| Wylie | e-texts based on the ACIP/ALL Input |
?་ཆེན་པོ་ནག་པོའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ག་ན་ཙཀྲ་པཱུ་ཛཀྲ་མ། བོད་སྐད་དུ། ཚོགས་ཀྱི་འཁོར་ལོའི་མཆོད་པའི་རིམ་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཚོགས་རྣམས་པ?་སོགས་པར? ་བྱ་པ་དང། །བགེགས་རྣམས་ཉེ་བར་ཞི་བྱའི་ཕྱིར། །བསོད་ནམས་མཐར་ཐུག་ཚོགས་འཁོར་ལོ། །ལུང་དང་མན་ངག་ཇི་བཞིན་བྲི། །དེ་ལ་རེ་ཞིག་དང་པོར་ལུགས་དང་མཐུན་པའི་ཚོགས་ཀྱི་ཁད་བུ་ཙན་དན་ལ་སོགས་པའི་དྲིས་བསྒོས་པ་ཡིད་དུ་འོང་བའི་གནས ་སུ། །ལས་ཐམས་ཅད་པའི་སྐྱེས་བུ་ལྷའི་ང་རྒྱལ་དང་ལྡན་པས་ཆག་ཆག་གདབ་པ་དང། མཎྜལ་བྱ་བ་དང། མེ་ཏོག་དགྲམ་པ་དང། མཆོད་པ་བཤམ་པ་དང། ཕྱོགས་སྐྱོང་གི་གཏོར་མ་རྒྱ་ཆེན་པོ་བཤམ་མོ། །དེ་ནས་སློབ་དཔོན་སྤྱན་དྲངས་ལ། ཇི་ལྟར་རིགས་པ་དང ་བཅས་པར་བཞུགས་སུ་གསོལ་ལ། ལས་ཐམས་ཅད་པའི་བུམ་པ་རྒྱན་དང་ལྡན་པར་བྱིན་གྱིས་བརླབས། མཆོད་པའི་བུམ་པ་ཡང་ཅི་རིགས་པར་བཤམ་མོ། །དེ་ནས་རྣལ་འབྱོར་པ་ཕོ་མོ། །འདུ་བར་འོས་པ་ཀུན་བ་སོགས་ལ། །དེ་དག་གིས་དང་ལ་གསོལ་བ་གདབ་སྟེ། ཁྲོ་བོ ་སྔོན་པོ་མཛེས་པ་སྟེ། ཁྱོད་ནི་དམ་ཚིག་ཡིད་དུ་འོང། །ནོར་བུ་རིན་ཆེན་གཅེས་བཅིངས་པའི། །དབྱུག་པ་ཕྱག་ན་བསྣམས་པ་སྟེ། །བདག་ནི་འཁོར་བ་ལས་བསྒྲལ་ཕྱིར། །དཔའ་བོས་གནང་གིས་གཏང་དུ་གསོལ། །རྣལ་འབྱོར་མ་ཡིས་ཚོགས་དབུས་སུ། །བཟང་པོའི་སྒོ ་འདི་ཕྱེ་སྟེ་མཐོང་ཞེས་གསོལ་བ་བཏབ་ནས། ནང་དུ་བཀུག་སྟེ། ལས་ཀྱི་བུམ་པའི་ཆུས་གཏོར་ཞིང། སྐྱོར་ཆུ་བླུང་དོ། །དེ་ནས་གྲལ་རིམས་བཞིན་དུ་བཀོད་ནས་རྡོ་རྗེ་སློབ་དཔོན་ལ་མེ་ཏོག་ཕུལ་ལ་གསོལ་བ་གདབ། རྣལ་འབྱོར་པ་ཕོ་མོ་ལ་ཡང་མེ་ཏོག་གཏེར་ལ་བསྐུལ ་བར་ཡང་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་ལྷག་པའི་ལྷར་བསྒོམས་ཏེ་མོས་པ་ཙམ་གྱིས་ལྕེ་ལག་བྱིན་གྱིས་བརླབ། མངོན་པར་རྟོགས་པ་བརྗོད་དེ། ཧཱུཾ་ཐོགས་མཛའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་དག ་ཉིད། །རྡོ་རྗེ་བསྙེམས་པ་བདག་པོའི་གཙོ། །ོཾ་མ་ཧཱ་བཛྲ་ཧཱུཾ། ཨ་སྲིད་པའི་རང་བཞིན་དག་པའི་ཕྱིར། །ངོ་བོ་ཉིད་ཀྱི་གདོད?