོས་ནི་སོ་སོར་རབ་ཏུ་དབུལ་གཙནདན་དང་ནི་གུར་གུམ་ཉིད། །ཤེལ་པངཀ་དང་ཀ་ལ་ལོ་དྷ་བ་བྷི། །རྫས་འདི་དག་ནི་སྤོས་ཆེན་པོ།། ་ཧེ་རུ་ཀ་ལ་རབ་ཏུ་དབུལ། །ཀ་ཙོ་ར་དང་ཙོ་རི་ཀ། གསུམ་པ་ཛ་ཏི་གྷོ་ཥེ་སྟེ། དངོས་གྲུབ་བསྐྱེད་པའི་སྤོས་འདི་དག། རྟག་པ་ལ་ནི་ངེས་པར་དབུལ། །ཀུནདུ་རུ་དང་པོ་ལ་ཀང། །རི་དགས་ལྟེ་བར་འཛིན་ད་བཞིན། །དངོས་གྲུབ་ཐམས་ཅད་སྒྲུབ་པ་ཡི། །སྤོས ་ནི་རིན་ཆེན་དབང་ལ་དབུལ། །ས་འདི་དྲི་དང་ས་དྷི་ཉིད། །ས་ཡི་ཛ་དང་སི་ཧ་ཀ་འཇིག་རྟེན་མགོན་པོའི་སྤོས་ཡིན་པས། །སྤོས་ནི་འཇིག་རྟེན་མགོན་ལ་དབུལ། །ཙན་དན་གཉིས་དང་གླ་རྩི་དང། །ག་བུར་ས་ལ་གི་ན་དང། །གཡོན་གྱི་ཕྱོགས་སུ་རབ་བཞག་སྟེ།། ་དོན་ཡོད་རྡོ་རྗེ་ཉིད་ལ་དབུལ། །པོ་ལས་དྷ་ར?་ས་རི་དགས་བཅུད། །གུ་གུལ་མ་ཉོག་གསར་ལས་བྱ་?་བའི། །དྲི་ཞིམ་མར་གྱི་མར་མེ་ནི། །གྲཝ་རྣམས་སུ་ནི་བཞག་པར་བྱའོ། །དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་ཡོ་བྱང་ཆོགས་ནས། དཀྱིལ་འཁོར་གྱི་ཤར ་ཕྱོགས་སུ་གཅད་མར་བྱས་པའི་ས་བཞི་ལ། མཆོད་པ་དང་བསྙེན་བཀུར་སྔོན་དུ་འགྲོ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མགོན་པར་བྱའོ། །ལྷོ་ཕྱོགས་སུ་རིན་པོ་ཆེ་ཏོག་གདོན། །ནུབ་ཕྱོགས་སུ་སྡོང་པོ་བཀོད་པའི་མདོག་གདོན། །བྱང་ཕྱོགས་སུ་ཟླ་བའི་སྒྲོན་མའི་མདོ ་བདོན?། གྲ་ལ་སོགས་པ་རོལ་མོའི་ཆ་བྱད་ཀྱིས་ཀྱང་དཀྱིལ་འཁོར་ཕྱོགས་བཞིར་མཆོད་པར་བྱའོ། །དེ་ནས་གཞན་ཡང་མེ་ཏོག་སྣ་ཚོགས་བཅོམ་ལྡན་འདས་ལ་ཕུལ་ལ། ཨོཾ་བཛྲ་པུཥཔེ་ཨཱ:ཧཱུཾ། སྔགས་དག་གིས་བཅོམ་ལྡན ་འདས་ལ་དབུལ་བར་བྱའོ། །ོཾ་བཛྲ་དྷུ་མེ་ཨཱ:ཧཱུཾ། ལྷན་ཅིག་འབྱུང་བ་སྤོས་ཀྱིའོ། །ོཾ་བཛྲ་དཱི་པེ་ཨཱ:ཧཱུཾ། མར་མེའོ། ཨོཾ་བཛྲ་གནདྷེ་ཨཱ:ཧཱུཾ། དྲི་ཞིམ་པོའི་འོ། །ོཾ་བཛྲ་ན་བི་དྱེ་ཨཱ:ཧཱུཾ། ལྷ་བ་ཤོས་ཀྱིའོ། །གཞོན་ཡང་མཆོད་པའི་ཁྱད་པར་ཅི ་ཚོགས་པ་ཧཱུཾ་གི་བྱིན་གྱིས་བརླབས་ལ་ཡི་གེ་གསུམ་དང་ལྡན་པས་དབུལ་ལོ། །དེ་ནས་བསྟོད་པ་བྱས་ལ། །བདུད་རྩི་མྱང་བའོ། །དེ་ནས་དམན་པ་དང་ལྷག་པའི་ལས་ཀྱི་ཁ་བསྐང་བའི་ཕྱིར། ལྷག་པར་མོས་པའི་དཀྱིལ་འཁོར་ལ་ཕྱག་འཚལ་བ་ལ་སོགས་པ་སྔོན ་དུ་འགྲོ་བས་སྔ་དྲོའི་ནུས་སུ་རང་གང་ལ་མོས་པ་འམ། ལས་ཐམས་ཅད་པའི་ཐབ་ཁུང་དུ་རྒྱས་པའི་སྦྱིན་སྲེག་བརྩམ་པར་བྱའོ། །དེ་ཡང་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སམ་ཤར་དུ་བྱའོ། །ཁ་དོག་སེར་པོའི་ས་ལ་ཐབ་ཁུང་ཁྲུ་གང་གི་ཚད་དུ་ཟླུམ ་པོར་བརྐོས་ལ། ཐབས་སུ་སོར་བཅུ་གཉིས་པའི་ཚད་དུ་བྱས་ཏེ། རྡོ་རྗེ་ཕྲེང་བའི་ནང་དུ་ལྟའི་ཕྱག་མཚན་བཀོད་ལ་།དེ་ལ་གཙོ་བོའི་ཕྱག་མཚན་ནི་རང་གི་སྐུ་མདོག་དང་མཐུན་པ་སོང?་བརྒྱད་པ་དངུས་སུ་བལྟའོ། །དེ་ནས་སོར་བཞི་དོར་བ་ལས་བྱིན ་དུ་སོང་བཞིའི་ཚད་དུ་བྱའོ། །དེའི་ཕྱི་རོལ་ཏུ་པདྨ་ཁ་བྱེ་པའི་དབྱིབས་སུ་བྱས་ནས་ཕྱོགས་རྣམས་སུ་ནི་རྡོ་རྗེ་རྩེ་ལྔ་བ་བཀོད་ལ་མཚམས་རྣམས་སུ་ནི་རྩ་གསུམ་པའོ། །ཁ་ཁྱེར་ལ་འཁོར་ལོ་བཀོད་དེ། ཀུན་ནས་ཟླུམ་པོར་བྱའོ། །ཐབ་ཁུང་དེ་ཡང་པའི ་རྣམ་རྫས་ཡོངས་སུ་ཕྱུགས་ལ་།དེའི་སྟེང་དུ་ཁ་དོག་སེར་པོའི་དྲི་དང་བདུད་རྩི་དང་ལྡན་པས་ལེགས་པར་བྱུགས་ཏེ། ཁ་དོག་དང་དྲི་ཁྱད་པར་ཅན་གྱི་མེ་ཏོག་སྣ་ཚོགས་པ་བཀྲམ་པའམ། ཡང་ན་མེ་ཏོག་སེར་པོའི་སེལ་མས་དུས་གསུམ་དུ་གཏོར་པར་བྱས་ནས་།ཐབ ་ཁུང་ཡང་འབྲས་བུ་སེར་བོ་དྲི་དང་ལྡན་པའི་ཡལ་ག་འམ། ཨུཏཔལ་ལའི་ཡལ་ག་འམ། ཆུ་ཤིང་གི་ལོ་མ་འམ། ཁ་དོག་སེར་པོའི་གོས་དྲི་དང?་ལྡན་པས་མཉམ་པར་ཞལ་ཁབ་ཏུ་བྱས་ཏེ། དེ་དག་ཀྱང་བདག་ཉིད་ཏིང་ངེ་འཛིན་མ་རྫོགས་ཀྱི་བར་དུ་བྱའོ། །དེ་ན་མཁྲུས ་བྱས་ལ་དྲི་ཞིམ་པོས་ཡན་ལག་ལེགས་པར་བྱུགས་ལ་།སྣ་ཚོགས་པའི་གོས་དང་རྒྱན་དང་མེ་ཏོག་གི་ཕྲེང་བས་ཡོངས་སུ་བརྒྱན་ཏེ། ཁ་དོག་སེར་པོའི་རས་ཀྱིས་ཅོད་པན་བྱས་ནས་།རབ་ཏུ་དགའ་བའི་སྦྱོར་བས་སྔགས་ཀྱིས་བསྲུང་བ་བྱའོ། །སྒེག་པའི་སྤྱོད? ་བས་བྱང་ཕྱོགས་སམ་ཤར་ཕྱོགས་སུ་མངོན་པར་ཕྱོགས་ཏེ། བཟང་པོའི་འདུག་སྟངས་ཀྱིས་རྒྱས་པའི་འཕྲིན་ལས་མ་རྫོགས་ཀྱི་བར་དུ་སྔགས་པས་རྩེ་གཅིག་ཏུ་སྦྱིན་སྲེག་བྱའོ། །དེ་ནས་བདུད་རྩི་ལྔ་དང་ལྡན་པའི་ཆུས་མདུན་དུ་མཎྜལ་བྱས་ལ། དེ་ལ་མེ་ཏོག་གི་ཚོམ ་བུ་བཀོད་ནས་དེའི་གཡོན་གྱི་ཆར་མེད?་ཇི་ལ་སོགས་པའི་སྟེང་དུ་གསེར་དང། དངུལ་དང་བྲངས་དང་རིན་པོ་ཆེའི་རྡོ་དང་ཁ་དོག་མཐུན་པའི་ཤིང་དང། ས་ལས་བྱས་པའམ་དུང་ཆོས་སམ་ཉ་ཕྱིས་སམ། ཤིང་ལོ་ལ་ལེགས་པར་བྱས་པའི་སྣོད་ལེགས་བར ་བཀྲུས་ཏེ། བདུག་པ་བྱས་ལ་དེ་ལྟ་བུའི་སྣོད་གསུམ་ཡོངས་སུ་བཞག་གོ། དེ་ནས་ཞོ་དང་ཏིལ་དང་ཁ་དོག་སེར་པོའི་དྲི་གཙང་འབྲས་གླངས་པའི་ཆུ་དང་ལྡན་པས་ལེགས་པར་བཀང་བར་བྱའོ། །དང་པོའི་སྣོད་ཀྱི་ཆུ་དེ་ལས་ཐམས་ཅད་པའི་སྔགས་སམ། ཨོཾ་གྱིས་ལན ་བདུན་དུ་སྔགས་སོ། །སྣོད་གཉིས་པའི་ཆུ་ཡང་ཡི་གེ་གསུམ་དང་ལྡན་པའི་རང་གི་ལྷའི་སྔགས་ཀྱིས་ལན་འདུན་དུ་སྔགས་སོ། །ཡང་ན་ཨོཾ་བདུན་གྱིས་སོ། །དེ་ནས་རང་གི་བདུན་དུ་མན་དེའི་སྟེང་དུ་ཁ་དོག་སེར་པོའི་མཆོད་ཡོན་སྔ་མ་བཞིན་དུ་བཞག་ལ། དེ ་ནས་གཡས་ས་ཕྱོགས་གཙང་མ་བྱས་པའི་སྟེང་དུ། ཤིང་དང་མདང་གསུམ་དང་ལྡན་པའི་ཟན་དང། ཞོ་དང་མར་དང་སྦྲང་རྩི་དང་བསྲེས་པའི་ཏིལ་ནག་པོ་དང། སོ་ཟན་དང། མར་དང་ལྡན་པའི་ཁྱད་པར་གྱིས་མཆོད་པ་དང། འབེ་ལ་དང། འབྲས་སཱ་ལ་མི ་གྲུགས་པ་དང། འབྲས་སོ་བ་དང། ནས་དང། གྲོ་དང། རྒྱལ་པོ་གྲེའུ་དང། པདྨ་དང། ན་ལ?་ཀོ་སར་དང། ཀཥི་ཀའི་མེ་ཏོག་ལ་སོགས་པ་ནི་སྲེག་རྫས་སོ། །ལས་ཐམས་ཅད་པའི་ཆུས་བསང་གཏོར་བྱས་ཏེ་བཞག་པར་བྱའོ། །དེ ་ནས་རང་གི་ལྷའི་རྣལ་འབྱོར་དང་ལྡན་པས་བར་ཆད་ཐམས་ཅད་ཞི་བར་བྱ་བའི་ཕྱིར་གཏོར་མ་སྦྱིན་པར་བྱའོ། །བུང་ཤིང་ནི་ཁྱད་པར་གྱི་རིགས་ཀྱི་ཤིང་རྩེ་མོའི་ཆ་ལས་བྱུང་བ། སྲོག་ཆགས་མེད་པ། ཐབ་ཀྱི་ཚད་དང་མཉམ་པ་གཡས་བསྐོར་དུ ་བཞག་ལ་དགེ་འདུན་གྱི་ཚང་མང་དང། རིན་པོ་ཆེ་ལས་བྱུང་བའམ། རྒྱལ་པོའི་ཕོ་བྲང་ནས་བཅང་སྤྲས་མེ་བླངས་ཏེ། ས་ཕྱོགས་མེའི་མཚམས་སུ་བའི་རྣམ་ལྔ་བ་མེའི་དབྱིབས་རང?་ལྡན་པའི་དཀྱིལ་འཁོར་བྱས་ནས་སྟེང་དུ་བཞག་ལ། འོ་མ་ཅན་གྱི ་ཤིང་སྐམ་པོའི་སྤར་ཤིང་ལ་མེ་སྤར་ཏེ། ཡི་གེ་གསུམ་གྱི་སྔགས་ཀྱི་ལས་ཐམས་ཅད་པའི་ཆུ་ལ་བསྔགས་ཏེ། ཀུ་ཤའི་ཆུན་པོས་བསང་གཏོར་བྱས་ནས་ལས་ཀྱི་རྡོ་རྗེ་གཙང་སྦྲ་དང་ལྡན་པས་བསྐོར་བ་གསུམ་བྱས་ལ། མེ་ཐབ་ཀྱི་དབུས་སུ་བཞག ་ལ། ཤིང་སྐམ་པོ་ཀུ་ཤ་སྐམ་པོ་དང་ལྡན་པས་མི་སྤར་ལ། དེ་ནས་ཨོཾ་ཛཝ་ལ་ཛཝཾ་ལ་ཧཱུཾ་ཞེས་བརྗོད་ལ་རླུང་གི་ས་བོན་ལས་བྱུང་བའི་རླུང་ཡབ་ཀྱིས་མེ་སྦར་བར་བྱའོ། །རང་གི་ལྷག་པའི་ལྷའི་སྔགས་ལན་བདུན་བཟླས་ལ། མར་གྱིས་བླུགས་གཟར ་གྱིས་མེའི་གཟི་བྱིན་བསྐྱེད་པར་བྱའོ། །དེ་ནས་ཨོཾ་ཨི་མེ་ཀུ་ཤ་ཤུ་བྷོཾ། དི་བྱ་ཕུ་ར?་བྲན?་པ་པེ་ཏྲེ་ཎ་བུདྡྷ་དྷརྨ་ས་གྷཱ་རཱ་ག་པྲི། ཐཝཱི་པྲ་སརྠ?་ཏནྟཝ?་རྦྷ་པི་གྷ་ནཱིཾ?་མ་མ་ཤཱནྟི་ཀུར་བནྟུ་བཛྲ་ས་ཏཱ་ཨཱ(རྒྱུད་འགྲེལ་དགྲམ་པར་བྱའོ། །ཀུ་ཤ་དེ་ཡང་རྩ་བ་དང་བཅས་པ། སར་པ་དྲི་མ་མེད་པ། རྩེ་མོ་མ་ཉམས་པ། གཞན་དང་མ་འདྲེས་པ། སྲོག་ཚིགས་མེད་པ་།ཁྲུ་ཡང་རིང་སོར་བཅུ་གཉིས་ཀྱི་ཚད་དང་ལྡན་པ། དང་པོ་དབུས་ནས་ཤར་དུ་རྩེ་མོ་བསྟན། ཤར་ནས་ལྷོ་རུ ་རྩེ་མོ་བསྟན། ལྷོ་ནས་ནུབ་ཏུ་དེ་བཞིན་ནོ། །ནུབ་ནས་བྱང་དུ་ཡང་དེ་བཞིན་ནོ། །བྱང་ནས་དེ་བཞིན་ཤར་ཏེ། རིམ་པས་ལེགས་པར་འགྲམ་པར་བྱའོ། །དེ་ནས་རང་གི་ལྷའི་ས་བོན་གྱིས་ཐབ་ཁུང་ཡོངས་སུ་བསྐྱེད་ལ། དེའི་ནང་དུ་མེ་འབར་བའི་དབུས་སུ། །རེ་ཕ་ལ་བྱུང་བ ་མེའི་དཀྱིལ་འཁོར་དུས?་གསུམ་པ་ར་ཕས་མཚན་པའི་སྟེང་དུ་མཆོག་གི་སྙིང་པོའི་གཟུགས་ལས་བྱུང་བའི་པདྨའོ། །དེའི་སྟེང་དུ་རེ?་སེར་པོ་ལས་སྐྱེས་པ་སྐུ་མདོག་སེར་པོ་རལ་པའི་དབུ་རྒྱན་ཅན། ཞལ་གཅིག་པ་ཕྱག་བཞི་པ། གཡས་ན་བ་གྲང?་འཕྲེང་དང་སངས་རྒྱས ་སྦྱིན་གྱི་ཕྱག་རྒྱ་དང་ལྡན་པ། ཕྱག་གཡོན་ན་གུཎྜེ་དང་བེ་ཅོན་འཛིན་པའོ། །གསུམ་པ་ཆེ་བའོ། །རས་སེར་པོའི་གོས་དང་རྒྱན་སེར་པོས་བརྒྱན་པ། ཚངས་པའི་ཐག་པ་སེར་ལ་ཁར་ཐོགས་པ། གདན་སེར་པོའི་སྟེང་ན་འོད་ཟེར་པོ་འཕྲོ་བ། སེམས་པའི ་སྤྲུལ་ཀྲུང་དུ་བཞུགས་པ་།དེ་ལྟ་བུའི་མེ་ལྷ་བསྒོམ་པར་བྱའོ། །ནམ་པར་ཡེ་ཤེས་སེམས་དཔའ་དགུག་པར་བྱའོ། །ོཾ་ཨགནུ་ཡེ་མ་ཧཱ་ཏེ་ཛ། སརྦ་ཀརྨ། ཨརྠ་སཱ་དྷ་ཀ། ཀ་རུ་ཎ་ཀྲི་ཏ། སརྦ་ཨརྠ་མ། ཨ་སྨིན་སོ་ནི་ཧི་ཧོ་བྷ་བ། སྔམས?་འདི་ལ ་ཤེས་ཀྱི་མེ་ལྔ་སྤྱན་དྲང་པར་བྱའོ། །དེ་ཁོ་ན་ཉིད་གསུམ་གྱི་བར་དུ་ཊཀྐིའི་སྔགས་བཅུག་སྟེ་ཡོངས་སུ་བརྗོད་ནས་མདུན་གྱི་པདྨའི་གདན་ལ་བཞུགས་པར་དམིགས་སོ། །དེ་ནས་ཧཱུཾ་དྲག་ཏུ་བརྗོད་པའི་སྔགས་ཀྱི་དེ་དང་མཚུངས་པར་ཕྱིན་པའི་བགེགས ་ཡོངས་སུ་བསྐྲད་པར་བྱའོ། །དེ་ལ་དང་པོའི་སྣོད་ཀྱི་མཆོད་ཡོན་གྱི་ཆུ་ཀུ་ཤའི་ཆུན་པོས་བླངས་ལ་ལན་གྲས་གྱི་པར་དུ་དེ་ཉིད་གསུམ་གྱིས་བསང་གཏོར་བྱའོ། །དེ་ནས་མཐེ་བོང་མཛུབ་མོས་སྣོད་གཉིས་པ་ནས་མེ་ཏོག་དང་ལྡན་པའི་ཆུས་ལན་གསུམ་དུ ་ཡོངས་སུ་བྱིན་ལ་དེ་ནས། ཨོཾ་ཛ:ཧཱུཾ་བ་ཧོ:ཁར?། པྲ་བ་ར་སཏྭ?་ར། ཨརྒྷཾ་པྲ་ཏཱཙྪ་སྭཱཧཱ། སྔགས་འདི་བརྗོད་ནས་རྡོ་རྗེ་ཁ་དབྱེ་པའི་ཕྱག་རྒྱས་སྣོད་གསུམ་པ་ནས་ཆུ་བླངས་ལ། སྣོད་གཉིས་པར་ལན་གསུམ་དུ་ཨརྒྷཾ་སྦྱིན་པར་བྱའོ། །དེ་ནས། ཨོཾ་ནཱ?་རི ་ཧཱུཾ་ཁཾ་པྲ་ར་ས་དྷ?་རཔན?་ཏྱཾ་པྲ་ཏཱིཙྪ་སྭཱཧཱ། སྔགས་དེ་ཡོངས་སུ་བརྗོད་ནས་ཐེ་བོང་དང་མཛུབ་མོས་མེ་ཏོག་ཆུ་དང་ལྡན་པ་བླངས་ཏེ། ཡོངས་སུ་བསྐོར་ནས་སྨོད་དེ་ཉིད་དུ་སྦྱིན་པར་བྱས་ལ། ཨོཾ་ཨགན་ཡེ་དཱི་བྱ་དཱི་བྱ?་ཨཱ་བི་ཤ་ཨཱ་བི་ཤ་མཧཱ་ཤྲི་ཡི་ཧ ་བྱ་ཀ་བྱ་བྷ་ཧ་ནཱ་ཡེ་སྭཱཧཱ། སྔགས་འདིས?་དམ་ཚིག་སེམས་དཔའ་ལ་ཡེ་ཤེས་སེམས་དཔའ་དགུག་པ་དང། གཞུག་པ་དང། བཅིང་བ་དང། དབང་དུ་བྱས་ཏེ་ཡོངས་སུ་བསྲུང་བྱས་ལ། དེ་ལ་སྤྱན་དང། སྐུ་ལ་སོགས་པ་སྦྱིན་པར་བྱས་ལ་དབང་བསྐུར ་བར་བྱའོ། །དེ་ནས་ཡང་གཏོར་མ་ལ་སོགས་པའི་རིམ་པ་སྔོན་བཞིན་དུ་བྱས་ནས། མཆོད་པ་རྣམ་པ་ལྔ་ཡོངས་སུ་མཆོད་དེ། དེ་ལྟ་བུའི་མེ་ལྷ་ལ་སྲིད་པ་རང་བཞིན་གྱི་ཚིག་གིས་ཡོངས་སུ་བསྟོད་དོ། །དེ་ནས་གསེར་དང་ཟངས་དང་བྱང་ཆུབ་ཀྱི ་ཞིང་ལ་སོགས་པ་ལ་དགང་གཟར་དང་བླུགས་གཟར་ལེགས་པར་བྱས་ཏེ། དེ་ཡང་སྐྱེས་བུ་ཚད་མའི་མཐེབ་སོར་ཉི་ཤུ་རྩ་བཞིའི་ཚད་དང་ལྡན་པ་རྡོ་རྗེ་རྩེ་ལྔ་པ་ཡུ་བར་བྱས་ལ། དགད་གཟར་ནི་སོར་བཞི་པ་གྲུ་བཞི་པ། ཟབས?་སུ་སོར་གཉིས་པ། ཁ ་ཁྱེད་དང་ཞབས་རྡོ་རྗེས་མཚན་པ། རྡོ་རྗེ་ལས་བྱུང་བའི་སྦུ་གུ་བཅུད་འཛག་པ་དེའི་རྩེ་མོར་པདྨ་ལྟ་བུ་སོར་བཞི་པ་དབུས་སུ་རྡོ་རྗེ་རྩེ་གསུམ་པས་མཚན་པའི་གྲུ་བཞི་པ། དབུས་སུ་པདྨ་འདབ་མ་བརྒྱད་པའི་ལྟེ་བ་ལ་གོང་གི་རྡོ་རྗེ་བལྟའོ། །ཡུ་བའི་མཚམས་སུ ་རྡོ་རྗེ་རིན་ཆེན་སོར་དྲུག་པས་བརྒྱན་པའི་དགང་གཟར་རོ། །དེ་ནས་དེ་ལྟ་བུའི་ཡུ་བ་རྡོ་རྗེ་རིན་ཆེན་གྱིས་མཚན་པ་པདྨའི་ལོ་མའི་དབྱིབས་ཅན་ཞིང?་དུ་སོར་གཉིས་པ། ཟབས?་སུ་སྐོར?་གཅིག་པ། དབུས་སུ་གཙོ་བོའི་རྡོ་རྗེས་མཚན་པ་དེའི་རྩེ་མོར་རང་གི་ལྷའི་ས་བོན ་བཀོད་ལ། མེའི་ལྕེ་ལ་ཡང་ཡི་གེ་རཾ་གྱིས་མཚན་པའོ། །དགང་གཟར་དང་བླུགས་གཟར་གཟུང་བའི་ལག་པ་པུས་མོའི་བར་དུ་ཡོངས་སུ་བཞག་སྟེ། བླུགས་གནར?་ཀྱི་བཅུད་ཀྱིས་ཡོངས་སུ་དགང་ལ། ཁ་སྦྱར་དུ་གཟུང་སྟེ་བཀོད་པའི་ས་བོན་དང་།མཚན་པ་ལས? ་འབྱུང་པོའི་བཅུད་མོའི་ཞལ་དུ་ལེགས་པར་དབུལ་བར་བྱའོ། །ོཾ་ཨགན་ཡེ་ཨ་མུ་ཀ་སྱ། པུཥྚིཾ་ཀུ་རུ་ཨོཾ་ཞེས་བྱ་བའི་སྔགས་ཀྱིས་ལན་གསུམ་དུ་དབུལ། དེ་ནས་དགང་གཟར་གྱིས་མེའི་ཞལ་རབ་ཏུ་ཕྱེ་ནས། ཡང་དགང་བླུགས?་ཁྲོད་མ་བཞིན་དུ་ཁ་སྦྱར་ལ ་གཟུང་སྟེ་ལན་གསུམ་དུ་ཡོངས་སུ་བསྐོར་བར་བྱས་ནས་དབུལ་ལོ། །ོཾ་ན་མ(རྒྱུད་འགྲེལ་དབྱིབས་དང། ཁ་དོག་དང་དྲི་དང། སྒྲ་དང། དེའི་རྣམ་པས་དགེ་བ་དང། མི་དགེ་བའི་རྟགས་བརྟག་པར་བྱའོ། །མེ་ནི་རྩེ་གཅིག་ལེགས་པར་འབར། །ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། མེ་གཡོའི་རྩེ་མོ་གཉིས་སུ་འབར། །དེ་ཡི་དངོས་གྲུབ་འབྲིང་ཞེས ་བཤད། །གང་ཞིག་རྩེ་མོ་བཞིར་འབར་དང། །གཡོ་བ་མེད་པར་ལེགས་མཐོང་ན། །གླིང་བཞིའི་བདག་བྱེད་རྒྱལ་པོར་འགྱུར། །ཀུན་ད་ཟླ་བ་ལྟར་དཀར་དང། །དངུལ་འདྲ་བཻཌཱུརྱ་ལྟར་བརྩེ། །དུ་བ་ཆུ་ཤིང་དྲི་མེད་བསལ། །ནད་མེད་འབྱོར་པ་འཕེལ ་བར་འགྱུར། །ཟླ་བའི་འོད་དང་རིན་ཆེན་འབར། །གངས་ཀྱི་མདོག་ལྗང་ཤིན་ཏུ་དཀར། །ཡང་ན་མེ་ཏོག་ཕྲེང་ལྟར་འབར། སྡིག་པ་ཀུན་བསྲེགས་དངོས་གྲུབ་གཏེར། །ཡང་ན་དབང་པོའི་གཞུ་འདྲ་དང། །མེ་ཏོག་དམར་པོ་ཁ་བྱེ་འདྲ། །ཡང་ན་གསེར ་བསྲེགས་མདོག་དང་ནི། །ཉི་མ་ཤར་བའི་མདོག་འདྲ་བ། །ིནྡྲ་ནཱ་ལའི་མདོག་འདྲ་བ། །རྒྱལ་པོའི་ལོང་སྤྱོད་ལ་སོགས་འཐོབ། །ཙམཔ?་ཀ་ཡི་དྲི་བདྲ་དང། །པདྨ་ཨུཏཔལ་ལྟ་བུའི་དྲི། །མ་ལི་ཨུ་པའི་དྲི་ལྟ་བུ། །ཤིན་ཏུ་དྲི་ཞིམ་བསིལ་བར་འབྱུང། །ག་པུར ་གུར་གུམ་དྲི་སོགས་ཀྱིས། །རིག་པའི་གནས་མཆོག་འགྲུབ་པར་འགྱུར། །གང་ཞིག་གླང་ཆེན་སྐད་འདྲ་དང། །རྟ་དང་བ་ལང་ཚོ་ཡི་སྐད། །བཞད་དང་རྨ་བྱའི་སྐད་བྱུང་ན། །གཞན་གྱི་དམིགས་དཔུང་བདག་གིར་འགྱུར། །པི་ཝང་གླིང་བུའི་སྒྲ་འདྲ་དང། ་ངལ?་བའི་འབྲུག?་སྒྲ་ལྟ་བུ་དང། །དུང་དང་ཟངས་དུང་སྒྲ་སྙན་བྱུང། །ཡོན་ཏན་ཀུན་ལྡན་དངོས་གྲུབ་ཏེ། །བདེ་བ་ཕུན་སུམ་ཚོགས་པ་ཐོབ། །དཔལ་བེའུ་དམ་པའི་གདུགས་འདྲ་དང། །དུང་དང་པདྨ་ལྟ་བུ་དང། རྩེ་གསུམ་པ་དང་བྲངས ་འདྲ། རྒྱལ་མཚན་རླུང་ཡབ་ལྟ་བུ་དང། །དམ་པའི་རྡོ་རྗེ་ལྟ་བུ་དང། །རིན་ཆེན་ནོར་འདྲ་གཡས་?་པ་དང། །རྟ་དང་གླང་པོ་འདྲ་བ་དང། །དགང་གཟར་ལྟ་བུའི་དབྱིབས་མཐོང་དང། །བཟང་སེར?་འདུག་སྟངས་འདྲ་བ་དང། །ཉ་ལྟ་བུ་ཡ་དབྱིངས་སུ་འབར ་སླུ?་མེད་གཡས་སུ་འཁྱིལ་པ་འབར། །དེས་མི་འདོད་དོན་དངོས་གྲུབ་ཐོབ། །དེ་དག་ནི་བཟང་པོའི་རྟགས་སོ། །ཕྱོགས་རྣམས་གཡོ་ཞིང་མི་ཕྱོགས་འབར། །རྩེ་གསུམ་དུ་བ་ཆེ་བ་དང། །མེ་ལྕེ་ཕྱོགས་བཞིར་འཁོར་བ་དང། །ཤིན་ཏུ་ཙོག?་ཅིང་མ་རྟག་འཕྲོ། །སྒྲས ་གྱི་ལྕི་བཞིན་མེ་འབྱུང་ན། །དེས་ནི་ནད་དང་གདུབ་བ་བསྐྱེད། །མི་ལྕེ་སྔགས་པ་ལ?་འཕྲོ་དང། །ལག་བསྐྱོན་ལྟར་མེ་འབར་དང། །མེ་མདོག?་ཉམས་འབར་འབར་འཕྲོ་ཆད། །དེས་ནི་འཆི་བའི་ལྟ་བུ་བཤད། །མི་ལྕེ་ཡུད་ཙམ་འདུར་བ་དང། །རྒོད་དང་སྡུག་པའི་སྒྱུ་འབྱུང ་དང། ཡུད་ཙམ་གཡོན་བརྐོད?་བྱེད་པ་དང། །ས་གཞི་ལ་ལྷག་རྩེ་མོ་མེད། །མེ་དབུས་ནག་པོའི་ཐིག་ལེ་ཅན། །མེ་ལྕེ་གཅུག?་པའི་གཏམ་སྒྲ་སྟེ?། །དེ་ནི་ཚེ་ཐུང་རླག་འབྱུང་ཞིང། །ཡང་ན་འགྲོ་བ་འཆི་པར་འགྱུར། །སྔགས་པ་མི་མཐུན་ཚིག་ཐོས་ན། །གཞན་དང ་སྲིད?་པ་འབྱུང་བར་འགྱུར། །མདོག་ནག་དུ་འཚུབ་པ་དང། །མ་ལྕེ་སྔོ་ཞིང་སྣ་ཚོགས་མདོག། གཟི་བརྗིད་མེད་པར་འབར་བ་དང། །པ་ལ་ཤ་ཡི་འབྲུ་མར་གྱིས། །ཕོག་པའི་མདོག་འདྲ་མེ་འབར་ན། །འདོད་པའི་དོན་རྣམས་ཉམས་པར་འགྱུར། །རོ ་དང་དུལ་བའི་དྲི་འབྱུང་དང། །དྲི་མི་ཞིམ་པའི་རྣམ་པ་དང། ཆུ་ལ་གནས་པའི་སྲོག་ཆགས་དྲི། །བསོ་དྲི་བྱི་ལའི་དྲི་འདྲ་དང། །མ་ཧེ་ཁྱི་ཡི་དྲི་དང་མཚུངས། །མེ་ཏོག་རུལ་པའི་དྲི་བྱུང་དང། །ཁ་དང་སྦྲུལ་གྱི་དྲི་བྱུང་ན། །དེ་ལྟ་བུ་ཡི་སྣ་ཚོགས་དྲི།། ་ཤིན་ཏུ་མ་ཞིན་བྱུང་འགྱུར་ན། །སློབ་དཔོན་ཡང་ན་སློབ་མའི་གཙོ། །འཆི་བར་འགྱུར་ཏེ་ཐེ་ཚོམ་མེད། །རྩེག་དང་ཤིན་ཏུ་འཚེག་པའི་སྒྲ། །འུར་སྒྲ?་རླུང་གིས་བརྡབས་འདྲ་དང། །ཆུས་བཏབ་མེ་འདྲ་སིམ་སིམ་སྒྲ། །རྡོ་རྗེ་ཐོག་གི་སྒྲ་བྱུང་ན། །འདོད་པོའི་དོན་རྣམ་པ ་ཉམས་པར་འགྱུར། །རལ་གྲི་གཞུ་དང་མངའ་འདྲ་དང། །གསལ་ཞིང་དང་ནི་ཕུར་པ་འདྲ། །རྔ་མོ་བ་གླང་མགོ་འདྲ་དང། །དེ་དག་འཇིགས་པའི་གཟུགས་སུ་བཤད། །དེ་དག་ནི་མེ་ངན་པའི་རྟགས། །དེ་ལྟར་མེ་ལྟས?་ལེགས་པར་བསྔས?་ནས་།མི་མཐུན ་པའི་བལྟས་མཐོང་ན་ལས་ཐམས་ཅད་པའི་སྔགས། ལས་ཐམས་ཅད་པའི་ཆུ་ལ་ལན་བདུན་དུ་ཡོངས་སུ་བསྔགས་ཏེ་བསང་གཏོར་བྱའོ། །དེ་ལྟར་ཡོངས་སུ་དག་པའི་མི་ལ་ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུང་བར་བྱའོ། །དེ་ནས་སྔོན་བཞིན་དུ་མར་གྱི ་དབང་གླུགས་པ་ལན་བདུན་དུ་བྱིན་ནས་།དེ་ནས་ཡང་སྔོན་བཞིན་དུ་ལས་ཐམས་ཅད་པའི་སྔགས་ཀྱིས་ལན་བདུན་དུ་ཤིན་ཏུ་དག་པའོ། །དེ་ལྟར་ཤིན་ཏུ་རྣམ་པར་དག་པར་ཉིས་པ་མེད་པའི་མེ་ལ། དགའ་གཟར་དང་བླུགས་གཟར་གྱི་སྦྱོར་བ་སྔོན་བཞིན་དུ ་ལྡན་པས་མར་གྱི་དགང་བླུགས་མིག?