| Wylie | e-texts based on the ACIP/ALL Input |
ཙཱ་བ་འགོས་ལྟས་བཙས་ཀྱིས་བསྒྱུར་བའོ། །།རྒྱ་གར་སྐད་དུ། སྟུ་པ་བི་དྷི་ནཱ་མ། བོད་སྐད་དུ། མཆོད་རྟེན་གྱི་ཆོ་ག་ཞེས་བྱ་བ། ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཀྱེ་རྡོ་རྗེ་ཡི་རྣལ་འབྱོར་པས། །བདག་དང་གཞན་གྱི་དོན་དུ་མཆོད་རྟེན?་བྱ་བར་འདོད་ན། དང ་པོར་ས་ལ་རིན་པོ་ཆེ་དང་སྤོས་ཆུ་ལ་སོགས་པས་འཇིམ་པ་བྱས་ལ། རང་གི་མདུན་དུ་བཞག་སྟེ། །རང་གི་ལྷག་པའི་ལྷར་གསལ་བར་བྱས་ལ། ཚད་མེད་པ་བཞིས་བསྒོམ་པར་བྱའོ། །དེ་ནས་ཆོས་ཉིད་རྣམ་པར་དག་པའི་སྔགས། །ོཾ་སྭ་བྷཱ་བ་ཤུདྡྷ་སརྦ་དྷརྨཱ ་སྭ་བྷཱ་བ་ཤུདྡྷོ་ཧཾ(རྒྱུད་འགྲེལ་པར་ཞུགས་པ་འོད་དུ་ཞུ་སྟེ། བྱང་ཆུབ་ཀྱི་སེམས་སུ་གྱུར་པ་ལས། གྱེ་རྡོ་རྗེའི་སྙིང་པོ་ཉི་ཤུ་རྩ་གཅིག་གི་ཕྱིན་གྱིས་བརླབས་ཏེ། ཨོཾ་ད་བ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བྱ་བ་འམ། ཨོཾ་ཨཱ:ཧྲཱི་ཧཱུཾ་ཞེས་པའི་སྔགས་དེ་དག་གིས་གདབ་པར་བྱའོ། །མཆོད་རྟེན་རེ་རེ ་ཡང?་ཀྱེ་རྡོ་རྗེ་རེ་རེ་བསམ་ལ་དེ་རེ་རེ་ལ་ཡང་ཀྱེ་རྡོ་རྗེ་དུ་མ་འཕྲོ་བ་དང། འདུ་བྱས་པ་ལས་བདག་དང་གཞན་གྱིས་དོན་རྫོགས་པར་བསམ་མོ། །དེ་ནས་རྟེན་འབྲེལ་གྱི་སྙིང་པོ་རབ་ཏུ་གནས་པ་དང་མཇུག་བསྡུ་བར་བྱའོ། །མཆོད་རྟེན་གྱི་ཆོ་ག?་ཞེས་བྱ་བ་སློབ་དཔོན་?་རིན?་ཅན? ་ནག་པོ་ཞབས་ཀྱིས་མཛད་པ་རྫོགས་ལྷོ?།། །?་པ་ཆེན་པོ་རྒྱལ་བའི་སྙན་བཟང་པོ་ལས་མཉན་ཏེ། ལོ་ཙ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་དཔལ་ཐར་པ་གླིང་གི་གཙུག་ལག་ཁང་ཆེན་པོར་ལོགས་པར་བསྒྱུར་བའོ།། །། ་