| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། ཤྲཱི་ཧེ་རུ་ཀ་བྷ་ཏ་ནཱ་མ་མཎྜལ་ནོ་པཾ་ཀཱ། བོད་སྐད་དུ། དཔལ་ཧེ་རུ་ཀ་འབྱུང་བ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཞབས་ནི་ཡོངས་སུ་བསྐྱོད་བའི་ཤིན་ཏུ་བཟློག་པར་དཀའ་བའི་དབའ་རླབས་ཡོངས་སུ་བགྲོད་པ ་དེ་ཞིན། །ཕྱག་རྣམས་རྣམ་པར་བསྐྱོད་པའི་རྣམ་རྒྱས་རླབས་ཀྱིས་གང་ནི་ཤིན་ཏུ་དག་པའི་རླབས། །ཕྱག་གི་གླང་པོ་ལ་སོགས་ཆུ་ན་རྒྱུ་བ་བཞིན་ཏེ་གྱེན་གྱི་དབུ་སྐྲ་མེ་དང་མཚུངས་དབུའི་ཕྲེང་ལྟར་བཞད་ཅིང་ཆུ་གཏེར་དྲི་མེད་ཁྲག?་འཐུང་ཁྱེད་གྱིས་སྐུས་ནི་སྲུང་གྱུར་ཅིག་།དཔལ ་ལྡན་ཁྲག་འཐུང་ཀུན་མཁྱེན་རིགས་པར་བཅས། །སྙིང་རྗེ་གཅིག་ཅིང་སྐྱོན་རྣམས་མ་ལུས་སྤངས། །ལྷན་ཅིག་སྐྱེས་དངོས་སྤྱི་བོས་བཏུད་བྱས་ཏེ། དེ་ཡིས་བསྡུས་པའི་དཀྱིལ་འཁོར་བརྗོད་པར་བྱ། །དཀྱིལ་འཁོར་ཆེན་པོའི་ལས་ནི་མ་གཏོགས་པར། །དངོས་གྲུབ་བླ་མེད་མཆོག ་ནི?་མི་རིགས་ཏེ། །དབང་དང་རབ་གནས་བཟླས་དང་སྒྲུབ་པ་གོ་ནས། །དེ་བས་འདོད་པས་ཆོག་ལ་བརྩོན་བྱ། །དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་སྔགས་དང་ནི། །བྱ་བ་གང་དང་བཟླས་པ་སྦྱིན་སྲེག་དང། །མཆོད་པ་ལ་སུ་ལྡན་པ་བསྡུས་པ་སྟེ། །དེ་ཉིད་དག་ནི་རྣམ་པ་བཅུ ་ཡིན་ནོ། །སློབ་དཔོན་དེ་ཉིད་བཅུ་རྣམས་ཤེས། །སྔགས་དང་རྒྱུད་ཀྱི་སྦྱོར་བ་རིག་།མཚན་ཉིད་ཀུན་དང་ཡང་དག་ལྡན། །བསྟན་བཅོས་ཀུན་ནི་ཀུན་རིག་ཅིང། །དབང་རྣམས་ཀུན་གྱིས་དབང་བསྐུར་ཅིང། །བླ་མའི་བཀའ་ཐོབ་ཡོན་ཏན་ལྡན། །དམ་ཚིག་ལྡན་ཞིང་སྡོམ་པར་ལྡན། །བརྟན ་དིར་ཐེག་པ་གསུམ་ལྡན་རིག། འཇིག་རྟེན་ཆོས་ཀྱིས་མི་འཕྲོགས་པ། །བཟོད་ལྡན་སྙིང་རྗེའི་བདག་ཉིད་ཅན། །བཟླས་བ་ལ་བརྩོན་སེར་སྣ་བྲལ། །དད་དང?་བྱམས་ལ་ཡང་དག་གཞོལ། །ཆོ་ག་ཡོངས་སུ་རྫོགས་པ་ཡིས། །དཀྱིལ་འཁོར་བྱ་བ་རྩམ་པ་སྟེ། །བསོད་ནམས་ལ་སོགས ་འབྲེལ་ཕྱིར་དང། །དད་པའི་ཕྱིར་ཡང་བྱ་བ་སྟེ། །རྟག་པར་དཀྱིལ་འཁོར་སྨོང་པ་དང། །ཆོ་ག་དམན་པར་མི་བྱའོ། །སྐྱེ་བ་འདིར་ཡང་སྡུག་བསྔལ་ཆེ། །འཇིག་རྟེན་ཕ་རོལ་འཇིགས་པ་ཆེ། །དེ་བས་ནན་ཏན་ཐམས་ཅད་གྱིས། །དངོས་གྲུབ་འདོད་པས་བྱ་བ་ཉིད། །ཆོ་ག་བདག་ཉིད་ནུས་པ ་ཡིས། །རྒྱུད་ལས་གསུངས་བའི་གཞུང་དེ་ཉིད། །དེ་ལྟར་བྱས་པའི་བསོད་ནམས་ཀྱིས། །ལྟ་བས་མི་མཐོང་སྐྱེ་པར་འགྱུར། །དཀྱིལ་འཁོར་མངོན་པར་མཆོད་པ་ཡིས། །དེས་ནི་མྱུར་བང་སྐྱེ་པར་འགྱུར། །དེ་ལ་དང་པོར་འདི་ལྟར་སློབ་དཔོན་བཀྲ་ཤིས་པར་འདོད་བས་སློབ་མ་ལ་སོཌ ་པས་དཀྱིལ་འཁོར་སྔོན་དུ་སོང་བས་ལན?་གཉིས་ལན་གསུམ་དུ་གསོལ་བ་བཏབ་པའམ། བདག་ཉིད་བསོད་ནམས་འདོད་པས་དཀྱིལ་འཁོར་གྱི་ཆོ་གའི་ཡིད་ཀྱི་དང་པོར་རེ་ཞིག་སྔོན་དུ་བསྙན་པ་བྱའོ། །དེ་ལ་དགེ་ཞིང་རྗེས་སུ་མཐུན་པ་བར་ཆད་མེད་པའི་གནས་སུ་ཀྱེ?་རྡོ་རྗེའི་རྣལ་འབྱོར ་གྱིས་དམིགས?་ཤིང་རྣལ་འབྱོར་པས་ཏིང་ངེ་འཛིན་གསུམ་བྱས་ལ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྔགས་དང་རང་གི་?་པའི་ལྷ་ཉིད་ཀྱིས་སྔགས་འབུམ་བཟླས་པར་བྱ་ཞིང། གཞན་དག་གི་སྔགས་ནི་ཁྲི་བཟླས་པར་བྱའོ། །ཡང་ན་བདག་པོའི་སྣང་བས་དེ་ལ་མོས་པས ་ཀྱང་དཀྱིལ་འཁོར་བྱའོ། །སྔོན་དུ་བསྙེན་པའོ། །རི་ཕུག་དང་ནི་ཆུ་འགྲམ་དང། །དུར་ཁྲོད་སྐྱེ་བོས་དཔེན་དང་ནགས། །འབབ་དུས?་གང་བ་འབའ་ཞིག་ཏུ། །དངོས་གྲུབ་མྱུར་བར་གདོན་མི་ཟ། །གྲོང་ཁྱེར་ཁྱིམ་དང་ལྷས་དང་ནི། །གཙུག་ལག་ཁང་གི་ཁྱིམ་གནས་སུ་ཡུན་རིངས་གྱིས་ནི་དངོས ་གྲུབ་དག་།འགྲུབ་ཅེས་དེ་ཉིད་རིགས་པས་གསུངས། །གནས་རྣམ་པར་བསྟན་པའོ། །ཉི་མ་བཟང་ཞིང་སྐར་བཟང་ལ། །ཐོ་རངས་དུས་སུ་བློ་ལྡན་གྱིས། །ས་ཡི་མཚན་ཉིད་ཕ་རོལ་སོན། །ས་ཡི་ཡང་དག་བརྟག་པར་བྱ། །ཙཉྩ?་ཡུང་པ་བ་ཉུ?་བར་རམས?། །ཀ་རཉྫ?་དང་དན་འགྲུབ་ཀོ་བི? ་?། །རྣཾ?་ཀས་ནི་མཉམ་བཀང་རིགས་ཀྱི་རི། །རུ་སྦལ་གླང་པོའི་རྒྱུ་པ་འདྲའི་ས་ནི་སྤང་བར་བྱ། །ཤར་ཕྱོགས་པི་པི་ལིང་གི་ཤིང་དང་ནི། །ལྷོ་ཕྱོགས་པ་ལཀྵའི་ས་ཡི་ཤིང་དང་ལྡན། །ནུབ་ཕྱོགས་ན་གྲོ་དྷ་ཡི་ཤིང་དང་ལྡན། །བྱང་གི་ཕྱོགས་ན་བ་ཀུ་ལི?་དང་ལྡན། །མེ་ཡཾ?་མཚམS? ་ནི་?ཀུ་བྷེ་དང་ལྡན། །པ་ལཀཱ་ནི་བདེན་བྲལ་དག་ཏུ་བརྗོད། །རླུང་གི་ཕྱོགས་སུ་ཤལ་མ་ལི་ཤིང་སྟ། །དབང་ལྡན་དུ་ནི་ཨུ་དུམ?་རའོ། །མྱ་ངན་མེད་དང་ཀ་ན་ཏ་སུ་ཁ་ནི་མར་གྲུ?་ཤིང། །ཏ་མ་ལ་དང་མ་ཙ་ཀུ་ཙ་ཨ་མྲ་བལ་པོ་སིའུ། །ཆུ་དང་དབང་པོའི་ཕྱོགས་སུ་ཆུ་མིག་དང་ལྡན ་ཆུ་མིག་ཏུ། །འགྱུར་ན་དངོས་གྲུབ་བླ་ན་མེད། ཁུང་བུ་བརྐོས་།དེར་ནི་གདབ་གྲུ་བཞི་རྣམ་པར་བརྐོ་བྱས་ནས། །དེ་ལ་བརྐོས་པའི་ས་ཡི་ཤིན་ཏུ་གང་བར་བྱ་བ་སྟེ། །གལ་ཏེ་དོང་སྟེ་ཁེངས་པར་མཐུང་ཤིས་བ་མ་ཡིན་ཞིང། །ས་ལ་སོགས་པ་ལྷག་པར་གྱུར?་ན?་ཤིན་ཏུ་བསྔཌ? ་པ་ཡིན་ནོ། །ས་ཡོངས་སུ་བརྟག་པའོ། །ཙིཉྩ་ལ་སོགས་ལྡན་པ་ཡིས། །གལ་ཏེ་དཀྱིལ་འཁོར་བརྩམས་གྱུར་ན། །འཐབ་མོ་མྱ་ངན་ནོད་ཉམས་པ། །ཡོན་བདག་དགལ་མྱུར་དུ་འགྲུབ། །རུ་སྦལ་གླང་རྒྱབ་ཡང་ན་གཞོང། །འཆི་དང་ནང་དང་ཡང་ན་རྒུད། །དེ་ཕྱིར་དེ་འདྲའི་གནས་སུ་ནི།། ་བློ་ལྡན་དཀྱིལ་འཁོར་བརྩམས་མི་བྱ། །?་ཤྭ་ཀ་སོགས་མཉམ་ལྡན་པའི། །དཀར་པོའི་པ་ནི་ཤིན་ཏུ་ཤིས། །བྱང་ཤར་དག་ནི་ཆུ་མིག་ཏུ། །འགྱུར་ན་དངོས་གྲུབ་བླ་ན་མེད། ཁུང་བུ་བརྐོས་པའི་སས་མ་ཁངས། །ཐམས་ཅད་ཀུན་ནི་ཉམས་པར་འགྱུར། །བརྐས་པའི་དང?་ས་ནི་པུང ་བཀད་ན། །ཐམས་ཅད་དག་ནི་འབྱུང་བར་འགྱུར། །ས་ཡི་མཚན་ཉིད་དོ། །དེ་ལ་དང?་ཏུ་བསྔགས་པའི་སའི་དབུས་སུ་སྟན?་བདེ?་ཞིང་མཐོ་པ་ལ་འདུག་སྟེ། གཙང་སྤྲ་དང། དྲི་ཞིམ་པ་དང། ལུས་ཇི་སྟེང་པའི་གོས་ཀྱི་བརྒྱན་པ་དང། ཅོད་པན་བཅིངས་དུ? ་བྱས་ནས་ཡོ་བྱད་ཐམས་ཅད་མཉས་པར་བཞག་སྟེ་གསུང་བ་དང་བཟླས་པ་བྱ་ཞིང་རྡོ་རྗེ་དང་དྲིལ་བུ་ལག་ཏུ་བླངས་ལ། སྔགས་བར་མཉམ་པར་བཞག་པས་གཏོར་མ་དང་མཆོད་པ་བྱིན་ལ་ཐོ?་རངས་ཀྱི་དུས་སུ་ཏིང་འཛིན་གསུམ་བྱ་སྟེ། འཚང་བར་འགྱུར་བའི་ཆོ་གའམ། ་གདུག་པའི་སྦྱིན་སྲེག་གིས་བགེག་བསལ་ཞིང་ཕུར་བུས་གང་བ་ཅིང་རྡོ་རྗེའི་ར་བ་དང། རྡོ་རྗེའི་གུར་ལ་སོགས་པ་ཡང་རྣམ་པར་བསྒོམས་ཏེ། སློབ་མ་བསྲུང་བའི་དོན་དུ་ཞི་པའི་སྦྱིན་སྲེག་བྱའོ། །དེའི་རྗེས་ལ་གཏོར་མ་རྒྱ་ཆེན་པོ་མན་ངག་ཇི་ལྟ་བས་སྦྱངས་ལ་རྔའི་སྒྲ? ་དང་བཅས་པས་སྒྱོགས?་ཀུན་གྱི་འཇིག་རྟེན་གྱི་སྦྱོང་བ་རྣམས་ལ་དབུལ་ལོ། །དེ་ནས་ཕྱི་དེ་ཉིན་པར་སྔ་དྲོའི་དུས་སུ་སྔགས་པས་ལྟ་ཉིད་ཀྱི་རྣལ་འབྱོར་བྱ་སྟེ། ལས་ཐམས་ཅད་པའི་སྔགས་ཀྱིས་བསྔགས་པའི་ཆུ་ཡིས་ཡང་དག་པར་གཏོར་ལ། །འཆད་པར་འགྱུར་བའི་མཚན ་ཉིད་ཀྱིས་སའི་ལྷ་མོ་ཡིད་ཀྱིས་སྐྱན་དྲངས་ནས་མཆོད་པ་ལྔ་ཡང་དག་པར་མཆོད?་ནས། ལྷ་མོ་ཁྱོད་ནི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅིང་པས་གསོལ་བ་བཏབ་ཅིང། ཨོཾ་ཏིཥྱ་བཛྲ་ཧཱུཾ་ཞེས་པའི་སྔགས་ཀྱིས་ནམ་མཁའ་ཨི་དཀྱིལ་དུ་དགོང་པར་བྱའོ། །པུས?་མོས་ཆད་ཙམ ་ས་ལན། །ལས་ཀྱི་རྡོ་རྗེས་པའོ?་དང?་བྱ། །དྲ?་ཤུའི?་ཀླུ?་ནེ?་མཉམ་དམིགས་ལ། །དེ་ནས་ཤིན་ཏུ་ཡོངས་སུ་སྦྱངས། །སྟོན་ཟླ་འབྲིང་དང་?་ཆུང་ལ། །ཉི་ཤར?་དབང་ལྡན་ཕྱོགས་སུ་དགོང། །ཀླུ་ནི་ལྷོ་རུ་ཁ་བལྟས་ཉལ། །གཡོན་ལོགས་ཀྱིས་ནི་ཤིན་ཏུ་གནས། །དགུན་ཟླ་ར་འབྲིང ་འཆུང?་ལ། །གཤིན་རྗེ་ཙུན?་མར?་གནས་ཏེ། །ཙུག?་ཏུ་ཁ་ཕྱོགས་མི་ཚུལ་ནི། །རོ་སྟོང་ཡིན་ཏེ་ཀླུ་ཡི་ཚུལ། །དབྱིང་ཀྱི་ར་བ་འབྲིང་དང་ཐ། །ཟླ་བར་བྱང་ཕྱོགས་ཁ་བལྟ་བ། །ནུབ?་དམག?་བལྟ་ཉལ་བ་ནི། །བ་སུའི་ཀླུ་ནི་སྟོབས་པོ་ཆེ། །དབྱར་ཟླ་ར་འབྲིང་ཐ་ཆུང་ལ། །ཀླུ་ནི་གཞོགས ་ཀྱིས་ཉལ་བ་ཏེ། བྱང་དུ་མགོ?་བསྟན་ཤར་དུ་ནི། །དུས་རྣམས་ཀུན་ཏུ་ཁ་བལྟ་བ། །ཀླུ་འདིའི་རྒྱབ་གྱི་སྨད་དུ་ནི། །གལ་ཏེ་ཀུན་བྱ་བརྐོས་གྱུར་ན། །ཡོན་བདག་འདོད་པའི་དངོས་གྲུབ་ནི། །འབྱུང་བར་འདི་ལ་ཐེ་ཚོམ་མེད། །གལ་ཏེ་མགོ་བོར་བརྐོས་གྱུར་ན། །ཕ་རྒྱུད?་སྤུན་དང་རྩེ?་ལག?་དང། ་བུ་དང་ཆེ?་བོ་སྟོབས་ལ་སོགས། །རྟག་ཏུ་བརླག་པར་འགྱུར་བ་ཡིམ། གལ་ཏེ་རྒྱབ་ཀྱི་ལུས་ལ་བརྐོས། །གནས་རྣམས་ཉམས་དང་ཡང་ན་འཆི། །ཡུན་ནི་རིང་བར་སྔ་མའི་ཆོས། །བ་ལང་མ་ཧེ་ལ་སོགས་བརླག་།ཀླུ་གནས་ཡང་དག་ཤེས་བྱ་སྟེ། །སྨད་ཀྱི་ཆེ་འདིར་བརྐེ?་བར ་བྱ། །བསྐོར་བས་ཡོངས་སུ་འགྲོང་བྱས་ལ། །ས་ཡི་གྲགས་ལྡན་མ་ལ་བལྟ། །བློ་ལྡན་མཁས་པས་བརྟག་བྱས་ལ། །དེ་ནས་ཟུགས་རྔུ་བསལ་བྱས་ལ། །གལ་ཏེ་ཟུག་རྔུ་དེ་མ་བསལ། །ཉེས་བདག་ནི་བསྐྱེད་པར་འགྱུར། །དུས?་པ་ཡན་ལག་རྫོགས་དང་མཉམ་ཕྱུང་ན། །ཟུག་རྔུ་སོལ ་བའི་ཟུག་རྔུས་འཇིགས་པ་སྟོན། །ཐལ་བས་ནོར་ཉམས་འཆི?་དང་མི་རུས་དང། །སྤྲུལ་སོགས་ཟུག་རྡུས་ཀྱང་ནི་གནོད་པར་འབྱུང། །རྡོ་བ་རྡུལ་དང་གྱོ་མོ་སེན་མོ་སྒྲ་དང་གེ་ཏའི་ཤིང། །སོ་ཕྲག?་དྲི་མ་?་མ་ལ་སོགས་བཅས། །འཆིང་དང་བསྣུན་པ་ལ་སོགས་མེད་པོའི ་ཟུག་རྔུ་འབྱུང། །ཟུག་རྔུ་ལེགས་བསལ་དེས་ནི་ཉོན་མོངས་མ་ལུས་སལ། །བུས་མོ་ཙམ་ནི་བརྐོས་ནས་སུ། །ས་ནི་དག་བར་མ་གྱུར་ན། །སླར་ཡང་སྔགས་པས་རྐེད་པ་ཙམ། །ཡོངས་སུ་དག?་ཅིང་གོ་བར་བྱ། །རྒྱུན་མི་འཆད་པའི་ཟུག་རྔུ་འདི། གལ་ཏེ་འབྱུང་བར་གྱུར་པ་ན། །ལག ་པས་བཀབ་སྟ་སྔགས་བཟླས་པས། །དེ་ཉིད་ཀྱིས་ནི་དག་པར་འགྱུར། །སྔགས་ནི་ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུཾ་ཕཊ། དེ་ནས་ཡི་གེ་ཧཱུཾ་གིས་བསྔགས་པའི་བདུད་རྩི་ལྔ་དང་བསྲེས་པའི་ཆུས་འཇིམ་པ་བྱས་པས་ཡང་དག་པར་བྱ་ཞིང། ལས་ཐམས་ཅད་པའི་སྔགས་ཀྱིས་བཟླས་པའི ་ཆུ་ཡིས་བསང?་བ་བྱ་ཞིང། །འདྲུ་དང་རིན་པོ་ཆ་དང་སྨན་རྣམས་དབུས་སུ་བརྟན་པར་གཞུག་ཅིང་ས་གཞི་དེ་ཤིན་ཏུ་མཉམ་པར་བྱའོ?། །རང་གི་ཁྱིམ་དང་བ་ལང་ལྷས། །གཙུག་ལག་ཁང་དང་ཁ་ཤུལ་དང། །འབབ་ཆུ་རྒྱ་མཚོའི་ཐུག་ངོ་གསུ། །སྦྱང་དང་བརྐོ?་བ་སོགས་མི་བྱ། ། ་ལག་པ་བརྒྱད་སྟེ་སྔགས་བཟླས་པས། །དེ་ཡིས་ས་ནི་སྤང?་བར་གསུངས། །དེ་ཡིས་ས་ནི་སྦྱང་འགྱུར་ཏེ། །རང་གི་སེམས་ནི་ཡོངས་སུ་དག་།སྔགས་ནི་ཨོཾ་རཀྵ་ར?་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། དེ་ནས་སྒོ་བཞི་དང་རྟ་བབས་སུ་ལྡན་པའི་ཁང་པུ་བརྩེག་? ་ཆུང་བའི་བླ་ར་དྲེ་བ་དང། རྔ་མ་དཀར་པོ་དང། ལྗོན་ཤིང་དང། འགན་དང་ལོ་མས་ཀུན་ཏུ་ཁྱབ་པར་བྱ་ཞིང་ཁྱད་པར་འཕགས་པའི་ངར་གྱིས་ལེགས་པར་བརྒྱན་ཅིང། དྲི་ཞིམ་པའང་མེ་ཏོག་གི་བྲེང་པས་རྣམ་པར་བརྐ?་བའི་གོས་ཀྱི་ཡན་ལག་བརྒྱན་པའི་? ་གྱིས་སྦྱངས་བ་དང། དྲི་ཡིས་ཉེ་བར་བྱུགས་པ་དང། ཟུར་བཞིན་རྣམ་པར་གནས་པའི་སྤོས་དྲི་ཞིམ་པོའི་སྣོད་བྱས་ལ་སླར་ཡང་སྦྱིན་སྲེག་ལ་སོགས་པ་བྱའོ། །དེ་བཞིན་དུ་སའི་ལྷ་མོ་ནམ་མཁའ་ཨི་ཕྱོགས་སུ་རྣམ་པར་གནས་པར་བསམ་པར་བྱའོ། །ས་སྦྱང་བའི་ཆོར?་? ་རྗེས་ལ་རྡོ་རྗེ་སློབ་དཔོན་གྲོགས་བཟང་པོ་དང་ཤིན་ཏུ་ལེགས་པར་བསྔམས་པའི་དཀྱིལ་འཁོར་གྱིས་ལ་ལྟན་བདེ་བ་ལ་འདུག་སྟེ། གཏོར་མ་དང་མཆོད་པ་ལ་སོགས་པ་ཕུལ་ལ། རང་འདོད་བའི་ལྔའི?་དཀྱིལ་འཁོར་རྣམ་བར་བསྒོམ་ཞིང་བགེགས་བརྩ?་བར་བྱ་བའི ་ཕྱིར་ལས་ཐམས་ཅད་པའི་སྔགས་ཀྱིས་བཟླས་པའི་དྲི་ཡི་ཆུས་དཀྱིལ་འཁོར་གྱི། ས་ལ་ཡོངས་སུ་གཏོར་བར་བྱའོ།། །།?་དེ་ནས་ཨོཾ?་སུ?་ཁཾ ་ཞེས་བྱ་བའི་སྔགས་ཀྱིས་ནམ་མཁའ་ཨི་རང་བཞིན་དུ་བྱའོ། །ཧཱུཾ་ལཾ་ཧཱུཾ་ཞེས་བྱ་བས་རྡོ་རྗེ་རྡུལ་ཕྲན་གྱི་རང་བཞིན་དུས་བཞི་བསྒོམ?་པར་བྱའོ། །ོཾ་མེ་དེ་ནི་བཛྲི་བྷ་བ་བཛྲ་ས་དྭ་ཧཱུཾ་ཞེས་བྱ་བ་འདིས་དེ་བྱ་ནི་གྱིས་བརླབས་པར་བྱའོ། །འདི་ནི་མན་ངག་གིས་ས་སྦྱང་བའོ། །? ་ནི་རང་གིས་སྦྱར་བའི་ཆོ་གའོ། །དེའི་རྗེས་ལ་སློབ་དཔོན་གྱིས་མེ་ཏོག་དྲི་ཞིམ་པོས་དགྲམ་པ་བྱས་ནས་དཀྱིལ་འཁོར་གྱིས་གཞིའི་དབུས་སུ་འདུག་སྟེ་ལག་ཏུ་རྡོ་རྗེ་དང་དྲིལ་བུ་གཟུང་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཀྱི་ཏིང?་ངེ་འཛིན་གསུམ་གྱི་རྣལ? ་འབྱོར་དང་ལྡན་པ་ལ་རྡོ་རྗེ་དང?་དྲིལ་བུ་འཛིན་པའི་སློབ་མར?་ཕྱོགས?་བཞིན་རྣམ་པར་གནས་པའི་དཀར་མོ་ལ་སོགས་པའི་རྣལ་འབྱོར་མ་བཞིང་བསྒོམས་ལ་ཚིགས་སུ་བཅད་པ་བཞིས་གསོལ་བ་གདབ་པར་བྱ་སྟེ། ཞི་བ་དེ་བཞིན་གཤེགས་པ་ཀུན། །དེ་བཞིན་གཤེགས་པ་ཀུན ་གྱི་གནས། །ཆོས་རྣམས་མཆོག་ནི་བདག་མེད་པའི། །དཀྱིལ་འཁོར་མཆོག་ནི་བཤད་དུ་གསོལ། །མཚན་མ་ཐམས་ཅད་ཡང་དག་རྫོགས། མཚན?་མིན་ཐམས་ཅད?་ཡང་དག་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག་།དཀྱིལ་འཁོར་མཆོག་ན་བཤད་དུ ་གསོལ། །ཞི་བ་མཆོག་ནི་ཆོས་ལས་འབྱུང། །ཡེ་ཤེས་སྤྱོད་པ་རྣམ་པར་སྦྱོང། །ཀུན་ཏུ་བཟང་པོ་གསུང་གི་མཆོག་།ཁ་ལོ་སྒྱུར་བས་དཀྱིལ་འཁོར་གསུངས། །སེམས་ཅན་ཀུན་གྱི་ཐུགས་ཆེན་པོ། །རང་བཞིན?་དག་ཅིང་བྲེམ?་བྲལ། །ཀུན་ཏུ་བཟང་པོ་ཐུགས་ཀྱི? ་མཆོག། དཀྱིལ་འཁོར་ཁ་ལོ་སྒྱུར་བས་གསུངས། །དེ་ནས་སྔགས་པས་གསོལ་བ་བཏབ་པ་དང་དུ་བླངས་ལ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ང་རྒྱལ་བསྐྱེད་པར་བྱ་སྟེ། བདག་ཉིད་སངས་རྒྱས་བྱང་ཆུབ་སེམས། བདག་ཉིད་དོན་ཡོད་རྡོ་རྗེ ་ཆོས། །རྡོ་རྗེ་ཉི་མ་ཉིད་ཀྱང་བདག། བདག་ཉིད་སངས་རྒྱས་ཐམས་ཅད་དོ་ཞེས་བྱ་བས་སོ། །དེའི་རྗེས་ལ་ཧཱུཾ་བརྗོད་དོ་ཏིཥྛ་ཞེས་བྱ་བའི་སྔགས་སོ། །འདིའི་བསྒོམས་པའི་དཀྱིལ་འཁོར་གྱི་འཁོར་ལོ་གཤེགས་སུ་གསོལ་ཏེ། ནམ་མཁའ་ཨི་དཀྱིལ་དུ་དགོད་པར་བྱའོ། །དེ་ནས་སེམས ་ཅན་གྱི་ཁམས་ཉོན་མོངས་པའི་མུན་པས་གཡོགས་པས་ཤིན་ཏུ་སྙིང་རྗེའི་ཡིད་ཀྱིས་ཉོན་མོངས་པ་ལ་རབ་ཏུ་ཁྲོས་ཏེ་།དེ་ནས་ལྔད་བར་བྱའོ། ཊ་ཡི་ག་རི་བོང་མིག་གཡོན་ལ། །མ་ཡིག་ཉི་མ་གཡས་ལ་འཛིན། །སྣ་ཚོགས་འཇིག་རྟེན་དག་ལ་གཟིགས། །ཀུན ་ནས་རྡོ་རྗེའི་ལྟ་སྟངས་ཀྱིས། །རྐང་མཐིལ་ནས་ནི་རྡོ་རྗེ་འབར། །དལ་པས་རྡོ་རྗེ་གསོར?་བྱ་ཞིང། །རྡོ་རྗེ་རྒྱ་གྲམ་གོམས་སྟབས་གར། །གནས་རྣམས་སུ་ནི་དྲིལ་བུ་དཀྲོལ། །བཾ་ཧྭཾ་ས་ཨོཾ་པྲ་དུཥྚོ?་གཏ་ན་ཧཱུཾ། ཁ་ནས་ཧཱུཾ་ཡིག་སྒྲ་འདོན་ཅིང། །རབ་སྡང་བསྡིགས་པས་བཞག་པར ་བྱ། །སྔགས་པས་གཡས་ནས་བསྐོར་བྱ་ཞིང། །འཁོར་ལོ་ཡིས་ནི་བསྐོར་བར་བྱའོ། །དེ་ནས་བགེགས་ནི་གཞིལ་བྱའི་ཕྱིར། །ཚིགས་བཅད་འདི་ནི་བརྗོད་པར་བྱ། །ལུས་ངག་སེམས་ལ་གནས་པ་ཡི། །གཟའ་དང་འབྱུང་པོ་ཤ་ཟ་སོགས།། ་གང་ཞིག་ལུས་ནི་སྲུལ་པོ་སྟེ། །ཁྱེད་རྣམས་ཀུན་ཏུ་འགྲོ་བས་བྱོས། །བདེ་ཆེན་ཡེ་ཤེས་ལས་བྱུང་བ། །རྡོ་རྗེ་སེམས་དཔའ་དངོས་ཀྱི་རིགས། །ང་ནི་དཔལ་ལྡན་སྙིང་རྗེའི་སྟོབས། །བཅུངས་དཀྱིལ་འཁོར་སྦྱར་བའོ། །གལ་ཏེ་གང་ཞིག་གོམས་བྱེད་ན། །རྡོ་རྗེ་? ་བས་ལུས་པོ་ནི། །གསང་པ་གསུམ་སྐྱེས་གཤེགས་པ་དང། །ཀུན་ནས་ཀུན་ཏུ་ཕྱེ་མར་བརླ། །དེ་ནས་དེར་རྗེས་མ་ལུས་བགེགས། །འཇིགས་པས་བྱེ་བར་བལྟ་བར་བྱ། །བགེགས་བསྐྲད་པའི་མཚན་ཉིད་དང་ཡོངས་སུ་གཟུང་པ་ཞེས་བྱའོ། །དེ་ནས་སྔགས་པས ་བགེགས་ཉེ་བར་ཞི་བར་བྱ་བའི་ཕྱིར། །བདུད་རྩི་འཁྱིལ་པའི་སྐུ་ལུས་ཕྱེད་རྣོབ་ཤིན་ཏུ་མི་བཟད་པའི་ཉི་མ་བྱེད་པའི་འོད་དང་མཚུངས་པ་དབུས་སུ་བསྒོམ་པར་བྱ་སྟེ། ཨོཾ་གྷ་གྷ་གྷ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཾ་ཕཊ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡཱ། སརྦ་བཱ་པཾ་ཧཱུཾ་ཧཱུཾ་ཧཱུཾ། ་བཛྲ་ཀཱི་ལ་བཛྲ་དྷ་པ་ཅཱ་ཛཱ་བ་ཡ་ཏི་ཀཱ་ཡ་དཱ་ཀྩིཏྟ་བཛྲ་ཀཱི?་ལི་ཧཱུཾ་ཕཊ་ཅེས་བྱ་བའི་སྔགས་འདིས་ཕྱོགས་ཐམས་ཅད་དུ་སྤྲོ་བའི་སྦྱོར་བས་བློ་ཡིས་གདབ་པར་བྱའོ། །སླར་ཡང་བགེགས་མ་ལུས་པ་ཞི་བར་བྱ་པའི་ཕྱིར། རང་རང་གི་ཕྱོགས་ན་གནས་པ་བུ་དང་ཞོ ་ཤས་འཚོ་བ་དང་འཁོར་དང་བཅས་པའི་དབང་པོ་ལ་སོགས་པའི་ཕྱོགས་སྐྱོང་བ་དང། གཞན་ཡང་བགེགས་བྱེད་པ་ནི་དཀྱིལ་འཁོར་གྱི་སའི་དབུས་སུ་གཅིག་པ་ཉིད་དུ་གནས་པར་བལྟས་ལ། །བདུད་རྩི་འཁྱིལ་པའི་སྔགས་ཀྱིས་དེ་ཉིད་ཀྱིས་བློ ་ཡིས་གདབ་པར་བྱའོ། །ཕུར་བུས་གདབ་པའི་ཆོ་གའོ། །དེ་ནས་བགེགས་མེད་ཅིང?་འབར་བ་རྣན་པོའི་རིགས་ཀྱི་འོད་དུ་དཀྱིལ་འཁོར་གྱི་ས་བལྟས་ལ?་ཕུར་བུས་གདབ་བའི་ཕྱི་རོལ་ཏུ་རྡོ་རྗེར་བཞེས་བྱ་བ་སྟེ། རེ་ཕ་དམར་པོ་ཡོངས་སུ་གྱུར་པའི་ཉི་མའི་དཀྱིལ་འཁོར ་གྱི་དབུས་ན་གནས་བའི་ཡི་གེ་ཧཱུཾ་ནག་པོ་ཡོངས་སུ་བྱུང་བ་ལས་སྐྱེས་པའི་འོད་ཟེར་ལྔ་དང་ལྡན་པའི་སྣ་ཚོགས་རྡོ་རྗེ་བསྒོམས་པར་བྱ་ཞིང་འོད་ཟེར་གྱིས་ཕྲེང་པ་དེས་རྡོ་རྗེ་ཕྲེང་བ་འབར་བས་འཕྲོས་པས་ཕྱོགས་བཞིར་ཁྱབ་ཅིང། ཤིན་ཏུ་ཐུག་པར་གྱུར་བས་རྣམ་པར་མཛེས ་ཤིང་རྡོ་རྗེ་རབ་གྲུ་བཞི་བའོ། །སྟེང་དུ་ཁྱབ་པས་ནི་རྡོ་རྗེའི་གུར་དང་དཔའ་ཨི?་འོག་ཏུ་ཁྱབ་པས་ནི་ས་གཞི་རྡོ་རྗེའི་རང་བཞིན་ནོ། །རབ་དང་གུར་གཉིས་ལས་ཀྱང་ཕྱོགས་ཕྱོགས་སཱུང?་ཟེར་སྤྲོས་པང?་ཐུག་གྱུར?་ཏེ། ཕྱིའི་ཕྱོགས་བཅིང་བ་དང་ཉིན?་དང?་སྣ་ཚོར?་རྡོ་རྗེ་ལས་ཀྱང་ཀུན་ནས ་འོད་ཟེར་དུ་གྱུར་པས་ནད་མཚམས་མེད་པར་བྱས་ལ། དེ་ནས་ཕྱི་རོལ་ཐག་རིང་པོར་མཚམས་བཅད་པར་བསྒོམ་པར་བྱའོ། །རྡོ་རྗེའི་བུད་ལ་སོགས་པའི་བསྲུང་བའི་འཁོར་ལོའི་ཚེ?་པའོ། །དེ་ནས་པཾ་ཡིག་ལས་སྐྱེས་ཤིང?་དེ?་ལས་བྱུང་བ་ལུས་ཕྱེད་ལ་གསེར་གྱི་མདོག་ཅན་? ་ན་རིན་པོ་ཆེའི་བུམ་པ་བསྣམས་པ་ན་བཟའ་བཟང?་པོས་བརྒྱན་བའི་སའི་ལྷ་མོ་མདུན་དུ་བསམས་ལ་ཚིགས་སུ་བཅད་པར་རབ་ཏུ་གནས་པར་བྱས་ཏེ། ཀྱེ་རྡོ་རྗེ་ཁྲོ་བོའི་མཆེད་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་བྱུ?་པ། རིན་ཆེན་དུ་མ་འཛིན་པའི་ས། །ཡི?་གེ?་དག་དཀྱིལ་འཁོར ་?་བསྐུལ་བ་ལན་གསུམ་བར་དུ་ནི། །ས་ལ་བསང་གཏོར་ལ་སོགས་སྦྱིན། །མཆོད་པས་མཉམ་པར་མཆོད་བྱས་ལ། །དེ་ཉིད་དུ་ནི་ཐིམ་པར་བསམས། །དེ་ནས་སློབ་དཔོན་སོགས་དང་བཅས་པས་དཀྱིལ་འཁོར་ལ་དྲི་ཞིམ་པོ་དང་མེ་ཏོག་བཟང་པོས་ཉེ་བར་བྱུག་པ་དང ་གཏོར་བར་གསལ?། ལྷའི་གནས་སུ་བདུད་རྩི་ལྔས་དཀྱིལ་འཁོར་དགུ?་དང། བདག་མེད་མའི་དཀྱིལ་འཁོར་ཡིན་དཀྱིལ་འཁོར་བཅོ་ལྔ་བྱས་ལ། ནམ་མཁའ་ལ་གནས་པའི་དཀྱིལ་འཁོར་བློ་ཡིས་སྤྱན་དྲངས་ཏེ་བདུད་རྩི་ལྔས་ཉེ་བར་བྱུགས་པའི་དཀྱིལ་འཁོར་པ་མཉམ་པར ་དགོད་པར?་བྱའོ། །རྡོ་རྗེ་?་?་དད?་མཚམས་བཅད་ཡིས?་ཐུག་བར?་བྱས་ལ། །སྤྱི་དང་གསང་བའི་མཆོད་པ་རྣམས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོང་ལ་ཡང་དག་པར་མཆོད་པ་དང་བསྟོད་པ་དང་བདུད་རྩི?་མྱད་པར་བྱའོ། །ས་ཡོངས་སུ་གཟུང་བ་དང་ལྟ་གོན ་ལ་གནས་པའི་དུས་སུ་མཚན་མོ་རོལ་མོ་དང་ཏམ་བུར་དང་གླིང་བུ་དང་ལག་རྔ་དང་རྫ་རྔ་ཤིན་ཏུ་སྟན་པའི་རོལ་མོའི་དབྱངས་དང། གླུ་སྙན་པ་དང?་སྐྱེ?་བོ་སྒེག?་པོ་དག་གིས་གར་གྱི་རྗེས་སུ་འབྲང་པ་དང། བཀྲ་ཤིས་ཀྱི་ཁྱད་པར་གྱིས་ཡང་དཀྱིལ་འཁོར་གྱི་ཁྱིམ ་དུ་དཀྱིལ་འཁོར་མཆོད་པར་བྱའོ། །དེ་ནས་ལེགས་པར་ཡོངས་སུ་བརྟགས་པའི་ཤིན་ཏུ་འཇམ་ཞིང་བདེ་བའི་སྟན་ལ་འདུག་སྟེ། མདུན་གྱི་གཡོན་གྱི་ཆད?་དུ་མེ་ཏོག་བཟང་པོ་དང་ཆུ་ཡིས་ཡོངས་སུ་བཀང་ཞིང་ཡོངས་སུ་བཟླས་པའི་འཐོར་འབྱུང་གི་སྣོད་བཞག་པར་བྱ་ཞིང། ཏིང་ངེ ་འཛིན་གསུམ་གྱི་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་པས་བུམ་པ་སྟ་གོན་པ་གནས་པར་བྱ་སྟེ། དེ་ལ་ནག་པ་མ་ཡིན་པ་དང། ཁ་འདབ་ཡངས་པ་དང། མགྲིན་པ་རིང་བ་དང། ནང་ཡོངས?་པ་ཤིན་ཏུ་ལགས་པར་བཀྲུས་ལ་སྤོས་ཀྱིས་བདུག་ཅིང། ནས་དང། ནས་སཾ? ་བ་དང། སྲ?་མ་མ་ཤ་དང། ?་ཀྱི་སོ་བ་དང། ཏིལ་གྱི་དང་འབྲུལ་དང། བྲིན?་ཏི་དང། ཀཎྜ་ཀ་རེ་དང། སྭ་ཏ་ཨ་པ་རི་ཛ་ཏ་དང། ལྷད་བཅས་དང་ལྡན་པའི་སྨན་ལྔ་དང། གུར་གུམ་དང། ཨ་བ་རུ་དང། གན?་ཏི་ཀ་དང། ཙན་དན་དང། པ་ཏྲཾ་པ་ཏེ་དྲི་ལྔ་དང། གསེར ་དང་དངུལ?་དང། ཟངས?་དང། མུ་ཏིག་དང། བྱུ་རུ་དང། མཐིང་ཤིང?་སྟེ་རིན་ཆེན་ལྔ་དང་ལྡན་པ་དང། གླང་པོ་ཆེ་དང་རྟ་དང་བ་གླང་དང་བུར་པོ་ལ་སོགས་པས་མ་བགྲོང་བའི་ཆུ་ཀླུང་ལ་སོགས་པ་ནས་ཤིན་ཏུ་བཤམས་ལ་ཆུ་བླངས་ལ་སྣོད་གཞན་དང་རེག་པར ་མི་བྱའོ། །ོཾ་ཏཔཏེ?་ཏཔཏེ?་མ་ཧཱ་ཏཔཏེ་སྭཱཧཱ། ཞེས་བྱ་བས་མཎྜལ་གྱི་ཆུར་བྱས་ནས་ཆུས་ཡོངས་སུ་དཀང་བ་ལ་ཅུ་ཏ་ཛ་དང་ཛམྦུ་ཀ་དང། བིལ་བ་དང་ཏ་མ་ལུང་སྟེ་ཁ་རྒྱན་ལྔ་ཡིས་གཟུགས་ཤིང་གོས་སར་པ་ཟུང་གིས་མགྲིན་པ་དཀྲི་བར་བྱས་ཏེ། ཆོས་འབྱུང་ལ ་གནས་པའི་རང་གི་ལྷའི་མཚན་མ་མཚན་བར་བྱ་ཞིང། ཡི་གེ་བཾ་གིས་རིན་པོ་ཆེའི་རང་བཞིན་དུ་བྱས་པར་བསམས་ལ། འཕན་དང་བདུགས་དང་ལྡན་པར་བྱ་ཞིང་བསྒོམས་པའི་དཀྱིལ་འཁོར་གྱི་བདག་པོ་སྟེང་དུ་དགོད་ཅིང་མེ་ཏོག་ཕྲེང་བས་དཀྲིས་པའི་རྡོ་རྗེས ་སྦྲལ་ལ། རྣམ་པར་རྒྱལ་བའི་བུམ་པ་དང་རྗེས་སུ་མཐུན་པའི་སྟན་བཞག་ཅིང་མེ་ཏོག་གིས་བཀྲིས་བའི་རྡོ་རྗེ་ལག་པ་གཡོན་གྱིས་བླངས་ལ། གཡས་པས་ནི་ཕྲེང་བ་བླངས་ལ་སྔགས་པས་ཡི་གེ་གསུམ་གྱི་བར་དུ་བཞུག?་པའི་ལྷ་རང་གི་སྤ?་ན་བརྒྱ་རྩ་བརྒྱད་ཀྱིས་མངོན་པར ་སྔགས་པར་བྱའོ། །དེ་བཞིན་དུ་དཀྱིལ་འཁོར་གྱི་བུམ་པ་གཞན་པས་ཅུང་ཟད་དམན་པའི་ཚད་ཀྱིས་ཏེ་ཚེག་ཡང་དེ་བཞིན་དུ་བྱ་ཞིང་ལྷ་རང་རང་གི་མཚན་མས་མཚན་པ་དང། རྗེས་སུ་མཐུན་པའི་གདན་ལྡན་པར་བསྒོམ་ལ། དཀྱིལ་འཁོར་གྱི་ལྷ་བྱིན་གྱིས་བརླབས་པའི་ཡི ་གེ་གསུམ་གྱི་བར་དུ་ཆུང་པའི་དཀྱིལ་འཁོར་གྱི་ལྷའི་སྔགས་ཀྱིས་ལན་བདུན་ཕྱི་བར་དུ་མངོན་པར་བསྔགས་པར་བྱའོ། །དེ་ནས་ཞབས་བསིལ་ལ་སོགས་པ་ཕུལ་ཏེ། མཆོད་པ་རྣམ་པ་ལྔས་མཚིན?་ཅིང་དྲིལ་བུ་དཀྲོལ་ལ་བསྟོད་པར་བྱའོ། །དེ་བཞིན་དུ་བུམ་པ་བཞན་ཡང་ཆོ་ག་བྱ་སྟེ། སེམས ་ཅན་རྣམས་བཟང?་པོའི་དོན་དུ་?་རཱི་བསྐྱེད་ལ། ཡི་གེ་གསུམ་གྱིས་བར་དུ་ཆུད་པའི་ལས་ཐམས་ཅད་པའི་སྔགས་ཀྱིས་ལན་བརྒྱ་རྩ་བརྒྱད་ཀྱི་བར་དུ་མངོན་པར་སྔགས་པར་བྱས་ལ། དེ་བཞིན་དུ་ཞབས་བསིལ་དང། བསྟོད་པ་ལ་སོག་པ་བྱའོ། །དེའི་འོག་ཏུ་བགེགས་ཉེ་བར་ཞི་བར་བྱ་བའི ་ཕྱིར་གཏོར་མ་སྦྱིན་བར་བྱའོ། །དེ་ལ་བུམ་པ་སྟ་གོན་ལ་གནས་པ་འདི་ཉིན་གཅིག་བཞིན་དུ་དུས་གསུམ་དུ་ཆོ་ག་བྱའོ། །གཞན་དག་ན་རེ་ཤར་ཕྱོགས་ལ་སོགས་པའི་སྒོར་བུམ་པ་བརྒྱད་དང་ལྡན་པ་སྟེ། རྒྱལ་བ་དང། བཀྲ་ཤིས་དང། གྲུབ་པ་དང། བསྲུང་བ་དང། རྒྱལ་བ་དང། ཞི་བ་དང། ་དུ?་འཕྲུལ་དང། གྲུབ་པའི་མིང་དང་ལྡན་པ་སྟེ་།ོཾ་སུཾ་ཥཱི?་ཡུཾ?་ཧཱུཾ་ཕཊ་སྭཱཧཱ་ཞེས་བྱ་བའི་སྔགས་འདིས་?་བདུན་དུ་སྔགས་ལ་དེ་བཞིན་དུ་ལྷག་པར་གནས་པར་བྱའོ་ཞེས་ཟེར?་རོ། །བདག?་མེད་མའི་དཀྱིལ་འཁོར་ལ་ནི་ལྷ་མོ་རྣམས་ཀྱི་བུམ་པ་བཅོ་ལྔ་ལ་དེ་བཞིན་དུ་གྲི་གུག་རྨི?་མཚན་པར ་བསྒོམ?་ཞིང། རང་རང་གི་སྔགས་ཀྱིས་མངོན་པར་སྔགས་པར་བྱ་ཞིང་ལྟག་མ་ནི་སྔ་མ་བཞིན་ནོ། །བུམ་པ་ལྷག་པར་གནས་པའི་ཆོ་གའོ། །དེ་ནམ་ཐལ་མོ་སྦྱར་ལ་ལུས་བཏུར་དེ་མེ་ཏོག་བཟང་པོ་བཟུང་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་སུ་ལ་ལི་ཏ། བི་ལས་ན་མི་ཏེར་ནཱམ་མི་བྷ་ག་ཝནྟཾ། ཛ:ཧཱུཾ ་བཾ?་ཧོ:པྲ་ཏིཙྪ་ཀུ་རུ་མཱཉྫ?་མིནྣཱ་ཐ་ཧྭོ?་ཞེས་བརྗོད་ལ་མེ་ཏོག་དོ་ཁ?་དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པར་བྱའོ། །དེ་ནས་བུས་པོ་གཡས་པའི་ལྷ་ངས་ལ་བཞུགས་ཏེ་ལག་པ་གཡས་པ་བརྐྱང་སྟེ། སྟགས་པས་སྤོས་བཟང་ཀྱིས་གཡས་པར་བྱ་ཞིང་ལྟེ་ལ་ཧཱུཾ་ཡིད་ལས ་སྐྱེས་པའི་རྡོ་རྗེ་ཕྲ་མོ་བསམ་པར་བྱས་ལ། དཀྱིལ་འཁོར་བདག་པོ་དང་གཞན་ཡང་བསྐུལ་བར་བྱ་སྟེ། བཅོམ་ལྡན་ཁྲོ་བོ་རྡོ་རྗེ་མཆོག་རིག་པའི་རྒྱལ་པོ་ཕྱག་འཚལ་བསྟོད། །སྙིང་རྗེའི་བདག་ཉིད་དཀྱིལ་འཁོར་ནི། །མགོན་པོ་བདག་ནི་འདྲ་བར་འཚན?། །སློབ་མ་རྣམས་ནི?་བསྒྱང?་པ ་དང། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །དེ་ལ་བདག་དང་བཅོམ་ལྡན་ཀྱེ། །བཀའ་ཨི?་དྲན་དག་ནི་མཛད་པའི་རིགས། །སངས་རྒྱས་འགྲོལ་འཁོར་ལོས་བསྐོག་།འབྲས་བུ་ལ་གནས་བྱང་ཆུབ་སེམས། །གཞན་ཡང་སྔགས་ཀྱི་ལྷ་ཉིད་དང། །འཇིག་རྟེན་སྐྱོང?་བའི་ལྷ་དག་དང།། ་རྫོགས་སངས་བསྟན་ལ་རབ་ཞུགས་པའི། །འབྱུང་པོ་བསྟན་པ་ལ་མོས་རྣམས། །ཡང་དག་རྡོ་རྗེའི་སྤྱན་གྱིས་ནི། །བདག་ཅག་རྣམས་ལ་དགོང་སྐུ་གསོལ། །ཆེ་གེ་མོ་དག་རྡོ་རྗེ་ཆེ། །ཀྱེ་རྡོར་འབྱུང་བའི་དཀྱིལ་འཁོར་ནི། །ཅི་ནུས་པའི་ཆོག་ཡིས། །འགྲོ་བ་སྦྱང?