་གམ་གསུམ་འམ། བདུན་ནམ་ཡང་ན་ཅི་འབྱོར་འབུལ་བར་བྱའོ། །ོཾ་ན་མོ་ཞེས་བྱ་བ་ལ་སོགས་པ་སྔགས་ཀྱི་སོ། །དེ་ནས་གོང་གི་མེའི་སྔགས་འབའ་ཞིག་གིས། །མར་བླུགས་གཟང་ཅིག་གི་གསུམ་སུམ། ་བདུན་གྱི་བར་དུ་སྐྱོན?་པར་བྱའོ། །ས་ལ་ཤ་དང། ཨུ་དུམྦ་ར་དང། ཨ་མ་དཔེ། ཀ་དམྦ་དང། ཨ་ཤྭཏཱ་དང། ས་ལཀྵ་དང། ས་མྱི་དང། ནྱ་གྲོདྡྷ་ལ་སོགས་པའོ་མ་ཅན་གྱི་ཤིང་རློན་པ་ལོ་མ་གཉིས་པའི་ཤིང་མཉམ་པོར་བཅད་པ་རྩེ་མོའི་ཚོ་ལས ་དུ་ཐོབ། དྲང་ཞིང་སོག་ཆགས་མེད་པ་བདུད་རྩིའི་དྲི་ཞིམ་པོས་ཁ་དོལ་སེར་སེར་ས?་བ་གཉིས་གཉིས་སྤྱན་ལག་དང་མཐེ་བོང་གིས་མཉམ་པར་བཟུང་ལ། མར་དང་ཞོ་དྭང་འོ་མང་རྩེ་མོ་གཉིས་བསྟུ?་གསལ་དབུལ་བར་བྱའོ། །ཡང་ཁ་རྡིར?་དང་ ་ཨ་ག་དང། ཨ་བ་མརྦ་དང་ནི་མཝ་དང་བྷེ་ཀངཀ་མ་སོགས་པའི་ཁ་དོག་གསེར་པོའི་ཤིང་ལོ་མ་དང། མེ་ཏོག་དང་བཅས་ལ་མཉམ་པར་བཅིང་ལ། སེར?་པོ་སྲོག་ཆགས་མེད་པ། འགོངས་པ་ལ་སོགས་པའི་ཉེས་བསམ་པོག?་པ་དེ། སོ ་སོའི་སྡིགས་ཀྱིས་གོ་བཞིན་དུ་དབུལ་བར་བྱའོ། །དེ་ཡང་ཤིང་གི་དབྱིབས་འཁྱོག་པ་དང། དྲི་མི་ཞིམ་པ་དང་ཁོང་སྟོང་དང་རུལ་བ་དང་ཤིན་ཏུ་རིང་བ་དང། ཤུན་མེད་པ་དང་ཅུང་བ་དང་སྐམས་པ་དང་ཆགས་པ་དང་རྩེ་མོའི་ཆ་གྱེས་པ་དང། རྙིངས་པ ་དང་འབུས་ཁྲོས་པའི་རྗེས་མདོ་བ་ལ་སོགས་པ་སྤངས་བར་བྱའོ། །དེས་ན་ཡམ་ཤིང་གི་མེའི་གཟི་བརྗིད་རྒྱས་པར་འགྱུར་བ་ལ། མར་དང་ཏིལ་དང་འབྲས་མ་གྲུགས་པ་དང་ཞོ་དང་ཟས་མཆོག་དང། ཀུ་ཤུ་དང། དུར་པ་ལ་སོགས་པ་གཞན་ཡང ་སོ་སོའི་སྔགས་ཀྱིས་སྦྱིན་པར་བྱའོ། །སྔགས་སོ་སོའི་མཐར། ཨོཾ་ཨ་མུ་ཀ་སྱ་པུཥྚིཾ་ཀུ་རུ་ཨོཾ་ཞེས་པས་བསྐུལ་ལ་དབུལ་བར་བྱའོ། །དེ་ནས་སྔགས་ཀྱི་རིམ་པ་ནི་ཨོཾ་བཛྲ་ཡཛྙཱ་ཡ་སྭཱཧཱ། ཨུ་དུམྦ་རའིའོ། །ོཾ་བཛྲ་བོ་དྷི་བྲིཀྵ་ཡ་སྭཱཧཱ། ཨ་བུདྡྷའིའོ།། ་ཨོཾ་བཛྲ་ལ་ཏྭ་ཡ་སྭཱཧཱ། །བ་ལཀྵའིའོ། །ོཾ་བཛྲ་ཀུ་བེ་རེ་ཡ་སྭཱཧཱ། ནྱ་བུ?་དྷ་ལ་སོགས་པ་འོ་མ་ཅན་གྱིའོ། །ོཾ་བཛྲ་ས་ཧ་ཀ་རཱ་ཡ་སྭཱཧཱ། ཨ་མྲའི་འོ། །གཞན་ཡང་དེ་ལྟར་ཤེས་པར་བྱའོ། །ོཾ་སརྦ་པཱ་བ་ད་ཧ་ན་བཛྲ་ཡི་སྭཱཧཱ། ཏིལ་གྱིའོ། །ོཾ ་བཛྲ་པུཥཙ་ཡ་སྭཱཧཱ། འབྲུས་མ་གྲུགས་པའི་འོ། །ོཾ་སརྦ་ས་བ་དེ་སྭཱཧཱ། ཞོ་ཟན་དང་ཟས་མཆོག་གིའོ། །ོཾ་བཛྲ་ཨཱ་ཡུ་ཥེ་སྭཱཧཱ་དུང་པའིའོ། །ོཾ་ཨ་པྲ་ཧི་ཧ་ཏེ་སྭཱཧཱ་ཀུ་ཤའི་འོ། །ོཾ་བཛྲ་བི་ཛཱ་ཡེ་སྭཱཧཱ། འབྲས་སོ་བའི་འོ། །ོཾ་བཛྲ་མཧཱ་བེ་གཱ་ཡེ ་སྭཱཧཱ། ནས་ཀྱིའོ། །ཾ་མཧཱ་བ་ལཱ་ཡེ་སྭཱཧཱ། སྲན་མའི་འོ། །ོཾ་བཛྲ་གྷསྨ་ཡེ་སྭཱཧཱ། །གྲོའིའོ། །དེ་ཉིད་གསུམ་དང་ལྡན་པའི་ཧཱུཾ་ལས་སྐྱེས་པའི་རྫས་དང་བཅུད་ཐམས་ཅད་གོ་རིམས་བཞིན་དུ་མེ་ལྟའི་ཞལ་དུ་དབུལ་བར་བྱའོ། །ཡ?་ཤིང་དང་ཀུ་ཤ་ས?། ་སོགས་པ་ནི་འབར་བའི་འོད་ལ་དབུལ་བར་བྱའོ། །ཞལ་བསིལ་དང་ཟན་ལ་སོགས་པ་ནི་ཕྱག་དུ་དཔལ་བར་བྱའོ། །མེ་ཏོག་ནི་དབུ་ལ་འབུལ་བར་བྱའོ། །སྤོས་ནི་འབར་བའི་འོད་ལ་དབུལ་བར་བྱའོ། །དྲི་ནི་ཐུགས་ཀར་དབུལ་བོ། །གསང་གཏོར་ནི་སྐུ་ལ་ཁྱབ་པར? ་དབུལ་ལོ། །ཞབས་བསིལ་ནི་མེ་ཏོག་གི་ཞབས་ཀྱི་གདན་ལ་དབུལ་ལོ། །ཡོན་ཆབ་དང་མར་མེ་དང་ལྷ་བཤོས་ནི་མདུན་དུ་དབུལ་ལོ། །གལ་ཏེ་དགང་བ་ཟར་དང་བླུགས་གཟར་མིང་ན་དགང་གཟང་དང་བླུགས་གཟང་གྱི་དམིགས་པས་མཐོ་?་སྲོན་ལག ་གིས་སྲེག་རྫས་ཕྲ་བ་རྣམས་སྦྱིན་པར་བྱའོ། །དེ་ནས་སེར་མོ་ལྔའི་ཁྱེར་པའི་ཡི་གེ་ལྔས་བྱིན་གྱིས། །བརླབ་ཏེ་དགང་བླུགས་སྦྱིན་པར་བྱའོ། །གུང་མོ་དང་སྲིན་ལག་དང་མཐེ་བོང?་སྦྱོར་བས་སྡེགས་རྫས་རགས་པ་རྣམས་སྦྱིན་པར་བྱའོ། །དེ་ནས་མི་ལྷ་ལ་ཞབས ་བསིལ་དང་བསང་གཏོར་ལ་སོགས་པའི་རིམ་པ་རྫོགས་པར་བྱས་ལ། མེ་ལྷ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡེ་ཤེས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པས་ཤིན་ཏུ་ཟབ་མོའི་ཤེས་རབ་ཀྱི་མཚོན་ཉིད་དང་ལྡན་པའི་ཕྱིར་དང། ་དེ་ཉིད་ཀྱིས་ཁྱད་པར་གྱི་ལས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། དེའི་ཐུས་ཀར་འཇིག་རྟེན་ལས་འདས་པའི་མེ་ལྷ་བསྒོམ་པར་བྱ་སྟེ། དེ་ཡང་སྣ་ཚོགས་པདྨའི་སྟེང་དུ་ཉི་མའི་གདན་ལ་བདུང་བཞི་ལ་སོགས་པ་སོ་སོའི་གདན་རྣམ་བསམས་ལ། ་དེའི་སྟེང་དུ་སོ་སོའི་ལྷའི་ས་བོན་ལས་ཕྱག་མཚན་དང་ས་བོན་ཡོངས་སུ་གྱུར་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན། དཔལ་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་ཡོངས་སུ་རྫོགས་པར་བཞེངས་ཏེ། དེ་ནས་ཡེ་ཤེས་ཀྱི ་དཀྱིལ་འཁོར་དག་པར་བྱ་སྟེ། སྙིང་གའི་འོད་ཟེར་ལྕགས་ཀྱུའི་སྦྱོར་བས་མདུན་གྱི་ནམ་མཁའ་དམིགས་ཏེ། ཨོཾ་ཨེ་ཧཡེ་ཏིཔཏ་གདོན?། ཨ་ཏ་བྷ་ག་ཏྱ་ས་མ་ཡེ་ན་ཛ་།རྒྷཾ་དྷིཀཉྩ། པྲ་ཏཱིཙྪ་ད། པུ་ཏསྙྩ་རྱ་བྲ་སི་དྷ་མེ། སྔགས་འདིས་བགེགས་བསྐྲད་པ ་དང། བསད་གཏོར་དང་ཞབས་བསིལ་ལ་སོགས་པ་ཀུན་བྱས་ལ། ཛ་ཧཱུཾ་པོ་ཧོ(རྒྱུད་འགྲེལ་ཐ་མི་དད་པ་ཆུ་དང་འོ་མ་འདྲེས་པ་ལྟ་བུར་གྱུར་ཏོ། །དེ་ནས་སྤྱན་ལ་སོགས་པའི་རྣམ་པར་དག་པ་དང་སྐུ་ལ་སོག་པའི་ཕྱིན་ཀྱིས་བརླབས་པ་དང་དབང་བསྐུར་བ་ལ་སོགས་པ་བྱས་ནས་དེ་ནས་གཞན་ཡང་བསམ་གཏེར?་དང་ཞབས་བསཾ་ལ་སོགས?་? ་སྔོན་དུ་འགྲོ་བས་མཆོད་པ་དང། བསྟོད་པ་ལ་སོགས་པའི་རིམ་པས་ཡོངས་སུ་རྫོགས་པར་བྱས་ནས། དཀྱིལ་འཁོར་གྱི་ལྷའི་ལྕེ་ལ་ཧཱུཾ་ཡོངས་སུ་གྱུར་པའི་རྡོ་རྗེ་རྩེ་ལྔ་དམིགས་ལ། །ལྷ་སོ་སོའི་སྔགས་ཀྱིས་དགང་བླུགས་དང་སྲེག་བྱས?་རྣམས་སྡོར? ་བཞིན་དུ། །རིམ་པས་དབུལ་བར་བྱའོ། །དེ་ནས་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྨོན་ལམ་མཆོད་པའི་དང་པོ་དང་ཐ་མར་གདབ་པར་བྱའོ། །སྲེག་རྫས་རྣམས་ལ་ནི་བསང་གཏང་བྱས་ཏེ་སྙིང་གའི་ས་བོན་ལས། །ལས་དང་མཐུན? ་པའི་འོད་ཟེར་གྱི་ཡེ་ཤེས་ཀྱི་བདུད་རྩི་ལས?་དང་མཐུན་པའི་ཁ་དོག་དུ་དམིགས་ལ་དབུལ་བར་བྱ་བ་ནི་གཅིག་གམ། གསུམ་མ། བདུན་ནམ། ཉི་ཤུ་ཙ་གཅིག་གམ། བརྒྱ་འམ། བརྒྱ་རྩ་བརྒྱད་དང། སྟོང་ངམ་སྟོང་རྩ་བརྒྱད་དམ་སྟོང་གྲག ་བརྒྱ་འམ་། རྣལ?་འབྱོར་བའི་སྦྱིན་སྤེན་སྤེན་བཞིན་དུ་མཆོད་པར་བྱའོ། །བསྒྲུབ་པར་དབྱ་བ་ལ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་འབའ་ཞིག་ལ་ནང་གི་ཁྱད་པར་གྱི་རྫ་ས་ལ་རྩ་བའི་སྔགས་ཀྱིས་ཡོངས་སུ་མཆོད་དེ་བསྒྲུབ་པར་བྱའོ། །དེས་ནི་ལས་བཞི་ལ་སོགས ་པ་ཁྱད་པར་དུ་ཡོངས་སུ་བསྒྲུབ་པར་འགྱུར་རོ། །དེ་ལ་སྲོག་རྫས་ཕུལ་བ་རྣམས་སོ་སོའི་དཀྱིལ་འཁོར་གྱི་ཐུགས་ཀའི་ཡེ་ཤེས་སེམས་དཔལ་ལ་ཐིམ་པས་ཐམས་ཅད་བདེ་བ་ཆེན་པོའི་བདག་ཉིད་དུ་བསམ་མོ། །དབང་གི་དུས་སུ་ཡོན་གྱི་མཆོག་སྦྱིན་པའི་སློབ་མ ་དེའི་ལུས་ངག་ཡིད་ཀྱི་སྒྲིབ་པ་གཉིས་བསྲེག་པ་དང་ཚོགས་གཉིས་རྫོགས་པར་བྱ་བའི་ཕྱིར། སློབ་མའི་སྲིན་ལག་གཡོན་པ་ནས་གཟུང་ལ་ལག་པ་གཡོན་པས་དགང་བླུགས་གསུམ་མམ། བདུན་གྱི་བར་དུ་བྱིན་པར་བྱའོ། །ཡང་ན་ལས་ཀྱི་རྡོ་རྗེས་བྱའོ།། ་གཞན་ཡང་རྒྱལ་ཁམས་ཀྱི་བདག་པོ་དང། དགེ་འདུན་ལ་སོགས་པ་དང། ཕྱོགས་སྐྱོང་ལ་སོགས་པ་དང་བདག་ཉིད་བསོད་ནམས་དང་ཡེ་ཤེས་ཀྱི་སོགས་རྒྱས་པར་བྱ་བའི་ཕྱིར། དགང་བླུགས་གྲངས་སྔོན་བཞིན་དུ་དབུས་དང་ཕྱིར་རོ། །ད་ལྟ་ཇི་ལྟར ་ཚོགས་པའི་རྫས་ཀྱིས་སྦྱིན་སྲེག་བྱས་ནས་སྙིང་གའི་ས་བོན་གྱིས་བྱིན་གྱིས་བརླངས་པའི་མང་ལ་བླུགས་གཟར་བདུན་ན་ཉི་ཤུ་རྩ་གཅིག་སྦྱིན་པར་བྱའོ། །དེ་ནས་སྲེག་པའི་མཆོད་པ་རྫོགས་པ་རང་བསད་གཏོར་དང་ཞབས་བསིབས་ལ་སོགས་པ་སྔོན ་དུ་གྲོ་བས་ཀྱི་དང་ནང་དང་གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པ་བྱས་ནས། གཞན་ཡང་ཕྱེ་མ་སྤངས་བའི་སོ་རྩི་དང། རས་ལ་སོགས་པའི་ན་བཟའ་དང། རྒྱན་གྱི་ཚོགས་ཅི་འབྱོར་པས་མཆོད་དེ་བསྟོད་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་ཐམས ་ཅད་ཉི་མ་དང་ཟླ་བས་ཚིམ་པར་གྱུར་པ་དང་མར་ལ་སོགས་པའི་སྲོག་རྫས་ཀྱིས་ཚིམ་ནས་ཤིན་ཏུ་དགྱེས་པར་གྱུར་པའི་ལྷ་རྣམས་ཀྱིས་སྙིང་གའི་འོད་ཟེར་གྱིས་ནམ་མཁའ་ཨི་ཁམས་ཡོངས་སུ་ཁྱབ་པའི་སྐུ་དམིགས་པ་དེ་དག་གིས་རིན་པོ་ཆེའི་བུམ་པ་ཡེ་ཤེས ་ཀྱི་བདུད་རྩིས་གང་ནས་ཟུང་ནས་སྐྱུར་བ་པོ་ལ་སོགས་པ་ལ་དངོས་གྲུབ་ཀྱི་ཕྱེད་དུ་དབང་བསྐུར་བར་དམིགས་སོ། །སྒྲུབ་པ་པོ་རྣམས་རྡོ་རྗེ་སྐུའི་རང་བཞིན་དུ་བྱས་ནས་སྒྲུབ་པ་པོའི་ཕོ་བྲང་ཡང་སྣ་སོགས་པའི་རིན་པོ་ཆེའི་ཚོགས་ཀྱིས་བཀང་བར་དམིགས་པ་དང་།རལ ་གྲི་ལ་སོགས་པའི་དངོས་གྲུབ་ཀྱང་རྫོགས་པར་བྱས་སོ། །དེ་ལྟ་བུའི་སྐུའི་ཚོགས་ལྷའི་དཀྱིལ་འཁོར་གྱི་ཐུས་ཀར་བསྡུ་བར་བྱའོ། །དེ་ནས་མཉམ་པར་བཞག་པའི་སྔགས་པས་སྙིམ་པ་མེ་ཏོག་གིས་ཡོངས་སུ་བཀང་ལ། ལུས་ངག་ཡིད་ཤིན་ཏུ་འདུད་པ་དབྱས་ཏེ ་དམན་པ་དང་ལན་པའི་ལྷག་པའི་ཐོར?་པའི་སྐྱོན་ཞི་བར་བྱས་པ་དང། མངོན་པར་འདོད་པའི་དངོས་གྲུབ་རྫོགས་པར་བྱ་བའི་ཕྱིར་གཟོད་པར་གསོལ་པ་དང་སྨོན་ལམ་གདབ་པར་བྱའོ། །ཇི་ལྟར་ཚོགས་པར་མ་གྱུར་དང། །དམན་པའི ་དབང་གིས་མ་འཚལ་བ། །བཀའ་ཡི་དོན་བཞིན་མི་ནུས་དང། །དམན་དང་ལྷག་པར་གྱུར་ས་ནི། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །བཟོད་པ་ཆེན་པོ་མཛད་དུ་གསོལ། །དེ་ནས་བཛྲས་སཏྭ་ལ་སོགས་པ་ལན་གསུམ་དུ་བཟླས་ནས་སྐོར་བར་བྱའོ། །ོཾ ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད་དེ། །རྗེས་སྐུ་མཐུན་པའི་དངོས་གྲུབ་གསོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང། །དམ་ཚིག་ཕྱག་རྒྱ་མི་སྤོང་བས། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ོཾ་ཨཱ་ཧཱུཾ། བཛྲ་མུ:ཱི་སྔགས་ཀྱིས་ལྷག་པའི་ལྷའི་དཀྱིལ ་འཁོར་གཤེགས་སུ་གསོལ་བར་བྱའོ། །དེ་ནས་མེ་ཐབ་ཀྱི་བདག་ཉིད་སྔོན་གྱི་མེ་ལྷ་ལ་བསང་གཏོར་དང་ཞབས་བསིལ་དང་མཆོད་པ་སྔོན་བཞིན་དུ་བྱའོ། །དེ་ནས་དགང་བླུགས་དང་སྲེག་རྫས་ཀྱང་སྔོན་གྱི་རིམ་པས་ལྷག་མའི་མཆོད་པ་སྦྱིན་པར་བྱའོ། །དེ་ནས ་ཡང་དགང་བླུགས་ལ་འཇིག་རྟེན་པའི་སྨོན་ལམ་བཏབ་ནས་དབུལ་བར་བྱའོ། །ཞབས་བསིལ་དང་མཆོད་པ་བྱས་ནས་སོ་རྩི་དང་རས་ལ་སོགས་པ་བྱིན་ལ་རྡོ་རྗེ་དྲིལ་བུ་འཛིན་པས་བསྟོད་པར་བྱའོ། །དེ་ནས་རང་གི་འདོད་པའི་སྨོན་ལམ་བཏབ་པ་དང་བཟོད་པར ་གསོལ་བ་བྱས་ནས་།ོཾ་སཏྭ་ལ་སོགས་པ་ལན་གསུམ་དུ་ཡོངས་སུ་བསྐུལ་ནས། སྭརྠཉྩ་བཱ་པ་ར་ཨརྠཉྩ། ས་ཏི་ཏཾ་གཙྪ་ཧ་བྱ་བྷུཀ་།ོཾ་ག་མྱི་ཥཊ་ས་ཡི་ཐ་ཀཱ་ལ་སརྦ་སིདྷ་ཀུ་རུཥར་མ། སྔགས་འདིས་མེ་ལྷ་གཤེགས་སུ་གསོལ་བར་བྱའོ། །དེ་ནས་མདུན་གྱི་སྣོད ་ལེགས་པར་བཀྲུས་པའི་ནང་དུ་དཀྱིལ་འཁོར་གྱི་ལྷའི་དགང?་བླུགས་ཀྱི་ལྷག་མ་དང། མར་དང་འོ་མ་དང། སྦྲང་དང་ཤ་ཁ་ར་དང་ཟེས་མཆོག་ལ་སོགས་པ་ཡོངས་སུ་ལྡན་པར་བྱས་ལ་།ལྷའི་འཁོར་ལོའི་ལེགས་པར་སྦྱོར་བས་བསྒྲུབས་ནས་བདག་ཉིད་རྩ་བའི་དཀྱིལ་འཁོར ་ལ་གསང་བའི་མཆོད་པའི་ཚུལ་གྱིས་ཡོངས་སུ་མཆོད་དེ། དེ་ནས་གཞན་ཡང་ལྷའི་སྦྱོར་བ་དང་ལྡན་པ་ལ་ཉུང་དུན་ཉུང་དུན་སྦྱིན་པར་བྱའོ། །དེ་ནས་ཕུན་སུམ་ཚོགས་པ་ལ་སོགས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ལ། ཡི་གེ་བརྒྱ་བ་ལན་གསུམ་དུ་བཟླས? ་ལ་དགེ་བའི་རྩ་བ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །དེ་ནས་ལངས་ཏེ་ཡི་གེ་བརྒྱབ་བརྗོད་ཅིང་བསྐོར་བར་བྱའོ། །དེ་ལ་ཨོཾ་བརྫེ་ས་ཏྭ་ས་མ་ཡ། མ་ནུ་པ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲི་ཧོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྵི ་མེ་བྷ་བ། སརྦ་བ་སིདྡྷི་མེ་པྲ་ཡཉྩ། སརྭ་ཀརྨ་སུ་ཙ་མེ། ཅི་ཏ་ཤྲེ་ཡ(རྒྱུད་འགྲེལ་གཅོད་པ་དང་བགེགས་དང་ཉོན་མོངས་པ་ལ་སོགས་པ་བདུད་ཀྱི་སྡེ་བདག་དང་གཞན་ཀྱི་དོན་དུ་ཞི་བར་བྱ་བ་དང། མངོན་པར་ཤེས་པ་དང། མཆོག་གི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་ཞི་བའི་སྦྱིན་སྲེག་བརྩམ་པར་བྱའོ། །དེ་ནས་དཀྱིལ་འཁོར་ཆེན་པོའི ་ཤར་ཕྱོགས་སུ་ཁ་དོག་དཀར་པོའི་ས་ལ་ཁྲུ་གང་གི་ཚང་དུ་ཟླུམ་པོར་བསྐོར་བའོ། །ཐབས་སུ་སོར་བཅུ་གཉིས་པའི་ཚད་དུ་བརྐོའོ། །དེའི་དབུས་སུ་སོར་བཅུ་དྲུག་པའི་པདྨ་འདབ་མ་བརྒྱད་པ་དབུས་སུ་བརྐོས་ལ་།དེའི་སྟེང་དུ་ལྷའི་མཚན་མ་བཀོད་ལ་།དེའི་དབུས ་ཀྵི་ཁ་ཁྱེར་ནས་སོད?་པའི་ཕྱིར་བསྐྱེད་པ་དང། སོར་བཞིའི་ཁ་ཁྱེར་འཕང་དུ་བརྩིག་པར་བྱའོ། །དེ་ལ་རྡོ་རྗེ་རྩེ་ལྔ་པ་སོར་བརྒྱད་པའི་ར་བས་ཡོངས་སུ་བསྐོར་བར་བྱའོ། །དེའི་ཕྱི་རོལ་ཏུ་ཁ་དོག་དཀར་པོའི་ས་གཞི་ལ་བུམ་པ་ལ་སོགས་པའི་བཞིའི་མཆོད་པས་ཡོངས་སུ ་བསྐོར་བ་བྱའོ། །དེ་ལ་ཁ་རོག་དཀར་བོས་ལེགས་པར་བྱུགས་ལ། དེའི་སྟེང་དུ་བའི་རྣམ་ལྔས་བྱུགས་པར་བྱའོ། །དེའི་སྟེང་དུ་ཙན་དན་དཀར་པོ་ལ་སོགས་པའི་དཀར་པོ་དྲི་ཞིམ་པོ་དང་བདུད་རྩི་ལྔས་ཞལ་ཁབ་བྱའོ། །མེ་ཏོག་དཀར་པོ་དྲི་ཞིམ་པོ་དང་ལྡན་པའི་སིལ ་ནས་ཐབ?་དགུང་ཡོངས་སུ་དགྲམ་པར་བྱའོ། །ཡང་ན་འཐས་པར་བཅགས་པའི་དཀྱིལ་འཁོར་ལ་རྡུལ་ཚན་གྱིས་དྲི་བར་བྱའོ། །དེ་ནས་གསེར་ལ་སོགས་པའི་སྣོད་དུ་ཁ་དོག་དཀར་པོའི་དྲི་དང། འོ་མ་དང་ནས་ཐུགས་པའི་ཆུས་ལེགས་པར་དཀར་ལ།། ་སྭཱཧཱའི་མཛའ་དང་ལྡན་པའི་སྔགས་ཀྱི་སྔོན་བཞིན་དུ་བསྔགས་ཏེ་བཞག་པར་བྱའོ། །འོ་བ་ཅན་གྱི་ཤིང་དང་པ་དོག་དཀར་པའི་རི་དགས་ཀྱི་ལྡེ་བའི་མེ་ཤིང་དང། ཞོ་དང་མར་དང་སྣང། འོ་མ་དང་ནས་དང། འབྲས་?་རྫེས་པ་དང། བྲི་ཡོངས་སུ་དང་ཙནདན་པ ་ས་ལྷའི་ནས་མཆོག་དང། །ཀུ་ཤ?་སར་པ་དང། དུར་དང། མེ་ཏོག་དཀར་པོ་དང། གེ་སར་དང། ཙུ་ཏའི་ལོ་མ་དང། ཤིང་གི་བཅུད་དཀར་པོ་དྲི་ཞིམ་སོགས་པས་སྦྱིན་སྲེག་བྱའོ། །པ་ལ་ཤ་ལ་སོགས་པའི་ཤིང་ལ་ཡམ་ཤིང་སོར?་བཅུ་གཉིས་པ་མཐེའུ ་ཆུང་གི་ཚད་ཙམ་དུ་སྒོམ་ལ། །རྩེ་མོ་ཆ་ལས་བྱུང་བ། །སྲོག་ཆགས་མེད་ཅིང་སར་པ། བདུད་རྩི་ལྔ་དང་དྲི་ཞིམ་པའི་ཆུ་ལ་སྔགས?་ནས་སྔར་དང་འོ་མ་ལ་རྩེ་མོ་གཉིས་སྐུགས་ལ། སྔོན་བཞིན་གྱི་ཚོགས་དབུལ་བར་བྱའོ། །བྱང་ཆུབ་ཀྱི་ཤིང་གི་གཙུབས་སུ ་དང་བཙུགས་ཤིང་ལས་བྱུང་བའི་མེ་དང། ཡོང་ན་བྲམ་ཟེའི་ཁྱིམ་ནས་བྱུང་བའི་མེ་ལ། སྔོན་བཞིན་དུ་སྨོས་པའི་ཆོགས་སྤངས་བའི་བྱའོ། མེ་ལྷ་ནི་ཁ་དོག་དཀར་པོར་བྱའོ། །རྒྱན་དང་ན་བཟའ་དཀར་བ་མཚན་ཉིད་ཐམས་ཅད་གོང་དང་མཚུངས་པ། སྔགས ་པ་ནི་གོས་དང་རྒྱ་ནག་གང?་པས་བརྒྱན་པ། དབུ་སྐྲ་ཕྲིན་དུ་བརྫས་པ་ལ་མེ་ཏོག་དང་རས་དཀར་པོས་ཅོད་པན་བྱས་པ། །བྱམས་པ་རང་སྙིང་རྩེ་དང་ལྡན་པ། པདྨའི་གདན་ལ་བཟང་པོའི་འདུག་སྟངས་ཀྱི་ཁ་ཤར་ཕྱོགས་སུ་མངོན་པར་ཕྱོགས་སུ་མངོན་པར་ཕྱོགས་ལ་བདུག་ནས། ་ཞི་བའི་སེམས་སྐྱེད་པར?་པོའི་ཆོས་གཙ་བ་ལ་བརྩམ་པར་བྱའོ། །སྔགས་ཐམས་ཅད་ཀྱི་མཐར་སྭཱཧཱ་དང་ཆོག་མོ་ཞེས་བྱ་བ་ཤནྟི་ཀུ་རུ་སྭཱཧཱ་ཞེས་བསྐུལ་བའི་ཚིག་དང་ལྡན་པའི་སྔགས་ཀྱིས་ཞི་བའི་སྦྱིན་སྲེག་བྱའོ། །དེ་ནས་མང་དང་བདུད་རྩི་ལ་སོགས་པའི་ཚིམ་བར་གྱུར? ་པའི་ལྟ་རྣམས་དགྱེས་པར་གྱུར་ཏེ། སོ?་སོའི་ཐུགས་ཀ་ནས་ཡེ་ཤེས་སེམས་དཔའ་ཨི་དཀྱིལ་འཁོར་ནམ་མཁའ་ཨི་ཁམས་སུ་སྐུ་མདོག་དཀར་པོའི་རང་བཞིན་དུ་སྤྲོས་ནས་ལྷ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩི་གང་བ་ཐོགས་ནས། སྒྲུབ་པ་པོ་ལ་སོགས་པ་དང་ཡོན ་བདག་འཁོར་དང་བཅས་པ་ལ་དབང་བསྐུར་བར་དམིགས་ཏེ། ནད་ལ་སོགས་པའི་གནོད་པ་ཐམས་ཅད་བསལ་ནས། རང་གི་འདོད་པའི་དངོས་གྲུབ་སྔོན་བཞིན་དུ་རྫོགས་པར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་ཨི་དཀྱིལ་འཁོར་བསྡུས་ཏེ་ཐུགས་ཀར་བསྟིམ་པར་བྱའོ།། ་དེ་ལྟར་བུལ་ཞུགས་པ་ཐམས་ཅད་བདེ་བ་དང་ལྡན་པར་བསམ་མོ། །ཞི་བའི་སྦྱིན་སྲེག་གི་རིམ་པའོ། །དེ་ནས་གཞན་ལ་ཡང་རལ་གྲི་དང་འཁོར་ལོ་དང་མདའ་དང། རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་གཏེར་ཆེན་པོ་སྒྲུབ་པ་དང། བཅུད་ཀྱིས་ལེན་པ་དང། ཁྱད་པར་གྱི་བཅུད་ཀྱི་ལེན་པ ་དང་འཁོར་ལོ་སྒྱུར་བའི་རྒྱལ་བའི་རྒྱལ་པོའི་ཡོན་ཏན་ཐོབ་པར་བྱ་བའི་ཕྱིར། །བདག་གམ་གཞན་གྱི་དོན་དུ་ཆོས་བཅོ་ལྔའི་དུས་སུ་རྒྱལ་བའི་སྦྱིན་སྲེག་བརྩམ་པར་བྱའོ། །དེ་ལ་དཀྱིལ་འཁོར་ཆེན་པོའི་ལྷོ་ཕྱོགས་སུ་ཁ་དོག་སེར་པོའི་ས་ལ་རྒྱར་ཁྲུ་དོའི་ཚད་ཟངས?་སུ་ཁྲུ་གང་གི ་ཚད་བརྐོ་བར?་བྱའོ། །སོར་བརྒྱད་ཕྱིར་གྱིས་པ་ལ་ལས་སོར་བརྐྱང?་ཡར་བརྩིག་པར་བྱས་ནས། །དེའི་དབུས་ཀྱི་ལྟེ་བ་ལ་འཁོར་ལོ་རྩི་བས་བརྒྱད་པའི་སྟེང་དུ་ལྷའི་མཚན་མ་བཀོད་ལ། །དེར་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་རལ་གྲི་ཡང་དགོད་པར་བྱའོ། །ཁ་ཁྱེར? ་ལ་རིན་པོ་ཆེ་སོར་དྲུག་པ་འབར་བས་ཀུན་ནས་བསྐོར་ནས་ཐག་?་?