| Wylie | e-texts based on the ACIP/ALL Input |
མཁས་པ་ཆེན་པོ་ཉིན་མོའི?་འབྱུང་གནས་ཟླ་བའི་ཞབས་ཀྱིས་མཛད་པ་རྫོགས་སྟོ?།། །། *། །ཧེ་རུ་ཀའི་མན་ངག་དང་བྱིན་གྱི་རླབ་པ་བཞུགས། །རྒྱ་གར་སྐད་དུ། ཤྲཱི་ཧེ་རུ་ཀོ་པ་དེ་ཤ་ནཱ་མ་ས?་?་ཀྲ་མ། བོད་སྐད་དུ། ་དཔལ?་ཧེ་རུ་ཀའི་མན?་ངག་དང?་བྱིན་གྱིས་བརླབས་པའི་རིམ་བ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དངོས་པོ་མ་ཡིན་དངོས་པོའི་ངོ་བོ་བྲལ་བ་མ་ཡིན་གཅིག་མིན་དུམ་པ་ཡིན་གཙོ། །ཐམས་ཅད་ཞི་བར་གྱུར་ཅིང་ནམ་མཁའ་ཨི་དཀྱིལ་དང་མཚུངས་པ་དམ?་པ ་ཕུན་སུམ་ཚོགས?་པའི?་གཞི?། །གོས་པ་མེད་ཅིང་འགྱུར་པ་མེད་པ་སྤྲོས་པ་དང་བྲལ་སོ་སོ་རང་གི་རིག་པ་མཆོག་།བླ་མེད་ཆོས་ཀྱི་བདག་ཉིད་ཞི་བའི་བདེ་བ་ཧེ་རུ་ཀ་དཔལ་ཁྱོད་ཀྱིས་སྩོལ་གྱུར་ཅིག་།ཤེས་རབ་ལྷན་ཅིག་སྐྱེས་པས་འཁྱུད། །དབྱེ?་?་ལྷན་སྐྱེས ་ཕྱག་འཚལ་ཏེ། །ལྷ?་?་སྐྱེས?་པའི་བདག་ཉིད་མཆོག་།ཧེ་རུ་ཀ་དཔལ་མན་ངག་བཤད། །དཔལ་ལྡན་ཨུརྒྱན?་གནས་ལས་བྱུང། །བླ་མ་རྒྱུད་པ་ལས་འོངས་པ། །རྣལ་འབྱོར་ཆེན་མོའི་སྙིང་པོ་ཉིད། །སྙིང་པོ་མཆོག་ཏུ་གསང་པ་ཉོན། །དེ་ཡང་ཨུདུམྦ? ་བ?་ཆེན་པོའི་མེ་ཏོག་བཞིན?་རྙེད?་པར་དཀའ་པ་དང། དཔག་བསམ་གྱི་ཤིང་བཞིན་འདོད་པའི་འབྲས?་བུ་སྐྱེད་པར་བྱེད་པ་དང། མིའི་དབང་པོ་བཞིན་བསྟེན་པས་འབྲས་བུ་སྟེང་པར་བྱེད་པ་དང། གསང་བའི་སྔགས་ཀྱང?་ངོ། །རྒྱ་མཚོ་ལེགས་པའི་རླབས་བཞིན ་ཟབ?་མོ་དང་ལྡན་པ་དང། ཟླ་བ་བཞིན་སྣང་བར་རྒྱེད་ཅིང་ཚིམ་པར་བྱེད་པ་དང། ཉི་མ་བཞིན་མུན་པའི་ཚོགས་སེལ་བར་བྱེད་ཅིང་སྙིང་གི་པདྨ་རབ་ཏུ་སད་པར་བྱེད་པར་རིག་ནས་འདི་ལས་དང་བ་བསྐྱེད་པར་བྱའོ་ཞེས་བསྟན་ཏོ། །འདིར་དབང་བྱས་པའི་སྔགས་པ་བཅོམ?་ལྡན་པ། ་སྙིང་རྗེ་དང་ལྡན་པ། མོས་པ་བརྟན་པ། བྱང་ཆུབ་ཀྱི་སེམས་བརྟན་པ། བླ་མ་དམ་པའི་ཞབས་ཀྱི་པདྨ་ལ་ཤིན་ཏུ་ཡུན་རིང་དུ་བརྟེན་པས་སྣང་བ་ཐོབ་པ། ཚོགས་བསགས་པ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀུན་ནས་འདོད་པས། དཔེན?་ཞིང་འཚོ་བ་མེད་པ་རྗེས་སུ ་མཐུན་པར་དྲི་མ་མེད་པའི་ཆུ་ཕུན་སུམ་ཚོགས་པ་དང་ལྡན་པ། མེ་ཏོག་དང་འབྲས་བུ་དང་འདབ་མའི་ཁུར་གྱིས་ལྕི་བའི་མཆོག་གི་ཤིང་གིས་མཛེས་པའི་ནགས་ཀྱི་ཕྱོགས་སམ། རིའི་ཕུག་གམ། ཆུ་ཀླུང?་གི་དོགས?་སམ། རྒྱ་མཚོ་ལ་སོགས་པའམ། དུར?་ཁྱོད ་དམ་ཤིང་གི་རྩ་འམ། ལྷའི་གནས་སམ། ལྷ་ཁང་ངམ། ཡིད་དུ་འོང་བའི་གནས་སུ་གནས་པར་བྱ་སྟེ། སྟན་ལ་འདུག་ནས་གནས་དང་བདག་དང་རྣལ་འབྱོར་བསྲུང་བ་བྱས་ནས། ཡོད་པའི་དངོས་པོ་བདུད་རྩི་ལྔ་ལ་སོགས་པས་བསྲེས་པའི་ཚུས་དཀྱིལ་འཁོར ་བྱུགས་ལ་མེ་ཏོག་དང་?་པ་བྱས་ཏེ། སྭ་བྷ་བ་ཤུདྡྷ:སརྦ་དྷརྨཱ་སྭ་བྷ་བ་ཤུདྡྷོ?་ཉཧོཾ?་ཞེས་བརྗོད་པར་བྱའོ། །དེ་ནས་མཉམ་པར་བཞག་པས་བདག་ཉིད་དཔལ་དཔལ་ཧེ་རུ་ཀར་བསྒོམ་པའམ་མོས་པར་བྱའོ། །ལྟེ་བའི་དཀྱིལ་འཁོར་དུ་སྙེན?་གྱི་དཀྱིལ་འཁོར་གྱི ་བདག་ཉིད་སྐད?་མའི་བདག་པོ?་དང། གཤིན་རྗེའི་བདག་པོའི་དཀྱིལ་འཁོར་ཁ་སྦྱོར་རི་མཛའ་སྐོར་མཚམས་མེད་པ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ལས་སྤྲོས་པའི་འོད་ཟེར་གྱི་ཕྲེང་བས་སྟོན་པའི་རྣམ་པ་སྣ་ཚོགས་ལ་སོགས་པའི་སྐད་ཅིག་གི་ཁྱད་པར་བསྒོམ་པར? ་བྱའོ། །དེའི་དབུས་སུ་བརྟེན་པའི་དཀྱིལ་འཁོར་གྱི་བདག་ཉིད། དང་ཞིང?་ཟླུམ?་པ་མུ་ཏིག་གི་འབྲས་བུ་ལྟ་བུ་ཕྱོགས་དང་བཙམས་དང་དབུས་ཀྱི་ཐིག་ལེ་དགུ་བསྒོམ་པར་བྱ་སྟེ། དེ་ལ་ལུས་ཀྱི་དེ་ཁོ་ན་ཉིད་ལ་སོ་སོར་རྟོག?་པའི་བདག་ཉིད་དཀར་མོའི་རང་བཞིན་ནི་ཤར་གྱི ་ཐིག་ལེའོ། །སེམས་ཀྱི་དེ་ཁོ་ན་ཉིད་ལ་སོ་སོར་རྟག་པའི་བདག་ཉིད་ཆོམ་རྐུན་མའི་རང་བཞིན་ནི་ལྷོའི་ཐིག་ལེའོ། །ངག་གི་དེ་ཁོ་ན་ཉིད་ལ་སོ་སོ་རྟོག་པའི་བདག་ཉིད་རོ་ལངས་མའི་རང་བཞིན་ནི་ནུབ་ཀྱི་ཐིག་ལེའོ། །ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ལ ་སོ་སོར་རྟོག་པའི་བདག་ཉིད་ཟ་ཕོང?་མའི་རང་བཞིན་ནི་བྱང་གི་ཐིག་ལེའོ། །ལུས་ཀྱི་དེ་ཁོ་ན་ཉིད་ཀྱི་ཡང་དག་པའི་ཡེ་ཤེས་ཀྱི་བདག་ཉིད་སྒོས་མོའི་རང་བཞིན་དེ་དབང་ལྡན་གྱི་ཐིག་ལེའོ། །སེམས་ཀྱི་དེ་ཁོ་ན་ཉིད་ཀྱི་ཡང་དག་པའི་ཡེ་ཤེས་ཀྱི་བདག་ཉིད་རི?་ཁྲོད? ་མའི་རང་བཞིན་ནི་མེའི་ཐིག་ལེའོ?། །དག་གི་དེ་ཁོ་ན་ཉིད་ཀྱི་ཡང་དག་པའི་ཡེ་ཤེས་ཀྱི་བདག་ཉིད་གཏུམ་མོའི་རང་བཞིན་ནི་བདེན་བྲལ་གྱི་ཐིག་ལེའོ། །ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ཀྱི་ཡང་དག་པའི་ཡེ་ཤེས་ཀྱི་བདག་ཉིད་གཡུང་མོའི་རང་བཞིན་རླུང་གི་ཐོག?་པའོ།། ་ཐིག་ལེ་བརྒྱད་འདི་རྣམས་ཀྱང་ལས་ཀྱི་རང་བཞིན་དུ་བསྒོམ་པར་བྱའོ། །དབུས་ཀྱི་ཐིག་ལེ་དགུ་པའི་འབྲས་བུའི་ངོ་བོ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རང་བཞིན་དཔལ་ཧེ་རུ་ཀའི་བདག་ཉིད་དུ་བསྒོམ་པར་བྱའོ། །དེ་ནས་གོ་རིམས་བཞིན་ཕྱོགས་མཚམས ་ཀྱི་ཐིག་ལེ་བཅུ་འཁས?་འགྱུར་མཁན?་གྱིས་ལྕགས་བརྒྱད་གསེར་དུ་གྲུབ་པ་བཞིན་ཕྱོགས་མཚམས་ཀྱི་ཐིག་ལེ་ཐིམ་པར་ཡུན་རིང་དུ་བསམ་པར་བྱའོ། །དེ་ནས་ལས་སྤྲོས་པའི་འོད་ཟེར་གྱིས་རི་མོས་བདེ་བ་ཆེན་པོ་ན་གནས་པའི་དེ་བཞིན་གཤེགས་པ ་ཐམས་ཅད་བསྐལ?་བར་བྱའོ?། །བསྐུལ་བས་དེས་ཞུ་ཞིང་བདུད་རྩིར་གྱུར་པས་ཐིག་ལེའི་ངོ་བོའི་བཅོམ་ལྡན་འདས་དེ་དབང་བསྐུར་བར་བྱའོ། །དེ་ཡང་ཤེས་རབ་ཀྱི་ཆགས?་པ་གྱེན་དུ་སོང་བ་དེ་ནི་གུར་གུམ་གྱི་ཆར?་དང། གང་གཞོམ་དུ་མེད་པའི་སྒྲ་ཙམ་དེ་ནི ་དྲལ་སྐྱ?་དང། སྐྱན?་པ་སོགས་པའི་གླུ་ཡང་ཡིན་ནོ། །གང་ཡང་དབང་བསྐུར་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཕྱོགས་བཅུའི་དངོས་པོ་ཐམས་ཅད་ལ་སྤྲོས་པ་དམ་ཚམ་པ་ནི་མཆོད་པའི། །དེ་ཉིད་སྣ་ཚོགས་དེའི་བདག་ཉིད་དུ་བྱེད་པ་ནི་བསྟོད་པ་སྟེ། དམ་པར་གྱུར? ་པའི་ཡོན་ཏན་གསལ་བར་བྱེད་པའི་བསྟོད་པའོ། །དེ་ཁོ་ན་ཉིད་དེའི་བདག་ཉིད་དུ་བྱས་པའི་རང་རིག་པའི་ངོ་བོ་ཉིད་ཉམས་སུ་མྱོང་བ་ནི་བདུད་རྩི་མྱང་བའོ། །དེ་ཉིད་ཡང་དང་ཡང་དུ་བརྗོད་པ་ནི་སྔགས་ཀྱི་བརླས་པའོ། །དེ་ལྟར་ཤེས་ནས་བཅོམ་ལྡན་འདས་དེ་དགའ་བའི་ཚོགས ་ཀྱི་རྟེན་མཆོག་གི་མྱ་ངན་ལས་འདས་པའི་ངོ་བོ་གུས་པ་དང་རྒྱུན་མི་འཆད་པར་གོམས་པའི་སྦྱོར་བས་མངོན་དུ་བྱའོ། །དེ་མངོན་དུ་བྱས་པས་ཉོན་མོངས་པ་ཐམས་ཅད་སྤང་པ་དང། མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་ཐམས་ཅད་མངོན་དུ་བྱེད་པ་དང། ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་འགྱུར་རོ། །དེ་དག?་ནི་ཧེ་རུ་ཀའི་མན་ངག་ལས་ནང་གི་བདག་ཉིད་ཀྱི་ཐིག་ལེ་ཧེ་རུ་ཀའི་དཀྱིལ་འཁོར་བསྒོམ་པའི་ཆོ་ག་སྟེ་དང་པོའོ།། །།དེ་ནས་སྔ་མ་བཞིན་བསམ་གཏན་གྱི་གནས་སུ་ཞུགས་ལ། ་གནས་དང་བདག་ལ་སོགས་པའི་ཕུན་སུམ་ཚོགས་པ་དང་ལྡན་པ་གནས་དང་བདག་དང་རྣལ་འབྱོར་བསྲུང་པའི་ཆོ་ག་བྱས་ལ་བྱ་བ་བྱས་པའི་སྔགས་བས་བདེ་བའི་སྟན་ལ་འདུག་སྟེ། སྤྲུལ་པར་བརྗོད་པ་རྒྱལ་བའི་གནས་སུ་ཆུ་སྐྱེས་རྒྱ་མཚོའི་འདབ་མའི་ལྟེ་བ་ལ ་མཆོག་གི་ཐབས་དང་ཤེས་རབ་ཀྱི་རང་བཞིན་བདུད་ལས་རྒྱལ་བ་དང། རི?་དགས་ཀྱིས་མཚན་པའི་དཀྱིལ་འཁོར་མཛའ་སྐོར་མཚམས་མེད་པ་བསྒོམ་མོ། །དེའི་ནང་དབུས་ཀྱི་ཕྱོགས་སུ་ཡུངས་ཀར་ཕྲ་མོ་དང་ཤིང་དག་པ་ཤེལ་ལྟ་བུ་བདེ་བ་ཆེན་པོའི་བདག་ཉིད་དཔའ་བོ ་ཆེན་པོ་ཡེ་ཤེས་ཀྱི་ཐིག་ལེའི་ངོ་བོ་དཔལ་ཧེ་རུ་ཀ་བསམ་པར་བྱའོ། །དེ་ནས་དེ་ལས་ལངས་པ་དཀར་ཞིང་དྲི་མ་མེད་པ་པད་མའི་རྩ་བའི་སྐུད་པ་ལྟ་བུ་འོད་ཟེར་གྱི་རི་མོར་ཟླ་བའི་དབུས་ནས་བྱུང་སྟེ། ཟླ་ཉི་ཁ་སྦྱར་དཀྲིས་པ་གསུམ་གྱིས་ཡང་དག་པར་དཀྲིས་པར ་བསྒོམ་པར་བྱའོ། །ཟླ་བའི་སྟེང་དུ་དཀྲིས་ལ་གསུམ་གྱི་ཕྱེད་ལ་ཡི་གེ་བཅུ་དྲུག་སོ་སོར་བརྒྱུས་པ་བལྟ་བར་བྱའོ། །དེ་ལ་དབུས?་ཀྱི་དཀྲིས་པ་ཕྱེད་ལ་ཨ་ལ་སོགས་པའོ། །གཡོན་དོས་ཀྱི་དཀྲིས་པ་ཕྱེད་ལ་ང་ཉ་སྤངས་པའི་ཀ་ལ་སོགས་པད?