་ཕྱིར་འབྲི་བར ་འཚལ། །སློབ་མ་དང་བཅས་དེ་དག་ལ། །བརྩེ་པས་ཡོངས་སུ་གཟུང་ནས་ནི། །དཀྱིལ་འཁོར་དང་བཅས་ཐམས་ཅད་ལ། །མྱུར་བ་དུ་ནི་སྒྲུབ་པ་རིགས། །ཤེས་ལན་གསུམ་གྱི་བར་དུ་གསོལ་བར་བྱ་ཞིང་མཆོད་ལ་བརྟོད་པར་བྱའོ། །ལྷག་ལྷག་པར་གནས་བའི་བྱ་བའི་ཚོ་གའོ། །དེ་ནས ་སྔགས་པས་དཀྱིལ་འཁོར་གྱིས་ལས་འཕགས་ཏེ། །ཁོམ་ཡང་དག་པར་བསྲུངས་ཏེ་ལྷག་པར་གནས་པར་བྱ་སྟེ། །ཡོན་ཏན་བདེ་གཤེགས་དང་དར་ལྡན། །རིགས་ལྡན་ང་རྒྱལ་བྲལ་བ་དང། །ཁ་དོག་གཟུགས་དང་ལང་ཚོར་ལྡན། །དོན་འདོད་བརྩོན་འགྲུས་ཁྱད་པར་འཕགས།། ་བྱས་གཟོབ་སོགས་ཤེས་རབ་ལྡན། །ལེགས་བཀྲུས་མེ་ཏོག་ཕྲེང་གིས་བརྒྱན། །གཟུགས་བྲལ་ཡོན་ཏན་མེད་པ་འང་རུང། །དམན་པའང་ལྷག་པར་གནས་པར་བྱ། །དཀྱིལ་འཁོར་ཆོ་གར་འཁོར་རྣམ་བཞི། །དེ་དག་རྗེས་སུ་གནད་གཉིད། །དང་རང་བསླབ་པ་དང་ལྡན་ཞིང? ་ཐེག་ཆེན་ལ་ནི་མོས་པའི་བདག་།ས་ལ་སྔགས་ནི་གྲུབ་དོན་དུ། །དཀྱིལ་འཁོར་འདིར་ནི་འཇུག་པར་བྱེད། །དེ་ལ་གཞན་པ་བསོད་ནམས་འདོད། །འཇིག་རྟེན་ཕ་རོལ་འདོད་པ་གཞན། །འཇིག་རྟེན་ཕ་རོལ་བསྟན་པ་ན། །ངེས་པར་དད་པར་བྱེད་པ་ནི། །བློ་ལྡན་དཀྱིལ་འཁོར་བཞུག ་བྱའི། །སྐྱེ་བ་འདི་ཡི་བློ་ཡིས་མིན། །སྐྱེ་བ་འདི་ཡི་བློ་ཡིས་ནི། །དེ་བཞིན་འཇིག་རྟེན་ཕ་རོལ་མིན། །འཇིག་རྟེན་ཕ་རོལ་འདོད་པའི་མི། །འདི་ཡི་འབྲས་བུ་ཞར་འབྱུང་ཉིད། །འདི་དག་མ་ལུས་པར་བརྗོད་ནས། །སློབ་མ་སྙིང་ལ་འཇུག་སྒོ་བྱ། །རྡོ་རྗེའི་ལམ་ནས་བྱུང་ནས་ནི། །རང་རིག་པད་མའི ་དབུས་ན་གནས། །མ་ལུས་སྙིང་གར་ཞུགས་ནས་ནི། །ཞུ་གྱུར་དེ་བཞིན་གཤེགས་པ་ཡིས། །བཀྲུ་བར་བསྒོམ་བྱ་སྔགས་མཆོག་གིས། །དཀྱིལ་འཁོར་སྒོ་ནས་གསོལ་གདབ་པ། །སེམས་ཅན་རྣམ་ལ་ཕན་མཛད་པའོ། །བརྩོན་ཆེན་བདག་ནི་སྟོན་པ་ཁྱོད?། །འཁོར ་བའི་རྒྱ་མཚོ་མི་བཟད་ལས། །བདེ་ཆེན་ཁྱོད་ཀྱིས་དྲང་དུ་གསོལ། །ཐེག་ཆེན་ཁྱོད་ཀྱིས་དྲང་དུ་གསོལ། །ཐེག་བརྟེན་བྱང་ཆུབ་ཆེན་པོ་ནི། །མགོན་པོ་ཆེན་པོ་བདག་ལ་གསོལ། །དམ་ཚིག་དེ་ཉིད་བདག་ལ་གསོལ། །བྱང་ཆུབ་སེམས་ཀྱང་བདག་ལ་གསོལ། །སངས་རྒྱས ་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་པོ་བདག་ལ་གསོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་སློབ་མས་གསོལ་བ་གདབ་པར་བྱའོ། །གུས་ཤིང་ཁྱད་འཕགས་དོུ་བ་ཡིས། །སློབ་མས་ལན ་གསུམ་གསོལ་ནས་ནི། །གཙོ་གྱུར་སློབ་མས་བཀུག་བྱས་ལ། །བླེ་མས་ཆིག་འདི་བརྗོད་པར་བྱ། །ཐེག་ཆེན་འདི་ནི་བརྩེ་བ་སྟེ། །སྔགས་ཀྱི་སྤྱོད་པ་ཆོ་གའི་གཞུང། །ཐེག་ཆེན་སྣོད་ནི་ཁྱེད་རྣམས་ལ། །དེ་ནི་ཡང་དག་བཤད་པར་བྱ། །དུས་གསུམ ་འབྱུང་བའི་རྒྱས?་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །རྡོ་རྗེ་གསང་སྔགས་མཐུ་སྟོབས་ཀྱིས། །ཡེ་ཤེས་མཚུངས་པ་མེད་པ་བརྙེས། །མཚུངས་མེད་སྔགས་ཀྱི་སྦྱོར་བ་ཡིས། །བདུད་ཀྱི་བདེ་ཆེན་མི་གཟད་པ། །དཔའ་ཨོ་ཤཱཀྱ་སེང་གེ་སོགས། །གང་ཞིག་གིས་ནི ་སྟོབས་ཆེན་བཅོམ། །འཇིག་རྟེན་རྗེས་འཇུག་ལ་འགྲོ་བ། །ཕྱིར་མི་ལྡོག་པའི་འཁོར་ལོ་བསྐོར། །དེ་བས་བརྩེ་བློས?་འདི་དག་ནི། །ཀུན་མཁྱེན་ཐོབ་བྱའི་ཕྱིར་དུ་གྱིས་ཤེས་འདི་དག་བརྗོད་ལ། སྡིག་པར་ཤགས་པ་ལ་སོགས་བ་བྱས་ནས། ་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་རྒྱས་པར་བྱའོ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ།?་།བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་སྡོམ་པ་ནི། །དུས་འདི་ནས་ནི་གཟུང་བར་བགྱི། །བསླབ་པའི་ཚུལ་ཁྲིམས་རྣམ་གསུམ་?།། ་དགེ་བའི་ཆེས་ནི་འདུད་པ་དང། སེམས་ཅན་དོན་ཕྱེད་ཚུལ་ཁྲིམས་ནི། །བདག་གིས་བརྟན་པར་རབ་ཏུ་གཟུང། །རྡོ་རྗེ་དྲིི་བུ་ཕྱག་རྒྱ་ཡང། །ཡང་དག་ཉིད་དུ་གཟུང?་བར་གྱིས། །རིན་ཆེན་རིགས་ཆེན་བསྐྱེད་བྱའི་ཕྱིར། །སློབ་དཔོན་དག་ཀྱང་གཟུང་བར་བགྷཾ།? ་དམ་པར་བཅས་ལ་ཉིན་བཞིན་དུ། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན་།རིན་ཆེན་རིགས་མཆོག་ལ་སྐྱོར་བའི། །དམ་ཚིག་དག་ཀྱང་ཡིད་དུ་འོང། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་རབ་ཏུ་གཟུང། །པདྨའི་རིགས་མཆོག་དག་པ་?།། ་བྱང་ཆུབ་ཆེན?་པོ་ལས་བྱུང་བ། །སྡོམ་པ་ཐམས་ཅད་ལྡན་པར་ན། །དེ་ཉིད་ཀྱིས་ནི་རབ་ཏུ་གཟུང། །ལས་ནི་ཆེན་པོ་རིགས་འབྱུང་ཕྱིར། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེས་བར ་?། ཁམས་ཅན་དུང་ཀྱི་དོན་གྱི་རྒྱུས། །སྡོམ་པ་ཐམས་ཅད་གཟུང་བར་བགྱི། །མ་?་བརྒལ?་བ་ནི་བསྒྲལ་བྱ་ཞིང། །མ་གྲོལ་བ་དག་རྣམ་གྲོལ་བགྱི། །དབུགས་མ་ཕྱིན་པ་དབུགས་བྱུང་ཞིང་།སེམས་ཅན་མྱ་ངན་འདས་ལ་དགོད་ཅེས་ལན་གཉིས ་ལན་གསུམ་མ། །འབྱོར་ལ་མ་ཡིན་པ་ལ་ནི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། འགྲོ་བའི་དགེ་ལ་རྗེས་ཡི་རང། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང། ཞེས་བྱ་བ་འདིས་གསུམ་ལ་སྐྱབས་སུ ་འགྲོ་བ་ལ་སོགས་པ་སྦྱིན་ནོ། །དེ་ནས་སློབ་དཔོན་གྱིས་སློབ་མ་རྣམས་ཀྱིས་སྙིང་ག་དང་སྤྱི་གཙུག་དང་མགྲིན་བ་རྣམས་སུ་བདག་མེད་མངར?་བསྐྱོད་མ་རྣམས་?་ཞིང་ལག་པ་གཡས་པས་རྡོ་རྗེའི་རྩེ་མོ་ནས་གཟུང་པ་ཡི་གེ་གསུམ་པའི་སྔགས་བརྗོད་ཅིང ་སྙིང་ག་ལ་སོགས་པ་ན་རིག་པར་བྱའོ། །སྤྱི་བོར་ནི་མེ་ཏོག་བཞག་ཅིང་སྤས་དང་མར་མེ་ཡང་མདུན་སྟེ། དྲི་ནི་སྙིང་གར་སྦྱིན་པར་བྱའོ། །དེ་ནས་བ་ཊོ་དང་ཨུ་དུམྦ?་ར་དང་ཨ་ཤྭ་དཐ?་ལ་སོགས་པའོ?་མ་ཅན་གྱི་ཤིང་ལས་སྐྱེས་པ་སོར་བཅུ་གཉིས་པ་སིན་གྱིས་མ་ཟོས ་ཤིང་མ་ཚིག་པ། འགྱེལ་བ་མ་ཡིན་པ། རྨ་མེད་པ་མི་ཡོ་བ་ལ་དྲི་ཆུས་བསྐུས་ཏེ། །རྩེ་མོར་མེ་ཏོག་གི་ཕྲད་བ་བཅིངས་ལ། ཨོཾ་ཨ་ཛི?་ཧཱཾ?་སཾ་བཅུ་ནི་ཧཱུཾ་ཕཊ་ཅེས་བྱ་བས་སོ།། ཤིང་ལ?་ལན་བདུན་ཡོངས་སུ་བཟླས་ནས་དེ་ལ་སྦྱིན་པར་བྱའོ། །དེ་ནས་སློབ་མས་ཤར ་དམ?་བྱེད་དུ་བལྟས་ལ། པ་ལང་གི་པགས་བ་ཙམ་གྱི་སའི་ཆ་ལྕིབས་ཉེ་བར་བྱུགས་ལ་བླ་མའི་བཀའ་ཡིས་རྩེ་མོ་ནས་ཟོས་ཏེ་སོ་ཤིང་དོར་བར་བྱའོ། །སོ་ཤིང་ཇི་ལྟར་བོར་ཏེ་ལྟུང?་བ་ཁ་ཚུར་ཕྱོགས་པ་དེ་དེ་ལྟ་ན་ནི། དེ་ནི་དངོས་གྲུབ་མཆོག་ཏུ་ཤེས། །གང་ཞིག་སྨྲས ་མཁས?་འགྱུར། །ཤར་དུ་དེ་བཞིན་དངོས་གྲུབ་ནི། །འབྲིང་པོ་རུ་ནི་རབ་ཏུ་གྲགས། །བྱང་དུ་དེ་བཞིན་དངོས་གྲུབ་ན། །འཇིག་རྟེན་པ་དང་དུད་འགྲོ་ཡིན། །སོ་ཤིང་བོར་བར་གྱུར་པ་ན། །གལ་ཏེ་ཐུར?་དུ་ཁ་བལྟས་ན། །དེ་ནི་སྟེང་འོག་དངོས་གྲུབ་སྟེ། །ཕྱི་རོལ ་ལྷུང་ན་དངོས་གྲུབ་མེད། །དེ་ནས་ཨོ་ཧྲི་བི་ཤུདབྷ་དྷརྨཱ་སརྦ་བཱ་པཾ་ནི་ཅ་ཤྱ། ཁི་ཤོ་དྷ་ཡ་སརྦ་བི་ཀལྦ?་ཨ་བ་ན་ཡ་ཧཱུཾ་ཞེས་བྱ་བའི་?་འདས་མངོན་བར་སྔགས་བའི་ཆུ་ཁྱོར་བ་གསུམ་བླུད་པར་བྱའོ། །དེ་ནས་ལས་ཐམས་ཅད་པའི་སྔགས་ཀྱིས་བཟླས་པའི་སྐུད་པ་གསུམ ་?་མདུང?་བ་གསུམ་དོར་བས་སློབ་མ་རྣམས་བསྲུང་བའི་དོན་དུ་ལག?་པ་གཡས་པ་བཅིང་བར་བྱའོ། །དེའི་རྗེས་ལ་?་ཐམས་ཅད་པའི་སྔགས་ཀྱིས་བཟླས་པའི་ཀུ་ཤ་གཅིག་སྡེས?་ཀྱི་དོན་དུ་སྦྱིན་པར་བྱ་ཞིང། དེ་བཞིན་དུ་གཞན་ཡང་ཀུ་ཤ་མང་པོ་སྟན་གྱི ་དོན་དུ་སྦྱིན་པར་བྱའོ། །དེ་ནས་ཆོས་བཤད་ལ་ཉན་དུ་གཞུག་གོ། །ཀུན་མཁྱེན་འཇིག་རྟེན་འབྱུང་བའི། །བརྒྱ་ལམ་དག་ན་འབྱུང་འགྱུར་ཏེ། །ུ་དུམྦ་རའི་མེ་ཏོག་བཞིན། །བརྒྱ་ལམ་དག་?་འབྱུང་པར་འགྱུར། །སྔགས་ནི་ཐེག་པར་སྤྱོད ་པ་ནི། །དེ་བས་ཀྱང་ནི་འབྱུང་བར་དཀོན། །གང་གིས་སེམས་ཅན་མཚུངས་མེད་དོན། །མི་ལྡོག་ནུས་པར་སྦྱང་བར་གྱིས། །བསྐལ་བ་བྱེ་བ་དུ་མ་རུ། །གང་གིས་སྔོན་གྱི་སྡིག་བྱས་པ། །དཀྱིལ་འཁོར་འདི་འདྲ་མཐོང་བ་ཡིས། །དེ་དག་ཐམས་ཅད་ཟད་པར ་འགྱུར། །གསང་སྔགས་ཐེག་པ་གནས་ནས་ནི། །སྐྱོབ་པའི་སྔགས་ནི་བཟླས་པ་ཡིས། །གོ་འཕང་བླ་ན་མེད་འགྱུར་ཞིང། །དཔག་མེད་གྲགས་པ་སྨོས་ཅི་དགོས། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །དེ་རྣམས་ཀྱིས་ནི་ངན་འགྲོ་གཅོད། །གང་ཞིག་སྤྱོད ་མཆོག་འདི་ཡིས་ནི། །བློ་ནི?་ཤིན་ཏུ་དྲི་མ་མེད། །དེ་ནས་བདག་ཉིད་ཆེ་ཁྱོད་ཀྱིས། །མཚུངས་པ་མེད་པའི་རྙེད་པ་རྙེད། །རྒྱལ་པ་སྲས་བཅས་ཐམས་ཅད་ཀྱིས། །གང་ཞིག་ཁྱེད་རྣམས་བསྟན་པ་འདིར། །ཐམས་ཅད་ཡོངས་སུ་གཟུང་གནས་པས། །བདག་ཉིད ་ཆེན་པོ་རྣམས་སུ་སྟེ། །?་བས་ཁྱེད་རྣམས་ཐེག་ཆེན་ལ། །ལེགས་པ་ཉིད་དུ་སྐྱེ་བར་འགྱུར། །དཔལ་ལྡན་ལམ་མཆོག་འདི་ཡིས་ནི། །?་པ་མཆོག་ཏུ་འབྱུང་བར་བྱེད། །གང་ཞིག་ཁྱེད་རྣམས་བགྲེད་འགྱུར་བ། །དེ་བཞིན་གཤེགས་པ་ཉིད་འགྱུར ་ཏེ། །ཡོད་དང་མེད་ལས་འདས་པས་ན། །ནམ་མཁའ་ལྟ་བུའི་དྲི་མ་བྲལ། །ཟབ་ཅིང་རྟོག་གེ་?་རྣམས་ཀྱིས། །རྟག་པར་མི་ནུས་གནས་དང་བྲལ། །སྤྲོས་པ་རྣམས་དང་བྲལ་བ་སྟེ། །སྤྲོས་པ་རྣམས་ཀྱིས་རྣམ་པར་སྤྲོས། །ཐེག་ཆེན་གཞུང་ལ་གནས ་པ་ཡིས། །འདི་འདྲ་བའི་?་ཐོབ་འགྱུར་།ཞེས་བྱ་བས་སོ། །དེ་ནས་དགེ་བའི་བསམ་པས་ལོངས་སུ་བཅུག་ལངས?་རང་གི་གནས་སུ་དཀྱིལ་འཁོར་བྲི་བར་བྱ་ཡིས་རྨི་ལམ་དུ་ཇི་ལྟར་མཐོང་བར་བརྗོད་པར་རིགས་སོ་ཞེས་བརྗོད་ལ། ཨོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ ་ཕཊ་སྭཱཧཱ?་ཞེས་བྱ་བའི་ལས་ཐམས་ཅད་པའི་སྔགས་འདིས་མངོན་པར་བསྲུངས་ལ་དེ་ལ་ཉལ་དུ་གཞུག་གོ་།སློབ་མ་ལྷག་པར་གནས་པའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་ཐམས་ཅད་རྫོགས་ནས་ལས་ཐམས་ཅད་པའི་སྔགས་སམ། །རྩ་བའི་སྔགས་ཇི་སྲིད ་འདོད་པའི་བར་མ་ཟླས་ལ་སེང་གེའི་ཉལ་ཐབས་སུ་བྱས་ཏེ་།ཉལ་བར་བྱའོ། །དེ་ནས་ཐོ་རངས་དེའི་མཚན་མ་མཐོང་བའི་རྨི་ལམ་དྲི་བར་བྱའོ། །དག་བའམ་མི་དགེ་བ་ཐོས་ནས་ཚམ་ཚོམ་མེད་པར་སྨྲ། །རྨི་ལམ་སངས་རྒྱས་མཐོང་བ་དང། །སྐུ་གཟུགས ་མཆོད་རྟེན་མཐོང་བ་དང། །ཆོས་ཉམ་པ་དང་དེའི་གྲོགས། །དགེ་སློང་དགེ་འདུན་མཐོང་བ་དང། །ལྷ་ཁང་སངས་རྒྱས་སྲས་དང་དགེ་སློང་དམ། །རི་བོ་སྐྱེད་མོས་ཚལ་ལ་འཛིན་དང་རྟེན། །འབབ་ཆུ་ལྟེང་ཀ་ཞོ་ཡི་ཚོགས་རྣམས་དང། །རི་དགས་རྒྱལ་དང་ཨོ? ་ཎེ་ཡེ་རྣམས་བསྔགས། །འཁོར་ལོ་ཡིས་མཚན་ཁྱད་འཕགས་བྱ་རྣམས་དང། །རྨི་ལམ་རྟག་ཏུ་བསམ་གཏན་འཇུག་མཐོང་དང། །ཆུ་དང་རི་བོ་བཟང་ལ་གནས་པ་དང། །ཁྱད་འཕགས་ན་མཁའ་ལ་གནས་འཕགས་བསམ་ཞིང། །དགེ་བསྙེན་རྣམས ་དང་རྒྱལ་པོ་བརྩོན་ལྡན་དང། །སྔགས་པ་དབང་ཕྱུག་ན་ཆུང་བཟང་མོ་དང། །ཕ་མ་བླ་མ་མཐོ་རིས་སོང་བ་དང། །ལྷ་མོ་མཆོག་དང་གསང་བ་དམ་པ་དང། །སྒྲུབ་མཆོག་ཡོན་ཏན་ལྡན་དང་བྲམ་ཟེ་དང། །རྒྱལ་བའི་དཀྱིལ་འཁོར་འདུས་པ་ཆེན་པོ་དང།། ་གོས་ཀྱི་རྒྱན་རང་མེ་ཏོག་རྒྱས་པ་དང། །སྦྱིན་སྲེག་བྱེད་དང་འབྲས་བུ་མེ་ཏོག་དང། །རྒྱལ་པོར་དབང་བསྐུར་རྒྱལ་སྲིད་ཐོབ་པ་དང། །གཡུལ་ལས་རྒྱལ་དང་བདག་ཉིད་རྐུན་པོས་བསད། །རྒྱ་མཚོར་བྱི་བ་ལས་ཐར་བར་གྱུར་པ་དང། །དམ་གྲོག་? ་པད?་དཀར་བས་?། །དེ་དག་ལ་སོགས་པའི་རྨི་ལམ་གྱི་མཚན་མ་དགེ་བ་དང། དེ་ལས་མི་མཐུན་པ་ནི་མི་དགེ་བ་ཞེས་བརྗོད་དོ། །དགེ་བ་ལས་ནི་དངོས་གྲུབ་དང་མི་དགེ་བ་ལས་ནི་དངོས་གྲུབ་མ་ཡིན་པར་སྔགས་པས་ཤེས་ནས་གང་མི་དགེ་བ ་དམར། །རེག་མ་མེ་ལོང་ལྗང་དང་དཀར། །ཆོས་མ་དཀའ་ཞིང་དང་རྟགས་ཀྱིས། །ཀུན་ཀྱང་ལག་པ་གཉིས་པའོ། །ཕྱི་?་དུར་ཁྲོད་འཇིགས་པ་སྟེ། །རྡོ་རྗེ་པའི་ནང་ཉིད་དུ། །འདུག་ཅིང་དྲག་དང་ཐུབ་པ་དང། །དེ་བཞིན་བར་?་ཕྲེང་བ་དང། །འཇིགས་པས ་བྱེད་བའི་ཐོད་བ་ཅན། །གཡོན་ནས་ཤར་སོགས་རིམ?་བཞིན། །དྲག་ཏུ་རྒོད་པ་དབང་?་དུ། །དབང་གྲུབ?་ཚལ་?་མཚམས། །འཇིགས་བྱེད་མུན་པ་བདེན་བྲལ་དུ། །རུང་དུ་ཀི་ལི་ཀི་ལི་སྒྲོགས། །ཤིདཤ་ཨ་ཤྭ་ཀརྐ་ལི། །ཙཱུ་ཏའི་ཤེ་ར་ནི་ཤད་སོགས་རིམས ་ཤིང་ཆེན་ཀརྙྫ?་ཉིད་དང། །འཁྲི་ཤིང་ཅན་དང་ཨ?་?། །དབང་པོ་ནོར་སྦྱིན་ཞགས་པ་ཅན། །གཤིན་རྗེའི་རྒྱལ་པོའི་ཕྱོགས་སུ་འདོད། །དབང་ལྡན་མཚམས་དང་བྱིན་?་དང། །སྲིད་པོའི་དབང་པོ་རླུང་དག་ཏུའོ། །ནོར་རྒྱས་པ་དང་?་ཀ། ཀརྐོ་ཊ་?་དང། །པདྨ་ཆེན ་?་ལུན་དྷ། །རིགས་ལྡན་དང་ནི་དུང་སྐྱོང་ཉིད། །སྒྲོགས?་བྱེད་?་བྱེད་འཇིགས་པ་དང། །ལྡོག་བྱེད་དང་ནི་མཐུག་པོ་ཉིད། །?་བྱེད་དང་ནི་ཆར་འབེབས་དང། །།གཏུམ་པ་རིམ་བཞིན་སྤྲིན་ཕྱི་བདག་།དེ་ལ་བརྒྱ་བྱིན་ནི་གླང་པོ་ཆེ་ཞོན་པ་མདོག་སེར་པོ་ལག་པ་? ་ན་རྡོ་རྗེས་མཚན་པའི་ཐོད་པ་ཐོགས་པའོ། ?་ནོར་སྦྱིན་ནི་གནོད་སྦྱིན་ཞོན་པ་མདོག་སེར་པོ་གསུས་པ་འཕྱང་བ་མིའུ་ཐུང་གཡོན་ན་?་པ་དང་དབྱུག་བ་ཐོགས་པའོ། ?་ལྷ་ནི་ཆུ་སྲིན་ལ་ཞོན་པ་མདོག་དཀར་པོ་སྤྲུལ་གྱི་རྒྱན་གྱིས་བརྒྱན་བ་གཡོན་ན་ཐོད་པ?་ཞགས་པ ་ཐོགས་པའོ། །གཤིན་རྗེ་ནི་མ་ཧེ་གཞོན་པ་མདོག་སྔོན་པོ་ལྟོ་འཕྱང་བཟླ་སེར་པོ་གྱེན་དུ་བརྫས་?་ཐུང་གི་གཟུགས་ཅན་གཡོན་ན་ཐོད་པ་དང་དབྱུག་པ་ཐོགས་པའོ། །དབང་ལྡན་ནི་གླང་པོ་ཞོན་པ་མིག་གསུམ་པ་མདོག་དཀར་པོ་གཡོན་ན་ཐོད་པ་དང་མདུད་ཐོགས་པའོ། ། ་ཕྱིན་?་ནི་སྐྱེས་བཞིན་བ། མདོག་དམ་?་བྱ་བ་བཞི་?་སེར་པོ་དབྱུག?་བུ་གསུམ་པ་དང་འོད་པ་དང་དྲིང?་པ་འཛིན་བའོ། །སྲིན་པའི་བདག་?་?་རོལ་?་བ་མིའུ་ཐུང་གི་གཟུགས་ཅན་མདོག་སྔོན་པོ་སྐྲ་སེར་པོ་གྱེན་དུ་འབར་བ་གསུམ་པ་འཕྱད་བ་གཡོན་ན་རལ་གྲི ་རྣལ་འབྱོར་གྱིས་དེ་ལྟར་གནས་པར་བྱས་ནས། སློབ་དཔོན་གྱིས་མིག་གཉིས་ལ་ཛ?་ཡིག་ལས་ཉི་ཟླ་བསྒོམ་པར་བྱ་སྟེ། རབ་ཏུ་འབར་ཞིང་བསྐྱོད་པའི་དམིགས་ལ་མིག་གི་རྫིམ་འབར་པའི་ལྟ་སྟངས་ཀྱིས་ལྷགས་ཀྱུས་བཀུག་ཅིང་སྤྱན་དྲངས་པའི་ཡེ་ཤེས་ཀྱི་ཐིག་བཅོམ ་ལྡན་འདས་ཀྱིས་བསྐུལ་ཞིང་བཏང་པར་མོས་ཏེ། ཐིག་སྐུད་ལག་ཏུ་བཞག་ལ?་རང་གི་ཁ་དོག་གི་ནང་དུ་རྣམ་པར་བཅུག་སྟྟེ། གྷསྨ་རིའི་རྣལ་འབྱོར་དང་ལྡན་པའི་སློབ་མ་དང་སྟབས་གཅིག་ཏུ་ཐིག་འཛིན་པས་ཕན་ཚུན་གནས་ཏེ། ཆོས་ཐམས་ཅད་ནི་ཕན་ཚུན ་གནས་པ། ཆོས་ཐམས་ཅད་ནི་གཅིག་ནས་གཅིག་ཏུ་གནས་པ། ཆོས་ཐམས་ཅད་ནི་ཤིན་ཏུ་རབ་ཏུ་གནས་པ་སྟེ། ཧཱུཾ་ཞེས་བྱ་བ་འདས་བརྗོད་ཅིང་ཐིག་བསྐུད་བསྒྲིལ་བར་བྱའོ། །དེ་ནས་ཡང་ཇི་ལྟར་བསྒྲིལ་བར་བྱས་ཤིང་གཅིག་ཏུ་གྱུར་པའི་ཐིག་སྐུར?་ཁྲུ་རུ ་ནི་དཀྱིལ་འཁོར་གྱི་ཉིས་འགྱུར་དུ་འགྱུར་ལ། ཕྲ་སྤོམ་ནི་སྒོའི་ཉི་ཤུ་ཆའོ། །དེ་ནས་བསྔགས་པས་དྲིའི་ཆུས་བསྲེས་པའི་བདུད་རྩི་རྣམས་ལྔས་གཤེར་བར་བྱས་ལ། དེའི་སྙིང་པོར་ཡི་གེ་གསུམ་ཆུད་པར་ཏེ་དྲིས་ཉེ་བར་བྱུགས་པའི་གསེར་ལ་སོགས་པའི་སྣོད ་དུ་བཞག་ཅིང་མཆོད་པ་རྣམ་པ་ལྔས་མཆོད་ལ་ལག་ཏུ་བཞག་སྟེ་ཡི་གེ་ཧཱུཾ་གིས་བཟླས་པས་ཡོངས་སུ་བསྲུང་པར་བྱའོ། །དེ་ནས་ཡང་བལྡགས་པས་དཀྱིལ་འཁོར་གྱི་ས་ལ་དྲི་ཡིས་ཉེ་བར་བྱུགས་ཤིང་མེ་ཏོག་བཀྲམ་ལ། ནམ་མཁའ་ཨི་དཀྱིལ་?་བཞུགས ་པའི་ཀྱེ་རྡོ་རྗེའི་དཀྱིལ་འཁོར་མངོན་པར་དམིགས་ལ། བསང་གཏོར་ལ་སོགས་པ་ཕུལ་ཏེ་མཆོད་པ་དབུལ་བར་ཏེ། དེ་ནས་རྣལ་འབྱོར་པ་བདག་ཉིད་ཀྱི་རྡོ་རྗེའི་རྣལ་འབྱོར་དང་ལྡན་པས་བྱང་ཕྱོགས་སུ་སྒྲུབ་པ་པོ་གྷསྨ་རཱིའི་གཟུགས་སུ་དམིགས་ལ་མིག ་གཡས་གཡོན་དག་ལ་ཡི་གེ་ཛ་ལམ?་པའི་འོད་ཟེར་སེར་པོ་དང་ལྡན་པའི་ཉི་ཟླ་རྣམ་པར་བསམ་པར་བྱའོ། །དེ་ནས་སྔགས་པ་ནུབ་ཀྱི་ཕྱོགས་སུ་གནས་ཏེ་ཁ་ཤར་དུ་བལྟས་ཏེ། །བུ་ཚུར་གཡོན་པས་ཐིག་སྐུད་དེ་ལྟེ་བ་ཁར་གཟུང་པར་བྱ་སྟེ། བྱང་ཕྱོགས་ཀྱི ་སྣ་ཚོགས་པདཱི་རི་བོང་ཅན། །ཚངས་པ་དབང་པོ་ཉིད་བ་དྲག། གཤིན་རྗེ་དེ་བཞིན་གནོད་སྦྱིན་བདག། བདེན་བྲལ་དང་ནི་ཐིག་བཟངས་རིས། །དབུས་སུ་བདུད་ནི་བཞི་པོ་དག། ཉི་མའི་དཀྱིལ་འཁོར་ཀྱི་ལ་གནས་པ། །འཇིགས་སུ་རུང་བའི་སྙིང་གམ?།། ་དེ་ལ་གདན་དབུས་མའི་སྟེང་དུ་དབྱངས་ཀྱི་ཡི་གེ་བཅོ་ལྔ་ལས་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ། །དེའི་སྟེང་དུ་གསལ་བྱེད་ཀྱི་ཡི་གེ་སུམ་ཅུ་རྩ་བཞི་ལས་ཉི་མའི་དཀྱིལ་འཁོར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ། །དེའི་དབུས་སུ་ཡི་གེ་?་དང ་ཧཱུཾ་ཡོངས་སུ་གྱུར་པ་ལས་གྲི་གུག་དང་ཐོད་པ་ཁ་སྤོར་རང་གི་ས་བོན་གྱི་སྙིང་པོ་ཅན་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ། །དེ་དང་དེ་ལས་རྣལ་འབྱོར་མའི་རིགས་དཔག་ཏུ་མེད་པའི་སྤྲུལ་པའི་དེ་བཞིན་གཤེགས་པ་རྣམས་ཡང་དག་པར་སྤྲོས་ལ། འགྲོ་བ་རྣམས་སངས་རྒྱས ་ཀྱི་རང་བཞིན་དུ་བྱས་ནས་དེ་ཉིད་དུ་འདུས་ཤིང་གཅིག་ཏུ་གྱུར་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ། །དེ་ནས་ཟླ་བ་དང་ཉི་མ་དང་ཕྱག་མཚན་དང་ས་བོན་ཡོངས་སུ་གྱུར་པ་ལས་མྱུད?་བའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཆད་པར་འགྱུར་?་ཁ་དོག་དང་དབྱིབས ་དང། ཕྱག་དང་མཚོན་ཆ་ཅན་དང་སྣང་བའི་རིགས་པས་འཁྱུད་པ་ཉིད་དུ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་བསྒོམ་པར་བྱ་སྟེ། འདི་ནི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའོ། །དེ་ནས་བར་སྣང་ལ་ཡི་གེ་ཧོ(རྒྱུད་འགྲེལ་པར་ཧཱུཾ་བལྟས་ལ། ཤིན་ཏུ་དགའ་བའི་སྒྲས་ཡང་དག་པར་བཀུག་ནས། བཅོམ་ལྡན་འདས་ཀྱི་ཞལ་ན་བཞུགས་ཤིང་བཅོམ་ལྡན་འདས་མའི་པདྨར་ལྷུང་བར་བྱའོ། །དེ་ནས་འདོད་ཆགས་ཆེན་པོའི་མེས་བཅོམ་ལྡན་འདས་མ་དང་བཅས་པའི་བཅོམ་ལྡན ་འདས་?་གྱུར་པ་ལ་བྱང་ཆུབ་ཀྱི་སེམས་ཞུ་བར་གཟུགས་ཀྱི་དཀྱིལ་འཁོར་དུ་བལྟ་བར་བྱའོ་།དེ་ནས་དེ་བསླང་བར་བྱ་བའི་ཕྱིར་རང་རང་གི་ཕྱོགས་ནས་འོངས་པའི་པུཀྐ་སཱི་ལ་སོགས་པའི་ལྷ་མོ་བཞི་པ་རྣམས་རང་རང་གི་ཕྱོགས་སུ་སྟན་ལ་འདུག་ནས་ཚིགས་སུ་བཅད་པ ་ལྷོའི་ཆེའི?་ཐེག་གདབ་པར་བྱའོ། །ཡང་དེ་ཁོ་ན་བཞིན་དུ་འདུག་ལ་རླུང་གི་མཚམས་སུ་བདུག་པས་མཚམས་ཀྱི་ཐིག་གདབ་པར་བྱའོ། །དེ་ནས་བདེན་བྲལ་གྱི་མཚམས་སུ་འདུག་པ་དང་དབང་ལྡན་གྱི་མཚམས་སུ་འདུག་པ་དང་ལྡན་ཅིག་པས་མཚམས་ཀྱི་ཐིག་གདབ་པར་བྱའོ།། ་དེ་ནས་ཕྱོགས་བཞིའི་དབུས་མཚངས་ཐིག་གི་གཞོགས་གཉིས་སུ་འཁོར་ལོ་གྲུ་བཞི་པ་ཆ་བརྒྱད་ཀྱི་ཚད་སྒོའི་སའི་?་ཐིག་གིས་གདབ་པར་བྱའོ། །དེ་ནས་རྩ་བའི་ཐིག་གྲུ་བཞི་པའི་ཕྱི་རོལ་ཏུ་སྒོའི་བཞི་ཆའི་ཚད་ཀྱིས་རྡུལ་མཚོན་གྱི་ཐིག་གདབ་པར་བྱའོ། །དེའི་ཕྱི་རོལ ་?་སྒོའི་ཕྱེད་ཀྱི་ཚད་བེ་དྷི་ཀའི་སའོ། །དེ་ནས་རྡུལ་ཚོན་གྱིས་ཐིག་གོ། དེ་ནས་བེ་དྷི་ཀའི་ཚད་ཀྱིས་དྲ་བ་དང་དྲ་བ་ཕྱེད་པ་ཉི་ཟླའི་སྣམ་བུའི་ཐིག་གོ་།དེ་ནས་རྡུལ་ཚོན?་གྱི་སའི་ཐིག་གདབ་པར་བྱའོ། །དེ་ནས་སྒོ་བཞི་རྣམས་ཀྱི་གཞོགས་གཉིས་སུ་སོ་སོར་རྡུལ་ཚོན ་གྱི་སའི་ཐིག་རྣམ་གསུམ་གདབ་པར་བྱ་ཞིང་།སྒོའི་ཚད་ལྟའི་སྣམ་?་སའི་ཐིག་གདབ་པར་བྱའོ། །དེ་ནས་སྒོའི་གཞོགས་གཉིས་སུ་རྡུལ་ཚོན་གྱི་སའི་ཚད་ཀྱིས་སའི་ཆ་དོར་ལ་རྡུལ་ཚོན་གྱི་སའི་ཚད་དུ་རྟ་བབས་དང་ཀ་བའི་ཐིག་གདབ་པར་བྱའོ། །དེ་ལྟར་ཁྲུན་དུ་ནི་སྒོའི ་སུམ་འགྱུར་ཏེ་རྟ་བབས་ཀྱི་སྟེང་དུ་ནི་ཇི་ལྟར་མཛེས་པར་བྲིའོ། །དེ་ནས་ཐིག་སྐུད་དེ་འདི་ཉིས་ལྔ་བདུ་བྱས་ལ་དཀྱིལ་འཁོར་གྱིས་དབུས་སུ་འདུག་སྟེ། དཀྱིལ་འཁོར་ལ་གདབ་པའི་སེང་ལྡེང་གི་ཕུར་པ་ཡོངས་སུ་གཟུང་སྟེ་བརྟན་པར་བཏབ་པ་དེ་ལ་ཐིག་སྐུད་བཏགས ་ཤིང། དེ་ཡིས་བྱང་ཕྱོགས་ཀྱི་སྒྲུབ་པ་པོ་དང་ལྷན་ཅིག་དབང་ལྡན་གྱི་ཕྱོགས་ནས་བརྩམས་ནས་བསྐོར་བའི་འགྲོས་ཀྱིས་དཀྱིལ་འཁོར་གྱི་ཕྱི་རོལ་ནས་ཕྱི་རོལ་ཟླུམ་པོའི་རྣམ་པ་རྡོ་རྗེའི་ཐིག་གཉིས་གདབ་པར་བྱའོ། །ཡང་ཐིག་སྐུད་དེ་ཉིད་ཉིས་ལྡབ་དུ་བྱས་ཏ་རང ་གི་དབང་ལྡན་ཕྱོགས་ནས་བརྩམས་ནས་བསྐོར་འགྲོས་ཀྱིས་དཀྱིལ་འཁོར་གྱི་ནང་དུ་ཟླུམ་པོའི་རྣམ་པ་རྡོ་རྗེའི་ཐིག་གཉིས་དེ་བཞིན་དུ་གདབ་པར་བྱའོ། །དེ་ནས་འཁོར་ཡུག་ཅེས་བྱ་བ་འོད་ཀྱི་དཀྱིལ་འཁོར་གྱི་ཐིག་གཉིས་སྐོར་བའི་འགྲོས་ཀྱི་ཕྱོགས་རྣམས་མཉམ་པར ་རྗེ་རྡམ་དང་ཞེས་ཡི། །གར་དགུའི་རོ་དང་ལྡན་པ་ཉིད། །སྐྲ?་དམར་སེར་གྱེན་དུ་འབར། །འཇིགས་པ་པོ་ཡང་འཇིགས་པར་བྱེད། །མགོ་བོའི་ཕྲེང་བའི་དོ་ཤལ་ཅན། །འཇིགས་པའི་དུས་ཀྱི་མེ་འདྲའི་མདངས། །གླང་པོ་རྟ་བོང?་བླང་?་མོ། །མི་དང་ཤར་བ་??། ་གཡས་པའི་ཐོད་པ་བརྒྱད་རྣམས་ལ། །གཉིས་འཐུང་ལ་སོགས་རིམ་བཞིན་བྱ། །ས་དང་ཆུ་དང་རླུང་དང་ནི། །མེ་དང་ཟླ་བ་ཉི་མ་དང། །མཐར་བྱེད་དང་ནི་ནོར་སྦྱིན་ཉིད། །གཡོན་པའི་ཐོད་པ་བརྒྱད་ནའོ། །སྙོམས་པར་འཇུག་པའི་བདག་མེད་མ། །རང་སྣང་བ་ནི་ཕྱག་?་ལྔ།། ་ཕྱག་གཉིས་ཞལ་གཅིག་ཞབས་གཉིས་པ། །དེ་ནི་གྲི་གུག་ཐོད་པ་འཛིན། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ཉི་མ་ལ་ཐོད་པའི་སྟེར་དུ་ཡི་གེ་ཧཱུཾ་དང། བཅོམ་ལྡན་འདས་?་ཐུགས་ཀའི་ཟླ་བའི་སྟེང་གི་གྲི་གུག་ལ་ཡི་གེ་ཨཾ་བལྟའོ། །དབུ་ལ་པདྨ་?་?་པ ་ཟླ་བ་ལ་ཨོཾ་མོ། །མགུལ་ལ་པདྨ་དམར་པོ་དང་ཆོས་འབྱུང་ལ་ཡི་གེ་?་བུའོ། །ཐུགས་ཀར་སྣ་ཚོགས་པདྨ་དང། །ཉི་མ་ལ་ཡི་གེ་ཧཱུཾ་བསྒོམ་པར་བྱའོ། །མིག་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་གི་འཁོར་ལོ་ལ་ཡི་གེ་ཨཱ་ལས་བྱུང་བའི་རྡོ་རྗེ་མ་དཀར་?། །རྣ་བ་ལ་ཉི་མ ་དང་རྡོ་རྗེའི་སྟེང་དུ་ཨཾ་ལས་བྱུང་བའི་བདག་མེད་མ་སྔོན་མོ?། །སྣ་ལ་ནི་ཉི་མ་དང་རིན་པོ་ཆེའི་སྟེང་དུ་ཡི་གེ་ཨི་ལས་བྱུང་བའི་གཽ་རཱི་མ་སེར་མོའ། །ལྕ་ལ་པདྨ་དང་ཉི་མའི་སྟེང་དུ་ཡི་གེ་ཨའི་ལས་བྱུང་བའི་ཆུའི་རྣལ་འབྱོར་མ་དམར་མོའོ། །སྤྱི་གཙུག་ཏུ་སྣ་ཚོགས་རྡོ ་རྗེ་དང་ཉི་མའི་སྟེང་དུ་ཡི་གེ་ཨུ་ལས་བྱུང་བའི་རྡོ་རྗེ་མཁའ་འགྲོ་མ་ལྗང་གུའོ། །སྙིང་གར་སྣ་ཚོགས་པདྨ་དང། རྡོ་རྗེའི་སྟེང་དུ་ཡི་གེ་ཨཾ་ལས་ཕྱུང་བའི་བདག་མེད་མ་དཀར་མ་བསམ་པར་བྱའོ། །ལྷ་མོ་འདི་དག་ཐམས་ཅད་ཀྱང་གཡོན་ན་ཐོད་པ་དང་ཁ་ཊཝཱཾ་གཱ་གཡས ་ན་གྲི་གུག་ཐོགས་པའོ། །དེའི་རྗེ་?་ལྟེ་བར་པདྨ་དཀར་པོ་འ?་དྲུག་ཅུ་རྩ་བཞི་བ་དང་ཟླ་བ་ལ་ཨོཾ་དཀར་པོའོ། །དབུས་ཀྱི་འདབ་མ་བརྒྱད་ལ་གཡོན་སྐོར་དུ་ཨ་ཀ་ཙ་ཊ་ཏ་པ་ཡེ་ཤ་རྣམས་སོ། །སྙིང་གའི་སྣ་ཚོགས་པདྨ་འདབ་མ་བརྒྱད་བ?་ཐྲ་?་བལྟས་པའི ་ཁྱེར་གྱི་སྟེང་ན་ཡང་ལྷག་མར་རྡུ?་མཚོན་གྱི་ས་ལ་གནས་པའི་རེ་ཁཱ་བདུན་གྱི་བར་བྱའོ། །དེ་ནས་ཡང་དཀྱིལ་འཁོར་གྱི་ཐིག་གིས་བཏབ་ཅིར་ཅི་ལྟར་བའི་དབྱིབས་ཀྱི་ཚད་ཀྱིས་བརྒྱན་པ་དེ་ནི་ཕྱི་དང་དུ་ཡང་བསྒོམ་པར་བྱ་སྟེ། །ཟུར་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི ་ཡིས་ཉེ་བར་བརྒྱན། །ཐིག་བཞི་དག་དང་མཉམ་ལྡན་ཞིང། །དར་དང་མེ་ཏོག་ཕྲེང་གིས་བརྒྱན། །རེ་ཁཱ་ལྔ་དང་མཉམ་ལྡན་པ། །དཀྱིལ་འཁོར་མཆོག་ལ་བ་དན་རྩེར། །དྲིལ་བུ་རྣམས་ཀྱིས་མཉམ་བར་ལྡན། །མཚམས་ཀྱི་ཆ་ནི་ཐམས་ཅད་དེ། །སྒོ་སོགས ་ཀྱི་ནི?་མཚམས་རྣམས་སུ། །རིན་པོ་ཆེ་ལ་རྡོ་རྗེས་མཚན། །འཕར་མ་གཅིག་པ་དག་ཏུ་བྱ། །བདག་མེད་མ་ཡི་ཡང་དེ་བཞིན། །སླར་ཡང་འཁོར་ལོའི་ནང་དུ་ནི། །ཕྱི་ཡི་འཁོར་ལོའི་བྱེད་ཀྱིས་ནི། །ཀུན་ནས་ཡོངས་སུ་ཟླུམ་པོ་ལ། །འཁོར་ལོའི་ཀ་པ?་ཞེས ་ཀྱིས་བརྒྱན། །རྡོ་རྗེའི་ཕྲེང་བ་སོགས་ཀྱིས་མཛེས། །རྔ་མ་མི་ལོང་དག་དང་ལྡན། །བླ་རེ་ཡིས་ནི་རྣམ་པར་བྲེས། །དེ་ལྟར་ཚེ། །ཀྱི་དབྱིངས་ཀྱི་བདག་ཉིད་ཀྱི་དཀྱིལ་འཁོར་ཚོན་ཅན་གྱིས་ཐིག་བཏབ་ལ། ཐིག་སྐུད་ཀྱང་ཡི་གེ་གསུམ་པ་མུ:ཱོ་མཛའ་ཅན ་གཤེགས་སུ་གསོལ། །སྣོད་གཙང་མར་བཞག་པར་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་དུ་འཁོད་དེ། ཡི་གེ་ཧེ་ཡིས་མིག་གཡས་གཡོན་ལ་ཉི་ཟླ་དག་བསྐྱེད་ལ་ཁྲོ་བོའི་ལྟ་སྟངས་ཀྱིས་ཀུན་ནས་བལྟ་བར་བྱ་ཞིང་ཡིད་ཀྱིས་སྒོ་བཞི་དབྱེ་བར ་བྱའོ། །ཐིག་གདབ་པའི་ཆོ?་གའོ། །དེ་ནས་རིན་པོ་ཆེའི་རིགས་དང་ལྕགས་སམ་དུད་གིས་གནས་སམ་ས་ལི་དང་ཁྲེ་འམ་དུར་ཁྲོད་ཀྱི་སོ་ཕག་དང་སོལ་བ་དང་མི་རུས་སམ། རྐུན་མའི་ལོ་མའི་རང་བཞིན་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང ་ནག་པོའི་ཁ་དོག་རྣམས་ལེགས་པར་བཏགས་ལ་སྒོས་ཀྱིས་གདུགས་ཏེ། སྣོད་གཙང་མར་སོ་སོར་?་ལ། བུཾ་ཨཾ་ཛྲཾ་ཁཾ་ཧཱུཾ། ཡི་གེ་བསྐྱེད་ལ་རྡུལ་ཚོན་མདུན་དུ་བཞག་སྟེ་།སྔོན་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས ་གཤེགས་པ་ཐམས་ཅད་ཤལ་གྱི་ལམ་ནས་ཞུགས་ནས་ཐུགས་ཀརྨ?་ཞུ་བར་གྱུར་ཅིང་རྡོ་རྗེའི་?་ནས་པདྨའི་ནང་དུ་ཟླ་བ་ཞུ་བར་གྱུར་པའི་ཡི་གེ་ཡོངས་སུ་གྱུར་པ་ལས། བོ?་?་ཁ་དོག་དག་མོ་གྲི་གུག་དང་རོ་ཧི་ཧའི་ཉ་ཐོགས་པ་སྒྲུལ་ནས། ཤེས་རབ་ཀྱི་ཐུགས་ཀ ་ནས་བྱུང་ནས་འགྲོ་བ་རྣམས་ཀྱི་དོན་བྱས་ཏེ། ཤར་ཕྱོགས་ཀྱི་སྒོའི་སྟན་ལ་གནས་པར་བལྟ་བར་བྱའོ། །དེ་བཞིན་དུ་ཅི་ལས་ཙཽ་རཱི་བཅད་ཀྱི་མདོག་ཅད་ཏེའུ་དང་ཕག་བསྣམས་པ་ལྷོ་ཕྱོགས་ཀྱི་སྒོའི་སྟན་ལའོ། །དེ་བཞིན་དུ་བཾ་ལས་བྱུང་བའི་རོ་ལངས་མ་ཁ་དོག་སེར་མོ་རུ ་སྐལ?་དང་ཐོད་པ་ཐོགས་པ་ནུབ་ཕྱོགས་ཀྱི་སྒྲོར་རོ། །དེ་བཞིན་དུ་གྷཾ་ལས་བྱུང་བའི་ལྷ?