་གི་ཁ་དོག་སེར་པོ་གྲུ་བཞི་པ་སྟེ། ཡང་ན་ཟུར་བརྒྱན་པ་རིན་པོ་ཆེ་འབར་བའི་དབྱིབས་སུ་བྱའོ། །ཁ་དོག་སེར་པོའི་སས་བྱུགས་ལ། དེའི་སྟེང་དུ་བདུད་རྩི་ལྔ་དང་དྲི་སེར་པོས་ལེགས་པར་བྱུག་གོ? ་དེའི་སེང?་མེ་ཏོག་སེར་པོ་དྲིན་མདོ་འམ། སྣ་ཚོགས་བའི་མེ་ཏོག་གི་སིལ་མས་ཡོངས་སུ་དགྲམ་པར་བྱའོ། །རི་དགས་ཀྱི་ལྕི་བ་སྤངས་པའི་སྔོན་དུ་སྨོས་པའི་ཤིང?་འབྲས་བུ་དང་བཅས་པ་རྣམས་ལ་བྱའོ། །ཡམ་ཤིང་ནི་པ་ལ་ཤ་ལ་སོགས་པ་དབུས་ཀྱི་ཆ་ལས ་གྱུར?་བ་ངོ་མ་སུ་ཆགས་གང་བ། མཆུ་རུ་ཁྲུ་གང་གི་ཚད་དང་ལྡན་པ། རྩེ་མོ་གྲུ་བཞི་པར་བྱས་བའོ། །ལྷ་མ་རྣམས་ནི་ལས་ཐམས་ཅད་པའི་སྦྱིན་སྲེག་ཏུ་ཤེས་པར་བྱའོ། །རྒྱས་པའི་སྦྱིན་སྲེག་གི་རིམ་པའོ། །དེ་ནས་བསད་པ་དང། སྐམ ་པ་དང་བསྐད་པ་དང་དབྱེ་བ་དང་རེངས་པ་དང་རྨོངས་པར་བྱ་བ་དང། ལུས་དུམ་བུར་གཅོད་པ་ལ་སོགས་པའི་ལས་བསྒྲུབ་པར་བྱ་བའི་ཕྱིར། མངོན་སྤྱོད་ཀྱི་སྦྱིན་སྲེག་བརྩམ་པར་བྱའོ། །དེ་ལས་དཀྱིལ་འཁོར་ཆེན་པོའི་བྱང་ཕྱོགས་སུ་ཤིན་ཏུ་སྩུབ་པ་མྱུ་གུ་མི་སྐྱེ་བ་ཆུ་ཤེས་ལམ? ་ཆར་སྤྲིན་ལྟར་གནག་པའི་ས་ལ་སོར་ཉི་ཤུའི་ཙད་དང་ལྡན་པ། ཞབས་སུ་སོར་བཅུ་བརྐོས་པ་དབུས་སུ་ཁྲོ་བོའི་རྡོ་རྗེ་སོར་བརྒྱུད་པ་བྱས་ལ། དེ་ནས་སེར་གསུམ་ཕྱིར་དོར་བ་དང། སོར་གསུམ་འཕར་དུ་བརྩིག་པར་བྱས་ནས་སོར་གསུམ་པས་ཀུན་ནས་བསྐོར་བར་བྱའོ། །རྩེ ་མོ་ལྷོར་བསྟན་ནོ། །ཐབ་ཁུང་ཁ་དོག་ནག་པོར་བྱས་ལ། ས་ནག་པོ་དང་དུར་ཁྲོད་ཀྱི་རུས་ཕྱེ་དང། བུང་བུ་དང་རྡ་མོའི་རིལ་མ་ལ་སོགས་པ་དང། དུག་ཇི་སྙེད་པས་ཐབ་ཁུང་བྱུགས་པར་བྱའོ། །དབུས་སུ་ལྷའི་མཚན་དང་ལྡན་བེར་དཀོད་དེ་ཁ་ཁྱར?་རལ ་སྲིའམ་རྡོ་རྗེ་རྩེ་གསུམ་པས་ཡོངས་སུ་བསྐོར་ལ། འབྲས་ཕུབ་དང་ཁ་དོག་ནག་པོའི་མེ་ཏོག་གིས་ཐབ་ཁུང་ལ་གཅལ་དུ་དགྲམ་པར་བྱའོ། །དེ་ལས་སྔོན་དུ་བསྟན་པའི་སྣོད་དུ། །ཁྲ་དང། མི་དང། བ་གླང་དང། བུང་བུ་དང། རྔ་མོའི་ཆུ་དང། ཁྲག ་གིས་ཡོངས་སུ་བཀང་སྟེ། ཕཊ་ཅེས་སྔོན་བཞིན་ཡོངས་སུ་བཟླས་ལ། གཡས་Sུ་མེའི་དཀྱིལ་འཁོར་གྱི་སྟེང་དུ་བཞག་པར་བྱའོ། །ཡོངས་ཀར་དང། ཚ་བའི་མར་དང་ཁྲག་དང། །ཆ་དང་སྐེ་ཚེ་དང། མིའི་རུས་ཕྱེ་དང། རྐང་རྗེས་ཀྱི་ས་དང་ན་བའི་ཤུན་པ་དང ་དུར?་བུ་དང་རྔ་མོ་ལ་སོགས་པའི་རིལ་མ་དང་སྒྲ་དང་དེ་རྣམས་གཅིག་ཏུ་བརྡུངས་པ་གཟུགས་བྱའོ། །བྱ་རོག་ལ་སོགས་པའི་སྒྲོ་དང། དྲི་ཆེན་དང་དྲི་ཆུ་དང། ཚེར་མ་དང་གྱོ་མོ་དང་རུས་ཕྱི་དང་ཚིལ་ཆེན་དང། ཤ་ཆེན་ལ་སོགས་པ་དང། ཁྲག་དང་དུག་དང ་སྐེ་ཚེ་དང་སྨྱོ་བྱེད་ཀྱི་ཁུ་བས་ལེགས་པར་བྱུག་པར་བྱའོ། །དེ་ནས་ལས་ཐམས་ཅད་པའི་ཆུ་ལ་བསྔགས་ཏེ། བསང་གཏོར་བྱས་ནས་དེ་དག་ཐམས་ཅད་ཀྱང་བསྒྲུབ་བྱར་དམིགས་ལ། དེ་ལུས་ཀྱི་གནས་ཀྱི་གནས་དུག་དང་སྐེ་ཚེ་ལ་སོགས་པས་ཁྱད་པར་དྲུགས ་ཏེ། དེ་སྦྱིན་སྲེག་ཏུ་བྱའོ། །མར་ནག་ཆེན་པོའི་མར་མེ་གཡོན་ཕྱོགས་སུ་བཞག་པར་བྱའོ། །ཚ་བའི་ཤིང་ཚེར་མ་ཅན་དང། ཁ་བ་དང་དྲི་མི་ཞིམ་པ་དང། དུར་ཁྲོད་ལས་བྱུང་བའི་ཤིང་དང་བུང་བུ་དང་རྔ་མོ་ལ་སོགས་པའི་རིལ་མ་སྐམ་པོ་དུན་པའི་དུ ་བྱའོ། །དེ་ནས་ནིམ?་པ་དང་སེང་ལྡེང་དང། ཀོ་བི་དར་དང་བསེ་ཤིང་དང་ད་ནའི་ཤིང་དང་ཚ་བའི་ཤིང་དང། ཚེར་མ་ཅན་གྱི་ཤིང་དང་ཁ་བའི་ཤིང་དང། ཡང་ན་རོ་བསྲེགས་པའི་ཤིང་དང། དེ་དག་ཚད་མའི་ཆ་ལས་བྱུང་བ་སོར་བཅུའི་ཚད་དང་ལྡན་བརྩེ ་མོ་ཟུར་གསུམ་པར་བྱས་ལ། དུག་དང་སྐུ་ཚེ་དང་ཁྲག་གིས་ལེགས་པར་བྱུགས་ལ་ཡམ་ཤིང་བྱའོ། །དེ་ནས་དུར་ཁྲོད་ལས་བྱུང་བའི་མེ་དང། དུར་ཁྲོད་ཀྱི་རུས་པ་ལས་བྱུང་བའི་མེ་དང། རོ་བསྲེགས་པའི་ཤིང་ལས་གཙུབས་གཏན་དང་གཙུབས་ཤིང་ལས ་བྱུང་བའི་མེ་དང། རྡོ་ལས་བྱུང་བའི་མེ་དང། གཏུམ་པའི་ཁྱིམ་ནས་བླངས་པའི་མེ་དང་མེ་དེ་དག་སྤར་བར་བྱའོ། །དེ་ལ་མེ་ལྷ་སྐུ་མདོག་ནག་པོ་དབུ་སྔོ་བ་ཕྱིན་དུ་འབར་བ་སྤྱན་མེ་མདག་གི་ཕུང་པོ་འདྲ་མ། ཞེས་གདངས་ནས་མཆེ་བ་གཙིགས་པ་རྔམ་པའི ་ཞལ་ཁྲོ་གཉེར་དང་བཅས་པ། ཤིན་ཏུ་གཏུམ་པ། འཇིགས་པ་ཆེན་པོའི་གཟུགས་ཅན་གསུས?་པ་ཆེ་བ། ཡན་ལག་ཐུང་ཞིང་སྡོམ་པ། རས་ནག་པོ་སེ་རལ་ཁར་ཐོགས་པ། རྒྱན་ནག་པོས་ཀུན་ནས་བརྒྱན་པ། འཇིགས་པའི་དུས་ཀྱི་མེ་ལྟར་འབར ་བ། ཞལ་ཐབ་ཁུར་བར?་མཚུངས་པའོ། །དེ་ནས་སྔགས་པ་ནི་ཐུགས་ཤིན་ཏུ་གཏུམ་པ་དུར་ཁྲོད་ཀྱི་རས་ནག་པོས་སྟོད་གཡོགས་བྱས་པ། ཁ་དོག་སྔོན་པོའི་རྒྱན་གྱིས་བརྒྱན་པ་མེ་ཏོག་སྔོན་པོའི་ཕྲེང་བ་སེ་རལ་ཁར་ཐོགས་པ། དུར་ཁྲོད་ཀྱི་ཁྲུག་གིས ་བྱུགས་པའི་རས་ཀྱིས་སྣ་དང་ཀྲིས་བྱས་པ་སྤྱན་ཤིན་ཏུ་འབར་ཞིང་ཞལ་ཤིན་ཏུ་ཁྲོ་བ། རྐང་པ་གཡོན་པས་གཡས་པ་མནན་པའི་ཚུལ་གྱིས་འདུག་ནས་སོས་སོ་འཆང་ཞིང་བསྒྲུབ་བྱའི་གཟུགས་ཀྱི་སྟེང་དུ་གཏུམ་པའི་སེམས་ཀྱིས་འདུག ་པར་བྱའོ། །ཡང་ན་དུར་ཁྲོད་ཀྱི་ཁག་བུ་ནག་པོའི་སྟེང་དུ་བསྒྲུབ་བྱ་མནན་པའི་སྙིང་གར་སྔོན་གྱི་ཚུལ་གྱིས་འདུག་པར་བྱའོ། །བསྒྲུབ་བྱའི་མདོག་ཉམས་པ། བཞིན་འགྱུར་བ་ཤིན་ཏུ་རྒུད་བའི་ཚུལ་དུ་དམིགས་སོ། །ཡབ་ན་བསྒྲུབ་བྱའི་སྙིང་གར་བརྒྱད? ་བསྐུམ་གྱི་གར་གྱིས་སྒྲུབ་པའི་ཕྱོགས་སུ་མངོན་པར་ཕྱོགས་ལ། དཀོན་མཆོག་གསུམ་ལ་སྐུ་དགྲ་བྱེད་པ་དང། སློབ་དཔོན་སྨོན་ཅིང་སྔགས་རྒྱུད་ལ་དབྱེ་བ་དང། སེམས་ཅན་ཐམས་ཅད་ལ་གདུག་པར་བྱེད་པ་དེ་ནི་སྙིང་རྗེ་ཆེན་པོ་ཁྲོས་པའི་སེམས་ཀྱིས ་མངོན་སྤྱོད་དུ་བྱའོ། །ཡང་སྒྲུབ་པ་པོའི་ཆེད?་འབའ་ཞིག་ཏུ་གསུངས་སོ། །དེ་ལ་ནག་པོའི་ཚེས་གང་ཡང་རུང་བའི་ཉི་མ་ཕྱེད་དམ་ནམ་ཕྱེད་ན་དྲག་པོའི་ལས་བརྩམ་པར་བྱའོ། །བདག་ཉིད་ཀྱི་ཐུགས་ཀ་ལས་བྱུང་བའི་ཁྲོ་བོའི་ཚོགས་མཚོན་ཆ་རྣམ་པ་ཏུ? ་ཚོགས་ཐོགས་པས་བསྒྲུབ་བྱི་ཡོངས་གཏུབ་ཅིང་ཟ་བ་ལ་སོགས་པའི་སྦྱོར་བས་དམིགས་སོ། །ལག་པ་གཡོན་པའི་སྡིགས་མཛུབ་དང། ཁྱད་པར་དུ་མིག་གཡོན་པ་འབར་བས་བལྟ་བར་བྱས་ལ། ཕཊ་ཨ་མུ་ཀ་སྱ་བྷི་ཙརྱ་ཀུ་རུ་ཕཊ། ཅེས་བརྗོད་ཅིང་མངོན་སྦྱོན?་ཀྱི ་སྦྱིན་སྲེག་བྱའོ། །དེ་ལ་ལས་ཀྱི་བྱེ་བྲག་ནི་བསྐུལ་བའི་སྦྱོར་བ་དང་བསྔགས་ཀྱི་སྦྱོར་བས་?། །བྱེ་བ་ལ་ནི། ཨོཾ་ཛི་སྭཱཧཱ། ཧཱུཾ་ཨ་མུ་ཀ་བི་དྭེ་ཥ་ཡ་ཧཱུཾ། བསྐྲད་པ་ལ་ནི། ཨོཾ་ཁཾ་སྭཱཧཱ། ཧཱུཾ་ཨ་མུ་ཀ་ཨུཏསྩ་ཊ་ཡ་ཧཱུཾ་རེངས་པ་དང་རྨོངས་པ་ལ་ནི། ཨོཾ་ཧཱུཾ་སྭཱཧཱ། །བཽ་ཥ་ཏིཥཏྲ་ཨ ་མུ་ཀཾ་སྟཾ་བྷཾ་ཡ། མོ་ཧ་ཡ་བི་ཤོ་དྷ། བསད་པ་ལ་ནི། ཨོཾ་བྷུ(རྒྱུད་འགྲེལ་གིས་བསྒྲུབ་བར་བྱ་བའི་ལུས་ལ་རྡོ་རྗེའི་ཐོག་རྒྱུན་མི་འཆད་པར་འབེབས་པ་དང། མཚོན་ཆ་རྣམ་པ་སྣ་སོགས་པ་བསྒྲུབ་བྱའི་ལུས་ལ་འབེབས་པ་བྱེད་དོ། །བསྒྲུབ་བྱ་དེ་ཉིད་མྱུར་བར་བསྒྲལ་ནས་ཡི་གེ་གསུམ་གྱི་སྦྱོར་བས་བདེ་བ་ཅན་གྱི་ཞིང་ཁམས་སུ ་བསྐྱལ་བར་བྱའོ། །སྤྲོས་པའི་ཁྲོ་བོ་རྣམས་ཐུགས་ཀར་དེ་ཉིད་དུ་བསྡུའོ། །སྒྲུབ་པ་འབའ་ཞིག་ལ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་རྩ་བའི་སྔགས་ཀྱིས་བསྙན་པར་བྱའོ། །དྲག་པོའི་སྦྱིན་རེག་གི་རིམ་པའོ། །ལྔ་དང་ཀླུ་དང། གནོད་སྦྱིན་དང་བྲིས?་དང། ་ནམ་མཁའ་ལྡིང་དང་ལྷ་མ་ཡིན་མིའམ་ཅི་ལ་སོགས་པ་དེ་དག་གི་རིག་མདོག། རྒྱལ་པོའི་ཁོར་དང། བཅས་པ་དང། གང་ལ་བྱ་བའི་ཡུལ་དབང་དུ་བྱ་བ་འམ། དགུག་པར་བྱ་བའི་ཕྱིར་དབང་ཙམ?་དགུག་པའི་སྦྱིན་སྲེག་བརྩམ་པར་བྱའོ། །དེ་ལ་དཀྱིལ ་འཁོར་ཆེན་པོའི་ཤར་ཕྱོགས་སམ་ནུབ་ཕྱོགས་སུ་དགུག་པའི་ཐབ་ལུང་བྱ་སྟེ། དེ་ཡང་ཁ་དོག་དམར་པོའི་ས་ལ་བྷ་གའི་གཟུགས་སམ། །ཟླ་བ་ཕྱེད་པ་ལྟ་བུ་བྱས་ནས་དབུས་སུ་པདྨ་དང་རྡོ་རྗེ་བྱིན་གྱིས་རླབ་པ་པདྨའི་ཕྲེང་བས་འཁྱེར་བསྐོར་བ། དབུས་སུ ་ལྷའི་མཚན་མ་ཙནདན་དམར་པོས་དགོད་དོ། །དགུག་པ་ལ་ནི་རྡོ་རྗེ་རྩེ་གཅིག་དང་རྡོ་རྗེ་ལྕགས་ཀྱུས་དབུས་སུ་མཚན་པོ། ཁ་ཁྱེར་ལྕགས་ཀྱུ་པ་ཡོངས་སུ་བསྐོར་བ། ཐབ་དེའི་ཁ་ཁྱེར་དང་ཞབས་ལ་སོགས་པ་ནི་ཞི་བའི་ཐབ་དང་མཉམ་པའོ། །ཐབ་ཁུང་དེ་ལྟར ་བྱས་པ། ཁ་དོག་དམར་པོའི་སས་ཞལ་བ་བྱས་ཏེ། དེའི་སྟེང་དུ་ཁ་དོག་དམར་པོའི་དྲིས་ལགས་པར་བྱུགས་ལ། དེར་མེ་ཏོག་དམར་པོའི་སིལ་མས་དགྲམ་པར་བྱའོ། །ཆུ་ཤིང་ལ་སོགས་པའི་ཡལ་གས་ལེགས་པར་ཞལ་བ་བྱས་ནས་།དེ་ལ་སྔོན་དུ་བཤད ་བའི་སྣོད་དུ་ཁ་དོག་དམར་པོའི་དྲི་མེ་ཏོག་དམར་པོ་དང་བཙམ་པའི་ཆུས་ལེགས་པར་བཀང་སྟེ། ཧོའི་མཛའ་ཅན་གྱི་སྔགས་ཀྱིས་བྱིན་གྱིས་བརླབས་ལ། དགུག་པ་ལ་གཡས་སྟེ། དབང་དུ་བྱ་བ་ལ་གཡོན་དུ་བཞག་པར་བྱའོ། །པྲི་ལང་ཀུ་དང། ་ཙམ་པ་ཀ་དང་པུ་ནག་དང་ནཱ་ག་གེ་སར་དང། ལ་གུ་ཙ་དང་ཨ་ཤྲ་ཀ་ཛ་དང་ནགས་ཀྱི་དབུས་ན་གནས་པའི་ཤིང་གཅིག་དང་མེ་ཏོག་དང་འབྲས་བུ་དམར་པོ་ཡོད་པ་དང། ནུབ་ཕྱོགས་ཀྱི་ཡན་ལག་ལ་ཡམ་ཤིང་སོར་ལྔ་པའི་ཚད་དུ་བྱུང? ་ནས་དེ་ཡང་གོང་དུ་བསྟན་པའི་ཡོན་ཏན་ཐམས་ཅད་དང་ལྡན་པ་སྐྱོན་གྱིས་མ་གོས་པ། ཡང་ན་རེ་སྐྱུ་རབ་ཁ་དོག་དམར་པ་མེ་ཏོག་དང་འབྲས་བུ་དམར་པོ་སྐྱེ་བའི་ཤིང་ལོ་ལ་བྱའོ། །དབང་དུ་བྱ་བ་ལ་ནི་གཡས་ཀྱི་ཕྱོགས་སུ་ཟླ་བ་ཕྱེ་བའི་ས་ཕྱོགས་ཀྱི་ལྟར ་དུ་བཞག་གོ་།དགུག་པ་ལ་ནི་གཡོན་ཕྱོགས་སུ་ལྕགས་ཀྱུའི་ས་གཞི་ལ་ལྕགས་ཀྱུ་ལྟ་བུའི་ཚེར་མའི་ཤིང་བཞག་པར་བྱའོ། །ནིམ་པ་དང་སྐྱུ་རུའི?་ཤིང་དང། རོ་སྐྱུར་བ་དང་མེ་ཏོག་དམར་པོ་འབྲས་བུ་དང་བཅས་པའི་ཤིང་ལ་བུད་ཤིང་པ་ལ། དེ་ཡང ་ཐབ་ཀྱི་ཚང་དང་མཉམ་པའོ། །དགུག་པ་ལ་ནི་ཚོར?་མ་རང་བཅས་པའི་ཤིང་གིས་སོ། །མེ་ནི་སྨད་འཚོང་མའི་ཁྱིམ་དང་ཆོས་མཁན་མའི་ཁྱིམ་ནས་བླང་བར་བྱའོ། །དགུག་པ་ལ་ནི་མར་མཁན་གྱི་ཁྱིམ་འམ་ཚོང་པའི་འདྲོན་ལམ་ནས་བླང་བར་བྱའོ། །མེ ་ལྷའི་སྐུ་མདོག་དམར་པོའི་སྟོད་གཡོགས་དང། སྨད་དཀྲིས་དང་བརྒྱན་དམར་བ་ཐམས་ཅད་ཀྱིས་བརྒྱན་ཅིང་མེ་ཏོག་དམར་པོའི་ཕྲེང་བ་སེ་རལ་གར་ཐོགས་པ་པདྨ་དམར་པའི་ལྷན་ལ་འདུག་པ་སྟེ། །མཚན་ཉིད་གཞན་དང་མཚུངས་པ་ཆོ་ག་གོང་དུ་བསྟན ་པ་བཞིན་ནོ། །དེ་ལ་སྔགས་པ་ནི་གོས་དམར་པོ་གྱོན་པ་མེ་ཏོག་དམར་པོའི་ཕྲེང་བ་དང་རས་དམར་པོས་ཅོད་པན་བྱས་པ། གུར་གུམ་དང་ཙནདན་ལ་སོགས་པའི་དྲི་དམར་པོས་ལུས་ལ་བྱུགས་ལ། ཁྲོ་བ་དང་ང་རྒྱལ་གྱི་སེམས་སྤང་ཞིང་སྐུ་མདོག་དམར་པོ ་དབང་གི་སྦྱོར་བ་དང་ལྡན་པ་སྣང་འཚོད་མའི་རང་བྱུང་གིས་བདག་ཉིད་ཀྱི་ཐུགས་གར་ཆོས་འབྱུང་གི་གཟུགས་བྱས་ནས་ནུབ་ཕྱོགས་སུ་མངོན་པར་ཕྱོགས་ཏེ་རྡོ་རྗེ་སྐྱིལ་ཀྲུང་གིས་འདུག་པར་བྱའོ། །དགུག་པ་ལ་ནི་ཅུང་ཟད་གྱེན་དུ་བལྟ་བར་བྱའོ། །དེ ་ལ་དབང་དུ་གྱ?་བའི་སྔགས་ནི། ཨོཾ་ཨཱ་སྭཱཧཱ་ཧོ(རྒྱུད་འགྲེལ་སྲེག་གིས་ཚིམ་ཞིང་དགྱེས་པའི་ལྷ་རྣམས་ཀྱི་ཐུགས་ཀ་ནས་ལྷའི་ཚོགས་ཁ་དོག་ལས་དང་མཐུན་པ་དཔག་ཏུ་མེད་པ་སྤྲོས་ནས། མེ་ཏོག་དམར་པོའི་ཕྲེང་བའི་གཞུ་དང། ཨུཏཔལ་དམར་པོའི་ཡལ་གའི་མདའ་ཐོགས་ནས་སྣ་བ་གཡས་པའི་ཆེད་དུ ་ཤིན་ཏུ་བཀང་ནས་གང་ཞིག་དབང་དུ་བྱེད་པའི་སྙིང་གར་བརྒྱབ་སྟེ་བཀུག་ནས་དབང་དུ་བྱའོ། །དགུག་པ་ནི་ཨུཏཔལ་དམར་པོའི་ཡལ་གའི་ཞགས་པས་གང་ཞིག་དགུག་པར་འདོད་པའི་སྟེ་ནས་བཅིངས་སྟེ་།མེ་ཏོག་དམར་པོའི་ལྕགས་ཀྱུས་སྙིང་གནས ་བཟུང་ནས་མྱུར་དུ་བཀུག་ལ་སྒྲུབས་པའི་རྐང་པའི་འོག་ཏུ་གཞུག་པར་བྱའོ། །སྤྲོས་པའི་ལྷ་རྣམས་ཚུར་བསྡུས་ཏེ། བདག་ཉིད་ཀྱི་ཐུགས་ཀར་ཐིམ་པར་བསྒོམ་མོ། །དབང་དུ་བྱ་བ་དང་དགུག་པའི་སྦྱིན་སྲེག་གི་བྱ་བའི་རིམ་པའོ། །ཇི་ལྟར་སྔོན་དུ ་གསུངས་པའི་ལས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ལས་ཐམས་ཅད་པའི་སྦྱིན་སྲེག་ཏུ་གྲགས་པ་བཞིན་དུ་ལས་སོ་སོའི་སྦྱིན་སྲེག་བྱའོ། །ཅིའི་ཕྱིར་ཞེ་ན། ལྷ་མཉེས་པར་བྱ་བ་དང་ཚེ་བསྲིང་བའི་ཕྱིར་མར་དུ་བསྙུགས་པའི་དུར་པ་སྦྱིན་པར་བྱའོ། ་གཞན་ཡང་བསྲུང་བར་བྱ་བའི་དོན་དུ་ཀུས?་མར་དུ་སྤགས་ལ་ལྷག་པའི་ལྷ་ལ་མཆོད་པར་བྱའོ། །དེ་ཡང་སྔགས་ཀྱི་མཐར་ནི་ཇི་ལྟར་བསྐུལ་བའི་ཡི་གེ་དང་རྫས་དང་དམིགས་པ་དང་སྔགས་དང་བསྐྱེད་པའི་ས་བོན་གྱི་ཁྱད་པར་གྱི་ཇི་ལྟར་སྔོན་བཞིན་དུ ་བརྟན་པའི་རིམ་པ་ཤེས་པས་སྦྱིན་སྲེག་བྱའི། །ཇི་ལྟར་ཁྱད་པར་གྱི་ཉི་མ་དང་དུས་དང་གནས་སྐབས་ཀྱི་ཞི་བ་ལ་སོགས་པ་སྔོན་དུ་འགྲོ་བའི་བསམ་པས་ལས་བཞིའི་སྦྱིན་རེག་བརྩམ་པར་བྱའོ། །གཞན་ཡང་འདི་ལྟར་འབྱུང་སྟེ། དགའ་བས་རྒྱས་པའི་སྦྱིན་སྲེག ་བྱའོ། །ཐམས་ཅད་རྫོགས་ནས་ཞི་བར་བྱ། གདུག་པ་གསོད་ཕྱིར་བསད་པར་བྱ། །དབང་སོགས་དོན་གྱིས་གསོལ་གདབ་བྱ། །ཇི་ལྟར་ཕྱི་རོལ་གྱི་སྦྱིན་སྲེག་བྱེད་པའི་སྔགས་བྱེད་པའི་སྔགས་པས་བདག་དང་རྫས་ཐམས་ཅད་རྣམ་པར ་དག་པའི་ཕྱིར་།ལྟའི་རྣལ་འབྱོར་དང་ལྡན་པས་བྱམས་པ་ནས་བཟུང་སྟེ། སྟོང་པ་ཉིད་ཀྱི་བར་དུ་དམིགས་པར་བྱའོ། །དེ་ལ་དོན་དམ་པའི་བདེན་པ་དང་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་བཞག་པས། རྫས་དང་ལྷའི་རྣམ་པས་བདེན་པ་གཉིས་ཀྱི་བདག་ཉིད་དུ ་ཤེས་པར་བྱའོ། །དེ་ལ་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་ཐེག་པ་ཆེན་པོའི་ལམ་ཡོངས་སུ་རྫོགས་པར་བྱ་བའི་བསམ་བ་སྔོན་དུ་འགྲོ་བས་དམན་པ་དང་འབྲིང་དང་མཆོག་ཏུ་གྱུར་པའི་གང་ཟག་གིས་ཤིན་ཏུ་ཐར་པའི་འབྲས་བུ་ཐོབ་པར་བྱ ་པའི་ཕྱིར། འབྲས་བུའི་ལམ་འདི་ལ་བཙུད་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཙུད་དོ། །དེ་ལ་འདི་ལྟར་འབྱུང་སྟེ། མཚན་ཉིད་གསུམ་ལྡན་སྦྱིན་སྲེག་སྟེ། །གནས་སྐབས་རྣམ་པ་གསུམ་དང་ལྡན། །ལས་ཀྱི་བྱ་བ་གསུམ་ལྡན་ན། །དེ ་བཞིན་གཤེགས་པ་སྦྱིན་སྲེག་ཡིན། མཚན་ཉིད་མི་ལྡན་རྩོམ་བྱེད་དང། །གནས་སྐབས་མི་ཤེས་སྦྱིན་སྲེག་བྱེད། །སྔགས་དང་ཡེ་ཤེས་སྤངས་པའི་ཕྱིར། །རྨོངས་ཆེན་དེ་ལ་འབྲས་བུ་མེད། །ཇི་ལྟར་གོང་དུ་བསྟན་པའི་མཚན་ཉིད་ཐམས་ཅད་དང ་ལྡན་པས་ལས་རྩམ་པར་བྱེད་ནས་དེའི་དངོས་གྲུབ་ཐམས་ཅད་མྱུར་བར་འགྱུར་རོ། །གཞན་ཡང་དངོས་གྲུབ་ཤིན་ཏུ་མྱུར་བར་བྱ་བའི་ཕྱིར། །འདི་ལྟར་མོ་མོར་སྦྱིན་སྲེག་མ་རྫོགས་ཀྱི་བར་དུ་རྩེ་གཅིག་ཏུ་བསམ་པར་བྱའོ། །ཐབ་ཁུང་དང་ཀུ་ཤ་དང་མེ ་ཏོག་དང་ཡོན་ཆབ་ལ་སོགས་པ་དང་།དབང་བཟད་དང་བླུགས་གཟར་དང། དུང་ཤིང་དང་མེ་ལྟ་དང་དཀྱིལ་འཁོར་གྱི་ལྷ་དང་མཆོད་པ་ལ་སོགས་པ་དང། བདག་ཉིད་དང་ཇི་ལྟར་འབྱུང་བ་ཐམས་ཅད་སྣ་ཚོགས་པའི་གཟུགས་ཀྱིས་ཉོན་མོངས་པ་དང་ཤེས ་བྱའི་གྲིབ་པ་དག་པར་བྱ་བའི་ཕྱིར། །སོ་སོར་རྟོག་པའི་ཡེ་ཤེས་བསྐྱེད་ནས། ཆོས་ཀྱི་དབྱིངས་རྟོག་པར་བྱ་བའི་ཕྱིར་སེམས་ཀྱི་རྩེ་གཅིག་ཏུ་བྱའོ། །དེ་ནས་གཞན་ཡང་བཤད་བྱ་བ། །སྲེག་རྗེས་སོ་སོ་འབྲས་བུ་བསྟན། །ཇི་ལྟར་བདག་གིས་མ་བསྟན་པ། །བླ་མའི ་ལུང་ལས་ཤེས་པར་བྱ། །ཞིང་ཁམས་དག་པར་འཇུག་པའི་ཕྱིར། །ས་གཞི་ཡོངས་སུ་གཟུང་བ་ཡིན། །ཐབ་ཀྱི་གཞལ་ཡས་ཁང་ཐོབ་འགྱུར། །མར་གྱིས་འབྲས་བུ་སྨན་པར་བྱེད། །ཡམ་ཤིང་གིས་གཟི་བརྗིད་བསྐྱེད། །ཞུང་ཤིང་དཔའ་བོ་ཆེན་པོ་སྟེ། ་ཀུ་ཤས་ཐམས་ཅད་སྲུང་བར་བྱེད། །ཡུངས་ཀར་དཀར་པོས་ཞི་བར་སྤྱད། །མ་གྲུག་འབྲས་ཀྱིས་རྒྱས་པར་འགྱུར། །ཏིལ་གྱིས་སྡིག་པ་ཐམས་ཅད་བསྲེག་།སོ་བས་དམིགས་པའི་དངོས་གྲུབ་ཉེ། །མ་ཤས་སྟོབས་ཆེན་སྐྱེད་པར་བྱེད། །ནས་ཀྱིས་རྐང་མགྱོགས ་དངོས་གྲུབ་འགྱུར། །དུར་པས་ཚེ་འདི་སྲིང་བར་བྱེད། །གྲོ་ཡིས་ནང་རྣམས་ཞི་བར་གྱུར། །སྒྲང་བཅས་འོ་མས་ཤེས་རབ་འཕེལ། །ཞོ་ཟར་གྱིས་ནི་ཀུན་སྟེར?་འགྱུར། །མེ་ཡིས་དངོས་གྲུབ་བརྒྱད་པོ་དང། །ཇི་ལྟར་འདོད་པའི་དངོས་གྲུབ་སྤྱིར། །ཡི་དམ་གྱིས་ནི ་དཀྱིལ་འཁོར་གྱི། །མཆོག་གི་དངོས་གྲུབ་འགྲུབ་པར་འགྱུར། །ལྷག་མས་ལས་ཀྱི་བྱེ་བྲག་ཤེས། །ཞི་བ་ལ་སོགས་དངོས་གྲུབ་ཡིན། །དགང་གཟར་ཤེས་རབ་རང་བཞིན་ཏེ། །བླུགས་གཟར་ཐབས་སུ་ཡང་དག་བཤད། །ཁ་སྦྱར་གཅིག་མེད་ཡེ་ཤེས་ཡིན། ་དེ་ལས་གཉིས་ནས?་བཅུད་མཆག?་པ། །ཡེ་ཤེས་ཆེན་པོའི་བདུད་རྩིར་འདོད། །སྦྱོར་བ་དེ་ཡིས་མེ་ལྷ་མཆོད། །བདག་ཀྱང་དེ་ཡི་སྦྱོར་བས་བཤད། །དེ་ལྟར་སྦྱིན་སྲེག་རྩོམ་བྱེད་ན། །དེ་ཡིས་དངོས་གྲུབ་མཆོག་ཏུ་འགྱུར། །སྦྱིན་སྲེག་གི་ཆོ་གའི་རིམ་པའོ།། ་དེ་ལྟར་སྦྱིན་སྲེག་གི་མཆོད་པ་རྗེ་?