་ནས་དག་།རང་བཞིན་དག་པའི་སེམས་དཔའ་ཡིས། །སྲིད་པ་དམ་པ་མཆོག་ཏུ་བྱེད། །མཧཱ་བཛྲ་གཏཎྜ་ཧོ:དེ་ནས་མཆོད་པའི་ཁྱད་པར་ཐམས ་ཅད་འདྲུ་གསུམ་གྱིས་བྱིན་གྱིས་བརླབ། །དེ་ནས་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས། །བླ་མ་དམ་པ་དང་བཅས་པ་གང་ཡིན་པའི་ལྷ་རྣམས་ནམ་མཁའ་ལ་བལྟས་ལ། ཡོན་ཆབ་དང་ཞབས་བསིལ་དང་ཞབས་ཁྲུས་ཕུལ། མེ་ཏོག་དང་སྒྲ་སྙན་གྱི་བར་དུ་རིམ་པས་མཆོད། ་དེ་ནས་དེ་ཉིད་ལྔ་པའམ། གཞུང་གང་ཡིན་པས་བསྟོད། །ཡན་ལག་བདུན་པ་བསྡུས་རྒྱས་གང་ཡང་རུང་བས་མཆོད་པ་དང། སྨོན་ལམ་ཡན་ཆད་བྱ། །ཡི་གེ་བརྒྱ་བས་བཟོད་གསོལ་བྱས་ལ་གཤེགས་སུ་གསོལ། །དེ་ནས་ཤཱུནྱའི་སྔགས་ཀྱིས་སྟོང་པར ་བསྒོམས་ནས། ཡི་གེ་ཧཱུཾ་གི་སྣང་བས་དྲ་བ་དང་རང་དང་ས་གཞིར་བསྒོམས་ལ། དེའི་འོག་ཏུ་འབྱུང་བ་རིམ་བརྩེགས་རི་རབ་རིན་པོ་ཆེ་བསྒོམས་ལ། དེའི་སྟེང་དུ་སྣ་ཚོགས་པ?་ལྟེ་པ་ལ། སྣ་ཚོགས་རྡོ་རྗེ་བསམ་ཏེ། དེའི་ལྟ?་བ་ལ?། ?་ལས་གཞལ་ཡས་ཁང ་གདན་དང་བཅས་པ་བསྐྱོད་པ?་ཁང་རུང་གི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། དབྱེར་མེད་པར་བསྟིམ་མོ། །དེ་ནས་ཆར?་བསྲུང?་བ་དང་བྱིན་གྱིས་བརླབ་པ་གཞུང་བཞིན་དུ་བྱའོ། །ཡི་གེ་ཧ་དམར་པོ་ལས་ཁ་དོག་སྦྱངས་ལ། ཧོ:དཀར་གིS་དྲི་གསལ་ཏེ། །ཧྲཱི:མཐིང་ཁས་ནུས ་པ་བཅོམ་ནས། བདུད་རྩིའི་རང་བཞིན་དུ་གྱུར་པར་བསམས་ལ། དེ་ཉིད་ཀྱིས་འོད་ཟེར་གྱིས་བདུད་རྩི་ཡང་བཀུག་སྟེ་བསྟིམ?། །དེ་ནས་རྩ་བའི་དཀྱིལ་འཁོར་གྱི་ལྷག་སོ་སོའི་མིང་ནས་བརྗོད་ཅིང་མཆོད། དེའི་འོག་ཏུ་བདུད་རྩི་དང་བཅས་པའི་སྲིན་ལག་གི་མཎྜལ་གྲུ ་གསུམ་བྲིས་ལ། དེར་བདུད་རྩི་གཏོར་བས་ཟླ་བའི་གདན་ཕྱོགས་མཚམས་སུ་གྱུར་པར་བསམ། དེར་ཡེ་ཤེས་ཀྱི་འཁོར་ལོར་མོས་པ་ཙམ་གྱིས། བསམས་ལ་བདུད་རྩིས་མཆོད། དེ་ནས་བདག་ཉིད་ལ་མཆོད་དེ། མཐེ་བ་སྲིན་གྱི་ལྟེ་རྩེ་དང། སྨིན་ཕྲག་དང། སྤྱི ་བོར་གཏོར་དེ་ནས་དེ་དག་མི་དམིགས་པར་བསམས?་ལ། རྩ་བའི་དཀྱིལ་འཁོར་ལ་ཡོན་ཆབ་ལ་སོཌ་བའི་མཆོད་པའི་?་བྱང?་ཁྱད་པར་ཀུན་གྱིས་མཆོད་དོ། །དེ་ཉིད་ལྔ་པའམ། གང་ཡིན་པའི་གཞུང་དུ་བསྟོད་པ་བྱས་ལ་གཤེགས་སུ་མི་གསོལ། དེ་ནས་ཞིང་སྐྱོང་རྣམས་ལ ་གཏོར་མ་རྒྱ་ཆེན་པོ་གཏང་སྟེ། ཡི་གེ་གསུམ་གྱིས་སྦྱངས་པ་དང། འབར་བ་དང། རྟོགས་པར་བྱས་ལ། མཎྜལ་ཐོག་བཞི་བཏབ་པས། ལེ་ཆོ་དགུར་བྱས་ཏེ། དབུས་མ་ལ་ཡེ་ཤེས་ཀྱི་འཁོར་ལོ་བསམས་ལ། ཕྱོགས་མཚམས་ལ་ཞིང་སྐྱོད་བརྒྱད་མ་མོ་སུམ་ཅུ ་རྩ་གཉིས་དང་བཅས་པ་སྤྱན་དྲངས་མཆོད་དེ། ཨོཾ་ཤིང་གཅིག་དང་ནི་དུར་ཁྲོད་དང། རི་བོང་དང་ནི་རི་སུལ་དུག་།གྲོང་དང་བཞི་མདོ་དག་དང་ནི། །ཁྱད་པར་དུ་ནི་ཁང་སྟོང་དང། །གདོལ་པ་གནོད་དང་ཐང་དང་ནི། ཁྱེད་པར་དུ་ནི་ཆུ་ལ་གནས། །དྲག་པོ་དྲག་པོ་དྲག་ཆེན་པོ། །བརྒྱ་བྱིན་མཉམ ་བསྟེན་པ་དང། །ནག་པོ་གཙིགས་དང་མི་སྡུག་དང། །དགའ་ལས་འདྲས་པའི་ལོག་འདྲེན་རྣམས། །རྒན་བྱང་མ་དང་དྲག་མོ་དང། །མི་སྡུག་མ་དང་ཨུ་མ་དང། །རྒྱལ་མ་རྣམ་པར་རྒྱལ་མ་དང། །མི་ཐུབ་གཞན་གྱི་མི་ཐུབ་མ། །ནག་མོ་བཟང་མོ་ནག་ཆེན་མོ། ནགས་ཙམ?་དང་རྣལ ་འབྱོར་མ། །དབང་མོ་དང་ནི་ཟླ་བ་མོ། ཁྲག་དུ་སྡང་དཔའ་འཕྱང་བ་མོ། །འཕྲོག་མ་དང་ནི་མར་མེ་མ། །འཇིགས་བྱེད་གྲོང་གནས་རྣལ་འབྱོར་མ། །དྲག་མོའི་གཟུགས་དང་གཟུགས་ཆེན་མོ། །མཆེ་བ་གཙིགས་དང་ཐོང་ཆེན་མ། །ཐོང་ཕྲེང་ཅན་དང་ཁྭ་གདོང་མ། །སྦྲུལ་ཆེན?་?་གྲི་དགྲ? ་སྟ་ཅན། །རྡོ་རྗེ་དེ་བཞིན་གཞུ་ཅན་མ། །དེ་བཞིན་ཆེན་པོ་མཁའ་འགྲོ་ལྔ། །ལས་ཀུན་རྗེས་སུ་སྒྲུབ་བྱེད་མ། །དེ་བཞིན་རྡོ་རྗེ་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་ཏེ། །རྡུལ་མེད་རྣལ་འབྱོར་བྱིན་པ་མོ། །རྡོ་རྗེ་དབང་མོའི་བཀའ་ཡིས་ན། །ཐམས་ཅད་མ་ལུས་འདུད? ་འདུས་ཤིག་།ོཾ་ཀཀྐ་བྷ་ན། པ?་ན། ཁཁྑཱ?