་སྨ་རཱི་མདོག་ལྗང་གུ་སྤྲུལ་དང་རྣལ་འབྱོར་གྱི་སྣོད་ཐོགས་པ་བྱང་ཕྱོགས་ཀྱི་སྒོར་རོ། །དེ་བཞིན་དུ་བ་ལས་བྱུང་བའི་པུཀྐ་སཱི་ཨིནྡྲ་ནཱི་ལ་ལྟ་བུ་སེང་གེ་དང་དགྲ་སྟ་འཛིན་པ་ནི་དབང་ལྡན་གྱི་?། ་སུ་འོས?་དེ་བཞིན་དུ་སཾ་ལས་བྱུང་བའི་ཤ་བ་རཱི་མདོག་དཀར་མོ་དགེ་སློང་དང་ཁད་སིལ་ཐོགས་པ་ནི་མེའི་མཚམས་ཀྱི་སྟན་ལའ?། །དེ་བཞིན་དུ་ཙི་ལས་བྱུང་བའི་ཙཎྜ་ལཱི?་ནམ་མཁའ་ལྟར་སྔོ་བསངས་འཁོར་ལོ་དང་གཤོལ་མངའ་ཐོགས་པ་ནི་བདེན་བྲལ་མཚམས་གྱི་སྟན ་ལའོ།?་།དེ་བཞིན་དུ་བཾ་ལས་བྱུང་བའི་ཌོམྦི་ནཱི་སྣ་ཚོགས་རྡོ་རྗེ་དང་སྡིགས་མཛུབ་ཀྱི་ཕྱག་ཅན་རླུང་གི་མཚམས་ཀྱི་སྟན་ལ་བལྟའོ། །དེ་ལྟར་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་བལྟས་ལ། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་བཀུག་ལ ་མདུན་གྱི་ནམ་མཁའ་ཕྱོགས་སུ་བལྟས?་ནས་ཞལ་བརྒྱད་པའི་སྔགས་ཀྱིས་བགེགས་བསྒྲད་ལ། ཨོཾ་ཤྲཱི་ཧེ་རུ་ཀ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་བྱ་བས་ཡོན་ཆབ་དབུལ་ལོ། །ོཾ་ཤྲཱི་ཧེ་རུ་ཀ་པཱ་དྱཾ་ཏཱིཙྪ་སྭཱཧཱ་ཞེས་བྱ་བས་ནི་ཞབས་བསིལ་ལོ། །ོཾ་ཤྲཱི་ཉེ་?་ག་ཨཉྩ? ་?་ཞེས་བྱ་བས་ཞལ་བསིལ་དབུལ་?། །ོཾ་གཽ་རཱི་ཨཱ་ཀརཥ་ཡ་ཛ(རྒྱུད་འགྲེལ་ཡིས་ནི་ནོར་མཉམས་ཤིང། །ཡོ་བ་རྣམ་ཐིག་ཆད་པས་ནི། །བླ་མ་སློབ་མ་འཆི་བར་འགྱུར། །རྡུལ་ཚོན་བསྐོར་བ་མ?་ཡིན་པས། །ཕབ་ན་ཡམ་དག་འདེབས་པར་འགྱུར། །དེ་ལས་གཞན་འགྱུར་དགེ་བསྟེ། །བླ་མ་སློབ་མ་ཤིན་ཏུ་འཕགས། །དེ་ནས་དབུས་ཀྱི་དཀྱིལ ་འཁོར་གྱི་ཐིག་ལེ་ཐུག་པར་ཤར་གྱི་སའི་ཆ་ནི་དཀར་བོའོ། །ལྷོ?་ཡི་སའི་ཆ་ནི་སེར་པོར་བྱའོ། །ནུབ་ཀྱི་སའི་ཆ་ནི་དམར་པོའོ། །བྱང་གི་སའི་ཆ་ནི་ལྗང་གུའོ། །དབུས་ཀྱི་སའི་ཆ་ནི་ནག་པོའོ། །དེའི་དབུས་པདྨ་འདབ་མ་བརྒྱད་པ་དམར་པོའི་?་འབྲུལ་གནས་པའི ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཐོད་པ་དཀར་པོ་ཁ་གྱེན་དུ་བལྟས་པའི་དབུས་སུ་སྣ་ཚོགས་རྡོ་རྗེས་མཚན་པ་བྲི་བར་བྱའོ། །ཕྱག་གཉིས་པ་དང་ཕྱག་དྲུག་པའི་ཀྱེ་རྡོ་རྗེ་རྣམས་ཀྱི་རྡོ་རྗེ་ནག་པོ་འོད་འཕྲོ་བའོ། །ཤར་གྱི་འདབ་མ་ལ་སོགས་པ་རིམ་པ་ཇི་ལྟ ་བ་བཞིན་དུ་སྣ་ཚོགས་རྡོ་རྗེ་དང་བྲལ་བའི་ཐོད་པ་སྟེ། ཤར་སྒོའི་པདྨ་ལ་གནས་པའི་ཟླ་བའི་སྟེང་དུ་ཁ་དོག་ནག་པོའི་གྲི་གུག་གོ། ལྷོ་སྒོར་ནི་བཙོད་ཀྱི་མདོག་གི་རྡེའུ་ཆུང་ངོ། །ནུབ་ཀྱི་སྒོར་ནི་གསེར་གྱི་མདོག་ཅན་གྱི་རུ་སྦལ་ལོ། །བྱང་སྒོར་མན?་ཀྱི་མདོག་གི་སྤྲུལ? ་ལོ། །དབང་ལྡན་མཚམས་སུ་མི་ཨིནྡྲ་ནཱི་ལའི་མདོག་གི་སེང་གེའོ། །མེའི་མཚམས་སུ་ཆུ་ཤེལ་ལྟ་བུའི་དགེ་སློང་ངོ། །བདེན་བྲལ་གྱི་མཚམས་སུ་ནི་ནམ་མཁའ་སྔོ་བསངས་ཀྱི་འཁོར་ལོའོ། །རླུང་གི་མཚམས་སུ་ནི་སྣ་ཚོགས་པའི་མདོག་གི་རྡོ་རྗེ་སྟེ་།པདྨ་དམར་པོ་འདར?་མ ་ལྡན་པ་?་འབྲང་གནས་པའི་ཟླ་བའི་སྟེང་དུ་བྲི་བར་བྱའོ། །མཚན་མ་དེ་དག་ལ་ནི་སླར་ཡང་བདུད་བཞི་པོ་ཚངས་པ་ལ་སོགས་པའི་གདན་མཉམ་པའམ་མི་མཉམ་པར་དྲི་བར་བྱའོ། །དེ་ནས་བདག་མེད་མའི་དཀྱིལ་འཁོར་བྲི་བར་འདོད་པས་དཀྱིལ་འཁོར་དེའི་སྙིང ་?་པོ་ལ་པདྨ་དམར་པོ་འདབ་བརྒྱད་བྲི་བར་བྱའི། །དེའི་?་འབྲུལ་ཡང་ཟླ་བའི་སྟེང་དུ་གྲི་གུག་ཁ་དོག་ནག་བོ་བྲི་བར་བྱའོ། །དེ་བཞིན་དུ་ཤར་ལ་སོགས་པའི་པདྨའི་ཟླ་བ་རྣམས་ལ་གྲི་གུག་བཞིའོ། །ཕྱིའི་འབར་མ་དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ ་ཡང་བཞིའོ། །ཤར་སྒོ་ལ་སོགས་པར་ཡང་བཞིའོ། །ཤར་ནུབ་ཀྱི་སྒོ་ལ་གནས་པ་ནི་གཞོགས?་གཉིས་སུ་གྲི་གུག་གཉིས་པདྨ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཕྱི་བར་བྱའོ། །ཡང་འདི་དག་ནི་རྡལ?་ཚོན་བྲི་བའི་བསམ ་འཇུག་པའི་དུས་དང་ལྡོག་པའི་དུས་སུ་ཡིད་ཀྱིས་རྡོ་རྗེ་ཐིག་བསལ་བར་བྱ་སྟེ། བཛྲ་བེ་ག་ཞེས་བྱ་བ་བརྗོད་ནས་བྱའོ། །གཞན་དུ་ནི་དམ་ཚིག་ཉམས་པ་ཡིན་ནོ། །དེ་བཞིན་དུ་ཡང་དེ་ཁོ་ན?་ཉིད་བསྡུས་པ་ལས། རྡོ་རྗེ་ཐིག་རིས་ཡིད་ཀྱིས་སྤངས།། ་གཞན་དུ་ན་ནི་འཇུག་པ་དང། །ལྡོག་པ་ཡི་ནི་དམ་ཚིག་རྣམས། །དེ་དག་གི་ནི་ཉམས་པ་ཡིན་ཞེས་གསུངས་སོ། །དེ་ནས་དཀྱིལ་འཁོར་གྱི་ཕྱོགས་དང་མཚམས་སུ་ཞི་བ་དང་རོ་ལངས་དང། རོ་དང་འབྱུང་པོ་ལ་སོགས་པས་བཀྲམ་པའི་དུར་ཁྲོད ་བརྒྱད་བྲི་བར་བྱའོ། །དེ་ལ་ཤར་ཕྱོགས་སུ་ནི་འཆོད་པས་སྦྲེལ་བ་དྲག་ཅིང་གཏུམ་པའི་རི་ཕུག་ཅེས་བྱ་བའི་དུར་ཁྲོད་དོ། །ལྷོ་ཕྱོགས་སུ་ནི་དུམ་བུས་བཀང་བའི་འཇིགས་སུ་རུང་བའོ། །ནུབ་ཕྱོགས་སུ་ནི་བོར་བས་སྦྲེལ་བ་ཀ་རཾ་ཀ་ཀཾ་དེ། །བྱང་ཕྱོགས ་སུ་མདུང་གི་འབིགས་པས་སྦྲེལ་བ་འབར་བ་སྣ་ཚོགས་སོ། །དབང་ལྡན་མཚམས་སུ་ནི་བཅིངས་པས་སྦྲེལ་བ་ཧ་ཧའི་གང་མོའོ། །མིའི་མཚམས་ནི་ཕྱེད་བསྲེགས་པ་དཔལ་གྱི་ནགས་ཚལ་ལོ། །བདེན་བྲལ་མཚམས་སུ་ནི་དུམ་བུ་ཕྱེད་པས་གང ་བ?་མུན་བ?་མི་བཟད་པའོ། །རླུང་གི་མཚམས་སུ་ནི་དོན་བརྐོ་བས་གང་བ་ཀི་ལི་ཀི་ལིའི་སྒྲ་སྒྲོགས་པ་བྲི་བར་བྱའོ། །དེ་ནས་ཇི་ལྟ་བ་བཞིན་དུ་ཤིང་གི་རིམ་པ་བྲི་བར་བྱ་སྟེ། ཤྲཱི་སཱཾ?་དང། ཙུ་ཏ་དང། ཀ་ཀོ་ལི་དང། ཨ་ཤྭ?་དང། པ་ཏ་དང། ཀ་ར་?་དང ་ལ་ཏ་?་ཏི་དང། ས་རྡུའོ?། །ཤིང་གི་རྩེ་མོ་རིན་ཤིང་གི་བདག་པོ་འཁོར་དང་བཅས་པོ་བྲི་བར་བྱ་སྟེ། དེ་ལ་ཁྭ?་གདོང་ཅན་ནི་ཁྭའི་ཚོགས་ཀྱིས་བསྒོར་བའོ། །ལྕེ་སྦྱང་གདོང་ནི་འུག་བའི་ཚོགས་ཀྱིས་བསྐོར་བའོ།། ཁྱི་གདོང་ཅན་ནི་ཁྱིའི་ཚོགས ་ཀྱིས་བསྐོར་བའོ། །ཕག་གདོང་ཅན་ནི་ཕག་གི་ཚོགས་ཀྱིས་བསྐོར་བའོ། །བྱི་ལའི་གདོང་ཅན་ནི་ལྕེ་སྦྱང་གི་ཚོགས་ཀྱིས་བསྐོར་བའོ། །ལྟག?་གི་?་གདོལ?་ཅན་ནི་སྟག་གི་ཆགས་ཀྱིས་བསྐོར་བའོ། །བྱ་རྒོད་ཀྱི་གདོང་ཅན་ནི་སྲིན་པོའི་ཚོགས་ཀྱིས་བསྐོར་བའོ། །ཤ་བའི ་གདོང་ཅན་ནི་རོ་ལངས་ཀྱི་ཚོགས་ཀྱིས་བསྒོར་བའོ། །ཤིང་གི་རྩ་བ་རྣམས་སུ་ནི་ཕྱོགས་སྐྱོང་ལ་འཁོར་དང་སྲས་སུ་བཅས་པ་འདུད་ཅིང་ཐལ་མོ་སྦྱར་བ་དང་ལྡན་པའམ་མ་ལྡན་པའང་དུད་བྲི་བར་བྱ་སྟེ། དེ་ལ་དབང་པོ་ནི་སྐུ་མདོག་སེར་པོ་རིན་པོ་ཆེའི་ཅོད་པན་དང་རྡོ་རྗེ ་འཛིན་པ་ན་བཟའ་བཟང་པོས་བརྒྱན་ཅིང་གླང་པོ་དཀར་པོ་ལ་བཅིབས་པའོ། །གཤིན་རྗེ་ནི་སྐུ་མདོག་ནག་པོ་སྤྱན་དམར་བ། སྨིན་མ་དང་?་གྱིན་དུ་འགྲེད་བ། དབྱུག་པ་དང་མདུད་འཛིན་ཅིང་མ་ཧེ་ལ་བཅིབས་པའོ།?་།ཆུ་ལྷ་ནི་སྐུ་མདོག་དཀར་པོ་གདེངས་ཀ? ་བདུན་དང་ཀླུའི་ཞགས་པ?་དང་དུང་འཛིན་པ་ཆུ་སྲིན་ལ་བཅིབས་པའོ། །ནོར་སྦྱིན་ནི་གསེར་གྱི་མདོག་ཅན་རིན་པོ་ཆེའི་ཅོད་པན་ཅན་ལྕགས་ཀྱུ་དང་དབྱུག་པ་འཛིན་ཅིང་ཤར་བྷ་ལ་བཅིབས་པའོ། །དབང་ལྡན་ནི་སྐུ་མདོག་དཀར་པོ་རལ་པའི་ཅོད་པན་གྱི་རྩེར་ཟླ་བས ་མཚན་པ། །སྤྱན་གསུམ་བ་ཐོད་པའི་ཕྲེང་བས་བརྒྱན་པ་ཕྱག་བཞི་ལ་རྡེའུ་ཆུང་དང་ཐོད་པ་དང་རྩེ་གསུམ་དང་ཁ་ཊཝཱཾ་ག་འཛིན་པ་ཁྱུ་མཆོག་ལ་བཅིབས་པའོ། །མེ་ལྷ་ནི་སྐུ་མདོག་དམར་པོ་སྐྲའི་ཐོར་ཚུགས་དང་།མཆོད་ཕྱིར་ཐོགས་པ་ཅན་ཕྱག་བཞི་ལ་མི་འཇིགས་པ ་དང་ཕྲེང་བ་དང་མ་?་རངས་?་?་གུ་འཛིན་པ་རལ་བཅིབས་པའོ། །བདེན་བྲལ་ནི་སྐུ་མདོག་སྔོན་པོ་སྐྲ་སེར་སྐྱ་གྱེན་དུ་འགྲེད་པ་ཐོད་པའི་ཕྱེད་བས་བརྒྱན་པ་གྲི་དང་ཐོས་པ་འཛིན་པ་རོལ?་བཅིབས་པའོ། །རླུང་ལྷ་ནི་དུ་བའི་མདོག་གཅན་རླུང་དར་འཛིན་ཅིང་རིན་པོ་ཆེའི་ཅོད་པན ་ཅན་རི་དྭགས་ལ་བཅིབས་པའོ། །དེ་དག་ཀྱང་ལྷ་དང་ཡི་དྭགས་དང་ཀླུ་དང་གནོད་སྦྱིན་དང། འབྱུང་བ་དང་དྲང་སྲོང་དང་སྲིན་པོ་དང་རླུང་གི་ཚོགས་ཀྱིས་བསྐོར་བ་བྲི་བར་བྱའོ། །དེའི་གཡོན་ཕྱོགས་རྣམས་སུ་ཀླུ་བརྒྱད་པོ་གདངས་ཀ་དང་བཅས་འགྲི་བར་བྱ་སྟེ་།དེ་ལ་བ་སུ་ཀ་ནི་བླ་བ་དང ་མཚུངས་པའི་སྤྱི་བོན?་ཨུཏཔལ་སྔོན་པོ་ཅན་ནོ། །པདྨ་ནི་དུང?་དུ་སྟོན་པ་གདེངས་ཀ་ལ་སྐར་མས་མཚན་པའོ། །?་ཊ་ནི་དུར་བ་བཞིན་ལྗང་བ་མགྲིན་པར་རི་མོ་གསུམ་གྱིས་མཚན་པའོ། །ཏཀྵ་ནི་མེ་ཏོག་བནདུ?་ཀ་དང་མཚུངས་པ་སྦྱི་བེན་གཡུད?་དྲུང་གིས ་མཚན་པའོ། །པདྨ་ཆེན་པོ་ནི་ཀུ་ནང་དང་མཚུངས་པ་སྤྱི་བོར་མདུང་གིས་མཚན་པའོ། །ཧུ་ལུ་ཧུ་ལུ་ནི་སྨག་སྨན་དང་མཚུངས་པ་སྤྱི་བོར་པདྨས་མཚན་པའོ། །རིགས་ཅན་ནི་དབང་མདོག་ཅན་ཟླ་བ་ཕྱེད་པས་མགྲིན་པར་མཚོན་པའི། །དུར་སྐྱོང་ན་གསེར་གྱི་མདོག ་ཅན་མགྲིན་པར་ཟླ་བ་རྒྱས་པས་མཚན་པ་བྲི་བར་བྱའོ། །དེའི་རྒྱབ་ཀྱི་ཆ་རྣམས་སུ་སྤྲིན་བྲི་བར་བྱ་སྟེ། དེ་ལ་སྒྲ་སྒྲོགས་ནི་མདོག་ནག་པོའོ། །འཁྱིལ་བ་ནི་མདོག་སྔོན་པོའོ། །མི་ཟད་བ་ནི་གུར་གུམ་གྱི་མདོག་གོ། གྷུར?་ན་ཏ་ནི་སྣ་ཚོགས་པའི་མདོག་གོ། གྷ་ན་ནི་མདོག ་དཀར་པོའོ?། །རྙིས་པ་ནི་མདོ་གསེར་པོའོ། །ཆར་འབབ་ནི་དྲུས་རའི་མདོག་གི། ཙན་དན་ནི་མིག་སྨན་གྱི་མདོག་སྟེ་དེ་ལྟར་བྲི་བར་བྱའོ། །གཞན་དག་ཏུ་ནི་འཁོར་ལོ་ཇི་ལྟར་རྗེས་སུ་མཐུན་ཞིང་?་བར་བརྟག་པར་བྱའོ། རྡུལ་ཚོན་དབབ་པའི་ཚོ་?། །དཀྱིལ་འཁོར་བྲི་བའི་དུས་སུ ་རྒྱས་གང་ཞིག་རྩོད་པ་རང་?་སློང?་དབྱེད་པའམ་།བདག་ཉིད་བགེགས་བྱེད་པ་དེ་ལྟན?་ནི་སྔར་གསུངས་པའི་ཆོ་གས་དབང་པོ་ལ་སོགས་པ་བསྒོམས་པ་ལ་ཕུར་བུ་བཏབ་ཅིང་བགེགས་ཉེ་བར་ཞི་བར་བྱའོ། །གལ་ཏེ་ཆར་འབབ་ཅིང་བདུད་ཀྱིས་བྱེད་པ་དེ་ལྟ་ན་ནི་དུར་ཁྲོད ་ཀྱི་རས་ཀྱིས་ཉེ་བར་གཡོགས་ལ་?་རྡོ་རྗེའི་རྣལ་འབྱོར་གྱི་ཁྲོ་བོས་གནས་ཏེ་།ོཾ་ཨཱརྱ་ཨཱརྱ་།ས་མ་ས་ན་བྲི་ཡཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ་ཞེས་པའི་སྔགས་ཡོངས་སུ་བཟླ་ཞིང་མིག་གྱེན་དུ་བལྟས་ལ་ཁྲོ་བོའི་མེ་འབར་བའི་ཕྲེང་བའི་རིགས་ཡང་དག་པར་སྤྲོས་པ ་དེས་ནམ་མཁའ་དཀྱིལ་ཁྱབ་ཅིང་སྤྲིན་ཐམས་ཅད་ཐལ་བར་བྱས་བར་བསམ་མོ། །དེ་ནས་བཞི་བར་འདོད་ན་མིའི་སྟེང་དུ་བ་ཡིག་ལས་སྐྱེས་པའི་ཆུའི་དཀྱིལ་འཁོར་དཀར་པོ། །དེའི་སྟེང་དུ་པདྨ་སྣ་ཚོགས་འདབ་མའི་ཟེ་འབྲུལ་བྲུཾ་དཀར་པོ་ལས་སྐྱེས་པའི་འཁོར ་ལོ་དཀར་བེ?་རྩིབས་བརྒྱད་པའི་དབུས་ན་གནས་པའི་ཡི་གེ་བྷྲུཾ་ཡོངས་སུ་གྱུར་པ་ལས་སྟོན་ཀའི་ཟླ་བ་ལ་གནས་པའི་ཐུགས་ཀར་ཡི་གེ་བྲུཾ་གྱིས་བྱིན་གྱིས་བརླབས་ལ། རྒྱ་མཚོ་བཞི་དང་ཆུ་བོ་བཞི་དང་ཆུ་བོ་བཞི་དང་མ་དྲོས་པའི་ཆུ་དང་མཚུངས་པ་རྣམས་ཀྱིས་ཐུགས་ཀར་ས་བོན ་གྱི་འོད་ཟེར་གྱི་སྤྲིན་གྱི་ཚོགས་ཀྱི་ཕྲེང་བ་ལས་བྱུང་བས་ནམ་མཁའ་ཨི་དཀྱིལ་མ་ལུས་པ་ཁྱབ་པའི་ཆུའི་རྒྱུན་ཕྱོགས་བཅུར་ཡོངས་སུ་ཁྱབ་བར་བྱེད་པའི་རྣམ་པར་སྣང་མཛད་རྣམ་པར་བསམ་པར་བྱའོ། །གལ་ཏ?་རླུང་ཞི་?་བྱེད་འདོད་ན། དེ་ལྟ་ན་ནི་རང་གི་ལྟ་ཉིད ་ཀྱི་རྣལ་འབྱོར་རམ་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་གྱིས་ཡི་གེ་ཧཱུཾ་བྲུཾ་བཟླས་པའི་ལྕི་བས་ལམ?་ལྷུང་བ་འམ་གྲོག་མཁར་གྱི་སས?་རླུང་ལྷའི་གཟུགས་བརྙན་བྱས་ལ། ཡཾ་ཡིག་ལས་བྱུང་བའི་རླུང་ལྷའི་སྐུ་ནམ་མཁའ་ཨི་དཀྱིལ་དུ་བསྒོམས་ལ་ཡིད་ཀྱིས་བཀུག་ལ་གཟུགས ་བརྙན?་བྱས་པ་ལ་གཞུག་ཅིང?་བསྡམས་ལ། མི་རུས་ལས་ཕུར་པ་སེར་བཞི་པའི་ཚད་ཀྱིས་བརྒྱ་རྩ་བརྒྱད་བཟླས་ལ་གཟུགས་བརྙན་ལ་གདབ་བར་བྱའོ། །དེ་བཞིན་དུ་ཆུའི་བགེགས་ཞི་བར་བྱ་བའི་ཕྱིར་ཡང་ཚུལ?་གདབ་པར་བྱའོ། །ཡང་ན་སྡར?་བརྗོད་པའི་རིམ་པས ་རྡོ་རྗེར་བ་ལ་སོགས་པས་གཞི་རྡོ་རྗེར་དབལ?་ཐུག་པའི་རྗེས་སུ་འཇུག་པས་ཁྲོ་བོའི་བལྟ་བས་མདུན་དུ་བལྟས་ལ་། རྩ་བའི་སྔགས་བཟླ་བར་བྱ་སྟེ། ཨོཾ་ཨཥྚཱཾ་ན་ནཱ་ཡ་བི་གོརྡྷ?་ཀ་ཤ་བརྡྷཱ་ནེ་ཙ་ཏུ་?་ཤ་ཏི་ནེ་ཏྭཱ་ཡ། ཥོ་ཊ་ཤ་བྷུ་ཛཱ་ཡ། ཀྲིཥྞ་ཛཱི་མུ་ཏ་ཝ་པུ་ཥེ་ཀ་བཱ་ལ ་མ་?་ཀཾ་?་རི་ཎེ། ཨཱ་?་ཀྲུ་ར་ཙིཊཊཱ་ཡ། ཨཊཏེ?་?་དིཥྚི་ཎེ?། ཨོཾ་མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། གརྫ་ཡ་གརྫ་ཡ། ཊ་རྫ་ཡ་ཏརྫ་ཡ། ཤོཥ?་ཡ་ཤོ་ཥ་ཡ། ས་བྷི་སཱ་ག་རཱ་ན། བནདྷ་བནདྷ། ནཱ་གཱཥྚ་ཀཱ་ནི། གྲིཧྞ་གྲིཧྞ། ཤ་ཏྲཱཾ་ནཾ། ཧ་ཧཱ ་ཧི་ཧཱ་ཧུ་ཧཱུ་ཧ་ཧི་ཧོ་ཧོཾ་ཧ་ཧ་།ཕཊ་སྭཱཧཱ་ཞེས་བྱ་བས་སོ། །ཡང་ན་བགེགས་ཐམས་ཅད་ཞི་བར་བྱ་བའི་ཕྱིར་ཨརྐའི་ལོ་མ་དང་དུག་དང་?་ཚེ་དང་ཙི་ཏྲ་ཀའི་ཁུ་བས་བགེགས་རྣམས་ཀྱི་མིང་བྲིས་ལ། ཨོཾ་ཧ་བཛྲ་ཛཝ་རི་ཛཝ་ར། ཤ་ཏྲཱུཾ་ནཾ་བུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ་ཞེས་བྱ་བའི་སྔགས་ཁྲི་ཡོངས་སུ་བཟླས་ལ། ཁྲོས་པས་འབྲས་ཕུབ་ཀྱི་མོ་ལ་བསྲེགས་པར་བྱའོ། །གལ་ཏེ་དེ་ལྟ་ན་ཡང་བགེགས་མ་ཞི་ན་དེ་ལྟ་ན་ནི་དུག་དང་ཚཱ་དང་?་ཚེ་དང་དུར་ཁྲོད་ཀྱི་?་དང་སོལ་བ་དང་?་པ་དང། མི་རུས་ཀྱི་ཕྱེ ་མ་དང་སྨྲོ?་བྱེད་ཀྱི་བུ་བས་བགེགས་ཀྱིས་གཟུགས་བརྙན་བྱས་ལ། བོང་བུ་དང་རྔ་མོ་ལ་སོགས་པའི་ལྕི་བ་ལ་དུར་ཁྲོད་ཀྱི་མེ་བཏང་སྟེ། མཚོན་རྣོན་པོས་དུམ་རུར་བཅད་ལ། ཨོཾ་སརྦ་བིགྷ་ནཱ་?་ཡ་དྷུ?་ཞེས་བྱ་བའི་སྔགས་ཀྱིས་ཁྲོས་ཤིང་འགེངས ་པའི་ལྟ་སྟངས་དང་གཡོན་བརྐྱང་བའི་གོམས་སྟབས་ཀྱིས་སྔར་བཞིན་དུ་བགེགས་བསྲེག་བར་བྱའོ་ཡང་ན་ཆོས་ཐམས་ཅད་རྣམ་པར་རྟོག་པ་ཙམ་གྱིས་སློབ་སྟེ་དེའི་རང་བཞིན་དང་བདག་མེད་མའི་བགེགས་ཐམས་ཅད་ཐལ་བར་བྱའོ། །བགེགས་ཞི་བར་བྱ་བའི ་ཆོ་གའོ། །དེ་ནས་རྡུལ་ཚོན་རྫོགས་པར་གདབ་པར་བྱས་ནས་སློབ་དཔོན་ཁྲུས་དང་དྲི་ཞིམ་པོས་བྱུགས་པ་དང་ལུས་ལ་?་གོས་བཟང་པོ་དང་ཅོད་པན་དང་མེ་ཏོག་དང་ལྡན་པས་དཀྱིལ་འཁོར་དུ་ཞུགས་ཏེ་སྟན་ཤིན་ཏུ་འཇམ་ཞིང་ཐོབ་ལ་འདུག་ནས་ལྷའི་རྣལ ་འབྱོར་དུ་བྱས་ནས། རྡུལ་ཚོན་ལྷག་མ་ཡི་གེ་གསུམ་གྱིས་མཛའ་ཡི་གེ་མུ(རྒྱུད་འགྲེལ་གིར་བ་དང་ལྡན་པ་དང། ཁ?། ལ་སོགས་པའི་?་ཀྱིས་བདུག་བ་དང། མར་མེའི་ཕྲེང་བ་འབར་བདག་ཀྱང་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ཕྱི་རོལ་ལམ་ནང་དུ་གདབ་པའི་རྣམ་པར་རྒྱལ་བའི་བུམ་པས་ལི་ཛཾ་ལ་སོགས་པས་གང་བར་བྱས་ལ་ཤར ་གྱི་ཆ་འམ་ལྷོའི་ཆར་བཞག་པར་བྱའོ། །དཀར་མོ?་ལ་སོགས་བའི་དུམ?་པ་བཞི་པ་ནི་དཀྱིལ་འཁོར་གྱི་ཕྱི་རོལ་ཀྱི་ཤར་ལ་སོགས་པའི་ཕྱོགས་སུ་ཇི་ལྟར་རིམ་པ་བཞིན་དུ་བཞག་པར་བྱའོ། །གཞན་ཡང་?་སཱི་ལ་སོགས་པའི་བུམ་པ་ནི་དབང་ལྡན་ལ ་སོགས་པའི་མཚམས་སུ་བཞག་པར་བྱའོ། །ལས་ཐམས་ཅད་པའི་བུམ་པ་ཡང་དཀྱིལ་འཁོར་གྱི་ཤར་སྒོའི་གཡས་སུ་བཞག་པར་བྱའོ། །སྒོའི་བུམ་པ་བརྒྱད་པོ་ཡང་དཀྱིལ་འཁོར་གྱི་ཁང་པའི་ཤར་སྒོ་ལ་སོགས་པའི་ཕྱོགས་སུ་བཞག་པར་བྱའོ། །བདག་མེད ་མའི་དཀྱིལ་འཁོར་ལ་?་རྣམ་པར་རྒྱལ་བའི་བུམ་པ་སྔ་མ་བཞིན་དུ་དགོད་པར་བྱའོ། །རྡོ་རྗེ་མ་ལ་སོགས་པའི་བུམ་པ་བཅུ་བཞི་པོ་ཡང་གནས་ཇི་ལྟ་བ་འམ་ཇི་ལྟར་མཛེས་པ་བཞིན་དུ་ཤར་ནས་བརྩམས་ཏེ་དགོད་པར་བྱའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །?་ལྷའི ་བུམ་པ་དེ་རྣམས་ནས་ཆུ་ཅུང་?་?་གླང་མ་ལ་བདུད་རྩི་ལྔ་དང་ལྡན་པས་པདྨའི་སྣོད་དུ་དགོད་པར་བྱའོ། །བུམ་པ་དགོད་པའི་ཆོ་གའོ། །དེ་ནས་སྔགས་པས་དཀྱིལ་འཁོར་ལ་མངོན་པར་ཕྱོགས་ཏེ་ཡོ་བྱད་བསགས་ལ། རབ་ཏུ་དགའ་བའི་ཡིད་ཀྱིས་ཚོ? ་ག་བཞིན་དུ་དཀྱིལ་འཁོར་མཆོད་ཅིང་བསྒྲུབ་པར་བྱ་སྟེ། དེ་ལ་རིམ་པ་འདི་ཡིན་ཏེ། ཡོད་ན་ལོ་བཅུ་དྲུག་མའི་ཕྱིར་རིག་མ་འམ་མེད་པར་གྱུར་ན་བསྒོམས་པའི་རིག་མ་དང་ལྷན་ཅིག་ཏིང་ངེ་འཛིན་གསུམ་དང་ལྡན་པའི་རྣལ་འབྱོར་པས་པདྨ་དེའི་སྒྲས? ་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ལ། རང་གི་སྙིང་གནས་ཞུགས་ཏེ་ཞུབ?་རྡོ་རྗེའི་ལམ་ནས་ཤེས་རབ་ཀྱི་པདྨའི་དབུས་སུ་གནས་པར་བསྒོམ་ཞིང། དེ་ནས་ནམ་མཁའ་ཨི་དཀྱིལ་དུ་སྤྲོ་བའི་སྦྱོར་བས་སྤྲི?་བར ་བྱ་སྟེ། སེམས་ཅན་གྱི་དོན་བྱས་ནས་ཡང་བློ་ཡིས་སྤྱན་དྲངས་ནས་དཀྱིལ་འཁོར་གྱི་ཟུར་གྱི་ནམ་མཁའ་ལ་དེ་དགོད་པར་བྱའོ། །དེ་ནས་དེ་དང་ལྷན་ཅིག་ཏུ་ལྷགས་པའི་བགེགས་ཀྱི་རིགས་ཞལ་བརྒྱད་པའི་ཧཱུཾ་གི་བསལ་བར་བྱ་ཞིང་རང་གྲི ་དཀྱིལ་འཁོར་ཡང་མངོན་པར་བསྲུང་བར་བྱའོ། །དེ་ནས་བསང་གཏོར་ལ་སོགས་པ་བྱིན་ལ་ཛ(རྒྱུད་འགྲེལ་དབང་དུ་བྱས་ཏེ། དེ་ནས་མིག་དང་ལུས་ལ་སོགས་པ་བྱིན་གྱིས་བརླབ་པ་དང། ཕུང་པོ་ལ་སོགས་པ་རྣམ་པར་དག་པར་མོས་ཏེ། ཡང་བསང་གཏོར་ལ་སོགས་པ་ཕུལ་ལ་རང་གི་ཐུགས་ཀ་ནས་སྤྲོས་པའི་མཆོད་པའི་ལྷ་མོ་བརྒྱད ་ཀྱིས་ཕྱི་དང་གསང་བའི་མཆོད་པས་ཡང་དག་པར་མཆོད་ལ་ན་བཟའ་གཉིས་ཀྱང་སོ་སོ་ཕུལ། འཁོར་ལོའི་བདག་པོ་ལ་ཚིགས་སུ་བཅད་པ་འདིས་བསྟོད་པར་བྱའོ། །སྣ་ཚོགས་རྣམ་པར་བཀྲ་བའི་དངོས་པོ་རྣམ་ལ་གཟིགས་པར་མོས། ། ་སྣ་ཚོགས་རྣམ་པར་བཀྲ་བའི་འོད་དང་འཁྱུད་པས་དགྱེས་པ་དང། །སྣ་ཚོགས་རྣམ་པར་བཀྲ་བའི་བདེ་བའི་སྟོན་མོས་རབ་ཏུ་དད་པ་དང། །སྣ་ཚོགས་རྣམ་པར་བཀྲ་བའི་སྡོམ་པ་ཆེན་པོ་ཉེ་བར་རབ་ཏུ་སྟོན། །འཇིག་རྟེན་དངོས་པོ་རྣམས་ཀྱི་དམ ་ཚིག་རྣམས་ལ་བཞུགས། །རྒྱུ་དང་མི་རྒྱུ་འཇིག་རྟེན་མ་ལུས་བཞེས་སུ་གསོལ། །ཁྱོད་ནི་རྣལ་འབྱོར་མ་ཚོགས་དང་བས་ཡོངས་སུ་བསྐོར། །ཁྱོད་ནི་མཆོག་ཐོབ་པ་ཡི་སེམས་ནི་བདེ་བས་ཁྱབ། །དེར་ནི་རྒྱུ་དང་མི་རྒྱུའི་འཇིག་རྟེན་ཐམས ་ཅད་སྦྱོང། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་བྱང་ཆུབ་རྣམ་རྟོག་མཛད། །དཔལ་ལྡན་ཁྲག་འཐུང་རྡོ་རྗེ་ཡིས་ནི་དགྱེས་པ་ཡིས། །སྒྱུ་མ་རབ་ཏུ་འཇུག་ཅེས་པས་སོ། །དེ་ནས་པདྨའི་སྣོད་ཀྱིས་བདུད་རྩི་ལྔ་པོ་མན་ངག ་ཇི་ལྟ་བས་སྦྱངས་ལ་གཏོར་པར་བྱའོ། །དཀྱིལ་འཁོར་གི་ལྷ་དང་གཙོ་བོར་བཅས་པ་བདུད་རྩི་དེས་དོམས་ཤིང་བདེ་བས་ཚིམ་པར་བསྒོམས་ལ། སོ་སོར་རིམ་པ་ཡིས་དཀྱིལ་འཁོར་གྱི་བདག་པོའི་སྔགས་ནས་བརྩམས་ནས། ལྷ་ཐམས་ཅད ་ཀྱི་སྔགས་བཟླས་ལ་དེ་རྣམས་ཡོངས་སུ་དགྱེས་པར་བྱའོ། །དེ་ནས་སྔགས་པས་པར་གྱུར་ན་བྱང་ཆུབ་ཀྱི་སྒྲུབ་པ་པོ་སྐྱེ་བོ་གཞན་དག་འཇུག་པ་ལྡོག་པའི་ཕྱིར་དཀྱིལ་འཁོར་དུ་བཀོད་པ་ལ་ཕྱིར་འགྲོ་བར་བྱ་སྟེ། ?་དཀར་པོ་དང་འཕན་དང་? ་མཚན་དང་བ་དན་དང་བཅས་པ་གླུ་དང་གར་དང་རོལ་མོའི་སྒྲ་ལ་སོགས་པའི་ས་ཕྱོགས་སུ་སྟན་བདེ་བ་ལ་འདུག་སྟེ་མདུན་དུ་ཟངས?་མོའི?་ནང་དུ་ཁུར་བ་ལ་སོགས་པའི་ཉ་དང་ཤ་དང་ཟན་དང་ཞོ་དང་འོ?་མ་དང་སྦྲང་རྩི་དར་ཆང་དང་ས་ལི་དང་ཏིལ་གྱིས་བསྲེས་པ་དང། ་སྣ་ཚོགས་པའི་བཟའ་བཅའ་དང་བཏུང་བ་དང་བལྡག་པ་དང་བཞིབ་པའི་རྫས་ཀྱིས་གང་གར་མར་མེ་ལྔ་དང། བདུད་རྩི་དང་མཆོད་རྫས་དང་གདུགས་དང་རྒྱལ་མཚན་དང་མར་མེའི་ཕྲེང་བ་སྟེ། རྫས་གཞན་གྱིས་ཀྱང་དགང་བར་བྱའོ། །མེད་པར་གྱུར་?་? ་དང་ཆུ་ཙམ་གྱིས་ཐམས་ཅད་གང་བར་མོས་པར་བྱས་ལ། མདུན་ན་གནས་པའི་གཏོར་མ་ལ་བལྟ་ཞིང་དེ་ལ་ཆོ་ག་བཞིན་དུ་འབར་བ་ལ་སོགས་པ་དང་ཡེ་ཤེས་ལྔའི་བདག་ཉིད་ཀྱིས་རིམ་པས་སྦྱན་པར་བྱའོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ་བར་སྣང་བ་ཧཱུཾ་ཡིག ་ལས་སྐྱེས་པའི་རྡོ་རྗེ་སྔོན་པོ་རྩེ་མོ་གྱེན་དུ་བལྟས་པ་བསྒོམས་ལ། དེའི་འོག་ཏུ་ཨ་ཡིག་ལས་སྐྱེས་པའི་ཐོད་པ་དམར་པོ་ཁ་གྱེན་དུ་ཕྱོགས་པའོ། །ཐོད་པ་དེའི་དབུས་སུ་ཨོཾ་གྱིས་བྱིན་གྱིས་བརླབས་པའི་བདུད་རྩི་ལྔའི་གཟུགས་སུ་གྱུར་པར ་གཏོར་མ་བལྟའོ། །དེ་ནས་རྡོ་རྗེ་དང་ཐོད་པ་མཉམ་པར་སྦྱོར་བ་ལས་མེ་བྱུང་སྟེ་མེ་ལོང་ཡེ་ཤེས་དང། དེས་གདུངས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་གདུངས་པས་ཞུ་ཞིང་འོད་འབར་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་དང། །ཡེ་ཤེས་ཀྱི་རང་བཞིན ་དང་ཉི་མའི་དཀྱིལ་འཁོར་དབྱེ?་བ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཏེ། དེའི་འོད་ཟེར་གྱི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་རྣམ་པར་བཞུགས་པའི་དེ་བཞིན་གཤེགས་པ་མ་ལུས་པའི་གཟུགས་བལྟས་ལ། འོད་ཟེར་དེ་ཉིད་ཀྱི་དེའི་ཡེ་ཤེས་ཀྱི་ས་བོན་ལས ་ཡེ་ཤེས་ཀྱི་བདུད་རྩི་བླངས་ལ་བདུད་རྩི་དེ་ཉིད་བླུགས་ཤིང་རོ་མཉམ་པར་བྱས་པ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཏེ། འདི་དེ་ཡེ་ཤེས་ལྔས་སྦྱངས་ལ་བདུད་རྩིའི་མཆོག་ཏུ་བྱ་ཞིང་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པར་བྱའོ།། ་དེ་ནས་མདུན་གྱི་ནམ་མཁའ་ཨི་ཕྱོགས་སུ་ཆོས་འབྱུང་གི་ནང་དུ་ཆུད་པའི་པདྨ་དམར་པོ་འདབ་མ་བརྒྱད་པ་བསྒོམས་ལ། དེའི་ཤར་ཕྱོགས་ལ་སོགས་པའི་འདབ་མ་ལ་རིམ་པ་ཇི་ལྟ་བ་བཞིན་དུ་དབང་པོ་དང། གཤིན་རྗེ་དང་ཐུ་ལྷ་དང་རྣམ ་ཐོས་སོ། །དབང་ལྡན་ཡ་ཐོག་མ་པའི་མཚམས་ཀྱི་འདབ་མ་?་འདོར་?་དོན་བྲལ་དང་རླུང་ལྷ་སྟེ། ཧཱུཾ་ཡིག་ལས་སྐྱེས་ཤིང་མདོག་ནག་པོ་ཞལ་གཅིག་པ་ལག་ན་རྡོ་རྗེ་དང་དྲིལ་བུས་སྦྲེལ་བ་རང་དང་འདྲ་བའི་རིག་མ་ལ་འཁྱུད་པར་ཡས་བརྐྱང་བས ་གནས་པ་མི་བསྐྱོད་པའི་ཅོད་པན་ཅན་བསྒོམ་པར་བྱའོ། །ཆོས་འབྱུང་གི་ནང་བརྒྱད་པོ་དེའི་སྟེང་དུ་ཉི་བློ་ཚངས་པ་ལ་སོགས་པའི་ལྷར་ལྡན་པ། རྒྱལ་ཆེན་བཞིའི་རིས་དང་ལྡན་པ་སུམ་ཅུ་རྩ་གསུམ་དང། འཐབ་བྲལ་དང། དགའ་ལྡན་དང། ་འཕྲུལ་དགའ་དང། གཞན་འཕྲུལ་དབང་བྱེད་དོ། །འདོད་པ་ན་སྤྱོད་པ་དང་ལྔ་?། །ཚངས་འཁོར་དང། ཚངས་པ་མདུན་ན་འདོན་དང། ཚངས་པ་ཆེན་པོ་སྟེ། བསམ་གཏན་དང་པོ་དང་ལྡན་པ་དང། འོད་ཆུང་དང་ཆེད་མེད་འོད་དང། འོད ་གསལ་ཏེ། བསམ་གཏན་གཉིས་པར་སྐྱེས་པ་དང། དགེ་ཆུང་དང། ཚན་མེད་དགེ་དང། དགེ་རྒྱས་ཏེ། བསམ་གཏན་གསུམ་པར་སྐྱེས་པ་?། སྤྲིན་མེད་འོད་དང། བསོད་ནམས་སྐྱེས་དང་འབྲས་བུ་ཆེ་དང། མཆེ་བ་དང། མི་བརྐྱང་བ་དང། ་ཤིན་ཏུ་མཐོང་བ་དང། གྱ་ནོམ་སྣང་བ་དང། འོག་མི་ནན་གནས་པ་སྟེ། བསམ་གཏན་བཞི་པ་ལས་སྐྱེས་པ་གཟུགས་ན་སྤྱོད་པ་དང་ལྡན་པའོ། །བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ན་གནས་པ་དང། འོད་ཟེར་ཅན་ཀྱི་འཇིག་རྟེན་གྱི་ཁམས་ན ་གནས་པ་དང་ལྡན་པ་སྟེ། ཨོཾ་ཡིག་ལས་སྐྱེས་པ་སྐུ་མདོག་དཀར་པོ། །རྡོ་རྗེ་དང་དྲིལ་བུ་འཛིན་པ་འཁོར་དང་བཅས་པ་རང་དང་འདྲ་བའི་རིག་མ་དང་ལྡན་པ། གཡས་བརྐྱང་པས་གནས་པ་རྣམ་པར་སྣང་མཁར?་གྱི་ཅོད་པན་ཅན་བསྒོམ་པར་བྱའོ། །དེའི? ་འོག་ཏུ་ཆོས་འབྱུང་གི་ནང་དུ་ནི་མཛའ་ཡས་དང། བ་སུ་ཀ་དང། ཏཀྵ་ཀ་དང། ཀརྐོ་ཊ་དང། པདྨ་དང། པདྨ་ཆེན་པོ་དང། དུང?་སྐྱོད་དང། རིགས་ལྡན་ལ་སོགས་པའི་ཀླུ་དང། ཐག་བཟངས་རིས་དང། པ་ལི་དང། པྲ་ཧ་དང། རྣམ་པར་སྣང་མཛད་ལ་སོགས ་པའི་ལྷ་མ་ཡིན་ཆེན་པོ་ནི་ས་འོག་ན་གནས་པའོ། །སའི་ལྷ་ཡ་དེ་འཁོར་དང་བཅས་པའོ། །ཡང་སོས་དང། ཐིག་ནག་དང། བསྡུས་འཛོམས་དང། དུ་འབོད་དང། དུ་འགོད་ཆེན་པོ་དང། ཆེ་བ་དང། རབ་ཏུ་ཚ་བ་དང། མནར་མེད་པའི་མིང་? ་ཚ་བའི་དམྱལ་བ་ན་རབ་ཏུ་གནས་པ་ཚ་བ་དང་ལྡན་པ་དང། ཆ་བུར་ཅན་དང། ཆུ་བུར་རྡོལ་པ་ཅན་དང། སོ་ཐམས་ཐམས་དང། ཨ་ཆུ་ཟེར་བ་དང། ཨུཏཔ་ལ་དང། པདྨ་དང། པདྨ་ཆེན་པོ་དང་ཞེས་བྱ་བ་གྲང་བ་ན་གནས་པའི་དམྱལ་བ་དང། ཆུ ་དང། སྐམ་དང། རླུང་གི་ཕྱོགས་དེར་རི་བོ་ལ་སོགས་པ་སོ་སོ་ལ་གནས་པའི་སེམས་ཅན་དམྱལ་བའི་རིས་སུ་སྐྱེས་པ་ཁ་དོག་དམར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། རང་དང་འདྲ་བའི་ཤེས་རབ་འཁྱུད་པ། གཡས་བརྐྱང་པས་གནས་པ་འོད་དཔག ་མེད་པའི་ཙོད་པན་ནན་བསྒོམ་པར་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་གོས་རྣམ་པར་བཀྲ་བ་དང་ཐོར་ཚུགས་དང། མེ་ཏོག་དང། རྣ་བར་ཨུཏཔ་ལ་དང། རྣ་ཆ་དང། མགུལ་རྒྱན་དང། དོ་ཤལ་དང། དཔུང་རྒྱན་དང། རྐང་གདུག་དང?་སོར་གདུག ་?་སོགས་པའི་རྒྱན་གྱིས་བརྒྱན་པ། ཤར་ལ་སོགས་པའི་ཕྱོགས་མཚམས་སུ་དྲིས་ཉེ་པར་བྱགས?་པའི་བེ་?་བརྒྱད་ཀྱི་དབུས་སུ་ཆོས་འགྱུར་ལ་གནས་པའི་སྒྲ་སྟེ། །ཤར་དང་དབང་ལྡན་དག་གི་མཚམས་སུ་དྲིས་ཉེ་པར་བྱུགས་ལ་བ་དྷི་ཀ་ནི ་ཆོས་འབྱུང་གི་སྟེང་ན?་གནས་པ་སྟེ། ནུབ་དང་བདེན་བྲལ་དག་གིས་བར་གྱིས་བ་བྷི་ཀ?་ལ་ནི་ཆོས་འབྱུང་གི་འོག་ན་གནས་པའི་ལྷའོ། །ཡང་ན་རང་དང་ཉེ་བ་ཇི་ལྟ་བཞིན་དུ་རིམས་པས་དཀར་མོ་ལ་སོགས་པ་བཀུག་སྟེ་།གཞུག་པ་དང། ་བཅིང་བ་དང། དབང་དུ?་བྱས་ལ། བསང་གཏོར་ལ་སོགས་ཡང་བྱིན་ལ་གཏོར་མ་ལ་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱ་སྟཝ?། དེ་ལ་འདི་ནི་གཏོར་མ་བྱིན་གྱིས་བརླབ་པའི་སྔགས་སོ། །ོཾ་ཨིནད། ཛ་མ། ཛ་ལ། ཛ། ཀྵ?་?་ཧ། བ་ཧ་ནི། ་བ་ཨུ། རཀྵ། ཙནྡྲ། སུཛཛ། མཱ་ད། པདྨ?་ཏ་ལ། པཱ་ཏཱ་ལཾ། ཨ?་སཔྤ་སྭཱ་ཧཱ། ཨི་དཾ་པ་ལིཾ། བྷཱུཾ་ཛ། ཛི་གྷ་ཕུལླ། དྷུ་པ། མཱཾ་ས། གྷཾ་ག་།ཡམ?