་པ་དང་སློབ་མ་དཀྱིལ་འཁོར་དུ་འཇུག་པ་བརྩམ་པར་བྱའོ། །དེ་ལ་སྔགས་པས་ལྷའི་འཁོར་ལོ་མངོན་སུམ་དུ་བལྟས་ལ། མངོན་གྱི་རིམ་པ་བཞིན་དུ་མཆོད་པས་ཡང་ད་པར་མཆོད་དེ་བསྟོང་ནས་བདུད་རྩི་མྱང་བ་ལ ་སོགས་པ་བྱའོ། །དེ་ནས་སློབ་མ་དབང་བསྐུར་བ་ལ་སོགས་ཡོངས་སུ་གཟུང་བར་བྱའི་དོན་དུ་།སློབ་དཔོན་བདག་ཉིད་སློབ་མ་དཀྱིལ་འཁོར་དུ་གཙུག་པའི་རིམ་པས་དཀྱིལ་འཁོར་དུ་ཞགས་ཤིང་རིམ་པ་ལྟར་དེ་བཞིན་པ་ཡོངས་སུ ་བླངས་ཏེ། སློབ་དཔོན་གྱི་ལས་ཀྱི་གནད་པ་ཐོབ་པར་བྱས་ལ་སློབ་མ་དཀྱིལ་འཁོར་དུ་སྨིན་པར་བྱ་བའི་ཕྱིར་ཟག་པ་མེད་པའི་བདེ་བ་ཆེན་པོའི་བདག་ཉིད་རྡོ་རྗེ་འཆང་གི་ངོ་བོ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་གཉིས་སུ་མེད་པ་ཡེ་ཤེས་ཀྱི་ལུས་དཀྱིལ ་འཁོར་གྱི་འཁོར་ལོའི་བདག་ཉིད་ཇི་ལྟ་བ་བཞིན་དུ་དྲན་པར་བྱས་ལ། དེ་ནས་ཚིག་འདིས་གསོལ་བ་གདབ་པར་བྱའོ། །ནམ་མཁའ་ལུས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག་།སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །དགྱེས་པའི་རྡོ་རྗེ ་བདག་འགྲུབ་མཛོད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གི་རྒྱལ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །ཉེས་པ་མི་མངའ་རྟགས་པའང་ཁྱོད། །འདོད་ཆགས་ཀུན་གྱི་རྗེས་ཆགས་པ།། ་འདོད་ཆགས་ཆེན་པོ་དགའ་ཆེན་པོ། བཅོམ་ལྡན་དེ་ཉིད་ཀྱིས་གྲུབ་མཛོད། །ཤིན་ཏུ་དགའ་བ་ཀུན་གྱི་མཆོག་།གདོད་ནས་འགྲོ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔའ་བདག་གྲུབ་མཛོད། །དངོས་གྲུབ ་ཆེན་པོ་ཀུན་གྱི་རྒྱལ། །དབང་ཕྱུག་ཆེན་པོའི་རྒྱལ་མཆོག་གིས། །གྲུབ་པའི་རྡོ་རྗེ་ཚར་བསྟོད་པ། །རྡོ་རྗེ་སྙེམས་?། བདག?་མཛེད་ཅིག་།སེམས་ཅན་ཀུན་གྱི་ཡིད་ཁྱབ་ཅིང། །སེམས་ཅན་ཀུན་གྱི་སྙིནྔ་ལ་བཞུགས། །སེམས་ཅན་ཀུན་གྱི་ཡབ་གྱུར་ཉིད། ་འདོད་ཆགས་དམ་ཚིག་མཆོག་གྱུར་པའི། །བདེན་པ་གང་གིས་ཡེ་ཤེས་མཆོག། ཤེས་རབ་ཐབས་དག་དཀྱིལ་འཁོར་ཡིན། །བདེན་པ་དེ་ཡིས་མགོན་བདག་ལ། །ཁྱོད་ཀྱིས་འདོད་པ་དང་རྫོགས་མཛད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང ་གསལ་ལ་རྙོག་པ་མེད། །གཟུགས་?་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ཡས་ཀུན་ཏུ་བྱུང། །དེ་བཞིན་ཉིད་ལས་ངེས་པར་སྐྱེས། །བདེན་པ་འདི་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་བསལ་བར་སློབ་མ་ནི། །ཀུན་གྱིས་དྲི་མ་མེད་མཐོང་ཤིག་།དེ་ནས་སློབ་དཔོན ་ཡོལ་བའི་ཕྱི་རོལ་དུ་བྱུང་སྟེ་།སློབ་མ་མཆོག་གིས་མཎྜལ་སྔོན་དུ་འགྲོ་བས་ཡོན་གྱི་མཆོག་ཕུལ་ལ། །ཞབས་ལ་སྤྱི་བས་ཕྱག་འཚལ་ཏེ། །སློབ་དཔོན་གྱི་དབང་ཐོབ་དང་འདོད་པས་གསོལ་པ་གདབ་པར་བྱའོ། །ཕྱིར་མི་ལྡོག་པ་འཁོར་ལོའི་དབང། །དེ་བཞིན ་ལྡན་པ་བདག་ལ་སྩོལ། །ལྷ་རྣམས་དག་པའི་ཁོར་ལོ་ནི། །ལས་ཀྱི་སློབ་དཔོན་བདག་ལ་སྩོལ། །སངས་རྒྱས་ཐམས་ཅད་དམ་ཚིག་ནི། །གསང་བའི་སྡོམ་པ་ཡང་དག་པ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ཉིད་རྟག་ཏུ་སློབ་དཔོན་བགྱིད་ཞེས་ལན ་གསུམ་གསོལ་པ་གདབ་དང་བྱའོ། །དེ་ནས་གསོལ་བ་བཏབ་པའི་སློབ་དཔོན་གིས་དཀྱིལ་འཁོར་ལྷ་ལ་གསོལ་གདབ་སྟེ། །སེམས་ཀྱིས་རྗེས་སུ་གནང་བ་ཐོབ་པར་བྱའོ། །བདག་མེད་འདི་ཞེས་བྱ་བ་ཡི། །བྱང་ཆུབ་སེམས་མཆོག་བཟུང་བྱ་སྟེ། །གསང་བའི ་སྡོམ་པ་རབ་ལྡན་ནས། །དཀྱིལ་འཁོར་ཆེན་བོར་ཞུགས་པར་འཚལ། །ཞེས་སློབ་དཔོན་གྱིས་བརྗོད་ནས། །ཀྱེ་བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྣམ་དག་གསང་པ་ཆེན་པོའི་རིགས། །མཆོག་ཏུ་གྱུར་པའི་ཕོ་བྲང་དུ། །དེ་རིང་ཁྱེད་ནི་འཇུག་འདོད་དམ ་ཞེས་གསུངས་པ་དང་།སློབ་མས་ཀྱང་བཀའ་དྲིན་ཆེན་པོ་འཚལ་ཞེས་གསོལ་ཏོ། །དེ་ནས་སློབ་དཔོན་གྱིས་སློབ་མ་ལ་ཁྲུས་བྱས་ཏེ། དྲི་ཞིམ་པོས་ཡན་ལག་བྱུགས་ལ། སོ་རྩི་ལ་སོགས་པས་ཞལ་དྲི་ཞིམ་པོས་བསྐོས་ནས་།མེ་ཏོག་དང་རས་དམར་པོས་ཅོད ་པ་ན?་བྱས་ལ། རབ་དམར་པོས་བྱིན་གྱིས་བརླབས?་ལ་གདོང་གཡོགས་བྱ་སྟེ། ཡོན་གྱི་མཆོག་དང་ལྡན་པ་།ཱ་ཁཾ་བཱི་ར་ཧཱུཾ་ག་སྔགས་ཀྱིས་བྱིན་གྱིས་བརླབས་བའི་མེ་ཏོག་གི་ཕྲེང་བ་འཛིན་དུ་བཅུག་ལ། །ལས་ཐམས་ཅད་པའི་བུམ་པའི་ཆུ་སྔགས་དེ་ཉིད་ཀྱིས་བསང ་གཏོར་བྱས་ནས་རང་གི་ལྷག་པའི་ལྷར་བལྟས་ལ། །སྐུ་དང་སྤྱན་ལ་སོགས་པ་བྱིན་གྱིས་བརླབས་ཏེ། དཀྱིལ་འཁོར་དུ་གཞུག་པའི་དོན་དུ་ཡོལ་བའི་ཕྱི་རོལ་དུ་དྲི་བར་བྱའོ། །བདེ་བ་འདོད་པ་གང་རིན་ཞེས་དྲི། །དེས་འདི་ལྟར་གསུངས ་ཏེ། དགའ་བ་ཆེན་པོ་ཁྱོད་ལ་བདག་བསྟོད་པས། མགོན་པོ་ཆེན་པོ་བདག་འཚལ་ཞེས་གསོལ་ནས། མེ་ཏོག་ལ་སོགས་པས་བླ་མའི་ཞབས་ལ་མཆོད་ནས། ཧཱུཾ་གིས་དྲངས་ནས་བསྐོར་བ་གསུམ་དང་ལྡན་པས་དཀྱིལ་འཁོར་གྱིས་ཤར་སྒོར་བཞག ་ནས་སྙིང་གར་རྡོ་རྗེ་བཞག་སྟེ། །ོཾ་བཛྲ་ཙིཏྟ་ཨུཏཔལ་ར་ཡ་མ་ཞེས་པས། །རྣལ་འབྱོར་སེམས་ནི་རབ་ཏུ་བསྐྱེད། །ོཾ་སུ་ར་ཏ་ས་མ་ཡསྟུཾ?་ཧོ(རྒྱུད་འགྲེལ་དེར་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རླབས་ཀྱིས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་འདི་ཁྱོད་ཀྱིས་དཀྱིལ་འཁོར་མ་མཛོད་པ་རྣམས་ལ་སྨ་བར་མ་བྱེད་ཅིང། །དད་པ་དང་མི་ལྡན་པ་རྣམས་ལ་ཡན་མ ་ཡིན་ནོ། །ཞེས་བརྗོད་པར་བྱའོ། །དེ་ནས་ལས་ཐམས་ཅད་པའི་སྔགས་སམ། ཊཀྐཱི་སྔགས་ཀྱིས་སློབ་མ་བཀུག་སྟེ། །ཱ་ཁཾ་བཱི་རཱི་སྔགས་ཀྱིས་ཡོལ་བའི་ནང་དུ་བཅུག་ནས། སློབ་མས་སློབ་དཔོན་དང་དཀྱིལ་འཁོར་ལ་ཕྱག་འཚལ་ཏེ། འདི་སྐད ་བརྗོད་པར་བྱའོ། །ོཾ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཉེ་གནས་སུ་དག་གི་ལུས་དབུལ་བར་བགྱི་ན། །གཞན་དག་ལྟ་སྨོས་ཀྱང་ཅི་འཚལ། །ོཾ་རྡོ་རྗེ་སློབ་གྱི་ཉེ་གནས་སུ་བདག་གི་ལུས་དབུལ་བར་བགྱིན་གཞན་དག་ལྟ་སྨོས་ཀྱང་ཅི་འཚལ། །ོཾ ་སེམས་ཅན་ཐམས་ཅད་བསྐྱབ་པའི་དོན་དུ་བདག་གི་ལུས་དབུལ་བར་བགྱི་ན། །གཞན་དང་ལྟ་སྨོས་ཀྱང་ཅི་འཚལ། །དེ་ལྟར་སློབ་མས་གསོལ་བ་དང། དེ་ནས་སློབ་དཔོན་གྱིས་དམ་ཚིག་གསུམ་བསྒྲག་པ་བྱའོ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་གྱི་རིགས་སུ ་པར་བྱ་ཡིས། །ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོད་པ་རྣམས་ལ་སྨྲ་བར་མ་བྱེད་ཅིག་།དམ་ཚིག་རྣམས་པར་འགྱུར་ཏེ་རེ། ཧཱུཾ་དེ་ནས་སློབ་མའི་སྤྱི་བོར་རྡོ་རྗེ་བཞག་ལ། འདི་ནི་དམ་ཚིག་རྡོ་རྗེ་སྟེ། །ཁྱོད་ཀྱི་སྤྱི་བོར་རབ་བཞག་པས། །གལ་ཏེ་ཚུལ་འདི་སྨྲན་ནི། །མགོ་བོ ་ཚལ་པ་བརྒྱ་རུ་འགས། །རྣམ་པར་འཛིག་འགྱུར་ཐེ་ཚོམ་མེད། །དེ་ནས་སྙིང་གར་རྡོ་རྗེ་བཞག་ལ། །ོཾ་རྡོ་རྗེ་སེམས་དཔའ་དང་ཁྱོད་ཀྱི། །སྙིང་ལ་ཡང་དག་བཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ?་ནས་གཤེགས། །དེ་ལྟར ་དམ་ཚིག་བསྐུགས་ནས་ནི། །བདུད་རྩི་ལྔ་དང་ལྡན་པའི་ཆུ། །ཡི་གེ་གསུམ་གྱིས་བྱིན་བརླབས་ནས། །?་པོདམོའི་སྣོད་དང་ལྡན་པ་ལ། །ོཾ་བཛྲ་ཨུ་ད་ཀ་ཋ(རྒྱུད་འགྲེལ་འདས་ན་བསྲེག་པར་བྱེད། །དམ་ཚིག་གསུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ོཾ་བདྲ་ཨུ་ར་ཀ་ཋ(རྒྱུད་འགྲེལ་ན་རྡོ་རྗེ་ངོ་ཡིན་གྱིས། ཁས་བྱོས་ཤིག་ཅེས་བྱ་བ་གང་ཡིན་པ་ཡང་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་བར་མ་བྱེད་ཅིག་།མི་བདེ་བ་མ་སྤངས་པས་ཁྱོད་མི་འདྲ་བའི་ནད་ཀྱིས་དུས་བྱས་ནས་དམྱལ་བར་ལྟུང་བར་འགྱུར་ཏེ་རེ་ཞེས་སྨྲས་ལ། དེ་ནས་སློབ་མས ་སློབ་དཔོན་ལ་ཡོན་གྱི་མཆོག་ཕུལ་ཏེ་གསོལ་པ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་རློབས་ཤིག། །དཔལ་རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་བྱ་མཛོད་ཅིག་ཅེས་བརྗོད་ནས། །དེའི་སྙིང་གར་ལོ་ལས་བྱུང་བའི་སའི་དཀྱིལ་འཁོར་གྲུ ་བཞི་ལ?། ཁ་དོག་སེར་པོ་གྲུ་བཞིར་རྡོ་རྗེ་རྩེ་གསུམ་བས་མཚན་པ། དབུས་སུ་ཧཱུཾ་གིས་བྱིན་གྱིས་བརླབས་ཏེ་བསྒོམ་མོ། །མགྲིན་པར་ཆུའི་དཀྱིལ་འཁོར་བཾ་ལས་བསྐྱེད་པ་།དཀར་པོ་ཟླུམ་བོ་བུམ་པས་མཚན་པ་?་བྱིན་གྱིས་བརླབས ་བ་བསྒོ་སོ?། །དེ་ནས་སྤྱི་བོར་རླུང་གི་དཀྱིལ་འཁོར་ཡམ་ལས་བསྐྱེད་པ་ཁ་དོག་སྔོན་པོ་གཞུའི་དབྱིབས་འདྲ་བ་བདན་གྱིས་མཚན་བ། དབུས་སུ་ཧས་བྱིན་གྱིས་བརླབས་པ་བསམ་པར་བྱའོ། །རྐང་པའི་འོག་ཏུ་དྷ(རྒྱུད་འགྲེལ་སྟེང་དུ་རླུང་གི་དཀྱིལ་འཁོར་རོ། །དེའི་སྟེང་དུར་མ་དམར་པོ་ལས་བྱུང་བའི་མེའི་དཀྱིལ་འཁོར་ཟུར་གསུམ་པ་འབར་བའི་བདག་ཉིད་ཅན་བསམས་ཏེ་།དེའི་འོད་ཟེར་རབ་ཏུ་འབར་བའི་སྦྱོར་བ་དང་ལྡན་པ་དང། དྲིལ་བུའི་སྒྲ་སྒྲོག?་ཅིང?་དབང?་པར?་ཕྱོག? ་ཨོཾ་ཨཱ(རྒྱུད་འགྲེལ་ཁྱད་པར་གྱི་ཡི་གེ་ལ་དམིགས་ཏེ་དབབ་པར་གསུངས་སོ། །དེ་ཉིད་ཀྱི་དེས་སུ་ཤིན་ཏུ་ལྷའི་ང་རྒྱལ་གྱི་སྟོབས་ཀྱིས་དྲིལ་བུ་ལ་སོགས་པའི་སྒྲ་དང་ལྡན་པས་གར་གྱི་རོལ་མོ་བྱས་ལ། ཨོཾ་ལེ་ལེ་ལེ་ལེ་ཧཱུཾ་ཨཱ་ཞེས་བརྟེན་ཅིང་ཇི་སྲིད་མ་? ་གྱི?་བར་དུ་དབབ་བར་བྱའོ། །ཕེབས་པར་བལྟ་བ་ན་འདོད་ཆགས་རྡོ་རྗེའི་གཟུགས་སུ་བསམས་པ་།དེའི་ལྕེ་ལ་ཨ་དམར་པོ་བསྒོམ་པར་བྱའོ། །འདོད་ཆགས་རྡོ་རྗེ་རེ་གནས་པ། །?་ཤིག་རྡོ་རྗེར་དེ་མ?། །དེའི་རྗེས་སུ་ཉམས་སུ་མྱོང་བ་དྲིས་ལ། ཡེ་ཤེས་?་བས ་དེ་ལ་བརྟན་པའི་ཆོག་བྱའོ། །ོཾ་བཛྲ་ཏཥྛ་བཛྲ་ས་མ་ཡ་པྲ་ཏི་པཱ་ལི་ཏེ་ཏཱུ་ཧཱུཾ་ཧོ་ཧོ་སྭཱཧཱ། སྔགས་འདིས་ཡེ་ཤེས་བརྟན་པར་གྱུར་ནས་སེམས་དཔའ་བྱིན་གྱིས་བརླབ་པར་བྱའོ། །དཀྱིལ་འཁོར་དུ་ཞུགས་པ་ནི། དེ་རིང་བདེན་པའི་བྱིན་བརླབས་ཀྱིས། །ང་ཡིས་སློབ་མ ་བཀུག?་བྱས་ཏེ། ཇི་ལྟར་བསོད་ནམས་དེ་བཞིན་ལྷ། །རིགས་ཀྱི་རིམ་བ་འདི་ལའོ། །རིགས་གང་ནང་ན་འདི་བཟང་པོ། །དེ་འདྲའི་དཀྱིལ་འཁོར་འདི་ལ་ཕོག་།དེ་ནས་སློབ་མའི་མིག་ལམ་དུ་ཁ་དོག་གི་རྣམ་པ་དྲི་བར་བྱ་སྟེ་དཀར་པོ་དང། སེར་པོ་དང། དམར་པོ་དང། ནག་པོའི་འོད ་ཟེར་གྱི་རྣམ་བ་ཇི་ལྟར་ཡིད་ལ་བྱུང་བ་བཞིན་དུ་ཞི་བ་དང། རྒྱས་བ་དང། དབང་དང། དྲག་བོའི་ལས་བརྟན་པར་བྱའོ། །དེ་ནས་སྔོན་དུ་གཟུང་བ་མེ་ཏོག་གི་ཕྲེང་བ་ཧཱུཾ་གི་སྟོབས་དང། །པྲ་ཏཱིཙྪ་བཛྲ་ཧོ་ཞེས་བརྗོད་ལ་དོར་བར་བྱ་སྟེ་།མེ་ཏོག་བབས་བའི་ཚུལ་གྱིས་ན། ་དངོས་གྲུབ་དང་འབྲིང་བརྟག་པར་བྱའོ། །གང་ཞིག་ལྷའི་ཁྱད་པར་གྱིས། །?་དངོས་གྲུབ་ཁྱད་པར་བརྟག། བབས་པས་སངས་རྒྱས་དབུ་གཙུག་ཏོར། །ཕྱག་རྒྱ་ཆེན་བོའི་དངོས་གྲུབ་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །སྤྱན་ནམ་ཞལ་གྱི་ཐད་ཀར་ལ། ། ་གསང་སྔགས་བཟླམ་པའི་དངོས་གྲུབ་གྲུབ?། །སྐུ་ཡི་སྟོད་དུ་བབས་པ་ནི། །དེ་ཡི་དངོས་གྲུབ་མཆོག་ཏུ་བཤད། །གང་ཞིག་སྐུ་སྨད་མེ་ཏོག་བབ་།དངོས་གྲུབ་འབྲིད་ཞེས་ཐུབ་བར་གསུངས། །མཆོག་གིས་སངས་རྒྱས་ཐོབ་པ་ཡིན། །འབྲིད་གིས་དབང་ཕྱག ་ལ་སོགས་དང། །ཡང་ན་གཏེར་གྱི་དངོས་གྲུབ་འགྲུབ། །རིམ་པ་འདི་ཡིས་དངོས་གྲུབ་ནི། །བདག་མེད་མ་ལའང་དེ་ལྟར་བརྟག། འཁོར་ལོའི་ལྷ་རྣམས་ཐམས་ཅད་ལ། །མངོན་སུམ་དུ་ནི་ཤེས་པར་བྱ། །མེ་ཏོག་དོར་བ་བརྒྱ་ཞིག་ལ། །གཟུགས་ལས་རིང་བར ་?་བསམ་ནི། །དུས་?་གིས་ནི་དངོས་གྲུབ་འགྲུབ་།མེ་ཏོག་ཉེ་ན་དངོས་གྲུབ་ཀྱང། །དུས་འདི་ཉེ་བ་ཉིད་དུ་གསུངས། །གང་ཞིག་ལྟ་ཡི་རིགས་རྣམས་ལ། །བབ་བས་དེ་ཡི་སྔགས་སྦྱོར་བ། །སྐལ་ལྡན་བདག་པོ་ཡིན་པས་ན། །རིགས་མཐུན་མིང་ནི་བདག ་པར་བྱ། །དོར་བས་ལྷ་ཡི་མཚམས་སུ་ནི། །བབ?་ནག་ཁ་ཉེ་བ་ཡི། །དེ་ནི་བདག་པོའི་ལྷ་རུ་ཤེས། །མེ་ཏོག་དོར་བ་བརྒྱ་ཞིག་ལ། །འཁོར་ལོ་སྦབས?་ནས་ལྷུང་བ་དང། །དེ་ལ་དངོས་གྲུབ་བསྐལ་བ་ནི། །དཀྱིལ་འཁོར་ལྷ་ཡི་ཡོད་མ་ཡིན། །བྲེད་པར་བའི་མཚམས་སུ་ནི།། ་ལྷུང་ན་ཞི་བའི་སྦྱིན་སྲེག་ལ། །སྡིག་བསྲེགས་སྦྱོར་བ་སྔོན་འགྲོ་བས། །མེ་ཏོག་དོར་བ་བསྐྱར་པར་བྱ། །ཐེ་ཆོས་ཟ་ཞིང་མ་དད་ན། །མེ་ཏོག་དོར་དུ་མི་གཞུག་སྟེ། །དངོས་གྲུབ་སྐལ་བ་མེད་པའི་ཕྱིར། །མཚམས་སུ་མཉམ་པར་ལྷུང་བ་དང། །དཀྱིལ ་འཁོར་གྱི་ནི་ཕྱི་རོལ་ཏུ། །འཕར་ནས་ལྷུང་བར་གྱུར་པ་ལ། །ཤིས་པ་སྔོན་དུ་བྱས་ནས་ནི། །བློ་ལྡན་གྱིས་ནི་བསྦྱར་བར་བྱ། །མེ་ཏོག་དོར་བ་ཐམས་ཅད་དུ། །ཕོ་བྲང་དཀྱིལ་དུ་ཕོག་པ་ནི། །སྐལ་དང་ལྡན་པ་ཡིན་པའི་ཕྱིར། །རབ་འབྲིང་བྱེ་བྲག་ནམ་པ་ནི། །ཐིག་གི ་ཆ་ཡིས་རབ་ཏུ་ཕྱེ། དེ་ལྟ་བུ་ཡི་རིམ་པས་ནི། །ཡང་དག་བབ་པར་མ་གྱུར་པས། །ལན་གསུམ་བསྐྱར་བསམ་ཕོག་ན། །དེ་ལ་གཞུག་པའི་སྐལ་བ་མེད། །མེ་ཏོག་དོར་བའི་རིམ་པའོ། །དེ་ནས་མེ་ཏོག་བབ?་པའི་རིམ་པས་ལྷའི་བདག་ཉིད་ཤེས་པར་བྱས་ལ། མེ ་ཏོག་ཕྲེང་བ་གཟུང་ནས་སྔགས་འདི་བརྗོད་དེ་སྤྱི་བོར་བཏགས་ལ། པྲ་ཏེ་གྷི་ན་ཧ་ས་མི་མཾ་སྭ་ཏྭ་མ་ཧཱ་བ་ཡ། དེ་ནི་མེ་ཏོག་གི་ཕྲེང་བའི་དབང་ངོ། །དེ་ནས་སྟོང་མའི་མིག་ལ་ཨོཾ་འོད་ཟེར་དང་ལྡན་པའི་སྒོམས་ཏེ། །ོཾ་རྡོ་རྗེ་སེམས་དཔའ་དེང?་ཁྱོད་ཀྱིས། །མིག ་འབྱེད་པར་ནི་བརྩོན་པར་མཛད། །མིག་ནི་ཐམས་ཅད་ཕྱེ་མཛད་དེ། །རྡོ་རྗེའི་མིག་ནི་བླ་ན་མེད། ཅེས་བརྗོད་ལ་གདོང་གཡོགས་དགྲོལ་ཏེ། །དགྱེས་བ་རྡོ་རྗེའི་དཀྱིལ་འཁོར་བསྟན་པ་ནི། ཆེ་གེ་མོ་ཀྱེ་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་ལེགས་པར་ལྟོས་ཤིག ་ཅེས་བརྗོད་ལ་ལྷའི་མཚན་དང་སྐུ་མདོག་ལ་སོགས་པ་རིམ་པས་བསྟན་པར་བྱའོ། །དེ་ནས་སློབ་དཔོན་དགྱེས་པར་གྱུར་ནས་སློབ་མ་ལ་འདི་སྐད་བརྗོད་དོ། །ཀྱེ་དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །སྔགས་དང་ཕྱག་རྒྱའི་བྱིན་བརླབས ་ཀྱིས། ཁྱོད་ཀྱང་སངས་རྒྱས་རིགས་སུ་སྐྱེས། །མ་བྱུང་ཁྱད་པར་མཐོང་བའི་ཕྱིར། །བླ་མ་ལ་ཡང་གུས་པ་དང། །དམ་ཚིག་ཐམས་ཅད་བསྐྱེད་བ་དང། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །འོན་ཀྱང་རྡུགས་ཀྱི་སྲས་སུ་སྐྱེས། །དེ་ནས་སློབ་མས་བླ ་མའི་ཞབས་ལ་སྤྱི་བོས་ཕྱག་འཚལ་སྟྟ། །འདི་སྐྲད་བརྗོད་དོ། །ོཾ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་མཆོག་ཏུ་བདག་བཞུགས་སོ། །ོཾ་རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་ནི། །དཀྱིལ་འཁོར་ཆེན་པོ་དེ་རིང་མཐོང། །ོཾ་གཡས་པའི་དཀྱིལ་འཁོར་ཆེན་པོ་ནི། ། ་དཀྱིལ་འཁོར་དུ་ནི་བདག་དབང་བསྐུར། །འདི་ནི་སློབ་མ་དཀྱིལ་འཁོར་དུ་གཞུག་པའི་རིམ་བའོ། །དེ་ནས་སློབ་དཔོན་གྱི་སློབ་མ་ཤིས་པར་བྱ་བའི་ཕྱིར་དཀྱིལ་འཁོར་གྱི་ཤར་སྐོར་མཎྜལ་གྱི་ཐོག་དུ་བཞག་ལ། བཀྲ་ཤིས་པའི་གླུ་འདི་བརྗོད་པར་བྱའོ། །ཕུན་སུམ་ཚོགས ་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ། །བཀྲ་ཤིས་དེས་ནི་སྐྱེས་བུ་རྣམས་ལ་ཞི་བྱེད་དང་པོའོ། །དེ་ཡིས་ཉེ་པར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག ་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེད་གུ་རྣམས་ལ་ཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པའི་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཆུས། །ལྷ་དང་མི་དང་ལྷ་མ་ཡིན་གྱིས་མཆོད་པའི ་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །དེ་ནས་སློབ་མ་མེ་ཏོག་དང་ལྡན་པས་གསུལ་བ་གདབ་པར་བྱའོ། །བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཇི་ལྟར་མཆོད་ཆེན་གསོལ ་མཛད་པ། །བདག་ཀྱང་རབ་ཏུ་?་པའི་ཕྱིར། །ནམ་མཁའ་ཨི་རྡོ་རྗེ་བདག་ལ་རྩོལ། །ཞེས་གསོལ་བ་བཏབ་ནས། པདྨ་འདབ་མ་བརྒྱད་པའི་སྟེང་དུ་སློབ་མ་བཞག་ལ། མི་བསྐྱོད་པར་དམིགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དགྱེས་པ་རྡོ་རྗེའི་གཟུགས་སུ ་གྱུར་ནས། །རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་རིག་པའི་ཚོགས་ཀྱིས་གཟུང་སྟེ། སློབ་མ་ལ་དབང་བསྐུར་བར་དམིགས་ཏེ། རྡོ་རྗེ་ཆེན་པོར་དབང་བསྐུར་པར། །ཁམས་གསུམ་གྱིས་ནི་ཕྱག་བྱས་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་གསང་བ་གསུམ་ལས་བྱུང་ནས་ནི། །དེང་ཁྱོད་ལ་ནི་དབང་བསྐུར་རེ། །རྡོ་རྗེ་ཁུ་ཚུར་གྱིས་བུམ་པ་གཟུང་སྟེ། དབང་བསྐུར་བ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བརྗོད་ལ་འཁོར་ལོ་ས་?་དབང་བསྐུར་རོ། །རིམ་པ་འདི་ལྟར་རྣམ་པར་རྒྱས་བའི་བུམ་པའོ།། ་གཉིས་པས་ནི་གཽ?་རིལ་སོགས་པའི་ཕྱོགས་བཞི་དང། པུཀྐ་སི་ལ་སོགས་པའི་མཚམས་ཀྱི་བུམ་པས་དབང་བསྐུར་བར་བྱ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ནི་ཆུའི་དབང་ངོ། །དེ་ལ་སློབ་མ་རིན་ཆེན་རྒྱལ་པོར་དམིགས་ཏེ། དེའི་སྤྱི་བོར་གསར?་ལ་སོགས ་པའི་དབུ་རྒྱན་གྱིས་དེའི་རིགས་ཀྱི་ལྟར་དམིགས་ནས་དབང་བསྐུར་བར་བྱའོ། །གོང་གི་སྔགས་དང་ཚིག་གིས་དབང་བསྐུར་ཞིང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ནས་དབུ་རྒྱན་ལ་བསྟིམ?་མོ། །འདི་ནི་མཉམ་པ་ཉིད་གྱི་ཡེ་ཤེས་ཀྱི་རང་བཞིན་དེ་? ་རྒྱན་གྱི་དབང་ངོ། །དེ་ནས་སློབ་མ་སྣང་བ་མཛའ་ཡས་ཀྱི་གཟུགས་སུ་དམིགས་སོ། །རྡོ་རྗེ་རྩེ་ལྔ་པ་ལ་སྣང་བ་མཛའ་ཡས་བསྐྱེད་ལ། །སངས་རྒྱས་རྣམས་ཀྱི་རྡོ་རྗེའི་དབང། །མི་ཕྱེད་རྡོ་རྗེ་འོད་གསལ་བ། །སངས་རྒྱས་ཐམས་ཅད་འདུས་པ་ཡི། །དམ་ཚིག་འགྱུར?