| Wylie | e-texts based on the ACIP/ALL Input |
ནག་པོ་དང། འགོས་ལྷས་བཙས་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཧེ་བཛྲ་ཧོ་མ་བི་དྷི། བོད་སྐད་དུ། དགྱེས་པའི་རྡོ་རྗེའི་སྦྱིན་སྲེག་གི་ཆོ་ག། དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ལྡན་དགྱེས་པའི་རྡོ་རྗེ་དང། །བདག་མེད་མ་ལ་ཕྱག ་བྱས་ཏེ། །རྡོ་རྗེ་སློབ་དཔོན་བཀའ་དྲིན་གྱིས། །སྦྱིན་སྲེག་ཆོ་ག་བཤད་པར་བྱ། །བདག་གཞན་ཕན་པར་འདོད་པ་ཡིས། །རྣམ་རྟོག་ང་རྒྱལ་སོགས་སྤངས་ཏེ། །ཆོས་ཕྱིགས་འབྲང་བའི་བློ་ཡིས་ནི། །སྦྱིན་སྲེག་ཆོ་ག་མཉན་པར་གྱིས། །བླ་མེད་ནང་དང་ཕྱི་ཡི་སྟེ། །སྦྱིན ་སྲེག་དབྱེ་བ་རྣམ་པ་གསུམ། །ཡེ་ཤེས་མེ་ལ་ཕུང་པོ་སོགས། །བུད་ཤིང་བསྲེག་པ་བླ་མེད་ཡིན། །ཁ་ཟས་བཟའ་སོགས་ནང་གིར་བཤད། །ཕྱི་ཡི་སྲེག་རྫས་སྦྱིན་སྲེག་སྟེ། །དཀྱིལ་འཁོར་དང་ནི་ལྷག་གནས་དང། །སྒྲུབ་པའི་དུས་སུ་སྦྱིན་སྲེག་བྱ། །གསང ་སྔགས་མ་བཟླས་མི་འགྲུབ་ལ། །སྦྱིན་སྲེག་མ་བྱས་འབྲས་མི་འབྱིན། །ལས་རྣམས་ཐམས་ཅད་ལ་བསྒྲུབ་ཕྱིར། །བརྩོན་པས་སྦྱིན་སྲེག་ལས་རྣམས་བྱ། །སྡིག་པ་གཞིག་ཕྱིར་ཞི་པ་སྟེ། །བསོད་ནམས་ཡོངས་སུ་སྤེལ་རྒྱས་ཡིན། །ཆགས་པ་བསྒོམ་ཕྱིར་དབང་གྱུར་ཏེ།། ་རྟོག་པས་ཕྱིར་མངོན་སྤྱོད་ཡིན། །ཉོན་མོངས་སྡིག་པ་ཞི་བྱེད་ཅིང། །ཏིང་ངེ་འཛིན་ནི་རྒྱས་བྱེད་ཕྱིར། །རང་གི་ལྷ་ཡི་སྦྱོར་པས?་བདག་།ཅི་འདོད་པར་ནི་སེམས་ཀྱིས་བྱ། །དེ་ཕྱིར་ཐམས་ཅད་བཤད་བྱ་སྟེ། །ཐབ་དང་རྫས་ཀྱི་མཚན་ཉིད་དང། །སྒྲུབ་པ་པོ་དང་ལྷ་དག་དང། །སྒྲུབ་པའི ་ཐབས་དང་རྣམ་པ་ལྔ། །དེ་ལ་སྦྱིན་སྲེག་སྤྱི་ཡི་ཕབ་བཤད་པ། །སེམས་ཅན་དབྱེ་བས་མཛའ་ཡས་པས། །ལས་ཀྱི་དབྱེ་བས་བཞི་རུ་འགྱུར། །རིགས་ཀྱི་དབྱེ་བས་ལྔ་རུ་དབྱེ། །ཞེ་བ་ཁ་དོག་དཀར་པོ་སྟེ། །རྒྱས་པ་གསེར་གྱི་མདོག་ཏུའོ། །དབང་ལ་ཁ་དོག་དམར་པོའོ། །མངོན་སྤྱོད་ལ་ནི་ནག? ་བོའོ། །དགུག་དང་སྐྲད་ལ་ནག་པོའོ། །ཞི་བ་ལ་ནི་ཟླུམ་པོ་སྟེ། །རྒྱས་པ་ལ་ནི་གྲུ་བཞི་བྱ།། མངོན་སྤྱོད་ལ་ནི་གྲུ་གསུམ་མོ། །ལྷག་མ་དེར་ནི་བསྒྲུབ་པར་བྱ། །རྒྱ་རུ་ཁྲུ་གང་ཟབས་སུ་ནི། །མཐོ་གདང?