་སརྦ་ཀཛཛ་སྭཱ་ཧཱ། ཁནྟི་ཁུནྣི། ཕེ་ཊ་གྷ་ཏ། ཨོཾ་ཨ་ཀཱ་ར་མུ་ཁཾ་སརྦ་དྷརྨཱཎཱཾ། ཨཱ་བྱ་ནུཏཔན་ཏྭཱཏ། ་ཨོཾ་ཨཱ:ཧཱུཾ་ཕཊ་སྭཱཧཱ། དེ་ནས་དེ་རྣམས་ཀྱི་ལྕེ་ལ་ཧཱུཾ་ཡིག་དཀར་པོ་ལས་སྐྱེས་པའི་རྡོ་རྗེ་པྲ་ཞིང་མཛེས་པ་བསམ་པར་བྱ་སྟེ། སྤྲོ་བའི་སྤྱོད་པས་དེའི་རང་བཞིན་དུ་བྱས། དེ་ནས་ལངས་ཏེ་རྔ་ལ་སོགས་པའི་སྒྲས་དེ་ལ་མངོན་དུ་ཕྱོགས་ཤིང་རིམ་པ? ་ཇི་ལྟ་བ་བཞིན་དུ་འཁུར་བའི་ཁུང་ལ་སོགས་པ་ཐལ་མོས་ལན་གསུམ་གྱི་བར་དུ་གཏོར་ཞིང་བདུད་རྩིའི་མཆོག་ཏུ་གྱུར་པའི་གཏོར་མོ་དེས་དེ་དག་ཚིམ་པར་བྱའོ། །དེ་ལྟར་ན་ཕྱོགས་སྐྱེར་ལ་སོགས་པ་ལ་གཏོར་མ་ཕུལ་པས། དེ་རྣམས་ཀྱིས་ཉེ ་བར་སྤྱད་དེ། དགའ་བ་དང་ལྡན་པས་སྒྲུབ་པ་པོ་ལ་མངོན་པར་མོས་པའི་དངོས་གྲུབ་སྟེར་ཞིང་ཕྱོགས་པར་བསྒོམས་ལ། ཡང་འཐོར་འཐུང་ལ་སོགས་པ་ཕུལ་ཏེ། མཆོད་པ་རྣམ་པ་ལྔས་མཆོད་ལ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟོད་ཅིང། ཐོད ་པ་ན་གནས་པའི་བདུད་རྩི་མྱངས་ལ་བཟོད་པར་གསོལ་ཏེ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་གསོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང། །སླར་ཡང་བྱོན་པར་མཛད་དུ་གསོལ། །ོཾ་ཨཱ:ཧཱུཾ་བཛྲ ་མུ:ཞེས་བྱ་?་འདིས་གཤེགས་སུ་གསོལ་བར་བྱའོ། །གཤེགས་ནས་ཀྱང། དེ་རྣམས་རབ་ཏུ་དགའ་བའི་ཡིད་དང་ལྡན་པས་རང་རང་གི་གནས་སུ་གཤེགས་པར་བལྟའོ། །གཏོར་མའི་ཆོ་གའོ། །དེ་ནས་སློབ་དཔོན་གྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པའི ་སྔགས་པས་རྡོ་རྗེ་དང་དྲིལ་བུ་ལག་ཏུ་གཟུང་སྟེ། གཡས་བརྐྱང་པའི་གོ་འཕང་གིས་གནས་ལ། ཀྱེ་རྡོ་རྗེ་ཕྱག་གཉིས་པའི་རྣལ་འབྱོར་དང་ལྡན་པས་མེ་ཏོག་སྔོན་པོའི་ཕྲེང་བ་བླངས་ལ། ཧཱུཾ་ཧཱུཾ་གི་སྒྲ་བརྗོད་པར་བྱ་བ་དང། ཧི་ཧིའི་རྣམ་པར་འཇིགས་པའི་དང ་ཚུལ་དང་རྡོ་རྗེའི་གོ་འཕང་དང། རྡོ་རྗེའི་གར་གྱིས་ཤུགས་ཀྱིས་དཀྱིལ་འཁོར་དུ་ཞུགས་ལ་དྲིལ་བུ་དཀྲོལ་ཞིང་སྐོར་བ་གསུམ་བྱས་ལ། དམན་པ་དང་སྟོངས་པའི་ཉེས་བཞི་བར་བྱ་བའི་ཕྱིར་དཀྱིལ་འཁོར་ལ་བལྟས་ལ། མེ་ཏོག་གི་ཕྲེང་བ་སྔོན་པ ་བཅོམ་ལྡན་འདས་ལ་ཕུལ་ཏེ། སླར་གར་གྱི་སྦྱོར་བས་བླངས་ལ་རང་གི་སྤྱི་བོར་བཅིངས་ཏེ། དཀྱིལ་འཁོར་ལ་མཆོད་པ་ཆེན་པོས་མཆོད་པར་བྱའོ། །ཀོ་ཤ་ཏས་ཀར་ཀར་ཙུ་ར། མར་དང་སྦྲང་རྩིས་སྦྱར་བ་ཡིས། །དཀྱིལ་འཁོར་མདུན་དུ་སྤོས་རྣམས ་ནི། རྟག་པ་དགྱེས་མཛད་དགོད་པར་བྱ། །སྲོག་དང་ཀུན་དུར་གླ་བ་དང། །རྒྱ་མི་ལས་ནི་འབྱུང་བ་རྣམས། །རིན་ཆེན་རྒྱལ་བོ་དགྱེས་པའི་སྤོས། །བུ་རམ་གྱིས་སྦྱར་ལྷོ་ཡི་ཆར། །པ་པི་ཏ་སྐྲ་པྲ་བ་ག། ས་དི་དྲི་དང་ས་ཏིར་བྱས། །འོད་དཔག་མེད་ནི ་དགྱེས་པའི་སྤོས། །ཁ་ཤར་གྱིས་སྦྱར་རྒྱབ་ཏུ་བཞག་།ཙནདན་གཉིས་དང་ག་པུར་དལ། །གླ་བ་སེན་མོ་སལ་ལ་ཀི། དོན་ཡོད་གྲུབ་པ་དགྱེས་པའོ་སྤོས། །མར་གྱི་སྦྱར་ལ་གཡོན་དུ་བཞག་།དཔལ་དུ་མི་སྐྱོད་ཁ་ཆེ་དང། ཕ་ལི་ནི་རང་རྒྱ་མཚོ་སྐྱེས།། ་དཔལ་ལྡན་ཁྲག་འཐུང་དགྱེས་པའི་སྤོས། །།བ་ར་ཡིས་སྦྱང་རང་མདུན་དགོད། །པོ་ལ་གླ་བས་རྫའི་དབང། ཀོ་སི་ཨ་སྲོག་འདབ་མཉམ་པ། །ཏིལ་དམར་གྱིས་བསྒྲོས་མར་མེ་ནི། །འོད་ལྡན་མཚམས་སུ་དགོད་པ་བྱ། །གལ་ཏེ་འདུབ་ཚེགས་བ་ཡོད་ན ་དཀྱིལ་འཁོར་ལས་མོ་རིང་བར་བསྟེན་བཀུར་?་པས་ཤར་ཕྱོགས་ཀྱི་མར་ནི་བཅོམ་ལྡན་འད་སྨ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གདོན་པར་བྱའོ། །ལྷོར་ནི་རིན་པོ་ཆེའི་ཏོག་གོ། ནུབ་ཏུ་ནི་སྡོད་པོ་བརྒྱན་པའི་མདོ་སྡེའོ། །བྱང་དུ་མི་ཟླ་བའི་སྒྲོན་མའི ་མདོ་སྡེའོ། །གར་ལ་སོགས་པ་དང་ཕག?་རྡོབ་པ་ཡང་ཕྱོགས་བཞིར་བྱའོ། །དེ་ནས་ཡང་མེ་ཏོག་བཟང་པོ་སྣ་ཚོགས་པ་ལ་ཨོཾ་བཛྲ་པུཥཔེ་?་ཧཱུ་སྭཱ་ཧཱ་ཞེས་བྱ་བའི་སྔ་བས་འདིས་བཅོམ་ལྡན་འདས་ལ་དབུལ་བ?་བྱའོ། །ོཾ་? ་པེ་ཨཱ:ཧཱུཾ་སྭཱ་ཧཱ་ཞེས་བྱ་བ་འདིས་ལྷན་ཅིག་སྐྱེས་པ་ཡང་དག་པར་སྦྱར་བའི་སྤོས་སོ། །ོཾ་བཛྲ་དཱི་དེ་ཨཱ(རྒྱུད་འགྲེལ་པོའི་ལྟ་བཤེས་སོ། །གཞན་ཡང་མཆོད་པའི་རྫས་ནི་ཧཱུཾ་ཡིག་ལས་བསྐྱེད་པ་བྱས་ལ་ཡི་གེ་གསུམ་གྱིས་ཕུལ་ལ་བསྟོད་པ་དང་བདུད་རྩི་མྱང་བར་བྱའོ། །དེ་ནས་ཆོ་ག་དམན་པ་དང་སྟོང་པ་ཡོང་སུ་རྫོགས་པར་བྱ་བས་ཕྱིར་དཀྱིལ་འཁོར་ལ་སྔར་ཕྱག ་འཚལ་བའམ། ཡང་ན་མོས་པ་ཡིས་ལས་ཐམས་ཅད་པའི་ཐབ་ཁུང་དུ་རྒྱས་པའི་སྦྱིན་སྲེག་བྱ་སྟེ། དཀྱིལ་འཁོར་གྱི་ལྷོ་ཕྱོགས་ཤར་ཕྱོགས་ཀྱི་ཆངས་སེར་པོ་ལ་ཞེང་དུ་ཁྲུ་གང་གི་ཚད་ཙམ་བརྐོས་ལ་ཞབས་སུ་ནི་སོར་བཅུ་གཉིས་ཏེ། རྡོ་རྗེའི་ཕྲེང ་བས་བསྐོར་ཞིང་དབུས་སུ་ནི་བཾ་དྷི་ཀའི་མཚན་མ་གནས་ཤིང་རིང་ཐུང་སོར་བརྒྱད་པ་གཙོ་བོའི་མཚན་མ་བྱིན་གྱིས་བརླབས་པ་དབུས་སུ་སྟེ། སྟེང་དུ་སོར་པའི་བར་མཚམས་པོར་ལ་ཞེང་དང་དབང་སུ་ནི་སོར་བཞི་པ་པདྨ་རྒྱས་པའི་རྣམ་པ་ལྟ་བུ་ལ ་ཕྱོགས་རྣམས་སུ་ནི་རྡོ་རྗེ་རྩེ་ལྔ་བས་མཚན་ཅིང། མཚམས་སུ་ནི་རྡོ་རྗེ་རྩེ་གསུམ་པ་བསྐོར་ཞིང་ཁྲུ་གང་ཙམ་གྱིས་ཐབ་ཁུང་གིས་དང་ལྡན་པའི་ཐབ་ཁུང་བྱས་ལས་སེར་པོས་བྱུག་ཅིང། དཀྱིལ་འཁོར་གྱིས་ཡང་ལྕི་བས་ཉེ་བར་བྱུགས་པ། ་ཡང་དེ་གཉིས་ག་དྲི་སེར་པོ་དང་བདུད་རྩི་ལྔས་བསྲེས་ལས་ཉེ་བར་བྱུགས་པ་བྱས་ལ། མེ་ཏོག་བཟང་པོ་ཁྲ་བོ་འམ། མེ་ཏོག་སེར་པོ་དུས་གསུམ་དུ་དགྲམ་པར་བྱའོ། །དེ་ནས་ཐབ་ཁུང་ཤིས་བདེ་ལ་ནང་ལ་ནི་ལོ་མ་འམ། ཤ་ལའི་བར་ནི ་འམ། ཆུ་ཤིང་གི་ལོ་མ་འམ་གོས་ཕྲ་མོས་ཀུན་ནས་དགབ་པར་བྱའོ། །འབྱོར་པར་མ་གྱུར་ན་རྡུལ་ཚོན་གྱི་ཐབ་ཁུང་བྲི་བར་བྱའོ། །དེ་ནས་ཁྲུས་དང་དྲི་ཞིམ་པོ་ཡིས་ཡན་ལག་དང་གོས་ཁྲ་བོས་བརྒྱན་པ་དང། མེ་རྟོག་ཕྲེང་བ་དང་ཐོད་ཚུགས་དང་ཡིད་རབ་ཏུ ་དགའ་བས་སྟན་བཟང་པོ་ལ་འདུག་པ་འམ། རྒྱལ་པོའི་རོལ་པས་བསྲུང་བའི་བཟླས་པ་བྱས་ལ་ཁ་བྱང་དུ་ཕྱོགས་པ་འམ་ཁ་ཤར་དུ་ཕྱོགས་པས་ཇི་སྲིད་དུ་མངོན་པར་འདོད་པ་རྒྱས་པར་གྱུར་པ་དེ་སྲིད་དུ་སྔགས་པས་དགའ་བ་དང་ལྡན་པས་རྒྱས་པའི ་སྦྱིན་སྲེག་བྱའོ། །དེ་ནས་མདུན་དུ་བདུད་རྩི་ལྔ་དང་ཆུར་བསྲེས་པས་མཎྜལ་བྱས་ལ། །མེ་ཏོག་གི་བཅལ་ཡང་བཀྲམ་སྟེ། གཡོན་གྱི་ཆར་ཡང་མན་?་ལ་སོགས་པ་གསེར་དམ་དབུལ་ལམ་ཟངས་སམ་རྡོ་ཤིང་དམ་སའི་རང ་བཞིན་ནམ་དུང་ངན་ཉ་ཕ་ཡིས་སམ་?་པུ་ཏ་ལ་སོགས་པ་ལེགས་པར་བཀྲུས་ལ་བདུག་སྟེ་སྣོད་གསུམ་བཞག་ལ། དེ་དག་ཏུ་ཞོ་དང་ཏིལ་དང་བི་ཏའི་དྲིས་ཇི་ལྟར་བརྗོད་པ་བཞིན་དུ་འཇུག་དོགས་ཀྱིས་ཆུས་དགང་བར་བྱའོ། །དེ་ནས་དང་པོའི་སྣོད་ཀྱི་ཆུ་ལ་ཨོཾ ་གྱི་མཛའ་ཅན་ལས་ཐམས་ཅད་པའི་སྔགས་ཀྱིས་ལན་བདུན་གྱི་བར་དུ་བསྔགས་སོ། །སྣོ?་གཉིས་པའི་ཆུ་ལ་ནི་ཡི་གེ་གསུམ་གྱི་བར་དུ་ཆུད་པའི་རང་གི་ལྷའི་སྔགས་ཨོཾ་གྱི་མཛའ་ཅན་གྱིས་བཞག་བདུན་གྱི་བར་དུ་བསྔགས་པར་བྱའོ། །དེ་ནས་མདུན་དུ་མན་ཇི་གཉིས་ལ ་བཟེད་ཞལ་གཉིས་ཀྱིས་སྣོད་བཞག་ལ་སྔ་མ་བཞིན་དུ་དགོད་པར་བྱའོ། །གཡས་ཀྱི་ཕྱོགས་སུ་པུད་ཤིང་ལ་མངར་གསུམ་དང་ལྡན་པ་དང། ཟན་བཟང་པོའི་ཆངས་ལ་ཞོ་མར་གྱི་སྦྲང་རྩིར་ལྡན་པ་ཏིལ་ནག་པོ་དང་སོ་བ་དང་མང་དུ་ལྡན་པ། ས་ཏིའི་མེ་ཏོག་དང་? ་བའི་འབྲས་བུ་དང་སཱ་ལུ་དང་འབྲས་ཐུག་པོ་ཆེ་དང་ནས་སོ་བ་དང། ནས་དང་གྲོ་དང་རྒྱལ་པོ་སྲན་མ་དང། སྲན་མ་ཤ་དང་པདྨ་དང་ན་ག་གསེར་དང་ཀར་ནི་ཀ་དང། མེ་ཏོག་དམར་པོ་ལ་སོགས་པའི་སྲེག་རྫས་ལ་ལས་ཐམས་ཅད་?་ཆུས་བཏབ་ལ་དགོད་པར་བྱའོ། །དེ ་ནས་བགེགས་ཉེ་བར་?་བར་བྱ་བའི་ཕྱིར་གཏོར་མ་བྱིན་ལ། ལྷའི་རྣལ་འབྱོར་དུ་བྱས་པའི་རྣལ་འབྱོར་པས་མཆོད་སྦྱིན་གྱི་ཤིང་ལས་བྱུང་བའི་ཐབ་ཁུང་ནས་འབུས་བཟོས་པའི་བུད་ཤིང་བླངས་ལ། དགེ་འདུན་གྱི་ཚང་མང་ནོར་བུ་ལས་? ་རྒྱལ་པོའི་ཆད་?་ནས་མེ་ཆེན་པོ་མེ་བླངས་ལ། སྣོད་གཙག་མར་གཞག་ལ་འོ་མ་དང་ལྡན་པའི་བུད་ཤིང་སྐམ་པོས་སྦར་ལ། དེ་ནས་དེའི་ཡི་གེ་གསུམ་གྱིས་བུས་ལ་ལས་ཐམས་ཅད་པའི་ཚུལ་ཀུ་ཤའི་བསང་སྦྲེལ་གྱི་རྩེ་མོ་ནས་གཟུང་ལ་ལྷན་གསུམ་གྱི་བདུད་? ་གཏོར་ཏེ། ཐབ?་ཁུང་གི་དབུས་སུ་ཤིང་སྐམ་པོའི་ཚལ་དཱུམ་རྩཝ་སྒམ་པོ་དུད?་བཅས་པས་གཞུག་བར་བྱའོ། །དེ་ནས་ཨོཾ་ཛཝ་ལ་ཛཝ་ལ་ཧཱུཾ་ཞེས་བྱ་བའི་སྔགས་བཟླས་ལ་རླུང་ཡབ་ཀྱིས་སྤར་བར་བྱ་ཞིང། རིགས་ཀྱི་སྙིང་པོས་ལན་བདུན་གྱི་བར་དུ་བསྔགས་པའི་མར་? ་བླུགས་ལ་སྦར་བར་བྱའོ། །དེ་ནས་ཨོཾ་ཨཾ་མེ་ཀུ་ཤ་ཤུ་བྷ་དེ་བྱ་བ་པུ་ཏྲ་བྲཧམ་བ་བི་ཏྲེ་ཎ་བུདྡྷ་དྷརྨཱ་སཾ་ཧ་རེ?་ཀཱ:པྲི་ཐི་བི་ར་སཾ་བཛྲ་ཏ་གཾ་བྷ་ཨ་བིགྷཾ་མ་མ་ཤཱནྟི་ཀུ་རུ་བརླུ་ཨོཾ་བཛྲ་སཏྭ་ཨཱ:འདིས་ལན་བདུན་གྱི་བར་དུ་བསྔགས་པའི་ཀུ་ཤ་རྩ་བ་ནས་བཏོན་ཅིར ་གསར་པ་དྲི་མས་མ་གོས་པ་མཆད་པ་ཐ་དང་པ་ན་ཡིན་པ་སྲིན་གྱིས་སོ་བཏབ་པ་མ་ཡིན་པ་ཤིན་ཏུ་རིང་བ་མ་ཡིན་པས་བསྐོར་བར་བྱའོ། །བེ་དྷི་ཀའི་ཤར་དུ་ཁ་བལྟ་ཞིང་སྦྱིན་པ་དང་གཤིན་རྗེ་ནས་ནུབ་ཏུ་ཁ་བལྟས་པ་དང། བྱང་དུ་རྩེ་མོ་བསྟན་ལ ་མེ་ནས་ཤར་བརྩེ་མོ་བསྟན་པར་བྱའོ། །དེ་ནས་རང་གི་ལྷའི་ས་བོན་ལས་ཐག?་དུད་བསྐྱེད་ལ་དེ་ནས་མེ་འབར་བ་དེའི་དབུས་སུ་རེ་ཕ་དང་བཅས་པའི་དཀྱིལ་འཁོར་ཟུར་གསུམ་པ་དང་པོ་མཆོག་གི་ཐུགས་ཀྱིས་གཟུགས་ལ། ཨོཾ་ལས་ཡོངས་སུ་གྱུར་པའི་པདྨ ་པ་གནས་པའི་ཡི་གེ་ཧཱུཾ་ལས་སྐྱེས་པ་ཁ་དོག་སེར་པོ་དབུ་སྐྲའི་ཐོར་ཚུགས་ཅན་གཡས་ན་དགྲད་ཕྲེང་དང་མི་འཇིགས་པ། ཕྱག་གཡོན་སྤྱི་བླུགས་དང་དབྱུག་པ་འཛིན་པ། །གསུས་པ་འཕྱང་བ་ན་བཟའ་སེར་པོ་ཅན་ཚངས་སྐུད་དང་ལྡན་པ་འོད་ཟེར་སེར་ཞིང་གདན ་སེར་པོ་ལ་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་མེ་ལྷ་རྣམ་པར་བསྒོམས་ལ། ནམ་མཁའ་ཡང་ཡེ་ཤེས་སེམས་དཔའ་བལྟས་ལ་སྔགས་འདོན་ཞིང་སྤྱན་དྲང་བར་བྱ་སྟེ། ཨོཾ་ཨགན་ཡེ་མ་ཧཱ་ཏེ་ཇེ་སརྦ་ཀཱ་མཱརྦ?་པྲ་སྭཱ་དྷཀཱ?། ཀཱ་རུ་?ཀྲི་ཏྭཱརྭ?། ཨ་སྭ་ན་སནི་ཧ་ཏོ་བྷ་བ་ཞེས་བྱ ་བས་སོ། །དེ་ནས་ཡེ་ཤེས་ཀྱི་མེ་ལྷ་སྤྱན་དྲངས་ཏེ། དེ་ཉིད་གསུམ་གྱི་དབུས་སུ་ཆུད་པའི་ཊཀྐིའི་སྔགས་ཀྱིས། མདུན་གྱི་ནམ་མཁའ་ཨི་ཕྱོགས་སུ་པདྨའི་གདན་ལ་དགོད་ཅིང་དེ་དང་ལྷན་ཅིག་ལྷག་པའི་བགེགས་ཧཱུཾ་ཡིག་གིས་བསྐྲད་ལ། ཆུ་སྣོད་དང་པོ་ལས་ཀུ་ཤའི?་གཙང་བསྲེས ་གྱིས་དང་པོའི་བཟེད་ཞལ་དུ་བསང་གཏོར་ལན་གསུམ་དབུལ་ལོ། །དེ་ནས་མཐེ་བ་མཛུབ་གཉིས་ཀྱིས་སྣོད་གཉིས་པ་ན་གནས་པ་ན་མེ་ཏོག་དང་བཅས་པའི་ཆུ་བླུགས་ལ་དེ་བཞིན་དུ་འཐོར་འཐུང་ལན་གསུམ་དབུལ་བར་བྱའོ། །དེ་ནས་ཛ་ཧུ་བཾ་ཧོ་ཁཾ་རཾ་པྲ་བར་སཏྭ་ཀཱ་?་ཨགྷཾ?་པ་ཏཱིཙཏ? ་སྭཱཧཱ་ཞེས་བྱ་བའི་སྔགས་བརྗོད་པ་རྡོ་རྗེ་རྩེ་མོ་ཁ་ཕྱེ་ནས་ཆུ་སྟོད་གསུམ་པ་ན་བེ་སྣོད་གཉིས་པར་མཆོད་ཡོན་ལན་གསུམ་གྱི་བར་དུ་དབུལ་བར་བྱའོ། །དེ་ནས་ཨོཾ་ནི་རོ་ཏི་ཧཱུཾ་ཁཾ་པྲ་བར་སཏྭཱ་ར་སཱ་དྱཱཾ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་བྱ་བ་འདིས་དེ་ན་གནས་པའི་ཆུ་ཉིད་ལས་མཐེབ་མཛུབ་སྦྱར་བས ་མེ་ཏོག་དང་བཅས་པ་བླངས་ཏེ་དེ་བཞིན་དུ་དལ་བས་ལན་གསུམ་གྱི་བར་དུ་ཞབས་ལ་དབུལ་བར་བྱའོ། །དེ་ནས་ཨོཾ་ཨརྒན?་ཡེ་ཨཱ་དི་ཕྱཱ་བི་ཤཱ་བི་ཤ་མ་ཧཱ་ཤཱི་ཡི་ཧཱ་ན་ཡེ་སྭཱཧཱ་ཞེས་བྱ་བའི་སྔགས་ཀྱིས་དེ་བཀུག་ལ་དམ་ཚིག་གི་མེ་ལ་གཞུག་པ་དང་བཅིང་པ་དང ་དབང་དུ་བྱ་བ་དང། འདིའི་མིག་དང་ལུས་ལ་སོགས་པ་བྱིན་གྱིས་བརླབས་དང། །དབང་ཡང་བྱ་སྟེ། ཡང་བསང་གཏོར་ལ་སོགས་པ་དང་ཚེ་གའི་རྗེས་སུ་འཇུག་པ་སྔར་བརྗོད་པའི་སྔགས་ཉིད་ཀྱིས་མཆོད་པ་རྣམ་པ་ལྔ་ཡིས་མཆོད་པ་ལ་ཡང་དག་པར་གྲུབ ་པའི་མལ་མངོན་པར་བསྟོད་པར་བྱའོ། །དེའི་རྗེས་ལ་གསེར་རཾ་ཟངས་སམ་མཆོད་སྦྱིན་གྱི་ཤིང་ལས་བྱས་པ་སྐྱེས་བུའི་མཐེབ་སོར་གྱི་ཆད་དང་ལྡན་པ་སྟེ། སོར་ཉི་ཤུ་བཞི་པ་ཆང་གཟུངས་ལ་རྡོ་རྗེས་མཚན་པ་རྣལ་འབྱོར་དབྱུག་པའི་སྟེང་དུ་ན་སོང་བཞི་བ ་ལ་གྲུ་བཞི་པ་ཟབས་སུ་སོར་གཉིས་ཁྲུས་པ་དང་པོ་མཆོག་གིས་རྡོ་རྗེས་མཚན་པ་གུང་མོའི་ཚེད་ཀྱིས་རོ་འབར་པའི་?་པ་དང་ལྡན་པ། དེའི་?་ནས་ཟབ་ཏུ་སོར་བཞི་པ་ལ་དབུས་རྩེ་མོར་ཐུག་པ་དང་བཅས་པ་སྟེ། རྩེ་གསུམ་པའི་རྡོ་རྗེའོ?། རྩེ་གསུམ་རྡོ་རྗེའི ་དབུས་སུ་པདྨའི་འདབ་མའི་རྣམ་པའོ། །དབྱུག་པའི་འོག་ཏུ་ནི་སོར་དྲུག་པའི་རྡོ་རྗེ་རིན་པོ་ཆེའི་བླུགས་གཟར་ཏེ། དེ་དང་རྗེས་སུ་མཐུན་པའི་དབྱུག་པ་ལ་རྡོ་རྗེ་རིན་པོ་ཆེ་དང། རྒྱད་ནི་སོར་གཉིས་པ་པདྨའི་འདབ་མའི་རྣམ་པ་ལ་ཟབས་སུ་སོར་གང་ཙམ་བརྐོས་ལ་དབུས་སུ་རྡོ་རྗེ ་མཆོག་གི་རྡོ་རྗེས་མཚན་པའི་དགང་གཟར། དེའི་ཁལ?་ནི་རང་གི་ལྷའི་ས་བོན་དང་མེའི་བར་ཡང་རི་ཡིག་བཀོད་ལ་པུས་མོའི་ནང་ནས་ལག་པས་ཁ་གྱེན་དུ་བལྟས་ཏེ། ལག་པ་གཡོན་པས་མར་གྱིས་བཀང་པའི་བླུགས་གཟར་བླངས་ལ་ལག་པ་གཡས་པ་ལ ་སྤུབ་སྟེ་བླུགས་གཟར་ལ་བསྐྱོན་པའི་དགང་གཟར་བླུགས་གཟར་མར་གྱིས་བཀང་ལ་ཨོཾ་ཨགན་ཡེ་ཨོཾ་ཨ་མུ་ཀ་སྱ་དུ་?་དུ་ཨོཾ་ཞེས་བྱ་བའི་སྔགས་ཀྱིས་སྲེག་རྫས་ལ་བསྲེགས་པའི་མེ་ལྷའི་ཁ་ཅུང་ཞིག་དབྱེའོ། །དེ་ནས་དགང་གཟར་དང་བླུགས་གཟར་དུ ་བཅས་པས་བསྐོར་བ་བྱས་ལ། ཨོཾ་ན་མ(རྒྱུད་འགྲེལ་མི་དགེ་བའི་ལྟས་བརྟག་པར་བྱ་སྟེ། མེ་ནི་རྩི་གཅིག་འབར་བ་ཡིས། །སྦྱོར་བ་ཐམས་ཅད་བྱེད་པར་འགྱུར། །གཡོ་བ་མེད་པས་མཉམ་འབར་པ། །རྩེ་གཉིས་པ་ནི་འབྲིང་པོར་ཤེས། །གལ་ཏེ་འབར་ལ་རྩེ་བཞི་པ། །ལེགས་པར་མཉམ་གནས་ན་ཐོར་ནས ་ནི། དེས་ན་རྟག་ཏུས་རྣམས་ཀྱིས། །རྒྱ་མཚོ་བཞི་ཡི་སྐ་རགས་སོ། །ཀུན་ད་ཟླ་བ་མཚུངས་པ་སྣུམ་པ་ཡིས། །བེ་ཌཱུརྱ་གཟུགས་བཟང་བོའི་འོད། །དུ་བ་མེད་ཅིང་དི་བྲལ་མེ། །ནང་མེད་རིག་རྒྱུད་འཕེལ་བར་བྱེད། །ཆུ་ཤེལ་ནོར་བུ་མཚུངས་པ་ཡི། །? ་ནི་རྣམ་པ་འདྲ། །པུ་ཡ་རག་ལྟ་བུ་ཡིས། །སྡིག་པ་འཕྲོག་ཅིང་དངོས་གྲུབ་སྟེར། །ལམ་བུ་ཆུ་ཤེལ་དབང་པོའི་གཞུ། །གློག་དང་བྱི་རུ་དང་མཚུངས་ལ། །གསེར་སྦྱངས་ཨིནྡྲ་ནཱི་ལ་དང། །ཉི་འོད་རྒྱལ་སྲིད་ལོངས་སྤྱོད་གཏེར། །ཙམ་པ་འདབ་སྐྱེས་ཨུཏཔལ་སོ། །མ ་ལ་ཏི་དྲི་བསིལ་དང་ལྡན། །ག་བུར་ཨ་རུ་ཥ་ཡི་དྲི། །རིགས་པའི་གནས་ཀྱི་བདག་པོ་སྟེར། །གླང་ཆེན་རྟ་དང་ཁྱུ་མཆོག་སྒྲ། །དུར་བ་ཀིང་གི་ལ་ཡི་སྒྲ། །ཡུལ་འཇུག་འདུས་ཀྱི་སྤྲིན་སྲེག་གིས། །སྒྲ་རྣམས་འཛོམས་ཤིང་རྣམ་པར་རྒྱལ། །པི་བར་གླིང་བུ་མེ་དང ་འགའ་། །པདྨ་དུང་དང་ཀ་ཧའི་སྒྲ། །ཤིན་ཏུ་ཟབ་ཅིང་ཤིན་ཏུ་སྣུམ། །སྒྲ་མེད་མེས་ནི་བདེ་བསྟེར། །དཔལ་བྱེད་གདུགས་དང་དུང་དང་པད། །རྩེ་མོ་གསུམ་པོ་དག་གིས་ཚུལ། །རྒྱལ་མཚན་རྔ་ཡབ་རྡོ་རྗེ་མཆོག་།གླུ་དྲུང་རྟ་དང་གླང་པོའི་ཚུལ། །མར་བསེགས? ་དབང་བཟང་རྣམ་པ་དང། །གདན་བཟངས་ཉི་མའི་རྣམ་པ་དང། སྒྲ་མེད་གཡས་ནས་སྐོར་བྱེད་ཅིང། །གོང་བུ་གཅིག་པས་དོན་ཆེན་སྟེར། །དགེ་བ་ཡིན་ནི་མཚན་ཉིད་དོ། །གཡོ་ཟིང་མདོན་དུ་ཕྱོས་ཤིང་འབར། །རྩི་གསུམ་པ་ལ་དུ་བར་བཅས། །འཁོར ་ཞིང་མེ་སྟག་འཕྲོ་བར་བཅས། །ལུས་ངག་ཡིད་ལ་ནང་རྣམས་བྱེད། །གང་ཞིང་ཧོཾ་མཁན་སྲེག་པའི་ཚུལ། །མེ་ལྕེ་རྩེ་གསུམ་ལྷག་པ་འདྲ། །མེ་ལྕེ་ཆད་ཅིང་འོད་ཟེར་བྲལ། །ལངས་ན་དེ་ཡིས་འཆི་བ་སྟེ། །མེ་གང་མྱུར་དུ་གཡོ་བྱེད་ཅིང། །མྱུར་དུ་རྒོད ་ཅིང་ནི་ཁཱ་ན། །གཡོན་ནས་མྱུར་དུ་འཐོར་བྱེད་ཅིང། །མྱུར་དུ་ས་ལ་རེག་བར་བྱེད། །འདི་ནི་ཤིང་མཛེལ་ཐེག་ལེ་གནག། རིགས་རྒྱུད་ཉམས་ཤིང་ཁུ་བར་སྨྲ། །རྒྱལ་བའི་བཞོན་པར་ཉམས་པའམ། །ཡང་ན་དེའི་དཔོན་པོ་འཆི། །མདོག་བྲལ་དུ་བ་སེན? ་ནག་དག?། །སྐྱོབས?་མདོག་དང་ཤིན་ཏུ་བསྲེས?། །རྩུབ་?་ལས་དམར་?། །འདོད་པའི་དོན་ནི་ཉམས་པར་བྱེད། །དེ་ཡང་?་དྲི་དྲི་མ་?། །ཆུ་སྐྱེས་སྲོག་ཆགས་དྲི་དང་ལྡན། །རྡུལ་དང་བྱིན་ལ་མ་ཧེ་དང། ཅེ་སྦྱར་གཏུམ་པ་དྲི་ཡི་ཆ། །བྱ་རོག་རྡུལ་གྱི་དྲི་དུག?་ ་གཾ་བཤུང་བ་དྲི་མའི་དྲི་དང་ལྡན། །གལ་ཏེ་འདི་འདྲའི་མེར་གྱུར་ན། །གཙོ་བོ་རྒུད་བར་སྒྲ་བར་བྱེད། །ཙ་ཏ་ཙ་ཏའི་སྒྲ་ལ་སོགས། །འུར་འུར་ཞེས་པའི་སྒྲ་དང་ལྡན། །འཚོག་འཚོག་སྒྲ་ཡི་རང་བཞིན་མ། །རྡོ་རྗེ་སྒྲ་ཡིས་ནོར?་ཉམས་བྱེད། རལ ་གྲིའི་རྩེ་མོར་ཟུང་འདྲ་དང། །རྔ་མོ་བ་ལང་མགོ་དང་མཚུངས། །གང་འདི་འཇིགས་པའི་རྣམ་པ་སྟེ། །གལ་ཏེ་སྦྱིན?་སྲེག་འདི་བརྗོད་ན། །མི་དགེ་བ་ཡི་མཚན་ཉིད་དོ། །དེ་ལྟར་ཤེས་པར་བྱས་ནས་གལ་ཏེ་སྔགས་པས་མི་དགེ་བའི་ལྟས་མཐོང་བ་དེ་ལྟན་ན་ནི་ལས་ཐམས ་ཅད་པའི་ཆུ་ཡིས་ལན་བདུན་གཏོར་ཞིང། ལས་ཐམས་ཅད་པའི་སྔགས་ཀྱིས་སྦྱངས་ལ་བསྲུངས་ཏེ་མར་གྱེས་བསྲེགས་པས་ལན་བདུན་བསྲེག་པར་བྱ་ཞིང། ཡང་སྔ་མ་བཞིན་དུ་བསྐོར་བར་བྱའོ། །དེ་ལྟར་བགེགས་མེད་པར་བྱས་ནས་ཡང་མི་ལ ་སྲེག་རྫས་དང་མར་དགར་གཟར་དང་བླུགས་གཟར་གང་བ་གཅིག་གི་གསུམ་འམ་ལན་བདུན་དུ་འབྱོར་ཚད་ཀྱིས་བླུགས་གཟར་དགང་གཟར་ལྡན་པས་དབུལ་བར་བྱ་སྟེ། ཨོཾ་ན་མ(རྒྱུད་འགྲེལ་སྡུགས?་གསུམ་འམ་བདུན་བསྲེགས་ལ། པ?་ལ་ས་དང་ཨུ་དུམྦ་ར་དང། ཨ་མྲ་དང། །ཀ་ཏམྦ་དང། ཀསྨ་རྱ་དང། ཨ་ཤྭ?་དང། པ་ལཀྵ་དང་།ནྱ་གྲོ?་དྷ་ལ་སོགས་པའི་ཡམ་ཤིང་གི་འོ་མ་ཅན་ལས་སྐྱེས་པའི་ཤིང་སར་པ་ལོ་མ་གཉིས ་དང་བཅས་པ་མཉམ་པར་བཅད་པ་དབུས་ཀྱི་ཆ་ནས་ལག་པས་གནང?་ལ་།རྩེ་མོ་གཉིས་མཉམ་བར་གཤིབས་ལ་བདུད་རྩི་དང་དྲི་སེར་པོའི་ཆུས་བཀྲུས་ལ་ཞོ་དང་འོ་མ་དང་མར་ལ་རྩེ་མོ་གཉིས་བསྙུགས་ཏེ། མིང་མེད་དང་མཐེ་བོས་གཟུར་ལ? ་ཡམ་ཤིང་རྩེ་གཅིག་པས་བསྲེག་པར་བྱའོ། །ཡང་ན་སེར་ལྡན་ཉི་མའི་ཤིང་དང་པོ་ལཀྵ་དང། བི་བི་ལིང་དང། ཨོཾ་པ་སྨན་དང། པ་ལ་ཤ་དང་།ུ་དུམྦ་ར་དང་།བྷ་ཏ་དང་།ེ་ཀཾ་ཀ་ཏ་དང་། མྲ་དང། ས་མི་དང་།ཁ་ལྕེ་ལས་སྐྱེས་རང?་ཤིན་ཏུ ་གསར་ཞིང་དྲང་ལ་ལོ་མ་དང་བཅས་པའི་ཡམ་ཤིང་ཕྱོགས་དྲང་པོ་ནས་རང་རང་གི་སྔགས་ཀྱིས་བསྲེག་པར་བྱ་ཡ་ཡོ་ཅན་དང་སྐྲ་འདབ་ཅན་དང་བྲལ་བ་རྩེ་མོ་ཉམས་པ་དང། པགས་པ་དང་བྲལ་བ་དང། རིང་བ་དང་ཐུང་བ་དང་སྦོམ་པོ་དང་ཕྲ་བ་དང་ཕྲ་བ་དང་རྩེ་མོ་གྲག? ་དང་སྲིན་གྱིས་ཟོས་པ་དང། སྲོག་ཆགས་དང་བཅས་པ་ནི་སྤང་བར་བྱའོ། །དེའི་རྗེས་ལ་ཡམ་ཤིང་གིས་བསྲེགས་པའི་མེལ་མར་དང་མར་ཁུ་མ་ཉམས་པ་དང་ཁྲེ་དང་སོ་བ་དང་དུར་བ་དང་ཀུ་ཤ་ལ་སོགས་པའི་སྲེག་རྫས་གཞན་བསྲེག་པར་བྱ་བ་སྔགས་བརྗོད ་ལ་བསྲེག་པར་བྱ་སྟེ། སྔགས་སོ་སོའི་མཛའ་དུ་ཨོཾ་ཆེ་གེ་མོ་རྒྱས་པར་གྱིས་ཤིག་།ོཾ་ཞེས་བསྐུལ་བའི་སྔགས་ཀྱིས་དོང་བར་བྱའོ། །དེ་ལ་སྔགས་ཀྱིས་ཚིག་ནི་ཨོཾ་བཛྲ་ཡ་ཛཱ་ཡ་སྭཱཧཱ་།ུ་དུམ་བ་རའི་འོ། །ོཾ་བོ་དྷི་བྲིཀྵ་ཡ་སྭཱཧཱ་། ཤྭཏྠའི་འོ། །ོཾ་བཛྲ ་ལ་ཏཱ་ཡ་སྭཱཧཱ། པ་ལ་ལཀྵིའོ?། །ོཾ་བཛྲ་ཀུ་བེ་རཱ་ཡ་སྭཱཧཱ། ནྱ་གྲོ་དྷ་ལ་བ་སོགས་པའི་འོ་མ་ཅན་གྱིའོ། ། ས་ཧ་གཱ་ཧཱ་ཡ་ཧཱ་སྭཱཧཱ་། མྲའིའོ། །དེ་ལྟར་ན་གཞན་ལ་ཡར་སྟེ། ཨོཾ་སརྦ་པཱ་པ་ད་ཧ་ན་བཛྲ་ཡ་སརྦ?་པཾ་ད་ཧཾ་སྭཱཧཱ་།ཏིལ་ལ་སོགས་པའི ་འོ། ཨོཾ་བཛྲ་པུཥྚ་ཡ་སྭཱཧཱ། མ་ཉམས་པའི་ཁྲེ་ལ་སོགས་པའི་འོ། །ོཾ་བཛྲ་སཾ་བདེ་སྭཱཧཱ། སོ་བ་དང་བཟའ་བ་མཆོག་གིའོ། །ོཾ་བཛྲ་ཨཱ་ཡུ་ཥེ་སྭཱཧཱ། དུར་བའི་འོ། །ོཾ་ཨ་པྲ་ཏི་ཧ་ཧཱ་ཡ་སྭཱཧཱ། སུ་ཤའི་འོ། །ོཾ་བཛྲ་བི་ཛཱ་སྭཱཧཱ། སོ་བའི་འོ། །ོཾ་བ་ཧཱ ་བེ་གཱ་ཡ་སྭཱཧཱ། ནས་ཀྱི་འོ། །ོཾ་མ་ཧཱ་བ་ལཱ་ཡ་སྭཱཧཱ། སྲན་མའི་འོ། །ོཾ་བཛྲ་བྷསྨ་རི་སྭཱཧཱ། བྲོའི?་འོ། །རྫས་གཞན་ལ་ཡང་ཧཱུཾ་གི་དེ་ཁོ་ན་ཉིད་གསུམ་ལས་སྐྱེས་པ་རྣམས་ཀྱིས་སོ། །དེ་ལ་གལ་ཏེ་ཡོད་ན་འཇུ་བའི་རྫས་དེ་ཐམས་ཅད་ནི་མི་ལྷའི་ཞལ་དུ་དབུལ་ལོ། །ཀུ་ཤ ་པ?་སོགས་པའི་སྲེག་རྫས་ནི་འོད?་ཀྱི་དཀྱིལ་འཁོར་ལའོ། །བཟའ་བ་དང་བཏུང་བ་ལ་སོགས་པ་ན་ཕྱག་ཏུའོ། །མེ་ཏོག་ནི་སྤྱི་བོར་རོ། །སྤོས་ནི་འབར་བ་ལའོ། །དྲི་ནི་སྙིང་གར་རོ། །བསང་གཏོར་ནི་སྐུ་དང་ཞབས་དག་ལའོ། །མར་མེ་དང་མཆོད་ཡོན་དང་ལྷ་བཤོས་ནི་མདུན་དུ? ་དགང་གཟར་དང་བླུགས་གཟར་མེད་པར་གྱུར་ན་ལག་པའི་མཐེབ་མཛུབ་ཀྱིས་སྦྱོར་བས་སྲེག་རྫས་ཐམས་ཅད་བསྲེག་པར་བྱའོ། །དེ་ལ་སོར་མོ་ལྔའི་སྦྱོར་བས་ནི་རྫོགས་པའི་སྲེག་བླུགས་སོ། །གུང་མོ་དང་མིང་མེད་དང་མཐེ་བོའི་སྦྱོར་བས་ཅིག ་ཤོས་ཀྱི་སྲེག་བླུགས་སྦྱིན་པར་བྱའོ། །དེ་ནས་མེ་ལྟ་ལ་འཐོང་འཐུང་ལ་སོགས་བ་སྦྱིན་ལ། མེ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་མེར་གྱུར་པས་ཆོས་ཀྱི་དབྱིངས་སུ་ཡོངས་སུ་གྱུར་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ལས་མ་ལུས་པའི ་གནས་འཇིག་རྟེན་ལས་འདས་པའི་མེད་བལྟས་ལ། དེའི་སྙིང་བའི་པདྨར་ཉི་མའི་དཀྱིལ་འཁོར་གྱི་གདན་ས་རང་གི་ལྷའི་ས་བོན་གྲུབ་པ་མཚན་མ་དང་ས་བོན་ལས་ཡོངས་སུ་གྱུར་པ་ལས་དཀྱིལ་འཁོར་ལྷ་མོ་དང་དཀྱིལ་འཁོར་གྱི་བདག་པོར་བཅས་པ་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་དཔལ་ཀྱེའི་རྡོ་རྗེར་བསྒོངས་ལ། ཡེ་ཤེས་ཀྱི་དཀྱིལ་འཁོར་ཡང་སྤྱན་དྲངས་ལ་མདུན་གྱི་ནམ་མཁའ་ཨི་ཕྱོགས་སུ་དགོད་པར་བྱའོ། །ོཾ་ཨེ་ཧཡེ་ཧི་པཏ་ག་པཱནྟི་ཧ་བྷ་ག་ཧྭཱཾ། ས་མ་ཡོན་ཙ་ཨནྟ་དི་ཀོཾ?་ཙ། པྲ་ཏི་ཧོ་དེ་མེ་ཞེས་བྱ་བའི་སྔགས ་ཀྱིས་སོ། དེ་ནས་བགེགས་བསྐྱེད་པ་ལ་སོགས་པ་བྱ་ཞིང་འཐོར་འཐུང་དང་བསང་གཏོར་ལ་སོགས་པ་ཕུལ་ལོ། ཛ(རྒྱུད་འགྲེལ་ལོ་གཉིས་ལྷན་ཅིག་དུ་གྱུར་ཅིང་ཆུ་དང་འོ?་མ་ལྟ་བུར་ལྟའོ། །དེ་ནས་དཀྱིལ་འཁོར་དེའི་ལུས་དང་མིག་ལ་སོགས་པ་རྣམ་པར་སྦྱང་བ་དང་དབང་བསྐུར་བ་ཡང་བྱས་ལ་།སླར་ཡང་བསང་གཏོར་དང་འཐོར་འཐུང་ལ་སོགས་པ་དང་མཆོད་པ་དང་བསྟོད་པའི་བར་གྱི ་ཆོ་ག་བྱས་ལ། ལྕེ་ལ་ཧཱུཾ་ཡིག་བསྟིམས་ཏེ་རང་རང་གི་སྔགས་ཀྱིས་ཅིག་ཤོས་ཀྱི་སྲེག་བླུགས་ཀྱང་སྔོན་བཞིན་དུ་ཕུལ་ལ། ཡི?་བྱད་ཐམས་ཅད་ཀྱིས་རྫས་བསྲེས་ལ། སྲེག་བླུགས་གཅིག་གཾ་གསུམ་འམ?་བདུན་ནམ་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་དམ་སྟོང ་ཕྲག་བརྒྱ་ཇི་ལྟར་རྙེད་པ་སྔ་མ་བཞིན་དུ་དབུལ་ལོ། །དེ་ནས་ཡང་སྲེག་རྫས་ཐམས་ཅད་ལྷ་རྣམས་ཀྱི་ལྗགས་ལ་ལེགས་པར་ལྷུང་པར་མོས་པར་བྱའོ། །དབང་གི་དུས་སུ་ནི་ཡོན་ཕུལ་ལ་སློབ་མ་རྣམས་ཀྱིས་ལག་པ་གཡོན་པའི་མཐེ་བོ་སོ་སོ་ནས་གཟུང་ལ་རང་?་གཞན་གྱིས? ་བསྲེག་བླགས་གསུམ་འམ་བདུན་བྱིན་ལ་ཡོད་པར་གྱུར་ན། རྒྱལ་?་སའི་བདག་པོ་དང་དགེ་འདུན་དང་ལྷ་མོ་དང་ཕྱོགས་སྐྱོང་བ་དང། བདག་ཉིད་རྒྱས་པར་བྱ་བའི་དོན་དུ་སྲེག་བླུགས་བསྲེག་པར་བྱའོ། །དེ་ལྟར་ཅི་རྙེད་པའི་སྦྱིན་སྲེག་བྱས་ལ་མཐར་ནི་རིགས་ཀྱིས? ་སྙིང་པོ་གསུམ་འམ་བདུན་ནས་ཉི་ཤུ་རྩ་གཅིག་ཏུ་མར་གྱི་སྲེག་བླུགས་ཀྱི་ཉེ་བར་སྤང་བར་བྱའོ། །དེ་ནས་རྫོགས་པའི་སྲེགས་བླུགས་ཕུལ་ལ་འཐོར་འཐུང་དང་ཕྱེ་མ་དང་བྲལ་བའི་ཏམ་པོ་ལ་དང་གོས་ལ་སོགས་པའི་ཕུལ་ལ་མཆོད་པ་དང་བསྟོད་པ་བྱས་ལ། དེ་ནས ་ལྷ་དེ་དག་ཐམས་ཅད་པ་ཙན་དན་ལ་སོགས་པ་དང་མར་ལ་སོགས་པའི་རྫས་ཀྱིས་དགའ་ཞིང་མགུ་ནས་རང་གི་ལུས་ཀྱི་སྤྲིན་སྤྲོས་པས་རིན་པོ་ཆེ་དང་བདུད་རྩིས་གང་བའི་བུམ་པ་ལག་ན་གཟུང་སྟེ། བསྒྲུབ་བྱ་ལ་དབང་བསྐུར་ཞིང་རྡོ་རྗེའི་ལུས་སུ་བྱས་ལ་དེའི ་ཁང་པ་ཡང་རིན་པོ་ཆེ་དུ་མས་ཡོངས་སུ་གང་བར་བསྒོམས་ལ་རལ་གྲི་ལ་སོགས་པའི་དངོས་གྲུབ་ཀྱང་བསྐྱེད་ཅིང། རང་གི་ལུས་ཀྱི་སྤྲིན་རང་ཉིད་ལ་ཡང་དག་པར་འདུས་པར་བལྟའོ། །དེ་ནས་བསྔགས་པས་མེ་ཏོག་གི་ཐལ་མོ་སྦྱར་ལ་མཉམ་པར་བཞག་སྟེ ་ལུས་བཏུད་ལ་དམན་པ་དང་སྟོང་པའི་སྐྱོན་ཞི་བར་བྱ་བའི་ཕྱིར་དང། མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཕྱིར་མཁྱེན་ཅིང་བཟོད་པར་གསོལ་བར་བྱ་སྟེ། བཅོམ་ལྡན་བདག?་ལ་ནུས་མེད་པས། །མ་འབྱོར་བ་དང་མ་རིག་དང། །དམན་པ་འམ་ནི་ལྷག་པ་སྟེ། ་གང་བགྱིས?་དེ་ཁྱོད་བཟོད་པར་གསོལ་ཞེས་བྱ་བ?་སོ། །དེ་ནས་བཛྲ་ས་ཏྭ་ཞེས་ལན་གསུམ་བརྗོད་པར་བྱའོ། །ོཾ་ཁྱེད་ཀྱི་འགྲོ་བའི་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་གསོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ནི། །སླར་ཡང་བྱོན་པར ་མཛད་དུ་གསོལ། །ོཾ་ཨཱ(རྒྱུད་འགྲེལ་རིམ་པ་བཞིན་དུ་ཡོ་བྱང་ལྷག་མ་བསྲེག་བར་བྱའོ། །དེ་ནས་རྫོགས་པའི་སྲེག་བླུགས་ཕུལ་ལ། བསང་གཏོར་ལ་སོགས་པ་ཡང་ཕུལ་ཏེ། ཏམ་པོ་ལ་རང?་གོས་ལ་སོགས་པའི་མཆོད་པ་ཡང་བྱས་ལ། དྲིལ་བུ་ཡང་དཀྲོལ?་ཞིང་བསྟོད་པ་བྱའོ། །དེ་ནས་? ་དངོས་གྲུབ་ཀྱི་ཕྱིར། གསོལ་ཞིང་བཟོད་པ་ཕུལ་ནས་བཛྲ་སཏྭ་ས(རྒྱུད་འགྲེལ་སྣོད་ལེགས་པར་བཀྲུས་པར་སྲེག་རྫས་ཀྱི་ལྷག་མ་མར་དང་འོ་མ་དང་སྤྲང་རྩི་དང་?་ཁར་?་ལྡན་པའི་ཐུག་པ་བསྡུས་ཏེ་བསྒོལ་ལ། གཉེན་འདབ་རྣམས་ལ་ཡང་ཅུང་ཟད་སྦྱིན་པར་བྱའོ། །དེའི་རྗེས་ལ་ཡི་གེ་བརྒྱ་བའི་སྔགས་ལན་བདུན་བརྗོད་ལ་དགེ་བ་ཡང་བླ་ན ་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ལ་ལྡང་བར་བྱའོ། །དེ་ལ་འདི་ནི་ཡི་གེ་བརྒྱ་པའི་སྔགས་སོ། །ོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་།དྲི་དྷོ་མེ་བྷ་བ། སུ་ཏཽ་ཥྱོ?