་གནས་སྐོར ་བྱུང་པ། །རྡོ་རྗེ་འདི་ནི་གཟུང་བར་གྱིས། ཞེས་པ་དང། སྤྱི་བོ་དང། མགྲིན་པ་དང། སྙིང་ག་དང། རྒྱབ་ཏུ་གཏུགས་ནས་ལག་ཏུ་རྡོ་རྗེ་བྱིན་ཏེ། སྔོན་བཞིན་དུ་དབང་བསྐུར་རོ། །དེས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་རྡོ་རྗེའི་དབང་ངོ། །དེ་ནས་སློབ་མངོན་ཡོད ་གྲུབ་པའི་གཟུགས་སུ་དམིགས་ལ་དྲིལ་བུ་དོན་ཡོད་གྲུབ་པར་བསྐྱེད་དེ། ལག་བ་གཡོན་པར་བྱིན་པ་དང། རྡོ་རྗེ་དང་དྲིལ་བུ་དང་ལྡན་པའི་ལག་པས་ཀུན་ནས་འཁྱུད་དེ། །ོཾ་བཛྲ་ཨ་དྷི་པ་དྷི་ཏྭཾ། ཨ་བྷི་ཥིཉྩ་མི། ཏིཥྛ་བཛྲ་ས་མ་ཡ་སྟཝཾ་ཞེས་བརྗོད་ལ། སྔོན་བཞིན་དབང ་བསྐུར་བར་བྱ་བ་ཐུབ་པའི་ཡེ་ཤེས་ཏེ་དྲིལ་བུའི་དབང་ངོ། །རྡོ་རྗེ་དང་དྲིལ་བུ་ཡོངས་སུ་དཀྲོལ་ནས་བདག་པོའི་དབང་བསྐུར་ཏེ། སློབ་མ་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་དམིགས་ལ། རྡོ་རྗེ་དང་དྲིལ་བུ་སྤྱི་བོར་གཟུང་སྟེ། ཨོཾ་བཛྲ་སཏྭ་སྟཝཾ་ཨ་བྷི་ཥིཉྩ་བཛྲ་ནཱ་མ་བྷི ་ཥེ་ཀེ་ཊ་ཞེས་བརྗོད་ནས་དབང་བསྐུར་ཏེ་ཀྱེ་དཔལ་རྡོ་རྗེ་ཆེ་གེ་མོ་དཀྱིལ་འཁོར་ཆེན་པོ་འདིར་མིང་གི་དབང་བསྐུར་བས། མ་འོངས་པའི་དུས་སུ་མིང་འདི་ཞེས་བྱ་བའི་རྡོ་རྗེ་འཆར་དུ་འགྱུར་རོ། །དེ་ནི་ཆོས་ཀྱི་དབྱིབས་ཀྱི་?་ཀྱི་རང་བཞིན་གྱི་དབང་རོ། །དབང་དེ་དག་གིས་སྔགས ་དང་རྒྱུད་རྟན་པ་དང། བསྒྲུབ་པར་བྱ་བའི་ཆོ་ག་ཐམས་ཅད་གནང་བ་དང། སྒྲུབ་ཐབས་ལ་སོགས་པ་ཐམས་ཅད་བཤད་པར་གནང་ངོ། །དེ་དག་གིས་ནི་སྒྲུབ་པ་པོའི་དབང་སྟེ། རིག་པའི་དབང་ལྔའོ། །རིག་པ་ནི་མ་རིག་པ་སྤངས་ཤིང་ཡེ་ཤེས་ལྔ་ཐོབ་པས་ན་རིག་པའི ་དབང་ངོ?། །གང་དང་གང་དག་སྣང་བ་ནི། །རང་བཞིན་གཙོ་བོ་ཧེ་རུ་ཀ་།ཆོས་ནི་སོ་སོར་དག་བ་སྟེ། སངས་རྒྱས་ཡེ་ཤེས་དེ་ལྟར་བལྟ། །རིག་དབང་ཐུན་མོང་བྱང་ཆུབ་སྟེ། །ཡང་དག་རྫོགས་པའི་སངས་རྒྱས་ཀྱི། །ཁྱད་པར་བྱང་ཆུབ་ཐོབ་མི་འགྱུར། །དེ་ལ་མ་འོངས་པའི ་དུས་སུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པས་སློབ་དཔོན་གྱི?་དབང་བླང་བར་བྱ་སྟེ། ཐུན་མོང་གི་སྡོམ་པ་དང་ལྡན་པས། ཁྱད་པར་གྱི་སློབ་དཔོན་གྱི་སྡོམ་པ་སྔོན་དུ་འགྲོ་བས་རྡོ་རྗེ་བརྟུལ་ཞུགས་སྦྱིན་པར་བྱ་སྟེ། ལུང་བསྟན་པ་དང་རྗེས་སུ་གནང་བ་ནི་མ ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། །ཕྱིར་མི་ལྡོག་པའི་སའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཡང་གང་ཟག་གི་ཁྱད་པར་གྱི་མོས་པའི་སྔ་ནས་ལུང་བསྟན་པ་དང་དབུགས་དབྱུང་བ་ཡང་ཇི་ལྟར་རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་བསྐུར་བའི་དུས་སུ་ལུང་བསྟན་པ་དང་དབུགས་དབྱུང་བ་ཙམ ་?་ཞིང་?་ནམ་ཡིན་ནོ། །ཞེས་སློབ་དཔོན་ཁ་གཅིག་གིས་དེ་ལྟར་གསུངས། །གཞན་ཡང་སློབ་དཔོན་ཁ་ཅིག་གི་ནི་མོས་པ་གཙོ་བོར་བྱས་ཏེ་རྗེས་སུ་གནང་བ་ཡང་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་ལྔས་སྦྱིན་པར་གསུངས་སོ། ། ་དོན། །??་རང་རང་གི་ལྔའི་ཕྱག་རྒྱ་ལ་བསླབ་སྟྟེ། ?་བའི་སྔགས་སམ་སྙིང་པོའི་སྔགས་བརྒྱ་རྩ་བརྒྱད་བཟླས་ལ་སློབ་མ་?་གནང་བ་སྦྱིན་ནོ། །སངས་རྒྱས་ཐམས་ཅད་ཉིད་འགྱུར་བའི། །ལམ་མཆོག་འདི་ལ་བདག་གིས་ནི། །?་ཁྱོད་ཡན་དག་གཞུག ་བར་བྱ། །ཇི་ལྟར་གསུངས་པའི་རིམ་པའི་ཆོགས། །ཁྱོད་ལ་རྗེས་སུ་གནང་བ་སྦྱིན། །དེ་ནས་སློབ་མས་འདི་སྐད་བརྗོད། །བཅོམ་ལྡན་རྡོ་རྗེ་འཆང་གི་ཐུགས། །རིག་པ་འདི་ནི་བདག་གིས་བཟུང། །ཞེས་བརྗོད་པ་དང་།རྗེས་སུ་གནང་བའི ་སྔགས་ལ་བཟླས་བ་བརྒྱ་རྩ་བརྒྱད་བྱས་ཏེ། སློབ་དཔོན་གྱིས་སློབ་མ་ལ་བསྒོ་བ། །སྔགས་དང་ཕྱག་རྒྱ་དང་ཡེ་ཤེས་དང་བདག་གི་དེ་ཁོ་ན་ཉིད་མི་ཤེས་པ་དང། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་མི་ཤེས་པ་དང། དཀྱིལ་འཁོར་མ་མཐོང་བ་ལ་སྟོན་པར་? ་ཅིག། ཁྱོད་དང་གང་ལ་བསྟན་པ་དེ་ཉིད་ཆགས་སྡང་གིས་ཞུགས་ཤིང་བསྟན་པ་ཡིན་པས་ནད་མྱལ་བར་ངེས་པར་ལྟུང་བར་འགྱུར་རོ། ཞེས་སློབ་མ་ལ་བསྒོ་བར་བྱའོ། །རིག་པའི་དབང་གི་ཡན་ལག་གི་ཆོ་གའོ། །དེ་ནས་སློབ་མས་རིག་པའི་དབུང་ཐོབ་པ་དང་སློབ ་དཔོན་ཀྱི་སྡོམ་པ་ག་དྲུང?་ནས། བླ་མའི་ཞབས་ལ་ཕྱག་འཚལ་ནས་ཡོན་ཕྱི་མཆོག་ཕུལ་ཏེ་གསོལ་བ་གདབ་བར་བྱའོ། །བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་གསོལ་བ་ལྟར། །བདག་ཀྱང་རབ་ཏུ་བསྐྱབ?་པའི་ཕྱིར། །ནམ་མཁའ་ཨི་རྡོ་རྗེ་བདག་ལ ་རྩལ། ཞེས་གསོལ་བ་ཡན་ལག་གསུམ་དུ་བཏབ་ནས། དཀྱིལ་འཁོར་དུ་གཞུག་པར་བྱ་བ་ནི་དཀྱིལ་འཁོར་ཆེན་པོའི་ཤར་སྒོར་པདྨ་འདབ་མ་བརྒྱད་པ་བྲིས་པའི་སྟེང་དུ་ཁྱད་པར་གྱི་ཁྲི་བཤམས་ནས། དེར་སློབ་མ་བཞག་ལ། བདག་ཉིད་ལྷའི་རྣལ ་འབྱོར་དང་ལྡན་པའི་ཐུགས་ཀ་ནས་འོད་ཟེར་ནམ་མཁའ་ཨི་ཁམས་སུ་སྤྲོས་ཏེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཉེ་རུ་ཀའི་སྐུར་བསྒོམས་ཏེ། མཆོད་པའི་ཁྱད་པར་རྣམས་དང། གདུགས་དང། རྒྱལ་མཚན་དང། བ་དན་དང། སྒྲ་སྣ་ཚོགས་དང། ་བཀྲ་ཤིས་ཀྱི་གླུ་སྣ་ཚོགས་བརྗོད་པ་དང་ལྡན་པས་སྤྱན་དྲངས་ཏེ། དེ་དག་གིས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་བཀང་བ་ཐོགས་ནས་དབང་བསྐུར་བར་དམིགས་ལ། ཚིག་འདིས་དབང་བསྐུར་བར་བྱའོ། །སངས་རྒྱས་རྣམས་ཀྱི་ཐུགས་རང ་བཞིན། །རྡོ་རྗེ་ཆེན་པོས་དབང་བསྐུར་བས། །ཁམས་གསུམ་གྱིས་ནི་ཕྱག་བྱས་ཏེ། །སངས་རྒྱས་ཐམས་ཅད་འདུས་པ་ཡི། །གསང་བ་གསུམ་ལྡན་དབང་མཆོག་འདི། །ཁྱོད་ལ་ཡང་ནི་སྦྱིན་པར་བྱའོ། ཞེས་བརྗོད་ནས་པདྨའི་སྣོར་?་ལ་དབང་བསྐུར་བར་བྱའོ། །དེ་ནས ་འདི་ལྟར་སློབ་མ་ལ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང། ལྟའི་དེ་ཁོ་ན་ཉིད་དང། །སློབ་དཔོན་གྱི་ལས་དང་བྱ་བ་བསྟན་པར་བྱའོ། །སྙིང་པོ་རྣམ་པར་དག་པ་ལེན་པ་དང། །ཏིང་ངེ་འཛིན་ཡོངས་སུ་གཟུང་བ་དང། ལོངས་སྤྱོད་རྫོགས་པའི་སྐུའི་མཚན་ཉིད་བསྟན་པའི་ཕྱིར་དཀྱིལ ་འཁོར་རོ། །སེམས་ཀྱི་སྣང་བ་རང་བཞིན་གྱིས་དག་པའི་ཕྱིར་གཞལ་ཡས་ཁང་ངོ།། །།སེམས་མཉམ་པར་བཞག་པའི་ཕྱིར་གྲུ་བཞིའོ། །བྱམས་པ་དང། སྙིང་རྗེ་དང། དགའ་བ་དང། བཏང་སྙོམས་ཀྱི་རྣམ་པར་དག་པས་ཐག་བཞིའོ། །ཆོས ་རྗེས་སུ་དྲན་པས་ཐིག་གོ། །བདེན་པའི་སྐུ་ལོག་པར་བལྟ་བ་དང། དམན་པའི་ལོག་པར་བལྟ་བ་དང། ཚུལ་ཁྲིམས་ལ་འཇུག་པ་ལོག་པར་བལྟ་བ་དང། །ང?་དག་པ་ལས་ལོག་པར་བལྟ་བ་སྤངས་པའི་ཕྱིར། མ་བྲན་གྱི་ཐིག་རྣམས་སོ། །སྡོམ་པ་དང་སེམས་ཅན་གྱི་དོན་བྱེད་པ་དང ་དགེ་བའི་ཆོས་སྐུར་པ་སྟེ། དེ་དག་གི་ཚོགས་ཀྱི་རྣམ་པར་དག་པ་ནི་རྒྱན་སྣ་ཚོགས་པའོ། །དད་པ་དང་བརྩོན་འགྲུས་དང། དྲན་པ་དང། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་སེམས་ཁ་དོག་ལྔའོ། མི་དགེ་བའི་ཆོས་སྐྱེས་པ་སྤོང་བ་ནི་ཤར་ཕྱོགས་ཀྱི་རྟབས?་སོ། །མི་དགེ ་བའི་མ་སྐྱེས་པ་མི་?་པ་ནི་ལྷོ་ཕྱོགས་ཀྱི་རྟ་བབས་སོ། །དགེ་པའི་ཆོས་མི་སྐྱེས་བསྐྱེད་པ་ནི་ནུབ་ཕྱོགས་ཀྱི་རྟ་བབས་སོ། །དགེ་བའི་ཆོས་སྐྱེས་པ་བསྲུང་བ་ནི་བྱང་ཕྱོགས་ཀྱི་རྟ་བབས་སོ། །ལུས་དང། ཚོར་བ་དང་སེམས་དང་ཆོས་དྲན་བ་ཉེ་བར་གཞག་པའི་རྣམ་པར་དག ་པ་ནི་འདོད་ཡོན་གྱི་སྣམ?་བུའོ། །བཟོད་པ་དང་ཆོས་དང་དོན་དང་སྔགས་ཡོངས་སུ་འཛིན་པའི་རྣམ་པར་དག་པས་ནི། ལྷ་མས?་ལ་གནས་པའི་ལྷ་མོའི་ཚིགས་གྲུ་མ་གར་མའོ། །སྟོང་པ་ཉིད་ཀྱི་རྣམ་པར་ཐར་པ་ནི་ཤར་གྱི་སྒོའོ། །མཚན་མ་མེད་བའི་རྣམ་པར་ཐར ་བ་ནི་ལྷོའི་སྒོའོ། །སྨོན་པ་མེད་པའི་རྣམ་པར་ཐར་པ་ནི་ནུབ་ཀྱི་སྒོའོ། །མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པ་ནི་བྱང་གི་སྒོའོ། །སྤྱོད་བ་དང་རྫུ་འཕྲུལ་གྱི་རྐང་བ་ནི་ཤར་ཕྱོགས་ཀྱི་རིན་པོ་ཆེའི་ག་རྟེན་གཉིས་སོ། །བརྩོན་འགྲུས་དང་རྫུ་འཕྲུལ་གྱི་རྐང ་པ་ནི་ལྷོ་ཕྱོགས་ཀྱི་རིན་པོ་ཆེའི་ཀ་རྟེན་གཉིས་སོ། །སེམས་དང་རྫུ་འཕྲུལ་གྱི་རྐང་པ་ནི་ནུབ་ཕྱོགས་ཀྱི་རིན་པོ་ཆེའི་ཀ་རྟེན་གཉིས་སོ། །འདུན་པ་དང་རྫུ་འཕྲུལ་གྱི་རྐང་པ་ནི་བྱང་ཕྱོགས་ཀྱི་རིན་པོ་ཆེའི་ཀ་རྟེན་གཉིས་སོ། །ཀུན་ལ་སྙོམས་པར་བརྩེ་བ་དང་བསོད་ནམས་དང་ཡེ་ཤེས ་ཀྱི་ཚོགས་རྫོགས་པའི་ཕྱིར་བུམ་པ་གང་བའོ། །དྲན་པ་དང་ཆོས་རྣམ་པར་འབྱེད་པ་དང་ཤིན་ཏུ་སྦྱངས་པ་དང། བརྩོན་འགྲུས་དང་དགའ་བ་དང། ཏིང་ངེ་འཛིན་དང་བཏང་པོ་ནས་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ། མེ་ཏོག་གི་ཕྲེང་བའོ། །སྒྲིབ་པ་ཐམས་ཅད་སྤངས་པ ་དང་ཏིང་ངེ་འཛིན་པ། ཤེས་རབ་ཡོངས་སུ་རྟོགས་པ་དང། དེ་བཞིན་གཤེགས་པའི་ལམ་གྱི་ཡེ་ཤེས་ཀྱི་རྣམ་པར་དག་པ་ནི་རླུང་ཡབ་པོ། །ཉོན་མོངས་པའི་ས་བོན་བཅོམ་པའི་ཕྱིར་དང་ཉོན་མོངས་པ་དང་བྲལ་ཏེ་དྲ་བའོ། །ཉེ་བའི་ཉོན་མོངས་པ་བཅོམ་ཞིང་བྲལ་བ་སྟེ་དྲ་བ་ཕྱེད་བའོ ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་བའི་རྣམ་པར་དག་བ་ནི་མེ་ལོང་ངོ། །འགྲོ་བ་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་ངོ་བོར་དབྱེར་མི་ཕྱེད་པའི་ཕྱིར་དང། །འཁོར་བའི་སྐྱོན་གཉིས་མ་གོས་པའི་ཕྱིར་པདྨའོ། །སེམས་ཅན་ཐམས་ཅད་ལས་འབྱུང་བའི་སོ་སོ་ཡང་དག་པར་མ་སྐྱེས ་བའི་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་དག་པ་ནི་?་བའོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལས་བྱུང་བའི་ཤེས་རབ་ཡེ་ཤེས་ནི་ཉི་མའི་དཀྱིལ་འཁོར་རོ། །འདོད་པའི་ཡོན་ཏན་ལྔ་ཡང་དག་པར་ལམ་དུ་ཁྱེར་བའི་ཕྱིར་དང། གཟུགས་ལ་སོགས་པའི་མངོན་པར་ཤེས་པ་སྤངས ་བའི་ཕྱིར་ན་འདོད་ཡོན་ཀྱི་སྣམ་བུའོ། །ཆོས་ཀྱི་དབྱིངས་ཤིན?་ཏུ་རྣམ་པར་དག་བའི་ཡེ་ཤེས་ཀྱི་རྒྱུ་མཐུན་པ་ཡིན་པའི་ཕྱིར་མཆོད་པའི་ཁྱད་པར་རོ། །བག་ཡོད་པ་དང་ངོ་ཚ་ཤེས་པའི་ཕྱིར། སྣ་ཚོགས་བའི་རལ་གྲིས་བརྒྱན་པའོ། །འདུལ་བས་ཁྱད་པར་དུ་བྱས་བའི་ཆོས ་དང་མདོ་སྡེ་དང་དབྱང་སུ་སྦྱན་པའི་སྡེ་དང། ལུང་དུ་བསྟན་པའི་སྡེ་དན། ཚིགས་སུ་བཅད་པའི་སྡེ་དགན། ཆེད་དུ་བརྗོད་པའི་སྡེ་དང། རྟོགས་པ་བརྗོད་པའི་སྡེ་དང། སྐྱེས་པ་རབས་ཀྱི་སྡེ་དང། ཤིན་ཏུ་རྒྱས་པའི་སྡེ་དང། དེ་ལྟར་གསུང་རབ་ཡན་ལག་བཅུ་གཉིས་རྣམ་པར ་དག་པ་ནི་རླུང་གིས་བསྐྱེད་པའི་བདེན་ལ་དྲིལ་བུའི་སྒྲ་སྒྲོག་པའོ། །ཤའི་སྤྱན་དང། ལྷའི་སྦྱིན་དང། ཤེས་རབ་ཀྱི་སྤྱན་དང། ཆོས་ཀྱི་སྤྱན་དང། སངས་རྒྱས་ཀྱི་སྤྱན་གྱི་རྣམ་པར་དག་པ་ནི་པཉྩ་ར་ཁའོ། །དེ་ལྟར་བདག་མེད་མའི་དཀྱིལ་འཁོར་གྱི་དེ་ཁོན་ཉིད་ཀྱང ་ཤེས་པར་བྱའོ། །གཞན་ཡང་ཁྱད་པར་འདི་ཡོད་དེ། ཡན་དག་པའི་ལྟེ་བ་དང། ཡང་དག་པའི་རྟོག་པ་དང་ཡང་དག་པའི་དགའ་བ་དང། ཡང་དག་པའི་ལས་ཀྱི་མཛའ་ཨོ་?་དག་པའི་འཚེ་བདག་ཡང་དག་བའི་རྩལ་?་ཡང་དག་པའིདྲན་པ་དག་ཡང་དག་པའི་ཏིང་ངེ་འཛིན་? ་འཕགས་བའི་ལག་ཡན་ལག་བརྒྱད་ཀྱིས་རྣམ་པར་དག་པ་ནི་ཀ་བརྒྱད་དོ། །ཐམས་ཅད་དུ་བཅིང་བ་ལྔ་རྣམ་པར་གྲོལ་བའི་ཕྱིར་དང། རྫོགས་བའི་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་ལྟ་བུའི་ལམ་གྱི་ཆོས་ཀྱི་འཁོར་ལོ་བསྐྱོར་བའི་ཕྱིར་ཀ་བ་བརྒྱད་ཀྱི་སྟེང་དུ་རྡོ་རྗེའི ་ཕྲེང་བའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་བདག་མེད་པར་མཚོན་པའི་ཕྱིར་དུར་ཁྲོད་ཆེན་པོ་བརྒྱད་དོ། །དཀྱིལ་འཁོར་ཀྱི་དེ་ཁོ་ཧྣ་ཉིད་དོ། །གཟུགས་ཀྱི་སྐྱེ་མཆེད་དང་?་རང་བཞིན་སོ་སོའི་རྣམ་པར་དག་པ་ནི་གཽ་རཱིའོ། །སྒྲའིསྐྱེ་མཆེད་དང་ཐུགས་ཀྱི་ཨོརང ་བཞིན་སོ་སོའི་རྣམ་པར་དག་པའི?། ?སྐྱེ་མཆེད་དང་གསུང་གི་རང་བཞིན་སོ་སོའི་རྣམ་པར་དག་པ་ནི་རོ་ལངས་མའོ། །རོའི་སྐྱེ་མཆེད་དང་ཡེ་ཤེས་ཀྱི་རང་བཞིན་སོ་སོའི་རྣམཔར་དག་པ་ནི་གྷ་སྨ་རཱིའོ། །སའི་ཁམས་དང་སྐུའི་དེ་ཁོན་ཉིད་ཀྱི་ཡེ་ཤེས་ཀྱི ་རྣམ་པར་དག་པ་ནི་པུཀྐ་སཱིའོ། །ཆུའི་ཁམས་དང་གསུང་གི་དེ་ཁོན་ཉིད་ཀྱི་ཡེ་ཤེས་ཀྱི་རྣམ་པར་དག་པ་ནི་ཤ་བ་རཱིའོ། །མེའི་ཁམས་དང་ཐུགས་ཀྱི་དེ་ཁོན་ཉིད་ཀྱི་ཡེ་ཤེས་ཀྱི་རྣམ་པར་དག་པ་ནི་ཙོཎྜ་ལཱའིའོ། །རླུང་གི་ཁམས་དང་དེ་ཁོན་ཉིད་ཀྱི་ཡེ་ཤེས་ཀྱིས་ ་རྣམ་པར་དག་པ་ནི་ཌོཾ་པི་ཙཱིའོ། །ཅི་ལྟར་གསུངས་པའི་ཡེ་ཤེས་རྣམ་པར་དག་པའི་བྲས་བུ་དང། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་བླ་ན་མེད་པའི་བྱང་ཆུབ་ཀྱི་བདག་ཉིད་དཔལ་དགྱེས་པའི་རྡོ་རྗེའོ། །བདག་མེད་པའི་དཀྱིལ་འཁོར་ལ་ནི་རེག ་པའི་སྐྱེ་མཆེད་དང། ཤེས་རབ་ཡེ་ཤེས་ཀྱི་དབང་པོའི་རང་བཞིན་ནི་ས་སྦྱོང་མའོ། །ཆོས་ཀྱི་སྐྱེ་མཆེད་དང་དད་པ་དང་བརྩོན་འགྲུས་དང། དྲན་པ་དང་ཏིང་ངེ་འཛིན་དང། ཤེས་རབ་ཀྱི་སྟོབས་ཀྱི་རང་བཞིན་གྱིས་རྣམ་པར་དག་པ་ནི་མཁས་སྤྱོད་མའོ། །དང་པའི ་དབང་པོའི་རང་བཞིན་ནི་གཽ་རཱིའོ། །བརྩོན་འགྲུས་ཀྱི་དབང་པོའི་རང་བཞིན་ཙོ?་རཱིའོ། །དྲན་པའི་དབང་པོའི་རང་བཞིན་ནི་བེཏྟཱ་ལཱིའོ། །ཏིང་ངེ་འཛིན་གྱི་དབང་པོའི་རང་བཞིན་གྷསྨ་རཱིའོ། །རབ་ཏུ་དགའ་བ་དང། དྲི་མ་མེད་པ་དང། འོད་བྱེད་པའི་རང་བཞིན་ནི་པུཀྐ ་སཱིའོ། འོད་འཕྲོ་བ་དང། སྦྱར?་དཀའ་བ་དང་མངོན་དུ་གྱུར་པའི་རང་བཞིན་གྱིས་ནི་ཤ་བ་རཱིའོ། །རིང་དུ་སོང་བ་དང་མི་གཡོ་བའི་རང་བཞིན་གྱིས་ནི་ཙཎྜཱ་ལཱིའོ། །ལེགས་པའི་བློ་གྲོས་དང་ཆོས་ཀྱི་སྤྲིན་གྱི་རང་བཞིན་ནི་ཌོ་བི་ནཱིའོ། །གཟུགས་ཀྱི་ཕུང་པོ ་དང་མིག་གི་སྐྱེ་མཆེད་དང་གཏི་མུག་ཆེན་པོ་རྣམ་པར་དག་པའོ། །སངས་རྒྱས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་རྡོ་རྗེ་མའོ། །ཚོར་བའི་ཕུང་པོ་དང། སྣའི་སྐྱེ་མཆེད་དང་ང་རྒྱལ་ཆེན་པོ་དག་པའི་སངས་རྒྱས་ཀྱི་མ་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི ་གསང་བའི་གཽ་རཱི་མའོ། །འདུ་ཤེས་ཀྱི་ཕུང་པོ་དང་ལྕེའི་དབང་པོ་དང། །འདོད་ཆགས་ཆེན་པོ་རྣམ་པར་དག་པའི་སངས་རྒྱས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ནི་ཆུའི་རྣལ་འབྱོར་མའོ། །འདུ་བྱེད་ཀྱི་ཕུང་པོ་དང་ལུས་ཀྱི་སྐྱེ་མཆེད་དང་ཕྲ་དོག ་ཆེན་པོ་དག་པའི་སངས་རྒྱས་ཀྱིས་བྱ་བ་གྲུབ?་པའི་ཡེ་ཤེས་ཀྱི་རང་བཞིན་ནི་རྡོ་རྗེ་མཁའ་འགྲོ་མའོ། །རྣམ་པར་ཤེས་པའི་ཕུང་པོ་དང། ཡིད་ཀྱི་སྐྱེ་མཆེད་དང་ཞེ་སྡང་ཆེན་པོ་དག་པའི་སངས་རྒྱས་ཀྱིས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནི་བདག་མེད་མའོ ་དེ་དག་ནི་ལྷའི་དེ་ཁོ་ན་ཉིད་དོ། །ཕྱི་དང་ནང་གིས་ཡོངས་སྦྱང་བ་ལ་སོགས་པ་ནི་སློབ་དཔོན་གྱིས་ལས་དང་བྱ་བའོ། །དེ་ནས་དམ་ཚིག་གསུམ་དང་ལྡན་པ་ནི་རྡོ་རྗེ་བརྟུལ་ཞུགས་ཀྱི་སྣོད་དུ་རུང་བ་ཡིན་ཏེ། རྡོ་རྗེར་བྱིན་གྱིས་བརླབས་ནས། སངས་རྒྱས་ཀུན་གྱིས་བསྔགས ་པ་ནི། ཡེ་ཤེས་ལྔ་ལྡན་རྡོ་རྗེ་ནི། །ཁྱོད་ལ་ཡང་དག་སྦྱིན་པར་བྱ། །ཧཱུཾ་གིས་ཐུགས་ཀར་ཡང་དག་གཟུང། །གསུང་རྣམས་སྒྲ་བརྙན་ལྟ་བུ་སྟེ། །རྟོག་པ་མེད་པས་སྣ་ཚོགས་སྒྲ། །བརྗོད་བའི་ཡུལ་ལས་རྣམ་པར་འདས། །དྲིལ་བུ་གསུང་གི་རང་བཞིན་ཏེ། །ད?་ནི་ཁྱོད་ཀྱིས ་གཟུང་བར་གྱིས། །འདི་ནི་གསུང་གི་དམ་ཚིག་པས། ཡི་གེ་ཨཱ(རྒྱུད་འགྲེལ་ལྟར་དམ་ཚིག་གསུམ་ལྡན་ན། །རྡོ་རྗེ་བརྟུལ་ཞུགས་སྦྱིན་པར་བྱ། །ཡི་གེ་ཧཱུཾ་ལས་སྐྱེས་པ་ཡི། །རྒྱུ་འབྲས་རྡོ་རྗེ་སེམས་རང་བཞིན། །ཆོག་ཚང་ནས་སློབ་མ་སྦྱིན། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའ་ཨི་ལག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ ་འཆར། །རྡོ་རྗེ་སེམས་དཔའ་ཨི་བརྟུལ་ཤུགས་བརྟན། །ཐོག་མཛའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་ཨི་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག། ཁྱོད་ཀྱིས་རྟག་ཏུ་ཆར་བར་གྱིས། །འདི་དག་བརྗོད་ནས ་སློབ་མའི་ལག་ཏུ་སྦྱིན་པར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཨེ་ཥ་ཏྭཱཾ་དྷར་ཡ་མི། །ཧི་ཧི་ཧི་ཧི་ཧཱུཾ། འདིས་རྡོ་རྗེ་འཛིན་དུ་གཞུག་སྟེ། རྡོ་རྗེ་བརྟུལ་ཞུགས་བརྟན་པའོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་སྒྲ་ཡི་རྗེས་འགྲོད་བཤད།། ་ཁྱོད་ཀྱིས་ཀྱང་ནེ་རྟོག་ཏུ་བཅད། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ཆོས་ཀྱི་སྒྲ་ནི་ཁྱོད་ཀྱིས་བསྒྲོགས། །སྲིད་པ་རང་བཞིན་གྱིས་དགེ་ཕྱིར། །ངོ་བོ་མེད་པ་དངོས་མེད་བྱས། །རང་བཞིན་དག་ལ་སེམས་དཔའ་རྣམས། །དམ་བའི་སྲིད་པ་བྱེད་པར་ཤོག། དེ་དག་གིས ་ནི་རྡོ་རྗེའི་བརྟུལ་ཞུགས་སྦྱིན་ཏེ། དྲིལ་བུའི་དེ་ཁོ་ན་ཉིད་འཛིན་དུ་བཅུག་ལ་?