་ཡིག་གི་ཐར་ཐུག་པའོ། ་གཡས་ངོས་ཀྱིས་དཀྲིས་པར་ཕྱེད་ལ་ཧ་ཡིག་ལ་སོགས་པ་ཤ་ཀྵ་ཡིག་གི་མཐར་ཐུག་པ་བསྒོམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་དེ་བརྟན་པར་བསྒོམས་པས་བསྒོམ་པ་ཡོངས་སུ་སྨིན་པ་ཐོབ་པར་མོས་པར་བྱའོ། །དེ་ཉིད་ལས ་གཉིས་པ་ཤིན་ཏུ་ཕྲ་བའི་འོད་ཟེར་རི་མོ་འབར་ཞིང་གཅིག་ཏུ་འབར་བ་གནས་པར་བསམ་པར་བྱའོ། །དེ་ནས་དེའི་ནུས་པས་འཇིག་པའི་བདུད་རྩིའི་ཆུ་རྒྱུན་གྱིས་གང་བའི?་བྱང་ཆུབ་སེམས་ཀྱི་ཐིག་ལེའི་ངོ་བོ་དེ་བསམ་པར་བྱའོ། །འོད་ཟེར་གྱི་རི་མོ ་བསལ་བར་གྱུར་པ་དེ་དེ་ཉིད་ཞུགས་པར་བལྟ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་དེ་ལ་ངེས་པར་སེམས་ཀྱི་འཇུག་པ་སེམས་བརྟན་པ་མ་ཐོབ་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ཡང་བརྟན་པའི་མཚན་མ་ཉེ་བར་མཚོན་པར་བྱའོ། །མཚན་མ་ཡང། དང ་པོ་སྨིག་རྒྱ་ལྟ་བུ་སྟེ། །གཉིས་པ་དུ་བ་ལྟ་བུ་ཡིན། །གསུམ་པ་ཕྲིན་བུ་མེ་ཁྱེར་འདྲ། །བཞི་པ་མར་མེ་ལྟར་འབར་བ། སྤྲིན་མེད་ནམ་མཁའ་ལྟ་བུ་ནི། །རྟག་ཏུ་སྣན་བ་ལྔ་པོའོ། །སེམས་ཀྱི་བརྟན་པ་ཐོབ་པ་སྟེ། །མཚན་མ་རྣམ་པ་ལྔ་ཞེས་བྱ། །མཚོན ་པའི་ཡིད་ན?་བརྟན་པ་ལམ། །ཐིག་ལེ་གསལ་བ་སྣང་བ་ཆེ། །སྣ་ཚོགས་སྣང་བར་བལྟ་བར་བྱ། །འགྲོ་བ་རྣམས་ནི་གསལ་བར་མཐོང། །ཏིང་ངེ་འཛིན་ནི་ཐམས་ཅད་དེའོ། །དངོས་གྲུབ་ལེགས་པ་མངོན་དུ་གྱུར། །ངེས་པར་ཏིང་ངེ་འཛིན་ཐོབ་པས། །བྱང ་ཆུབ་ཆེན་པོ་ཉེ་བ་ཡིན། །དེ་དག་ནི་དཔལ་ཧེ་རུ་ཀའི་མན་ངག་ལས་དཔལ་ཆེན་པོ་ཡེ་ཤེས་ཀྱི་ཐིག?་ལེ་བསྒོམ་བའི་ཆོ་ག་སྟེ་གཉིས་པའོ།། །།དེ་ནས་སྔ་མ་བཞིན་དུ་བསམ་གཏན་གྱི་གནས་སུ་སྟན་ལ་འདུག་ནས། ལས་དང་བྱ་བ་ཐམས ་ཅད་བྱས་པའི་སྔགས་པས་ཡིད་མཉམ་པར་བཞག?་པས་ལྟེ་བའི་རྩ་བར་འབྱུང་བ་བཞི་བསྡུས་པའི་ངོ་བོ་རིག་བྱེད་ཀྱི་འདབ་མའི་ཆུ་སྐྱེས་ཀྱི་ལྟེ་བ་ལ་སྣ་ཚོགས་རྡོ་རྗེ་རྩེ་ལྔ་པ་བསྒོམ་པར་བྱའོ། །དེ་ཡང་མེ་ལོང་སྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་རྟག་པའི་རང ་བཞིན་དཀར་པོ་ནི་ཤར་གྱི་རྩེ་མོའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་རིན་ཆེན་རྒྱལ་པོའི་རང་བཞིན་གསེར་གྱི་མདོག་ནི་ལྷོའི་རྩེ་མོའོ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་སྣང་བ་མཛའ་ཡས་ཀྱི་རང་བཞིན་དམར་པོ?་ནི་ནུབ་ཀྱི་རྩེ་མོའོ། །བྱ་བ་གྲུབ་པའི? ་ཡེ་ཤེས་ཀྱི་བདག་ཉིད་དེ་ནི་ཡོད་གྲུབ་པའི་རང་བཞིན་མར་ཀ་ཏའི་ནོར་བུ་ནི་བྱང་གི་རྩེ་མོའོ། །ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་མི་བསྐྱོད་པའི་རང་བཞིན་ནག་པོ་ནི་དབུས་ཀྱི་མུ་ཁྱུད་དུ་བསམ་པར་བྱའོ། །དེ་ནས་དབུས་སུ་ཤིན ་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་རྡོ་རྗེ་འཛིན་པའི་རང་བཞིན་རྡོ་རྗེ་རྩེ་ལྔ་པར་བསྒོམས་ནས། དེའི་དབུས་ཀྱི་རྩེ་མོའི་སྟེང་དུ་དང་བོ་མཆོག་གི་སྙིང་པོའི་ངོ་བོ་དེ་ཉིད་གསུམ་པོ་གཅིག་པའི་ངོ་བོ་དྲག་པོ་བསྒོམ་པར་བྱའོ། །དེ་ནས་དེའི་སྙིང་པོར་གྱུར་པ ་དཔལ་ཧེ་རུ་ཀའི་རང་བཞིན་བདེ་བ་ཆེན་པོའི་བདག་ཉིད་ཟླ་བའི་དཀྱིལ་འཁོར་ལྟ་བུ་བདུད་རྩིའི་བདག་ཉིད་ཟླ་བའི་འོད་ཟེར་གྱི་ཚོགས་ཀྱིས་ཕྱོགས་དང་ནམ་མཁའ་ཐམས་ཅད་ཁྱབ་པ། ཟླུམ་ཞིང་དྲི་མ་མེད་པ་ཆ་དང་བྲལ་བ་མུ་ཏིག་གི་འབྲས་བུ་ལྟ་བུ་ཅི་ཐིག ་ལེ་བསྒོམ་པ་ནི་ཇི་སྲིད་སེམས་བརྟན་པའི་བར་དུ་བསྒོམ་པར་བྱའོ། །སེམས་བརྟན་པའི་མཚན་མ་ཉེ་བར་མཚན་ནས་དེ་ནས་བསླང་ནས་གནས་གཞན་རྣམས་སུ་དགོད་པར་བྱའོ། །དེ་ལ་མིག་ཏུ་དེ་བཀོད་པས་ལྷའི་མིག་སྐྱེ་བའོ། །?་མ་དག་གིས?་ལྷའི ་རྣ་བ་དང་སྐད་ཐམས་ཅད་ཤེས་པའོ། །སྣ་དག་གིས་ནི་ལྷའི་སྣའོ། །ལྕེ་ཡིས་མོ་དང་རོ་མཆོག་དང་ལྷའི་གསུང་ངོ། །པགས་པས་ལྷའི་ལུས་སོ། །དེ་བཞིན་དུ་མགོ་བོས་ལུས་འཕོ་བ་དང། མི་སྣང་བར་བྱེད་པ་དང། དུས་གསུམ་ཤེས་པའོ། །མགྲིན་པས་སྙན ་ངག་མཁན་དང། །སྨྲ?་ནུས་པ་དང། རང་དང་གཞན་གྱི་གྲུབ་པའི་མཛའ་ཤེས་པའོ། །སྙིང་གས་མངོན་པར་ཤེས་པ་ཐམས་ཅད་དོ། །ལྟེ་བས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་བཟོད་པ་ཉིད་དང། ཐམས་ཅད་ཤེས?་པའོ། །དེ་ལྟར་སེམས་བརྟན་པ་ཐོབ ་པར་གྱུར་པས་ཡོན་ཏན་མཛའ་དག་གི་རིན་པོ་ཆེ་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ། །དེ་དག་ནི་ཧེ་རུ་ཀའི་མན་ངག་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའི་སྒོམ་པའི་ཆོག་སྟེ་གསུམ་པའོ།། །།དེ་ནས་སྔགས་?་ཆོ་ག ་བཞིན་བསམ་གཏན་གྱི་གནས་སུ་བདེ་བའི་སྟན་ལ་འདུག་སྟེ། ཤིན་ཏུ་རྣམ་པར་དག་པའི་སྔགས་བརྗོད་ནས་བདག་ཉིད་དཔལ་ཧེ་རུ་ཀར་མོས་པར་བྱའོ། །འཁོར་ལོ་གྲུ་བཞིའི་བདག་པོ་སྟེ་འཇིག་རྟེན་མཛའ་དག་ཆོས་ཀྱི་སྐུའི་བདག་ཉིད་འབར་བ་ཡུན་རིང་དུ་བསྒོམ? ་པར་བྱའོ། །དེ་ནས་སྙིང་པོའི་གནས་སུ་ཧཱུཾ་གི་སྒྲ?་ཙམ་བསྒྱོང་པས་ཡེ་ཤེས་ཀྱི་རྒྱ་མཚོ་རླབས་ཆེན་པོ་བསྣུན་ཏེ། ཆང་འཐུངས་ནས་མྱོས་ཅིང་སྐྱུགས?་པ་ལྟར་མགོ་མེད་རྩའི་ཆུ་གུང་ལས་བདུད་རྩིའི་ཆུས་དབང་གསུང་བ་དང། འཐུངས་པའི་ཧཱུཾ་བསྒོམ་པར་བྱའོ། །དེ ་ལས་བྱུང་བའི་བདེ་བ་ཆེན་པོའི་བདག་ཉིད་མཆོག་གི་བདུད་རྩིར་གྱུར་པ་འོད་ཟེར་གྱི་འཕྲོ་བ་སྤྲོས་པས་ཕྱོགས་དང་ནམ་མཁའ་ཐམས་ཅད་སྐད?་བར་བྱེད་པར་གྱུར་པའི་གསེར་འགྱུར་རྩིས་བསྣན་པ་བཞིན་འཇིག་རྟེན་གསུམ་གསུང?་བར་བྱའི། །རང་གི་སེམས་ཀྱང་དེ་དང ་ཐ་མི་དད་པ་གཉིས་སུ་མེད་པར་གྱུར་པ་དམིགས་པ་མེད་པ་བསྒོམ་པ་ནི་ཇི་སྲིད?་བརྟན་པ་འགྱུར་གྱི་བར་རོ། །དེ་ལྟར་བསྒོམ་པའི་རྣལ་འབྱོར་དེའི་སངས་རྒྱས་ཀྱི་ཡོན་ཏན་སྟོབས་བཅུ་དང། མི་འཇིགས་པ་ལ་སོགས་པ་མངོན་དུ་བྱེད་པར་འགྱུར་རོ། །ཡོན་ཏན་གྱི ་ཚོགས་མངོན?་འགྱུར?་པ་དེས་དཔལ?་ཧེ་རུ་ཀ་ཉིད་ཡང་དག་པར་ཐོབ?་པ་ཡིན་ནོ། །ཧེ་རུ་ཀ་ཉིད་ཐོབ་པ་ཉིད་ཀྱིས་འགྲོ་བ་ཐམས་ཅད་ཀྱི་དོན་བྱེད་པར་ནུས་པ་ཡིན་ནོ། །འགྲོ་བ་ཐམས་ཅད་ཀྱི་དོན་བྱས་པས་ཁམས་གསུམ་དུ་གཏོགས་པའི་འཇིག་རྟེན་པ ་རྣམས་གྱིས?་མཆོག་ཏུ་གུས་པས་མཆོད་པ་ཡིན་ནོ། །དེ་དག་ནི་དཔལ་ཧེ་རུ་ཀའི་མན་ངག་ལས་ཆོས་ཀྱི་ཡི་གེ་བསྒོམ་པའི་ཆོ་ག་སྟེ་བཞི་པའོ།། །།དེ་ནས་ཇི་སྐད་གསུངས་པའི་མཚན་ཉིད་དང་ལྡན་པའི་སྔགས་པ་སྔ་མ ་བཞིན་བསམ་གཏན་གྱི་གནས་སུ་ཞུགས་པ་རྗེས་སུ་མཐུན་པའི་སྟན་ལ་འདུག་རྡོ་རྗེ་བུ་མཐུན་པའི་བྱ་བ་ཐམས་ཅད་བྱས་ལ། ཡིད་མཉམ་པར་བཞག་པས་བདག་ཉིད་དཔལ་ཧེ་རུ་ཀར་མོས་པར་བྱའོ། །ཆོས་ཀྱི་འཁོར་ལོར་སའི་ཁམས་གྱི་རང་བཞིན་རིག་བྱེད་ཀྱི་ཆུ་སྐྱེས ་བསྒོམ་པར་བྱའོ། །དེ་ནས་དེའི་དབུས་སུ་ཆུའི་ཁམས་ཀྱི་རང་བཞིན་སྨན་གྱི་གཙོ་བོར་བསྒོམ་པར་བྱའོ། །དེའི་སྟེང་དུ་མེའི་ཁམས་ཀྱི་རང་བཞིན་ཉིན་མོའི་དབང་ཕྱུག་བསམ་པར་བྱའོ། །དེ་ནས་དེ་དག་མཛའ་བསྐོར་མཚམས་མེད་པའི་ནང་དུ་རླུང་གི་ཁམས་ཀྱི་རང ་བཞིན་ནོར་བུ་སྟེ། དབང་ཆེན་སྔོན་པོ་ཕྲ་མོའི་ཐུར་མ་ལྟར་རིང་པོ་མ་ཡིན་པ་གྱེན་དུ་ལངས་པའི་འོད་ཟེར་གྱི་རིམ་སྣང་བའོ། །དེའི་སྟེང་ནམ་མཁའ་ཨི་ཁམས་ཀྱི་རང་བཞིན་ཆོས་ཀྱི་སྐུའི་ངོ་བོ་བདེ་བ་ཆེན་པོའི་རང་བཞིན་རྡོ་རྗེ་འཛིན་པ་ཆེན་པོ་སྙིང་པོའི་བདག་ཉིད། དཔའ་? ་ཧེ་རུ་ཀའི་རང་བཞིན་བདེ་བ་སྤྲོས་པའི་རྒྱུན་གྱིས་སྲིད་པ་མཛའ་དག་ཁྱད་པར་བྱེད་པ་།མཆོག་ཏུ་གསང་བའི་ངོ་བོ་ཤིན་ཏུ་རང་བའི་མུ་ཏིག་གི་འབྲས་བུ་ལྟ་བུའི་ཐིག་ལེ་ཕྲ་མོ་བལྟ?་བར་བྱའོ། །དེར་ཡིད་གཏད་པའི་སྔགས་པས་ཇི་སྲིད་སེམས་བརྟན་པར་འགྱུར་བ་དེ་སྲིད ་དུ་བལྟ་བར་བྱའོ། །སེམས་བརྟན་པར་གྱུར་པའི་མཚན་མ་གཞན་དུ་མཚོན་པར་བྱའོ། །གང་གི་ཚེ་སེམས་བརྟན་པ་ཡིན་པ་དེའི་ཚེ་ཐིག་ལེ་དེ་ཡན་ལག་གཞན་ལ་དགོད་པར་བྱའོ། །དེ་མཛད་སྤུར་བཀོད་པ་དེ་ཉི་མ་བཞིན་སྲིད་པ་སྨད་པར་བྱེད་པ་དང། ཉོན་མོངས་པའི ་འདམ?་ཡང་སྐམ?་པར་བྱེད་དོ། །དབུལ?་བས་ནི་ཕྱི་དང་ནང་དུ་བཅས་པའི་མུང་པའི་ཕུན?