་མ་བྷ་བ། སུ་པོ་ཥྱོ་མེ་ལྷ་བ། ཨ་ནུ་རཀྟོ?་མེབྷ ་བ། སརྦ་སིདྡྷམམེ་པྲ་ཡཙྪ་སརྦ་རྐརྨ་སུ་ཙ་མེ་ཙིནྟི?་ཤྲེ་ཡ(རྒྱུད་འགྲེལ་པར་བྱ་སྟེ། དེ་ལ་ནང་དང་གནོད་པ་དང་སྐར་ནི?་དེ་ལ?་ལྟུང་བའི་གནོད་པ་དང་བགེགས་དང་ཉོན་མོངས་པའི་དང་སྡིག་པས་ཟིན་པའི་བདག་གམ་གཞན་རྣམས་ཞི་བར་བྱ་བའི་ཕྱིར་དང། མངོན་པར་ཤེས་པ་དང་ཐར་པ་བསྒྲུབ་པའི་ཕྱིར་ཡང་ཞི་བའི་སྦྱིན ་སྲེག་བྱའོ། །དེ་ལ་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་དཀར་པོ་ལ་རྒྱར་ཁྲུ་གང་བརྐོ་ཞིང་ཟབས་སུ་སོར་བཅུ་གཉིས་ཏེ། དབུས་སུ་ནི་པདྨ་འདབ་མ་བརྒྱད་པ་སོར་བཅུ་དྲུག་པ་ལ་གནས་པའི་རྡོ་རྗེ་རྩེ་མོ་ལྔ་པ་སོར་བརྒྱད་བརྩེ་མོ་ཤར་དུ་བསྟན་པའོ། །སྟེང་དུ་ནི་སོར་བཞི་པའི་? ་བཞག་པ་རྒྱ་དང་དབངས་སུ་ཡང་ཁོར?་བཞི་པའི་བ་ཏི?་ཀས་བསྐོར་བའི་ཐབ་ཁུང་ཟླུམ་པོ་བྱས་ལ་འཇིམ་པ་དཀར་པོས་བྱུག་ཅིང་དཀྱིལ་འཁོར་གྱིས་ལ་ལྕིབས་ཀྱང་?་བར་བྱུགས་ལ། ཡང་དེ་གཉི་ག་ཙནདན་དཀར་པོའི་དྲིལ་བདུད་རྩི་ལྔ་དང་བཅས་བས་བྱུག་ཅིང་མེ་ཏོག ་དཀར་པོ་བཟང་པོས་ཀྱང་མངོན་པར་གཏོར་བར་བྱའོ། །རྡུལ་ཚོན་གྱིས་ཀྱང་ཐབ་ཁུང་བྱའོ། །གསེར་ལ་སོགས་པའི་སྣོད་དུ་དྲི་དཀར་པོ་དང་ནས་དང་འོ་མ་དང་བཅས་པའི་ཆུས་བཀང་ལ་སྭཱཧཱའི་མཛའ་ཅན་གྱི་སྔགས་ཀྱིས་སྔར་བཞིན་བཟླ་བར་བྱའོ། །འོ་ན? ་ཅན་གྱི་ཤིང་?་འབྲོག་གི་ལྕི་བའི་བུད་ཤིང་དང་ཞོ་མར་དང་སྦྲང་རྩི་དང་འོ་མ་དང་ནས་དང་ཏིལ་དང་ལཱ་ཛཱ་དང་བྲི་ཡང་ཀུ་དང་ཙནདན་དང་འབྲས་སཱ་ལུའི་ཐན་དང་དུར་བ་སྔོན་པོ་མེ་ཏོག་དཀར་པོ་བགྲུས་པ་དང། ཀེ་ས་རའི?་མེ་དང་ཨ་མྲའི་ལོ་མ་དང་ནིར ་ཡ་པ་ལ་སོགས་པའི་དྲི་ཞིམ་པོ་རྣམས་ཀྱང་བསྲེག་ཅིག་པ་ལ་ཤ་སོགས་པ་སོར་བཅུ་གཉིས་པ་ལ་སྦོམ་པ་མ་ཡིན་པ་མཐེབ་མཛུབ་ཀྱི་ཚད་ཙམ་རྩེ་མོའི་ཆ་བདུད་རྩི་དང་དྲི་དཀར་པོ་དང་ཆུ་ཡིས་སྤང་བར་བྱ་ཞིང། སྦྲང་རྩི་དང་འོ་མ་དང་མར་ལ་རྩེ་མོ ་གཉིས་བཞུགས་ལ། ལྷག་མ་ནི་སྔར་གསུངས་པའི་ཡམ་ཤིང་གི་མཚན་ཉིད་དོ། །མཆོད་སྦྱིན་ནི་གྱི་ཤིང་ལས་བྱུང་བ་འམ་ནོར་བུ་ལས་འབྱུང་བ་འམ་ཐ་མལ་པ་འམ་བྲམ་ཟེའི་མེ་བླངས་ལམ་སྦར་ཞིང། མེ་ལྷ་སྐུ་མདོག་དཀར་པོ་ན་བཟའ་དཀར ་པོ་མན་པས་པ་མཐོར་ཚུགས་དཀར་པོ་ལ་མེ་ཏོག་དཀར་པོ་དང་ལྡན་ཞིང་བྱམས་པ་དང་སྙིང་རྗེ་དང་ལྡན་པ། པདྨའི་གདན་ལ་བཞུགས་ཤིང་ཞལ་བྱང་ངམ་ཤར་དུ་ཕྱོགས་ཤིང་ཡིད་ཞི་བ་སྟེ། ཉའི་ཚེས་གཅིག་ནས་བརྩམས་ཏེ། སྔགས་པས་སྔར ་ལངས་ཏེ། སྔགས་ཐམས་ཅད་ཀྱི་མཐར་ནི་སྭཱཧཱ། ཨ་མུ་ཀ་ས?་ཤཱནྟེ?་ཀུ་རུ་སྭཱཧཱ། ཞེས་ཡང་དག་པར་བསྐུལ་ཞིང་སྔགས་རབ་ཏུ་གཏོར་ཏེ་ཞི་བའི་སྦྱིན་སྲེག་བྱའོ། །དེ་ནས་མར་དང་བདུད་རྩི་ལ་སོགས་པའི་རྫས་ཀྱིས་དགའ་ ་ཞིང་མགུ་ནས་ལྷ་རྣམས་རང་གི་ལུས་ཀྱིས་སྤྲིན་གྱི་ཚོགས་སྤྲོས་ཏེ། ཡེ་ཤེས་ཀྱི་ཆུས་གང་བའི་རིན་པོ་ཆེའི་བུམ་པ་བསྣམས་པ་རྣམས་ཀྱིས་བསྒྲུབ་བྱ་དབང་བསྐུར་ཞིང་མི་འདོད་པའི་ནད་ལ་སོགས་པ་བོར་ནས། མངོན་པར་འདོད་པའི་དངོས་གྲུབ ་བསྒྲུབས་ཏེ་རང་གི་ལུས་ཀྱི་སྤྲིན་རང་ཉིད་ལ་འདུས་ཤིང་།རྣམ་པར་གནས་ཏེ་བྱ་བ་བྱས་པར་བལྟའོ། །ཞི་བའི་སྦྱིན་སྲེག་གི་ཆོ་གའོ། །རལ་གྲི་དང་འཁོར་ལོ་དང་མངའ་དང་རིན་པོ་ཆེ་དང་པདྨ་དང་གཏེར་ཆེན་པོ་དང་བཅུད་དང་བཅུད་ལེན་དང་རྒྱལ ་མེད་ལ?་སོགས་པ་བསྒྲུབ་པར་བྱ་བའི་ཕྱིར་ནི་བདག་ཐ་མལ་པའམ་ཕ་རོལ་ཐ་མལ་པས་ཟླ་བ་ཉ་ནས་བརྩམས་ཏེ་རྒྱས་པའི་སྦྱིན་སྲེག་བྱའོ། །དེ་ལ་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་གཞི་སེར་པོ་ལ་ཁྲུ་ངོ་པ་ཟབས་སུ་ནི་ཁྲུ་གང་པ་ལ་ཁ་ཁྱེར་གྱི་བར་ལ ་སེར་བརྒྱད་ཡོངས?་སུ་ཡང་སོར་བརྒྱད་པའི་བ་དྷིཀ?་?་བསྐོར་བ་ལ་།དབུས་ན་འཁོར་ལོ་རྩིབས་བརྒྱད་པ་ལ་རྡོ་རྗེ་རིན་པོ་ཆེ་དང་ལྡན་པ། རིན་པོ་ཆེ་ཟུར་བརྒྱད་པ་ལྟ་བུ་འམ། ཟུར་བཞི་བལྟ་བུས་བརྐོས་ལ་ཐབ་ཁུང་བྱས་ཏེ་?་དོག་སེར་པོ་དང་དྲི་དང ་བདུད་རྩིས་?་ཁུང་དང་དེའི་ས་ཕྱོགས་ཉེ་བར་བྱུགས་ལ་།མེ་ཏོག་སེར་པོའམ་མེ་ཏོག་ཁྲ་བོ་དགྲམ་པར་བྱའོ། །བུད་ཤིང་ནོ?་འཕྲོག་གི་ལྕི་བ་མ་གཏོགས་པར་སྔར་བརྗོད་པ་ཉིད་ཀྱིས་འབྲས་བུ་དང་བཅས་པའོ། །ལྷག་མ་ནི་ལས་ཐམས་ཅད་པའི ་ཆོག་གར?་གསུངས་པ་བཞིན་ནོ། །རྒྱས་པའི་སྦྱིན་སྲེག་གི་ཆོ་གའོ། །བསད་པ་དང་?་པ་དང་བསྐྲད་པ་དང་སྡང་བ་དང་རེངས་པ་དང་རྨོངས་པ་དང་།ལུས་བསྐམས་པ་ལ་སོགས་པའི་ལས་བསྒྲུབས་པར་བྱ་བའི་ཕྱིར་སྔོན་སྤྱོད་ཀྱི་སྦྱིན་སྲེག་བྱ་སྟེ། ་དེ་ལ་དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་རྩུ་བཅིང་སྐམ་པའི་ནམ་མཁའ་ལྟ་བའི་ས་གཞི་ནག་པོ་ལ་སོར་ཉི་ཤུ་པ་ཟབས་སུ་སོར་བཅུ་པ་དབུས་སུ་ནི་རྩེ་གསུམ་པའི་རྩེ་མོར་སོར་བརྒྱད་པའི་རྡོ་རྗེས་བྱིན་གྱིས་བརླབས་པ། སྟེང་དུ་སོར་གསུམ་?་ལ་ཞེང་དང་དཔངས་སུན་སོར ་གསུམ་པ་ཁ་ཁྱེར་གཞོལ་བས་བསྐོར་བའི་བེ་བྷི་ཀས་མགོ་བྱང་དུ་བལྟས་པའི་ཟུར་གསུམ་ནག་པོའི་ཐབ་ཁུང་བྱས་ལ། ས་བདག་དང་དུར་ཁྲོད་ཀྱི་ཐལ་བ་དང་བོང་བུ་དང་རྔ་མོ་ལ་སོགས་པའི་ལྕི་བ་ཇི་སྙེད་པས་བྱུགས་ལ་མི་དྲིཾ་ཞིམ་པ་དང། མེ་ཏོག ་སྔོན་པོ་དང་དམར་པོ་དང་སོ་བའི་འབྲུ་ལ་སོགས་པས་དགྲམ་པར་བྱའོ། །དེ་ལ་སྔར་བརྗོད་པའི་སྣོད་དུ་དྲི་ངན་པའི་ཆུ་དང་ཀོ་ཏྲ་བ་དང་མི་དང་བ་ལང་དང་བོང་བུའི་ཆུ་མེ་ཏོག་དང་བཅས་པ་ལ་སྔགས་ཡི་གེ་ཕཊ་ཀྱི་མཛའ་ཡིས་སྔར་བཞིན་དུ་ཡོངས་སུ་བཟླས་ལ ་གཡས་ཀྱི་ཆར་ཡོངས་སུ་བཞག་པར་བྱའོ། །ཡུངས་ཀར་སེར་པོ་དང་འབྲུ་མར་ཚན་ཏེ་དང་མེ་ཏོག་དང་ཚ་དང་སྐེ་ཚེ་དང་དུར་ཁྲོད་ཀྱི་ཐལ་བ་དང་།རྐང་པའི་རྡུལ་དང་ནིམ?་པའི་ལོ་མ་དང་བོང་བུ་དང་རྔ་མོ་ལ་སོགས་པའི་ལྕེ་བ་དང་སྐྲ་དང་བརྡུངས་ལ། ་བྱ་རོག་ལ་སོགས་པ་རྣམས་ཀྱི་དང་བྱི་ལའི་ལྕིན་རྟུག་དང་སོར?་མ་དང་གསེག་མ་དང་རུས་པའི་ཕྱེ་མ་ཁྲག་སོ་རུ་དང་ཤ་དང་དུག་དང་ཁྲག་དང་སྐེ་ཚེ་དྲང་།སྙོ་བའི་འདབ་མའི་ཁུ་བས་སྦྱར་ལ། ལས་ཐམས་ཅད་པའི་སྔགས་ཀྱིས་བཟླས་པའི་ཆུ་དང་།ཐལ ་བ་དང་བསྣུན་པ་དང། སོལ་པ་དང་དུག་ལ་སོགས་པ་དང་བསྲེས་ལ་རྫས་འདི་རྣམས་ཀྱིས་དགྲའི་སྤྲུལ་པའི་གཟུགས་བརྙན་བྱས་ལ་སྲེག་རྫས་བྱའོ། །མི་ཚལ་གྱི་མར་མེ་ཡང་གཡོན་གྱི་ཆར་གཞག་གོ་།བུད་ཤིང་ནི་ཚ་བ་དང་ཚེར་མ་ཅན་དང་།ཁྲ?་བ་དང་དྲི ་ང་བ་དང་ཤིང་ལས་སྐྱེས་པའི་ཡང་ན་དུར་གྱི་ཤིང་ངན་བོང་བུའི་དང་རྔ་མོའི་ལྕི་བ་སྒམ་པོའོ། །?་པ་དང་སེང་ལྡན་དང་ཀཽ་བི་དྷ་དང་བྷ་ལ་ཏ?་ཀ་དང་མ་ད་ནའི་ཤིང་ལས་སྐྱེས་པ་འམ། ཚ་བ་དང་ཆོར་མ་དང་བཅས་པ་འམ་ཁ་བའི་ཤིང་ལས་སྐྱེས་པ་འམ ་དུར་ཁྲོད་ཀྱི་ཤིང་ལས་སྐྱེས་བརྩ་བའི་ཆ་ནས་བཅད་ལ་ཡམ་ཤིང་བྱ་སྟེ་།སེར་བཅུ་པ་ལ་མེ་ཏོག་དང་བཅས་པ་རྩེ་མོ་རྣོ་བ། འབྲུ་མར་མཚན་ཏེ་ལ་རྩེ་མོ་གཉིས་བསྙུག་གོ་།དུར་ཁྲོད་ཀྱི་མི་རུས་ལས་སྐྱེས་པ་འམ། དུར་ཁྱོད་ཀྱི་ཤིང ་ལས་སྐྱེས་པ་འམ། རྡོ་ལས་བྱུང་བ་འམ། གདོལ་པའི་ཁྱིམ་ནས་བྱང་བའི་མེ་ཡིས་འོ?། །ཁ་དོག་ནག་པོ་སྔ་གྱེན་དུ་འབར་བ། མིག་དམར་བ་མཆེ་བ་གཙིགས་པ། གདོང་ཁྲོ་གཉེར་དང་བཅས་པ། ཁྲོལ་འཇིགས་སུ་རུང་བ། གསུངས་པ་འཕྱང་བ་བོང་ཟུང? ་བ་གོས་ནག་པོ་གྱོན་པ། མཆོད་ཕྱིར་ཐོགས་པ་དང་ལྡན་བ། འབར་ཞིང་ཁ་གདངས་པའི་མེ་ལྷའོ། །ཁྲོ་ཞིང་གོས་སྔོན་པོ་བགོས་པའི་ཐོར་ཚུགས་མེ་ཏོག་དང་ལྡན་པ། གོས་ལ་ཁྲག་དང་ཆུས་བརླན་པར་བྱས་ཤིང་ཁེངས་པའི་མིག་ཅན། ཁྲོ་གཉེར ་གྱི་གདོང་ཅན་ལྡན་པ་རྐང་པ་གཡོན་པས་གཡས་པ་མནན་པ། སོ་ཡིས་སོ་ལ་མནན་ཅིང་སྟོན་དང་བྲལ་ཏེ་བསྒྲུབ་བྱའི་གཟུགས་བརྙན་གྱི་ལྟོ་བ་ལ་ཙོག་པུར་འདུག་པ་འམ། ཁྲོ་བོའི་དཀྱིལ་འཁོར་བཅིངས་པ་ཁ་ལྷོ་རུ་བལྟ་ཞིང་སྙིང་རྗེའི་ཁྲོས་པས། ་དཀོན་མཆོག་གསུམ་ལ་གནོད་པའི་དགྲ་བཟློག་པར་བྱ་བའི་ཕྱིར། མར?་ངོ་གང་ཡང་རུང་བ་ནས་བརྩམས་ཏེ་།ཉིན་ཕྱེད་དམ་མཚན་ཕྱེད་ན་ཁྲོ་བ་ཉིད་ཀྱིས་ཚད་མར་བྱས་ཏེ་།པུས་མོ་གཉིས་ལས་ཕྱི་རོལ་ཏུ་ལག་པ་བྱས་ལ་ལག་པ་གཡས་པས ་མཚོན་རྣོན་པོ་བླངས་ཏེ། སྲེག་བྱ་ལ་བཅད་ཅིང་བཅིང་ཞིང་ལག་པ་གཡོན་གྱིས་སྡིགས་མཛུབ་བྱས་ཏེ། ཕཊ་ཨ་མུ་ཀ་སྱ་ཨ་བྷི་ཙ་རཾ་ཀུ་རུ་ཕཊ་ཞེས་བྱ་བའི་སྔགས་བརྗོད་ལ་བསྲེག་པར་བྱ་སྟེ། མངོན་སྤྱོད་ཀྱི་སྦྱིན་སྲེག་བྱ་སྟེ། སྡངས་པ་ལ་ནི་ཁྱད ་པར་དུ་བསྐུལ་བའི་མཚམས་སུ། ཨོཾ་ཛྲཱི་སྭཱཧཱ། ཧཱུཾ་ཡ་མུ་ཀཾ་བི་དྷེ་ཤ་ཡ། བསྐྲད་པ་ལ་ནི་ཨོཾ་ཁཾ་སྭཱཧཱ་ཧཱུཾ་ཨ་མུ་ཨུཙྪ་ཊ་ན་ཡ་ཧཱུཾ་།རེངས་པ་དང་རྨོངས་པ་དག་ལ་ནི་ཨོཾ་ཧཱུཾ་སྭཱཧཱ་བོ་ཤ་ཊ་ཨ་མུ་ཀཾ་སྟཾ་བྷ་ཡ་མོ་ཧ་ཡ་བཽ་ཥ་ཊ་།བསད་པ་ལ་ནི་ཨོཾ་གྷུརུ? ་སྭཱཧཱ་ཕཊ་ཨ་མུ་ཀོ་མཱ་ར་ཡ་ཕཊ། དེ་ལྟར་གཞན་ལ་ཡང་ངོ། །སྦྱིན་སྲེག་གི་ལྷར་གྱེས་ཏེ་རང་གི་སྙིང་གའི་ས་བོན་ལས་ཁྲོ་བོ་སྤྲོས་ཏེ་རྡོ་རྗེ་ཞགས་པ་དང་མེ་མདག་གི་ཆར་གྱིས་བསྒྲུབ་བྱ་ལ་བཀང་ཞིང་མཚོན་ཆ་དུ་མས་བཏབ་ཅིང་སྲོག་དང་བྲལ་ཏེ་བདེ་བར ་གཤེགས་པ་ཉིད་ལ་སྦྱར་ནས་སྤྲོས་པ་རྣམས་བདག་ཉིད་ལ་བསྡུས་པར་བལྟའོ། །འདི་ནི་མངོན་སྤྱོད་ཀྱི་སྦྱིན་སྲེག་གི་ཆོ་གའོ། །ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མི་འམ་ཅི་དང་བུད་མེད་ཀྱི་དཀྱིལ་འཁོར་དང་བཅས་པ ་དང། མིའི་དབང་པོ་ལ་སོགས་པ་རྣམས་དབང་དུ་བྱ་བ་དང་དགུག་པའི་ཕྱིར་དབང་གི་སྦྱིན་སྲེག་གམ་དགུག་པའི་སྦྱིན་སྲེག་བྱ་སྟེ། དེ་ལ་དཀྱིལ་འཁོར་གྱི་ཤར་ཕྱོགས་སེམ་དགུག་པ་ལ་ནི་ནུབ་ཉིད་དུ་སྟེ། ས་ཕྱོགས་དམར་བོར་བྷ་གའི་རྣམ་པའམ་ཟླ་བ་བྱེད་པའི་རྣམ ་པ་ལ་དབུས་སུ་རྡོ་རྗེ་པདྨས་བྱིན་གྱིས་བརླབས་པའོ། །དགུག་པ་ལ་ནི་དབུས་རྩེ་གཅིག་པའི་རྣམ་པའི་རྡོ་རྗེ་ལྕགས་ཀྱུས་བྱིན་གྱིས་བརླབས་པ་སྟེ་།དེ་གཉི་ག་ཡང་ཞི་བའི་ཐབ་ཁུང་ལྟར་བརྐོ་ཞིང་ཁ་ཁྱེར་ལ་སོགས་པའི་ཚད་དང་ལྡན་པའི་ཐབ་ཁུང་བྱས་ཏེ། ས་དམར་པོ ་དང་བྲིས་ཉེ་བར་བསྲུང?་ལ་མེ་ཏོག་དམར་པོས་ཀྱང་བརྒྱན་ཅིང་ཆུ་ཤིང་ལ་སོགས་པའི་འདབ་མས་ཀྱང་དགབ་པར་བྱའོ། །སྔར་བརྗོད་པའི་སྣོད་ན་གནས་པའི་ཆུ་དང་མེ་ཏོག་དམར་པོ་དང་དིར་ལྡན་པ་ལ་ཡི་གེ་ཧོའི་མཛའ་ཨི་སྔགས་ཀྱིས་གཡོན་ཕྱོགས་སུ་བཟླའོ། །དགུག ་ལ་ནི་གཡས་ཕྱོགས་སུ་?་པར་བྱ་ཞིང་གྲི་ཡང་ཀུ་དང་ཙམ་པ་ཀ་དང་པུཎྜ་རི་ཀ་དང་?་གེ་སར་དང་ཀེ་ས་ལ་ཀུ་ཙ་ལ་དང་ཨ་ཤྭ་ཀ་སྟེ། ནགས་ལས་བྱུང་བ་ལོ་མ་དང་བཅས་པ་སོར་ལྔ་པ་ཞི་བའི་སྐབས་སུ་གསུངས་པའི་སྐྱོན་དང་བྲལ་བའི་ཡམ་ཤིང་ལོ། །སྒྱུར་བའི ་འབྲས་བུ་དང་ཨུཏཔལ་དམར་པོ་དང་མེ་ཏོག་དམར་པོའི་འབྲས་བུ་སྟེ། གཞན་ནས?་རང་གི་བརྟག་བ་ལས་གསུངས་པའི་སྲེག་རྫས་ནི་གཡས་སུའོ། །དགུག་པ་ལ་ནི་དེ་དག་ཉིད་གཡོན་དུ་སྟེ་ལྕགས་ཀྱུའི་རྣམ་པའི་ཚེར་མ་དང་བཞག་པར་བྱའོ། །ནི་མ་པ་དང་སྐྱུར་བའི་ ་ཤིང་ལས་སྐྱེས་པ་དང་གཞན་ཡང་མེ་ཏོག་དང་བཅས་པའི་བུད་ཤིང་ནི་དབང་ལའོ། །དབུག་པ་ལ་ནི་ཚེར?་མ་དང་བཅས་པའི་བུད་ཤིང་ངོ། །མེ་ནི་སྨད་འཆོད་མའི་ཁྱིམ་མམ་སྨད་འཚོད་མ་མ་ཡིན་པ་གང་མཁན་གྱི་རིགས་གྱི་མེའོ། །དགུག? ་པ་ལ་ནི་གར་མཁན་གྱི་ཤུལ་ལམ་ལམ་པོ་ཆེའི་མིའོ། །ཁ་དོག་དམར་པོའི་འོད་དང་ལྡན་པའི་མེ་གདན་དང་བཅས་པའི་གོས་དམར་པོ་བྱོན་པ་མཆོད་ཕྱིར་ཐོགས་པ་དང་ལྡན་པའོ། །གོས་དམར་པོ་གྱོན་ཅིང་ཅོད་པན་ལ་མེ་ཏོག་གིས་བཀྲ་ཤིས་ལ། ཁྲོ་བོའི ་ང་རྒྱལ་སྤངས་ལ་ཆགས་པའི་ཡིད་ཀྱིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་འདུག་སྟེ་ཁ་ནུབ་ཏུ་ཕྱོགས་བས་སོ། །དགུག་པ་ལ་ནི་ཅུང་ཞིག་སྔགས་པས་ཁ་བྱེན་དུ་བལྟས་ལ། ཨོཾ་ཨཾ་སྭཱཧཱ། ཨོཾ་ཨེ་མུ་ཀཾ་བ་ཤིཾ་ཀུ་རུ་ཧོ(རྒྱུད་འགྲེལ་བྱ་བའི་སྔགས་བརྗོད་ལ། ནམ་ཕྱེད་ན་དབང་གི་སྦྱིན་སྲེག་གཾ། དགུག་བའི་སྦྱིན་སྲེག་གོ་།སྦྱིན་སྲེག་གི་ལྷ་མགུ་ནས་རང་གི་ལུས་ཀྱི་སྤྲིན་སྤྲོ་སྟེ། མེ་ཏོག་ནག་པོ་དང་དམར་པོ་ཁ་བྱ་བ་ལས་བྱས་བའི་གཞུ་རྣ་དྲུང་དུ་བཀང་བ་ཨུཏཔ་ལའི་སྡོང་བུ་མངའ་ཡིས་བསྒྲུབ་བྱའི ་སྟེང?་ཁར་བསྣུན?་ཏེ་དབང་དུ་བྱེད་པ་དང་དབུག་པ་ལ་ནི་ཨུཏཔལ་དམར་པོའི་སྡོང་བུའི་ཞགས་པས་བཅིངས་ཤིང་མེ་ཏོག་དམར་པོ་ལས་བྱས་པའི་ལྕགས་ཀྱུས་སྙིང་ག་ནས་བཟུང་སྟེ་བཀྲུག་ནས་སྒྲུབ?་པོའི་ཅང་པའི་དྲུང་དུ་གདབ་པར་བྱས་ནས་རང་གི་ལུས་ཀྱི་སྤྲིན ་རང?་ཉིད་ལས་འདུས་པས་བསྒོམ་པར་བྱའོ། །དབང་དང་དགུག་པའི་སྦྱིན་སྲེག་གི་ཆོ་གའོ། །ལས་ཐམས་ཅད་པའི་སྦྱིན་སྲེག་ནི་ཇི་ལྟར་བྲགས་པའི་ལས་རྐྱང་བས་བྱའོ། །དེ་ལ་ཡང་གསུངས་པ། འདིས་ཚེ་འཕེལ་པར་བྱ་བའི་ཕྱིར། མར་ལ་བསྒྲུགས?་བའི་དུར ་བ་དང་བཅས་པ་བསྲེག་པར་བྱ་ཞིང་བསྲུང་བའི་དོན་དུ་ནི་དེ་བཞིན་དུ་ཏིལ་མར་ལ་བསྙུགས?་ཏེ་ཀུ་ཤས་བསྲེག་པར་བྱ་ཞིང། རང་འདོད་པའི་ལྷ་བསྒོམ་པར་བྱའོ། །སྔགས་ཀྱི་མཐར་ནི་ཇི་ལྟར་ཡང་དག་པར་བསྐུལ་བའི་ཚིག་དང་རྫས་དང་བྱ་བ་དང། བསྒོམ ་བ་དང་སྔགས་དང་ས་བོན་ལ་སོགས་པའི་ཁྱད་པར་ཡང་སྔོན་དང་སྔོན་དུ་འབྲང་བས་སྦྱང་བར་བྱའོ། །དེ་ལྟར་ན་ཇི་ལྟ་བ་བཞིན་གྱི་ཚེས་དང་དུས་དང་ཇི་ལྟར་སྐབས་ཡོད་པའམ། དེ་པ་མོས་པས་ཇི་སྲིད་དུ་མངོན་པར་འདོད་པའི་ཞི་བ་ལ་སོགས་པར་གྱུར་པ་དེ་སྲིད་དུ་སྦྱིན་སྲེག་བྱའོ།། ་དེ་ཡང་ཐ་མལ་གནས་ལ་རྒྱས་པ་བྱ། །ནད་ཀུན་ལ་ནི་ཞི་བ་སྟེ། །སྡང་བ་ཀུན་ལ་བསང་བྱ་ཞིང། །བདག་གི་དོན་འདོད་དབང་གིས་བྱ་ཞེས་གསུངས་སོ། །དེ་ནས་ཕྱིའི་སྦྱིན་སྲེག་བྱས་པའི་སྔགས་པས་རྫས་དང་བདག་དང་ལྷ་རྣམས་རྣམ་པར་དག་བའི་སྒོ་ནས་བསམ་པར་བྱ ་ཞིང་བྱམས་པ་དང་བཟོད་པ་དང་བརྩོན་འགྲུས་དང་སྟོང་པ་ཉིད་དམིགས་པར་བྱ་ཞིང། ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་དང་ཀུན་འབྱུང་གི་བདེན་པ་ལ་དགོང་པར་བྱའོ། །ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ཆེན་པོ་དང་ལམ་དམན་པ་དང ་འབྲིང?་དང་ལྷག་པས་རྣམ་པར་གྲོལ་བའི་ཁྱད་པར་གྱིས་སངས་རྒྱས་ཀྱི་གོ་འཕང་འགྲུབ་པར་བྱའོ། །དེ་ཡང་ཕྱིར་ནི་རྣམ་པ་གསུམ་ལྡན་ཏེ། གནས་གསུམ་པོ་ལ་གསུམ་གནས་ན། །ཧཾ་གི་ལས་རྣམས་གསུམ་པོ་ནི། །འགྲུབ་པར་དེ་བཞིན་གཤེགས་པས ་གསུངས། །ཧཾ་གི་ལས་ནི་མི་ཤེས་པར། །གང་དག་གཞན་དུ་བྱེད་པ་ནི། །སྔགས་ཀྱི་ཡེ་ཤེས་སྤངས་པ་ཡིས། །རྨོངས་པས་འབྲས་བུ་ཐོབ་པ་མེད། །ཅེས་གསུངས་སོ། །དེ་ལྟར་མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཕྱིར་སྒྲུབ་པ་པོ་རྣམས་ལ་ཡུན་མི་རིང་བ་ཉིད ་ཀྱིས་འགྲུབ?་པར་འགྱུར་ཏེ། སླར་ཡང་མྱུར་དུ་གོམས་པར་བྱ་བའི་ཕྱིར་འདི་ལྟར་བསམ་པར་བྱ་སྟེ། འདི་ལྟར་སྐབས་སུ་སྦྱིན་སྲེག་ཐམས་ཅད་ལ་ནི་གང་འདི་དག་ས་དང་ཐབ་ཁུང་ཀུ་ཤ་དང་མེ་ཏོག་དང་སྲེག་རྫས་དང་སྣོད་དང་ཆུ་དང་གཟེད་ཞལ་དང་བླུགས་གཟར ་དང་དགང་གཟར་དང་ཡམ་ཤིང?་དང་ལུང?་ཤིང་མེ་ལྷ་དང་འདོད་པའི་ལྷ་དང་དཀྱིལ་འཁོར་མཆོད་པའི་བདག་ཉིད་ལ་སོགས་པ་ཐམས་ཅད་ནི་རང་བཞིན་གྱིས་ཡོངས་སུ་དག་ཅིང་ཆོས་ཀྱི་དབྱིངས་གྱི་རང་བཞིན་དུ་གྱུར་པའོ་ཞེས་ངེས་པར་བྱའོ། །ཧཾ་གི་ཡན་ལག ་འབྲས་སྐྱེས་པ། །དེ་ལས་གཞན་དག་བཤད་པ་ནི། །མ་བརྗོད་ན་ཡང་བདག་ཉིད་ཀྱིས། །མཁས་པས་ཤེས་པར་བྱས་ཏེ་གཟུང། །ས་གཞི་ཞིང་ས་འཕེལ་བར་བྱད། །ཐབ་ཀྱིས་ཁྱིམ་ནི་འཕེལ་བྱེད་ཅིང། །མར?་གྱིས་ཐམས་ཅད་འབྱོར ་པར་བྱེད། །ཡམ་ཤིང་གིས་ནི་གཟི་བྱིན་བསྐྱེད། །ཤིང་གིས་ལྷག་པར་དཔའ་བར་བྱེད། །?་ཤེས་བསྲུང་བ་ཐམས་ཅད་བྱེད། །དཀར་པོར་ས་གཞི་ཞི་བར་བྱེད། །ཁྲེ?་ཡིས་རྒྱས་པར་བྱེད་པར་བརྗོད། །?་གྱིས་སྡིག་པ ་འཕྲོག་པར་རིག་།སོ་བས་ནོར་དང་སོ་བ་འདྲེན། །སྲན་མས་སྟོབས་ནི་ཆེ་བར་བྱེད། །ནས་བྱིན་བས་ནི་རླུང་གི་ཤུགས། །དུར་བ་ཡིས་ནི་ཚེ་འཕེལ་བྱེད། །གྲོ་ཡིས་ནད་རྣམས་ཉམས་པ་དང། །སྦྲང་རྩིའི་མས་ཤེས་རབ་སྟེ། །ཞོ་ཟ་བདེ་བ་ཐམས་ཅད་སྟེར། །འདོད་པའི ་ལྷ་དང་མེ་ཡིས་ནི། །དེ་བཞིན་འདོད་པའི་དངོས་གྲུབ་སྟེ། །ལྷག་མས་ལས་ཀྱི་རྗེས་མཐུན་པར། །ཞི་སོགས་ལས་ནི་བྱེད་པར་ཤེས། །བླུགས་གཟར་ཤེས་རབ་གོང་མ་ཐབས། །དེ་ཉིད་སྦྱར་བ་གཉིས་མེད་བསྒོམ། །དེ་ནས་རྣམ་པར་བྱུང་བའི་མར?། །ཡེ་ཤེས ་ཅན་པོའི་བདུད་རྩིར་བརྗོད། །བདག་དང་རྒྱུ་དང་མི་རྒྱུ་དང། །མེ་ལྷ་དེ་ཡིས་ཚིམ་པར་བྱ། །དེ་ལྟར་གང་ཞིག་སྦྱིན་སྲེག་བྱེད། །དེ་ནི་འདོད་པའི་སྣོད་དུ་གྱུར། །སྦྱིན་སྲེག་གི་ཆོ་གའི། །དེ་ལྟར་སྦྱིན་སྲེག་གི་ཆོ་ག་བྱས་ནས་དཀྱིལ་འཁོར་དུ་འཇུག་པར་བྱ་སྟེ། ་དེ་ནས་ལྷའི་འཁོར་ལོ་ལ་མངོན་སུམ་བཞིན་དུ་བལྟས་ལ། སྔར་གསུངས་པའི་ཆོ་ག་ཡིས་དཀྱིལ་འཁོར་ལ་ཡང་དག་པར་མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་ལ་སོགས་པ་བྱས་ནས་འདའ་བར་བྱའོ། །དེ་ནས་སློ་མ་རྣམས་ལ་དབང་སོགས ་?་བར་འདོད་པའི་ལྷགས?་པས་དགས?་ཀྱི་གཙོ་བོ་ལ་བླ་མ་བྱས་ཏེ། འཆད་པར་འགྱུར་བའི་སློབ་མ་གཞུག་པའི་ཆོ་གས་བདག་ཉིད་དང་པོར་དཀྱིལ་འཁོར་དུ་འཇུག་པའི་བདག་ཉིད་ཀྱིས། རིགས་ཀྱི་བདག་པོས་དབང་མཛའ་དག་གི?་བར་རྫོགས་པར་བྱས ་ལ། དེ་ནས་འདི་ལྟར་ལས་ཐམས་ཅད་དང་རྗེས་གནང་བ་ཐོབ་ནས་དཀྱིལ་འཁོར་དུ་སློབ་མ་གཞུག་པའི་དོན་དུ་ཟག་པ་མེད་པའི་བདེ་བ་ཆེན་པོ་རྡོ་རྗེ་འཛིན་པའི་རང་བཞིན་དེ་ཁོ་ན་ཉིད་ཀྱི་གཟུགས་བརྙན་ལྟ་བུའི་ཆོས་ཐམས་ཅད་ཀྱི་?་?་གཉིས་སུ་མེད་པའི ་ཡེ་ཤེས་ཀྱི་ལུས་དཀྱིལ་འཁོར་གྱི་འཁོར་ལོའི་རང་བཞིན་དང་བདེན་པ་དྲན་པར་བྱ་བའི་ཕྱིར་དགའ་བས་ཚིགས་སུ་བཅད་པ་འདི་ཉན་དུ་གཞུག་གོ་།ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །གདོད་མ་མེད་པའི་གཏེར་གྱི་མཆོག་།སེམས་དཔའ་ཨི་རྡོ་རྗེ་ཆེན་པོའི ་དངོས། དཔལ་ལྡན་ཀྱེའི་རྡོར་སོགས་བདག་བསྒྲུབས། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག་།དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །དོན་དམ་མི་འགྱུར་བདག་ལ་བསྒྲུབས། །སྐྱོན་ཀུན་དང་བྲལ་རྟག་པ་སྟེ། །འདོད་ཆགས་ཀུན་གྱི་རྗེས? ་ཆགས་ཆེ་ལ་དགྱེས?་ཆེན་པོ། །བཅོམ་ལྡན་བདག་ལ་དེ་ཉིད་བསྒྲུབས། །ཤིན་ཏུ་དག་པ་རྣམས་ཀྱི་མཆོག་།གདོད་མ་ནས་གྲོལ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་གྱི་མཆོག་།བྱང་ཆུབ་སེམས་དཔའ་བདག་ལ་བསྒྲུབས?། །དངོས་གྲུབ་ཆེན་པོ་ཀུན ་གྱི་མཆོག་།དབང་ཕྱུག་ཆེ་མཆོག་ཕྱག་རྒྱ་ནི། །དངོས་གྲུབ་རྡོ་རྗེ་མཐར་ཐུག་པ། །རྡོ་རྗེ་སྙིང་པོའི་བདག་པོར་གྱུར། །སེམས་ཅན་ཀུན་ཡིད་ཁྱབ་པའོ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཉིད་ནི། ?་མཆོག་དམ་ཚིག་རྣམས་ཀྱི ་མཆོག་།བདེན་པ་གང་གིས་ཡེ་ཤེས་ཏེ། །ཤེས་རབ་ཐབས་དག་དཀྱིལ་འཁོར་ལ། །བདེན་པ་དེ་ཡིས་མགོན་པོ་བདག་།ཁྱོད་ཀྱིས་འདོད་པ་ཡོངས་སུ་རྫོགས། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་དང་བརྙོག?་པ་མེད། །གཟུང་དུ་མེད་ཅིང ་བརྗོད་དུ་མེད། །རྒྱུ་དང་ལས་ལས་མཉམ་པར་བྱུང། །དེ་ཉིད་ལས་སྐྱེས་དེ་བཞིན་ཉིད། །ཅེས་བྱ་བའི་བདེན་པས། གཟུགས་བརྙན་གསལ་པོར་དྲི་མེད་པར་དེ་ནས་དཀྱིལ་འཁོར་ནས་བྱུང་བའི་སློབ་དཔོན་གྱི་ཞབས་གཉིས་ལ་དཀྱིལ་འཁོར་སྔོན་དུ ་འགྲོ་བས་ཕྱག་བཙལ་ལ་།དྲན་པར་བྱ་བའི་ཕྱིར་སློབ་མས་གསོལ་བ་གདབ་པར་བྱ་བ་ནི་འདི་ལྟར་གསོལ་བ་གདབ་པར་བྱའོ། །འཁོར་ལོ་ཕྱིར་མི་ལྡོག་པའི་དབང། །མགོན་པོས་བདག་ལ་སྩལ་ནས་ནི། །དཀྱིལ་འཁོར་ལྷ་ཡི་དེ་ཉིད་དང།། ་སློབ་དཔོན་ལས་ཀྱང་གསུང་དུ་གསོལ། །སངས་རྒྱས་ཀུན་གྱི་དམ་ཚིག་རྣམས། །སྡོམ་པ་གསང་བ་རྣམས་ཀྱིས་མཆོག་།སེམས་ཅན་རྣམས་ཀྱི་དོན་གྱི་རྒྱུས། །བདག་གི་རྟག་ཏུ་སློབ་དཔོན་གྱུར། །དེ་ནས་འདི་ལྟར་གསོལ་བ་བཏབ་ནས་བླ་མས་དཀྱིལ་འཁོར ་གྱི་བདག་པོ་ལ་གསོལ་བ་བཏབ་པར་བྱ་སྟེ། བདག་ཆེ་གེ་མོ་མིང་འདི་ཞེས། །བྱང་ཆུབ་སེམས་ནི་གཟུང་བ་ལ། །དམ་ཚིག་སྡོམ་པར་ལྡན་པར་ནི། །གསང་བའི་དཀྱིལ་འཁོར་འདི་རུ་འཚལ་ཞེས་བྱ་བས་སོ། །དེ་ནས་སློབ་དཔོན་གྱིས་བརྗོད་པར་བྱ་སྟེ། ་གསང་ཆེན་པོ་ཡི་རིགས་དག་པ། །གསང་ཆེན་ཡོངས་སུ་བཟུང་བ་ཡིས། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །འཚལ་ཞེས་སློབ་མས་ཀྱང་བརྗོད་པར་བྱ། །དེ་ནས་སློབ་དཔོན་གྱིས་ལུས་ལ་ཁྲུས་དང་དྲི་ཞིམ་པོ་དང ་མེ་ཏོག་གི་ཕྲེང་བ་དང་གོས་དམར་པོ་ཅོད་པན་དང་བཅས་པ་ལ་གདོང་པ་གོས་དམར་པོས་བཀབ་ལ་ཡོན་ཕུལ་ཏེ། ཨ་ཁོཾ?་ཟི་ར་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་མེ་ཏོག་གི་ཕྲེང་བ་གཟུང་ལ། ལས་ཐམས་ཅད་པའི་སྔགས་བཟླས་པའི་བུམ་པའི་ཆུས ་གཏོར་ལ། སློབ་མ་འདོད་པའི་ལྷའི་གཟུགས་ལ་མིག་དང་ལུས་ལ་སོགས་པ་བྱིན་གྱིས་བརླབས་པར་རྣམ་པར་བསམས་ནས། ཡོལ་བས་བཅད་པ་བྱས་ནས་དཀྱིལ་འཁོར་དུ་གཞུག་པར་བྱ་བའི་ཕྱིར་ཀྱེ་སྙིང་དུ་སྡུག་པ་ཁྱོད་སུ་ཡིན་ཞེས་དྲི་བར ་བྱའོ། དེས་ཀྱང་སྐལ་བཟངས་སྙིང་དུ་སྡུག་པ་བདག་གོ་ཞེས་བརྗོད་པར་བྱའོ། །དེ་ནས་བླ་མས་ཀྱང་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ། དེ་ཡི་གེ་ཧཱུཾ་གིས་ཤར་སྒོར་བཞག་པར་བྱའོ། །དེ་ནས་འདི་ཡིས་སྙིང་གར་ཨོཾ་ཡོ་ག་ཙིཏྟ་ཨུཏཔ་དཱ་ཡ་མི ་ཞེས་བྱ་བའི་སྔགས་ཀྱིས་རྣལ་འབྱོར་དུ་སེམས་བསྐྱེད་དོ། །ོཾ་སུ་ར་ཏེ་ས་མ་ཡ་སྟཝཾ་ཧོ་སིདྡྷི་བཛྲ་ཡ་ཐ་སུ་ཁོཾ?་ཞེས་བྱ་བ་འདིས་སྙིང་གར་མེ་ཏོག་དང་བཅས་པའི་རྡོ་རྗེ་བཞག་པར་བྱའོ། །དེ་ནས་འདི་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དི་རིང་ཁྱོད་བྱིན་གྱིས་བརླབས? ་པར་འགྱུར་རོ། །ཁྱོད་གྱིས་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་གསང་ཆེན་གྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་བརྗོད་པར་མི་བྱ་ཞིང། གཞན་དད་པ་མེད་པ་རྣམས་ལ་བརྗོད་པར་མི་བྱའོ། །དེ་ནས་ལས་ཐམས་ཅད་པའི་སྔགས་སམ? ་?་སྔགས་ཀྱིས་སློབ་མ་དྲངས་ལ། ཨ་ཁཾ་བི་ད་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་ཡོལ་བའི་ནང་དུ་བཅུག་ལ་སློབ་དཔོན་དང་དཀྱིལ་འཁོར་ལ་ཕྱག་བྱས་ནས་སློབ་མས་འདི་སྐད་བརྗོད་པར་བྱའོ། །ོཾ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྙེན་བཀུར་གྱི་ཕྱིར ་བདག་ཉིད་དབུལ་བར་བགྱིའོ། །ོཾ་སློབ་དཔོན་རྣམས་ཀྱི་བསྙེན་བཀུར་གྱི་ཕྱིར་བདག་ཉིད་དབུལ་པར་བགྱིའོ། །ོཾ་སེམས་ཅན་རྣམས་ཀྱི་བསྙེན་བཀུར་གྱི་ཕྱིར་བདག་ཉིད་དབུལ་བར་བགྱིའོ་ཞེས་བྱ་བས་སོ། །དེ་ནས་འདི་སྐད་ཅེས་བརྗོད་པར་བྱའོ། ། ་དི་རིང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས་དེ་བས་ན་ངས་ཀྱང་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། ཁྱོད ་ཀྱིས་འདི་ནི་དཀྱིལ་འཁོར་མ་མཐོང་བའི་སྡུན་དུ་བརྗོད་པར་མི་བྱའོ། །དེ་ཡིས་དམ་ཚིག་ཉམས་པར་གྱུར་ཏེ་རེ?་ཞེས་བྱ་བས་སོ། །དེ་ནས་སློབ་མའི་སྤྱི་བོར་རྡོ་རྗེ་བཀོད་ལ། འདི་དེ་རྡོ་རྗེ་དམ་ཚིག་སྟེ། །གལ་ཏེ་ཁྱོད་ཀྱིས་ཚུལ་འདི་ནི། འགའ་ཞིང་དྲུང་དུ་བཟླས ་གྱུར་ན། མགོ་བོ་དག་ནི་གཤེག་པར་བྱེད་ཅེས་བྱ་བས་སོ། །དེ་ནས་སྙིང་གར་རྡོ་རྗེ་བཀོད་ལ། ཨོཾ་རྡོ་རྗེ་སེམས་དཔའ་ཉིད་ཀྱང་ནི། །དེ་རིང་ཁྱོད་ཀྱི་སྙིང་ལ་གནས། །གལ་ཏེ་ཁྱོད་ནི་སྨྲ་བྱེད་ན། །སྐད་ཅིག་དེ་ལ་འབིགས་པར་འགྱུར་ཞེས་བྱ་བ་འདིས་མནའ ་བསྒགས་ལ། བདུད་རྩི་ལྔ་དང་བསྲེས་པའི་དྲི་ཞིམ་པོའི་ཆུས་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ། ཨོཾ་བཛྲ་མ་ཧོ་ད་ཀ་ཞེས་བྱ་བ་འདིས་ལན་བདུན་བཟླས?་ཏེ། འདི་དེ་དམྱལ་བའི་ཆུ་ཡིན་ཏེ། །དམ་ཚིག་འདས་ན་སྲེག ་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩའི་ཆུ་ཐུང་ཞིག་ཅེས་བརྗོད་ལ་བླུད་པར་བྱའོ། །དེ་ནས་སློབ་མ་དམ་བཅས་པ་བརྟན་པར་བྱ་བའི་ཕྱིར་འདི་སྐད་བརྗོད་པར་བྱའོ། །དེང?་ནས་གཟུང་སྟེ་བ་ནི་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་སྟེ། ་གང་བ?་ཡིས་བརྗོད་པ་འདི་དག་ཁྱོད་ཀྱིས་བྱ་ཞིང། ང་ལ་ཁྱོད་ཀྱིས་བརྙས་པར་ཡང་མི་བྱའོ། །ཉམ་ང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏེ་རེ་ཞེས་བྱ་བས་སོ། །དེ་ནས་སརྦ་ཏ་ཐཱ་ག་ཏ་ཤྭ་བྷི་ཏཥྚི?་ཏ་མ ་བཛྲ་སྭཱཧཱ་ཞེས་བརྗོད་དུ་བཅུག་ལ་དེའི་སྙིང་གར་སའི་དཀྱིལ་འཁོར་ལཾ་ཡིག་ལས་སྐྱེས་པ་གྲུ་བཞི་པ་སེར་པོ་ཟུར་བཞིར་རྡོ་རྗེ་རྩེ་གསུམ་པའི་ཡི་གེ་ཧཱུཾ་གིས་ཕྱིན་གྱིས་བརླབས་པ་བསྒོམ་པར་བྱའོ། །མགྲིན་པར་ནི་ཆུའི་དཀྱིལ་འཁོར་བ ་ཡིག?་ལས་སྐྱེས་བ་བླུས?་པོ་དཀར་བ་བུམ་པས་མཚན་པ། ཨའི་ཡི་གེས་བྱིན་གྱིས་བརླབས་པ་བསྒོམ་པར་བྱའོ། །དེ་ནས་སྤྱི་བོར་རླུང་གི་དཀྱིལ་འཁོར་ཡཾ་ཡིག་ལས་སྐྱེས་པ་གཞུའི་རྣམ་པ་ནག་པོ། །མཛའ་གཉིས་སུ་དར་དབྱངས་གཡོངས?