་ཁར་བྱའོ། །དེ་ནས་ལྷག་པའི་ལྷའི་ཕྱག་རྒྱས་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ལ། གཟུགས་སོགས་སུ་ཡི་དམ་ཚིག་གིས། །གསང་སྔགས ་Fམཚང་མེད་པར་བཟླ། །རང་གི་རིག་པའི་ངོ་བོ་སྟེ། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །ཁྱོད་ཀྱིས་ཨོཾ་གྱིས་གཟུང་བར་ཀྱིས། །དེ་ལྟར་ཁོན་ཉིད་གསུམ་བསྟན་ཏོ། །དེ་ནས་ཕྱག་རྒྱ་དྲུག་གིས་དབང་བསྐུར་ལ། ལུང་བསྟན་བའོ། །བདག་ཉིད་གཙོ་བོ? ་རྒྱལ་དུ་བྱས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཞིང་མངོན་སུམ་དུ་བྱས་ལ། ལག་པ་གཡོན་བའི་ཁུ་ཚུར་གྱིས་ཆོས་གོས་ཀྱི་ཐ་མ་སྙིང་གར་གཟུང་སྟེ། ལག་པ་གཡས་པ་སྐྱབས་སྦྱིན་དུ་བྱས་ལ། ཤར་ལ་སོགས་པའི་གོ་རིམས་ཀྱིས་ལུང་བསྟན་པར? ་བྱའོ། ཨོཾ་རྡོ་རྗེའི་རིགས་མཆོག་ཆེན་པོ་ཡི། །དེ་བཞིན་གཤེགས་པ་ཐམས་ཅད་དང། །མགྲིན་པ་གཅིག་ཏུ་ལུང་བསྟན་ཏོ། །འདི་ལྟར་ང་ཡིས་ལུང་བསྟན་ནས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པའི་མཛའ་ཉིད་བསྒྲུབ་པའི་ཕྱིར། །སྲིད ་པ་ངན་འགྲོ་རྣམས་ལས་འགྲོས། །ཀྱེ་དེ་བཞིན་གཤེགས་པ་ཆེ་གེ?་མོ་ཞེས་བྱ་བ་འདི། །ཏ་ཐཱ་ག་ཏ་སིདྡྷ་བྷུར་བྷུ་བ་སྭ(རྒྱུད་འགྲེལ་གྲགས?་པ་འགྲོ་བ་ཀུན་གྱི་བདག། ཕྱག་རྒྱ་ཆེན་པོའི་བདག་ཉིད་ལ། །བླ་ན་མེད་པའི་བྱང་ཆུབ་ཏུ། །བདེ་གཤེགས་ཀྱིས་ཀྱང་ལུང་བསྟན་མཛོད། །དེ་ལ་འདི་ལྟར་བསྟན་ཏེ། སྔགས་དང་ཕྱག་རྒྱ་ཡིས་རྡོ་རྗེ་འཆད་གི་གོ་འཕང་དུ་གྱུར་པའི་ཕྱིར།། ་བསྟན་པར་བྱ་བའི་ལུང་བསྟན་བའོ། །དེ་ནས་དམ་ཚིག་གསུམ་དང་ལྡན་པར?་དབུགས་དབྱུང་བར་བྱ་སྟེ། གསང་མཆོག་དཀྱིལ་འཁོར་དམ་པ་ནི། །མཐོང་བ་དང་ནི་ཞུགས་གྱུར་བས། །སྡིག་པ་ཀུན་ལས་ངེས་པར་གྲོལ། །ཁྱེད་རྣམས་དེ་ཉིད་ལེགས་པར་གནས ་བདེ་ཆེན་ཐེག་པ་འདི་ལས་ནི། །སླར་ཁྱོད་འཆི་བ་ལ་སོགས་མེད། །མི་ཚུགས་པ་དང་མཆོག་འབྲས་བུ། །ཅིས་ཀྱང་མི་ཚུགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །དམ་པའི་སྲིད་པ་བསྒྲུབ་པའི་ཕྱིར། །སྔོན་པའི ་མཆོག་ཏུ་གྱུར་པ་ཡིན། །དམ་ཚིག་སྡོམ་པ་གྲུབ་པ་འདི། །རྟག་ཏུ་ཁྱོད་ཀྱིས་བསྲུང་བར་གྱིས། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དམ་པ་རྟག་པའི་བཀའ་ཡིན་ནོ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་དོགས་མེད་པའི། །བྱང ་ཆུབ་སེམས་ནི་གཏང་མི་བྱ། །ཕྱག་རྒྱ་རྡོ་རྗེ་གང་ཡིན་པ། །དམ་པའི་ཆོས་ནི་མི་སྤང་ཞིང། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པ་འམ་རྨོངས་པ་ལ། །ཚུལ་ཆེན་བསྟན་པར་མི་བྱའོ། །བདག་ཉིད་ཡོངས་སུ་སྤངས་ནས་སུ། །དཀའ་ཐུབ་ཀྱིས་ནི་མ་གདུངས་ཤིང།། ་ཅི་བདེ་བར་ནི་གཟུང་བར་བྱ། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་རྣམས། །ནམ་ཡང་ཡོངས་སུ་མི་དོར་ཞིང། །སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །སངས་རྒྱས་ཚུལ་མཚུངས་བླ་མ་ཡི། །སློབ་དཔོན་ལ་ནི་གང་སྨོད་པ ་དེ་ནི་སངས་རྒྱས་ཀུན་སྨད་པས། །རྟག་ཏུ་སྡུག་བསྔལ་ཐོབ་འགྱུར་ཏེ། །རིམས་དང་དུག་དང་དབྱིག་དུག་ནང། །མཁའ་འགྲོ་རྣམས་ཀྱི་ཆད་པ་དང། །གནོད་དང་ལོག་འདྲེན་གཏུམ་པོ་ཡས། །བསད་ནས་སེམས་ཅན་དམྱལ་བར་ལྷུང། །དེ་བས་ནན་ཏན་ཐམས་ཅད་ཀྱིས། ་རྡོ་རྗེ་སློབ་དཔོན་བློ་?་ཆེ། །དགེ་བ་རབ་ཏུ་མི་སྦྱོམས་པ། །ནམ་ཡང་སྨོད་བར་མི་བྱའོ། །བླ་མ་ལ་ནི་བུས་བཅས་ཡོན། །རྗེས་མཐུན་ཁྱོད་ཀྱིས་དབུལ་བར་བྱ། །དེས་ནི་རིམས་སོགས་གནོད་པ་རྣམས། །ཕྱིར་ཡང་འབྱུང་བར་མི་འགྱུར་རོ། །རྟག་ཏུ་རང་གི་དམ ་ཚིག་བསྲུང?། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་ཡང་དབུལ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །དེ་ཕུལ་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་ཕུལ་བ་ཉིད་དུ་འགྱུར། །དེ་ཕུལ་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཐོབ ་འགྱུར། །གང་ཕྱིར་འདི་ནི་ལེགས་གནས་པས། །དེང་ཁྱོད་ཉེ་བར་འབྲས་བུར་གནས། །དམ་ཚིག་ལྷ་རྣམས་ཀུན་མཉམ་པར། །དེང་ཁྱོད་འགྱུར་བར་ཐེ་ཚོམ་མེད། །སངས་རྒྱས་རྡོ་རྗེ་འཛིན་བཅས་པ། །ཀུན་གྱིས་དེང?་ཁྱོན ་དབང་བསྐུར་བས། །ཁམས་གསུམ་གྱི་ནི་རྒྱལ་ཆེན་པོ། །རྒྱལ་པོའི་བདག་པོར་བསྟན་པ་ཡིན། །དེང་ནི་བདུད་ལས་རྣམ་རྒྱལ་ཏེ། གྲོང་ཁྱེར་མཆོག་ཏུ་རབ་ཏུ་བཞུགས། །ཁྱོད་རྣམས་ཀྱིས་ནི་སངས་རྒྱས་ཉིད། །དེ་ཉིད་ཐོབ་པར་ཐེ་ཚོམ་མེད། །དེ་ལྟར་ཡང་ནི ་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་ཟད་བདེ་ཆེན་བསྟེན་པར་གྱིས། །དོང་འདིར་འགྲོ་བ་མྱུར་ཏེ་རྡོ་རྗེ་སེམས་དཔའ་དང། རབ་ཏུ་མཉམ་ཞིང་རྟག་པ་ཉིད་དུ་རྟོགས་པར་འགྱུར། །གཞན་ཡང་དམ་ཚིག་བཅུ་བཞི་བསྟན། །དེ་ལྟར་སློབ་མ་མཉེས ་ཤིན་པས། །བླ་མའི་ཞབས་ལ་ཕྱག་འཚལ་ཏེ། །གཙོ་བོས་འདི་ལྟར་བཀའ་སྩལ་བའི། །གསུང་གི་རེ?་བཞིན་བཀའ་བགྱིད་དོ། །ཞེས་པ་ནི་དབུགས་དབྱུང་བ་སྦྱིན་པའོ། །དེ་ནས་རྗེས་སུ་གནང་པ་སྦྱིན་པ་ནི། །དེ་ནས་རང་གི་ལྷའི་རྣལ་འབྱོར་དང་ལྡན་པས ་གསེར་གྱི་ཐུར་མ་ལང་སྔགས་ཏེ། བདག་གི་ཐུགས་ཀའི་འོད་ཟེར་དང་མཚུངས་པར་ཡེ་ཤེས་ཀྱི་མིག་སྨན་གྱིས་མིག་དབྱེ་བར་བརྩམ་པར་བྱའོ། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །མིག་གིས་རབ་རིབ་ཉེས་པ་རྣམས། །ཇི་ལྟར་སྨན་མཁན་རྒྱལ་པོ་ལྟར། །དེ ་བཞིན་རྡོ་རྗེ་སེམས་དཔའ་ཡིས། །སྦྱོར་བར་?་བསལ་བར་བྱ། །ོཾ་བཛྲ་ནཻ་ཏ་ཡ་ཨ་བ་ཧ་ར་ཕ་ཊ་ལ་ཧྲཱ(རྒྱུད་འགྲེལ་བསྟན་ལ། །ཆོས་ཐམས་ཅད་ཀྱི་རང་བཞིན་བསྟན་པ་ནི། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་བྱུང། །དེ་བཞིན་ཉིད་ལས་ངེས་པར་སྐྱེས། །ངོ་བོ་ཉིད་མེད་གནས ་མེད་པ། །འདི་ལྟར་ཆོས་རྣམས་ཐམས་ཅད་ཤེས་།རང་བཞིན་མེད་ཅིང་གཞི་མེད་པས། །སེམས་ཅན་དོན་ནི་མཉམ་མེད་བྱོས། །སྐྱོབ་པ་རྣམས་ཀྱི་མཆོག་ཏུ་འགྱུར། །དེ་ནས་དྲིལ་བུ་དཀྲོལ་ཞིང་མེ་ལོང་གི་གཟུགས་བརྙན་བསྟན་ལ། །ཆོས་ཐམས་ཅད་ཀྱི་དེ་ཁོ་ན ་ཉིད་འདི་ལྟར་ཤེས་པར་གྱིས་ཤིག་།ཅེས་བཀའ་བསྒོལ་ཚིག་འདི་བརྗོད་པར་བྱའོ། །ཐམས་ཅད་ནམ་མཁའ་ཨི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་ཕྱིར། །ཀུན་གྱི་མཆོག་ནི་མཉམ་ཉིད་གསལ། །རྡོ་རྗེ་སེམས་དཔའ་ ་མེ་ལོང་ལྟོད། །དག་ཅིང་གསལ་བ་དྲི་མ་མེད། །སངས་རྒྱས་ཀུན་གྱི་བདག་ཉིད་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་གནས། །གང་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོའི་བྱང་ཆུབ་སེམས་དཔའ་ནི་འདི་ཡིན་པར་ཤེས་པར་གྱིས་ཤིག། ཅེས་བརྗོད ་ལ་མེ་ལོང་སྙིང་གར་གཏུག་གོ། དེ་ནས་ཧོ་ལས་སྐྱེས་པའི་གཞུ་ལག་ཏུ་བྱིན་ལ། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་བསྒྲུབས་ཤིག། བདུད་བཞི་རྣམ་པར་འདུལ་བར་གྱིས་ཤིག། ཅེས་མགོ་ལ་ཕྱོགས་བཞིར་གཞིར་གཞུ་བཞི་དགང་བར་བྱའོ། །སྟེང་དང ་འོག་ཏུ་ཡང་ངོ། །དེ་ནས་ཨོཾ་བཛྲ་ཧེ་རུ་ཀྲ་མི་ཞེས་པས་འཁོར་ལོ་རྐང་པ་གཉིས་ཀྱི་བར་དུ་བཞག་ལ་ཨོཾ་བཛྲ་བྷ་ཥ་རཱཾ་ཞེས་པས་དུད་ལག་པ་གཡས་སུ་སྦྱིན། དབྱངས་ཀྱི་ཡི་གེ་དང་པོ་ལས་གླེགས་བམ་དང། དབྱངས་ཀྱི་ཡི་གེ་ཐ་མ་ལས་དྲིལ ་བུར་གྱུར་བ་ལས་ལག་པ་གཡོན་དུ་བྱིན་ལ་འདི་སྐད་བརྗོད་དོ། །འདི་ནས་བརྩམས་ཏེ་སེམས་བསྐྱེད་པ་ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་པར་གྱི་ཤིག། དེ་རིང་ཕན་ཆད་འཇིག་རྟེན་ལ། །སྐྱོབས་པ་རྣམས་ཀྱི་འཁོར་ལོ་བསྐོར། ་ཆོས་ཀྱི་དུད?་ནི་བླ་མེད་པ། །ཀུན་ཏུ་མ་ལུས་གང་བར་གྱིས། །སོམ་ཉི་ཡིད་གཉིས་མི་བྱ་ཞིང། །དོགས་པ་མེད་པའི་སེམས་ཀྱིས་སུ། །གསང་སྔགས་སྤྱོད་པའི་ཚུལ་གྱིས་མཆོག། འཇིག་རྟེན་འདི་ལ་རབ་ཏུ་བསྒྲོགས། །དེ་ལྟར་བྱས་ནས་སངས་རྒྱས་ལ། །ཕན ་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང། །ཀུན་ཏུ་ཁྱོད་ལ་སྲུང་བར་བྱེད། །གཞན་ཡང་གོ་རིམས་ཇི་ལྟ་བའི་འཁོར་ལོས་བསྒྱུར་བའི་སྤྱོད་པ་དང་ལྡན་པར་བྱས་ལ། །སེམས་ཅན་རྣམས་ལ་ཕན་འདོད་ཕྱིར། །འཇིག་རྟེན་ཁམས? ་ནི་ཐམས་ཅད་དུ། །ཇི་ལྟར་ཇི་ལྟར་འདུལ་འབྱུར་བའི། །དེ་ལྟར་ཆོས་ཀྱི་འཁོར་ལོ་བསྐོར། །ཆོས་ཀྱི་གནས་སུ་རྡོ་རྗེ་དང། །རིན་པོ་ཆེ་དང་པདྨ་དང། །འཕྲིན་ལས་འཁོར་ལོ་རྣམས་གོ་རིམས། །ཚིགས་བཤད་འདི་ཡི་རིམ་པ་ལས། །ཤལོ་ཀ་ནི་ལྔ་པོ་ཡིས། །རྗེས་སུ ་གནང་བ་སྦྱིན་པའོ། །དེ་ལ་བརྟུལ་ཞུགས་པ་ལ་སོགས་པའི་རྗེས་སུ་གནང་བ་སྦྱིན་པའི་བར་དུ་དབང་བཞི་པ་རྫོགས་ནས་སྦྱིན་ཟེར་བ་ཡང་ཡོད་དོ། །དེ་ལ་སྐབས་འདིར་ནི་བཞི་བའི་རིམ་པའི་སྔོན་དུ་འགྲོ་ཞེས་གསུངས་སོ། །དེ་ནས་སློབ་མ་ལ་བསང་གཏོར་ལ་སོགས་པ་བྱས ་ཏེ། སློབ་དཔོན་རྡོ་རྗེ་སློབ་དཔོན་གྱིས། །མཚན་ཉིད་ཐམས་ཅད་རྫོགས་བྱས་ལ། །སློབ་མའི་ལག་པ་གཡས་བར་ནི། །ཕྱག་གདུབ་སྔགས་ཀྱི་བསྲུང་པ་གདགས། །སྟེང་དུ་གདུགས་ནི་གཟུང་བྱ་སྟེ། །རྡོ་རྗེ་དྲིལ་བུ་འཛིན་པ་ཡིས། །དཀྱིལ་འཁོར་བསྐོར་བ་གསུམ་བྱས་ལ།། ་ཕྱག་རྒྱ་དྲུག་གིས་དབང་བསྐུར་ལ། །དེ་རིང་འདི་ལྟར་སློབ་མ་ཡིས། །རྒྱུད་ཀྱི་དོན་རྣམས་འཛིན་འགྱུར་ཏེ། །གདུགས་བསལ་ནས་ནི་སློབ་མ་ལ། །གཟེར?་བསྟོད?་ཕྱིར་ནི་འདི་སྐད་བརྗོད། །ད་ནི་དཀྱིལ་འཁོར་སློབ་དཔོན་གྱུར། །གསང་སྔགས་རྒྱུད་ཀྱང་འཛིན་པར་འགྱུར།། ་སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །ལྷ་རྣམས་ཀུན་གྱིས་བཀུར་བར་འགྱུར། །སེམས་ཅན་རྣམས་ལ་བརྩེ་བའི་ཕྱིར། །ཁྱོད་ཀྱིས་དཀྱིལ་འཁོར་ཆོག་བཞིན། །ནན་ཏན་སྐྱེད་དེ་བྲི་བར་བྱེ་སྒྲུབ་པ་པོ་ཡང་རྒྱུད་ལ་སྦྱོར། །དེ་ནས་རང་སྔགས་བརྒྱ་རྩ་བརྒྱད། །བཟླས ་ནས་སྔགས་འདི་ཁྱོད་ལ་སྦྱིན། །སྔགས་འདི་རྒྱལ་བ་ཀུན་ལ་ཉེ། །ཞེས་བརྗོད་ལ་སྦྱིན་བར་བྱའོ། །སློན་མས་ཀྱང་བཅོམ་ལྡན་བདག་གིས་ལེགས་པར་གཟུང། །སྔགས་ཀྱི་དངོས་སྒྲུབ་ཉེ་བར་འགྱུར། །སྔགས?་གཟུང?་སྟེ་བཟླས་པར་བྱའོ། །དེ་ནས་སློབ་མ་ཕྱག་རྒྱ་བཞི་བསྟན ་པར་བྱ་བའི་ཕྱིར། །འདི་སྐད་བརྗོད་དོ། །ཁྱེད་ཀྱི་དུས་འདི་ནས་གཟུང་སྟེ། ཕྱག་རྒྱ་བཞི་མི་ཤེས་པ་འམ། ཕྱག་རྒྱ་གཅིག་མི་ཤེས་པ་ལ། །ཕྱག་རྒྱ་གཅིག་ཀྱང་བསྟན་པར་མ་བྱེད་ཅིག་ཅེས་བསྒོའོ། །དེ་ཅིའི་ཕྱིར་ཞེ་ན། །སེམས་ཅན་དཀྱིལ་འཁོར་མ་མཐོང་བ་དང་དཀྱིལ་འཁོར་དང ་ཕྱག་རྒྱལ་རྗེས་སུ་མ་ཞུགས་པའི་ཕྱིར། །ཡོབ?་བའི་འབྲས་བུ་ལ་ཐེ་ཚོམ་དུ་གྱུར་པ་ཡིན་པས་དེ་དག་ལ་བསྟན་པར་མི་བྱའོ། །གལ་ཏེ་བསྟན་པར་བྱས་ན་སྒྲོ་འདོགས་དང་སྐུར་བའི་རང་བཞིན་དུ་འགྲོ་བའི་ཕྱིར། །མནར་མེད་པའི་སེམས་ཅན་དམྱལ་བར་ལྟུང་བ་ཡིན་པས་ན། དེ་ལྟ་བུ? ་ལ་སྟོན་པར་མ་ཀྱང?་ཅིག་ཅེས་བསྒོའོ། །འདི་དག་ནི་ཐུན་མོང་གི་སློབ་དཔོན་གྱི་དབང་ངོ། །ཁྱད་པར་གྱི་ལག་པ་རྡོ་རྗེ་དྲིལ་ལྡན་པས་ཤེས་རབ་དྲིལ་བུ་དེ་ཉིད་ནི། བཅུ་དྲུག་ལོན་པའི་ཤེས་རབ་ཏུ། །དམིགས་ཏེ་ལག་བས་ལེགས་འཁྱུད་ནས། །མཚན་ཉིད་ཐམས་ཅད་ཡོངས ་རྫོགས་པ། །དེ་ནི་སློབ་དཔོན་ཡིན་པར་བཤད། །དེ་ནི་འཇིག་རྟེན་ལས་འདས་པ་སློབ་དཔོན་གྱི་དབང་ངོ། །སློབ་དཔོན་གྱི་དབང་དེ་ཉིད་ནི་ཕྱིར་མི་ལྡོག་པའི་དབང་ཞེས་ཀྱང་བྱ། །རྡོ་རྗེ་སློབ་དཔོན་གྱི་དབང་ཞེས་ཀྱང་བྱའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སློབ་དཔོན ་གྱི་དབང་ཞེས་བྱའོ། །དེ་ལ་རིག་པའི་དབང་དང་སློབ་དཔོན་གྱི་དབང་གིས་ནི་བུམ་པའི་དབང་ཞེས་བྱ་སྟེ། དབང་ཐམས་ཅད་ཀྱི་དུས་སུ་ཁྱད་པར་དང་ཐུན་མོང་གི་བུམ་པས་དབང་བསྐུར་བའི་ཕྱིར་བུམ་པའི་དབང་ཞེས་བྱའོ། །དེས་ནི་ལུས་ཀྱི་སྒྲིབ་པ་དག་ཅིང། སྐུའི་དབང་ཐོབ་པ་དང། སྤྲུལ་བའི ་སྐུའི་རང་བཞིན་ཡིན་པས་བུམ་པའི་དབང་ཞེས་བྱའོ། །སློབ་དཔོན་མཆོག་གི་དབང་ཕྱུག་གིས། །སློབ་དཔོན་དབང་བསྐུར་ཚར་ནས་ནི། །གསང་དབང་སྐལ་ལྡན་གང་ཞིག་ལ། །དེ་ལ་དམ་ཚིག་སྦྱིན་བྱ་སྟེ། །མཆོག་གི་སྡོམ་པ་འཛིན་དུ་གཞུག། མི་ལ་སོགས་པའི་ཤ་ལྔ་དང། །བདུད་རྩི་ལྔ་ཉིད ་བསྟེན་བྱས་ན། །དཀྱིལ་པ་རྡོ་རྗེའི་དངོས་གྲུབ་ཐོབ། །གཞན་གྱིས་སྲོག་ཀྱང་བཅད་པར་བྱ། །བརྫུན་གྱི་ཚིག་ཀྱང་སྨྲ་བྱ་ཞིང། །མ་བྱིན་བར་ཡང་བླང་བྱ་སྟེ། །གཞན་གྱི་བུད་མེད་རྟ་བ་ཏུ་བསྟེན། །སེམས་ནི་རྩེ་གཅིག་བརྟན་བྱ་སྟེ། །མ་རིག་ལས་འབྱུང་སེམས་འཁྲུལ་བསད། །དངོས ་ཀུན་རང་བཞིན་མེད་པའང། །འཇིག་རྟེན་སྒྲོལ་ཕྱིར་བརྫུན་དུ་སྨྲ། །རང་གི་བདེ་བ་མི་སྤོད་ཞིང། །རྟོགས་དཀའ་ཨི་ཡེ་ཤེས་ཐོབ་པའི་ཕྱིར། །མ་བྱིན་པ་ཉིད་བླང་བ་ཡིན། །སྤྲོས?་བྲལ་མ་སྐྱེས་བཙུན་མོ་ནི། །རྟོགས་པས་གཞན་གྱི་བུད་མེད་བསྟེན། །ཡང་དག་རྫོགས ་པའི་སངས་རྒྱས་ཀྱིས། །དེ་དག་དམ་ཚིག་ཡིན་པར་གསུངས། །བཟང་པོ་མཚན་ཉིད་ལྡན་པ་ཡིས། །དམ་ཚིག་དེ་དག་ལེགས་པར་གཟུང། །ད་ནས་མཚད་པ་རྣམ་ལྔ་ཡིས། །ཁྱད་པར་ཀུན་དང་ལྡན་བྱས་ལ། །དངོས་གྲུབ་སྡོམ་པ་ལྡན་བའི་ཕྱིར། །སློབ་དཔོན་གྱིས་ནི་སློབ་མ་མཆོད།། ་དེ་ཉིད་དམ་ཚིག་སྦྱིན་པ་ཡིན། །དེ་ནས་སློབ་མས་སློབ་དཔོན་ལ། །ཚོགས་ཀྱི་འཁོར་ལོ་ཕུལ་ནས་ནོ། །སློབ་མས་རིག་པ་བརྒྱད་པོ་འདི། །མ་བདང་སྲིད་མོ་ཉིད་དང་ནི། །བུ་མོ་དང་ནི་ཚ་མོ་དང། །དེ་བཞིན་ཞིང་པོའི་ཆུང་མ་དང། །མ་ཡི་སྤུན་ཟླ་སྒྱུག་མོ་དང། །དེ་བཞིན་ཕ་ཡི་ས?་མོ་ཉིད ་རིག་མ་བརྒྱད་དུ་རབ་ཏུ་གྲགས། །ལྷ་མོ་བརྒྱད་ཀྱི་རང་བཞིན་ཏེ། །བསྒྲུབས་ན་དངོས་གྲུབ་འབྱིན་པའོ། །དེ་ནས་རིག་མ་བརྒྱད་པོ་དེ་དག་དང་མི་ལྡན་ན། རིགས་ལྔའི་རང་བཞིན་དུ་གྱུར་བའི་རིག་མ་རྡོ་རྗེས་ལ་སོགས་པ་གང་དང་ལྡན་པ་དབུལ་བར་བྱའོ། །གར་མ་ཆོས་མ་?་མོ ་དང། གཏུམ་མོ་དང་ནི་བྲམ་ཟེ་མོ། །དེ་བཞིན་གཤེགས་པའི་རིགས་ལས་སྐྱེས། །རིག་པ་ལྟར་ནི་རབ་ཏུ་བཤད། །དེ་དག་རྣལ་འབྱོར་པས་མཆོད་བྱ། །དམ་དུ་འཁྱུད་དང་ལོ་བྱས་ཏེ། །དེ་ལ་ཆགས་པའི་རོལ་པ་བྱ། །རྡོ་རྗེ་པདམོ་སྦྱོར་བ་ཡིས། །དེར་ནི་ཆག་ནི?་བྱ་སྟེ། །ཤ་དང?་ཤ ་ཆེན་བཟའ་བར་བྱ། །དེ་ལ་བཏུང་བའི་སྟོན་མོ་སྦྱིན། །དེ་ནས་ཡང་ནི་མཆོད་པར་བྱ། །དེ་ནས་ཐུན་ཚད་གཉིས་པ་ལ། །སློབ་མ་ནང་དུ་གཞུག་པར་བྱ། །རང?་ཀྱིས་མིག་ནི་དག་པ་བྱས་ལ། །སྦྱིས་ནི་དཀྱིལ་འཁོར་བསྟན་བྱས་ཏེ། །ས་ལུ་སྐྱེས་མཆོད་སྦྱར་བ་དང། །ཆང་གིས་རྣལ་འབྱོར ་མ་མཆོད་བྱ། །བདེ་ཆེན་དུམ་བུ་གཅིག་པར་ན། །བདུད་རྩི་དང་བཅས་ཆང་གིས་བཀང། །སྐལ་ལྡན་ཆེན་པོས་སློབ་དཔོན་དང། །སྔོན་པ་ཉིད་ལ་མཆོད་བྱས་ཏེ། །བདག་ཀྱིད?་དགྱེས་པ་ཆེན་པོ་ཡིས། །ཕྱག་འཚལ་ནས་ནི་བཏུང་བར་བྱ། །སྦྱིན་དང་ལེན་པའི་ཕྱག་རྒྱ་ནི། །པདྨ་ལྟ་བུ་གྱི ་བྱས་ཏེ། ཡང་དང་ཡང་དུ་ཕྱག་འཚལ་ཡིན། །མ་དང་ཚ་མོ་སྒྱུག་མོ་དང། །ཞང་པོའི་ཆུང་མ་དག་ལ་ནི། །མཆོད་ན་དངོས་གྲུབ་མྱུར་དུ་ཐོབ། །སེམས་ལ་རྟོག་པ་མེད་པའི་ཕྱིར། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་འདོད་པའི་ཡོན་ཏན་ལྔའི་ཚོགས་ལ་སྤྱོད་དེ། རྣལ་འབྱོར་དང་རྣལ་འབྱོར ་མའི་ཚོགས་ཐམས་ཅད་འདོད་པའི་རོལ་བས་ཡོངས་སུ་སྤྱོད་དེ། མཆོད་པའི་ཁྱད་པར་ཐམས་ཅད་དང་ལྡན་པས་རྡོ་རྗེའི་གླུ་ལ་སོགས་པའི་དགྱེས་པའི་སྦྱོང་པ་ཐམས་ཅད་རྫོགས་ན་བར་བྱས་ནས། །ཚོགས་ཀྱི་འཁོར་ལོ་ཡོངས་སུ་བསྡུས་ཏེ། དེ་ནས་ཡོལ་བ་ལ་སོགས་པས་ས ་ཕྱོགས་དཔེན་པར་བྱས་ལ། བླ་རེ་དང་རླུང་ཡབ་ཀྱིས་ཕྱོགས་བཞིར་བརྒྱན་པར་བྱས་ལ། བདེ་ཞིང་འཇམ་པའི་སྟན་བཏིང་སྟེ། ས་ཕྱོགས་དེ་དྲི་ཞིམ་པོའི་སྤོས་དང་མར་མེ་ཕྱོགས་བཞིར་བལྟམ་པར་བྱའོ། །དེ་ལྟ་བུར་སློབ་དཔོན་དང་ལས་ཀྱི་ཕྱག་རྒྱ་བཞུགས་ཏེ། རིག་མེད ་རྣམས་ཀྱི་མཆོག་ཏུ་གྱུར་པའམ། སློབ་དཔོན་གང་ལ་དང་བ་ནི་སྐྲ་འཇམ་ཞིང་འཁྱིལ་བ་དང། ཞལ་མཛེས་ཤིང་དྲི་ཞིམ་པོར་བྱུགས་པ་དང་མིག་དཀྱུས་རིང་བ་དང། མདོག་སྔོ་བས?་སུ་གྱུར་པ་ནུ་པའི་མཚམས་འབྲེལ་བ་དང། རོ་སྟོད་ཆེ་ཞིང་རྐེད་སྐབས་འཕྲ་བ་དང ་གཟུགས་དང་ལང་ཆོས་རྣམ་པར་བརྒྱན་པ་དང། རིགས་མཐོ་ཞིང་སྙིང་རྗེ་དང་ལྡན་པ་དང་བརྟན་ཞིང་དབང་དང་ལྡན་པ། ཏིང་ངེ་འཛིན་གྱི་བདག་ཉིད་དང་མི་འབྲལ་བ། སྣ་ཚོགས་པའི་གིས་དན་རྒྱན་གྱིས་བརྒྱན་པ། སི་ཧཱ?