་པོ་འཇོམས་པར་བྱེད་པ་དང། དགེ་བའི་འབྲུ་ཡང་ཡོངས་སུ་གསོ་བར་བྱེད་དོ། །དེའི་སྟེང་གིས་སྐར་མ་བཞིན་དུ་སྤྲོས་ཏེ་ནམ་མཁའ་འགེངས་པར་བྱེད་དོ། །ལྕེ་ཡིས་ཇི་སྲིད ་འདོད་པ་དེ་སྲིད་འཕྲལ་བར་འགྱུར། །དཔུང་བའི་རྩ་བ་ས་ལག་པའོ། །མགོ་བོས་ལུས་ཐམས་ཅད་ངོ། །མང་དུ་སྒྲུབ་ཅི་དགེ?། །གང་དུ་འདི་གདམ་པ་དེ་འཕེལ་བར་འགྱུར་ཏེ། རིམ་གྱིས་རྡོ་རྗེ་འཛིན་པ་ལཉིད་འབྱུང་བར་འགྱུར་རོ། །དེ་དག་ནི་དཔལ ་ཧེ་རུ་ཀའི་མན་ངག་ལས་འབྱུང་བ་ལྔའི་སྙིང་པོ་དེ་ཁོ་ན་ཉིད་ཀྱི་ཐིག་ལེ་བསྒོམ་པའི་ཆོ་ག་སྟེ་ལྔ་པའོ།། །དེ་ནས་མཉམ་པར་བཞག་པའི་སྔགས་པས་སྔ་མ་བཞིན་བསམ་གཏན་གྱིས་ཨ?་དང་?་བའི་སན?་ལ ་འདུག་སྟེ། བྱ་བར་འོས་བ་ལ་སོགས་པ་བྱས་ནས་བདག་ཉིད་དཔལ་ཞེ་རུ་ཀ་དམོས་པར་བྱའོ། །སྤྲུལ་པའི་འཁོར་ལོ་ལ་ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པའི་རི་བོང་ཅན་དང་ཉི་མ་ཁ་སྦྱོར་བའི་དབུས་ཆོས་ཀྱི་སྒོ་ཨཾ་ལས་བྱུང་བ་བདག?་མང་མའི?་རང་བཞིན ་མཆོག་གི་ཤེས་རབ་ཀྱི་བདག་ཉིད་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཡོངས་སུ་རྫོགས་པའི་ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེའི་དབུས་སུ་ས་ལས?་གཞན་བ་དབྱངས་དྲུག་པ་ལ་བསྐྱོན་པ་ཟླ་བ་ཕྱེད་དང་ཐིག་ལས་བརྒྱན་པ། དབང་སྔོན་ཆེན་བོའི?་ནོར་བུ་ལྟ ་བུ་དཔལ་ཧེ་རུ་ཀའི་རང་བཞིན་མཆོག་གི་ཐབས་གྱི་ངོ་བོ་ཆོས་ཀྱི་དབྱིངས་ལ་དམིགས་པའི་བདག་ཉིད་སྒྲིབ་པ་ཐམས་ཅད་འབིགས?་པར་བྱེད་པ་འབར་བ་བསྒོམ་པར་བྱའོ། །དེ་ནས་དེའི་འོད་ཟེར་གྱི་ལྕབས?་ཀྱུས་བཀུག་བའི་ཕྱོགས་བཅུའི་འཇིག?་རྟེན ་གྱི་ཁམས་ན་གནས་པའི་རྣལ་འབྱོར་མ་ཐམས་ཅད་ཟླ་བའི་དཀྱིལ་འཁོར་དུ་གཞུག་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་དཔལ་ཧེ་རུ་ཀའི་རྣམ་པས་དིའི་སྟེང་ན་གནས་པ་ཇི་སྐད་གསུངས་པའི་ཡི་པ་ལ་ཐིམ་པར་བྱའོ། །དེ་ནས ་གདན?་དང་ས་བོན་དེ་དག་རྗེས་སུ་ཆགས་པ་དང། ཀུན་ཏུ་ཆགས་པར་བསམས་ནས?་ཆོས་རྣམ་པར་དབྱད་པའི་སྒོ་ནས་ངེས་པར་རྣམ་པར་དཔྱད་པར་བྱའོ། །གལ་ཏེ་བདག་གིས་གདན་དང་ས་བོན་ལ་སོགས་པ་འདི་དག་གཟུང་བ་དང་འཛིན་པར ་སྣང་ལ་དི?་བདག་གི་སེམས་ཙམ་སྟེ་རང་གི་སེམས་ལས་གཞན་དུ་སྣང་བ་མ་རིག་པའི་ཕྱིར་གདན་ས་བོན་ལས་གཞུག་པར་བྱའོ། །དེ་ནས་སེམས་ཙམ་དེ་ཡང་དོན་དམ་པར་གསལ་བ་ཙམ་གཉིས་སུ་མེད་པ་རྣམ་པའི་དབྱེ་བ་རྫུན་པ་ཉིད་ཀྱིས་ངོན ་དམ་བ་མཐོང་བ་ལ་ནུབ་པའི་ཕྱིར་ཡི་གེ་ཐིག་ལེར་ནུབ་པར་བྱའོ། །དེ་ཡང་རྟོག་པ་མེད་པ་བདེ་བ་ཆེན་པོའི་རང་བཞིན་ཇི་སྲིད་འདོར?་པར་བསྒོམས་ལ། ཕྱོགས་བཅུའི་དངོས་པོ་ཐམས་ཅད་དུ་སྤྲོ་བར་བྱའོ། །སྤྲོས་ནས་སྣ་ཚོགས་དེའི་བདག་ཉིད་དུ་བྱ་སྟེ། དེའི་བདག་ཉིད ་དུ་བྱས་པ་ཡང་སྣང་བ་མེད་པ་གསལ་བ་ཙམ་གཉིས་སུ་མེད་པ་ནམ་མཁའ་བཞིན་རོ་མཉམ་པ་མཛའ་ལས་པ། དེ་བཞིན་ཉིད་དུ་རོ་གཅིག་པ། གསང་བ་དཔེ་ལས་བྱུང་བའི་ལྷན་ཅིག་སྐྱེས་པ་བདེ་བའི་ངོ་བོ་དེ་ལ་ཡིད་དགའ་བའི་སྔགས་པས་ཇི་སྲིད་ནུས་པས་དེ་སྲིད ་བལྟ་བར་བྱའོ། །དེ་དག་ནི་དཔལ་ཧེ་རུ་ཀའི་མན་ངག་ལས་ཐབས་ཤེས་རབ་གཉིས་སུ་མེད་པའི་ཐིག་ལེ་བསྒོམ་པའི་ཆོ་ག་སྟེ་དྲུག་པའོ།། །།དེ་ནས་སྔ་མ་བཞིན་བསམ་གཏན་གྱི་གནས་སུ་བདེ་བའི་སྟན་ལ་འདུག་སྟེ། བྱ་བ་བྱས་པའི་རྣལ་འབྱོར་པ་བདག ་ཉིད་དཔལ་ཧེ་རུ་ཀར་མོས་བར་བྱའོ། །སྤྲུལ་པའི་འཁོར་ལོའི་དབུས་སུ་གནས་པའི་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་མཆོག་ལས་བྱུང་བ་བ་ཐག་ཕྲ་མོ་ལྟར་པྲ?་བ། ལྷན་ཅིག་སྐྱེས་པ་ཤེས་རབ་ཀྱི་འོད་ཟེར་གྱི་རི་མོ་འབར་བ་བཞིན་དུ་བསྒོམ་པར་བྱའོ། །དེ་ནས་དེ་རིན་པོ ་ཆེ་པདྨ་རཱ་གའི་འོད་ཟེར་གྱི་རི་མོ་བཞིན་ཆགས་པ་དང་བཅས་པས། འདོད་ཅན་མ་བཞིན་ཆགས་པ་དང་བཅས་པ་འདོད་པ་ཅན་གྱི་ལུས་ལ་སྐྱེས་པ་ཆགས་པའི་རླུང་བཏང་པས་མཐོད་པ་རྗེས་སུ་ཆགས་པ་བལྟ་བར་བྱའོ། །དེ་ནས་བདེ་བའི་གནས་ན་གནས་པ ་ཡང་ཐབས་ཆེན་པོའི་ངོ་བོ་སྙིང་རྗེ་ཆེན་བོའི་བདག་ཉིད་འདོད་པ་ཅན་དང་འདོད་པ་ཅན་མ་ཉེ་བར་གནས་པ་ལས་རྗེས་སུ་ཆགས་ཤིང་འདོད་པར་བལྟ་བར་བྱའོ། །ཆགས་མ་ཐག་ཏུ་ཉེ་བར་འགྲོ་བས་དེ་དང་རྗེས་སུ་མཐུན་པའི་ཡན་ལག་ཐམས་ཅད་དང། དེའི་ཡན ་ལག་ཐམས་ཅད་འཁྱུད་པ་བཞིན་འདོད་པ་ཅན་མ་བལྟ་བར་བྱའོ། །དེའི་རྗེས་ལ་སྤུ?་གུའི་འཁྲུལ་འཁོར་ཕྲ་མོ་ནས་འོ་མའི་རྒྱུན་བཞིན་རྒྱུ་བ་དང། རླུང་མེད་ཅིང་གཡོ་པ་མེད་པའི་སྤོས་གྱི་རེད་བུའི་དུ་བའི་རི་མོ་བཞིན་སྟེང་འོག་ཏུ་གནས་པ་དང། སྐར་མའི ་བདག་པོའི་འོད་ཟེར་བཞིན་མུན་པའི་ཚོགས་མཛའ་དག་འཇོམས་པར་བྱེད་པ། གདུང་བ་མ་དུས་པ་རབ་ཏུ་ཁྲི་བར་བྱེད་ཅིང་ཚིམ་པར་བྱེད་པ། བདེ་བ་ཆེན་པོའི་ངོ་བོ་བདུད་རྩིའི་འོད་ཟེར་ཕྲེང་བ་སྐྱེད?་པའི་བདག་ཉིད་དུ་བྱས་ཏེ། འཇིག ་རྟེན་མཛའ་དག་སྣང་བའི་ངོ་བོ་མཛེས་པའི་དགའ་བའི་ཚོགས་ཅན། བླ་ན་མེད་པའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པའི་སྒོ་གླེགས་བྱེད་པ་གསལ་ཞིང་ཁྱེད་པར་དུ་གྱུར་བའི་སྡེ?་ཁྱག?་གི་རྩེ་མོ་བཞིན་ཐབས་ཆེན་པོ་ཐམས་ཅད་ཀྱི་མཆོག་ལ ་སྔགས་པས་ཡིད་བཏད་དེ། ཇི་སྲིད་སེམས་བརྟན་པ་ཡིན་པ་དེ་སྲིད་བསྒོམ་པར་བྱའོ། །དེ་ལ་སེམས་བརྟན་པར་གྱུར་པས། སྣང་བ་ལ་སོགས་པ་མཐོང་བ་སྐྱེ་བར་འགྱུར་རོ། །དེ་མཐོང?་ནས་ཏིང་ངེ་འཛིན་ཐམས་ཅད་དང། དངོས་གྲུབ་ཐམས་ཅད་དང། ཡོན ་ཏན་ཐམས་ཅད་མངོན་དུ་བྱེད་པར་འགྱུར་རོ། །དེ་དག་ནི་དཔལ་ཧེ་རུ་ཀའི་མན་ངག་ལས་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ལ་སེམས་འཛིན་པའི་བསྒོམ་པའི་ཆོ་ག་སྟེ་བདུན་པའོ།། །།དེ་ནས་སྔར་དགས?་བའི་མཚན་ཉིད་དང་ལྡན་པའི་སྔགས་པས ་བདེ་བའི་ལྷན་ལ་འདུག་སྟེ། སྔར་གྱི་ཚིག་མ་ལུས་པའི་བྱ་བ་བྱས་ནས་བདག་ཉིད་དཔལ་ཧེ་རུ་ཀའི་བདག་ཉིད་དུ་མོས་པར་བྱའོ། །ཆོས་ཀྱི་འཁོར་ལོ་ལ་འགྱུར་བ་བཞི་བསྡུལ?་པའི་ངོ་བོ་མཆོག་གི་བར་བ་ཆེན་པོར་གྲོང་ཁྱེར་གྱི་རང་བཞིན་ཟླ་བ་དང ་རིན་མཉམ་པར་སྦྱར་བ་བསྒོམ་པར་བྱའོ། །དེའི་དབུས་སུ་ཤེས་རབ་ཆེན་པོའི་ངོ་བོ་ཆོས་ཀྱི་སྐུའི་བདག་ཉིད་བདག་མེད་པའི?་རང་བཞིན་ཡི་གེ་མཆོག་ལ་འཁྱུད་པར་གནས་པ་ཐབས་ཆེན་པོའི་ངོ་བོ་ལོང་སྤྱོད་རྫོགས་བའི་སྐུའི་བདག་ཉིད་དཔལ་ཧེ་རུ་ཀའི་རང ་བཞིན་ཧཱུཾ་ཡིག་བསྒོམ་པར་བྱའོ། །དེ་ནས་ཕན་ཚུན་དུ་ཆགས་པ་ཆེན་པོ་ལས་ཤེས་རབ་དང་བཅས་པ་ཞུ་བར་གྱུར་པ་ལས་བདེ་བྱེད་ཀྱི་ཁུ་བ་བཞིན་ཐིག?་ལེའི?་ངོ་བོར་སེད?་ནས་རྟོག་བ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་གནས་སྐབས ་དེ་བལྟ་བར་བྱའོ། །དེ་ནས་དེ་ལས་བྱུང་བ་བྱམས་པ་ལ་སོགས་པའི་ཡུན་རིང་བ་ལ་སོགས་པའི་རྒྱུ་མཐུན་པའི་ངོ་བོ་ས་ལ་སོགས་པའི་ཁམས་ཀྱི་རང་བཞིན་སྤེས་མོ་ལ་སོགས་པའི་རྣལ་འབྱོར་མའི་ངོ་བོ་དབང་ལྡན་ལ་སོགས་པའི་གྲུ་བཞིར་གནས་པའི་དན་ཡིག་ལ་སོགས ་པའི་ཡི་གེ་བཞི་བལྟ་བར་བྱའོ། །དེ་ལས་རིམ་གྱིས་སྤྲོས་པའི་འོད་ཟེར་གྱི་རི་མོ་རྣམས་ཀྱི་གླུ་བཞིས་བསྐུལ་བའི་ངོ་བོར་སེམས་སད་པར་བྱེད་བསྐུལ་བར་བྱེད་པར་བསམ་པར་བྱའོ། །དེ་ནས་དེའི་ནུས་པས་སད་པའི་ཐིག་ལེའི་ངོ་བོ་བཅོམ་ལྡན་འདས་སྤོས་ནས་རེག ་ནས་ཞུ་བའི་ཐིག་ལེའི་ངོ་བོ་ཐོབ་ནས་རིམ་གྱིས་དེར་ནུབ་པར་བསྒོམ་པར་བྱའོ། །དེ་ནས་ཆོས་ཐམས་ཅད་ཀྱི་རྟེན་བདེ་བ་ཆེན་པོའི་བདག་ཉིད་གཉིས་སུ་མེད་བ་མཛའ་ཡས་པ་ནམ་མཁའ་ལྟ་བུའི་རོ་གཅིག་པ་གསལ་བ་ཅན་བསྒོམས་ཏེ་དོན་དམ་པར ་མངོན་དུ་བྱའོ། །མངོན་དུ་བྱས་ནས་ཀྱང་ཕྱོགས་བཅུའི་དངོས་པོ་ཐམས་ཅད་དུ་སྤྲོ་བར་བྱའོ། །སྤྲོས་ནས་སྣ་ཚོགས་དེའི་བདག་ཉིད་དུ་བྱའོ། །ལྷག་མ་ནི་སྔ་མ་སྔ་མའི་རྗེས་སུ་འབྲངས་ནས་བསྒོམ་བར་བྱའོ། །དེ་དག་ནི་དཔལ་ཧེ་རུ་ཀའི་མན་ངག་ལས། ཐིག་ལེ་སང ་བར་བྱེད་པ་བསྒོམ་པའི་ཆོ་ག་སྟེ་བརྒྱད་བའོ།། །།དེ་ནས་ཆོ་ག་བཞིན་དུ་སྔགས་བས་ཇི་སྐད་གསུངས་པའི་བསམ་གཏན་གྱི་གནས་སུ་སྟན་ལ་འདུག་སྟེ་ཚོགས་བསགས་པས་ཉིད་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་མོས་པར་བྱའོ། །དེ་ལ་གང ་བདག་གིས་ལུས་འདི་ཉིད་དེའི་རྟེན་གྱི་དཀྱིལ་འཁོར་འབྱུང་བ་ཆེན་པོ་བཞིའི་ངོ་བོ་ཐར་པ་ཆེན་པོའི་གནས་ཀྱི་རང་བཞིན་གཞལ་ཡས་ཁང་ངོ། །གང་ཡེ་ཤེས་དང་བཅས་པའི་རྩའི་འཁོར་ལོ་དེ་བརྟེན་པའི་དཀྱིལ་འཁོར་ཏེ། དཀྱིལ་འཁོར་དང་བཅས་པའི ་དཀྱིལ་འཁོར་གྱི་བདག་བོ་སྟེ། དེ་ལ་གང་བདག་གི་ལུས་ལ་གནས་པ་རྟོག་པ་ཐམས་ཅད་སྤངས་པ། རྩ་བའི་འཁོར་ལོ་མཛའ་དག་ལ་ཁྱབ་པར་བྱེད་པ། ལྷན་ཅིག་སྐྱེས་པ་གཉིས་ཀྱི་བདག་ཉིད་བདེ་བ་ཆེན་པོའི་ངོ་བོ་ཡེ་ཤེས་ཆེན་པོ་སྟེ། བཅོམ་ལྡན ་འདས་དཔལ་ཧེ་རུ་ཀའི་ཆོས་ཀྱི་སྐུའོ། །གང་ཡང་བདག་ལ་བྱང་ཆུབ་སེམས་འབབ་པ་འདི་རྡོ་རྗེ་མ་ལ་སོགས་པ་རྣལ་འབྱོར་མ་བཅོ་ལྔའི་རང་བཞིན། །སྤྱི་གཙུག་པོ་ལ་ལ་གི་རི་ལ་སོགས་པར་གནས་པར་གནས་ལ་རྩ་སུམ་ཅུ ་རྩ་གཉིས་པོ་དེ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །གང་འདི་སེན་མོ་དང་སོ་ནས་ཁམས་དང་ལྟེ་བའི་ཁམས་འབབ་པ་དེ་སྤྲུལ་པའི་བུའོ?