་མཚན་པ ་དབུས་སུ་ཧོཾ?་ཡིག་གིས་བྱིན་གྱིས་བརླབས་བ་བསམ་ཞིང། རྐང་མཐིལ་གཉིས་སུ་ཛཛ་ཡིག་ཡང་དག་པར་འབར་པ་བསམ་པར་བྱའོ། །དེ་ནས་དེའི་འོག་ཏུ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་རཾ་ཡིག་ལས་སྐྱས་པའི་མེའི་དཀྱིལ་འཁོར་ཁ་དོག་དམར་པོ་ཟུང ་གསུམ་པ་བསྒོམ་པར་བྱས་ལ་དེས་སྣང་བར་བྱས་ཏེ། དྲིལ་བུ་དཀྲོལ་ལ་ཨ་བེ་ཤ་ཡ་སྟཝཾ་བྷ་ཡ་ར?་ཙ་ལ་ཡ་ཙ་ལ་ཡ། ཧཱུཾ་ཨ་དྷེ་?་ཞེས་བྱ་བའི་སྔགས་ཀྱིས་བསྐུལ་ལ་ཇི་སྲིད་དུ?་བབས?་ཀྱི་བར་དུ་བབ་པར་བྱའོ། །ཡང་ན་སློབ་མའི་རྐང་པའི་འོག? ་ཏུ་རླུང་གི་དཀྱིལ་འཁོར་ལས་ས་བོན་གྱིས་བྱིན་གྱིས་བརླབས་པ་བསྒོམས་ལ། དེ་ཡིས་དེ་བཅུ?་ལ་བར་བསྒོམ་པར་བྱའོ། །ད་ནས་ཡང་དྲག་པོའི་གང་དང་བཅས་པས་དྲིལ་བུ་དཀྲོལ་ཞིང། ཨོཾ་ལེ?་ལེ་ལེ་ལེ་ཧཱུཾ་ཞེས་བྱ་བའི་སྔགས་བབས་ཀྱི་བར་དུ་བརྗོད་ལ། དེ་ལ་བབས་པ་རང?་གི? ་ནས་ཀྱང་འདོད་ཆགས་རྡོ་རྗེར་བསམས་ལ་དེའི་ལྕེ་ལ་ཨཱ?:ཡིག་དམར་པོ་བསྒོམས་ལ། རྡོ་རྗེ་སྤོས་ཤིག་ཅེས་བརྗོད་པར་བྱའོ། །དེ་ནས་དེ་བབས་པ་ལ་བརྟན་པར་བྱ་བའི་ཕྱིར་ཏིཥྛ་བཛྲ་ཞེས་བརྗོད་པར་བྱའོ། །དེ་ལྟར་དྲིས་པ་དང་དགེ་བ་དང་མི་དགེ་བ་སྨྲ་བར་འགྱུར་རོ། །དེ་ནས ་ཨོཾ་ཏིཥྛ་བཛྲ་ས་མ་ཡ་པྲ་ཏི་ས་ལི་ཏེ་ཧཱུཾ་ཧཱུཾ་ཧོ་ཧོ་སྭཱཧཱ་ཞེས་བྱ་པའི་སྔགས་ཀྱིས་བབས་པ་བརྟན་བར་བྱ་ཞིང། ཚིགས་སུ་བཅད་བ་འདིས་བདེན་པའི་བྱིན་རླབས་བདར་བར་བྱའོ། །ཡང་དག་དཀྱིལ་འཁོར་འདི་རུ?་ནི། །བདག་གི་སློང་མ་རབ་ཞུགས་བས། །ལྷ་རྣམས་ཀྱི་ནི་རིམ་པ ་སྟེ། ཇི་ལྟར་བསོད་ནམས་དེ་ལྟར་འགྱུར། །འདི་ཡིས་དངོས་གྲུབ་ཅི་འགྱུར་བ། །དེ་ཡི་རིགས་ཀྱི་སྣོད་ཡིན་ཏེ། །གང་འདྲའི་བསོད་ནམས་ཇི་མཐུན་པ། །དེ་འདྲའི་དཀྱིལ་འཁོར་དག་ཏུ་འགྱུར་ཞེས་བྱ་བས་སོ། །དེ་ནས་དེ་ཡིས་མིག་གིས་ཅི་མཐོང་ཞེས་དྲི་བར་བྱའོ།། ་དེས་བརྗོད་པའི་དཀར?་པོ་དང། སེར་པོ་དང། དམར་པོ་དང། ནག་པོའི་དཀྱིལ་འཁོར་གྱི་སྣང་བས་ཞི་བ་དང་རྒྱས་པ་དང་དབང་དང་མངོན་སྤྱོད་ཀྱི་དངོས་གྲུབ་ཏུ་འོས་པ་དེ་ལ་རིམ་པས་བརྗོད་བར་བྱའོ། །དེ་གཟུང་བའི་མེ་ཏོག་ཕྲེང་བ་ཡི་གེ་ཧཱུཾ་གིས་འཕངས་ལ། ་པྲ་ཏཱིཙྪ་ཏེ:ཞེས་བརྗོད་པར་བྱའོ། །དེ་ནས་དངོས་གྲུབ་དམན་པ་དང་མཆོག་མེ་ཏོག་ལྷུང་བ་ལས་མཚོན་བར་བྱའོ། །ལྷ་རྣམས་ཀྱི་ནཾ་ཁྱད་པར་ལས། །དེ་བཞིན་གནས་ལ་གུས་པ་ཡིན། །སངས་རྒྱས་ལ་ལྷུང་མེ་ཏོག་དེ། །དབུ་སྙན་གཙུག་ཏོར་དབུ་སྐྲ་ན། །དངོས་གྲུབ་ཕྱག ་རྒྱ་ཆེར་གསུངས་ཏེ། །སྔགས་ལ་མངོན་པར་སྦྱར?་ནས་འགྱུར། །སྤྱན་དང་ཞལ་གྱི་ཕྱོགས་ཆན། །སྔགས་ཀྱི་དངོས་གྲུབ་དག་ཏུ་གསུངས། །སྐུ་ཡི་སྟོད་དུ་དངོས་གྲུབ་མཆོག་།སྐུ་སྨད་ན་ནི་འབྲིང་དུ་བཤད། །འོག་ཆར་དངོས་གྲུབ་ཐ་མ་སྟེ། །མཆོག་ནི་བྱང་ཆུབ་ཅེས་སུ ་བཅད། །འབྲིང་གིས་དབང་ཕྱུག་དངོས་གྲུབ་སྟེ། །ཐ་མ་ཡིས་ནི་ནོར་རྣམས་འགྲུབ། །འདི་ཡིས་རིམ་པ་ཐམས་ཅད་ནི། །བདག་མེད་མ་རྣམས་ལ་ཡང་ངེས། །གཞན་དུ་ལྷ་རྣམས་གདན་ལ་ནི། །དངོས་གྲུབ་གསུམ་གྱི་རྣམ་པར་སྔོན?། ་ཇི་ལྟར་བོར་བའི་མེ་ཏོག་དེ། །གཟུགས་བརྙན་ལས་ནི་ངའི?་ལྷུང་ན། །དེ་ཡིས་དངོས་གྲུབ་རིང་པར་འགྱུར། །ཉེ་བ་ཉིད་ན་འདིར་འགྱུར?་ཏེ། །སྔགས་པ་རྣམས་ལ་ཕན་པ་འམ། །ཕན་འདོགས་རབ་ཏུ་འཛིན་པ་སྟེ། །དེ་ཡི་སྤྱྡ་ཡུལ་ལྷུང་གྱུར་ན། །དེ་ནི?་ཡི ་རིགས་སུ་ཤེས། །འཕངས་བའི་མེ་ཏོག་ཕྲེང་བ་སྟེ། །གལ་ཏེ་བབ་དུ་ལྷུད་གྱུར་ན། །གང་ལ་ཉེ་གྱུར་ཕྲེང་བ་དེ། །དེ་ནི་དེ་ཡི་རིགས་སུ་སྟོན། །གལ་ཏེ་མཎྜལ་འདས་ན་ནི། །གལ་ཏེ་དེ་ནི་ལྷུང་གྱུར་ན། །དེ་ཡི་དངོས་གྲུབ་གཞན་འགྱུར་ཏེ། །འདི་ཡི་དད་པ་བཅོས ་མའོ། གལ་ཏེ་བརྒྱ་ལ་ཕྲེང་བ་སྟེ། །ཕྲེང་བ་རེ་ཁཱར?་ལྷུང་གྱུར་ན། །ཞི་བྱས་སླར་ཡང་ཕྲེང་བ་ནི། །དེ་ནི་ནན་ཏན་གྱིས་དོར་བྱ། །སླར་ཡང་དེ་ལ་ཉེ་གྱུར་ན། །བློ་ལྡན་གྱིས་ནི་སླར་མི་དོར། །དེ་ལ་དངོས་གྲུབ་ཐོབ་པ་མེད། །གར་ཡང་ངེས་མེད་བློ་ལྡན ་ཀྱེ། གཉིས་ཀྱི་བར་དུ་མཉམ་པ་དང། །ཕྱིར་ལྷུང་བ་ལ་འབྲས་བུ་མེད། །ཞི་བྱས་སླར་ཡང་བློ་ལྡན་གྱིས། །ཕྲེང་བ་དེ་ནི་དོར་བར་བྱ། །ཐིག་གིས་རྣམ་པར་ཤེས་པ་ཉིད། །གཞན་མེད་རྟག་པར་སྙིང་པོ་ལྷུང། །དེ་ཡི་སྤྱོད་ཡུལ་དེ་ཤེས་ཉིད། །ཕྲེང?་བ ་རུ་ནི་རབ་ཏུ་གྲགས། །དེ་ལ་སོགས་པ་རྣམ་པ་ཡིས། །གལ་ཏེ་ཡང་དག་ལྡང་མ་ཡིན། །སླར་ཡང་ཕྲེང་པ་འཕང་བར་བྱ། །དེ་ལྟར་གསུམ་ཡིན་སྤང་བར་བྱ། །མེ་ཏོག་དོར་བའོ། །དེ་ནས་མེ་ཏོག་ལྷུང་བ་ལས་ལྷ་ཤེས་པར་བྱ་སྟེ། །སྔར?་ཡང་འཕངས ་པའི་མེ་ཏོག་བླངས་ཏེ་བླངས་ནས་ཀྱང། །འདི་ནི་མཉེས་གཤིན་སྟོབས་པོ་ཆེ། །ཞེས་བརྗོད་ལ་སློབ་མའི་སྤྱི་བོར་བཅིང་བར་བྱའོ། །ཕྲེང་བའི་དབང་པོ་།དེ་ནས་སློབ་མའི་མིག་དག་ལ་ཡི་གེ་ཨོཾ་འབར?་བ་དང་ལྡན་པར་བསྒོམས་ལ། ཨོཾ་དེ་ཉིད?་རྡོ་རྗེ ་སེམས་དཔའ་ཉིད། །མིག་རྣམས་འབྱེད་བ་རྣམས་ཀྱི་མཆོག་།རྡོ་རྗེའི་མིག་ནི་བླ་མེད་པར། །མིག་རྣམས་ཐམས་ཅད་དབྱེ་བར་བྱ་ཞེས་བརྗོད་ལ་གདོང་བཅིངས་པ་བཀྲོལ་ཏེ། ཀྱེ་རྡོ་རྗེའི་མཐོང་བ་བརྗོད་པར་བྱ་བ་ནི་སོ་སོའི་ལྷ་རྣམས་ཀྱི་མིང་དང། དཀྱིལ་འཁོར ་གྱི་བདག་པོའི་མིང་སྔོན་དུ་འགྲོལ་ནས་བརྩམས་ཏེ། དཀྱིལ་འཁོར་བསྟན་པར་བྱའོ། །དེ་ནས་བླ་མ་དགྱེས་པ་ནས་སློབ་མ་ལ་འདི་སྐད་བརྗོད་པར་བྱའོ། །དེང་ནས་དད་པ?་བསྐྱེད་བྱོས་ལ། །དཀྱིལ་འཁོར་འདི་ནི་བལྟ་བར་བྱའོ། །ཁྱོད་ནི་སངས་རྒྱས་རིགས་སུ ་སྐྱེས། རིག་པའི་སྔགས་ནི་བྱིན་གྱིས་བརླབས། །གྲུབ་པའི་རྣལ་འབྱོར་དེ་དག་དང། །འབྱོར་པ་ཐམས་ཅད་མངོན་དུ་འགྱུར། །དངོས་གྲུབ་རྒྱུས་ནི་དམ་ཚིག་སྐྱོང། །སྔགས་ཀྱི་དངོས་ལ་འབད་ལྡན་གྱིས། །དེ་ནས་སློབ་མས་ཀྱང་བླ་མའི་ཞབས་ལ་བཏུང ་དེ་འདི་སྐད་བརྗོད་པར་བྱའོ། །ོཾ་བཛྲ་མཎྜ་ལ་མཧཱ་མཎྜ་ལ་པྲ་ཏི་ཧོ་ཨ་ཧཾ། ཨོཾ་ཡོ་ག་མཎྜ་ལ་མཧཱ་མཎྜལ། དར་སི་ཧོ་ཧ་ཨཾ། ཨོཾ་གུ་ཧཡ་མཎྜལ་མཧཱ་མཎྜ་ལ་དྲི་ཀྵི་ཧོ་ཧཱུཾ་ཨཾ་ཞེས་བྱ་བས་སོ། །སློབ་མ་གཞུག་པའི་ཆོ་གའོ། །དེ་ནས་བླ་མ་དང་སློབ་མའི་དགེ ་བ་སྤེལ་པར་བྱ་བའི་ཕྱིར་བཀྲ་ཤིས་ཚིགས་སུ་བཅད་པ་གསུམ་བླང་བར་བྱའོ། །བཀྲ་ཤིས་དམ་པ་གང་ཞིག་སེམས་ཅན་མ་ལུས་ཕན་ཞིང་མོས་པ་ཡིས། །དཔལ་ལྡན་ཁྲག་འཐུང་སྐྱོན་རྣམས་མང་པོ་རྣམ་པར་སེལ་མཛད་པ། །རིག་པའི་ཡན་ལག ་ཆགས་པའི་བདེ་བའི་བདག་ཉིད་ལེགས་ཉམས་པའི། །དབང་རྣམས་མཆོག་ལ་ཡང་ནི་དེས་ནི་བཀྲ་ཤིས་གྱུར་པར་ཤོག་།བཀྲ་ཤིས་གང་ཞིག་ལྷ་དང་མི་དང་ལྷ་མ་ཡིན་གྱིས་མཆོད། །ལྷག་ན་མེད་པའི་ཆོས་རྣམས་དག་ནི་དེ་ཡིས་གསུངས་པ་དང། ། ་འཇིག་རྟེན་གསུམ་ལོ་རྣམས་སུ་བདག་མེད་པར་ནི་རྣམ་བཤད་བ། །དབང་རྣམས་མཆོག་ལ་ཡང་ནི་དེས་ནི་བཀྲ་ཤིས་གྱུར་པར་ཤོག་།བཀྲ་ཤིས་གང་ཞིག་མཆོག་གི་ཆོས་རྣམས་རྟག་པར་འཇིན་མཛད་པའི། །ལྷ་ཡི་ཚོགས་ནི་རྒྱལ་བའི་སྲས་པོའི་ཚོགས ་ཀྱི་བདག། བཀྲ་ཤིས་བཟང་པོ་སེམས་ཅན་ངན་འདོགས་མཛད་པ་རྣམ་པ་བཞི། །དབང་རྣམས་མཆོག་ལ་ཡང་ནི་ངེས་ནི་བཀྲ་ཤིས་བྱུང་པར་ཤོག་།དེ་ནས་བྱང་ཆུབ་རྡོ་རྗེ་སངས་རྒྱས་རྣམས། །?་?་ཆེ་བའི་ཆེན?་པོ་གསལ། ། ་བདག་ལ་དྲང་བའི་དོན་དུ་ནི། །ནམ་མཁའ་རྡོ་རྗེ་ལ་སོགས་གསོལ་ཞེས་བྱ་བ་འདིས་གསོལ་བ་བཏབ་པ་དང། སློབ་མ་ཡང་པདྨ་ལ་སོགས་པའི་གདན་ལ་འདུག་ཅིང། མི་བསྐྱོད་པའི་གཟུགས་སུ་བསམས་ལ། དེ་བཞིན་གཤེགས་པ་ཐམས་ཅད་དཔལ ་ཀྱེ་རྡོ་རྗེའི་གཟུགས་དང་ལྡན་པས་ཡེ་ཤེས་ཀྱི་ཆུས་གང་བའི་རིན་པོ་ཆེའི་བུམ་པ་བསྣམས་ནས་དབང་བསྐུར་བར་རྣམ་པར་བསམས་ལ། རྡོ་རྗེ་རིན་ཆེན་དབང་བསྐུར་ནི། །ཁམས་གསུམ་ཀུན་གྱི་ཕྱག་བྱས་པ། །གསང་བ་གསུམ་ལས་མ་ཤེས? ་བྱུང་བ། །སངས་རྒྱས་རྣམས་ཀྱིས་བདག་ལ་གསོལ་ཞེས་བརྗོད་ལ། ཁུ་ཚུར་གྱི་ཆུ་དང་བཅས་པའི་རྡོ་རྗེས་བླངས་ལ་།ོཾ་བཛྲ་ཨ་བྷི་ཥིཉྫ?་ཞེས་བརྗོད་ལ་འཁོར་ལོ་སྒྱུར་བལྟར་དབང་བསྐུར་བར་བྱའོ། །དེ་ལ་འདི་ནི་དབང་བསྐུར་བའི་རིམ་པ ་སྟེ། དང་པོ་རྣམ་རྒྱལ་བུམ་པའི་ཆུས། །དེའི་འོག་གོ་རཱི་སོགས་བུམ་ཆུས། །དེ་འོག་སྦོས་མོ་སོགས་བུམ་ཆུས། །ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་ངོ་བོ་ཆུའི་དབང་ཞེས་བྱའོ། །དེ་ནས་སློབ་མ་རིན་ཆེན་རྒྱལ་པའི ་གཟུགས་སུ་བསྒོམས་ལ། རང་གི་ལྷ་དང་ལྡན་པའི་གསེང་ལ་སོགས་པ་ལས་བྱས་པའི་ཅོད་པན་སྔར་བརྗོད་པའི་སྔགས་ཀྱི་སྤྱི་བོར?་བཞག་ལ་ཕྱོགས་བཅུ་ན་དེ་བཞིན་གཤེགས་པའི་རིགས་ཀྱི་བདག་པོའི་གཟུགས་ཀྱི་ཅོད་པན་ལ་བཞུགས་པར ་བསྒོམས་ལ་སྔར་བཞིན་དུ་དབང་བསྐུར?་བར་བསྒོམ་མོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ཅོད་པན་ཀྱི་དབང་ཤེས་བྱའོ། །དེ་ནས་འོད་དཔག་མེད་ཀྱི་གཟུགས་སུ་དེ་བསྒོམས་ལ་རྡོ་རྗེའི་རྩེ་མོ་ནས་བླངས་ཏེ། སངས་རྒྱས་རྡོ་རྗེའི་དབང་གིས ་?་རེ་རིང?་ཁྱོད་ཀྱི་དབང་བསྐུར་གྱིས། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །དངོས་གྲུབ་ཕྱིར་ནི་རྡོ་རྗེ་ལོང། ཞེས་བརྗོད་ལ། རྡོ་རྗེ་ཡིས་སྙིང་ག་དང་སྤྱི་གཙུག་དང་མགྲིན་པ་རྣམས་སུ་རེག་པར་བྱ་སྟེ། ལག་པ་རྣམས་སུ་བྱིན་ལ་སྔར་བཞིན་དུ་དབང་བསྐུར་བར་བྱའོ།། ་སོ་སོའི་ཀུན་ཏུ་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་རྡོ་རྗེའི་དབང་ཞེས་བྱའོ། །དེ་ནས་དོན་ཡོད་གྲུབ་པའི་གཟུགས་སུ་རྣམ་པར་བསྒོམས་ལ། དྲིལ་བུ་ལག་པ་གཡོན་པར་བྱིན་ལ་རྡོ་རྗེ་དང་དྲིལ་བུར་ལྡན་པའི་ལག་པ་གཉིས་འཁྱུད?་པའི་ཚུལ་དབྱེར་མེད་པའི ་རྣམ་པར་ཨོཾ་བཛྲ་ཨ་དྷི་བ་ཏིཏྭོཾ?་ཨ་བྷི་ཥིཉྩ་མི། ཏིཥྛ་བཛྲ་ས་མ་ཡ་ཧྭཾ?་ཞེས་བརྗོད་ལ་དབང་བསྐུར་བར་བྱའོ། །བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་བདག་ཉིད་དྲིལ་བུའི་དབང་ཞེས་བྱའོ། །དེ་ནས་དེ་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་བསམ་ལ་རྡོ་རྗེ་དང་དྲིལ ་བུ་སྤྱི?་གོར་གཞག་སྟེ། །ོཾ་བཛྲ་སཏྭ་ཏྭཾ་ཨ་བྷི་ཥིཉྩ་མཾ?། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཞེས་བརྗོད་ལ། ཀྱེ?་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་རྣམ་གྲངས་འདིས་རིགས་དང་རྗེས་སུ་མཐུན་པ་ཉིད་ཀྱི་ཚུལ་གྱིས་འཁོར་ལོས་སྒྱུར་བའི་མིང་གིས་དབང་བསྐུར་བར་བྱའོ།། ་འདི་ནི་མེ་ལོང་ལྟ་བའི་ཡེ་ཤེས་ཀྱི་ངོ་བོ་ཉིད་མིང་གི་དབང་ཞེས་བྱའོ། །དབང་འདི་རྣམས་ཀྱིས་ནི་སྔགས་ཀྱི་རྒྱུད་ཉན་པ་དང་བཤད་པ་དང་སྒྲུབ་པ་ལ་དབང་དུ་བྱས་པར་འགྱུར་རོ། །དེ་ཉིད་ཁོ་ན་རིག་པའི་དབང་སྟེ་ཡེ་ཤེས་རིག་པ་རྣམ་པ་ལྔ་པོ་དེའི་ཕྱིར་དབང ་ལྔ་ཞེས་བྱའོ། །གང་གང་སྣང་བ་དེ་དེ་རྣམས། །དེ་ནི་ཧེ་རུ་ཀ་དངོས་ཉིད། །ཕལ་པ་གང་ནི་དག་པའི་ཆོས། །སངས་རྒྱས་ཡེ་ཤེས་ཀྱང་དེ་ཡིན། །རིག་པའི་དབང་སྤྱི་ཡིས་བྱང་ཆུབ་ངེས་པར་ཐོབ་པ་ཡིན་གྱི་ཁྱད་པར་གྱིས་ཡང་དག་པར་རྫོགས་པར་བྱང ་ཆུབ་པ་མ་ཡིན་ནོ། །དེ་བས་ན་ནན་ཏན་གྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ངེས་པར་ཐོབ་པར་བྱ་བའི་ཕྱིར་སློབ་དཔོན་གྱི་དབང་གི་དོན་དུ་གཉེར་བ་སྤྱིའི་སྒོམ་པ་གཟུང་ཞིང་སློབ་དཔོན་གྱི་སྡོམ་པ་གཟུང་བ་ལ་བརྟུལ་ཞུགས་སྦྱིན་པར་བྱ་བའི ་གཞན་དུ་ལུང་བསྟན་པ་དང་དབུ་བས་འབྱིན་པ་མ་ཡིན་ཏེ། དེ་གཉིས་ཀྱིས་ནི་ཕྱིར་མི་ལྡོག་པའི་ས་ལ་རབ་ཏུ་གནས་བའི་ཕྱིར་ཏེ། བདག་ནི་ལུང་བསྟན་ཏེ། །བདག་ནི་དབུགས་འབྱིན་པ་?་པོ་ཞེས་མོས་བའི་སྟོབས་ཀྱིས ་འབད་པ་མེད་པའི་ངས་པ་ཐོབ་པའོ། །སྣོད་ཀྱི་བྱེ་བྲག་མཐོང་ནས་བརྟུལ་ཞུགས་སྟེར་བ་ལྟར་ལུང་བསྟན་པ་དང། དབུགས་འབྱུང་བ་ཡང་དེ་ཁོ་ན་རིག་བས་མི་སྦྱིན་ནོ་ཞེས་གཞན་དག་ན་རེའོ། །བརྒྱ་ལ་དེ་བཞིན་དུ་རྗེས་སུ་སྣང་བ་ཡང་བྱིན་ནས་སེམS ་ཅན་ཐམས་ཅད་ཅེས་བྱ་བའི་ཚིགས་སུ་བཅད་པ་ལྔ་པོ་འདིས་ཞེས་ནི་གཞན་དག་ན་རེའོ། །དེ་ནས་གཞན་ཡང་རང་གི་ལྷའི་ཕྱག་རྒྱ་བསླབས་ལ། རྩ་བའི་སྔགས་སམ་སྙིང་བོའི་སྔགས་བརྒྱ་རྩ་བརྒྱད་བཟླས་ལ་སློབ་མ་དེ་ལ་སྦྱིན་པར་བྱའོ། །ང ་ཡིས་ཁྱོད་ལ་བཅོམ་ལྡན་སྦྱིན། །འདིར་ནི་ཉེ་བར་གྱུར་པ་ཡིན་ཞེས་སྨྲ་བར་བྱའོ། །ང་ཡིས་ཁྱོད་ནི་བཅོམ་ལྡན་གཟུང། །བདག་ལ་ཉེ་བ་རུ་ནི་གྱུར། ཞེས་སློབ་མས་ཀྱང་བརྗོད་པར་བྱའོ། །དེ་ནས་བླ་མས་ཁྱོད་ཀྱིས་སྔགས་དང་ཕྱག་རྒྱ་འདི ་དཀྱིལ་འཁོར་མ་མཐོང་བ་འགའ་ཞིག་གི་དྲུང་དུ་སྨྲ་བར་མི་བྱའོ། །གླེང་གཞི་དེ་མཁྱོད?་དམྱལ་བར་གྱུར་ཏ་རེ་ཞེས་སློབ་མ་ལ་བརྗོད་པར་བྱའོ། །རིག་པའི་དབང་གི་ཆོ་གའོ། །དེ་ནས་རིག་པའི་དབང་དང་སློབ་དཔོན་གྱི་སྡོམ་པ་འཛིན་པར་ཕྱག་འཚལ ་ཏེ་ཡོན་ཕུལ་ལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་རྣམས། །ཇི་ལྟར་ཆེ་བའི་ཆེན་པོ་གསལ། །བདག་ལའང་དྲང་བའི་དོན་དུ་ནི། །ནམ་མཁའ་རྡོ་རྗེ་ལ་སོགས་གསོལ། ཞེས་བྱ་བའི་གསོལ་བ་འདི་དང་ལྡན་བས་སྒོ་ན་གནས་པ་གཞུག་པར་བྱ་ཞིང ་པདྨ་འདབ་མ་བརྒྱད་པ་བྲིས་ལ་དེའི་སྟེང་དུ་བཞག་སྟེ། རང་འདོད་ལྷའི་རྣལ་འབྱོར་གྱིས་སློབ་མ་ནམ་མཁའ་ལ་བཞག་སྟེ། རང་གི་སྙིང་གའི་འོད་ཟེར་ལས་ཁ་ནས་བཏོན་པའི་དེ་བཞིན་གཤེགས་པ་ཐམས་ཅད་དཔལ་ཧེ་རུ་ཀའི་གཟུགས་དང་ལྡན ་པས་མཆོད་པ་རྣམ་པ་ལྔ་དང་གདུགས་དང་རྒྱལ་མཚན་དང་བ་དན་དང་རོལ་མོ་དང་བཀྲ་ཤིས་ཀྱི་གླུ་དང་ལྡན་པས་ཕྱག་ན་རིན་པོ་ཆེའི་བུམ་པ་ནས་ཡེ་ཤེས་ཀྱི་ཆུ་གནས་པས་དབང་བསྐུར་བ་རྣམ་པར་བསྒོམ་པར་བྱ་སྟེ། རྡོ་རྗེ་ཆེན་པོའི་དབང་བསྐུར་ནི། །ཉམས? ་གསུམ་གྱིས་ནི་ཕྱག་བྱས་པ། །གསང་བ་གསུམ་ལས་མཉམ་བྱུང་པ། །སངས་རྒྱས་ཀུན་གྱིས་གསལ་གྱུར་ཏོ་ཞེས་བརྗོད་ལ་པདྨའི་གནོད་ལ་གནས་པའི་ཆུས་དབང་བསྐུར་བར་བྱའོ། །དེ་ནས་འདི?་ལ་དཀྱིལ་འཁོར་གྱི་དེ་ཉིད་དང། སློབ་དཔོན་གྱིས་ཡོངས་སུ ་བཅད་པ་ཡང་བརྗོད་པར་བྱ་སྟེ། དེ་ལ་ཤིན་ཏུ་རྣམ་པར་དག་པའི་ཏིང་ངེ་འཛིན་གྱི་སྙིང་པོ་སྡུད་པའི་ཕྱིར་ལོངས་སྤྱོད་རྫོགས་སྐུས་དཀྱིལ་འཁོར་བསྡུས་སོ། །སེམས་ཡང་དག་པར་སླང་བ་རྣམ་པར་དག་པས་ནི་ཁང་བུ་བརྩེགས་པའོ། །ཚད་ལས་མཉམ་པར ་བགྲོད་པ་ཉིད་ཀྱི་ཕྱིར་གྲུ་བཞིའོ། །བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་དགའ་བ་དང་བཏང་སྙོམས་རྣམ་པར་དག་པས་ནི་ཐིག་བཞིའོ། །ཆོས་རྗེས་སུ་དྲན་པའི་སྦྱོར་བས་ནི་ཐིག་སྐུད་དོ། །འཇིག་ཚོགས་ལ་ལྟ་བ་དང། མཐར་འཛིན་པར་ལྟ་བ་དང། ལྟ་བ ་མཆོག་ཏུ་འཛིན་པ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་ལས་གྲོལ་ཞིང་ཡེ་ཤེས་རྣམ་པར་དག་པས་ནི་ཇིག་འདེབས་པ་དང། སྡོམ་པ་དང། སེམས་ཅན་གྱི་དོན་བྱེད་པ་དང། དགེ་བའི་ཆོས་བསྡུད་པ་དང། སྡོམ ་པའི་ཚུལ་ཁྲིམས་རྣམ་པར་དག་བས་རྒྱན་དུ་མས་བརྒྱན་པའོ། །དད་པ་དང། བརྩོན་འགྲུས་དང། དྲན་པ་དང། ཏིང་ངེ་འཛིན་དང། ཤེས་རབ་ཀྱི་དབང་པོས་ནི་སེམས་ཀྱིས་རྣམ་གྲངས་རྣམ་པ་ལྔའོ། །སྡིག་པ་མི་དགེ་བ་བསྐྱེས་པ་རྣམས་འཇོམས་པར ་བརྩོན་པ་ནི་ཤར་གྱི་རྟ་བབས་སོ། །མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་སོ་སོར་རྟོག་པ་ནི་ནུབ་ཀྱི་རྟ་བབས་སོ། །སྐྱེས་པ་རྣམས་གནས་པར་བྱ་བའི་ཕྱིར་རབ་ཏུ་བརྩོན་པ་ནི་?་གི་རྟ་བབས་སོ། །ཡང་དག་པར་སྤོང་བ་བཞི་རྣམ་པར་དག་པའི་རྟ་བབས་བཞིའོ ་ལུས་དང། ཚོར་བ་དང། སེམས་དང། ཆོས་ཤེས་བྱ་བ་དྲན་པ་ཏེ་བར་གཞག་པས་ནི་སྟེགས་བུ་བཞིའོ། །བཟོད་པ་དང། ཆོས་དང། དོན་དང། སྔགས་དང། གཟུངས་རྣམ་པར་དག་པས་ནི་བཻ་བིས་ལ་རྣམ་པར་གནས་པའི་གླུ་དང་གང་ལ ་སོགས་པའི་མཆོད་པས་སྒྲོལ་པའི་ལྷ་མོའི་ཚོགས་སོ། །སྟོང་པ་ཉིད་རྣམ་པར་ཐར་པའི་སྒོ་ནི་ཤར་གྱི་སྒོའོ། མཚན་མ་མེད་པ་རྣམ་པར་ཐར་པའི་སྒོ་ནི་ལྷོའི་སྒོའི། །སྨོན་པ་མེད་པ་རྣམ་པར་ཐར་པའི་སྒོ་ནི་ནུབ་ཀྱི་སྒོའོ། །མངོན་པར་འདུས་མ་བྱས་པ་རྣམ ་པར་ཐར་པའི་སྒོ་ནི་བྱང་གི་སྒོའོ། །འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ནི་ཤར་གྱི་ཡ་ཕུབས་སོ། །བརྩོན་འགྲུས་ཀྱི་རྫུ?་འཕྲུལ་གྱི་རྐང་པ་ནི་ལྷོའི་སྒོའོ། །སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་ནུབ་ཀྱི་སྒོའོ། །སྤྱོད་པའི་རྫུ་འཕྲུལ་གྱི་རྐང?་པ་ནི་བྱང་གི་སྒོའོ། །ཐུགས ་རྗེས་བརླན?་ཅིང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་ནི་བུམ་པ་གང་པའོ། །དྲན་པ་དང། ཆོས་རྣམ་པར་འབྱེད་པ་དང། དགའ་བ་དང། ཤིན་ཏུ་སྦྱངས་པ་དང། ཏིང་ངེ་འཛིན་དང། བརྩོན་འགྲུས་དང། བཏང་སྙོམས་དང་ཞེས་བྱ་བ་བྱང ་ཆུབ་ཀྱི་ཡན་ལག་བདུན་རྣམ་པར་དག་པས་ནི་མེ་རྟོག་གི་ཕྲེང་བའོ། །སྒྲིབ་པ་ཐམས་ཅད་རྣམ་པར་གྲོལ་ཞིང་ཏིང་ངེ་འཛིན་དང་ཤེས་རབ་ཡང་དག་པར་འདུས་པ་དེ་བཞིན་གཤེགས་པའི་ལམ་གྱི་ཡེ་ཤེས་ནི་རྔ་ཡབ་བོ། །ཉོན་མོངས་པའི་ས་བོན་བཏོན་ནས ་ཉོན་མོངས་པ་རྣམ་པར་འཛོམས་པ་ནི་དོ་ཤལ་ལོ། །ཉོན་མོངས་པའི་ས་བོན་ཉེ་བར་བཅོམ་ནས་ཉོན་མོངས་པ་རྣམས་ཕྱེད་པ་ནི་དོ་ཤལ་ཕྱེད་པའོ། །མེ་ལོང་ལ་སོགས་པའི་ཡེ་ཤེས་ཀྱིས་ནི་མེ་ལོང་ངོ། །འགྲོ་བ་ཐམས་ཅད་དབྱེར་མེད་པར་བརྗོད ་པས་དེར་གནས་པའི་ཉོན་མོངས་པས་རྗེས་སུ་མ་གོས་པའི་ཕྱིར་པདྨའོ། །སེམས་ཅན་ཐམས་ཅད་མཉམ་པར་འབྱུང་བའི་བྱང་ཆུབ་ཀྱི་སེམས་རང་བཞིན་གྱི་འོད་གསལ་པའི་རྣམ་པར་དག་བས་ནི་ཟླ་པའོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལས་སྐྱེས་པའི་ཤེས ་རབ་ཡེ་ཤེས་ནི་ཉི་མའི་དཀྱིལ་འཁོར་རོ། །གཟུགས་ལ་སོགས་བ་ལས་བྱིན་ཅི་མ་ལོག་པའི་ཕྱིར་གོང་ན་མེད་ཅིང་མཛའ་ལས་འདས་པའི་ཡོན་ཏན་ནོ། །ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པའི་ཕྱིར་མཆོད་པ་རྣམ་པ་ལྔའོ། །ངོ་ཚ་ཤེས་པ་དང ་ཁྲེལ་ཡོད་པས་ནི་ན་བཟའ་ཨོ། །གདུལ་བྱ་ལ་སྐྱོང་པའི་དམ་པའི་ཆོས་མདོའི་སྡེ་དང། དབྱངས་ཀྱིས་བསྙད་པའི་སྡེ་དང་ལུང་དུ་བསྟན་པའི་སྡེ་དང་ཚིགས་སུ་བཅད་པའི་སྡེ་དང། ཆེད་དུ་?་པའི་སྡེ་དང། དེ་ལྟ་བུ་བྱུང་བའི་སྡེ་དང། ཤིན་ཏུ་རྒྱས་པའི་སྡེ་དང། རྨད ་དུ་བྱུང་བའི་སྡེ?་སྟེ། ལྟ་བའི་ཡན་ལག་དགུའི་ཚིག་ཐམས་ཅད་ན་གནས་པའི་ཕྱིར། བདན་སྣ་ཚོགས་པའི་རྩེ་མོ་ན་དྲིལ་བུ་རླུང་གིས་བསྐྱོད་པའི་སྒྲའོ། །ཤ་དང། ལྷ་དང་ཤེས་རབ་དང། ཆོས་དང། སངས་རྒྱས་ཀྱི་སྤྱན་གྱིས་ལྟ་བ་རྣམ་པར་དག་པས ་ནི་ཚོན་སྣ་ལྔའོ། །བདག་མེད་མའི་དཀྱིལ་འཁོར་ལ་ཡང་དེ་བཞིན་ཏེ། འོན་ཀྱང་ཁྱད་པ་ནི་འདི་ཡན་དག་པའི་ལྟ་བ་དང། ཡང་དག་པའི་རྟོག་པ་དང། ངག་དང། ལས་ཀྱི་མཛའ་དང། འཚོ་བ་དང། རྩོལ་པ་དང། ཐན?་པ་དང། ཏིང་ངེ་འཛིན་དང། ་འདུ་ཤེས་པ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམ་པར་དག་པས་ནི་ཞབ?་བརྒྱད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཐམས་ཅད་དུ་ཐོགས་པ་མེད་པར་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཀ་བ་བརྒྱད་ཀྱི་སྟེང་རྡོ་རྗེ་ཕྲེང་བས་སྤྲིམ?་པའོ།། ་འཇིག་རྟེན་ཀྱི་ཁམས་ཐམས་ཅད་བདག་མེད་པར་བསྡུས་པས་ནི་དུར་ཁྲོད་བརྒྱད་དོ། །དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ཅེས་བྱའོ། །གཟུགས་ཀྱི་སྐྱེ་མཆེད་ཀྱི་ལུས་སུ་གྱུར་པ་ལ་སོ་སོར་རྟོགས་པའི་དཀར་མོའོ། །སྒྲའི་སྐྱེ་མཆེད་ཀྱི་སེམས་སུ་གྱུར་པ་ལ་སོ ་སོར་རྟོག་པའི་ངོ་བོ་ནི་ཚོམ་རྐུན་མའོ། །དྲིའི?་སྐྱེ་མཆེད་དག་ཏུ་གྱུར་པ་ལ་སོ་སོར་རྟོག་པའི་ངོ་བོ་ནི་རོ་ལངས་མའོ། །རོའི་སྐྱེ་མཆེད་ཡེ་ཤེས་སུ་གྱུར་པ་ལ་སོ་སོར་རྟོག་པའི་ངོ་བོ་ནི་གྷསྨ་རཱིའོ། །སའི་ཁམས་ལུས་ཀྱིས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོའི་པུཀྐ? ་?། ཆུའི་ཁམས་སེམས་ཀྱི་དེ་ཁོ་ན་ཉིད་ཡེ་ཤེས་ཀྱི་ངོ་བོ་ནི་རི་ཁྲོད་མའོ། །མེའི་ཁམས་ངག་གི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ནི་ཙཎྜ་ལཱིའོ། །རླུང་གི་ཁམས་ཡེ་ཤེས་ཀྱི་ཡང་དག་པའི་ཡེ་ཤེས་ཀྱི་ངོ་བོ་ནི་ཌོམྦི?་ནིའོ?། །ཇི་ལྟར་བརྗོད ་པའི་ཡང་དག་པའི་ཡེ་ཤེས་ཀྱི་འབྲས་བུ་ནི་རྡོ་རྗེ་འཆང་ཆེན་པོའི?་གོ་འཕང་གོང་ན་མེད་པའི་བྱང་ཆུབ་དཔལ?་ཀྱེ་རྡོ་རྗེའོ། །བདག་མེད་མའི་དཀྱིལ་འཁོར་ལ་ནི་རེག་བྱའི་སྐྱེ་མཆེད་དང་ཤེས་རབ་ཀྱི་དབང་པོའི་ངོ་བོ་ཉིད་ས་སྤྱོད་མའོ། །ཆོས་ཀྱི་སྐྱེ་མཆེད ་དང། དང་པ་དང། བརྩོན་འགྲུས་དང། དྲན་པ་དང། ཏིང་ངེ་འཛིན་དང། ཤེས་རབ་དང། སྟོབས་ཀྱི་ངོ་བོ་ནི་མཁའ་སྤྱོད་མའོ། །དད་པའི་དབང་པོའི་ངོ་བོ་ནི་ས་འོག་གནས་མའོ། །བརྩོན་འགྲུས་ཀྱི་དབང་པོའི་ངོ་བོ་ནི་ཆོམ?་རྐུན་མའོ། །དྲན་པའི ་དབང་པོའི་ངོ་བོ་ནི་རོ་ལངས་མའོ། །ཏིང་ངེ་འཛིན་གྱི་དབང་པོའི་ངོ་བོ་ནི་བྷསྨ?་རཱིའོ། །རབ་ཏུ་དགའ་བ་དང། དྲི་མ་མེད་བ་དང། འོད་བྱེད་པའི་སའི་ངོ་བོ་ནི་པུཀྐ་སཱིའོ། །མངོན་དུ་གྱུར་པའི་སའི་ངོ་བོ་ནི་རི་ཁྲོད་མའོ། །རིང་དུ་སོང་བ་དང་མི་གཡོ་བའི ་ངོ་བོ་ནི་ཙཎྜ་ལཱིའོ?། །ལེགས་པའི་བློ་གྲོས་དང། ཆོས་ཀྱི་སྒྲིན?་གྱི་ངོ་བོ་ནི་ཌོམྦི་ནིའོ། །གཟུགས་ཀྱི་ཕུང་པོ་དང། མིག་གི་སྐྱེ་མཆེད་དང། གཏི་མུག་ཆེན་པོ་དང། སངས་རྒྱས་ཀྱི་ས་དང། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ནི་རྡོ་རྗེ་མའོ། །ཆོད? ་བའི་ཕུང་པོ་དང། སའི?་སྐྱེ?་མཆེད་དང། ང་རྒྱལ་ཆེན་པོ་དང། སངས་རྒྱས་ཀྱི་ས་དང། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ནི་གསང་བའི་དཀར་མོའོ། །འདུ་ཤེས་ཀྱི་ཕུང་པོ་དང། སྩེའི་སྐྱེ་མཆེད་དང། འདོད་ཆགས་ཆེན་པོ་དང། སངས་རྒྱས ་ཀྱི་ས་དང། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ནི་ཆུའི་རྣལ་འབྱོར་མའོ། །འདུ་བྱེད་ཀྱི་ཕུང་པོ་དང། ལུས་ཀྱི་སྐྱེ་མཆེད་དང། ཕྲག་དོག་ཆེན་པོ་དང། སངས་རྒྱས་ཀྱིས་དང། བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་ནི་རྡོ་རྗེ་མཁའ་འགྲོ་མའོ། །རྣམ་པར ་ཤེས་པའི་ཕུང་པོ་དང། ཡིད་ཀྱི་སྐྱེ་མཆེད་དང། ཞེ་སྡང་ཆེན་པོ་དང། སངས་རྒྱས་ཀྱི་ས་དང། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་ནི་བདག་མེད་མའོ། །ལྷའི་དེ་ཁོ་ན་ཉིད་ཅེས་བྱ་བའོ། །ཕྱི་མ་དང་ནང་དང་ས་སྦྱང་བ་ལ་སོགས་པ་དང་སློབ་དཔོན་གྱིས ་ཡོངས་སུ་སྦྱང་བ་ཡང་ངོ། །དེ་ནས་དམ་ཚིག་གསུམ་དང་ལྡན་བས་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པར་བྱ་སྟེ། ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་ནི། འདི་ང་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའ་ཨི་ཕྱག་ན་གནས། །ཕྱག་ན་རྡོ་རྗེ་བརྟུལ་ཞུགས་བརྟན། ། ་ཁྱོད་ཀྱིས་ཀྱང་ནི་རྟག་པར་ཟུང། ཞེས་བརྗོད་ལ། འཛིན་དུ་གཞུག་གོ་།སློབ་མས་ཀྱང་ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷ་བཛྲ་ས་མ་ལ་ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ལ་མི་བ་ཧོ:ཧི་ཧི་ཧི་ཧི་ཧཱུཾ་ཞེས་བརྗོད་ལ་རྡོ་རྗེ་བཟུང་བར་བྱའོ། །རྡོ་རྗེ་བརྟུལ་ཞུགས་ཤེས་པར་བྱའོ། །དེ ་ནས་བླ་མས། སེམས་དཔའ་ཐོག?་མ་ཐ་མ་མེད། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་གྱི་བདག་།རྡོ་རྗེ་སྙིང་པོ་བདག་པོའི་གཙོ། ཞེས་བྱ་བའི་དེ་ཁོ་ན་ཉིད་?་སློབ་མ་རྡོ་རྗེ་འཛིན་དུ་གཞུག་གོ་།རྡོ་རྗེའི་བརྟུལ་ཞུགས་དང་རྡོ་རྗེའི ་དམ་ཚིག་གོ་།དེའི་རྗེས་ལ་ཨ་ཡིག་ལས་སྐྱས་པའི་དྲལ་བུ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་ཀྱི་དབྱངས་ཀྱི་རྗེས་འགྲོར་བརྗོད། །རྒྱལ་བ་བྱང་ཆུབ་མཆོག་གི་གཞུང། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་གཟུང། ཞེས་བྱ་བ་འདིས ་འཛིན་ཏུ་བཞུག་ཅིང། སྲིད་བའང་བཞིན་གྱིས་དག་ཕྱིར། །རང་བཞིན་གྱིས་ནི་འབྱུང་བར་བྱེད། །སེམས་ཅན་རང་བཞིན་གྱིས་དག་པས། །དམ་པའི་སྲིད་པ་དག་ཏུ་བྱེད། །ཅེས་བྱ་བ་འདིས་དྲིལ་བུའི་དེ་ཉིད་ཀྱིས་སློབ་མས་ཀྱང་གཟུང་ལ་དེ་བཀྲོལ་བར ་བྱའོ། རྡོ་རྗེ་བརྟུལ་ཞུགས་དྲིལ་བུའི་དམ་ཚིག་གོ་།དེ་ནས་རང་འདོད་ཕྱག་རྒྱ་སྟེ། །ཡིད་ཀྱི་སྐུ་ནི་བརྟན?