་དང་ག་པུར་བྱུགས་ལ། ཡང་ན་ཇི་ལྟར་རྙེད ་པའི་རིག་མགོ་བཅུ་གཉིས་ལོན་པ་འམ། ལོ་བཅུ་དྲུག་པའམ། སློབ་མས་སློབ་དཔོན་ལ་ཕུལ་ལ་དེ་ལྟ་བུའི་རིགས་ཡོངས་སུགྱུར་སྟེ། ཁྱད་པར་གྱི་རས་དང་མེ་ཏོག་གི་ཕྲེང་བས་བརྒྱན་ཞིང། ཁྱད་པར་གྱི་ཕྱུག་པ་ཡིད་འཕྲོག་པས་ལས་ལ་བྱུགས་ཏེ། བདེ་བ་བསྒྲུབ ་པའི་དོན་དུ་འགྱུར་པར་བྱས་ལ། དེ་ནས་རིག་པ་དང་ལྡན་པའི་སློབ་དཔོན་མཐོང་མཆོད་པ་རྣམ་པ་ལྔ་དང། འདུགས་དང། རྒྱལ་མཚན་དང། བདན་དང་ཁྲིལ་བུ་དང། སྣ་ཚོགས་པའི་རས་དང། རྒྱན་སྣ་ཚོགས་དང། ཆང་དང། ཤ་ལ་སོགས་བ་དེ་ལྟ་བུའི་མཆོད་པ་སྣ་ ་ཚོགས་ཀྱི་ཁྱད་པར་གྱིས་མཆོད་ནས་བསྟོད་པ་བྱ་སྟེ། ཀྱེ་ཀྱེ་གཙོ་བོ་བཅོམ་ལྡན་འདས། །ཞི་བ་ཆེན་པོའི་བདག་ཉིད་ཅན། །རྡོ་རྗེའི་རྣལ་འབྱོར་མཆོག་འགྱུར་ཏེ། །ཕྱག་རྒྱ་ཆེ་དང་གཉིས་མེད་པའི། །རྡོ་རྗེའི་རྣལ་འབྱོར་བདག་ལས་སྐྱེས། །ཡང་དག ་དོན་མཆོག་ཁྱོད་ལྟ་བུས། །བདག་ཀྱང་གཙོ་བོའི་བཀའ་དྲིན་ཕྱིས། །འཁོར་བའི་སྡུག་བསྔལ་འདམ་ནས་ནི། །འདྲེན་པ་ཁྱོད་ཀྱིས་བསྐྱབ་བར་མཛོད། །ཅེས་གསོལ་ཏེ། དེ་ནས་སློབ་དཔོན་གྱིས། རིག་མ་ལ་ཚེམས་ཀྱིས་མ་མཆུ་བཞིབ་པར་བྱས་ཏེ། ནུ་མ་གཉིས་ལག ་བས་གཟུང་ནས་པདྨའི་ནང་དུ་ལག་པས་རེག་ལ། རྐང་པ་གཉིས་ཕྲག་གོང་དུ་བཞག་སྟེ། འདོད་པ་མཐར་ཕྱིན་པར་སྤྱོད་ཅིང་བདེ་བ་རྒྱས་པར་བྱའོ། །ཇི་སྲིད་བདེ་བ་མ་འཕེལ་གྱི་བར་དུ་ཀུནདུ་རུའི་འདེབས་བསྒྲུབ་པར་བྱའོ། །དེ་ཁོ་ན་ཉིད་ཀྱི་བདག་ཉིད་རྟོགས་པར ་བྱས་ལ། བདེ་བ་སྐྱེ་བའི་དུས་སུ། ཀྱེ?་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་བསྟོད་ནས། །ལྷའི་རྣལ་འབྱོར་མངོན་དུ་བྱས་ལ། ཤེས་རབ་མ་དང་སློབ་མའི་གདོང་བཅིངས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་བས་གང་བ། །ཟླ་བ་ལྟ་བུར་རྒྱས་པ། ་ཀུནད?་རུའི་སྦྱོར་བས་རྡོ་རྗེ་ནོར་བུའི་ནང་དུ་ཕྱིན་པ་དང། རྒད་པོ་དང་མིང་མེད་ཀྱིས་གཟུང་ནས་སློབ་མའི་ཁང་དབབ་པར་བྱའོ། །དེ་ནས་འདི་ལྟར་བརྗོད་པར་བྱ་སྟེ་།ཅི་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས། བདེ་བ་ཐམས་ཅད་རྫོགས་བྱེད་པའི། །བྱང་ཆུབ ་སེམས་དཔའ་སྲས་བཅས་ལ། །དམ་པའི་དོན་དུ་དབང་བསྐུར་སྦྱིན། །དེ་བཞིན་བདག་གིས་གསང་བའི་དབང། །བསྐུར་བ་བཞིན་དུ་ལེགས་པར་གཟུང། །དེ་ནས་སློབ་མས་ལེགས་པར་བརྟགས་ཏེ། ཐོབ་པ་དང། ཨོཾ་ཧཾ་སུ་ཁཾ་ཨ་ཧོ་སུ་ཁཾ་ཞེས་བརྗོད་པར ་བྱའོ། །དེ་ནས་ལྕེའི་ལམ་ནས་ཅི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག?་པས་ཐོབ་པར་བྱའོ། །རིག་མ་ཡང་གཅེར་བུར་གནས་ཏེ་།རྡོ་རྗེ་དང་པདྨ་ལས་བྱུང་བའི་སློབ་མ་ལ་ཀུནདུ་རུས་སྦྱིན་པའི་རིམ་པས་སྦྱིན་པར་བྱའོ། །དེས་ནི་དག་གཉིས་བདག་ཅིང་གསུང་གི་དབང་ཐོབ ་པ་སྟེ། ལོངས་སྤྱོད་རྫོགས་པ་སྐུའི་རང་བཞིན་ཡིན་པ་ལ། གསང་པའི་དབང་གི་རིམ་པའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱི་སློབ་མ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བར་བྱ་སྟེ། རིག་མ་དེ་ཉིད་དམ། གཞན་དག་ལ་བྱས་ནས། ཇི་ལྟར་སྔོན་བཞིན་ཀུནདུ་རུའི་སྦྱོར་བ་དང་ལྡན་པར་བྱས་ལ། སློབ ་མ་ཡང་དག་པའི་མཚན་ཉིད་དང་ལྡན་པར་བྱས་ཏེ་གསོལ་བ་གདབ་པར་བྱའོ། །དེ་ནས་སློབ་དཔོན་ལངས་ཏེ། སློབ་མ་ཆེན་པོའི་མཚན་ཉིད་དང་ལྡན་པ་དང། ཁྲོ་བ་དང་ཕྲག་དོག་སྤངས་པར་བལྟས་ལ་རིག་མ་སྦྱིན་བར་བྱའོ། །མཆོག་གི་རྡོ་རྗེ་འཛིན་པ་ཡིས། །སློབ ་མ་རྗེས་སུ་གནང་བ་སྦྱིན། །ཁྱོད་ནི་སྙིང་རྗེ་སྙིང་བརྩེར་ལྡན། །སེམས་ཆེན་ལྡན་པ་འདི་ཟུང་ཞིག་།ཀུནདུ་རུ་སྦྱོར་དག་ལྡན་པས། །རྡོ་རྗེ་འཛིན་པ་ཉིད་དུ་འགྱུར། །མཆོག་དང་གནས་ཆེན་སྦྱིན་ལྷ་མོ། །སྣ་ཚོགས་གཟུགས་ཏེ་ཡིད་འགྲོག་མ། །ཟུང་ཞིག་ཟུང ་ཞིག་སེམས་ཆེན་མོ། །ཟུང་སྟེ་མཆོད་པ་དེ་ཉིད་སྦྱོར། །དེ་ནས་སློབ་དཔོན་གྱིས་སློབ་མའི་ལག་ཏུ་རིག་མ་གཏད་ལ། །དེ་ལ་དགའ་བ་སྐྱེ་བ་སྟེ། །སྐད་ཅིག་དབྱེ་བས་དབྱེ་བར་ཧཱུཾ། །སྐད་ཅིག་ཤེས་པས་བདེ་བ་ཤེས། །ེ་བཾ་རྣམ་པས་རབ་ཏུ་གནས། །དང་པོར ་དགའ་བ་ཙམ་ཡིན་ཏེ། །དམ་པར་དགའ་བ་གཉིས་པ་ཡིན། །དགའ་བྲལ་དགའ་བ་གསུམ་པར་ཤེས། །བཞི་པ་ལྷན་ཅིག་སྐྱེས་དེ་བཞིན། །ཅུང་ཟད་དགའ་བ་བདེ་བ་སྟེ། །དམ་པར་དགའ་བདེ་བས་ལྷག་།དགའ་བྲལ་དགའ་བ་ཆགས་བྲལ་ཡིན། །ལྷན་ཅིག ་སྐྱེས་པ་ཀུན་དང་བྲལ། །དང་པོར་རེག་པར་འདོད་པ་སྟེ། །གཉིས་པ་བདེ་བ་འདོད་པའོ། །གསུམ་པ་འདོད་ཆགས་འཇོམས་པ་ཉིད། །དེ་ནས་བཞི་པ་བསྒོམ་པར་བྱ། །དང་པོར་དགའ་བ་སྲིད་པར་བརྗོད། །འདོད་ཆགས་བྲལ་ཕྱིར་མྱ་ངན་འདས། །བར་མ་དགའ་བ་ཙམ ་ཉིད་དེ། །དེ་དག་རྣམ་སྦྱངས་ལྷན་ཅིག་སྐྱེས། །སྣ་ཚོགས་བ་དང་རྣམ་པར་སྦྱིན། །དེ་བཞིན་རྣམ་ཉིད་མཚན་ཉིད་བྲལ། །སྐད་ཅིག་བཞི་ལ་བརྟེན་ནས་ནི། །དེ་ལྟར་རྣལ་འབྱོར་པས་ཤེས་ཀྱིས། །རྣམ་པ་སྣ་ཚོགས་དུ་མར་བརྗོད། །འཁྱུད་དང་འོ་བྱད་ལ་སོགས་པའོ། །རྣམ ་པད་སྨིན་པ་དེ་ལས་གཞན། །བདེ་བ་ཟ་བའི་ཡེ་ཤེས་སོ། །རྣམ་པར་ཉིད་ལ་རྟོག་པ་སྟེ། །བདག་གི་བདེ་བ་བདེན་པའོ། །མཚན་ཉིད་བྲལ་བ་དེ་ལས་གཞན། །ཆགས་དང་ཆགས་བྲལ་རྣམ་པར་སྤངས། །དང་པོར་དགའ་བ་རྣམ་སྣ་ཚོགས། །དམ་པའི་དགའ་ ་བ་རྣམ་པར་སྨིན། །དགའ་བྲལ་དགའ་བ་རྣམ་པར་ཉིད། །ལྷན་ཅིག་སྐྱེས་དགའ་མཚན་ཉིད་བྲལ། །ཆགས་པ་མ་ཡིན་ཆབས་བྲལ་མིན། །དབུ་མར་ཡང་ནི་མི་དམིགས་པ། །གསུམ་པོ་སྤངས་པའི་བདག་ཉིད་ན། །ལྷན་ཅིག་སྐྱེས་པ་ཡིན་པར་བཤད། །དགའ་བྲལ་པ ་སོགས་རབ་བརྟགས་ཏེ། དགའ་བ་གསུམ་གྱི་བདག་ཉིད་ཀྱང། །དགའ་བྲལ་དང་ནི་མཆོག་དགའ་དབུས། །ལྷན་ཅིག་སྐྱེས་པ་དེར་གནས་ཏེ། །སྟོང་དང་སྟོང་མིན་ཧེ་རུ་ཀ། འདི་དག་བགྲང་བའི་རིམ་པའོ། །བསྐྱེད་པའི་རིམ་པའི་ཚུལ་གྱིས་དགའ་བྲལ་གྱི་དབུས་སུ་ལྷན་ཅིག ་སྐྱེས་པ་བརྟག་པར་བྱའོ། །དེ་ནས་རིག་མ་ཁྱད་པར་ཅན་གྱིས་སྒྲུབ་པ་པོ་ལ་བལྟས་ཏེ། འདི་སྐད་བརྗོད་པར་བྱའོ། །དྲི་ཚན་དྲི་ཆུ་ཟབ་འདི། །བུ་ཁྱོད་ཀྱིས་ནི་ནུས་སམ་ཅི། །སུ་བ་ཁྲག་དང་དེ་བཞིན་དུ། །རྟག་ཏུ་བུ་མེད་གུས་པ་དང། །བདག་གི་པདྨ་པ་ནི་བཞིག་།ཇི ་ལྟར་བདེ་བ་བུ་ཁྱོད་སྨོས། །སྒྲུབ་པ་པོས་ཀྱང་འདི་སྐད་བརྗོད། །ལྷ་མོ་བདག་གིས་ཅིས་མི་ནུས། །ཁུ་བ་ཁྲག་སོགས་བཟའ་བ་དང། །རྟག་ཏུ་བུད་མེད་གུས་བགྱིད་དང། །ལྷ་ག་ལ་ནི་འོ་བགྱིད་དོ། །དེ་ནས་དགའ་བ་ཆེན་པོ་ཐོབ་པར་གྱུར་ཏེ། །གོས་དང་ཕྲ?་ལ། གུར ་གུམ་དང་གླ་རྩི་དང་ཙནདན་ལ་སོགས་པའི་དྲི་ཞིམ་པོས་བསྡུས་ཏེ། དྲི་རིམ་པོས་མེ་ཏོག་གི་ཕྲེང་བཅོད་པན་དུ་བྱས་ཏེ། ཇི་ལྟར་ཆུ་སྐྱེས་དྲི་མས་མ་གོས་པ་ལྟར། ནང་གི་ཆུ་སྐྱེས་ཁ་ཕྱེ་བ་ལྟར་བསྟན་ལ། ཤེས་རབ་མས་འདི་བརྗོད་དེ། ཨེ་མ་ཧོ(རྒྱུད་འགྲེལ་ལྡན་པ། །བདག་གི་པདྨ་རྨད་བྱུང་ལ། །གང་ཞིག་ཆོ་གས་མཉེས་བྱེད་པ། །དེ་ཡི་མདུན་དུ་བདག་ནི་འདུག་།ཡང་དག་སངས་རྒྱས་མཉེས་བྱེད་ཕྱིར། །ཇི་ལྟར་པདྨའི་དོན་གྱིས་ཤིག་།དེ་ཉིད་བདེ་ཆེན་རྒྱལ་པོ་འདི། །འདི་ཡི་གནས་ན་རྟག་ཏུ་བཞུགས། །བདེ་ཆེན་དམར ་ཐིག་བསྙེན་པར་གྱིས། །ཁ་ཡི་ཆུ་སྐྱེས་ཀྱིས་ནིའོ། །བྷཉྩ་མོཀྵ་ཧོ། །དེ་ནས་སྒྲུབ་པ་པོས་མན་ངག་ཇི་ལྟ་བ་བཞིན་དུ་ས་བོན་དང་ཕྱག་མཚན་གྱི་སྦྱོར་བས་བདག་མེད་མའི་གཟུགས་སུ་བསམ་མོ། །དེའི་སྙིང་ག་དང་།མགྲིན་པ་དང། སྤྱི་བོར་ཧཱུཾ་ཨཱ:ོཾ་རིམ་པ་ཇི་ལྟ་བ་བཞིན་དུ་བསམ་པར ་བྱའོ། །དེ་ནས་རྡོ་རྗེ་དང་པདྨ་དག་པར་བྱའོ། །ོཾ་པདྨ་སུ་ཁཱ་དྷ་ར། མ་ཧཱ་དད་སུ་ཁཾ། དྷ་ར་ཙ་ཏུ་རཱ་ནནྟ། བྷ་གཱི་སྭཱ་ཧཱུཾ་ཧཱུཾ་ཀརྱཾ་ཤྭ་མེ། ཨོཾ་བཛྲ་མཧཱ་དྭེ་ཁ། ཙ་ཏུརཱ་ནནད་ཡ་ཀ་ཁག་མུ་ཁི?་ཀ་རོ་སོ་ཊཱ་ཐ་ཧཱུཾ་ཧཱུཾ་ཀ་རྭཾ་ཀུ་རུ་ཥཝ་མེ། འདི་དག་གིས་དག་པར་བྱ་སྟེ། ཤིན་ཏུ་བདེ་བ་མཚན ་ཞིང་བསྐྱེད་པའི་དོན་དུ་བལྟ་བ་དང། རྒོད་པ་དང། ལག་ཆངས་དང་འཁྱུད་པའི་སྦྱོར་བ་དང་ལྡན་པར་བྱས་ལ། བདག་མེད་མའི་པདྨའི་དབུས་སུ་རྩ་གསུམ་གྱི་བདག་ཉིད་ལྕེའམ་ལག་པའི་སྦྱོར་བས་བཙལ་བར་བྱ་སྟེ། ཇི་སྲིད་བདེ་བ་མ་རྒྱས་ཀྱི་བར་དུ་བསྒྲུབ་བས་བྱའོ། །དེ ་ལ་བལྟ་བ་ལ་སོགས་པ་ནི་ཚོགས་དང། སྦྱོར་ལམ་དང། མཐོང་བ་དང། བསྒོམ་པ་དང་ཁྱད་པར་མཐར་ཕྱིན་པའི་ལམ་གྱི་བར་དུ་བར་མཆད་པར་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་པ་ནི་བླ་མའི་མན་ངག་རྒྱུད་པའི་རིམ་པ་ལས་ཤེས་པར་བྱའོ། །ནོར ་བུའི་རྩེ་མོར་ཕྱིན་པའི་བྱང་ཆུབ་ཀྱི་སེམས་དེ་ནི་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་བདག་ཉིད་དབང་པོ་ཐམས་ཅད་ཀྱིས་རྣམ་པར་གྲོལ་བ་ཡུལ་མེད་པའི་དམིགས་པ་དང་བཅས་པའི་ཕྱིར་དོན་དམ་པའི་ལྷན་ཅིག་སྐྱེས་པ་མཚོན་པར་བྱེད་པ་སྟེ། དཔེའི་ལྷན་ཅིག་སྐྱེས ་པའི་གཟུགས། །བླ་མའི་མན་ངག་དང་གོམས་པ་དང། མནན་པའི་སྦྱོར་བ་དང། རླུང་གི་རྣམ་པར་རྒྱལ་བ་དང་ཕྱི་རོལ་གྱི་གཟུངས་མ་ལ་རླུང་ཁ་སྦྱོང་དུ་བྱ་སྟེ། བསྟེན་པར་བྱས་ནས་དོན་དམ་པ་ལྷན་ཅིག་སྐྱེས་པ་མཐོང་བར་འགྱུར་རོ། །གལ་ཏེ་གཟུངས་མ་དང་མི་ལྡན ་ན་ལོང་སྤྱོད་རྫོགས་པའི་བརླབས་པ?་སྦྱོང་བས་བཞི་པ་བསྐུར་པར་བྱའོ། །ཡང་འདི་ལྟར་གསུངས་ཏེ། ཇི་སྲིད་རྣལ་འབྱོར་པ་དག་གིས། །བྱང་ཆུབ་སེམས་ནི་མ་འོངས་པར། །དེ་ཐོབ་པར་ཆད་མེད་པ་སྟེ། ཅི་ཞིག་དགའ་བ་བདེ་ཆེན་ཡིན། །བྱང་ཆུབ་སེམས་ནི་འཕོས་པ་ན།། ་དངོས་གྲུབ་ཐམས་ཅད་དག་གི་གནས། །ཕུང་པོ་རྣམ་ཤེས་ཉམས་འགྱུར་ཏེ། །དེ་ཡི་དངོས་གྲུབ་སྡུག་བསྔལ་ཡིན། །དེ་ཡི་རྣལ་འབྱོར་ལས་སྐྱེས་པའི། ཡང་དག་ག་བུར་སྤང་མི་བྱ། །ལག་དང་དུང་དང་ཉ་ཕྱིས་ཀྱིས། །བླང་བར་?་བ་མ ་ཡིན་ཏེ། །རྡོ་རྗེ་བདུད་རྩི་ལྕེ་ཡིས་བླང། །དེས་ནི་སྟོབས་དང་བདེ་བསྐྱེད་དེས། །དེ་ནས་བློ་ལྡན་ལངས་ནས་ནི། །བླ་མའི་ཞབས་ལ་ཕྱག་འཚལ་ཏེ། །སྟོན་པས་གསུངས་པ་སེམས་དཔའ་ཆེ། །ཡང་དག་དམ་པ་དགའ་ཐོབ་པར། །སྣ་ཚོགས་རྟེན་སྤངས་སྐད་ཅིག ་པ?། བདེ་བ་ཆེན་པོ་གཟུང་བར་བྱ། །ཇི་སྲིད་བྱང་ཆུབ་མཐར་ཐུག་ཏུ། །སེམས་ཅན་དོན་གྱིས་རྡོ་རྗེ་འཛིན། །ཞི་བ་རྒྱས་པ་ལ་སོགས་པས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །དབང་པོ་གཉིས་སྦྱོར་ལས་ལྔ་འབྱུང། །འབྱུང་པ་ལྔ་ཡི་རང་བཞིན།། ་དགའ་བ་ཆེན་པོ་གཅིག་ཉིད་?། །དབྱེ་བ་ལྔར་མི་འགྱུར་བ་སྟེ། །རྡོ་རྗེ་པདྨར་རབ་སྦྱོར་གྱིས། །རེག་པས་སྲ་བའི་བག་ཆགས་སོ། །སྲ་བ་གཏི་མུག་ཆོས་ཡིན་ཕྱིར། །གཏི་མུག་རྣམ་པར་སྣང་མཛད་དོ། །གང་ཕྱིར་བྱང་ཆུབ་སེམས་གཤེར?་བས། །གཤེར ་བ་ཆུ་ཡི་ཁམས་སུ་འདོད། །?་བསྐྱོད་རང་བཞིན་ཕྱིར། །ཞེ་སྡང་ལ་ནི་མི་བསྐྱོད་བདག་།གཉི་ག་ཡང་དག་རབ་སྦྱོར་བས། །དྲོད་ནི་རྟག་ཏུ་སྐྱེ་བ་ཡིན། །དྲོད་ལས་འདོད་ཆགས་འབྱུང་བ་སྟེ། །འདོད་ཆགས་རྡོ་རྗེ་འོད་དཔག་མེད། །པདྨ་ལ་གནས ་སེམས་ནི་གང། །གང་ཡིན་?་ནི་རླུང་གི་ཚུལ། །ཕྲག་དོག་དོན་ཡོད་གྲུབ་པ་ཡིན། །དོན་ཡོད་རླུང?་ལས་ཡང་དག་འབྱུང། །བདེ་བ་འདོད་ཆགས་ཁྲག་མིན་ཏེ། །ཁྲག་ནི་ནམ་མཁའ་ཨི་མཚན་ཉིད་དོ། །ནམ་མཁའ་སེར་སྣའི་མཚན་ཉིད་དོ། །སེར་སྣ་རྡོ་རྗེ་ནམ་མཁའ་ཉིད། ་སེམས་ཆེན་པོ་ནི་གཅིག་ཉིད་ལ། །ལྔ་ཡི་གཟུགས་སུ་བརྟག་པའོ། །རིགས་ནི་ལྔ་ལས་འབྱུང་བ་ནི། །དེ་ལ་སྟོང་ཕྲག་དུ་མའིའོ། །དེ་ཕྱིར་འདི་ནི་རང་བཞིན་གཅིག་།རྟག་ཏུ་བདེ་ཆེན་དམ་པའོ། །འདི་ཉིད་ཡེ་ཤེས་ཆེན་པོ་སྟེ། །ཐམས་ཅད་ལུས་ལ་རྣམ་པར ་གནས། །གཉིས་སུ་མེད་དང་གཉིས་སུ་གནས། །དངོས་དང་དངོས་མེད་བདག་ཉིད་གཙོ། །ཐབས་དང་ཤེས་རབ་གཉིས་མེད་པ། །ཆགས་དང་ཆགས་བྲལ་འདྲེས་འགྱུར་ཏེ། །འདི་ཉིད་སྲོག་ཆགས་རྣམས་ཀྱི་སྲོག་།དེ་ཉིད་ཡི་གེ་དམ་པ་སྟེ། །གཡོ་དང་མི་གཡོ་ངེས་ཐོབ ་ནས། སྒྱུ་མའི་གཟུགས་སུ་མཚུངས་པར་སྣང། །དཀྱིལ་འཁོར་འཁོར་ལོའི་ཐབས་གང་གིས། །རྟག་ཏུ་ངེས་པར་འགྱུར་པ་ཡིན། །ཡང་ན་ཐམས་ཅད་དེ་ཉིད་བདག་།ཡང་ན་ཐམས་ཅད་སྤངས་པ་ཡིན། །དགའ་བྲལ་ལ་སོགས་བརྟགས་པ་ཡིན། །དགའ་བ་གསུམ་པོ ་སྤངས་བ་ཡི། །ཡེ་ཤེས་ཆེན་པོ་འདི་ཉིད་ཕྲ། །རྡོ་རྗེ་སྙིང་པོ་ནམ་མཁའ་བཞིན། །དྲི་མེད་ཐར་པ་ཞི་པ་ཉིད། །ཁྱོད་ནི་ཕ་སྟེ་སྐྱེད་བྱེད་ཡིན། །དེ་དག་གིས་ནི་ཡིད་ཀྱི་སྒྲིབ་པ་དག་ཅིང་ཐུགས་ཀྱི་དབང་ཐོབ་པ་སྟེ། ཆོས་ཀྱི་སྐུའི་རང་བཞིན་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ། །དེ་དག་གིས ་ནི་ཅི་གསུངས་པར་གྱུར་ན། །སློབ་དཔོན་གསང་བ་ཤེས་རབ་དང། །བཞི་པ་ཡང་ནི་དེ་བཞིན་ནོ། །དབང་བསྐུར་བཞི་པའི་གྲངས་ཀྱིས་ནི། །དགའ་བ་ལ་སོགས་རིམ་ཤེས་བྱ། །དེ་ལ་དབང་བཞི་པ་ཇི་ལྟར་བསྟན་ཞེ་ན་།དགྱེས་པའི་རྡོ་རྗེའི་རྒྱུད་ལས་ནི་དབང་གསུམ་ཁོ་ན?་གསུངས་ཏེ། ་བཞི་པ་སླར་ཡང་དེ་བཞིན་ཉིད། ཅེས་བྱ་པ་འབྱུང་བ་ནི་ཆུ་དང་མེ་ཏོག་ཕྲེང་བ་ལ་སོགས་པར་བཞི་པ་དེ་ཁོ་ན་ཉིད་གསུངས་པ་ནི་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ཀྱི་དགོངས་པ་གསུངས་པ་ཡིན་ནོ། །ཇི་ལྟར་རྡོ་རྗེའི་རིགས་ཀྱི་ལེའུར་གསུངས་པའི་བཞི་པ་ནི་གང་དང་ཤེས ་པར་འགྱུར། དེ་ལས?་གཞན་ཡང་བཞི་པའི་?་དབ་ཡེ་ཤེས་ཀྱི་དབང་ཁོ་ནར་རིག་པར་བྱའོ། །ཞེས་གསུངས་སོ། །འདི་ལྟར་གསུངས་ཏེ། རྒོད་པ་དག་ལ་སློབ་དཔོན་ཏེ། །ལྟ་བ་དེ་བཞིན་གསང་བའོ། །ལག་པ་བཅིངས་པ་ཤེས་རབ་སྟེ། །དེ་ཡང་གཉིས་གཉིས་འཁྱུད་རྒྱུད་དོ། ། ་དེའི་དོན་ནི་འདི་ཡིན་ཏེ། དེ་ལ་ཤེས་རབ་མ་བརྗོད?་པ་དང་སྙིང་བརྩེ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་གཟུགས་ཀྱིས་ནི་སློབ་དཔོན་གྱི་དབང་གི་མཚན་ཉིད་ཡིན་པའི་ཕྱིར་རོ། །སློབ་དཔོན་གྱི་དབང་ངོ། །དེ་ལ་ཤེས་རབ་མ་ལ་ཉེ་བར་བརྩེབས་ཆུ་སྐྱེས་ལ་བལྟ་བ་ནི ་གསང་བ་ལ་ཉེ་བའི་ཕྱིར་གསང་བའི་དབང་ངོ། །ཤེས་རབ་མའི་ལུས་ལ་ཉེ་བར་རེག་པ་ནི་ཤེས་རབ་དང་ཉེ་བར་ལྡན་པའི་ཕྱིར་ཤེས་རབ་ཀྱི་དབང་ངོ། །དེ་ལ་གཉིས་གཉིས་འཁྱུད་རྒྱུད་ལས་འབྱུང་བའི་དམ་པའི་དོན་གྱི་ཁོ་ན་ཉིད་མཚོན་པར་བྱེད་པས། ་གཉིས་སུ་མེད་པའི་ཡེ་ཤེས་ཏེ་།རྒྱུའི་འབྲས་བུ་བཞི་པའི་དབང་ཞེས་བྱའོ། །ལ་ལ་དག་གིས་བཞི་པའི་དབང་གསུམ་པ་ལས་ཐ་དད་པར་གསུངས་ཏེ། ལེའུ་དང་པོར་དབང་བཞི་ཀ་སོ་སོར་གསུངས་པའི་ཕྱིར། བཞི་པ་ནི་ཐ་དད་དུ་ཡོད་དོ། །ཞེས་གསུངས་སོ། །དེ་ལ་འཐད་པར་གྱུར ་ནས་གཙོ་བོ་གང་ཡིན་མ་དེས་པས་བསྒོམ་པ་དང་ལྡན་པར་མི་འགྱུར་རོ། དེའི་ཕྱིར་ཐུགས་ཀྱི་དབང་ལ་གཉིས་ཀྱི་བྱེ་བྲག་གིས་བཞི་པ་ཤེས་པར་བྱའོ། །དེ་ལ་གཉིད་ནི་ཤེས་རབ་ཀྱི་ལུས་དང་ལྷན་ཅིག་ལྡན་ན། ལྷན་ཅིག་སྐྱེས་པ་བདེ་བ་ཆེན་པོར་བསྟན་པར་བྱའོ། །ཞེས་པའི་མཚན་ཉིད ་སེམས་ཀྱིས་ཤེས་རབ་ཀྱི་ལུས་དང་ཉེ་བར་ལྡན་ནས་འབྱུང་བ་ཡིན་ཞེས་པའི་ཕྱིར་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ། །དེ་ཉིད་ལ་བརྟན་པར་བྱས་པའི་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ཅི་ལྟར་མཉམ་པར་བཞག་པའི་སྟོབས་ཀྱིས་བདེ་བས་ལུས་ཐམས་ཅད་ལ་སོ་སོར་ཁྱབ་ཅིང།། ་དངོས་པོ་སྣ་ཚོགས་ལ་ཁྱབ་ཅིང་དངོས་པོ་ཐམས་ཅད་ལ་ཁྱབ་ནས་བདེ་བ་ཆེན་པོའི་བདག་ཉིད་དུ་དབྱེར་མེད་བར་བྱས་ཏེ། ཤེས་རབ་ཡེ་ཤེས་ལྟ་བུར་གཉིས་སུ་མེད་པ་རྟོག་པ་ཐམས་ཅད་སྤངས་པ། བདེ་བ་ཆེན་པོ་ཙམ་ཉིད་ལ་མོས་ཤིང་དེ་ཉིད་ཀྱི་ཞེན་པ་སྤངས་པ་ནི་བཞི་པ་དེ་ཁོ ་ཉིད་ཀྱི་དབང་ངོ། །དེའི་ཕྱིར་ཡང་བཞི་པ་སླར་ཡང་དེ་བཞིན་ཉིད་ཅེས་གསུངས་པ་ཡིན་ནོ། །དེ་དག་གིས་སྐུ་དང་གསུང་དང་ཐུགས་རྣམ་པར་དག་པའི་མཚན་ཉིད་བདེ་བ་ཆེན་པོའི་སྐུའི་རང་བཞིན་ནི་དབང་བཞི་པའོ། །ནམ་མཁའ་ཨི་མཛའ་དང་མཉམ་པའི་རྗེས་སུ་འགྲོ་བས་རབ་ཏུ ་གནས་པ་ཡིན། །ཆོས་དང་དེ་བཞིན་བདེ་གཤེགས་རྡོ་རྗེ་དྲིལ་བུ་ལ་རབ་གནས་བྱའོ། །སྐྱོབ་པ་རྣམས་ཀྱི་དོན་དམ་འཇིག་རྟེན་པ་ཡིས་ཡོངས་སུ་མི་ཤེས་པ། །འཇིག་རྟེན་རྣམས་ལ་བརྩེ་ཕྱིར་ཅི་ལྟར་རབ་ཏུ་གནས་པར་བྱ་བ། །ལུགས་སྐུ་མཆོད་རྟེན་ལྷ་ཁང་དང། །མཆོད་ཀྱི ་བྲིས་སྐུ་གླེགས་བམ་ནི། །གྲངས་དང་ཚད་ནི་གཟུང་བྱས་ལ། །ཚར་དང་མཚན་རྫོགས་ཐེ་ཚོམ་མེད། །བློ་གྲོས་དེ་ཉིད་ཤེས་པ་ཡི། །རབ་ཏུ་གནས་པ་བརྩམ་པར་བྱ། །གང་ཞིག་བསོད་ནམས་འཕེལ་བྱའི་ཕྱིར། །རྗེས་སུ་མཆོད་པའི་རྟེན་དུ་བྱ། །སྐུ་སོགས་ལེགས་པར་ཚར་བ་ལ། །ཡུན ་རིངས་བསྙེན་པ་མ་བྱས་དང། །དེ་ཡི་ཚོགས་པ་མི་ལྡན་པས། །རབ་གནས་གྲུབ་པར་མི་འགྱུར་ཏེ། །དེ་ལ་སྐྱེས་བུ་གང་ཞིག་ནི། །ཡོན་ཏན་མཚན་ཉིད་མི་ལྡན་པས། །འགྲོ་བས་དེ་ལ་མི་མཆོད་ཅིང། །དེ་ཡི་གཟུགས་ནི་དམན་པར་འགྱུར། །རབ་གནས་མ་བྱས་གང་ཞིག་ལ། དེ་ལ་མཆོད་དང ་ཕྱག་བྱེད་ནི། །སྔགས་མེད་སྦྱིན་སྲེག་བྱེད་པ་ལ། །བསྲེགས་པས་ཐལ་བར་འགྱུར་བ་ཙམ། །དེ་ལ་འབྲས་བུ་འབྱུང་མི་འགྱུར། །གོང་དུ་གསུངས་བཞིན་སྔགས་མེད་ན། །ཆོས་བྱེད་ཡིན་ཞིང་མཆོད་སོགས་ཡང། །དེ་ཡི་ལས་ཀྱི་རྣམ་སྨིན་གྱིས། །སྐྱེ་བ་ཀུན་ལ་མཆོད་སྐལ་མེད། །དེ་ནས་ཡང ་ཉི་མ་བཟང?