། །གང་ཇི་སྐད་གསུངས་པ་དེ?་རྣམས་ཀྱི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་ཆོས་ཉིད་དེ་བཞིན་ཉིད་གཉིས་ཀྱིས་སྟོང ་པ་ཉིད་དོན་དམ་པ་དེ་བྱེད་བ་ཆེན་པོའི་སྐུ་ཞེས་བྱ་བར་མོས་པར་བྱའོ། །སེམས་བརྟན་པར་བྱེད་ཅིང་སེམས་བརྟན་པར་གྱུར་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པར་འགྱུར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པས་སྐུ་བཞི་མྱུར་དུ ་ཐོབ་བོ། །སྐུ་བཞི་ཐོབ་པས་དཔལ་ཧེ་རུ་ཀ་འབྱུང་བར་འགྱུར་རོ། །དེ་དག་ནི་དཔལ་ཧེ་རུ་ཀའི་མན་ངག་ལས། ཡེ་ཤེས་དང་བཅས་པའི་རྩའི་འཁོར་ལོ་མངོན་པར་བྱང་ཆུབ་པ་བསྒོམ་བའི་ཆོག་སྟེ་དགུ་པའོ།། །།དེ་ནས་མཉམ་པར་བཞག ་པའི་སྔགས་པས་སྔོ་མ་བཞིན་བསམ་གཏན་གྱི་གནས་སུ་བདེ་པའི་སྟན་ལ་འདུག་སྟེ། བསྲུང་བ་དང་མཆོད་པ་ལ་སོགས་པའི་ཆོ་ག་བྱས་བ་དང་བདག་ཉིད་དཔའ་ཧེ་རུ་ཀར་མོས་པར་བྱས་ལ། སྣ་རྩེར་བལྟ་ཞིང་ལུས་དྲང་པོར་གྱུར་པས་སྐད་ཅིག ་ཙམ་གྱིན་རྩ་སྦྱོང?་བར་བྱེད་པར་གནས་པར་བྱའོ། །དེ་ནས་ཐབས་དང་ཤེས་རབ་ཀྱི་བདག་ཉིད་བདག་མེད་མ?་དཔང་བའི་ཧེ་རུ་ཀའི་རང་བཞིན་ཏེ་སྟེང་པོག?་གནས་པ་གཙུབ་ཤིང་དང་གཙུབ་སྟན་དག་གི་རླུང་གང་ལས་ཡང་དག་པར་སྦྱོར་པ་སྟོང་པ་ཉིད་དང་སྙིང ་རྗེ་ཐ་མི་དད་པ་བྱང་ཆུབ་སེམས་ཀྱི་ངོ་བོ་མཆོག་གི་ཡེ་ཤེས་ཀྱི་འོད་ཟེར་བསྐྱེད་ནས། མན་ངག་བཞིན་དུ་ཟླར་བར་བྱའོ། །འབར་བ་ངེས་ཕུང་པོའི་བུད་ཤིང་དང། དངོས་པོ་ཐམས་ཅད་ཀྱི་རྩ་དང་འཁྲིས?་ཤིང་དང་ལྷག?་མ་ཐལ་བར་བྱས་ནས་སྣ ་ཚོགས་དེའི་བདག་ཉིད་དུ་བྱས་སོ། །སྣ་ཚོགས་དེའི་བདག་ཉིད་དུ་བྱས་པ་དང། བདག་གི་སེམས་ཙམ་དུ་མོས་པར་བྱའོ། །སེམས་ཙམ་ཡང་གསལ་བ་ཙམ་མཛའ་ཡས་པ་གཉིས་མེད་པའི་བདེ་བ་ཆེན་པོའི་ངོ་བོ་ནམ་མཁའ་དྲི་མ་མེད་པ་ལྟེར་བལྟ་བར་བྱའོ།། ་དེ་ལྟར་གོམས་པའི་རྣལ་འབྱོར་པས་རིམ་གྱིས་འཁོར་བར་བཅིངས་པའི་ངོ་བོར?་སྙིང་གི་མདུད་པ་ཕུག་ཅིང་བཅད་པས་སོམ་ཉི་ཐམས་ཅད་མེད་ཅིང། སྡིག་པ་ཐམས་ཅད་དང་འཆིང་བ་དང་ཉོན་མོངས་པ་ཐམས་ཅད་ཀྱི་རྣམ་པར་རྟོག་པ་ཡོངས་སུ་ཟད ་པར་བྱེད་དོ། །ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བ་དང། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཉིད་དང། སངས་རྒྱས་དང། རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འགྱུར་རོ། །དེ་དག་ནི་དཔལ་ཧེ་རུ་ཀའི་མན་ངག་ལས། རླུང་གི་ཁ་སྦྱོར་ཡེ་ཤེས་ཀྱི་འོད་ཟེར་བསྒོམ ་པའི་ཆོག་སྟེ་བཅུ་པའོ།། །།དེ་ནས་ཇི་སྐད་གསུངས་པའི་མཚན་ཉིད་དང་ལྡན་པའི་སྔགས་པས་བསམ་གཏན་གྱི་གནས་སུ་བདེ་པའི་སྔན་ལ་འདུག་སྟེ་།སྔ་མ་བཞིན་དུ་སྲུང་བ་དང། མཎྜལ་མཆོད་བའི་ཆོ་ག་བྱས་ནས། དག་པའི་སྔགས་བརྗོད་ནས། ་བདག་ཉིད་བདག་མེད་མའི་མགྲིན་པ་ནས་འཁྱུད་པའི་དཔལ་ཧེ་རུ་ཀར་སྒོམ་པར་བྱའོ། །དེ་ནས་རང་གི་སྙིང་གར་ཉི་མ་དང་ཟླ་བ་ཁ་སྦྱར་བའི་ནང་དུ་ཧཱུཾ་ཡིག་དབང་སྔོན་ལྟ་བུ་སྤྲོ་བ་དང་བསྡུ་བའི་ལུས་བསམས་ནས། བདག་མེད་མའི་སྙིང་གར་ཡི་གེ་མཆོག་བལྟ་བར ་བྱའོ། དེ་ནས་བཅོམ་ལྡན་འདས་མ་དེ་ཆགས་པ་ཆེན་པོས་ཞུ་བར་གྱུར་ཏེ། རང་གི་སྙིང་གར་ཞུགས་པར་བསྒོམས་ལ་བདག་ཉིད་ཀྱང་དེ་ནས་ཞུ་སྟེ། ཤིན་ཏུ་གྲུབ་བའི་གསེར་འགྱུར་རྩ་བཞིན་ས་བོན་གྱི་ཡི་གེ་ལ་ཞུགས་པར་བསམ་པར་བྱའོ། །དེ་ནས་དེ་ཡིས་ནུས ་པྲུ?་ཉིད་ཀྱིས་བླ་བ་དང་ཉི་མ་དག་ལྷན་ཅིག་སྲ?་བོན་གྱི་ཡི་གེའི་ངོ་བོ། །བདག་ཉིད་ཐིག་ལེའི་ངོ་བོར་གྱུར་པ་ནི་འོད་གསལ་བ་མཆོག་གི་བདུད་རྩིར་གྱུར་པ་བདེ་བ་ཆེན་པོ་རོ་གཅིག་པ་བསྒོམ་པ་བྱ་སྟེ། རིམ་གྱིས་ཤིན་ཏུ་སྣུམ་ཞིང་ཞེན་པའི་འོད་ཟེར་བདུན་པ་བཞིན ་འབར་བ་སྤྲོས་པས་རྒྱ་ཆེ་ཞིང་ཁྱད་པར་འཕགས་པའི་བདེ་བའི་འོད་ཟེར་གྱི་རྒྱན་གྱིས་འཇིག་རྟེན་མཛའ་དག་མཉམ་བར་བྱས་ཤིང་ལྷུན་གྱིས་གྲུབ་པ་བསམ་པར་བྱའོ། །དེ་ལྟར་གུས་བས་རྒྱུན་མི་འཆད་པ་བསྒོམས་པས། རྣལ་འབྱོར་པ ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མངོན་དུ་བྱེད་པར་འགྱུར་རོ། །དེ་དག་ནི་དཔལ་ཧེ་རུ་ཀའི་མན་ངག་ལས། ཐབས་ཤེས་རབ་གཉིས་སུ་མེད་པའི་ཐིག་ལེ་བསྒོམ་བའི་ཆོག་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡི་དམ?་མཉམ་པར་བཞག་པའི་སྔགས་པས་བསམ་གཏན་གྱི ་གནས་སུ་འདུག་སྟེ། བྱ་བར་འོས་པ་མཛའ་དག་བྱས་ནས་བདག་ཉིད་དཔལ་ཧེ་རུ་ཀར་མོས་པ་བྱས་ལ། སྣ་རྩེར?་བལྟ་ཞིང་བྲང་དུ་དབུང་པ་གཉིས་བསྣོལ་ལ། མགྲིན་པ་བསྒོམ?་ནས་ལྕེ་གྱིན་དུ་བཀུག་སྟེ། རྐན་གྱི་དཀྱིལ་དུ་འཁོར་བར་བྱའོ། །དེ་ནས་དེས་རེག་པ་ལས ་བྱུང་བའི་ཆུ་?་ཐུན?་པའི་འབྲས་བུ་སྤྲུལ་བའི་སྐུ་སྐྱེད་བར་བྱེད་པ། བུམ་པའི་དབང་གི་རང་བཞིན་གྱིས་བསྡུས་བའོ། །དེ་ཡང་ནང་ཟད་ཞུགས་པ་དེས་གསང་བའི་གནས་ན་གནས་བའི་ལྕེ་ཆུང་བསྐུལ་བར་བྱའོ། །དེ་ནས་དེ་ལས་འཇིག?་པའི་བདུད་རྩིའི་?་ལེའི་རོགས་རྣམ? ་པར་སྨིན་པ་བྲས་བུའི་ངོ་བོ་ལོང་སྤྱོད?་རྫོགས་པའི་སྐུ་ཐོབ་པར་བྱེད་པ། གསང་པའི་དབང་གི་རང་བཞིན་མྱང་བར་བྱའོ། །དེའི་རྗེས་ལ་དེ་ཉིད་རང་དུ་ཞུགས་པས་གསང་བའི་གནས་སུ་རང་འབྱུང་བའི་མཆོད་རྟེན་དེ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་དེ་བཞིན་ཉིད་ཀྱི་བདག་ཉིད་དེས་འཁྱུད་བ ་ཡུན་རིང་དུ་གནས་བར་བྱའོ། །དེ་ནས་དེ་དང་སྦྱར་བ་ལས་བྱུང་བ་ལྷན?་ཅིག་སྐྱས་པའི་བདེ་བསྐྱེད་བུའི་ངོ་བོ་ཆོས་ཀྱི་སྐུར?་སྟེར་བར་བྱེད་པ། ཤེས་རབ་ཡེ་ཤེ་ཀྱི་དབན་གི་རང་བཞིན་ཡོངས་སུ་བཟུང་བར་བྱའོ། །དེ་ནས་དེའི་ལུས་དང་ཡན་ལག་ཐམས་ཅད་དང། ཕྱོགས ་བཅུའི་དངོས་པོ་རྣམས་སུ་སྒོམ?་ཏེ། སྣ?་ཚོགས་དེའི་བདག་ཉིད་དུ་བྱའོ། །དེའི་བདག་ཉིད་དུ་བྱས་བ་དེ་ཡང་འདི་དག་བདག་གིས་སེམས་ཙམ་ཞེས་བྱ་བར་བསམ་བར་བྱའོ། །སེམས་ཙམ་དེ་ཡང་གཉིས་མེད་པ། མཛའ་ཡས་པ། གསལ་བ་ཙམ། སྣང་བ་མེད་པ། ་ནམ་མཁའ་ལྟ་བུ། རོ་མཉམ་པ། བདེ་བ་ཆེན་པོའི་བདག་ཉིད་དྲི་མ་མེད་པའི་འབྲས་བུའི་ངོ་བོ། བདེ་བ་ཆེན་པོའི་སྐུ་སྐྱེད་པར་བྱེད་པ། དབང་བཞི་པའི་རང་བཞིན་དེ་བདག་ཉིད་ཀྱི་ངོ་བོར་ཡིད་ལ་བྱའོ། །དེ་ལྟར་གོམས་བར་མྱུར་དུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཉེ་བ་ཡིན་ནོ། །དག?་ནི? ་དཔལ་ཧེ་རུ་ཀའི་མན་ངག་ལས་ལྕེ་ཆུང་དང་སྦྱོར་བ་ལས་བྱུང་བ་བདུད་རྩིས་དབང་བསྐུར་བའི་ཆོག་སྟེ་བཅུ་གཉིས་པའོ།། །།དེ་ནས་སྡང་གསུངས་པའི་མཚན་ཉིད་དང་ལྡན་པའི་སྔགས་པས་བསམ་གཏན་གྱི་ཁང་པར་བདེ་པའི་སྟན་ལ་འདུག་སྟེ། བསྲུང་བ་དང་མཆོག ་པ་ལ་སོགས་པའི་ཆོག་བྱས་ནས། བདག་ཉིད་དཔལ་ཧེ་རུ་ཀར་མོས་པར་བྱའོ། །དེ་ནས་སྤྲུལ་པའི་རྩིབས་ལ་ཆུ་སྐྱེས་ཀྱི་ལྟེ་བར་གནས་པ་མཆོག་གི་ཡི་གེ་ངོ་བོ་བཅོམ་ལྡན་འདས་བདག་མེད་མ་ཐིག་ལེའི་ངོ་བོ་ནམ་མཁའ་ཨི་ཁམས་ཀྱི་འོད་ཟེར་ལ་སའི་མོ་གསུམ་ནི་རྒྱད་མ་ལ ་སོགས་པ་རྩ་གསུམ་གྱི་གཟུགས་སྦྱོར?