་པ་ཁྱོད། །ཕྱག་རྒྱ་མངོན་པར་རྟོགས་པར་མཛོད། །ཐམས་ཅད་དུ་ནི་བརྟན་པ་གང། །དེས་ན་ཕྱག་རྒྱ་ཞེས་སུ་བརྗོད། །ཅེས་བྱ་བ་འདིས་བསླབ་པར་བྱའོ། ་སློབ་མས་ཀྱང་བླ་མའི་ངག་གིས་ལྷ་ཉིད་ཀྱི་ཕྱག་རྒྱ་བསྒོམས་ལ། དེ་ཉིད་ཕྱག་རྒྱའི་མངོན་པར་རྟོགས་པ་ཞེས་བྱ་བ་འདིས་བྱིན་གྱིས་བརླབ་དང་བྱའོ། །རྡོ་རྗེའི་བརྟུལ་ཞུགས་དང་ཕྱག་རྒྱའི་མངོན་པར་རྟོགས་པ་སྟེ་དམ་ཚིག་གསུམ ་དང་ལྡན་པའི་རྡོ་རྗེའི་བརྟུལ་ཞུགས་སོ། །དེ་ནས་བདག་ཉིད་སངས་རྒྱས་ཀྱི་གཟུགས་སུ་རྣམ་པར་བསྒོམས་ལ་ཁུ་ཚུར་གཡོན་པས་ཆོས་གོས་ཀྱི་གླ་ནས་གཟུང་ལ་སྙིང་གར་གཞག་སྟེ། མཆོག་སྦྱིན་པའི་ཕྱག་རྒྱ་ཆེན་པོ་གཡས་བརྐྱང་བསམ་དོན་པར་ཕྱོགས? ་ལ། ཨོཾ་འདི་ནི་ང་ཡིས་ལུང་བསྟན་བྱ། །ཁྱོད་ནི་བདེ་གཤེགས་རྡོ་རྗེ་སེམས། །སྲིད་པ་ཡོངས་སུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་ལས་གདོན་བྱ། །ཧེ་ཤྲཱི་ཨ་མུ་ཀ་བཛྲ་ནཱ་མ་སིདྷཡེ?་བབུ་ར་པུ་བ་སྭཱཧཱ། ཞེས་བརྗོད་ལ་ལུང་བསྟན་པར་བྱའོ། །ཕྱག་རྒྱ ་ཆེན་པོ་བརྐྱང་བ་འདི་ཡིས་གང་ལུང་བསྟན་པ་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ། །འདི་ཁོ་ན་རྡོ་རྗེ་འཛིན་རྣམས ་ཀྱི་ཕྱག་རྒྱ་དང་སྔགས་དང་བྱིན་གྱིས་བརླབས་སོ་ཞེས་བརྗོད་པར་བྱའོ། །ལུང་བསྟན་པ་ཞེས་བྱ་བའོ། །དེ་ནས་དམ་ཚིག་གསུམ་དང་ལྡན་པའི་དབུགས་འབྱིན་པར་བྱ་སྟེ། གསང་ཆེན་དཀྱིལ་འཁོར་དམ་པ་ལ། །མཐོང་ནས་མཆོག་ཏུ་རབ་ཏུ་ཞུགས།། ་སྡིག་པ་ཀུན་ལས་རྣམ་པར་གྲོལ། །ཁྱོད་ནི་དེ་རིང་ལེགས་གནས་ཉིད། །གང་ཕྱིར་བདེ་ཆེན་མདོར་ན། སླར་ཡར?་ཁྱོད་ནི་མི་འཆི་འགྱུར། །ཁྱོད་ནི་མཐོང་བ་མེད་པ་རུ། །སུ་ལ་ཡང་འཇིགས་མེད་སྤྱད་པར་གྱིས། །སྲིད་པ་ཤིན་ཏུ་གྲུབ་བྱའི་ཕྱིར། །ཁྱོད ་སྲིད་སྡུག་བསྔལ་མཚོ་ལས་ཐར། །སྲིད་པ་ཤིན་ཏུ་བསྣུན་བྱའི་ཕྱིར། །བསྟན་པའི་མཆོག་ཏུ་ཡང་དག་འབྱུང། །དངོས་གྲུབ་དམ་ཚིག་སྡོམ་པ་སྟེ། །འདི་ནི་ཁྱོད་ཀྱི་རྟག་ཏུ་ཟུང། །རྟག་པ་མཆོག་རྣམས་དག་པའི་བཀའ་། །སངས་རྒྱས་ཀུན་གྱི་མཉམ་པར ་གསུང། །བྱང་ཆུབ་སེམས་ནི་སྤོང་མི་བྱ། །གང་ཞིག་རྡོ་རྗེའི་ཕྱག་རྒྱ་སྟེ། །གང་ཞིག་བལྟས་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་གདོན་མི་ཟ། །དམ་པའི་ཆོས་ནི་སྤོང་བ་དང། །དོར་བ་ནམ་ཡང་མི་བྱའོ། །མི་ཤེས་པ་ཡིས་རྨོངས་པ་ཡིས། །རྟག་པར་བསྐྲགས་པར ་བྱས་གྱུར་ན། །བདག་ཉིད་ཀྱིས་ནི་བདག་ཉིད་སྤངས། །དཀའ་ཐུབ་ཀྱིས་ནི་བདག་ཉིད་སུངས། །ཇི་ལྟར་བདེ་བས་དེར་གཟུང་སྟེ། །མ་འོངས་པ་ན་འདི་འཚང་རྒྱ། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང། །དོར་བ་ནམ་ཡང་མི་བྱའོ། །སློབ་དཔོན་ལ་ནི་བརྙས་མི་བྱ། །འདི་ནི་སངས ་རྒྱས་ཀུན་དང་མཉམ། །བླ་མ་སངས་རྒྱས་ཀུན་དང་མཉམ། །སློབ་དཔོན་འདི་ལ་བརྙས་ན་ནི། །སངས་རྒྱས་ཐམས་ཅད་ལ་བརྙས་ཡིན། །དེ་ནི་རྟག་ཏུ་སྡུག་བསྔལ་ཐོབ། །ཡམས་དང་འཚོ་བ་ནད་རྣམས་དང། གདོན་དང་རིམས་དང་དུག་རྣམས་དང། །བཞེགས? ་དང་ལོག་འདྲེན་མི་བཟད་པས། །བསད་ནས་སེམས་ཅན་དམྱལ་བར་འགྲོ། །དེ་བས་འབད་པ་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བླ་མ་ཆེ། །དགེ་བ་རབ་ཏུ་མི་སྤྱོམས?་པས། །ནམ་ཡང་སྨད་བ་མི་བྱའོ། །བླ་མ་ལ་ནི་གུས་བཅས་ཡོན། །རྗེས་སུ་མཐུན་པ་དབུལ ་པར་བྱ། དེས་ནི་རིམས་སོགས་གདུང་བ་རྣམས། །ཕྱིར་ཞིང་འབྱུང་བར་མི་འགྱུར་རོ། །རྟག་པར་རང་གི་དམ་ཚིག་བསྒྲུབ། །རྟག་པར་དེ་བཞིན་གཤེགས་པ་མཆོད། །རྟག་པར་བླ་མ་ལ་ཡང་དབུལ། །བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་བྱིན ་སངས་རྒྱས་ཐམས་ཅད་ལ། །རྟག་པར་བྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་ཚོགས་ཡིན་ཏེ། །ཚོགས?་ལས་དངོས་གྲུབ་མཆོག་དུ?་འགྱུར། །དེ་རིང་ཁྱོད་ཀྱིས་སྐྱེ་འབྲས་བཅས། །ཕེང?་འདིར་རབ་ཏུ་ཞུགས་པ་ཉིད། །ལྷ་དང་དམ་ཚིག་མཚུངས ་པར་ནི?། །གནས་པར་གྱུར་པར་ཐེ་ཚོམ་མེད། །སངས་རྒྱས་རྡོ་རྗེ་འཛིན་རྣམས་ཀྱིས། །ཁྱོད་ནི་དེ་རིང་དབང་བསྐུར་ཏེ། །ཁམས་གསུམ་པ་ཡི་རྒྱལ་པོ་ཆེ། །ཁྱོད་ཀྱི་རྒྱལ་པོའི་གཙོ་བོར་གནས། །དེ་རིང་བདུད་ལས་རྣམ་པར་རྒྱལ། གྲོང་ཁྱེར་མཆོག་ཏུ་རྣམ་པ ་ཞུགས། །དི་རིང་སངས་རྒྱས་ཐོབ་འགྱུར་བར། །འདིར་ནི་སོམ་ཉི་མི་བྱའོ། །མི་བཟང་རང་གི་དམ་ཚིག་བདེ་སྟེར་བཟའ་བ་དང། །རྡོ་རྗེ་ལ་ནི་ཡིད་ཀྱིས་རབ་ཏུ་དད་པར་བགྱིས། །འགྲོ་བ་མྱུར་དུ་བདེ་བ་དེ་ནི་རྡོ་རྗེ་སེམས། །རབ་མཉམ ་རྟག་པར་ཁྱོད་ནི་དེ་རིང་ཞུགས་པར་གྱུར། །སློབ་མ་གུས་ཤིང་མཉེས་གཤིན་པས། །བླ་མའི་ཞབས་གཉིས་བཏུད་བྱས་ནས། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། གསུངས་ཤིག་དེ་ལྟར་བདག་གིས་བགྱི། །འདི་དག་ནི་དབུགས་དབྱུང་བ་སྦྱིན་སོ།། ་དེ་ནས་དེའི་རྗེས་སུ་གནང་བ་སྦྱིན་པར་བྱ་སྟེ་།དེ་ལ་དང་པོར་རང་གི་གཙོ་བོའི་རྣལ་འབྱོར་དང་ལྡན་པས་གསེར་གྱི་ཐུར་མ་ལ་བཟླས་པ་བྱས་ནས་སྦྱིན་ཞིང་འདི་སྐད་ཅེས་བརྗོད་པར་བྱའོ། །སྨན་པའི་རྒྱལ་པོ་ཐུར་མང་གིས། །འཇིག་རྟེན་རབ་རིབ་བསལ་བ ་ལྟར། ཁྱོད་ཀྱིས་མི་ཤེས་?་ཏོག་ནི། །གཉིས་གཤིན་རྒྱལ་བས་བསལ་བར་མཛད། །ོཾ་བཛྲ་ནི་ཎཱ་པ་ཧ་ར་བ་ཊ་?་ཧྲཱ?(རྒྱུད་འགྲེལ་ཆོས་རྣམས་གཟུགས་བརྙན་དག་དང་མཚུངས། །དག་ཅིང་དང་ལ་རྟོག་པ་བྲལ། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་མཉམ་པར་བྱུང། །རང་བཞིན་མེད་ཅིང་གནས་དང་བྲལ། །ཆོས་རྣམས་དེ་ལྟར་ངེས་ཤེས་ནས། །སེམས་ཅན་དོན ་ནི་མཚུངས་མེད་ཕྱིས་སོ། །ཁྱོད་ནི་འདྲེན་པ་རྣམས་སུ་སྐྱེ་ཞེས་བྱ་བ་གསུངས་སོ། །དེ་ནས་མཛའ་ཨི་དབྱངས་ཡིག་ལས་སྐྱེས་པའི་དྲིལ་བུ་དཀྲོལ་ལ་སྦྱིན་བར་བྱ་སྟེ། །ཐམས་ཅད་ནམ་མཁའ་ཨི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང ་མཉམ་སྐྱོར་བ་ལས། །མཆོག་གི་མཉམ་པ་ཉིད་གསལ་ལོ་ཞེས་བྱ་བས་སོ། །དེ་ནས་ཡི་གེ་ཧོ་ཡིས་གཞུ་བྱིན་ཏེ། འདི་སྐད་ཅེས་བརྗོད་དོ། །སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་སྭཱཧཱ་ཞེས་བྱ་བས་སོ། །ཕྱོགས་བཞིར་མངའ་བཞི་འཕང་བར་བྱའོ། །གཅིག་ནི་སྟེང ་དུ་འཕན་ཞིང་འོག་ཏུ་ཡང་ངོ། །ོཾ་བཛྲ་སཏྭ་ཞེས་བྱ་བ་འདིས་མེ་ལོང་བླངས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །མེ་ལོང་དང་མཚུངས་རྡོ་རྗེ་ན། །དག་ཅིང་དང་ལ་རྟོག་པ་མེད། །སངས་རྒྱས་ཀུན་གྱི་བདག་པོ་ཉིད། །དེ་ནི་མཉེས་གཤིན་སྙིང་ལ་གནས། །གང་འདི ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོའི་བྱང་ཆུབ་ཀྱི་སེམས་འདིར་མོས་པར་བྱའོ། །དེ་ནས་བཛྲ་ཧེ་ཏུ་མཾ་ཞེས་བྱ་བས་རྐང་པ་གཉིས་ཀྱི་འོག་ཏུ་འཁོར་ལོའོ། །ོཾ་བཛྲ་བྷ་ཥ་རཾ་ཞེས་བྱ་བས་ལག་པ་གཡས་སུ་ནི་དུད་དང་གཡོན་དུ་གླེགས་བམ་སྟེ། དབྱངས ་ཡིག་དང་པོས་དྲིལ་བུ་བསྐྱེད་ལ་།ཡང་མཛའ་ཨི་དབྱངས་ཡིག་གིས་བྱིན་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དེང་ནས་གཟུང་སྟེ་སེམས་བསྐྱེད་པ་དང་མཚུངས་པ་ཙམ་གྱིས་འདི་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ། །ཆོས་ཀྱི་དུང་ནི་བླ་མེད་པ། །ཀུན་ནས ་ངེས་པར་སྒྲོག་པའོ། །དེ་ལ་འདོད་པ་འམ་ཡིད་གཉིས་མིན། །དོགས་པ་མེད་པའི་སེམས་ཀྱིས་སོ། །སྔགས་སྤྱོད་ཐེག་པའི་ཆོག་ནི། །འཇིག་རྟེན་པ་ལ་རྟག་ཏུ་སྟོན། །དེ་ལྟར་བྱས་གཟོ་སངས་རྒྱས་རྣམས། །ཉེ་བར་ཕན་གདགས་ཞེས་སུ་གསུངས། །དེ་ནས་རྡོ ་རྗེ་འཛིན་རྣམས་ཀྱི། །ཁྱེད་རྣམས་ཀུན་ཏུ་བསྲུང་བ་མཛད། །ཡང་རང་གི་སངས་རྒྱས་འཁོར་ལ་སྒྱུར་བའི་གཟུགས་ཇི་ལྟ་བས་དམིགས་ལ། འཇིག་རྟེན་མ་ལུས་ཐམས་ཅད་དུ། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་བ ་ཡིས། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །དེ་བཞིན་དུ་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་ལས་ཀྱི་འཁོར་ལོ་བསྐོར་བར་གྱིས་ཚིགས་སུ་བཅད་པ་ལྔས་རྗེས་སུ་གནང་བ་སྦྱིན་པར་བྱའོ། །འདི་ནི་རྗེས་སུ་གནང་བ་སྦྱིན་པའོ། །བརྟུལ་ཞུགས་དང་རྗེ་སུ་གནང་བ ་སྦྱིན་པ་ལ་ཐུག་པ་དེ་ནི་ཞི་བའི་མཐར་ཡང་སྦྱིན་པར་བྱའོ། །དེ་ནས་སློབ་མ་ཡོངས་བརྟགས་ལ་།རིགས་ཀྱི་རིག་པ་ཀུན་བྱས་ཤིང། །ལག་གདུབ་བསྲུང་བས་བཟླས་བྱས་ལ། །ལག་གཡས་པ་ནི་བཅིང་བར་བྱ། །སྤྱི་བོར་གདུགས་ནི་བཟུང་བྱ་ཞིང།། ་བསྐོར་བདག་ནི་བྱས་ནས་ཀྱང། །དཀྱིལ་འཁོར་སྒོ་རུ་ཐལ་སྦྱར་ལ། །གདུགས་དང་བཅས་པ་ལྷུང་བར་བྱ། །སློབ་མ་ལ་ནི་འདི་བརྗོད་བྱ། །རྒྱུད་ནི་འཛིན་པར་གྱུར་པའོ། །སློབ་དཔོན་གྱིས་ནི་གདུགས་བསལ་ལ། །དེ་ཡི་སྙིང་ལ་འཇུག་སྒྲོ?། ་ད་ནི་དཀྱིལ་འཁོར་སློབ་དཔོན་འགྱུར། །སྔགས་དང་རྒྱུད་ཀྱང་འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔར་བཅས། །ལྷ་རྣམས་ཀྱིས་ནི་གསུང་ཡང་ཡིན། །སེམས་ཅན་རྣམས་ནི་བསྐྱབ་པའི་ཕྱིར། །ཁྱེད་ཀྱི་དཀྱིལ་འཁོར་ཆོ་ག་ཡིས། །རྒྱུད་དང ་སྦྱར་ཏེ་སྒྲུབ་པ་པོས། །ནན་ཏན་གྱིས་ནི་བྲོ་བར་བྱ། །དེ་ནས་རང་གི་སྔགས་བརྒྱ་རྩ་བརྒྱད་བཟླས་ལ། ང་ཡིས་ཁྱོད་ལ་བཅོམ་ལྡན་བྱིན། །འདིར་ནི་ཡང་དག་ཉེ་བར་འགྱུར་ཞེས་བྱ་བ་འདིར་སློབ་མ་ལ་སྦྱིན་པར་བྱའོ། །སློབ་མས་ཀྱང་བཟུང་ལ། བཅོམ་ལྡན ་ཁྱོད་ལ་བདག་གིས་ནི་ཞེས་བྱ་བ་འདིས་བཟུང་ལ་བཟླ་བར་བྱའོ། །དི་ནས་རང་གི་ལྷ་ཉིད་ཀྱི་ཕྱག་རྒྱ་བཞི་བསླབས་ལ་བརྗོད་པར་བྱ་སྟེ། ཁྱོད་ཀྱིས་སྔགས་སམ་ཕྱག་རྒྱ་འདི་ནི་གཞན་དག་མི་ཤེས་པ་རྣམས་ལ་ནམ་ཡང་ལན་ཅིག་ཙམ་ཡང ་བརྗོད་ཅིང་བསྟན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། །དེ་བཞིན་དུ་སེམས་ཅན་དེ་ནི་དཀྱིལ་འཁོར་མ་མཐོང་བར་གྱུར་པས། ཕྱག་རྒྱ་དང་དཀྱིལ་འཁོར་སྦྱོར་བའི་འབྲས་བུ་ཐོབ་པ་ནི་ཡིད་གཉིས་ཐོབ་པར་གྱུར་ནས་ཉམ་ང་བ་མ་སྤངས་པས ་འཆི་བའི་དུས་བྱས་ནས་དམྱལ་བར་འགྲོ་བར་གྱུར་ཏ་རེ། ཁྱོད་ཀྱང་གཞི་དེས་དམྱལ་བར་འགྲོ་བར་འགྱུར་རོ། །སྤྱིའི་སློབ་དཔོན་གྱི་དབང་ངོ། །ཁྱད་བར་ནི། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་མཉམ་པར་འཁྱུང། །རྡོ་རྗེ ་དྲེལ་བུའི་སྦྱོར་བས་ནི། །སློབ་དཔོན་གྱིས་ནི་བསྐུར་བར་འདོད། །འཇིག་རྟེན་ལས་འདྲས་པའི་སློབ་དཔོན་གྱི་དབང་ཞེས་བྱའོ། །སློབ་དཔོན་གྱི་དབང་ཁོ་ན་ཕྱིར་མི་ལྡོག་པའི་དབང་རྡོ་རྗེ་འཛིན་པ་ཆེན་པོའི་དབང་ཞེས་ཀྱང་བརྗོད་དོ། །འཇིག་རྟེན་པ་དང་འཇིག ་རྟེན་ལས་འདས་པའི་སློབ་དཔོན་གྱི་དབང་ཞེས་བྱའོ། །རིག་པའི་དགང་དང་སློབ་དཔོན་གྱི་དབང་ནི་བུམ་པའི་དབང་ཞེས་བརྗོད་དེ། གོང་བུའི་བུམ་པ་ལ་མངོན་པར་དབང་བསྐུར་བའི་ཕྱིར་རོ། །སྐུ་རྣམ་པར་དག་པའི་མཚན་ཉིད་སྤྲུལ་པའི་ངོ་བོ་བུམ་པའི་དབང་ཞེས་བྱའོ།། ་།།སློབ་དཔོན་མཆོག་ནི་དབང་ཕྱུག་སྟེ། །སློབ་དཔོན་དབང་བསྐྲ་ཡང་དག་སྦྱིན། །དམ་ཚིག་བཟང་པོ་ངེས་པར་བྱིན། །རྨད་དུ་བྱུང་བའི་སྡོམ་པའི་མཆོག་།གླང་པོ་མི་སོགས་པ་ལང་སོགས། །མཛའ་སོགས་ཀྱི་ཡང་བཟའ་བར ་བྱས་ཀྱེ་རྡོ་རྗེའི་དངོས་གྲུབ་རྒྱུད། །བདུད་རྩི་ལྔ་ནི་དེ་བཞིན་བཟའ་། །སྲོག་ཆགས་ཀྱང་ནི་ཁྱོད་ཀྱིས་གཞོམ། །མོ་བདེན་པ་ཡང་སྨྲ་བར་བྱ། །ཁྱོད་ཀྱིས་མ་བྱིན་པར་ཡང་ལོང། །གཞན་གྱི་བུད་མེད་བསྟེན་པར་བྱིས། །སྲོག་ནི་སེམས་ཞེས་བརྗོད་པ་སྟེ། །སེམས ་གཅིག་སྲོག་ཆགས་གསོད་པའོ། །འཇིག་རྟེན་བླ་མེད་བསྒྲལ་ཞེས་པ། །བརྫུན་དུ་ཡང་ནི་སྨྲས་པའི་སྐྲས། །བཙུན་མོའི་བུ་བ་མ་བྱིན་པ། །རང་མཛེས་གཞན་གྱི་བུད་མེད་དེ། །དམ་ཚིག་འདི་གཉིས་ཡང་དག་པར། །རྫོགས་སངས་རྒྱས་ཀྱིས་ཡང ་དག་བསྟན། །བཟའ་ཆེན་ཁྱོད་ཀྱིས་བསྐྱབ་པ་སྟེ། །སྡོམ་པ་ལ་ནི་བགོམ་པར་དགའ་ཞེས་སོ། །དེ་ནས་མཆོད་པ་ལྔ་པོ་ནི། ཡུལ་རྣམས་ཀྱི་ཡང་ཁྱད་པར་གྱིས། །བླ་མའི་ཀུན་ཏུ་སྒྲུབ་པ་པོ། །ཆོ་གས་སློབ་མ་མཆོད་པར་བྱ། །དམ་ཚིག་ལ ་སོགས་སྦྱིན་པའོ། །དེ་ནས་སློབ་མས་ཚོགས་ཀྱི་འཁོར་ལོ་བྱས་ལ་། དེའི་འོག་ཏུ་བླ་མ་ལ་རིག་མ་བརྒྱད་དབུལ་བར་བྱ་སྟེ། སྐྱེད་མཛད་མ་དང་སྲིང་མོ་དང། །བུ་མོ་དང་ནི་ཚ་མོ་དང། །དེ་བཞིན་ཞང་པོའི་ཆུང་མ་དང། །སྲུ་མོ་དང་མི་སྒྱུག་མོ་དང།། ་དེ་བཞིན་ཕ་ཡི་སྲིད་མོ་སྟེ། །རིག་མ་བརྒྱད་དུ་ཡང་དག་གྲགས། །དེ་ནི་ལྟ་མོ་བརྒྱད་ཀྱི་དངོས། །སྒྲུབ་པོ་དངོས་གྲུབ་སྟེར་བའོ། །དེ་རྣམས་མེད་ན་དེ་བཞིན་གཤེགས་པ་ལྔའི་རིགས་ལས་སྐྱེས་པ་རྡོ་རྗེ་མ་ལ་སོགས་པའི་རིག་མ་དབུལ་བར་བྱའོ།། ་གང་མ་ཚོས་མ་རིག་ངན་མ། །དེ་བཞིན་གཏུམ་པོ་བྲམ་ཟེ་མོ། །དེ་བཞིན་གཤེགས་པའི་རིགས་ལས་སྐྱེས། །རིག་མ་ལྔ་ཞེས་ཉེ་བར་བརྗོད། །ཞེན་ཅིང་འཁྱུད་པའི་འོ་ཡིས་ནི། །དེ་ནས་དེ་མཆོད་རྣལ་འབྱོར་པས། །པོ?་ལག་སྟེ ་ལ་སྦྱོར་བས། །དེ་རྣམས་དང་ནི་རོལ་བར་བྱ། །དེར་ནི་ཆང་ཡང་བླུད་བྱ་ཞིང། །ཱ་ལི་ལས་སྐྱེས་སྟོབས་བཟའ་བྱ། །བཏུང་བ་དང་ནི་བཟའ་པ་དང། །དེ་བཞིན་སླར་ཡང་མཚོན་པར་བྱ། །ཕྱི་ནས་ཐུན་ཆོད་གཉིས་པ་ལ། །སློབ་མ་དེར་ནི་གཞུག ་པར་བྱ། །མིག་ནི་གོས་ཀྱིས་བཀབ་བྱས་ལ། །འཁོར་ལོ་དེར་ནི་གཞུག་པར་བྱ། །སཱ་ལུ་ལས་སྐྱེས་བཅོས་སྦྱར་བའི། །སློབ་མ་ཆིམ་པར་བཟའ་བར་བྱོས། །དེར་མི་ཆད་ཡང་བཏུང་བར་བྱོས། །རྣལ་འབྱོར་མ་ཡང་མཆོད་པར་བྱ། །དུམ་བུ ་གཅིག་པའི་ཐོད་ཆེན་པོ། །ཆང་གིས་རབ་ཏུ་བཀང་བས་ལ?། །སྐལ་ཆེན་པོ་སྔོན་ལ་དབུལ་ཞིང། །རྗེས་ལ་ཕྱག་བྱས་རང་ཉིད་པ་ཏུད། །སྦྱིན་པའང་དེ་ཉིད་རང་གིས་སོ། །དེ་བཞིན་དུ་ནི་སྒྲུབ་པ་པོས། །ཡང་ནས་ཡང་དུ་ཕྱག་ཀྱང་བྱ།། ་མའམ་སྲིང་མོ་ཡིན་པ་དང། །སྒྱུག?་མོ་དང་ནི་ཚ་མོ་དང། །རྣམ་པར་མི་རྟོག་སེམས་ཀྱིས་སོ། །དངོས་གྲུབ་ཡུན་མི་རིང་བས་ཐོབ། །དེ་ནས་སློབ་དཔོན་གྱིས་འདོད་ཡོན་ལྔ་དང་ལྡན་པའི་རྣལ་འབྱོར་མ་དང་རྣལ་འབྱོར་གྱི་ཚོགས་ཀྱིས ་རིགས་མཆོད་པ་ལྔ་དང་ལྡན་པ། གླུ་དང་རོལ་མོའི་སྒྲ་དང་མཆོད་པ་དང་ལྡན་པའི་ཚོགས་ཀྱིས་དཀྱིལ་འཁོར་བསྡུས་ལ། གོས་ལ་སོགས་པའི་ཡོལ་བས་སྐྱེ་བོ་མེད་པར་བྱས་ལ། བླ་རེ་ལ་སོགས་པ་མཐར་ཐུག་པས་བླ་རེ་བྲེས་ཏེ་།རྔ་མས ་འཕྱག་?་འགན་སྟན་འཇམ་པོ་ལ་རྒྱབ་རྟེན་ཟུང་དང་ལྡན་ཞིང། བདུག་པས་བདུབས་ཤིང་མར་མེས་?་བའི་ཕྱོགས་སུ་ཉེ་བར་འདུག་སྟེ། རིགས་དེ་རྣམས་གང་ཡང་རུང་བའམ་སྒྲུབ་པ་པོ་ལ་དགའ་བ། བླ?་བཟང་ལ་མཛེས་པའི་བཞིན ་ཅན། མིག་ཡངས་པ་མདོག་སྔོ་བ་?་ལ་དེ་ཁོ་ན་ཉིད་ཀྱི་གཟུགས་ཀྱིས་མཚན་པ། ལང་ཚོས་བརྒྱན་ཅིང་རིགས་དང་ལྡན་པ། དད་པ་དང་སྙིང་རྗེ་དང་ལྡན་པ་ལ་བརྟན་པས་རང་གིས་དབང་བསྐུར་ལ། ཏིང་ངེ་འཛིན་གསུམ་ལ་མཁས་པ། གོས་བཟང ་པོས་བརྒྱན་ཅིང་བརླག?་བུར?་འབྱུང་བ་སྟེ། ཡང་ན་གང་ཡང་རུང་སྟེ་ཇི་ལྟར་རྙེད་པའི་ལོ་བཅུ་གཉིས་པ་འམ། ལོ་བཅུ་དྲུག་ལོན་པའི་རིག་མ་སློབ་མས་ཕུལ་ལ། གོས་ཀྱིས་བརྒྱན་པ་མེ་ཏོག་དང་ལྡན་པ་ཡན་ལག་གིས་ཡིད་འཕྲོག་པ། ཆགས་པས་མཛེས ་པ་འདི་འདྲ་བ་ལ་ཕང་དུ་བླངས་ཏེ་ཆགས་པ་བསྐྱེད་ལ་འཁྱུད་པར་བྱའོ། །དེ་ནས་རིག་མ་དང་བཅས་པའི་བླ་མ་མཐོང་ནས་མཆོད་པ་རྣམ་པ་ལྔ་པོ་དང། གདུབས་དང་རྒྱལ་མཚན་དང་བ་དན་དྲང་གོས་ཀྱི་རྒྱན་དར་ཆང་ལ་སོགས་དང་ཤ་ལ་སོགས་པའི ་མཆོད་པ་དུ་མ་ཡིས་དེ་ལ་ཡང་དག་པར་མཆོད་ལ། ཡན་ལག་ཐམས་ཅད་ཀྱིས་ཕྱག་བཙལ་ལ་མངོན་པར་བསྟོད་པར་བྱ་སྟེ། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །རྡོ་རྗེ་རྣལ་འབྱོར་གཅིག་པའི་མཆོག། ཕྱག་རྒྱ་?་པོ་མི་ཕྱེད་པའི། །རྡོ་རྗེ་སྦྱོང་བ་ལས ་འབྱུང་བའི། །ཇི་ལྟར་བདག་ཉིད་ཚེ་ཁྱོད་ཀྱིས་།བདག་ལ་འང?་དེ་མཇོད?་གཙོ་བོ་སྐྱེ། །འཁོར་བ་ཡི་ནི་འདམ་ཚོགས་སུ། །བདག་ཡིད་དྲོངས་པ་སྐྱབས་སུ་གསོལ་ཞེས་པའོ། །དེ་ནས་དེའི་མཐར་སློབ་དཔོན་དང་རིག་མདོག་སོ་བཏབ་པ་བཏུང་བར་བྱ་ཞིང། ནུ ་མ་གཉིས་དང་པདྨ་ལ་ཡང་རེག་པར་བྱ་སྟེ། རྐང་བ་བཀུག་ལ་འཕྱང་མོ་ལ་སོགས་པ་ཡིས་གཞུག་པའི་བྱེ་བྲག་གིས་ཇི་སྲིད་དུ་ཁུ་བ་དང་ལྡན་པར་གྱུར་བ་དེ་སྲིད་དུ་འདི་ལ་ཀུནདུ་རུའི་སྦྱོར་བས་བསྟན་པར་བྱའོ། །གྲོལ་བའི་དུས་ཀྱི་གནས་སྐབས ་?་རུ། ཀྱེ?་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་འདིས་བསྟོད་པ་དང་རང་གི་ལྟ་ཉིད་ཀྱི་རྣལ་འབྱོར་མངོན་དུ་བྱས་ལ། ཤེས་རབ་དང་སློབ་མའི་གདོད་བཅིངས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཞུ་བས་གང་གཟབ?་ཉ ་བ་དང་མཚུངས་པ། ཀུནདུ་རུའི་སྦྱོར་བ་ལས་བྱུང་བ་རྡོ་རྗེ་ནོར་བུའི་ནང་ན་གནས་པ། མཐེ་བོང་དང་མིང་མེད་གཉིས་ཀྱིས་སློབ་མའི་ཁའི་ནམ་མཁའ་ལ་དོར་ལ་འདི་སྐད་བརྗོད་པར་བྱའོ། །ཇི་ལྟར་འདས་པའི་སངས་རྒྱས་ཀྱི། །བྱང ་ཆུབ་སྲས་རྣམས་དབང་བསྐུར་ལྟར། །བདག་གི་གསང་བའི་དབང་གིས་ནི། །ཁྱོད་ཀྱི་སེམས་རྒྱུད་དབང་བསྐུར་རོ་ཞེས་པས་སོ། །སློབ་མས་ཀྱང་མ་ཧོ་སུ་ཁ་ཨ་ཧོ་སུ་ཁ་ཞེས་གོད?་ལ་ལྟོ་བ་རུ་མིད་པར་བྱའོ། །རིག་མ་ཡང་གོས་དང་བྲལ་བར་བྱས་ལ། པད་མའི ་གདན་སྦྱོར་བ་ལས་སྐྱེས་པ་ལ་སློབ་མའི་ཁ་ཡིས་དེ་བཞིན་དུ་ལྟོ་བར་མིང་དེ་གནས་པར་བྱའོ། །རག་རྣམ་པར་དག་པའི་མཚན་ཉིད་དང་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་གསང་བའི་དབང་ཞེས་བྱའོ། །དེ་ནས་སློབ་དཔོན་དང་སློབ་མ་དགེ་ཤེས་རབ་ཡེ ་ཤེས་ཀྱི་དབང་ལེན་པར་འདོད་ན། རིག་མ་གཅིག་གཞུང་དམ་གཞན་མ་གཅིག་ལའང་རུང་དེ་བཞིན་དུ་སྔར་བཞིན་དུ་ཀུནདུ་རུ་བྱ་ཞིང། སློབ་མས་ཀྱང་རྫོགས་པའི་བྱང་ཆུབ་ཏུ་དུས་སུ་སྔར་བཞིན་བསྟོད་བ་བྱས་ལ་རྒྱལ་བའི་དབང་གསོལ་བ་གདབ་པར ་བྱའོ། དེ་ནས་སློབ་དཔོན་ལངས་ལ་སློབ་མ་རྨད་དུ་བྱུང་བ་ཁྲོ་བ་སྤངས་པ་ཕྲག་དོག་མེད་བ་མཐོང་ནས་དེ་ལ་རིག་མ་བཏད་པར་བྱ་སྟེ། རྗེ་?་འདྲེན་ཅིང་ཕན་སེམས་ཀྱིས། །དེ་ནས་སྟོན་པས་བཀའ་སྩལ་པ། །ལྷ་མོ་དགའ་སྟེར་གནས་སྟེར་མ། །སྣ་ཚོགས ་གཟུགས་མ་ཡིད་འོད་མ། །སེམས་དཔའ་ཆེན་པོས་འདི་ཁྱེར་ལ། །ཀུནདུ་རུ་གྱིས་རྡོ་རྗེ་འཛིན། །ཁྱེར་ཅིག་ཁྱེད་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་བདག་ཏུ་གྱིས། །སྐད་ཅིག་དབྱེ་བས་ཕྱེ་བ་ཡི། །དགའ་བ་དེ་ནས་སྐྱེ་གྱུར་ཏེ། །བདེ་བའི་ཡེ ་ཤེས་?་ཅིག་ལ། །ེ་བཾ་རྣམ་པར་རབ་ཏུ་བཞུགས། །དང་པོ་དགའ་བཙམ་ཉིད་དེ། །གཉིས་པ་ལ་ནི་མཆོག་དགའ་དང། །གསུམ་པ་དགའ་བྲལ་ཞེས་སུ་བརྗོད། །དེ་བཞིན་བཞི་པ་ལྷན་ཅིག་སྐྱེས། །དགའ་བ་བདེ་བ་ཅུང་ཟད་བདེ། །མཆོག་གི་དགའ་ ་བདེ་བས་ལྷག། དཀའ་བ་བྲལ་ལ་ཆགས་པ་ཡིན། །ལྷན་ཅིག་སྐྱེས་པ་ལྷག་མ་ཉིད། །དང་པོར་རེག་པར་འདོད་པ་དང། །གཉིས་པ་ལ་ནི་བདེ་བར་འདོད། །གསུམ་པ་ཆགས་པ་ཉམས་པའི་ཕྱིར། །དེ་ཕྱིར་བཞི་པ་བསྒོམ་པར་བྱ། །མཆོག་གི་དགའ་བསྲིད་པར ་བརྗོད། །མྱ་ངན་འདས་པ་འང་ཆགས་བྲལ་ཉིད། །དགུ་མ་དགའ་བ་ཙམ་ཉིད་དེ། །འདི་རྣམས་སྤངས་པ་ལྷན་ཅིག་སྐྱེས། །སྣ་ཚོགས་དང་ནི་རྣམ་པར་སྨིན། །རྣམ་ཉིད་དེ་བཞིན་མཚན་ཉིད་བྲལ། །སྐད་ཅིག་བཞི་པོ་མཉམ་པར་ཕྲད། །དེ་ལྟར་རྣལ ་འབྱོར་བས་ཤེས་འགྱུར། །འཁྱུད་དང་འོ་བྱེད་ལ་སོགས་པ། །སྣ་ཚོགས་རྣམ་པ་སྣ་ཚོགས་བཤད། །རྣམ་པར་སྨིན་པ་དེ་ལས་བཟློག་།བདེ་བའི་ཡེ་ཤེས་ཟ་བ་ཉིད། །བདག་གིས་བདེ་བ་ཟོས་པའོ། །གྲོས་ནི་རྣམ་པར་ཉེད་པར་བརྗོད། །མཚན་ཉིད་བྲལ་བ་གསུམ་ལས་གཞན ་ཆགས་དང་ཆགས་བྲལ་རྣམ་པར་སྤངས། །སྣ་ཚོགས་དང་པོའི་དགའ་བ་ཉིད། །རྣམ་སྨིན་ལ་ནི་མཆོག་དགའ་ཉིད། །རྣམ་ཉེད་དགའ་བྲལ་དགའ་བ་ཉིད། །ལྷན་ཅིག་སྐྱེས་དགའ་མཚན་ཉིད་བྲལ། །ཆགས་པ་མ་ཡིན་ཆགས་བྲལ་མིན། །དབུ་མར་དམིགས་པར་མི ་འགྱུར་རོ། །གསུམ་པོ་སྤངས་པ་ཁོ་ན་ལ། །ལྷན་ཅིག་སྐྱེས་བར་རྫོགས་པར་བརྗོད། །དགའ་བ་གསུམ་པོ་རྣམ་པར་སྤངས། །དེ་ཡང་དགའ་བ་དང་པོར་མཚོན། །མཆོག་མཛའ་དགའ་བྲལ་དབུ་མར་ནི། །སྟོང་ལས་སྟོང་པ་ཧེ་རུ་ཀ་ཞེས་སོ། །གྲངས་འདིའི་རིམ་པས ་གསུངས་ཏེ། །བསྐྱེད་པའི་རིམ་པས་ཡང་དགའ་བྲལ་གྱི་གནས་སུ་ལྷན་ཅིག་སྐྱེས་པ་རྟོགས་པར་བྱའོ། །དེ་ནས་རིག་མས་ཀྱང་ཞེན་པ་ལྟ་བུས་སྒྲུབ་པ་པོ་ལ་རྣམ་པར་བལྟས་ལ་འདི་སྐད་བརྗོད་པར་བྱའོ། །དྲི་ཆེན་དྲི་ཆུ་བཟའ་བ་དང། །ཁྲག་དང་ཁུ་བ་དེ་བཞིན་ཤ། རྟག ་པད?་བུད་མེད་ལ་གུས་མཆོག། མཉེས་གཤིན་ཁྱོད་ཀྱིས་ནུས་སམ་ཅི། །བློ་གའི་པདྨར་འབྱེད་པ། །མཉེས་གཤིན་ཇི་ལྟར་བདེ་བར་སྨོས། །དེ་ནས་སྒྲུབ་པོ་བཞིན་མཇུམ་པས། །འདི་སྐད་ཅེས་ནི་བརྗོད་པར་བྱ། །ཁུ་བ་ཁྲག་ལ་སོགས་བཟའ་བ། །ཅི་ཕྱིར་ལྷ་མོ་བདག ་མི་སྤྲོ། དེ་བཞིན་བྷ་གར་འོ་བྱེད་དང། །རྟག་པར་བུད་མེད་ལ་གུས་བགྱིད། །དེ་ནས་དགྱེས་ཤིང་གོས་དང་བྲལ་བར་བྱས་ཤིང། གུར་གུམ་དང། གླ་བ་དང། ག་པུར་དང། ཙནདན་ན་ལ་སོགས་པའི་དྲི་བཟང་པོས་ཕྱགས་ལ་གནས་སྩེལ་ཏོག? ་བཟང་པོས་བརྒྱན་ལ། ཙོག་བུར་འདུག་ལ་རང་གི་མཚན་ཉེ་བར་བསྟན་ལ། འདི་སྐད་ཅེས་བརྗོད་པར་བྱའོ། །ེ་མ་བདག་པར་རིན་ཆེན་འདི། །བདེ་བ་ཐམས་ཅད་ཡང་དག་གནས། །གང་ཞིག་ཆོ་ག་བཞིན་དུ་བསྟེན། །བདག་ནི་དེ་ཡི་མདུན་དུ་བསྟེན། །བདག་ནི་དེ་ཡི ་མདུན་དུ་གནས། །རྫོགས་སངས་རྒྱས་བསྟེན་ལ་སོགས་དང། །ཇི་ལྟར་བ?་དང?་བྱ་བར་གྱིས། །བདེ་ཆེན་རྒྱལ་པོ་འདི་ཉིད་ནི། །དེ་བཞིན་དུ་ནི་རྣམ་པར་གནས། །བྷཉྫ་མོཀྵ་ཏོ་ཞེས་བྱ་བས་སོ། །དེ་ནས་སྒྲུབ་པ་པོས་བླ་མའི་མན་དག་གིས། །ས་བོན་དང་མཚན་མ ་ཡོངས་སུ་གྱུར་པས་བདག་མེར་མའི་གཟུགས་སུ་དེ་རྣམ་པར་བསམས་ལ། དེའི་སྙིང་ག་དང། སྤྱི་གཙུག་དང། མགྲིན་པ་རྣམས། །དཱུཾ?་ཨོཾ་ཨཱ(རྒྱུད་འགྲེལ་ཏུ་རཱ་ནྟ་པ། ལྷ་ག་བི་ཤྭ། ཧཱུཾ་ཧཱུཾ་ཧཱུཾ། ཀརྱ་ཀུ་རུ་ཥ་མེ། ཨོཾ་བཛྲ་མ་ཧཱ་དྭེ་ཥ། ཙ་ཏུ་རཱ་ནང?། ང་ཡ་ཀ། ཁ་ག་མུ་ཁེ་ཀ་རཱ་སོ་ནཱ་ཐ། ཧཱུཾ་ཧཱུཾ་ཧཱུཾ། ཀརྱ་ཀུ་རུ་ཥ་མེ་ཞེས་བྱ་བ་འདིས་སོ། །དེའི་རྗེས་ལ་དགའ་བ་དང་བཅས་ཤིང་ཞེན་པའི་མིག་གིས་?་ལྟ ་??་བར་བའི་དང་བཅས་པས་བདའི་ནང་ན་གནས་པའི་བདག་མེད་མའི་རང་བཞིན་གྱིས་རྩ་གསུམ་ལ་སོར་མོ་འམ་ལྕེ་ཡིས་རྩ་བར་བྱས་ལ། ཇི་སྲིད་དུ་གཉི་གའི་ཁུ་བ་ཇི་སྲིད་དུ་བསྟེན་པར་བྱའོ། །དེ་ལ་ལང་ཀུན་ཏུ་བལྟས་ནས་བརྩམས་ཏེ། ་ཚོགས་ཀྱི་ལམ་དང། མཛོད་པ་དང། སྒོམ་པ་དང། ཁྱད་པར་དང། མཐར་ཕྱིན་པ་དང། བར་ཆད་མེད་པའི་ལམ་སྟེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་བརྡའི་སྒོ་ནས་བླ་མའི་མན་ངག་གིས་རིག་པར་བྱའོ། །བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུའི་རྩེ་མོ་ལ ་གནས་པ་ནི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པ། བདེ་བ་ཆེན་པོ་དབང་པོ་ཐམས་ཅད་འཕེལ་བར་འགགས་པ། ཡུལ་ན་མི་གནས་པ་དམིགས་པ་མེད་པའི་དབང་གིས་སོ་སོར་ངེས་པའི་ཡུལ་འཕེལ་བ་དོན་དམ་པའི་ལྷན་ཅིག་པའི་དཔེའི་ཚུལ། གང ་ཞིག་ཉམས་སུ་མྱོང་བར་གྱུར་བ་དེ་ནི་མན་ངག་གོམས་པའི་དབང་གིས་བཅིར་བའི་ཆོག་ཡིས་རླུང་རྣམ་པར་རྒྱལ་བ་འམ། ཕྱིའི་གསུང་བས་ཇི་ལྟར་ནུས་པས་བརྟན་པར་བྱས་ལ། དོན་དམ་པ་ལྷན་ཅིག་སྐྱེས་པ་དམིགས་པར་བྱ་བའི་ཕྱིར་མཚོན་པར་བྱའོ། །ཡང ་གསུངས་པ། བྱང་ཆུབ་སེམས་ནི་རྣམ་སྤངས་ནས། །ཇི་སྲིད་མ་བྱས་རྣལ་འབྱོར་བས། །དེ་སྲིད་རྒྱུན་མི་འཆད་པ་ཐོབ། །དགའ་སྐྱེས་བདེ་བ་ཅི་ཞིག་སྤྲོས། །བདེ་བ་ཐམས་ཅད་ཀྱི་ནི་སྟེ། །བྱང་ཆུབ་སེམས་ནི་ལྷུང?་གྱུར་ན། །རྣམ་ཤེས་ཕུང་པོ་བརྒྱལ་པའི་ཕྱིར། །སྣོད ་མེད་དངོས་གྲུབ་གནས་འོངས་ཤེས་སོ། །སྦྱིར་བ་དེ་ནི་མཉམ་?་པའི། །མཁས་པས་ག་པུར་སྒང་མི་བྱ། །དེ་ནས་ལག་གིན་མི་བླང་ཞིང། །ཐོད་པ་དུང་གིས་མ་ཡིན་ཏེ། །བདུད་རྩི་ལྕེ་ཡིས་བླང་བྱས་ནས། །རྒྱས་དང་སོབས་ནི་ངེས་པར་བྱེད། །དེ་ནས་ལངས་ཏེ་མོ ་ལྡན་གྱིས། །བླ་མའི་ཞབས་ལ་བཏུང?་པར་བྱ། །མཆོག་ཏུ་དགའ་བ་ཡང་དག་ཐོབ། །སྣ་ཚོགས་སྤངས་པའི་སྐད་ཅིང་ལ། །སྟོན་པས་སྨྲས་པས་ནས་?་ཆེ། །བདེ་བ་ཆེན་པོ་རྣམ་པར་བུད། །ཇི་སྲིད་བྱང་ཆུབ་བར་དུ་ནི། །སེམས་ཅན་དོན་གྱི་རྡོ་རྗེ་འཛིན།། ་?་རྒྱས་པ་ལ་སོགས་པ། །འདི་ཡིས་ཀུན་ཏུ་འགྲུབ་བར་འགྱུར། །འགྱུར་བ་ལྔ་ཡིས་རང་བཞིན་ལས། །ཀུན་རུ་ལ་ལྔ་རུ་འགྱུར། །དགའ་བ་ཆེན་པོ་གཅིག་ཉིད་ལས། །དབྱེ་བ་ལྔ་རུ་འགྲོ་བར་འགྱུར། །པོ་ལ་ཀཀྐོ་ལ་སྦྱོར་བས། །རེག་པས་སྲ་བའི ་བག་ཆགས་ཉིད། །སྲ?་བ་གཏི་མུག་ཆོས་ཀྱི་ཕྱིར། །གཏི་མུག་རྣམ་པར་སྣང་མཛད་བརྗོད། །གང་ཕྱིར་བྱང་ཆུབ་སེམས་གང་ཉིད། །གཤེར་བ་ཆུ་ཡི་ཁམས་བརྗོད། །ཆུ་ནི་མི་བསྐྱོད་གཟུགས་ཀྱི་ཕྱིར། ཞེ་སྡང་འདྲེན་པ་མི་བསྐྱོད་པ། །གཉིས་བསྐྱོད་པ་ཡི་སྦྱོར་བ་ལས།། ་དྲོད་ནི་རྟག་ཏུ་སྐྱེ་བར་འགྱུར། །འདོད་ཆགས་དཔག་མེད་རྡོ་རྗེ་ནི། །ཀཀྐོ་ལར་ནི་གང་ཞིག་སེམས། །དེ་ནི་རླུང་གི་རང་བཞིན་ཅན། །ཕྲག་དོག་དོན་ཡོད་གྲུབ?་པ་ཡིན། །བདེ་བའི་འདོད་ཆགས་དྲག་ཏུ་འགྱུར། །རང་?་ནམ་མཁའ་ཨི་མཚན་ཉིད་དེ། །ནམ ་མཁའ་སེར་སྣ་རྡོ་རྗེར་འགྱུར། །སེར་སྣ་ནམ་མཁའ་ལས་བྱུང་ཉིད། །སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔ་ཡི་གཟུགས་ཀྱིས་རྣམ་པར་མཚོན། །རིགས་ནི་ལྔ་པོ་དེ་ཉིད་ལས། །སྟོང་ཕྲག་དུ་མ་སྐྱེས་པ་ཉིད། །དེ་ཕྱིར་འདི་དག་དང་པོ?