་པོ་དང་གཟའ་རླུང་རྒྱུ་སྐར་ཤིས་པ་ལ། །རྡོ་རྗེ་སློབ་དཔོན་གྱིས་ཁྲུས་བྱས་ལ། དྲི་ཞིམ་པོར་བྱུགས་ཏེ། གཙང་མའི་གོས་གྱོན་ནས་ལས་ཀྱི་རྡོ་རྗེ་དང་ལྡན་པར་བྱས་ཏེ། མཆོད་པ་ལ་སོགས་པ་ཚོགས་པར་བྱས་ལ། །རྡོ་རྗེ་དང་དྲིལ་དུ་གཟུང་བར་བྱས་ནས། བདེ་བའི་སྟན་མཐོན ་པོ་ལ་འདུག་སྟེ། ཏིང་ངེ་འཛིན་དང་ལྡན་པས་དཀྱིལ་འཁོར་གྱི་མཆོད་པ་བྱའོ། །དེ་ནས་ལུགས་སྐུ་དང་ཐང་ཀ་དང། གླེགས་བམ་ལ་སོགས་ལ་རབ་ཏུ་གནས་པར་བྱ་བའི་ཕྱིར། དངོས་པོ་ཐམས་ཅད་གདོད་ནས་མ་སྐྱེས་པའི་ངོ་བོར་བསྟས་ལ། རྗེས་སུ་ཐུན་པའི་གཟུགས་སུ་བལྟ་བ་ནི ་རྟེན་དང་བརྟན་གྱི་དཀྱིལ་འཁོར་ས་བོན་དང་ཕྱག་མཚན་ལས་ཡོངས་སུ་རྫོགས་པར་བསྐྱེད་དོ། །རིགས་ཀྱི་རྗེས་སུ་མཐུན་པའི་དབུ་རྒྱན་དང་ལྡན་པར་ལྟས་ཏེ། དམ་ཚིག་སེམས་དཔའ་ཨི་ཏིང་ངེ་འཛིན་རྫོགས་པ་དང། ཡེ་ཤེས་སེམས་དཔའ་ནམ་མཁའ་ཨི་ཁམས་སུ་བལྟས་ལ། ་བསང་གཏོར་ལ་སོགས་པ་ཕུལ་ནས་རང་གི་ཐུགས་ཀའི་ས་བོན་ལས་སྤྲོས་པའི་ལྷ་མོ་བརྒྱད་ཀྱིས་མཆོད་དེ། བསྟོད་ནས་བདུད་རྩི་མྱང་བར་བྱས་ནས། དེ་ནས་སྔགས་པས་མེ་ཏོག་དྲི་ཞིམ་པོ་ཐལ་མོས་གཟུང་སྟེ། ལུས་འདུད་བར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་ལ་ལི?་ཏ ་པི་ལ་བྱན?་མི་ཏེན་ན་མི་བྷི་ཀ་བནྟཾ། ཛཾ(རྒྱུད་འགྲེལ་པོའི་སྤོས་ཀྱི་སྣ་ཚོགས་ལ། གཙོ་བོའམ་གཞན་ལ་རབ་ཏུ་གནས་པར་བྱའོ། །བཅོམ་ལྡན་ཁྲོ་བོ་རྡོ་རྗེ་ཅན། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །བདག་ཉིད་བརྩེ་བར་གྱུར་ནས་ནི། །རབ་ཏུ་གནས་པར་བྱ་བ་དང། །སློབ་མ་རྣམས་ལ་བརྩེ་བ་དང། ཁྱེད ་རྣམས་ལ་ཡང་མཆོད་པའི་ཕྱིར། ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས། །རྗེས་སུ་གནང་བར་མཛད་དུ་གསོལ། །ཅི་ལྟར་རྫོགས་པའི་སངས་རྒྱས་རྣམས། །དགའ་ལྡན་དུ་ནི་རབ་ཏུ་བཞུགས། །སྒྱུ་མའི་ལྷ་མོ་ལྷུམས་ཞུགས་ལ། །དེ་ལྟར་སྐུ་འདི་ལ་ནི་ཞུགས ་འདིར་ནི་རྟག་ཏུ་ཞུགས་པར་འགྱུར། །བརྩེ་བས་རྗེས་སུ་གཟུང་བ་དང། །བྱང་ཆུབ་སེམས་ནི་རབ་འཕེལ་ཕྱིར། རབ་ཏུ་གནས་པ་མཛད་དུ་གསོལ། ཞེས་ལན་གསུམ་དུ་གསོལ་བ་བཏབ་ནས། མེ་ཏོག་དང་སྤོས་ལ་སོགས་པས་མཆོད་པར་བྱའོ། །དེ་ནས་ཕྱིར་བྱུང?་ནས ་ཕྱོགས་སྐྱོད་ལ་སོགས་པ་ལ་གཏོར་མ་སྦྱིན་པར་བྱས་ནས་ནང་དུ་ཞུགས་ཏེ། ལམ་ཐམས་ཅད་པའི་སྔགས་བཟླས་ནས། བསྲུང་སྐུད་མདུད་མ་གསུམ་དང་ལྡན་པར་བྱས་ནས་སློབ་མའི་དབུང་པ་གཡས་པ་ལ་བཏགས་ནས་ལས་ཐམས་ཅད་པའི་ཚུལ་བསྔགས ་ཏེ། བསམ་གཏོར་ཀྱིས?་བསྲུང?་བར་བྱའོ། །ཆོ་ག་ཐབས་ཅད་ནི་སློབ་མའམ་ལས་ཀྱི་རྡོ་རྗེ་དང་ལྡན་པར་བསྒྲུབ་པར་བྱའོ། །སློབ་མ་འམ་འོན་གྱི་བདག་པོ་ལ་འདི་ལྟར་བསྒོ་སྟེ། སྔགས་པས་ཅུང་ཟད་ཅི་བསྒོས་པ། །ཆོ་ག་མཆོད་པ་ལ་སོགས་ནི། གཡོ་སྒྱུ? ་མེད་པས་འགྲུབ?་པར་གྱིས། །དེས་ནི་འབྲས་བུ་ཆེན་པོ་ཐོབ། །ཅེས་བསྒོས་ལ་བར་ཆད་ཐམས་ཅད་ཞི་བར་བྱ་བའི་ཕྱིར་རྩ་བའི་སྔགས་བཟླས་ལ་ཉལ་བར་བྱའོ། །དེ་དག་ནི་ལྷ་སྟེ་དོན་ལ་གནས་བའོ། །དེ་ནས་ནང་པར་གྱི་དུས་སུ་སྔགས་པས་ཇི་ལྟར་གསུངས ་པའི་མཚན་ཉིད་ཐམས་ཅད་དང་ལྡན་པས་ཞི་བའི་གཏོར་མ་གཏང་ལ་ལྷའི་རྣལ་འབྱོར་དང་ལྡན་པ་དཀྱིལ་འཁོར་གྲུ་བཞི་པའི་ཚད་དང་ལྡན་པ་སྤངས་སུ་ཁྲུ་དོ་ཡོད་པར་བྱས་ལ། སྐུ་གཟུགས་ལ་སོགས་པ་ཤར་དུ་ཞལ་བལྟས་པར་བཞུགས་སུ་གསོལ་ལ། ན་བཟའ་སོར་པོས ་སྐུ་ལ་གསོལ་ཏེ། སྔོན་དུ་གསུངས་པའི་རྣལ་འབྱོར་གྱི་མཚན་ཉིད་ཀྱིས་དངོས་པོ་ཐམས་ཅད་མ་སྐྱེས་པའི་དང་ལས་སྐྱེས་པའི་ཚུལ་དུ་བསྐྱེད་ལ། སྙིང་ག་དང?། མགྲིན་པ་དང། སྤྱི་བོར་ཨོཾ་ཨཱ(རྒྱུད་འགྲེལ་ལག་པ་གཡས་གཡོན་གྱི་ཁྱོར་བས་ཉུངས་ཀར་གཟུངས་ལ། གཡས་བསྐོར་དང་གཡོན་བསྐོར་དུ་བྱས་ནས་།ཐུགས་ཀའི་འོད་ཟེར་གྱིས་ཉེས་པ་བསལ་ཏེ། །ོཾ་སརྦ་པཱ་པ་ད་ཧ་ན་བཛྲ་ཡ་སྭཱཧཱ། ཞེས་པས་ལན་གསུམ་དུ་མེར་བསྲེག་གོ་།དེ་ནས་སྔགས་དེ་ཉིད་ཀྱིས་ཆུ་ཁྱོད? ་བ་གསུམ་གོང་གི་ཚུལ་བཞིན་དུ་གདབ་པར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏཱ་ཀཱ་ཡ་བི་ཤོ་དྷ་ནི་སྭཱཧཱ། སྔགས་འདི་ལན་གསུམ་དུ་བཟླས་ཏེ། དྲི་ཞིམ་པོའི་མར་ཁུ་དུར་བའི་ཆུན་པོ?། ལེགས་པར་བྱུགས་ལ་མཁར་ཞོང་གི་ནང་དུ་བཞག་སྟེ། །བ་ཊ་དང། ཨུ་དུམ་པར་དང ་ཤི་རི་དང་ཨ་ཤྭཏྠ་དང་པ་ལ་ཤས་ཉེས་པ་དང་མར་ཁུ་བསལ་བའི་ཕྱིར། ཤུན་པ་ལྔ་ས་བོན་ལྔས་བྱིན་གྱིས་བརླབས་ལ། དེ་ཉིད་བཏགས་པས་འདག་ཆལ་དུ་སྦྱར་ལ་ཁྲུས་གསོལ་བར་བྱའོ། །རྒྱལ་པོ་དབང་བསྐུར་བའི་སྦྱོར་བས་གདུགས་དཀར་པོ་འཛིན ་པ་དང་བཀྲ་ཤིས་གྱི་ཚིགས་སུ་བཅད་པ་ལས་བསྟོད་པ་དང། དུང་དང་ཟངས་དུད་དང་རྔ་བོ་ཆེ་ལ་སོགས་པའི་སྒྲ་དང། མཆོད་པའི་ལྷ་མོ་གར་གྱི་ཚོགས་དང། རྡོ་རྗེའི་གླུ་ཤིན་ཏུ་ངལ་བས་བླངས་ནས། དེ་བཞིན་གཤེགས་པས་གསོལ་པའི་ཚུལ་དུ་བུམ་པ་དཔག ་ཏུ་མེད་པ་གཟུང་ནས། ཁྲུས་ཀྱི་ཚིགས་སུ་བཅད་པ་བརྗོད་ཅིང་རྗེ་བཙུན་མཆོད་རྟེན་རབ་གནས་ནི། གཞལ་ཡས་ཁང་དུ་བསྐྱེད་པ་ལ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །གནས་དང་རྟེན་དུ་བསྒོམ་པར་བྱ། །མ་ལུས་སངས་རྒྱས་བྱང་ཆུབ་སེམས། །རིག་པ ་གསང་སྔགས་ལྷ་རྣམས་ནི། །དགུག་པ་དང། གཞུག་པ་དང། བཅད་པ་དང། དགྱེས་པར་བྱས་ལ། བསང་གཏོར་ལ་སོགས་པ་བྱིན་ལ། མཆོད་དེ་བསྟོད་ནས་བདུད་རྩི་མྱང་བར་བྱས་ལ། ཨོཾ་སུ་པྲ་ཏིཥ?་བཛྲེ་སྭཱཧཱ། སྔགས་འདིས ་བརྟན་པར་རིགས་སོ་སོའི་རྒྱས་གདབ་པར་བྱའོ། །ལྷག་མ་ནི་སྔོན་བཞིན་ནོ། །པོ་ཏི་ཡང་དེ་ལྟར་རབ་ཏུ་གནས་ཏེ། ཛྲི་ཡོངས་སུ་བྱུང་པ་ལས་པོ་ཏི་སྣང་བ་མཛའ་ཡས་ཀྱི་རང་བཞིན་དུ་བལྟས་ལ་།དེར་ཆོ་གའི་ཡན་ལག་རྫོགས་ནས་ཡོངས་སུ་གྱུར་བ་ལས། གསུངས ་ཡི་གེའི་ཚོགས་ཀྱི་བདག་ཉིད་དུ་བསམ་མོ། །ོཾ་ཧཱུཾ་ཧྲི:དྷཱུཾ?་གྱིས་གསུང་གི་རང་བཞིན་དུ་རྒྱས་གདབ་པོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་རྡོ་རྗེ་འཆང་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་བསམས་ལ། ལྷག་མ་ནི་སྔོན་བཞིན་ནོ། །ལྷ་ཁང་ལ་ནི ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྟེན་ཡིན་པས་ན། ཏིང་ངེ་འཛིན་གྱིས་བསྐྱེད་པར་བྱའོ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོར་དམིགས་ཏེ། ཨོཾ་ཧཱུཾ་ཧྲི:ཞེས་བྱ་བས་བྱིན་གྱིས་བརླབས་པར་བྱའོ། །སྟ་གོན་ལ་གནས ་པ་སྔོན་དུ་འགྲོ་བས་མཆོད་པ་དང། གཏོར་མ་ལ་སོགས་པ་བྱའོ། །ོཾ་སུ་པྲཏིཥྛ་བཛྲེ་སྭཱཧཱ། ཨོཾ་ཧཱུཾ་ཧྲི:བྷུ་ཁཾ། བཛྲ་བྷ་བ་དྲིཊཊ་ཏིཥྛ་བྷུཾ་ཁཾ་གཾ་སྔགས་ཀྱིས་རབ་ཏུ་གནས་པར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རྡོ་རྗེ་འཆང་ལ་སོགས་པའི? ་བྱིན་གྱིས་བརླབས་ཏེ། རྡོ་རྗེ་ལྟ་བུའི་རང་བཞིན་དུ་གནས་པར་བསྒོམས་ལ། བུམ་པ་ཐམས་ཅད་ཀྱི་ཆུས་ལྷ་ཁང་ཁྱབ་པར་གཏོང་ནས། ཨོཾ་བཛྲ་ཨུད་ཀཱ་བྷི་ཥིཉྩ་ཅེས་བཟླས་པར་བྱའོ། །དེ་ནས་བློ་དང་ལྡན་པས་ནག་པོ་ཆེན་པོ་གུག?་ལ། ཆོ་གར་བྱས་ཏེ ་དགུག་པ་དང་གཞུག་པ་དང་བཅིང་པ་དང་དབང་དུ་བྱས་ཏེ། དགྱེས་པའི་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པའི་རྣལ་འབྱོར་དང་ལྡན་པས་བཀའ་བསྒོ་བར་བྱའོ། །ལྷ་ཁང་འདི་ཇི་སྲིད་གནས་ཀྱི་བར་དུ་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་བཀའ་བཞིན་དུ་བསྲུང ་བར་གྱིས་ཤིག་།གཞན་ཡང་དགེ་འདུན་རྣམས་ཀྱི་ཇི་ལྟར་བཀའ་བསྒོ་བ་བཞིན་དུ། ཁྱོད་ཀྱིས་དགོས་པ་བསྒྲུབ་པར་གྱིས་ཤིག་།ཅེས་པ་དང། ཇི་ལྟར་བྱིན་གྱིས་བརླབས་པའི་ཆོ་ག་བརྟན་པར་གྱིས་ཤིག་།དེ་ནས་བླ་མས་སློབ་མ་འམ། ཡོན་གྱི་བདག་པོ་ལ་འདིར ་ཤོག་ལ་ཉན་པར་གྱིས་ཤིག་ཅེས་བསྒོ་ལ། ཁྱོད་ཀྱིས་གསོལ་བ་བཏབ་པ་བཞིན། །སྡིག་སྤངས་རབ་ཏུ་གནས་པ་ནི། །ཆོ་ག་ཚུལ་བཞིན་རྫོགས་པར་བྱས། །ཁྱོད་ཀྱིས་རྟག་ཏུ་མཆོད་པར་གྱིས། །དེ་ནས་སྔགས་ཀྱིས་དག་པར་བྱས་པའི་ཙཱ་རུ་སྦྱིན་ནོ། །དེ་བཞིན་གཤེགས ་པ་ལ་མཆོད་པས་ནི། སྡིག་པ་ཐམས་ཅད་སྤང་པའི་ཕྱིར་ལྷག་མ་ནི་ཉུང་དུ་ཉུང་དུ་སྦྱིན་པར་བྱའོ། །དེ་ནས་སློབ་མས་ཁྲུས་གསོལ་བར་བྱའོ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་པས་ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག ་གིས་ཁྲུས་གསོལ་ལོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཨཱ:ཧཱུཾ། ཐད་ཀ་དང་པུ་ཏི་ལ་སོགས་པའི་ཁྲུས་ནི་མེ་ལོང་ལ་གོང་གི་ཆོ་ག་དང་ལྡན་པས་ཁྲུས་བྱའོ། །དེའི་སྐབས་སུ་བདག་གམ་གཞན་གྱིས་ཕུན་སུམ་ཚོགས་པ་ཞེས་བྱ་བ་བཀྲ་ཤིས་ཀྱི་ཚིགས་སུ ་བཅད་པ་བརྗོད་པར་བྱ་སྟེ། དེ་ལྟར་སྐུ་ཁྲུས་གསོལ་ནས་ཤིན་ཏུ་འཇམ་ཞིང་དྲི་མ་མེད་པའི་གོས་ཀྱིས་ཆུ་ཕྱི་བར་བྱའོ། །ཡང་ན་ལག་པས་སོ། །གུང་བུམ་གྱི་མདོག་དང་མཚུངས་པའི་རས་ཀྱི་ཡུལ་དུམས་ན་བཟའ་གསོལ་ཏེ། ཨོཾ་དཱི་བེ་བསྟྲ་ཡེ་སྭཱཧཱ་ཞེས་པའི ་སྔགས་ཀྱིས་ན་བཟབ?་གསོལ་བར་བྱའོ། །ོཾ་བཛྲ་གནདྷེ་ཨཱ(རྒྱུད་འགྲེལ་མ་བུར་ཆུ་དང། སྐུ་རགས་ལ་སོགས་པའི་རྒྱན་ཕུལ་ཏེ་གདགས་པར་བྱའོ། །ོཾ་བཛྲ་རཏན་ཏྲཾ་ཞེས་པའི་སྔགས་ཀྱིས་དབུ་རྒྱན་དབུ་ལ་བཞག་པར་བྱའོ། །ོཾ་བཛྲ་སཏྭ་ཨཱ(རྒྱུད་འགྲེལ་མཆོག་གི་སྨན་གྱི་བྱུགས་ཏེ། ཨོཾ་ཙཀྵུ་ཙུཀྵུ། མ་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱཧཱ། ཞེས་པའི་སྔགས་ཀྱིས་སྤྱན་ལ་བྱུགས་ཏེ་དབྱེ་བར་བྱའོ། །དེ་ནས་གོ་རེ་ཅི་ནས་མཛོད?་སྤུང་ཐིག་ལེ་བྱས་ལ། མེ་ཏོག་དང་སྤོས་དང་མར་མདང་སོ་ཤིང་ལ་སོགས ་པས་མཆོད་པར་བྱའོ། །ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུང་བར་བྱའོ། །དེ་ནས་ཧཱུཾ་གིས་སྐུ་གཟུགས་ལ་སོགས་པ་བཏེག་ལ། ཊཀྐིའི་སྔགས་སམ་ཡི་གེ་ལྔས་དཀྱིལ་འཁོར་དུ་བཙུག་ལ། དབུས་སུ་བཞག་པར་བྱས་ལ། དེ་ནས་དཀྱིལ་འཁོར་བསྒྲུབ་པའི་ཆོ ་གས་ཡེ་ཤེས་ཀྱི་དཀྱིལ་འཁོར་བསྒྲུབས་ཏེ། བསང་གཏོར་ལ་སོགས་པ་ཕུལ་ནས། ཨཎྛ?་ན་འམ། ཧཱུཾ་གི་སྒྲས་དེ་དང་ལྷན་ཅིག་ཏུ་བྱིན་པའི་བགེགས་བསྒྲད་པར་བྱའོ། །ཛ:ཧཱུཾ་བཾ་ཧོ:ཱི་སྔགས་ཀྱི་ཡེ་ཤེས་ཀྱི་འཁོར་ལོ་སྐུ་གཟུགས་ལ་སོགས་པ་ལ། དགུག? ་པ་དང། གཞུག་པ་དང། བཅིང་བ་དང། གྱེས་པར་བྱས་ནས། སྤྱན་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབས་ཏེ། དབང་བསྐུར་བར་བྱའོ། །དེ་ཡང་བསང་གཏོར་ལ་སོགས་པ་ཕུལ་ནས་མེ་ཏོག་ལ་སོགས་པའི་མཆོད་པ་སོ་སོའི་སྔགས་དང་ལྡན་པས་མཆོད ་པར་བྱའོ། །དེ་ལ་སྔགས་པ་མཉམ་པར་བཞག་ནས་མེ་ཏོག་སྟིམ་པར་གཟུང་ལ། ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། ཞེས་པ་ལ་སོགས་པའི་དེ་ཁོ་ན་ཉིད་ཀྱི་ཚིག་འདི་བརྗོད་དོ། །ཡི་གེ་བརྒྱ་པ་ཡང་ལན་བདུན་དུ་བཟླས་ཤིང་བསྐོར་བར་བྱའོ། །དེ་ལྟར་བརྟན ་པར་བྱས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གསོལ་བ་གདབ་པ་ནི། འདི་ལྟར་བདེ་གཤེགས་སྐྱོབ་པ་ཡིས། །ཐམས་ཅད་དུ་ནི་སེམས་ཅན་དོན། །སྣ་ཚོགས་གཟུགས་ནི་འཛིན་འགྱུར་ནས། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་སུ། །རྡོ་རྗེ་འཛིན་པ་སྣང ་བར་མཛོད། །དེ་ནས་སྔོན་བཞིན་དུ་ཕྱིར་བྱུང་སྟེ། གཏོར་མ་རྒྱ་ཆེན་པོ་ཤམས་ལ་།ཕྱོགས་སྐྱོང་པ་རྣམས་བདུད་རྩིས་ཚིམ་པར་བྱས་ནས་མཆོད་དེ་རང་རང་གི་གནས་སུ་གཤེགས་སུ་གསོལ་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ཁང་པར་ཞུགས་ལ། བསྒོར་བ་གསུམ་བྱས ་ནས་ཕྱག་འཚལ་ཏེ། དམན་པ་དང་ལྷག་པའི་ལས་ཀྱི་ཁ་བསྐང་བར་བྱ་བའི་ཕྱིར་།རྒྱས་པའི་སྦྱིན་སྲེག་བརྩམ་པར་བྱའོ། །སྦྱིན་སྲེག་གི་དུས་སུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱས་པར་བྱ་བའི་ཕྱིར། སློབ་མའི་མཐེ་བོང་གཡས་པ་ནས་གཟུང་སྟེ། དགང་བླུགས ་གསུམ་ལ་སོགས་པ་དབུལ་བར་བྱའོ། །དེ་ནས་བླ་མ་སློབ་མ་ལ་དེ་བཞིན་གཤེགས་པས་གནང་བའི་ཡོན་བསླང་བར་བྱ་སྟེ། སློབ་མ་དགའ་བའི་སེམས་དང་ལྡན་པས་རང་གི་འབྱོར་བའི་སེམས་དང་སྦྱར་ཏེ། རྒྱན་ཐམས་ཅད་ཀྱི་རབ་ཏུ་བརྒྱན་པའི་བཙུན་མོ་དང། ་གླང་པོ་ཆེ་དང་།རྟ་དང། ཤིང་རྟ་དང། བ་ལང་དང། མ་ཧེ་ལ་སོགས་པའི་དཀོར་དང། གསེར་དང་དངུལ་དང་ཟངས་དང་རིན་པོ་ཆེ་དང་མུ་ཏིག་ལ་སོགས་པ་ནོར་བུའི་ཁྱད་བར་རྣམས་དང། འབྲུ་དང་བཅོས་པའི་གཞི་དང། ས་གཞི་དང། སྐྱེས་ཤིང་ར་བ་དང་ཁང་པ ་ལ་སོགས་པ་ཅི་ཡོད་པ་དབུལ་བར་བྱའོ། །སློབ་དཔོན་མཉེས་པར་གྱུར་པས་ནི། དེ་བཞིན་གཤེགས་པ་མཉེས་བར་འགྱུར་ཏེ། མཉེས་པས་མཆོག་གི་དངོས་རུབ་འཐོབ་།དེ་ནས་ཙཱ་ར་བསྒྲུབ་བར་བྱ་སྟེ། སྣོད་ལེགས་པར་བཀྲུས་ལ། དབང་བླུགས་ཀྱི་ལྷག ་མ་དང། སྦྲང་དང་འོ་མ་དང་ཁ་ར་ལ་སོགས་པ་མཆོག་གི་བདུད་རྩིར་བྱིན་གྱིས་བརླབས་ཏེ། གཙོ་བོའི་སྔགས་ཀྱང་བཟླས་པར་བྱའོ། །ོཾ་དི་བྱ་ནི་ས་མཱ་དྷི་དྷ་ནུ། སྲི་ཎ་ནི་སྭཱཧཱའི་སྔགས་ཀྱིས་གསེར་ལ་སོགས་པའི་རིན་པོ་ཆེའི་སྣོད་དུ་བླུགས་ལ། དེ ་བཞིན་གཤེགས་པ་ལ་མཆོད་པར་བྱའོ། །དེ་ནས་ལྷ་ཁང་དང། མཆོད་རྟེན་ལྷ་ཁང་དང་ཁྱམས་སུ་ལུགས་སྐུ་ལ་སོགས་པ་ལ། ལེགས་པར་བྱས་པའི་ཁྲིའམ། ས་སྟེགས་ལས་བྱས་པའི་སྟེང་དུ་བཞུགས་སུ་གསོལ་བ་ནི་དགྱེ་པ་དང། སྐུ་བ་དང། ཡོ་བ་མ་ཡིན ་པར་ཨོཾ་སུ་བྲ་ཏིཥྛ་བཛྲེ་སྭཱཧཱ། ཞེས་བརྗོད་ལ་བཞག་།དེ་ལྟར་མ་བྱས་ན་སྐྱོན་དུ་འགྱུར་རོ། །དེ་ལ་སྔོན་བཞིན་དུ་བསང་གཏོར་ལ་སོགས་བ་སྦྱིན་ནས་ཡོངས་སུ་མཆོད་དེ་།བསྟོད་ནས་བདུད་རྩི་མྱང་བར་བྱས་ནས། ཡི་གེ་བརྒྱ་པའི་སྔགས་བརྒྱ་ཕྲག་གཅིག་གི་བརྗོད་དེ། བཟོད་པར ་གསོལ་བར་བྱའོ། །བཟོད་པ་རྫོགས་པའི་སངས་རྒྱས་ཀྱིས་།ལྷ་དང་སངས་རྒྱས་རིགས་འཛིན་དང། །ཚངས་ལ་སོགས་པའི་ལྷ་རྣམས་ལ། །ཇི་ལྟར་གསུངས་པའི་ཆོ་ག་རྣམས། །མ་འཚལ་བ་དང་མ་ཚོགས་དང། །བཟོད་པ་ཆེན་པོ་རབ་མཛད ་ནས། ཞི་བ་བཀྲ་ཤིས་ཐམས་ཅད་ནི། །ཡོན་བདག་འདི་ལ་ཚོགས་མཛད་དེ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང། །སླར་ཡང་འབྱོན་པར་མཛད་དུ་གསོལ། ཅི་ལྟར་གཟུགས་སྐུ་རབ་གནས་པས། །བསྐལ་བ་བརྒྱ་ཕྲག་དུ་མ་དུ། །ལྷ་རྣམས ་ཀུན་གྱིས་སྲུང་བྱེད་ཅིང། །མེ་དང་ཆུ་དང་རླུང་དངས། །འབྱུང་བའི་ལྷ་རྣམས་ཐམས་ཅད་ཀྱིས། །ནང་གི་འབྱུང་པོའི་ཆུང?་པོ་ལ། །ལེགས་པར་བསྲུང་ཏེ་ཆོ་གར་གྱིས། །སློབ་དཔོན་སློབ་མར་བཅས་པ་དང། །བུ་དང་ཚ་མོ་འཁོར་བཅས་དང། །དེ?་ངག་བསྲུང་བར ་མཛད་དུ་གསོལ། །གཞན་ཡང་ཁྱད་པར་འདི་དག་གསུངས། །རི་མོར་བྲིས་དང་འབྲུལ་སྐུ་ལ། །གོང་གི་རིམ་པས་རབ་གནས་ལ། མཆོད་པ་རྣམ་པ་སྣ་ཚོགས་པས་།ལྷ་རྣམས་ལ་ཡང་མཆོད་པར་བྱས་ཏེ་།རོལ་མོའི་ཚོགས་དང་ལྡན་པས ་བསྐོར་བ་ལན་གསུམ་བྱས། སྨོན་ལམ་རྒྱ་ཆེན་པོ་གདབ་པར་བྱའོ། །དེ་ནས་རང་གི་གནས་སུ་སོང་སྟེ། དགེ་སློང་དང་དགེ་སློང་མ་དང། དགེ་བསྙེན་དང་དགེ་བསྙེན་མ་ལ་སོགས་པ་རྣམས་ལ་མཆོད་སྟོན་རྒྱ་ཆེན་པོ་བྱས་ནས། གཞན་ཡང་ཇི་ལྟར ་འབྱོར་པས་མཆོད་སྟོན་རྒྱ་ཆེན་པོ་བྱའོ། །སློབ་དཔོན་འཁོར་དང་བཅས་པ་དང། གཙུག་ལག་ཁང་གི་མཁན་མོ་དང། གཉེར་བྱེད་ལ་སོགས་པ་སྤྱན་དྲངས་ལ་མཆོད་སྟོན་དང་དབུལ་བརྒྱ་ཆེན་པོ་བྱས་ཏེ། དགྱེས་པར་བྱས་ནས་བཟོད་གསོལ་བྱའོ།། ་མཚན་མོའི་དུས་སུ་ཚོགས་ཀྱི་འཁོར་ལོ་དང་མཆོད་པ་རྒྱ་ཆེན་པོ་བྱའོ། །དེ་ནས་སྔགས་པས་དཀྱིལ་འཁོར་གྱི་ཁང་པར་ཞུགས་ལ། ཡོངས་སུ་མཆོད་དེ། གཡས་སུ་སྤོས་གཟུང་ཞིང་གཡོན་ནས་དྲིལ་བུ་དཀྲོལ་ལ་བསྟོད་པ་བྱས་ཏེ། ཡི་གེ་གསུམ་གྱི་མཐར་མུ(རྒྱུད་འགྲེལ་ལྡན་པས་གཤེགས་སུ་གསོལ་བར་བྱའོ། །དེ་ནས་ཚོན་རྩི་བསྡུས་ཏེ་།གཙང་མའི་སྣོད་དུ་བླུགས་ལ། གང་ཞིག་འདོད་པ་ལ་ཉུང་དུ་ཉུང་དུ་བྱིན་ནས་ལྷག་མ་ཆུ་ཆེན་པོར་དོར་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ས་བྱུང་རྣམ་ལྔས་བྱུགས ་ལ། སྔགས་འདི་བརྗོད་པར་བྱའོ། །ོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏཔནྣ་ཏྭཱད། ཨོཾ་ཨ(རྒྱུད་འགྲེལ་འདི་དང་ཕ་རོལ་དོན་བསྒྲུབ་ཕྱིར། །རྟག་ཏུ་ཆོ་ག་བརྩམ་པར་བྱ། །འདི་ལྟར་གསུངས་ཏེ། རིགས་ངན་སྨྱུག་མ་མཁན་དང་ནི། །ཤན་པ་ཉ་ཤོར་དམན་པའི་རིགས། །དགྱེས་པའི་རྡོ་རྗེ་སྒོམ་བྱེད་ན། །དངོས་གྲུབ་ཐོབ་སྟེ་ཐེ་ཚོམ་མེད། །མཚམས་མེད་ལྔ་ཡི ་ལས་བྱེད་པ་འོག?་སློབ་དཔོན་ལ་སྨོད་པ་ལ་སོགས་པ་མ་བྱས་ན་དངོས་གྲུབ་ངེས་པར་འགྲུབ་པར་འགྱུར་རོ། །རབ་གནས་དཀྱིལ་འཁོར་བཞེངས་པ་དང། །སྦྱིན་སྲེག་འཁོར་ལོ་བྱས་པའི་རྫས། །ཐམས་ཅད་སློབ ་དཔོན་ཉིད་དབུལ་ཞེས། །རྡོ་རྗེ་འཛིན་པ་ཉིད་ཀྱིས་གསུངས། །ཧེ་རུ་ཀ་དཔལ་ཉེ་བར་འབྱུང་བ་ཡི། །དཀྱིལ་འཁོར་ཆོ་ག་བདག་གིས་བྱས་པ་ལ། །ལོག་པའི་སྐྱོན་སྤངས་ཡང་དག་ལམ་ཐོབ་པས། ། ་འཁོར་བའི་སྡུག་བསྔལ་མ་ལུས་ཀུན་བཅོམ་སྟེ། །ལྷན་ཅིག་སྐྱེས་པ་གསལ་ནས་ནི། །ཧེ་རུ་ཀ་དཔལ་གོ་འཕང་མཆོག་།འགྲོ་བས་མྱུར་དུ་ཐོབ་པར་ཤོག་།དཔལ་དགྱེས་དཔའ་ཨི་རྡོ་རྗེའི་དཀྱིལ་འཁོར ་གྱི་ཆོག?་།ཧེ་རུ་ཀ་ཉེ་བར་འབྱུང་བ་ཞེས་བྱ་བ། །སློབ་དཔོན་ཆེན་པོ་སྟོང་ཉིད་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དགེ་སློང་པཱུརྞཀྵི་ཀཱིརཧི?་དང་།བོད་ཀྱི་ལོ་ཚ་བ་སྣ་ནམ་རྡོ་རྗེ་བླ་མས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ།། པའོ།། ་