་བའི་རྗེས་སུ་ཆགས་པས་གསལ་བར་བལྟའོ། །དེ་ནས་བདེ་བ་ཆེན་པོར་གནས་པ་ཡང་མགོ་མེད་ཀྱི་ངོ་བོ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀས་འདོད་ཅན་མ་ལ་རྗེས་སུ་ཆགས་པ་སྤྲོས་པའི་རི་མོ་གསུམ་གྱི་ངོ་བོ། །རྩོམ་པ་དང། སོ་སོར་རྟོག ་པ་དང། དཔྱོད་པའི་སྟོབས་ལས་ཐིག་ལེ་བཞིའི་གཟུགས་ཅན། སྦྱོར་བ་དང། དངོས་དང། ཡོངས་སུ་གཅོད་པ་དང། དོན་དམ་བའི་བདེ་བ་བྱེད་པར་བསམ་པར་བྱའོ། །དེ་ལྟར་ཉི་མ་རེ་རེ་འམ། ཐུན་མཚམས་སོ་སོ་འམ། སྐྱབས་ཇི་ལྟ་བར་གུས་པས་ཡིད་མཉམ ་པར་བཞག་པས། ཇི་སྐྱེད་སེམས་བརྟན་པ་ཐོབ་པ་དེ་སྲིད་བསྐོམ་པར་བྱའོ། །སྔ་མ་བཞིན་སྣང་བ་ལ་སོགས་པ་མཐོང་ངམ། སེམས་བརྟན་པ་ཐོབ་བར་ཤེས་པར་བྱའོ། །བརྟན་པ་ཐོབ་པ་ཡོད་ན་མངོན་པར་འདོད་པའི་དངོས་གྲུབ་འབྱུང་ངོ། །དེ་དག་ནི་དཔལ་ཧེ་རུ ་ཀའི་མན་ངག་ལས་རིམ་གསུམ་ལས་བྱུང་བའི་ཐིག་ལེ་བཞི་བསྒོམ་པའི་ཆོ་ག་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡིད་གསེར?་བ་མེད་པའི་སྔགས་པ་བསམ་གཏན་གྱི་གནས་སུ་ཞུགས་ཏེ། བསྲུང་བ་དང་མཆོད་པ་ལ་སོགས་པའི་ཆོག་བྱས་པས། བདེ ་བའི་སྟན་ལ་འདུག་པས་རྡོ་རྗེ་ཕུར་དབང?་བ་དང། ས་གཞིའི་དབུས་སུ་གྱུར་བའི་ཆོས་འབྱུང་ལ་དུར་ཁྲོད་བརྒྱད་ཀྱིས་བསྐོར?་བ། ཁྱད་པར་དུ་གྱུར་བའི་སྣ་ཚོགས་པདྨའི་སྟེ?་བར་གནས་པ། སྣ་ཚོགས་རྡོ་རྗེའི་སྟེ་བར་འགྱུར་བ?་བཞི ་ཡོངས་སུ་གྱུར་པའི་གཞལ་ཡས་ཁང་བསམ་པར་བྱའོ། །དེ་ནས་དེའི་དབུས་སུ་པད་མ་དམར་པོ་འདབ་མ་བརྒྱད་ལ་གནས་པ། རྣལ་འབྱོར་མ་བརྒྱད་ཀྱིས་ཡོངས་སུ་བསྐོར་བ། བདུང་བཞིའི་སྙིང་དར་ཉི་མའི་གདན་ལ་སྐྱིལ་ཀྲུང་བྱེད་པའི་གང་གྱིས་?་པ། ་བདག་མེད་མས?་མདུ?་ལ་ནས་འཁྱུད་པ། ཞལ་དང་ཕྱག་དང། ཁ་དོག་དང་མཚན་མ་ལ་སོག་པ་རྣམས་ཀྱིས་སྒྲུབ་ཐབས་ལས་གསུངས་པ་མཚན་ཉིད་དང་ལྡན་པ། དགའ་བའི་ཆོགས་ཀྱིས་མཛེས་པ། བདག་ཉིད་དཔལ་ཧེ་རུ་ཀར་བསྡོམ་པར་བྱའོ། །དེ་ནས ་རང་གི་སྙིང་གའི་སྔགས་ཀྱིས་ཕྲེང་བའི་སྒོ་ནས། དེ་བཞིན་གཤེགས་པ་ཐམས་ཅད་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་རྣམ་པར་འགྱུར་བའི་ལམ་ནས་བྱུང་སྟེ། ཕྱོགས་ཐམས་ཅད་དང། ནམ་མཁའ་རྣམས་སུ་སྤྲོ་བར་བྱའོ། །སྤྲོས་པ་དེས་ཀྱང་འཇིག་རྟེན་པ ་མཛའ་དག་རྫོགས་པའི་སངས་རྒྱས་སུ་བྱ་སྟེ་།ཤིན་ཏུ་གྲུབ་པའི་རྣལ་འབྱོར་མ་རྣམས་ཀྱིས་ལྷན་ཅིག་རོ་མཉམ་པར་གྱུར་བ་བསྡུས་ནས་འཇུག་པའི་ལམ་ནས་དེ་ཉིད་དུ་ཞུགས་ཏེ་ནུབ་པར་བྱའོ། །དེའི་རྗེས་ལ་རྡོ་རྗེ་གུར?་རྡོ་རྗེར་བའོ། །རྡོ་རྗེ་རབ་ཆོས ་འབྱུང་པའོ། །ཆོས་འབྱུང་དུར་ཁྲོད་ལའོ། །དུར་ཁྲོད་སྣ་ཚོགས?་པདྨའི་འདབ་མ་ལའོ། །སྣ་ཚོགས་པདྨའི་འདབ་མ་སྣ་ཚོགས་རྡོ་རྗེ་ལའོ། །སྣ་ཚོགས་རྡོ་རྗེ་གཞལ་ཡས་ཁང་ལའོ། །གཞལ་ཡས་ཁང་རྣལ་འབྱོར་མ་རྣམས་ལའོ། །རྣལ་འབྱོར་མ་རྣམས ་པད་མ་དམར་བོ་འདབ་མ་བརྒྱད་ལའོ། །པད་མ་དམར་པོ་འདབ་བརྒྱད་ནི་བདུད་བཞི་བའོ། །བདུད་བཞི་ཉི་མའི་གདན་ལ་ཐིམ་པར་བསམ་པར་བྱའོ། །དེ་ནས་དེའི་ནུས་པ་ཆགས་པ་ཆེན་པོའི་ངོ་བོས་རེག་པ་སུ?་བར་གྱུར་པ་རིག་མདང་བཅས་བའི་དཔལ་ཧེ་རུ་ཀ ་ཤིན་ཏུ་དཀར་ཞིང་མ་བྲེགས་པ་མཎྜལ་གྱི་རྣལ་བར་གནས་པ་བལྟ་བར་བྱའོ། །དེ་ནས་ཡོང་སུ་གྱུར་པས་སྲིན་པོའི་ཡི་གེ་མ་སྦོས་མོས?་བརྒྱན་པ། ཟླ་བ་ཕྱེད་པ་དང། ཐིག་ལེའི་ནར་བསད་མནན་པ་འབད?་བ་བསྒོམ་པར་བྱའོ། །དེ་ཉི་མའི་གདན་ལ་ཞུགས་བར་བསམ?། ་པར་བྱའོ། །དེ་ནས་དབྱངས་ཡིག་དྲུག་པའི་འོག་མའོ། །ས་ལས་གཞན་པ་ཟླ་བ་ཕྱེད?་པ་ལའོ?། །ཟླ་བ་ཕྱེད་པ་ཐིག་ལེ་ལའོ། །ཐིག་ལེས?་ཙམ་ལའོ། །སྒྲ་ཙམ་ཐིམ་པར་བསམས་ནས་དེ་ཡང་སྐྲ་རྩེ་མོ་བརྒྱད་དང་སྟེང་གི་ཆར་གྱུར་པ་དེ་བསམ་པར་བྱའོ། །དེ་ཡང ་རིམས་ཀྱིས་མི་དམིགས་པའི་ངོ་བོ་ཐོབ་ནས་བསམ་གྱིས་མི་ཁྱབ་བརྗོད་དུ་མེད་པ། སྤྲོས་པ་མེད་ལ། བསྒྱུར་དུ་མེད་པ། བདེ་བ་ཆེན་པོ་རོ་གཅིག་པ། གཉིས་སུ་མེད་པ། མཛའ་ཡས་པ། ལྷུན་གྱིས་གྲུབ་པ་ཇི་སྲིད་སེམས་བརྟན་པར་གྱུར་པར་བསམ་པར་བྱའོ།། ་སེམས་བརྟན་བས་དངོས་གྲུབ་ཐམས་ཅད་མངོན་དུ་བྱེད་པར་འགྱུར་རོ། །དེ་དག་ནི་དཔལ་ཧེ་རུ་ཀའི་མན་ངག་ལས་ཤིན་ཏུ་ཕྲ་བ་ལས་བསྒོམ་པའི་ཆོག་སྟེ་བཅུ་བཞི་བའོ།། །།དེ་ནས་མཉམ་པར་བཞག་པའི་སྔགས་པས་བསམ་གཏན་གྱི་གནས་སུ་བདེ ་བའི་སྟན་ལ་བདག་སྟེ། དགའ་བའི་སྔགས་བརྗོད་ནས་བདག་ཉིད་དཔལ་ཧེ་རུ་ཀར་མོས་པར་བྱའོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ལ་ནི་རིག་མ་སྟེ་ཁུ་ཚུར་གྱི་པད་མར། ཆོས་ཀྱི་དབྱིངས་ལ་དམིགས་དཔའ་ཨི་ཡེ་ཤེས་ཀྱི་བདག་ཉིད་རྡོ་རྗེའི་རྩེ་མོ་དེས་ཞུགས་པར ་བསྒྲུབ?་པར་བྱའོ། །བསྡོམ?་པ་ཡོངས་སུ་སྨིན་བའི་དུས་སུ་མན་ངག་ཇི་ལྟ་བ་བཞིན་མནན་པ་ལས་བྱུང་བའི་སྟོབས་གྱིས། །དོན་དམ་པ་དྲི་མ་མེད་པའི་འབྲས་བུའི་ངོ་བོ། །ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ནམ་མཁའ་དང་ཟླ་བ་ལྟ་བུ་མངོན་དུ་བྱེད་དོ། ། ་མངོན་དུ་བྱས་ནས་ཡང་ཕྱོགས་ཐམས་ཅད་དངོས་པོ་ཐམས་ཅད་དུ་སྤྲོས་ཏེ། སྣ་ཚོགས་དེའི་བདག་ཉིད་དུ་བྱའོ། །དེའི་བདག་ཉིད་དུ་བྱས་པ་དེ་ཡང་འདི་དག་བདག་གི་སེམས་ཙམ་མོ་ཞེས་བསམ་པར་བྱའོ། །རང་གི་སེམས་ཙམ་ཡང་ནམ་མཁའ་ལྟ་བུ ་གཉིས་སུ་མེད་པ། བརྗོད་དུ་རེད?་པ། རོ་མཉམ་པ། བསམ་གྱིས་མི་ཁྱབ་པ། གོས་པ་མེད་པ། བདེ་བ་ཆེན་པོ་རོ་གཅིག། ལྷུན་གྱིས་ཀླུ?་བར་བརྩོམ་པར་བྱའོ། །དེ་ལྟར་གྲུབ་པས་རྒྱུན་མི་འཆད་པར་བསྒོམས་ནས་ཀུན་ཏུ་?་བོ ་ཉིད་ཚེ་འདི་ཉིད་ལ་འབྱུང་བར་འགྱུར་རོ། །དེ་དག་ནི་དཔལ་ཧེ་རུ་ཀའི་མན་དག་ལས་རང་གི་ཡན་ལག་གཉིས་སྦྱོར་བ་ལས་བྱུང་བའི་ལྷན་ཅིག་སྐྱེས་པའི་བསྒོམ་པའི་ཆོ་ག་སྟེ་བཅོ་ལྔ་པའོ།། །།དེ་ནས་རྗེས་སུ་མཐུན་པའི་བསམ་བརྟན་གྱི ་ག་རྦས་སུ་བདེ་པའི་ལྷན་ལ་འདུག་སྟེ། རྗེས་སུ་མཐུན་པར་བྱེད་པས་གནས་ཡིད་གཡེང་པ་མེད་པའི་སྔགས་པས་།མགྲིན་པའི་ཕྱག་རྒྱའི་རྩའི་སྒོའི་མཚོ་སྐྱེས་ལ། དཔུང་པའི་ཐབས་ཀྱིས་ལག་པའི་ཐེ་པོའི་ཡལ་ག་རྡོ་རྗེ་རྩེ་མོས་མན་ངག་ཇི ་ལྟ་བ་བཞིན་བརྟེན་པས་དོན་དམ་པ་ཡིད་ལ་བྱས་ཏེ་གནས་པར་བྱའོ། །དེ་ནས་རྣལ་འབྱོར་གྱི་སྟོབས་ལས་བྱུང་བ་བདེ་བ་ཆེན་པོའི་ངོ་བོ། ཆོས་ཀྱི་སྐུའི་བདག་ཉིད་མཆེན་ས་མེད་པ། གཞི་མེད་པ། སྤྲོས་པ་མེད་པ། གསལ་ཞིར་རོ་གཅིག་པ ་མངོན་དུ་བྱས་ནས་ཕྱོགས་ཐམས་ཅད་དང་ནམ་མཁའ་སྤྲོ་དང་དངོས་པོ་ཐམས་ཅད་དུ་སྤྲོ་སྟེ། དེའི་བདག་ཉིད་དུའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །གལ་ཏེ་ཡང་གང་གི་ཚེ་རྣལ་འབྱོར་པ་དཀྱིལ་འཁོར་གི་འཁོར་ལོ་ལ་སོགས་པའམ། འཇིག་རྟེན ་གྱི་ཁམས་ལ་སོགས་པ་མངོན་སུམ་བཞིན་དུ་བྱེད་པར་འདོད་པ་དེའི་ཚེ་དེ་ལ?་དམིགས་ནས་ཡིད་མཉམ་པར་བཞག་པས་གནས་ན། འདིས་ངེས་པར་མངོན་སུམ་ལྟར་དེ་མཐོང་ངོ། །དེ་ལྟ་དེ་ལྟར་བྱས་ཏེ་གནས་ན་བཏུང་བར་འདོད་པས་བཏུབ ་པའོ། བཟའ་པར་འདོད་པས་བཟའ་བའོ། །མེད་དུ་སྨྲས་པས་ཅི་ཞིག་བྱ། །མངོན་སུམ་དུ་གང་བཀོད་པ་དེ་བྱེད་དོ། །དེ་དག་ནི་དཔལ་ཧེ་རུ་ཀའི་མན་ངག་ལས། ?་ཤེས་རབ་ལས་བྱུང་བའི་ཡེ་ཤེས་ལ་སོགས་པ་བསྒོམ་པའི་ཆོ་ག་སྟེ་བཅུ་དྲུག ་པའོ།། །།དེ་ནས་ཡིད་མཉམ་པར་བཞག་པའི་སྔགས་པ་དབེན་ཞིང་ཉེ་བར་འཚེ་བ་ཡིད་དུ་འོང་བའི་གནས་སུ་བདེ་བའི་སྟན་ལ་འདུག་སྟེ། པྲ་ཀྲི་ཧི་ས་བི་ཤུདྡྷ་སརྦ་དྷརྨཱ(རྒྱུད་འགྲེལ་ཧེ་རུ་ཀར་མོས་པར་བྱའོ། །སེམས་ཀྱིས་གང་ཡང་རུང་བ་བདག་མེད་མར་མོས་པ་བྱས་ལ། དེའི་གཟུགས་བལྟ་བ་དང། ནུ་མ་ལ་རེག་པ་དང། སྒྲ་ཉན་པ་དང། མ་མཆུའི་རོ་མྱང་བ་དང། ལུས་སུ་གཏོག་?་པའི་བྲི?་བསྣམས་པའོ། །དེ་རྣམས་སྒྱུ་མ་ལྟ་བུར ་བརྟགས་ནས། དེ་དང་ལྷན་ཅིག་སྐྱེས་པའི་དགའ་བ་དེ་ཚོགས་ཀྱི་ལམ་གྱིས་བསྡུས་པ་རྩམ་པ་ཉིད་དུ་མཚོན་པར་བྱའོ། །གང་?་རིམ་དུ་འཁྱུད?་པ་?