་གཅིག། བདེ་ཆེན་མཆོག་ཏུ ་རྟག་པ་ཉིད། །འདི་ཉིད་ཡེ་ཤེས་ཆེན་པོ་ཉིད། །རྟོག་པ་ཐམས་ཅད་རྣམ་པར་སྤངས། །གཉིས་དང་གཉིས་སུ་མེད་པའི་ཚུལ། །དངོས་དང་དངོས་མེད་བདག་ཉིད་གཙོ། །ཐབས་དང་ཤེས་རབ་ཤིན་ཏུ་འདྲེས། །ཆགས་དང་ཆགས་བར་རྣམ་པར་འདྲེས། །དེ་ཉིད་སྟོག ་ཆགས་རྣམས་ཀྱི་སྲོག། དེ་ཉིད་ཡི་གེ་དམ་པ་ཉིད། །བརྟན་དང་གཡོ་བ་ཁྱབ་ནས་གནས། །སྒྱུ་མའི་གཟུགས་ཅན་ཉིད་དུ་འདོད། །དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱིས་ནི། །རྟག་ཏུ་ངེས་པར་འགྲོ་བར་འགྱུར། །ཡང་ན་བདག་ཉིད་ཐམས་ཅད་དེ། །ཡང་ན ་ཀུན་གྱི?་རྣམ་པར་སྤངས། །དེ་ཡང་དགའ་བྲལ་དང་པོར་མཚོན། །དགའ་བ་གསུམ་དོ་རྣམ་པར་སྤངས། །ཡེ་ཤེས་འདི་ནི་ཆེས་?་ཞིང། །རྡོ་རྗེ་ནམ་མཁའ་ཨི་དཀྱིལ་དང་མཚུངས། །ཞི་བ་ཐར་ཉེར་འདོད་ཆགས་སྐྱེས། །ཁྱེད་རང་ཡང་ནི་དེ་ཡི་པ་ཞེས་སོ། །ཐུགས་རྣམ ་??་མཚན་ཉིད་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཤེས་རབ་ཡེ་ཤེས་ཀྱི་དབང་ཞེས་བྱའོ། །ཡང་དབང་གཉིས་པོ་འདི་ལ་ནི་ད་ཁོ་ན་ཉིད་མེད་པར་གྱུར་ན། བསྒོམས་པས་བཀུག་པའི་གྲོགས་ཀྱི་སྦྱོར་བས་བྱའོ། །འདིར་ནི་འདི་སྐད་གསུངས་པར་གྱུར་ཏེ། །སློབ ་དཔོན་?་ཤེས་རབ་དང། །བཞི་པ་དེ་ཡང་དེ་བཞིན་ཏེ། །དགའ་བ་ལ་སོགས་རིམ་པ་ཡིས། །འདི་བཞི་གྲངས་བཞིན་བསྐུར་བར་ཤེས་ཞེས་སོ། །དེ་ལ་ཡགན་དབང་བཞི་པ་ཞེས་ཇི་ལྟར་ཡིན་ཏེ། ཀྱེའི་རྡོ་ཇེའིརྒྱུད་ལས་དབང་རྣམ་པ་གསུམ་ཞེས་འདོད་དོ། ། ་བཞི་པ་སླར་ཡང་དེ་བཞིན་ནོ། ཞེས་པ་ནི་གསུམ་པ་ལས་གཞན་པ་ནི་ཕྲེང་པ་དང་ཆུ་ལ་སོགས་པ་སྟེ། དབང་གི་མཛའ་ནི་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པའི་གཞུང་དེ་ཡིས་བསྡུས་ནས་སྨྲས་ཏེ། གང་འདི་སྟར་རྡོ་རྗེའི་རིགས་ཀྱི་?་དབང་རྣམ་པ་ཤིན་?? ་ལྟར་འདོད་པ་བཞིན་འགྱུར་ཏེ། དེ་ལྟར་ན་ནི་དབང་རྣམ་པ་བཞི་པོ་ནི་ཤེས་རབ་ཡེ་ཤེས་ལས་མངོན་ནས་མོས་བར་སྦྱར་རོ། །དེ་བཞིན་དུ་ཡང་རྒོད་པས་དག་བ་སློབ་དཔོན་འདོད། །བལྟ་བ་དེ་བཞིན་གསང་བ་སྟེ། །ལག་པས་འགྱུར?་ཤེས་རབ་པ?། །དེ་ཡང་དེར་ནི་གཉིས ་གཉིས་སོ་ཞེས་སོ། །འདིའི་དོན་ནི་གང་ཤེས་རབ་དང་ལྷན་ཅིག་ཏུ་དགའ་བ་དང་རྒད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པའི་གཟུགས་སློབ་དཔོན་གྱི་ཕྱིར་དེ་ནི་སློབ་དཔོན་གྱི་དབང་ངོ། །གང་ཤེས་རབ་ལ་དགའ་བ་དང་བཅས་པས་པདྨ་ལ་བལྟ་བ་དེ ་ནི་གསལ་བ་ལ་བརྟེན་པའི་ཕྱིར་གསང་བའི་དབང་པོ། །གང་ཡང་ཤེས་རབ་ལ་འཁྱུད་ནས་ཤེས་རབ་ལ་བརྟེན་པ་དང་བཅས་པའི་ཕྱིར་ཤེས་རབ་ཀྱི་དབང་པོ?། །གང་སླར་གཉིས་ཀྱི་འབྱོར་བས་ལས་?་མོང་བ་དང་མཆོག་གི་དེ་ཁོན་ཉིད་ཉེ་?མཚོན་བརྡར་བཅས ་པ་གཉིས་སུ་མེད་པའི་ཡེ་ཤེས་དེ་ནི་བཞི་པ་ཞེས་སུ་འདོད་དེ། །གཞན་ནི་འདི་ལྟར་སོ་སོར་འདོད་དེ། །ལེའུ་དང་པོ་ལས་འདི་ལྟར་ཐམས་ཅད་དུ་བཞིའོ་ཞེས་ཟེར་བའི་ཕྱིར་རོ། །ལ་ལ་ནི་མངོན་པ་ནི་མི་ཕྱེད་པའི་མོས་པའི་སྦྱོར་བ་སྟེ། དེ་བས་ན་སེམས་ཀྱི་དབང་དེ་ཉིད ་ལ་རྣམ་པ་གཉིས་ཀྱིས་དབྱེ་བས་དབང་བཞི་པར་བསྟན་པར་བྱའོ། །དེ་བཞིན་དུ་ཡང་ཤེས་རབ་ཀྱི་ཡན་ལག་ལ་འདས་ཤིང་ལྷན་ཅིག་སྐྱེས་པའི་བདེ་པ་ཆེན་པོ་གང་བརྟན་པར་བྱས་པའི་མཚན་ཉིད་དེ་ནི་ཤེས་རབ་ཀྱི་ཤེས་རབ་ལ་བརྟེན་པའི་ཕྱིར་ཤེས་རབ་ཡེ་ཤེས་ཀྱི་དབང་ཞེས ་བྱའོ། གང་མཉམ་བར་གཞག་པའི་ཡིད་ཀྱིས་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་སྦྱོར་བ་འདི་ནི་དམ་ཚིག་འདི་དང་འདྲ་བར་འདི་ཡང་བསྒོམ་པར་བྱ་བ་ནི་ལྷན་ཅིག་སྐྱེས་པ་དམ་པའི་སྦྱོར་བར་དེ་ནི་ཐམས་ཅད་དུ་པཎྜི་ཏ་ཆེན་པོ་དཔལ་ཞི་པ་རིན་ཆེན་འབྱུང ་གནས་ཞབས་ཀྱིས་འདི་གསལ་བར་གསུངས་སོ། །ལྷན་ཅིག་སྐྱེས་བ་དམ་པའི་སྦྱོར་བའོ། །ལྷན་ཅིག་སྐྱེས་བ་དམ་པའི་སྦྱོར་བའི་ཌཱི་ཀཱ་ལྷན་ཅིག་སྐྱེས་མཛེས་ཞེས་བྱ་བ་བདག་ཉིད་ཀྱི་བྱས་པ་དེར་ཡང་བདག་ཀྱི་དབང་གི་དོན་ཡང་དག ་པར་བཤད་དེ། འདིར་གཞུང་རྒྱབ་པའི་འཇིགས་པས་རྒྱས་པར་མ་བྱས་སོ། །འདི་དག་ཐམས་ཅད་ཀྱང་མཉམ་པར་བཞག་པའི་བླ་མས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དུས་སུ་སློབ་མ་ལ་བསྙེད་པར་བྱ་བ་ཡིན་ནོ། །སྐུ་གསུང་ཐུགས་རྣམ་པ་ར་དག་པའི ་མཚན་ཉིད་བདེ་བ་ཆེན་པོའི་ངོ་བོ་དབང་བཞི་པ་ཞེས་བྱའོ། །ཇི་ལྟར་བརྗོད་པའི་མངོན་པར་དབང་བསྐུར་གསུམ་པོ་ནི་ཉན་ཐོས་དང། རྒྱས་པོ་དང། མུ་སྟེགས་དང། རྟོག་གེ་སྒམ་པོ་དང། རྨོངས་པ་དང། མ་ནིང་དང། རྒན་པོ་དང། རང་གི་བུ་དང། དང་བ་མེད ་པ་རྣམས་ལ་སྦྱིན་བར་མི་བྱའོ། །གཞན་ཡང་ཕྲེང་བ་དང་ཆུ་ལ་སོགས་པའི་མངོན་བར་དབང་བསྐུར་བ་གང་སུ་ཡང་རུང་བ་ལ་ཚིག་ཙམ་གྱིས་མི་བྱའོ། །འདི་ནི་དབང་གི་ཆོ་གའོ། །ཆོས་དང་དེ་བཞིན་བདེ་གཤེགས་གླེགས་བམ་རྡོ་རྗེ་དྲིལ་བུ་དང།། ་རབ་གནས་ནམ་མཁའ་ཨི་ཁམས་དང་མཉམ་པར་རྗེས་སུ་འགྲོ་བར་ནི། །དོན་དམ་མགོན་པོ་འདི་ནི་འཇིག་རྟེན་པ་ཡིས་མི་ཤེས་པས། །འཇིག་རྟེན་རྣམས་ལ་ཕན་པར་འདོད་པས་རབ་ཏུ་གནས་པར་བྱེད། །སྐུ་གཟུགས་མཆོད་རྟེན་གཙུག་ལག་ཁང། དམ ་ཆོས་?་རིས་གླེགས་བམ་དང། །བཟང་པོ་ཚད་དང་དམན་པ་དང། །རྫོགས་པ་བདེ་བའི་རྒྱུད་ལྡན་པ། །དེ་རིག་དེ་མཚན་ཤེས་པ་ཡིས། །རབ་གནས་དག་ནི་བྱ་བར་རིགས། །བསོད་ནམས་མངོན་པར་འཕེལ་བྱེད་དང། །ཡང་ན་རྗེས་སུ་ཡི་རང་ཉིད།། ་ཤར་དུ་སྐུ་གཟུགས་རྩོགས་པ་ཉིད། །?་?་འོད་ཡུན་རིང་གནས་པ་ནི། །ཇི་སྲིད་མཆོད་པ་མ་གྱུར་པ། །དགེ་བ་མ་ཡིན་སྐྱེད་པར་བྱེད། །དཔེར་ན་སྐྱེས་དུ་གང་ཞིག་ནི། །རིག་པའི་མཚན་ཉིད་རྣམ་སྤངས་ན། །འཇིག་རྟེན་ཀུན་གྱིས་མཆོད་མི་བྱེད། །གཟུགས ་བརྙན་རྣམས་ཀྱང་དེ་བཞིན་འགྱུར། །གང་གི་རབ་གནས་དག་དང་བྲལ། །དེ་ལ་ཕྱག་འཚལ་མཆོད་པ་ནི། །དཔེར་ན་སྔགས་བྲལ་སྦྱིན་སྲེག་བཞིན། །སྲེག་རྫས་འབྲས་མེད་ཐལ་བའོ། །དེ་བཞིན་འདི་ལྟར་སྔགས་མེད་གནས། །ཆོས་ལྡན་གང་ཞིག་མཆོད་པའོ། །དེའི ་ལས་ཀྱི་རྣམ་སྨིན་གྱིས། །སྐྱེ་བ་ཀུན་ཏུ་མཆོད་འོམ་མིན། །དེ་ལ་ཉི་མ་བཟང་པོ་དང། རྒྱུ་སྐར་བཟང་པོ་དང། གཟའི་སྦྱོར་བ་དང་ལྡན་པ་ལས་ཁྲུས་དང་གཙང་སྤྲས་དྲི་བཟང་པོས་ལུས་ལ་བྱུགས་ལ་རྒྱན་བཟང་པོ་དང། ཐོར་ཚུགས་དང། གྲོགས་བཟང་པོ་བཅས་པས་ལག ་ཏུ་རྡོ་རྗེ་དང་དྲིལ་བུ་བཟུང་ལ། ཡོ་བྱད་ཡོངས་སུ་སོགས་ཏེ། མེ་ཏོག་བཟང་པོས་གཏོར་བའི་སྟན་པ་འཇམ?་པོ་ལ་ཉེ་བར་འདུག་ཅིང། དཀྱིལ་འཁོར་གྱི་མཆོད་པ་དང་ཏིང་ངེ་འཛིན་གསུམ་བྱས་ལ་ལྷ་ལ་མངོན་དུ་ཕྱོགས་པ་གསུམ་གྱིས་རྡོ་རྗེ་སློབ་དཔོན་རྣམ་པ་ཀུན་གྱི ་མཆོག་དང་ལྡན་པའི་རྗེས་སུ་མཐུན་པ་མཚན་མ་དང། སྟན་དང། རྟེན་དང། བརྟེན་པ་དང་བཅས་པའི་དཀྱིལ་འཁོར་སྙིང་གར་ས་བོན་དང་མཚན་མས་བྱིན་གྱིས་བརླབས་པ། རིགས་དང་རྗེས་སུ་མཐུན་པའི་ཅོད་པན་ལ་བྱིན་གྱིས་བརླབས་པ་དང་ལྡན་པར་བལྟས་ལ ་ནམ་མཁའ་ལ་ཡང་ཡེ་ཤེས་སེམས་དཔའ་ཨི་དཀྱིལ་འཁོར་རྣམ་པར་བལྟས་ལ། བསང་གཏོར་ལ་སོགས་པ་བྱིན་ལ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་ལས་སྒྲོས་པའི་མཆོད་བའི་ལྷ་མོ་བརྒྱད་པོས་ཡང་དག་བར་མཆོད་པ་དང། བསྟོད་པ་དང་བདུད་རྩི་མྱང་བར་བྱའོ། ་དེ་ནས་མེ་ཏོག་བཟང་པོས་ཐལ་མོ་སྦྱར་ཏེ་ལུས་བཏུད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་སུ་ལ་ལི་ཏ་བི་ལཱས་ན་མི་སྟེར་ན་མཱ་མི་ཧཾ་བྷ་ག་བཱནདི?་ཛ(རྒྱུད་འགྲེལ་དེ་ནས་པུས་མོ་གཡས་པའི་ལྷ་?་ལ་བཙུགས་ལ། ལག་པ་གཡས་ཀྱི་སྤོས་ཀྱིས་བདུག?་བར་བྱ་ཞིང། གཙོ་བོ་དང་གཞན་ཡང་སྟེ་གོན་ལ་གནས་པར་བྱའོ། །བཅོམ་ལྡན་ཆེ་གེ་རྡོ་རྗེ་མཆོག། རིག་པའི་རྒྱལ་པོ་ཕྱག་འཚལ་བསྟོད། །རྡོ་རྗེའི་བདག་ཉིད་རབ ་གནས་ནི། །མགོན་པོ་བདག་ནི་བགྱིད་པར་འཚལ། །སློབ་མ་རྣམས་ལ་བསྐྱབ་པ་དང། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བཅོམ་ལྡན་བདག་ནི་དེ་ལ་དང། །བཀའ་དྲིན་དག་ནི་མཛད་པར་རིགས། །ཇི་ལྟར་རྫོགས་པའི་སངས ་རྒྱས་རྣམས། །དགའ་ལྡན་དུ་ནི་ཡང་དག་གནས། །ལྷ་མོ་སྒྱུ་འཕྲུལ་ལྟོ་བ་དེར། །དེ་རུ་གནས་ནས་འདི་རུ་མཛད། །མགོན་པོ་རྟག་ཏུ་འདིར་བཞུགས་ལ། །གྱུར་ཏེ་མེ་ཏོག་ལ་སོགས་འདི། །ཆེ་གེ་མོ་ཡིས་བྱང་ཆུབ་སེམས། །འདེབ་བའི?་ཕྱིར་ནི ་བཞེས་སུ་གསོལ་ཞེས་དེ་ལྟར་ལན་གསུམ་སྟ་གོན་ལ་གནས་པར་བྱའོ། །མཆོད་པ་ལ་སོགས་སྔ་མ་བཞིན་དུ་བྱའོ། །དེ་ནས་ཕྱི་རོལ་ཏུ་འཁོད་དེ་ཕྱོགས་སྐྱོང་རྣམས་ལ་གཏོར་མ་སྦྱིན་པར་བྱའོ། །དེ་ནས་ནང་དུ་ཞུགས་ཏེ་ལས་ཐམས་ཅད་བའི ་སྔགས་གྱིས་བཟླས་པའི་སྐུད་པ་སུམ་བསྒྲིལ་ལ་མདུད་པ་གསུམ་དང་ལྡན་པ་ལ། །སོ་སོར་འབྲད་མས་ལག་པ་གཡས་པ་ལ་བཏགས་ལ། ལས་ཐམས་ཅད་པའི་སྔགས་ཀྱིས་བཟླས་པའི་ཆུ་གཏོར་ལ་སློབ་མ་བསྲུང་བར་བྱའོ། །བྱ་བ ་ཐམས་ཅད་ཀྱི་གསོ་སྦྱོང་འདི་དང་ལྡན་པའི་སློབ་མ་དང་ལྷན་ཅིག་རྒྱུ་བར་བྱས་ལ། འདི་དག་དེ་ཡིས་བརྗོད་དུ་གཞུག་སྟེ། སྔགས་པས་ཅུང་ཟད་གང་བརྗོད་པ། །མཆོད་ལ་སོགས་པའི་ཆོ་ག་ཡིས། །མཆོད་སྦྱིན་ཆེ་འབྲས་བསྐྱེད་པ་ལ།། ་གཡོ་ནི་མེད་པ་དག་ཏུ་བྱས་ཞེས་པས་སོ། །དེ་ནས་བགགས་ཞི་བར་བྱ་བའི་ཕྱིར། རྩ་བའི་སྔགས་ཡོངས་སུ་བཟླས་ལ་ཉལ་བར་བྱའོ། །འདི་ནི་རབ་ཏུ་གནས་པའི་ཆོ་གའོ། །དེ་ནས་ཉི་མ་གཞན་པ་ལ་ནི་ཇི་ལྟར་བརྗོད་བའི་མཚན་ཉིད་ཀྱིས་སྔགས?་པས་ཞི་བའི? ་གཏོར་མ་སྦྱིན་དང། ལྷ་?་མངོན་པར་ཕྱོགས་པས་འདུག་སྟེ། ལྷའི་རྣལ་འབྱོར་བྱར་ལ་གཟུགས་བརྙན་གང་དུ་བསྟན་ལ། གོས་སེར་པོ་བསྐོན་ཏེ་སྡར?་གསུངས་པའི་མཚན་ཉིད་ཀྱི་རྫོགས་པའི་རྣལ་འབྱོར་གྱིས་རྫོགས་པར་བྱས་ལ། རྣམ་པ་ཀུན་ཀྱི་མཆོག་དང་ལྡན ་པ་ལ་སྙིང་ག་དང་མགྲིན་པ་དང་སྤྱི་བོ་རྣམས་སུ་ཧཱུཾ་དང་ཨཱ:དང་ཨོཾ་གྱི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པ། ཁྲི་ཟུར་བཞི་པ་གྲུ་བཞིའི་ཚད་དཔངས་སུ་ཁྲུ་དོ་པའི་ཁྲི་གཙང་མ་ལ་ཡང་དག་པར་བཀོད་དེ་བྱབ?་པ་རྣམས་ཀྱིས་བྱ?་པར་བྱའོ། །དེ་ནས་ཁུ་ཚུར་གཡས་གཡོན ་གྱིས་ཉུང?་ས་ཀར་སེར་པོ་བླངས་ལ། ལུགས་སུ་འཇུག་པ་དང་བཟློག་པས་བསྐོར་ལ། ཨོཾ་སརྦ་བཱ་པ་ད་ཧ་ན་བཛྲཱ་ཡ་སྭཱཧཱ། ཞེས་བྱ་བ་འདིས་ལན་གསུམ་གྱིས་བསྔགས་ལ་མེ་ལ་དོར་བར་བྱའོ། །དེ་བཞིན་དུ་སྔགས་དེ་ཉིད་ཀྱིས་ཆུ་ལ་གཏོང་བར་བྱའོ། །དེ་ནས་ཁམ་ཕོར་སོ་མ ་གཏང་བ་དང་ཟན་ཆངས་ཀྱིས་ཀྱང་བྱབ་པར་བྱ་སྟེ། །དེའི་རྗེས་ལ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱཧཱ་ཞེས་བྱ་བས་ལན་བདུན་གྱིས་བསྔགས་པའི་དྲི་དང་ཏིལ་མར་དང་དུར་བའི་ཆུན་བུས་རབ་ཏུ་གཏོར་ལ་ཕྱིའོ། །ཁར་བའི་སྣོད་ན་གནས་པ་?་ཏོ་དང་ཨུ་དུམཔར ་དང། ཤི་རི་ཤ་དང། ཨ་ཤྭ་?་དང། བ་ལཀྵ་དང། འབའ་ཀ་ལ་བྱབ་ཅིང་ས་བོན་ལྔས་བྱིན་གྱིས་བརླབས་པའི་དྲི་ལྔས་བཀྲུ་བར་བྱའོ། །ཕྱི་ནས་རྒྱལ་པོ་མངོན་པར་དབང་བསྐུར་བའི་སྦྱོར་བས་གདུགས་དཀར་པོ་འཛིན་པའི་མི་དང་བཅས་པས་རྒྱལ་བ་དང་བཀྲ ་ཤིས་ཀྱི་ཚིགས་སུ་བཅད་བས་བསྟོད་པར་བྱ་སྟེ། རྔའི་སྒྲ་དང། བུད་ཞི་སྐྲ་དང། བུད་མེད་རྣམས་ཀྱི་ཅ་ཆོའི?་སྒྲ་དང། གླུ་སྙན་ཉེ་བར་མཚན་པར་བྱས་པའི་དབང་བསྐུར་བའི་ཆོག་དང་དེ་བཞིན་གཤེགས་པའི་ཕྱག་ན་བསྣམས་པའི་བུམ་པས་ཁྲུས་ཀྱི་ཚིགས་སུ་བཅད་པ ་འདོན་ཅིང་ཁྲུས་བྱའོ། །ཚིགས་སུ?་བཅད་པ་ནོ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་རྣམས་ཁྲུས་གསོལ་ལྟར། །ལྟ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་ལ་ཁྲུས་གསོལ་ཅིག་།ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཤེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ། རི་མོ་དང་གླེགས ་བམ་ལ་སོགས་པ་ནི་མེ་ལོང་ལ་བཀྲུ?་བར་བྱའོ། །དེ་བཞིན་དུ་བཀྲ་ཤིས་ཚིགས་སུ་བཅད་པའི་ཆེད་དུ་བརྗོད་པ་གདོན་པར་བྱ་སྟེ། བཀྲ་ཤིས་གང་ཞིག་ཆོས་ཀྱི་སྡུས་བསྔགས་པ། །གཅིག་དང་དུ་མ་ཉིད་ནི་རབ་སྤངས་ཤིང། །དངོས་གཟུང་བྲལ་བ་སྤོས་པ་མེད་པ་ཡི། ་ཁྱོད་ཀྱིས་བཀྲ་ཤིས་དེས་ནི་ཞི་བར་མཛོད། །བཀྲ་ཤིས་གང་ཞིག་དཔེ་བྱད་མཚན་ཉིད་སོགས། །དབུས་བཞུགས་ཉིད་འཁྲུངས་ཀྱིས་ནི་རྣམ་པར་བརྒྱན། །ལོངས་སྤྱོད་རྫོགས་སྐུ་ཆོས་གསུང་བཟང་པོ་སྟེ། །ཁྱེད་ཀྱི་བཀྲ་ཤིས་རང་ནི་ཞིང་? ་མཛོད། །བཀྲ་ཤིས་གང་ཞིག་མེ་བཞིན་འབར་བ་སྟེ། །འོད་འབར་ཤིན་ཏུ་རབ་ཏུ་འཁོར་བ་ཡེ། །སྤྲུལ་པའི་སྐུ་ནི་གཞན་གྱི་དོན་མཛད་པ། །ཁྱེད་ཀྱི་བཀྲ་ཤིས་དེས་ནི་ཞི་བར་མཛོད། །ཅེས་བྱ་བ་ནི་བཀྲ་ཤིས་ཚིགས་སུ་བཅད་པའོ། །རིམ་པ་དེ་ལྟར་མངོན་པར་བཀྲུས ་ནས། གཙང་ལ་འཇམ་པའི་ན་བཟའ་འམ། ལག་པས་ཆུ་མེད་པར་བྱས་ཏེ། གུར་གུམ་གྱི་སྡེ་གུས་གོས་གཉིས་ལ་བསྐུས་ལ། ཨོཾ་རི་བྱ་བཱ་ས་མེ་སྭཱཧཱ་ཞེས་བྱ་བའི་སྔགས་འདིས་ཡོངས་སུ་གསོལ་བར་བྱའོ། །དེ་ནས་བཛྲ་གནདྷེ་ཨཱ(རྒྱུད་འགྲེལ་དང་གླ་བ་དང་སི་ལ་དང། ཙནདན་ལ་སོགས་པའི་དྲིས་ཡོད་པར་གྱུར་ན་མཉམ་པར་བྱུག་པར་བྱའོ། །ོཾ་བཛྲ་བྷ་ར་ཥ་བི་བྷུ་ཥ་ནེ་སྭཱཧཱ། ཞེས་བྱ་བས་རྣ་ཆ་དང་མགུལ་རྒྱན་དང་དཔུང་རྒྱན་དང་ལག་གདུབ་ལ་སོགས་པའི་རྒྱན་གྱི་བརྒྱན་པར་བྱའོ། །དེ་ནས ་ཨོཾ་བཛྲ་རཏན་ཏྲ་མི་ཏི་ཞེས་བྱ་བའི་སྔགས་ཀྱིས་སྤྱི་བོར་ཅོད་པན་བཅིང་པར་བྱའོ། །ོཾ་བཛྲ་སཏྭ་ཨཱ(རྒྱུད་འགྲེལ་བྱའོ། དེ་ནས་གོ་རོ་ཙ་ནའི?་ཐིག་ལེས་?་ལ། མེ་ཏོག་དང་སྤོས་དང་མར་མེ་དམ་པ་ལ་ཅུང་ཟད་ལ་ལས་ཐམས་ཅད་པའི་སྔགས་ཀྱིས་ཡང་དག་པར་བསྲུངས་ལ། །ཡི་གེ་ཧཱུཾ་གིས་བླངས་ཏེ། ཊིཀྐས་སམ་བསྲུང་བའི་སྔགས་ཀྱིས་དཀྱིལ་འཁོར་དུ་བཅུག་ལ ་གཅིག་ཏུ་དགོད་པར་བྱའོ། །དེ་ནས་དཀྱིལ་འཁོར་བསྒྲུབ་པའི་ཆོ་ག་ཡིས་ཡེ་ཤེས་ཀྱི་དཀྱིལ་འཁོར་རམ་ཡེ་ཤེས་སེམས་དཔའ་བསྒྲུབས་ལ། འཐོར་འཐུང་དང་བསང་གཏོར་ལ་སོགས་པ་ཕུལ་ལ་ཞལ་བརྒྱད་པའི་ཧཱུཾ་གི་སྒྲས?་དེ་དང་ལྷན་ཅིག་ལྷགས་པའི ་བགེགས་ཀྱི་རིགས་ཚར་གཅད་ལ། །ཛ:ཧཱུཾ་བཾ་ཧོ(རྒྱུད་འགྲེལ་དབུལ་ལོ། །དེ་ནས་མེ་ཏོག་ལ་སོགས་པའི་མཆོད་བ་སྔགས་བརྗོད་ལ་དབུལ་བར་བྱ་སྟེ། ཆུ་དང་ཐང་ལས་དེ་བཞིན་སྐྱེས། །མེ་ཏོག་དམ་པ་འདི་དག་ནི། །བདག་གི་གུས་པས་འབུལ་ལགས་ཀྱིས། །ཅི་བདེ་བར་ནི་རབ་ཏུ་བཞེས། །ལྷན་ཅིག་སྐྱེས་སམ་སྦྱར་ལས་འབྱུང ་སྤོས་མཆོག་དམ་པ་འདི་རྣམས་ནི། །བདག་གིས་གུས་པས་འབུལ་ལགས་ཀྱིས། །ཅི་བདེ་བར་ནི་རབ་ཏུ་བཞེས། །ལྷན་ཅིག་སྐྱེས་སམ་དེ་བཞིན་སྦྱར། །དྲི་མཆོག་དམ་པ་འདི་རྣམས་ནི། །བདག་གིས་གུས་པས་འབུལ་ལགས་ཀྱིས། །ཅི་བདེ་བར་ནི་རབ་ཏུར་ཞེས།། ་མར་མེ་བཟང་འབར་མུན་པ་འཕྲོག། ཤིན་ཏུ་སྣུམ་པའི་སྒྲོན་མ་འདི། །བདག་གིས་དར་བས་འབུམ་ལགས་ཀྱིས། །ཅི་བདེ་བར་ནི་རབ་ཏུ་བཞེས། །བཟའ་དང་བཅས་པར་ཡང་དག་ལྡན། །ཁ་དོག་དྲི་དང་བོར?་ལྡན་པ། །ལྟ་བཤོས་ཐམས་ཅད་ལྡན་པ་སྟེ། །ཕུལ་བ ་མཉམ་པར་རབ་ཏུ་བཞེས། །སོ་སོ་རང་གི་ཚིགས་སུ་བཅད་པ་ལ་སྔགས་བརྗོད་པར་བྱའོ། །དེ་ནས་འཐོར་འཐུང་ལ་སོགས་པ་ཕུལ་ལ། །འདོད་ཡོན་ལྔའི་མཆོད་པས་ཀྱང་མཆོད་ལ། །བསྟོད་པ་དང་བདུད་རྩི་མྱང་བར་བྱའོ། །དེ་ནས་སྔགས་པ་མཉམ་པར་བཞག་སྟེ། ་ཐལ་མོ་སྦྱར་བ་དམ་པ་དེ་ཉིད་ལས། །ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར་ཞེས་བྱ་བའི་ཚིགས་སུ་བཅད་པ་འདིས་བརྗོད་ལ། ཡི་གེ་བརྒྱ་པའི་སྔགས་ལན་བདུན་གྱི་བར་དུ་བཟླ་བར་བྱའོ། །དེ་ནས་བརྟན་པར་བྱ་སྟེ། །སེམས་ཅན་གྱི་དོན་དུ་གསོལ་བ་གདབ་པར་བྱའོ།། ་མགོན་པོ་ཇི་ལྟར་སྐལ་ལྡན་པར། །སེམས་ཅན་དོན་ནི་རྟག་ཏུ་མཛོད། །སྣ་ཚོགས་གཟུགས་ནི་གཟུང་གྱུར་ཏེ། །འཇིག་རྟེན་ཁམས་འདི་ཐམས་ཅད་དུ་ཞེས་བྱ་བས་སོ། །དེ་ནས་སྔོན་བཞིན་དུ་?་བོར་?་གཏོར་མ་ཕུལ་ལ། བདུད་རྩིས་དགྱེས་པར་བྱས་ཏེ། ཡང ་དག་པར་མཆོད་ལ་ཕྱོགས་སྐྱོང་གཤེགས་སུ་གསོལ་བར་བྱའོ། །དེ་ནས་རྗེས་ལ་དཀྱིལ་འཁོར་དུ་ཞུགས་པའི་ལྷ་དང་དཀྱིལ་འཁོར་ལ་ཕྱག་འཚལ་ཞིང། བསྐོར་བ་བྱས་ལ། ཆོ་ག་དམན་པ་བསྐང་པའི་ཕྱིར་སྔོན་དུ ་རྒྱས་པའི་སྦྱིན་སྲེག་གི་མཐར་ཡོན་བདག་རྒྱས་པར་བྱ་བའི་ཕྱིར་མཐེ་བོང་གཡས་པ་ལག་པ་གཡོན་པས་གཟུང་སྟེ། སྲེག་རྫས་ལས་ལན་གསུམ་མམ་བདུན་སྦྱིན་པ་འམ་སྦྱིན་དུ་གཞུག་གོ་།དེ་ནས་བླ་མས་སློབ་མ་ལ་ཡོན་བླ?་བར་བྱ་སྟེ། སློབ ་མས་ཀྱང་དགའ་བའི་ཡིད་ཀྱིས་རྔ་གི་འབྱོར་པ་དང་རྗེས་སུ་མཐུན་པ་སྟེ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་བུ་མོ་དང། གླང་པོ་དང་རྟ་དང་ཤིང་རྟ་དང་བ་ལང་དང་མ་ཧ་ལ་སོགས་པ་དང། སོ་བ་དང་གསེར་དང་དངུལ་དང་ཟངས་དང་ནོར་བུ་དང་ནུ་ཏིག? ་ལ་སོགས་པའི་རྫས་དང། ལོ་ཏོག་ཕུན་སུམ་ཚོགས་པའི་ཞིང་ས་དང། ཁྱིམ་དང་སྐྱེད་མོས་ཚལ་དང། ཀུན་དགའ་དཔལ?་སོགས་པའམ་གནས་རྣམས་ཕུལ་བས་དགྱེས་ཏེ། སློབ་དཔོན་དམ་པ་དང་ལྷ་ཐམས་ཅད་དགྱེས་པར་འགྱུར་རོ།། ་དགྱེས་པས་ནི་འདོད་པའི་དངོས་གྲུབ་རྣམས་སུ་ཤས་པར་བྱའོ། །ཐམས་ཅད་དུ་བླ་མ་དགྱེས་པར་བྱའོ།། །།དེ་ནས་སྣོད་ལགས་པར་བཀྲུས་པར་སྲེག་བླུགས་ཀྱི་ལྷག་མ་སྦྲང་རྩི་དང། འོ་མ་དང་ཤ་ཁ་དང་བསྲེས་པའི་ཐུག་པ ་བསྒྲུབས་ལ་རང་གི་ལྷའི་སྔགས་ཀྱིས་སོ། །དེའི་རྩེ་མོའི་ཆ་གསེར་ལ་སོགས་པའི་སྣོད་དུ་བཞག་ལ། ཨོཾ་དི་བྱ་ནི་ས་མ་དྷི་དྷཡ་ནཾ་པྲི་ཎ་ནེ་སྭཱཧཱ། ཞེས་བྱ་བའི་སྔགས་འདིས་ལྷ་ལ་དབུལ་བར་བྱའོ། །དེ་ནས་དྲི་གཙང་ཁང་བརྩེགས་བ་ནི་ཤིན་ཏུ་བཟོ ་བོས་བརྩིགས་ལ། སྐུ་གཟུགས་ཀྱི་སུམ་ཆའི་ཚད་ཀྱི་སྟེགས་བུ་ལ་སྐུ་གཟུགས་ཤིན་ཏུ་བུབ་པ་མ་ཡིན་པ་དང། ཕྱེད་པ་མ་ཡིན་པ་དང། ཡོ?་བ་མ་ཡིན་བས་དྲང་པོར་ལེགས་པར་བཀོད་ལ། ཨོཾ་སུ་པྲ?་ཏིཥ?་བཛྲ་སྭཱཧཱ། ཞེས་བྱ་བ་འདིས ་བཞུགས་སུ་གསོལ་ལོ། །དེ་ལྟ་མ་ཡིན་ན་ནི་ཉེས་པ་སྟེར་བར་འགྱུར་རོ། །དེ་ནས་སྔོན་བཞིན་དུ་བསང་གཏོར་ལ་སོགས་པ་དུལ་ལ་ཡང་དག་བར་མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་ལ་སོགས་པ་དང། ཡི་གེ་བརྒྱ་པའི་སྔགས་ལན་བདུན་བཟླས་ལ་བཟོད་? ་གསོལ་པར་བྱ་སྟེ། ལྷ་དང་དེ་ཡི་སྲས་རྣམས་དང། །རྫོགས་སངས་བཟོད་མཛད་པ་ཡི་རིགས། །ཚངས་སོགས་ལྷ་ཡི་ཚོགས་རྣམས་ཀྱིས། །ཐེག་འགྱུར་ཆོ་གའི་བྱ་བ་ལ། །ཀུན་ཏུ་ཞི་དང་བཀྲ་ཤིས་དང། །ཡོན་ཏན་བདག་ཉིད་ཆེར་མཛད་ནས། །སངས ་རྒྱས་ཡུལ་དུ་གཤེགས་ནས་ནི། །སླར་ཡང་འབྱོན་པར་མཛད་དུ་གསོལ། །གང་གིས་སྐུ་གཟུགས་འདི་ལ་ནི། །བསྐལ་པ་བསྐལ་པ་བརྒྱར་བཞུགས་ཏེ། །ས་ཆུ་མེ་དང་རླུང་རྣམས་ཀྱིས། །ལྷ་རྣམས་ཀྱིས་ནི་བསྲུད་བར་མཛོད། །འདི་ནི་ཤིན་ཏུ་དགྱེས་འགྱུར་ཏེ། ་དགའ་བས་རང་གི་གནས་གཤེགས་ལ། །སློབ་དཔོན་སློབ་མར་བཅས་པ་དང། །བུ་དང་ཚ་བོ་བསྲུང་དུ་གསོལ་ཞེས་བྱ་བས་སོ། །གཞན་ཡང་ཁྱད་པར་བརྗོད་པར་བྱ་སྟེ། བྲིས་པ་དང་ལུགས་མ་ལ་ཇི་ལྟར་བརྗོད་པའི་ཆོ་གས་རབ་ཏུ་གནས་པར་བྱ་སྟེ། །རྗེ་བཙུན ་གྱི་མཆོད་རྟེན་ཡང་ཁང་བུ་བརྩེགས་པ་བསྐྱེད་པའི་ཆོ་ག་ཡིས་བསྐྱེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་གྱི་གནས་སུ་བསྒོམས་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། རིག་སྔགས་ཀྱི་ལྷ་མ་ལུས་པ་སྤྱན་དྲངས་ལ། མཆོད་རྟེན་གྱི་ནང ་དུ་བཞུག་པ་རང་བཅིང་བ་དང་དབང་དུ་བྱས་ལ་བསང་གཏོར་ལ་སོགས་པ་ཕུལ་ཏེ། མངོན་པར་བདུད་རྩི་མྱང་བ་ལ་སོགས་པ་བྱས་ལ་ཨོཾ་སུ་པྲ་ཏཥྛི་བཛྲ་སྭཱཧཱ། ཨོཾ་ཧཱུཾ་ཧྲཱི་བཾ་དྲི?་ཌཧ་ཏིཥྛ་ཞེས་བྱ་བའི་སྔགས་ཀྱིས་རབ་ཏུ་གནས་པར་བྱའོ། །ལྷག་མ་ནི་སྔ་མ་བཞིན། ་གླེགས་བ་མོ་ནི་འདི་ལྟར་རབ་ཏུ་གནས་པར་བྱ་སྟེ། ཡི་གེ་ཇི་ཡོངས་སུ་གྱུར་པ་ལས་གླེགས་བསམ་ལ་འོད་དཔག་ཏུ་མེད་པ་བལྟས་ལ། དེ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་ཡི་གེའི་ཆལ་བར་བསྒོམས་ལ། ཨོཾ་ཧཱུཾ་ཧྲཱི་དྷཱི?་ཞེས་བྱ་བ་འདིས་རབ་ཏུ་གནས་བར་བྱ་ ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་དང། རྡོ་རྗེ་འཛིན་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་བསྒོམ་བར་བྱའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །གཙུག་ལག་ཁང་ལ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད ་དང། ཉན་ཐོས་དང་རང་སངས་རྒྱས་རྣམས་བཞུགས་པའི་ཏིང་ངེ་འཛིན་གྱི་གནས་ཆོས་ཀྱི་དབྱིངས་རྒྱས་པར་ཨོཾ་ཧཱུཾ་ཧཱུཾ(རྒྱུད་འགྲེལ་ཨོཾ་སུ་པྲ་ཏིཥྛ?་བཛྲ་སྭཱཧཱ། ཨོཾ་ཧཱུཾ་ཧཱུཾ:བུཾ་ཁཾ་ཛིཾ?་བྷ་བ་དྲི་ཌཧ་ཏིཥཱ?་བྷུ་ཁཾ་ཞེས་བྱ་བའི་སྔགས་ཀྱིས་རབ་ཏུ་གནས་པར་བྱས་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རྡོ་རྗེ་འཛིན་པ་རྣམས་ཀྱིས་བྱིན་གྱིས་བརླབས་ཏེ། མི་བྱེད་པའི་རྡོ་རྗེ་བཞིན་དུ་རབ་ཏུ་གནས ་པར་བསྒོམས་ལ། བུམ་པ་ཐམས་ཅད་ཀྱི་ཆས?་བཀྲུས་ནས། གཙུག་ལག་ཁང་པ་ཨོཾ་བཛྲོད་ཀ་མ་བྷི་ཥེ་ཀ་ན་ཞེས་བྱ་བའི་སྔགས་ཀྱིས་བསང་བར་བྱའོ། །དེ་ནས་གཙུག་ལག་ཁང་སྐྱོང་བའི་ནག་པོ་ཆེན་པོ་བློས་བཀུག་ལ་གཅིག་ཏུ་གཞུག་པ་དང། ་བཅིང་བ་དང། དབང་དུ་བྱས་ལ། སློབ་དཔོན་ཕྱག་གཉིས་པའི་ཧེ་བཛྲའི་རྣལ་འབྱོར་དང་ལྡན་པས་བཀའ་སྦྱིན་པར་བྱ་སྟེ། གཙུག་ལག་ཁང་འདི་གནས་པར་དུ། །སྡིག་བྲལ་ཁྱོད་ཀྱིས་བསྲུང་བར་གྱིས། །འཕགས་པའི་དགེ་འདུན་བྱ་བ་དཀའ་། ། ་བྱ་བ་རྣམས་ནི་མྱུར་དུ་བསྒྲུབས། ཞེས་བས་སོ། །དེ་ལྟར་བྱས་ནས་བླ་མས་སློབ་མ་དགའ་བ་དང་བཅས་པས་བོད་ཅིང་བཤེས་དྲིན་བྱའོ། །རབ་གནས་མཚན་མ་ངན་སྤངས་པ། །ཁྱོད་ཀྱིས་གསོལ་བཏབ་བྱས་པའོ། །དེ་ནི་ང་ཡིས་འབད་པས་བྱས། །ཅི་བདེ ་བར?་ནི་མཆོད་པར་གྱིས་?་བྱ་བས་སོ། །དེ་ནས་སྔ་ནས་ཀྱི་ལྷག་མའི་ཐུག་པ་སྦྱིན་པར་བྱའོ། །བདེ་གཤེགས་ལྷག་མ་འདི་དག་ནི། །སྡིག་པ་ཉམས་པས་བཟའ་བར་གྱིས། །གཞན་བ་ཅི་ཐོབ་པ་ཅུང་ཟད་སྦྱིན་པར་བྱའོ། །དེ་ནས་སློབ་མས་ཀྱང་མཆོད་པ ་དུ་མས་ལྷ་རྣམས་མཆོད་ལ་བསྐོར་བ་གསུམ་བྱ་ཞིང་ཕྱག་བྱའོ། །དེ་ནས་རང་གནས་སུ་འཁོད་ལ་དགེ་སློང་དང་དགེ་སློང་མ་དང། དགེ་བསྙེན་དང་དགེ་བསྙེན་མ་ལ་སོགས་པ་གསོལ་བར་བྱའོ། །གཞན་ཡང་མགོན་མེད་ཅིང་ཕོངས?་པ་ལ་ནུད?་ཚད་ཀྱིས་སྟོན་མོ་སྦྱིན་པར་བྱའོ?།། ་དེའི་རྗེས་ལ་བཟོ་བོ་དང་སློབ་དཔོན་དུ་བཅས་པ་ལ་སྟོན་མོ་གསོལ་ཏེ། ན་བཟའ་ལ་སོགས་པའི་སྦྱིན་པས་ཡོངས་སུ་མཉེས་པར་བྱས་ལ། བཟོད་པ་གསོལ་ཏེ་གཤེགས་སུ་གསོལ། །མཚོན་མོ་ཆོགས་ཀྱི་འཁོར་ལོ་བྱས་ལ་རོལ་མོའི་སྒྲ་ཆེན་པོ་བྱའོ། །དེ་ནས་སློབ? ་དཔོན་དཀྱིལ་འཁོར་དུ་ཐུགས་ལ་མཆོད་པར་བྱ་སྟེ། ལག་པ་གཡོན་པས་སྤོས་ཀྱི་རིང?་བུ་བཟུང་ཞིང་ལག་པ་གཡས་པས་དྲིལ་བུ?་དཀྲོལ?་ཏེ་བསྟོང་བར་བྱ་ཞིང། ཡི་གེ་གསུམ་པོ་མུ:ཱི་མཛའ་ཅན་གྱིས་གཤེགས་སུ་གསོལ་ལོ། །རྡུལ་ཚོན་སྣོད་གཙང་མར་བཞག་ལ ་འདོད་པ་རྣམས་པ་ཅུང་ཟད་སྦྱིན་ཏེ། ཆུ་ཀླུང་ཆེན་པོ་ལ་དོར་བར་བྱའོ། །དཀྱིལ་འཁོར་གྱི་ས་ཕྱོགས་ཀྱང། །ོཾ་ཨ་ཀཱ་རོ་མུ་ལ་སརྦ?་དྷརྨཱ?་ཙཱི?་ཨཱརྱ་ནུ?་ཏ་ཏ་མུ(རྒྱུད་འགྲེལ་ཆེན་པོ་སྦྱིན་པར་བྱའོ། །གང་གིས་དཀྱིལ་འཁོར་འདི་འདྲ་བས། །དངོས་གྲུབ་ཇི་ལྟར་འདོད་པར་འགྱུར། །སྐྱེ་བ་འདི་འམ་ཕ་རོལ་ཏུ། །དེ་བས་འདི་དག་ལྡན་པར་བྱ། །ཡང་གསུངས་པ། གདོལ་པ་སྤྱིགས?་མཁན་ལ་སོགས་པ། གསོད་དོན་དོན་དུ་སེམས་པ་སྟེ། ་དེས་ཀྱང་ཀྱི་རྡོར་ཤེས་པ་ན། །འགྲུབ?་འགྱུར་འདི་ལ?་ཐེ?་ཚོམ་མེད། ཅེས་པའོ་?་པདྨ?་དང་ནི་རབ་གནས་དང། །སྦྱིན་སྲེག་དཀྱིལ་འཁོར་ནོར་གང་ནི། །དེ་རྣམས་སློབ་དཔོན་དབང་བར་ནི། །རྡོ་རྗེ་འཛིན་པ་རྣམས་ཀྱིས་གསུངས། །དཔལ་ལྡན་ཀྱི་རྡོར་རྒྱུད་ལས ་གསུངས། །གང་ཞིག?་ཆོ་ག་མ་རྫོགས་པ། །དེ་རྫོགས་བྱ་ཕྱིར་སྤྱི་ཡིན། །རྒྱུད་གསུངས་ཆོ་གར་བསྟོན་པ་ཡིན། །དཔལ་ལྡན་ཞི་བ་བཟང་པོའི་ཞབས་ཀྱི་པདྨ་ལས་སྐྱེས་བཅུད། །ཡང་དག་མན་ངག་རིན་ཆེན་བཟང་པོའི་མཛོད་ནི་མྱང་བྱས་ནས། །དཔལ ་ལྡན་ཁྲག་འཐུང་འབྱུང་བའི་དཀྱིལ་འཁོར་རིན་པོ་ཆེ་འདི་ཡིས། །ཉིན་མོའི་འབྱུང་གནས་བདག་ནི་སྐྱེ་བོའི་བསིལ་གྲིབ་བྱེད་པར་འདོད། །དཔལ་ལྡན་ཧེ་རུ་ཀ་འབྱུང་དཀྱིལ་འཁོར་ལེགས་པར་སྦྱར་བ་ལས?། །དེ་ཡི་སྐྱོན་བསལ? ་དགེ་བ་བདག་ལ་རབ?་ཏུ་གང་སྐྱེས་པ། །དེ་ཡིས་སྐྱེ་བོ་མ་ལུས་པ་རྣམས་ཉོན་མོངས་རྣམ་བྲལ་ཏེ། །དཔལ་ལྡན་ཁྲག་འཐུང་ཞབས་པད་ལྷ་དང་ལྷ་མིན་མིས་འདུད་ཤོག་། །།དཔལ་ཧེ་རུ་ཀ་འབྱུང་བ་ཅེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག། ། ་མཁས་པ་ཆེན་པོ་ཉིན་མོའི?་འབྱུང་གནས་ཟླ་བའི་ཞབས་ཀྱིས་མཛད་པ་རྫོགས་སྟོ?།། །། *། །ཧེ་རུ་ཀའི་མན་ངག་དང་བྱིན་གྱི་རླབ་པ་བཞུགས། །རྒྱ་གར་སྐད་དུ། ཤྲཱི་ཧེ་རུ་ཀོ་པ་དེ་ཤ་ནཱ་མ་ས?་?་ཀྲ་མ། བོད་སྐད་དུ། ་