་ད་ན། སརྦ་དུཥྚ་ནཾ། ཧ་ན་ཧ་ནེ། གྷཱ་ཏ་ཡ་གྷཱ་ཏ་ཡ། ཨ་མོ་གྷ་ས་ཧཱུཾ་ཛ:ཞེས་པས་བཀུག་ལ་པདྨའི་འདབ་མ་ལ་གནས་པར་བསམ་ལ། མཆོད་པ་ལྔར་བྱིན་གྱིས་བརླབས་ལ་དེ་དབུལ་ཏེ། སོ་སོར་ལྕེ་ཧཱུཾ་ལས་རྡོ་རྗེ་བསམས?་བའི ་སྦུ་གུའི་འོད་ཀྱིས་དྲངས་ཏེ། མཆོད་པར་བསམས་ལ། དེ་ནས་ཆོས་བཤད་དེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་ཞེས་བ་ལ་སོགས་པ་བརྗོད། དེ་ནས་སྨོན་ལམ་གང་བ་སྟེ། སེམས་ཅན་ཐམས་ཅད་སྡིག་དང?་ཅིང། །སེམས་ཅན་ཐམས་ཅད་བདེ ་གྱུར་ཅིག་།གང་གིས་ཐ་མ་ནས་འགྲོ་བ་ཡི། །སངས་རྒྱས་ཉིད་དང་ཕྲད་པར་ཤོག་མ་?་པ་རྣམས་བསྒྲལ་པ་དང། མ་གྲོལ་བ་རྣམས་བདག་གིས་དགྲོལ། དེ་ལྟར་ཉིད་དུ་རྗེས་བརྩེ་བས། རྣལ་འབྱོར་བསྟན་བཅོས་གནས་ལ་དགོད་ཅེས་བྱ་བས་བསྔོར?་བྱས་ལ་གཤེགས་སུ ་མི་གསོལ། །དེ་ནས་རྣལ་འབྱོར་ཕོ་མོ་ཀུན་བལྟས་ལ། །དང་ལ་དྲི་ཡིས་མཆོད། །དེ་ནས་མེ་ཏོག་དང། བདུག་པ་དང། མར་མེས་ཚུལ་བཞིན་མཆོད་ལ། དེའི་འོག་ཏུ་བདུད་རྩི་ལྔ་དང་བཅས་པའི་ཆང་གི་མཆོད་དེ་པད་པ་གཡས་པར་ཆང་བཟུང་ནས། གཡོན ་པ་རྩེ་གསུམ་པར་བྱས་ལ། ཚིགས་སུ་བཅང་བ་འདིས་སྦྱིན་ཏེ། །ལྟོས་ཤིག་མཛེས་པ་དམ་པའི་ཆོས། །འདི་ལ་ཐེ་ཚོམ་ཡོད་མ་ཡིན། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །རང་བཞིན་གཅིག་ཏུ་རྟོཌ?་བས་?་ཞེས་?་དྲོང། །ལེན་པ་པོས་བརྗོད་པ། འདོད་ཆགས་དྲི་མ་བྲལ ་བ་ཡི། །རིན་ཐང་མེད་པས་ལེགས་འོངས་ཆོས། །གཟུང་དང་འཛིན་པ་རྣམ་པར་སྤངས། །དེ་ཁོ་ན་ཉིད་བདག་ཕྱག་འཚལ། ཞེས་པདྨ་བསྐོར་བ་དང་བཅས་པས་བླང་ངོ། །འོག་མ་རྣམས་ལ་དྲང་བ་ནི་འདི་སྐད་བརྗོད་དོ། །སྦྱོར་པའི་དངོས་གྲུབ་དོན་དུ་ནི། །སྤོང་ཀུན་དེ་ཉིད་ཇི ་བཞིན་དུ། །རྣལ་འབྱོར་བས་ཀུན་ཏུ་སྤྱང། །ཇི་ལྟར་དེ་བས་སྤྱད་པར་བྱ་ཞེས་བརྗོད་ལ་བྲིམ་མོ། །དེའི་འོག་ཏུ་ཞ་ཁུ་དང་མར་གྱིས་མཆོད། །དེ་ནས་ལྷ་བཤོས་སོ་སོར་བགྲངས་ལ། དེ་ཀུན་གྱིས་ཕུང་བསྲུས་ནས། །སློབ་དཔོན་གྱིས་ཆ་གཉིས་སུ་བགོས་ཏེ། ཆོག?