་བླངས་པ་གང་ཡང་ནུ་མ་སྲ་བ་ལ་སོགས་པ་སའི་ཁམས་ཀྱི་རང་བཞིན་རེག་བྱ་ཤེས་པའི་དམིགས་པར་བྱུང ་པ་སྣང་བ་ཕྱིའི་དོན་ལ་དམིགས་པར། སེམས་གཞན་དུ་འཇུག་པ་མེད་པ། ཤེས་པ་ལྷན་ཅིག་སྐྱེས་པའི་དགའ་བ་དེ། དྲོད་ལ་སོགས་པ་ངེས་པར་འབྱེད་པས་བསྡུས་པ་དེ་མ་ཐག་ཏུ་མཚོན་པར་བྱའོ། །དེ་ནས་དེ་ཉིད་ཀྱི་ནམ་མཁའ་ཨི་ཁམས་ལ་དམིགས ་པར་འགྱུར་བ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ། །ནམ་མཁའ་ལྟ་བུ། སྟོང་པ་ཉིད་ལ་དམིགས་པར་བྱེད་པ་དབྱེར་མི་ཕྱེད་པའི་ཡང་དག་པའི་ཡེ་ཤེས་ཀྱི་རང་བཞིན་རྒྱལ་མཚན་ནི་མ་མཐོང་བ་བའི་ཆོས་ཀྱི་དབྱིངས་མཐོང་བའི་བདག་ཉིད་ཐག ་པ་མེད་པ་ལམ་ཕྱི་རང་བཞིན། ཐམས་ཅད་དུ་འགྲོ་བའི་ཆོས་ཀྱི་དབྱིངས་རྟོགས་པའི་མཆོད་ཉིད་གཞུག་པར་བྱའོ། །དེ་ནས་དེ་དག་ཐ་དད་པ་དེ་ལ་དམིགས་པར་འགྱུར་བ་ཆུའི་ཁམས་ཀྱི་རང་བཞིན་ཞེ་སྡང་ཆེན་པོ་མི་བསྐྱོད་པའི་བདག་ཉིད་རྣམ་པར་སྨིན ་པ་ཆུང་དུ་ཞུ་བ་མཚོན་པར་བྱ་བའི་དང། ?་ཁམས་ཀྱི་རང་བཞིན་དགའ་བ་ཆུང་དུའི་མཚན་ཉིད། དེ་དང་ལྷན་ཅིག་སྐྱེས་པའི་དགའ་བ་མཚོན་པར་བྱའོ། །དེ་ནས་ནམ་མཁའ་ཨི་ཁམས་སུ་རྡོ་རྗེ་ཡང་དང་ཡང་དུ་བཅུག་པར་བྱས་ཤིང?་སོ་སོར་རྟོག་པ་ནི་ཟད་པ ་མེད་པའི་བསྒོམ་པའི་ལམ་གྱི་རང་བཞིན། རྣམ་པར་སྨིན་པའི་འབྲས་བུ་དེའི་སྟོབས་ལས་བྱུང་བ། མེའི་ཁམས་ཀྱི་རང་བཞིན་འདོད་ཆགས་ཆེན་པོ་སྣང་བ་མཛའ་ཡས་ཀྱི་ངོ་བོ་ཆི་མ་དང་བྲལ་བ་ཉིད་མཚོན་པར་བྱ་བ་དང། ་རོའི་བདག་ཉིད་དང། མཆོག་དགའ་འབྲིང་པོའི་མཚན་ཉིད་དེ་དང་ལྷན་ཅིག་སྐྱེས་དགའ་དེ་ཉེ་བར་མཚོན་པར་བྱའོ། །དེ་ཉིད་ཀྱི་གནས་སྐབས་ཐབས་ཤེས་རབ་སྙོམས་པར་ཞུགས་པ་ལས་བྱུང་བའི་བདེ་བ་རིག་པ་སེམས་ཁེངས་ཤེར་སྒྲོབ?་ང་རྒྱལ་དང་རྒྱགས་ ་པ་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་ཁྱད་པར་གྱི་ལམ་གྱིས་བསྡུས་པ་ཉེ་བར་མཚོན་པར་བྱའོ། །དེའི་རྗེས་ལ་ཐབས་ཤེས་རབ་གཉིས་སུ་མེད་པར་སྣང་བ། རྣམ་པར་སྨིན་པ་ཆེན་པོ་ལས་བྱུང་བ་ཆེན་པོའི་མཆོག་ཏུ་དགའ་བ། གཏི་མུག་ལ་སོགས་པའི ་རྒྱུ་བ་རོ་མཉམ་པར་གྱུར་པ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ལ་དམིགས་པ། མཆོག་གི་བདེ་བའི་རྩོལ་བ་བསྒྲུབ་བྱ་མངོན་དུ་བྱེད་པའི་ལམ་གྱི་མཚན་ཉིད། མཐར་ཕྱིན་པའི་ལམ་བསྡུས་པ་མཚོན་པར་བྱའོ། །ཡང་དེ་ལ་རྡོ་རྗེ ་རིན་པོ་ཆེའི་རྩེར་བྱང་ཆུབ་ཀྱི་སྟོང་པར་བྱེད་པ། རླུང་གི་ཁམས། བྱང་ཆུབ་ཀྱི་སེམས་གཡོ་བ་ལ་དམིགས་པའི་རེག་བྱ་ཤེས་པ། འདོད་པའི་བསྟེན་བཅོས་ཀྱི་རྩོལ་བས་མི་འཇུག་པ་རྡོ་རྗེ་ཉིད་དུ་བསྒྲུབ་བྱ་མངོན་དུ་བྱེད་པའི་ལས་ཅན་གཏོར་པར ་བྱེད་པ་འི་རྟེན་པར་ཚད་མེད་པའི་འབྲས་བུ་མངོན་དུ་བརྟག་པར་བྱེད་པ། འདོད་ཆགས་ལ་སོགས་པ་རོ་མཉམ་པའི་རང་གི་ངོ་བོ། །རང་གི་རེག་བྱ་ཉམས་སུ་མྱོང་བའི་ཆ་ཚན་ཉིད་ཆེན་པོ་མཆོག་དགའ་ཨི་རང་བཞིན་འདོད་པ་དང་ཕྲག་དོག་ཆེན་པོ་དང་དོན་ཡོད་གྲུབ ་བའི?་རང?་བཞིན་མཆོད་པར་བྱ་བ་དང། རེག་བྱའི་རང་བཞིན་དེ་དང་ལྷན་ཅིག་སྐྱེས་བའི་དགའ་བ་ཉེ་བར་མཚོན་པར་བྱའོ། །དེ་ནས་དེ་ལྟར་གཏི་མུག་ལ་སོགས་པ་དང། དེའི་བག་ཆགས་ཀྱིས་གཉེན་པོར་གྱུར་པ་ནི་ཚོགས་དང། ཐོང་བ་དང། བསྒོམ་པའི་ལམ་གྱི ་བསྡུས་པ། མོས་པ་སྤྱོད་པ་དང། ལྷག་པའི་བསམ་པ་རྣམ་པར་དག་པ་དང། རྣམ་པར་སྨིན་པ་དང། སྒྲིབ་པ་ཐམས་ཅད་སྤངས་པའི་སར་གྱུར་པ་སྐུ་གཉིས་ཐོབ་པའི་རྒྱུ་མཚན་རྣམ་པ་སྣ་ཚོགས་ལ་སོགས་པའི་ཁྱད་པར་ཀྱི་རིགས་པ་མཚོན་པར་བྱའོ། །ངེས་པར་རྣལ ་འབྱོར་པས་མྱུར་དུ་ཡེ་ཤེས་ལྔས་བསྡུས་པ་སྐུ་གཉིས་འཐོབ་བོ། །ཡན་ལག་མཆོག་དང་འདུས་པའི་ནོར་བུ་གནས་པའི་བྱང་ཆུབ་ཀྱི་སེམས་ལོང་སྤྱོད་རྫོགས་པའི་སྐུའི་བདག་ཉིད། དཔལ་ཧེ་རུ་ཀའི་རང་བཞིན་མན་ངག་གི་མནན་པའི་ཆོ་གའམ་རླུང་རྣམ་པར་རྒྱལ་བ་གོམས? ་པའི་ཆོ་ག་?། ཕྱི་རོལ་གྱི་བགྲུང་བའམ། ཕཊ་ཡིག་ལ་སོགས་པ་བསྒོམ་ནུས་ལ་ཇི་ལྟ་བ་བཞིན་གཟུང་བར་བྱའོ། །དེ་དང་ལྷར་ཅག་སྐྱེས་པ་བདག་དང་གཞན་དུ་དབྱེ་བའི་སྣང་བ་དང་བྲལ་བ། མཆོག་གི་བདེ་བ་ཆེན་པོ་ཙམ་གཉིས་མེད་དུ་སྣང་བརྩོལ་པ་ཐམས་ཅད ་ནུབ་པ་དག་གི་རྩོག?་འདས་པའི་ངོ་བོ། །རང་རིག་པ་མཐར་ཕྱིན་པ་ནམ་མཁའ་ལྟ་བུ། བདེ་བ་ཡང་དག་པར་རིག་པ་རྣལ་འབྱོར་མའི་འཁོར་ལོའི་བདག་ཉིད། བདག་མེད་པའི་རང་བཞིན་མོས་ཀྱི་སྐུའི་མཚན་ཉིད་དོན་དམ་པ་མངོན་དུ་བྱའོ། །མངོན་དུ་གྲུབ་པ་དེའི ་ཡང་ལུས་དང་ཡན་ལག་ཐམས་ཅད་ལ་ཁྱབ་པར་བྱའོ། །ལུས་དང་ཡན་ལག་ཐམས་ཅད་ལ་ཁྱབ་པར་ཡང་རིམ་གྱིས་གོམས་པར་བརྟན་པ་གཡོ་བ་མཛའ་དང་དངོས་པོ་ཐམས་ཅད་ལ་སྤྲོས་ནས་སྣ་ཚོགས་དེའི་བདག་ཉིད་དུ་བྱའོ། །དེའི་བདག་ཉིད་དུ ་བྱས་པ་ཡང། སྣ་ཚོགས་བདེ་ལས་གཞན་པའི་སྣང་བའི་ངོ་བོ་འགགས་པས། དེ་ཉིད་བདེ་བ་ཆེན་པོ་བླ་མའི་མན་ངག་ལས་ཡང་དང་ཡང་དུ་མཆོད་པར་བྱའོ། །མཆོད་པ་ཡང་དེ་ནས་རང་གི་སེམས་ཙམ་ཉིད་དུ་མོས་པར་བྱའོ། །རང་གི་སེམས་ཙམ་ཡང། གསལ ་བ་ཙམ་བདེ་བ་ཆེན་པོ་མཛའ་ཡས་པ་ནམ་མཁའ་ལྟ་བུ། རོ་མཉམ་པའི་གོས་པ་མེད་པ་ཇི་སྲིད་ནུས་པ་དེ་སྲིད་བལྟ་བར་བྱའོ། །ཡང་ན་ཀཱ་ལི་བསྡུས་པའི་ངོ་བོ་ཐབས་ཀྱི་བདག་ཉིད། དཔལ་ཧེ་རུ་ཀའི་རང་བཞིན་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཆོས་ཀྱི ་འཁོར་ལོར་ཆོས་ཀྱི་ཡི་གེ་བསྒོམ་པར་བྱའོ། །ཱ་ལི་བསྡུས་པའི་ངོ་བོ་ཤེས་རབ་ཀྱི་བདག་ཉིད་བདག་མེད་མའི་རང་བཞིན་ཆོས་ཀྱི་སྐུའི་ངོ་བོ་སྤྲུལ་པའི་འཁོར་ལོར་ཆོས་ཀྱི་སྐུ་བསྒོམ་པར་བྱའོ། །དེ་ནས་དེ་རང་གི་གནས་ནས་ཤེས་རབ་དང ་ལྷན་ཅིག་འོངས་ཏེ། རིན་པོ་ཆེའི་རིའི་རྩེ་མོར་འཛོགས་ནས་ཆགས་པས་ཞུ་བའི་ཐིག་ལེ་ངོ་བོ་ཐོབ་པར་བསྒོམ་པར་བྱའོ། །བླ་མའི་མན་ངག་ལས་བསྙན་པ་དེ་ཁྱེར་ནས་དོན་དམ་པ་མངོན་དུ་བྱའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ལངས་ནས་ཡང་དངོས་པོ ་ཐམས་ཅད་བདེ་བ་ཆེན་པོའི་བདག་ཉིད་ཆོས་ཀྱི་སྐུའི་ངོ་བོར་མོས་པར་བྱའོ། །ཡང་མཉམ་པར་བཞག་པའི་སྦྱོར་བ་དང། ཡང་མཉམ་པ་ལས་འདས?་བའི་སྦྱོར་བ་གཡེང་པ་མེད་པས་བྱའོ། །དེ་ལྟར་རྣལ་འབྱོར་གཉིས་ཀྱིས་ཆུ་བོའི་རྒྱན་དང། མར་མ་འབར་བའི ་རྒྱུན་བཞིན་རྣལ་འབྱོར་པས་ཉིན་དང་མཚན་དུ་གནས་པར་བྱའོ། །དེ་ལྟར་གོམས་པའི་རྣལ་འབྱོར་པས་བསོད་ནམས་ཆུང་མང་མྱུར་པ་ཉིད་དུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འབྱུང་བར་འགྱུར་རོ། །དེ་ཡང་འདོད་ནས་ལ་འོག་ཏུ་འཇུག་ཅིང་སྟེང་དུ་འགྱུར་བ ་དང། གྲིག?་པའི་འོས?་དང། རིའི་ངོས་ལ་འགྲོ་བ་དང། ཆུའི་སྟེང་དུ་གནས་པ་དང་ཉམས་པ་དང་ཆར་གྱིས་ཉོན་མོངས་པ་མེད་པ་དང། རླུང་གིས་གནོད་པ་མེད་པ་དང། མེའི་ཕུང་པོ་པ་མི་འཚིག་པ་དང། ནམ་མཁའ་ལ་འཕགས་པ་དང། བདག ་དང་གཞན་གྱི་སེམས་ཤེས་པ་དང། འཇིག་རྟེན་གསུམ་ལུས་གཅིག་ཏུ་གྱུར་པ་དང། །བདག་དང་གཞན་གྱི་དངོས་པོ་རྟོགས་པས་ཁམས་གསུམ་ག་ཡིས་གནོད་པ་མེད་པར་བལྟ་བར་བྱའོ། །དེ་དག་ནི་དཔལ་ཧེ་རུ་ཀའི་མན་ངག་ལས་ལྷན་ཅིག ་སྐྱེས་པའི་ཆོ་ག་?་བཅུ་བདུན་པའོ།། །།དེ་ནས་འདིར་དབང་དུ་བྱས་པའི་སྔགས་པ་བསམ་གཏན་གྱི་གནས་སུ་བདེ་པའི་སྟན་ལ་གནས་ནས་བདག་ཉིད་དཔལ་ཧེ་རུ་ཀར་མོས་པར་བྱའོ། །དེ་ནས་རྡོ་རྗེ་རབ་དང་རྡོ་རྗེའི་གུར་གྱི ་དབུས་སུ་གྱུར་པ་ཆོས་འབྱུང་གི་ནང་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་གཞལ་ཡས་ཁང་གིས་དབུས་སུ་པདྨ་དང་ཉི་མའི་དཀྱིལ་འཁོར་ལ་བདུད་བཞི་པོ་གོང་ནས་གོང་དུ་བཀན་པའི་སྙིང་གར་ཉི་མ་ལ་གནས་པར་བདག་ཉིད་བལྟ་བར་བྱའོ། །སྙིང་གར་ཉི་མ་གནས་པའི་? ་གཏུམ་པོའི་འོད་ཟེར་ལ་རང་གི་སེམས་ཉིད་དཔལ་ཧེ་རུ་ཀའི་ཐུགས་དབང་སྔོན་ཆེན་པོ་ལྟ་བུའི་དྲག་པོ་བལྟ་བར་བྱའོ། །དེ་ནས་དེའི་རྣམ་པའི་སེམས་ཀྱིས་རྣལ་འབྱོར་མའི་དཀྱིལ་འཁོར་ཐམས་ཅད་ཀྱི་ལྷའི་དེ་ཁོ་ན་ཉིད་དུ་བརྟག་པར་བྱའོ། །སྙིང་གའི་སྔགས་ཀྱི་འོད ་ཟེར་གྱི་ཕྲེང་བ་སྤྲོས་པ་ཞེས་བྱ་བ་རྣམས་ཐོབ་པའི་ཏིང་ངེ་འཛིན་ཏོ། །འོད་ཟེར་གྱི་ཕྲེང་བ་དེས་རྣལ་འབྱོར་མའི་འཁོར་ལོ་མཛའ་དག་ལ་ཁྱབ་པ་དེ་ནམ་མཁའ་ཨི་ངོས་ལ་བལྟ་བ་ཞེས་བྱ་བ་སྣང་བ་ཆེན་པོའི་ཏིང་ངེ་འཛིན་ཏོ། །དེ་ནས་རྣལ་འབྱོར་མའི་དཀྱིལ་འཁོར་དེ་ཉིད ་འདི་དག་ཐམས་ཅད་སེམས་ཉིད་པས་སེམས་ལ་གཞུག་པར་བྱའོ་ཞེས་བྱ་བ་སྔགས་ལ་དམིགས་པ་སྟེ། དེ་ཁོ་ན་ཉིད་ཀྱི་དོན་ལ་ཕྱོགས་གཅིག་པའི་ཏིང་ངེ་འཛིན་ཏོ། །དེ་ནས་སེམས་དེ་ཡང་སེམས་མ་ཡིན་ཏེ། གཟུང་བ་མེད་པས་འཛིན་པ་མེད་པ་ཞེས་བྱ་བ་སེམས ་ལ་དམིགས་པ་སྟེ། བར་ཆད་མེད་པའི་ཏིང་ངེ་འཛིན་ཏོ། །དེའི་རྗེས་ལ་སྔགས་ཡོངས་སུ་གྱུར་པ་ལས་དཔལ་ཧེ་རུ་ཀ་སྒྲུབ་ཐབས་ལས་གསུངས་པའི་མཚན་ཉིད་དུ་བདག་ཉིད་བསྒོམ་པར་བྱའོ་ཞེས་བྱ་བ་ནི་མན་ངག་ལ་དམིགས་པ་སྟེ། དེ་ལྟར་གོམས་པའི་རྣལ ་འབྱོར་པ་དཔལ་ཧེ་རུ་ཀའི་བྱང་ཆུབ་པོ། །དེ་ནས་རང་གི་བྱང་ཆུབ་རྣམ་པར་དཔྱད་པར་བྱ་སྟེ། གང་སེམས་དེ་ལུས་དང་དག་དང་སེམས་ལྷའི་རྣམ་པར་སྣང་བ་དེ་ཐམས་ཅད་སྐྱེ་བ་མེད་པ་ནམ་མཁའ་ཨི་ལྟ་བུ་ནི་བདག་མེད་མའི་ཞེས་བྱ་བའི་བྱང་ཆུབ་རིགས་པའོ། །དེ ་ནས་མན་ངག་ཇི་ལྟ་བ་བཞིན་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་མགོ་བོའི་འཁོར་ལོ་བཞི་བྱིན་གྱིས་བརླབ་པ་བསྒོམ་པར་བྱའོ། །སྙིང་གར་ཐོད་པའི་ནང་དུ་ཉི་མ་ལ་གནས་པའི་ས་བོན་གྱི་ཐིག་ལེར། ཧཱུཾ་ཡིག་ཕྲ་མོ་ཡོངས་སུ་གྱུར་པ་ལས་སྲན་མ་ཕྱེད་ཙམ ་ཤིན་ཏུ་དཀར་པ་ནང?་དམར་པའི་ཐོད་པའི་དུམ་བུ་བསམ་པར་བྱའོ། །མཚན་མ་དེ་ཉིད་སྤྲིན་སྤྲོས?་པས་རྒྱུ་བ་དང་མི་རྒྱུ་བ་སྣ་ཚོགས་མཚམས་མེད་པ་དེའི་བདག་ཉིད་དུ་བྱའོ། །སྣ་ཚོགས་དེ་ཡང་གོང་བུར་བྱས་ལ་ཤིན་ཏུ་ཕྲ་བའི་ཉི ་མའི་དཀྱིལ་འཁོར་གྱི་རྣམ་པས་མཚན་མ་ཕྲ་མོ་ལ་བསྡུ་བར་བྱའོ། །དེ་ལ་ཉི་མའི་དཀྱིལ་འཁོར་ལ་མཆོག་ཏུ་ཕྲ་བའི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་ས་བོན་བསམ་པར་བྱའོ། །དེ་དག་ནི་ཏིང་ངེ་འཛིན་བྱང་ཆུབ་དང་ཡང་དག་པར་སྦྱོར་བ་སྔགས་ཀྱིས ་བརྟག་པས་བྱང་ཆུབ་ཕྲ་བའོ། །དེ་ནས་དགའ་བའི་མཆོད་པ་རྣམ་པ་གསུམ་སྟེ། སྔགས་ཀྱི་དམ་ཚིག་དང་དམ་ཚིག་གི་དཀྱིལ་འཁོར་དང་བྱང་ཆུབ་དམ་ཚིག་ཅེས་བྱའོ། །དེ་ལ་མཚན་མ་ཕྲ་མོ་ལས་དེ་བཞིན་གཤེགས་པ་ཐམས་ཅད་དཀར་མོ་ལ་སོགས ་པའི་རྣལ་འབྱོར་མའི་མཚན་མའི་གཟུགས་ནམ་མཁའ་ཨི་ངོས་ལ་ཁྱབ་པར་སྤྲོས་པ་ཞེས་བྱ་བ་སྔགས་ཀྱི་དམ་ཚིག་གོ་།དེ་བསྡུས་ཏེ་གདན་ཕྲ་མོའི་གཟུགས་སུ་བདག་མེད་མ་ལ་བཅུག་ནས། དེའི་སྟེང་དུ་དཔལ་ཧེ་རུ་ཀའི་གཟུགས་ས་བོན་དེ་ཉིད་རྗེས་སུ?་ཆགས་པ ་དང་ཀུན་ཏུ་ཆགས་པ་དང། དེ་ཡང་རྗེས་སུ་ཆགས་པར་བསྒོམ་པར་བྱ་ཞེས་བྱ་བ་ནི་དམ་ཚིག་གི་དཀྱིལ་འཁོར་རོ། །དེ་ནས་ལྷ་མོ་དེ་ལས་རྣལ་འབྱོར་མ་མཐར་དག་གི་ལུས་ཀྱི་སྤྲིན་སྤྲོས་ནས་དེ་ཉིད་དུ་བསྡུ་བར་བྱའོ། །དེར་གནས་པའི་སྔགས་ཀྱི་ཡི་གེ་ལས ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྲིན་སྔོས་པ་དེ་ཉིད་དཔལ་ཧེ་རུ་ཀའི་རྣམ་པར་བསླུ་བ་ཞེས་བྱ་བ་ནི་བྱང་ཆུབ་དམ་ཚིག་གོ། དེ་ནས་བསྡུ་སྟེ་བདེ་བ་ཆེན་པོའི་བདག་ཉིད་ཆོས་ཀྱི་དབྱིངས་ཀྱི་ངོ་བོ། །དོན་དམ་པ་གཉིས་སུ་མེད་པ་གསལ་བར་རོ་གཅིག ་པ། སྤྲོས་པའི་འོད་ཟེར་གྱི་?་ནམ་མཁའ་མ་ལུས་པར་ཁྱབ་པ་ཤིན་ཏུ་ཕྲ་བའི་ཐིག་ལེ་ཙམ་བལྟ་བར་བྱའོ། །དེ་དག་ནི་དཔལ་ཧེ་རུ་ཀའི་མན་ངག་ལས་ཤིན་ཏུ་ཕྲ་བའི་ས་དོན་དང་ཐིག་ལེ་བསྒོམ་པའི་ཆོ་ག་སྟེ་བཅོ་བརྒྱད་པའོ།། །། ་དེ་ནས་བསམ་གཏན་གྱི་གནས་སུ་བདེ་བའི་སྟན་ལ་འདུག་སྟེ། སྔགས་པས་སྐད་ཅིག་ལ་རྡོ་རྗེར་བ་དང་གུར་ལ་སོགས་པ་ནས་མདུན་གྱི་སྙིང་གར་ཉི་མའི་དཀྱིལ་འཁོར་མཐར་བརྩམས་ལ། དེའི་སྟེང་དུ་ཧཱུཾ་ཡིག་བསྒོམ་པར་བྱའོ། །དེ་ནས་འོད་ཟེར་གྱི་ཕྱིར?་? ་སྤྲོས་པས་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་ནམ་མཁའ་ཨི་དེས་ཁྱབ་པ་དེ་ཉིད་དུ་བསྡུ་བར་བྱའོ། །དེ་བསྡུས་པ་ལས་བྱུང་བའི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྔར་གསུངས་པའི་མཚན་ཉིད། འཁོར་ལོ་བཞིས་བྱིན་གྱིས་བརླབས་པའི་སྐུ་ཁ་དོག་ལྔའི་འོད་ཟེར་གྱི ་སྒོ་ལས་སྤྲོས་པ་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་རྣམ་པ་དེ་བཞིན་གཤེགས་པའི་སྤྲིན་གྱི་ནམ་མཁའ་ཨི་ངོས་གཡོགས་པར་བདག་ཉིད་བལྟ་བར་བྱའོ། །དེ་ནས་འབྱུང་བ་ལྔ་བསྡུས་པ་ནམ་མཁའ་ཨི་ཁམས་བསྒོམ་པར་བྱ་ཞིང་།དེའི་རྗེས་ལ་རབ་ཏུ་ཞུགས་ཞིང། ་འབྱུང་བའི་དབང་པོ་ལྔ་བསྡུས་པའི་རྒྱལ་མཚན་བསམ་པར་བྱའོ། །དེའི་ནོར་བུའི་ནང་དུ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ཡིག་བསྒོམ་པར་བྱའོ། །དེའི་རྗེས་ལ་རིག་བྱ་དང་རིག་པ་ཐ་མི་དད་པའི་སྦྱོར་བས། ཧཱུཾ ་ཡིག་དང་དེའི་གདན་ཐ་མི་དད་པར་བརྟན་པར་བྱའོ། །དེ་ནས་ཧཱུཾ་ཡིག་གི་གདན་ལས་ཉི་མའི་དང་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ། སྒྲ་དང། གཟུགས་དང། དྲི་དང། རོ་དང། རེག་བྱ་རིམ་བཞིན་སྤྲོས་ཏེ། ནོར་བུའི་བུ་ག་ནས་བཏོན་ལ་པདྨའི་ལྟེ་བའི་ནང ་དུ་དབུས་དང་ཤར་དང་ལྷོ་དང་ནུབ་དང་བྱ་བའི་ཆལ་དགོད་པར་བྱའོ། །དེ་ནས་རང་ཉིད་ལས་ཨ་ཨཱ་ཨི་ཨའི་ཨུའི་སྔགས་ཀྱི་ཡི་གེའི་རྣམ་པ་བདག་མེད་པ་དང་རྡོ་རྗེ་མ་དང། དཀར་མོ་དང། ཆུའི་རྣལ་འབྱོར་མ་དང། རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས་ཚིམ་གྱི ་སྐྱེས?་ཏེ། གདན་ལ་དགོད?་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ལྔ་བདག་མེད་མ་ལ་སོགས་པའི་རྣམ་པ་མཛའ་ཡས་པ་རང་གི་རིག་པ་དང་ལྷན་ཅིག་ཕྱོགས་རྣམས་སུ་?་ཏེ། རང་གི་ས་བོན་ལ་ཞུགས་པར་བལྟ་བར་བྱའོ། །དེ་ལྟར་དཀྱིལ་འཁོར་ལྔའི ་བདག་ཉིད་ཇི་སྲིད་འདོད་པར་བསྒོམས་ལ། ཧཱུཾ་གི་གདན་ལ་ཨ་ལ་སོགས་པའི་གདན་དང། ཧཱུཾ་ཡིག་ལ་ཨ་ཅིག་ལ་སོགས་པ་བསྡུ་བར་བྱའོ། །དེ་ནས་ཧཱུཾ་ཡིག་ལས་ནག་པོ་དང་དམར་པོ་དང། སེར་པོ་དང་ལྗང་ཁུའི?་ཁ་དོག། སྲི? ་གུག་དང་ཅང་ཏེའུ་དང། རུ་སྦལ་དང། སྤྲུལ་སྤྲོས་པ། པདྨའི་ལྟེ་བའི་ནང་དུ་དབུས་དང་གྲ་གསུམ་གྱི་ཆོ་ག་ལ་དགོད་པ་ཞེས་བྱ་བ་རྟོག་པ་དང་དཔྱོད་པ་ཞེས་བྱ་བ་བསམ་གཏན་དང་པོའོ། །དེ་ནས་ཧཱུཾ་ཡིག་ཉིད་གོཾ?་ཙོཾ?་བོཾ?་གྷོཾ?་པོཾ?་ཥོཾ?་ལཾ?་རྣམ་པར་དག ་པའི་རང་བཞིན་སྤྲོས་ཏེ། མཚན་མ་བཞིའི་ལྟེ་བར་བཀོད་པ་དགའ་བ་ཞེས་བྱ་བ་བསམ་གཏན་གཉིས་པའོ། །དེ་ནས་སྤྲུལ་གྱི་མགོ་བོའི་དབུས་གམ་ལ་སོགས་པ་ལས་བསྡུས་པ་ལས་བྱུང་བ་དྲི་མ་མེད་པ་མུ་ཏིག་གི་འབྲས་བུ་ཐིག་ལེ ་ཕྲ་མོ་?་བདེ་བཞེས་བྱ་བ་བསམ་བཏན་གསུམ་པའོ། །དེ་ནས་གྲི་གུག་ལ་སོགས་པ་བཞི་བསྡུས་པ་ལས་བྱུང་བ་སེམས་ཀྱི་ཐིག་ལེ་བདེ་བའི་ཐིག་ལེའི་དབུས་སུ་བསམ་པ་ནི་སེམས་རྩེ་གཅིག་ཅེས་བྱ་བ་བསམ་གཏན་བཞི་པའོ། །གནས་གདན་དང ་ལྡན་པའི་ཧཱུཾ་ཡིག་གདོན་ཏོ། བདེ་བའི་ཐིག་ལེའི་དབུས་སུ་ཡུངས་ཀར་ཕྲ་མོའི་རིན་པོ་ཆེའི་གོང་བུའི་སྦྱོར་བ་བསྐྱེད་པར་བྱའོ། །ོཾ་དྷརྨ་དྷུ་ཏུ་སྭ་བྷཱ་པ་ཨཱཏྨ་ཀོ་ཧཾ་ཞེས་བྱ་བས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་རིན་པོ་ཆེ་དེ་གྱེན་དུ་བཏག་སྟེ། སྣའི?་རྩེ ་མེད་བཀོད་ལ་བསྒོམ་པར་བྱའོ། །དེ་ནས་རང་གི་སྙིང་གའི་ཐིག་ལེ་ལ་རིན་པོ་ཆེ་ཕྲ་མོ་ཕབ་ལ་བསྒོམ་པར་བྱའོ། །དེའི་རྗེས་ལ་ཧཱུཾ་ཡིག་ལ་བདེ་བ་ཆེན་པོའི་ཡི་གེ་གཞུག་ཅིང། ལོངས་སྤྱོད་ཀྱི་ཡི་གེ་ཡང་གཞུག་པར་བྱའོ། །དེ་ནས་སྤྲུལ་པའི་ཡི་གེ ་གཞུག་ཅིང། ཧཱུཾ་ཡིག་དེ་ཡང་རིན་པོ་ཆེ་ཕྲ་མོ་ལ་གཞུག་པར་བྱའོ། །རིན་པོ་ཆེ་ཕྲ་མོ་དེ་ཡང་སྐུ་བཞི་རོ་གཅིག་པ་གསང་བའི་ངོ་བོ། །བདེ་བ་ཆེན་པོའི་བདག་ཉིད་ཇི་སྲིད་བརྟན་པ་དེ་སྲིད་དུ་བལྟ་བར་བྱའོ། །སེམས་བརྟན་པར་གྱུར་པ་ཡང་མཚན་མ་ལས་ཉེ ་བར་མཚོན་དེ། རིན་ཆེན་ཆེན་པོ་ལས་མཚན་མ་སྤྲོ་བར་བྱའོ། །དེ་ལ་རིན་ཆེན་ཆེན་པོ་དེ་རྡོ་རྗེ་ནོར་བུ་ཕབ་ལ། དེ་ལས་བྱུང་པའི་འོད་ཟེར་གྱི་ཐིག་ལེ་པདྨའི་ན་འགྲི་གུ?་ཕྲ་མོ་སྤྲུལ་ཏེ། སྤྲོས་པའི་སྦྱོར་བས་ལུས་ཁྱབ་པར་བྱས་ལ། དེ་ལས་གྱུར?