་ཅིག་གཡན་གྱི་ཕྱོགས་སུ ་བཞག་ལ། བྱིན་གྱིས་བརླབས་ལ་དཀྱིལ་འཁོར་གྱི་ལྔ་ལ་དབུལ། ཆ་གཅིག་གཡས་སུ་བཞག་ལ། བྱིན་གྱིས་བརླབས་ལ། ཆོས་སྐྱོང་གི་གཏོར་མ་དབུལ་ཏེ། ཨོཾ་ཨ་ཀ་རོ་མུ་ཁཾ་ཞེས་བྱ་བའི་སྔགས་ཀྱིས་མཆོད། །དེ་ནས་ཅི་བདེར་རོལ་ཞིང་སྤྱད། །སྐབས་དེར་བཀྲ་ཤིས་བགྱི།། ་དེ་ནས་ལྟ་དང་ཕྱོགས་སྐྱོང?་ལ་སྣང་?་བ་དང། བཟོད་གསོལ་བྱས་ཏེ་གཤེགས་སུ་གསོལ་ལོ། །ཡེ་ཤེས་ལྷ་ལ་ཡི་གེ་བརྒྱ་པས་བཟོད་གསོལ་བྱས་ལ་བཛྲ་མུ:ཞེས་པས་གཤེགས་སུ་གསོལ་ལོ། །དམ་ཚིག་གི་ལྷ་སྙིང་གར་བསྡུས་ལ། ཨོཾ་ཨཱ་ཏ་མ་དི་ཤི་ཧཱུཾ་ཞེས་བསྔའོ། །དེ ་ནས་ཨོཾ་སརྦ་དུ་ལྷན་གྲཧྞ?་གཙྪ་ཧཱུཾ་ཞེས་པས་ཕྱི་རོལ་གྱི་ལྷ་གཤེགས་སུ་གསོལ་ལོ། །དེ་ནས་ལྷག་མ་བསྡུས་ཏེ། དེ་ལ་གཉིས་ཏེ། རྣལ་འབྱོར་ཕོ་མོའི་ལྷག་མ་ནི་ཕྱི་རོལ་གྱི་ཤ་ཟ་ལ་སོགས་པ་མི་མ་ཡིན་པ་རྣམས་ལ་གཏང་སྟེ། ཕྱི་སྒེར་བཏོམ་ལ་བཏང། །ཁྱིམ་པའི?་ལྷག ་མ་ནི་ཁྱིམ་དེ་ཉིད་ཀྱི་མི་མ་ཡིན་ལ་བསྔོའོ། །ལྷག་མ་དེ་ལྟ་བུའི་སྐལ་བ་མེད་པ་ལ། སློབ་དཔོན་གྱི་ཁ་ནས་བདུད་རྩི་སྦྱིན་ནོ། །དེ་ནས་ཡོན་བདག་ལ་བཀྲ་ཤིས་དང་སྨོན་ལམ་གདབ་བོ། །དེ་ནས་གཏོར་མ་སྐྱེལ་བ་ལོག་པ་དང། ཚོགས་ཀྱི་ཁང་བསྒོར། །མེ་ལོང་དང། དུང་འབུང་པ ་དང། དཀྲོལ་བ་དང། ཆུ་ཅན་གྱི་ཞོ་ཟན་གྱིས་མཆོད། །དེ་ནས་ནང་དུ་ཕོག་ནས་རྣལ་འབྱོར་པོ་མོ་ལ་དེ་བཞིན་མཆོད་པར་བྱའོ། །མ་འོངས་སྐྱེ་ཕོ་གང་དག་ཆགས?་རྣམས་བསགས་པར་འདོད་པ་དང། །བསླབ་པའི་ལམ་ལ་ཞུགས་པའི་རྣལ་འབྱོར་པ་དག་གིས། །དོན ་དུ་དྲི་མེད་ལུང་དང་བླ་མའི་མན་ངག་ལྟར། །མ་ནོར་གཟུང་སྟེ་བདག་དང་གཞན་ལ་ཕན་ཕྱིར་བྲིས་པ་ཡིན། །ཚིགས་ཀྱི་འཁོར་ལོའི་རིམ་པ་སློབ་དཔོན་ནག་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀྲིཥཏ?་པཎྚི་ཏས་མཛད་ཅིང། དེ་ཉིད་དཔལ ་ཙཱ་བ་འགོས་ལྟས་བཙས་ཀྱིས་བསྒྱུར་བའོ། །།རྒྱ་གར་སྐད་དུ། སྟུ་པ་བི་དྷི་ནཱ་མ། བོད་སྐད་དུ། མཆོད་རྟེན་གྱི་ཆོ་ག་ཞེས་བྱ་བ། ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཀྱེ་རྡོ་རྗེ་ཡི་རྣལ་འབྱོར་པས། །བདག་དང་གཞན་གྱི་དོན་དུ་མཆོད་རྟེན?་བྱ་བར་འདོད་ན། དང ་