་བས་ནམ་མཁའ་ཨི་ངོས ་གཡོགས་བདེ་བལྟ་བར་བྱའོ། །དེ་བཞིན་དུ་ཅང་ཏེའུ་དང། རུ་སྦལ་དང། སྦྲུལ་དང། སེང་གེ་དང་དགེ་སློང་དང། འཁོར་ལོ་དང། རྡོ་རྗེ་སྤྲོ་བར་བྱའོ། །དེ་ནས་རིན་པོ་ཆེ་ཆེན་པོ་དེ་ཉིད་ལས་བྱུང་བའི་འོད་ཟེར་གྱི་ཐིག་ལེས་མཚན་མ་བརྒྱད་པོ་དེ་ཉིད་ཀྱི་དབུས་སུ ་བཅོམ་ལྡན་འདས་ཀྱི་མཚན་མ་དང། ལྷག་མ་ནི་ཕྱོགས་མཚམས་སུ་སྤྲུལ་བ་དེ་སྔ་མ་བཞིན་སྤྲོ་བར་བྱའོ། །སྤྲོས་པ་དེ་རྣམས་སྣ་ཚོགས་གཅིག་ཏུ་གྱུར་ནས། ནམ་མཁའ་ཨི་ངོས་ལ་ཁྱབ་པའི་འོད་ཟེར་གྱི་དཀྱིལ་འཁོར་སྙིང་གར་ཉི་མ་གྱེན་དུ་བཏེག་པ་རིན་ཆེན་ཕྲ་མོའི ་དབུས་སུ་བཅོམ་ལྡན་འདས་ཀྱི་གདན་རྣམ་པར་བསྡུས་ཏེ། རིང་དུ་བསྒོམ་པར་བྱའོ། །དེ་ལྟར་བསྒོམས་པས་རྣལ་འབྱོར་པའི་སྔགས་སྔ་མར་གསུངས་པའི་ཡོན་ཏན་དང། དངོས་གྲུབ་མངོན་དུ་བྱེད་པར་?། །དེ་དག་ནི་དཔའ་ཧེ་རུ་ཀའི་མན་ངག་ལས་རྣམ་པ་སྣ ་ཚོགས་པ་?་བསྒོམ་པའི་ཆོ་ག་སྟེ་བཅུ་དགུ་པའོ།། །།དེ་ནས་མཉམ་པར་བཞག་པའི་སྔགས་པས་བདེ་བའི་སྟན་ལ་འདུག་སྟེ། སེམས་ལ་སེམས་གཟུང་བ་བསྒོམ་པར་བྱའོ། །སེམས་ལས་ཕྱི་རོལ་ཏུ་སེམས་ཀྱིས་གཟུང་བའི་དོན་དུ་ཅུང་ཟད་ཡོད་པ་མ ་ཡིན་ཏེ། གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་རོ། །གཟུང་བ་མེད་པས་དེ་ལ་ལྟོས་པའི་འཛིན་པའི་སེམས་ཀྱང་མེད་དོ། །དེའི་ཕྱིར་གཉིས་མེད་པ་དངོས་བོ་དང་དངོས་པོ་མེད་པ་དང་བྲལ་བ་ལ་དམིགས་པ་སྣ་ཚོགས་གཉིས་མེད་པ། སྟོང་པ་རྣམ་པ ་ཐམས་ཅད་ཀྱི་མཆོག་དང་ལྷན་པའི་མཚན་ཉིད་སེམས་ཙམ་རྒྱུའི་དགྱེས་པ་རྡོ་རྗེའི་རང་བཞིན་བསྒོམ་པར་བྱའོ། །དེ་ནས་དེ་ཉིད་བསྒོམ་པར་བྱ་སྟེ། གང་སྔོན་པོ་དང། སེར་པོ་ལ་སོགས་པའི་རྣམ་པ་དེ་ཕྱི་དང་ནང་གི་དངོས་པོར་མེད་པ་སྟེ། གཅིག་དང་དུ་མའི་རང ་བཞིན་དང་བྲལ་བའི་ཕྱིར་སྔ་མ་བཞིན་ནོ། །ཐོག་མ་མེད་པ་ནས་མ་རིག་པའི་བག་ཆགས་སྟོབས་ཀྱིས་དཀྲུགས་པ། བྱིས་པ་རྣམས་ཀྱིས་བློ་མེད་པའི་རྣམ་པ་དེ་དང་དེས་འབའ་ཞིག་པ་སྣང་བའོ། །རྣམ་པ་དེ་རྒྱ་མཚན་དུ་བྱས་དམིགས ་པར་བྱས་ནས། འཇིག་རྟེན་པ་རྣམས་གཉིས་སུ་བརྟག་པ་དང། གཉིས་སུ་གཟུང་བ་ཐམས་ཅད་དོན་མེད་པའི་རྒྱུར་གྱུར་པ་འཇུག་པ། ཇི་སྲིད་འདིའི་རྣམ་པར་སྣང་བ་དེ་སྲིད་དོན་དམ་པ་མཐོང་བ་མ་ཡིན་ཏེ། རང་རིག་ཅན་གྱི་སྨྲ་བཤད་དང་སྦྲང་བུ་ལ ་སོགས་པས་སྟོང་པ་བཞིན་མཐོང་བ་རྣམས་སྐྲ་ཤད་ལ་སོགས་པས་སྟོང་པ་བཞིན་བསམས་ལ་མིང་ཐམས་ཅད་དང་མཚན་མ་ཐམས་ཅད་ཡོངས་སུ་སྤང་བར་བྱའོ། །དེ་ནས་ཆོས་ཐམས་ཅད་ལ་དམིགས་ཏེ་བརྗོད་དུ་མེད་ཅིང་སྣང་བ་མེད་པའི་ཏིང་འཛིན་ལ ་གནས་ནས་སྔར་གྱི་སྦྱོར་བའི་བག་ཆགས་ཀྱི་སྟོབས་ལས་ལྷུན་གྱིས་གྲུབ་པ་མངོན་པར་འདུ་བྱེད་པ་མེད་པ། སྤྲོས་པ་ཐམས་ཅད་ནུབ་པ། རྟོགས་པ་མེད་པ། སྣང་བ་མེད་པ། ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་མཐོང་བའི་བདག་ཉིད། འབའ་ཞིག་པ ་མཛའ་ཡས་ལ་སྟོན་ཀའི་ཉི་མ་དང་ནམ་མཁའ་ལྟ་བུ། འཇིག་རྟེན་ལས་འདས་པའི་ཡེ་ཤེས། དོན་དམ་པ་ཅན་བྱང་ཆུབ་ཀྱི་སེམས་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོའི་ལམ་གྱི་མཚན་ཉིད། ཤེས་རབ་ཆེན་པོ་དང་སྙིང་རྗེ་ཆེན་པོ་རོ་གཅིག་པ་དཔལ ་ཧེ་རུ་ཀའི་རང་བཞིན་བསྐྱེད་པར་བྱའོ། །གཉེན་པོ་དེས་ཀུན་གཞི་རྣམ་པར་ཤེས་པ་ལ་ཡོད་པའི་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་ས་བོན་གྱི་བག་ཆགས་ཟད་པར་བྱས་པས། གནས་དང་ལུས་དང་ལོངས་སྤྱོད་དུ་སྣང་བའི་རྣམ་པར་ཤེས ་པར་གོག་པར་བྱེད་དོ། །དེ་ནས་ཀུན་གཞིའི་རྣམ་པར་ཤེས་པ་དེ་ཡོངས་སུ་སྤངས་ནས་ཟག་པ་མེད་པའི་དབྱིངས་ཀྱི་མཚན་ཉིད་ཆོས་ཀྱི་རང་གི་ངོ་བོ་འབྲས་བུར་གྱུར་པ་དཔེ་ལ་ཧེ་རུ་ཀ་མངོན་དུ་བྱེད་ཅིང། དེའི་སྟོབས་ཀྱིས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི ་སྐུ་ཡང་མངོན་དུ་བྱེད་དོ། །ཡང་སྒོམ་པ་འདིས་སྒོམ་པ་ཐམས་ཅད་རྣམ་པར་དག་པའི་ངོ་བོ་འབད་པས་བསྒོམས་ན་མྱུར་དུ་མཆོག་ཏུ་བདེ་པའི་བྱང་ཆུབ་འཐོབ་བོ། །གལ་ཏེ་བསྒོམ་པ་འདིས་མྱུར་དུ་མཆོག་གི་བདེ་བ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ན། གཞན ་ཧེ་རུ་ཀ་དང། རྣལ་འབྱོར་མའི་གཞལ་ཡས་ཁང་དང་མཚན་མ་དང་ས་བོན་དང། ཟླ་བ་ཕྱེད་དང་སྒྲ་ཙམ་ལ་སོགས་པ་ཕྱིན་ཅི་ལོག་གི་མཚན་ཉིད་ཅི་གོས་ཤེ་ན། དགོས་པ་ཡོད་དེ་དེ་འདི་ལྟར་གལ་ཏེ་རྣམ་པར་ཤེས་པ་ཙམ་བསྒོམ་པར་བྱ་བ་ཡིན་ན་འཇིག་རྟེན་བདེ? ་ཏིང་ངེ་འཛིན་ཙམ་ཐོབ་སྟེ། རྣམ་ཤེས་མཛའ་ཡས་སྐྱེ་མཆེད་བཞིན་ནོ། །དེ་ནས་སྟོང་པ་ཉིད་རྒྱ་ཆེན་བསྒོམ་པར་བྱ་བ་ཡིན་ན། མྱ་ངན་ལས་འདས་པ་ཙམ་ཡིན་ཞིང་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་ཀྱི་ཡན་ལག་མེད ་པའི་ཕྱིར་རོ། །དེ་ནས་ཡང་བླ་དང་སྔགས་དང་ས་བོན་དང་ཐིག་ལེ་དང་སྒྲ་ཙམ་གྱི་བདག་ཉིད་བསྒོམ་པར་བྱ་བ་ཡིན་ནོ། །དེ་ཁོ་ནས་ཀྱང་སངས་རྒྱས་ཉིད་མ་ཡིན་ཏེ། ཡན་ལག་སྟོང་པའི་ཕྱིར། །དེ་ནས་ཡང་ལྷ་རྣམས་ཀྱི་དེ་ཁོ་ན་ཉིད་བསྒོམ་པར་བྱ་བ་མ ་Fཡིན་ན། ལྷ་ལ་སོགས་པ་མ་ཡིན་ཏེ། དེ་བཞིན་དུ་ཡང་བསྐལ་པ་གྲངས་མེད་པ་མང་པོས་སངས་རྒྱས་ཉིད་འཐོབ་ཀྱི་མྱུར་བར་མ་ཡིན་ནོ། །དེའི་ཕ་ཡིར་གཉིས་ག་བསྒོམ་པ་ཡིན་ན་ཤིན་ཏུ་མཛེས་པའི་ཕྱིར་དང། བྱིན་རླབས་ཀྱི་ཁྱད་པར་ལས་ཤིན་ཏུ་མྱུར་བར་བླ་ན་མེད ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་བོ། །དེའི་ཕྱིར་རྣམ་པ་དང་བཅས་པ་བསྒོམས་ནས་རྣམ་པ་མེད་པ་བསྒོམ་པར་བྱའོ། །གང་གི་ཕྱིར་རྣམ་པ་མེད་པ་བསྒོམས་ནས་ཡེ་ཤེས་ཀྱི་ཚོགས་ཀྱི་ངོ་བོ་ཡིན་པ་དེའི་ཕྱིར་གཙོར་ཆོས་ཀྱི་སྐུ་འཐོབ་བོ། ། ་རྣམ་པ་བཅས་པ་བསྒོམས་པས་ཀྱང་བསོད་ནམས་ཀྱི་ཚོགས་ཀྱི་ངོ་བོ། །གཙོ་བོ་མ་ཡིན་པའི་ལོངས་སྤྱོད་རྫོགས་པ་དང། སྤྲུལ་པའི་སྐུ་འཐོབ་བོ། །དེ་ལྟར་ཆོ་གས་གཉིས་ཀྱི་སྐུ་གསུམ་ཐོབ་པར་བྱེད་པའི་བདག་ཉིད་བྱང་ཆུབ་ཐོབ་པར་བྱེད་པ་ཡིན ་གྱི་གཅིག་གི་ནི་མ་ཡིན་ནོ། །དེའི་ཕྱིར་རྫོགས་པའི་བྱང་ཆུབ་ཐོབ་པས་གཞན་གྱི་ཡིད་ལ་བྱེད་པས་གཞན་གྱི་དོན་ལ་ཡིད་རྩོན་པ་འབད་དེ་ཚོགས་གཉིས་རྫོགས་པར་བྱའོ། །དེ་དག་ནི་དཔལ་ཧེ་རུ་ཀའི་མན་ངག་ལས། རྣམ་པར་དག་པ་བསྒོམ ་པའི་ཆོ་ག་སྟེ་ཉི་ཤུ་པའོ།། །།མཁས་ཀྱང་རང་གི་བློ་མི་རིག། ཧེ་རུ་ཀ་དཔལ་མན་ངག་ལ། །ང་རྒྱལ་པོར་ནས་དེའི་ཕྱིར། །འབད་པས་དེ་ཤེས་གུས་པར་བྱ། །ལས་ནི་མཛའ་དག་པོར་བྱས་ལ། །ཆོ་གས་བླ་མ་དམ་པ་མཆོད། །ཀུན་མཁྱེན ་ཡེ་ཤེས་ངོ་བོ་དེ། །བླ་མ་དགྱེས་པས་སྟེར་བར་བྱེད། །མན་ངག་རིན་ཅེན་ཐོབ་པ་ལས། རང་བྱིན་རླབས་གནས་རྣལ་འབྱོར་ཆེ། །ངེས་པར་དགྱེས་པ་འདི་ཉིད་དོ། །བླ་མ་དགྱེས་ལ་བྱུང་བ་ཐོབ། །དེ་ཕྱིར་བླ་མ་ཉིད་ནི་རྒྱལ་བ་སྟེ། །འདིར་ནི་རྡོ་རྗེ་འཛིན་པ ་ཆོས་དབྱིང་?་མཆོག། བླ་མ་རྣམས་ཀྱི་ལེགས་སྤྱོད་པས། །དགྱེས་པས་མི་འགྱུར་ཅི་ཡང་མེད། །གང་འདིར་ལས་དང་པོ་བྱེད་པས། །འདོད་པའི་ལྷ་ལ་དེས་མཆོད་བྱ། །སྦྱིན་སྲེག་ལས་དང་ཆོས་དང་ནི། །གཟའ་སྐར་ངེས་པར་བྱས་པ་དབྱེ།། ་རྣལ་འབྱོར་ཡིད་མཐར་ཕྱིན་པས་ནི། །མཆོད་བསྒོམ་བཟླས་པ་ངེས་པ་མེད། །ཆས་སྦྱོར་གཟའ་སྐར་དབྱེ་བ་དང། །ཕན་པར་བྱེད་པའི་བློ་ཡང་མེད། །སྦྱོར་བ་གང་མཆོད་བསམ་གཏན་ཏེ། །དེ་བཟླས་མི་ཡི་མཆོད་པ་སྟེ། །དེ་ནི་ངེས་དང་སྦྱོར་བ་དེ།། ་དེ་ཉིད་ཆོས་སོགས་དབྱེ་བའོ། །དེ་ཕྱིར་རྣལ་འབྱོར་མན?་དགའ་བྱ། །རྒྱུན་མི་འཆད་པར་བཀུར་སྟི་བྱ། །བླ་མའི་ཞབས་ཀྱི་པད་མ་ལ། །གུས་པ་ཆེན་པོ་རྟག་ཏུ་བྱ། །ཧེ་རུ་ཀ་དཔལ་མན་ངག་བྱས། །གང་ཞིག་བདག་དགེ་ལས་བྱུང་བ། །མན་ངག ་རིན་ཆེན་རྙེད་བ་དེས། །འབྲོ་བ་ཧེ་རུ་ཀར་འགྱུར་ཤོག་།དཔལ་ཧེ་རུ་ཀའི་མན་ངག་ཅེས་བྱ་བ་རང་བྱིན་གྱིས་བརླབ་པ་རྫོགས་སོ།། །།བླ་མའི་མན་ངག་རྙེད་པ་དེ། །འཁྲུལ་པས་འཇིགས་ནས་བདག་འདིར་བྲིས། །དེ་ལ་སྐྱེས་བུ?་ཡོན་ཏན་ཅན།། ་སྔགས་རིགས་པས་ནི་བཟོད་པར་རིགས། །དཔལ་འཇམ་དཔལ་དབྱངས་ཀྱིས་བྱིན་བརླབས་པ་མཁས་པ་ཆེན་པོ་སློབ་དཔོན་དཔལ་བཟང་པོ་ཞབས་ཀྱི་པདྨའི་རྣལ་ལ་གུས་པ་དཔལ་ཏིང་ངེ་འཛིན་རྡོ་རྗེས་མཛད་པའོ།། །།བལ་པོའི་པཎྚི་ཏ་དང། བོད་ཀྱི་ལོ་ཙཱ་བ ་དགེ་སློང་ཤེས་རབ་ཡེ་ཤེས་དང། དཔྱལ?་སེར་ཙ་བསོད་ནམས་རྒྱལ་མཚན་གྱིས་བསྒྱུར?།། །། `་། །སྟོང་ཉིད་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་བཞུགས། །*། །རྒྱ་གར་སྐད་དུ། ཧེ་རུ་ཀོ་དུད་ཡ་མཎྜ་ལ་བིདྷི། བོད་སྐད་དུ། ་