་ནི་ཞི་བ་ཡིན། །རྒྱ་རུ་ཁྲུ་དོ་ཟབས་སུ་ནི། །ཁྲུ་གང་པ་ནི་རྒྱས་པའོ། །རྒྱ་རུ་སོར་མོ་ཉི་ཤུ་ལ། །ཟབས་སུ ་སོར་བཅུ་མངོན་སྤྱོད་དོ། །དབང་དང་དགུག་པ་དེ་དང་འདྲ། །ཞི་བ་ཁ་ཁྱེར་སོར་བཞིས་བསྐོར། །རྒྱས་པ་ལ་ནི་སོར་བརྒྱད་དོ། །མངོན་སྦྱོང་ལ་ནི་སོར་གསུམ་མོ། །དབང་དང་དགུག་ལ་དེ་བཞིན་ནོ། །ཞི་བའི་ཐབས་ཁུང་དབུས་སུ་ནི། །རྡོ་རྗེ་དང་ནི་གྲི་གུག་བྲི། །ཁ་ཁྱེར་ལ་ཡང་རྡོ་རྗེས་བསྐོར།། ་རྒྱས་པའི་ཐབས་ལ་རིན་པོ་ཆེ། །ཁ་ཁྱེར་རིན་བོ་ཆེ་ཡིས་བསྐོར། །མངོན་སྤྱོད་ཐབས་ལ་རལ་གྲི་སྟེ། །ཁ་ཁྱེར་ལ་ཡང་རལ་གྲིས་བསྐོར། །དབང་དང་དགུག་ལ་ལྕགས་ཀྱུའོ། །ཁ་ཁྱེད་ལ་ཡང་ལྕགས་ཀྱུས་བསྐོར། །དེ་འདྲའི་ཐབ་ཁུང་ཀུན་ལ་ཡང། །ཁ་དོག་མཐུན་པའི་དྲི?་ཡིས ་བྱུགས། །ཞི་བ་ཤར་གྱི་ཕྱོགས་སུ་བྱ། །རྒྱས་པ་བྱང་གི་ཕྱོགས་སུ་བྱ། །ལྷོ་ཡི་ཕྱོགས་སུ་མངོན་སྤྱོད་དོ། །ནུབ་ཀྱི་ཕྱོགས་སུ་དབང་དང་དགུག། ཞི་བས་གཞི་དཀར་པོ་སྟེ། །རྒྱས་པས་གཞི་སེར་པོའོ། །དབང་ནི་ས་གཞི་དམར་པོ་ལ། །མངོན་སྤྱོད་ས་གཞི་ནག་པོའོ། །ཞིག་ཕལ་ཆེར ་སྲོད་ལ་བྱ། །རྒྱས་པ་སྔ་དྲོ་བྱ་བར་?། །དབང་ནི་དགོངས་ཀའི་དུས་?། །མངོན་སྤྱོད་ནམ་བྱེད་ཉི་ཕྱེད་བྱ། །ཚོན་གྱིས་རྗེས་མཐུན་བྲི་བ་འམ། །ཡང་ན་མེ་ཏོག་དག་ཀྱང་རུང། །ཐག་ཁུང་དག་ནི་དེ་ལྟར་བྱ། །རྫས་རྣམས་འདི་ལྟར་ཤེས་པར་བྱ། །ཞིབ་མར་གྱི་ཏིལ་གྱིས་སོ།། ་རྒྱས་?་ནི་ཞོ་དང་ཟན། །དབང་དང་དགུག་ལ་ཨུཏཔ་ལ། །མངོན་སྤྱོད་ལ་ནི་ཚེར་མས་སོ། །བསྐྲད་པ་ལ་ཡང་ཚེར་མས་སོ། །ཀུན་ལ་མཐུན་པར་དེ་དག་སྟེ། །བསང་གཏོར་དྲི་དང་བྱུག་པ་དང། །མེ་ཏོག་མར་མེ་ལྷ་བཤོས་དང། །ཡམ་ཤིང་ཀུ་ཤའི་མྱུ་གུ་དང། །མར་དང་སྦྲང་རྩི་དུར་བ་དང། །གླ་གོར་ཞོག། ཛ ་ཏི་སོགས། །འབྲས་བུ་རྣམ་པ་སྣ་ཚོགས་དང། །གཞན་ཡང་ཞུ་བའི་རྫས་རྣམས་དང། །མ་གྲུག་འབྲས་དང་གྲོ་དང་འབྲུ། །ནས་ཐུག་དང་ནི་གྲོ་ཐུག་དང། །བདུད་རྩི་ལྔ་དང་འོ་མ་དང། །མཆོད་ཡོན་དང་ནི་ཞབས་བསིལ་དང། །མངོན་སྤྱོད་ལ་ནི་བསྒྲུབ་བྱའི་ས། །རྐང་རྗེས་ས་དང་བཤད་པ ་གཅི། །ཁྲག་པ་མི་རུས་ཕྱེ་མ་དང། །དུག་དང་སྐེ་ཚེ་ལན་ཚྭ་དང། །དཔའ་?་ལྔ་དང་ཁྭ་ཡི་ཤ། གཞན་དག་དགང་གཟར་བླུགས་གཟར་རོ། །མཆོད་ཡོན་ལ་སོགས་སྣོད་རྣམས་སོ། །ཡལ་གའི་རྩེ་མོའི་ཆ་ལས་བྱུང། །བུད་ཤིང་ཞི་བའི་ལས་ལ་འདོད། །ཡལ་གའི་དབུས་ཀྱི་ཆ་ལས་བྱུང། །བུད་ཤིང་མངོན ་སྤྱོད་ལས་ལ་འདོད། །མཆོད་སྦྱིན་ལ་སོགས་ཤིང་ལས་བྱུང། །ཡམ་ཤིང་སོར་ནི་བཅུ་གཉིས་པ། །དེས་ནི་ཞི་བའི་ལས་ལ་ཤིས། །རྒྱས་པ་ལ་ནི་ཁྲུ་གང་ངོ། །དབང་དང་དགུག་ནི་ཞི་དང་འདྲ། །མངོན་སྤྱོད་ལ་ནི་སོར་བཅུའོ། །ཞི་བ་ལ་ནི་དཀོན་མེ་དང། །བྲམ་ཟེ་ཐམས་པ་ཡི་མེ། །རྒྱས་པ ་ལ་ནི་རྒྱལ་རིགས་སམ། །རྗེ་རིགས་ལས་བྱུང་མེ་ཡིས་བྱ། །དབང་དང་དགུད་ལ་སྨད་པ་དང། །ལམ་དུ་བྱུང་བའི་མེ་ཡིས་བྱའོ། །མངོན་སྤྱོད་ལ་ནི་གདོལ་པའམ། །རྡོ་ལས་བྱུང་བའི་མེ་ཡིས་བྱའོ། །དགང་གཟར་བླུགས་གཟར་ཡུ་བ་ཁྲུ། །འོག་ཏུ་རྡོ་རྗེ་རིན་ཆེན་བྱ། །དེ་སྟེངས་དགའ་གཟར ་རྒྱར?་སོར་བཞི། །མཆུ་ནི་པདྨ་འདབ་མའི་དབྱིབས། །བླུགས་གཟར་པདྨའི་དབྱིབས་སོར་གཉིས། །ཁ་ལ་རྡོ་རྗེས་མཚན་པའོ། །ཁ་དོག་ཁྱད་པར་ལས་ཀྱི་རིམ། །རྗེས་སུ་མཐུན་པའི་དབུལ་བར་བྱའོ། །སློབ་དཔོན་དག་གམ་སྒྲུབ་པ་པོ། །མཚན་ཉིད་མ་ཆད་ཡང་དག་ལྡན། །སྦྱིན་སྲེག་ལས ་ལ་མཁས་པ་ཡིས། །བརྩེ་བས་སྦྱིན་སྲེག་ལས་རྣམས་བྱ། །འདི་ནི་ལྷ་ནི་རྣམ་གསུམ་སྟེ། །སྲེག་བྱ་ལེན་དང་ལས་བྱེད་དང། །མཆོད་པར་བྱ་བའི་མེ་ལྷ་སྟེ། །མཚན་ཉིད་འོག་ནས་ཤེས་པར་བྱ། །ཐབ་ནི་འདི་ལྟར་ཤེས་པར་བྱ། །དེ་ནས་སྒྲུབ་པ་པོ་དེ་ཡིས། །ཁྲུས་ལ་སོགས་པ ་ལྔར་བྱས་ཏེ། །སྦྱིན་སྲེག་ཁང་པར་ལེགས་འདུག་ལ། །ལས་དང་རྗེས་སུ་མཐུན་པ་ཡིས། །ལྷ་ཡི་རྣལ་འབྱོར་བསྒོམ་པར་བྱ། །དེ་ནས་བསང་གཏོར་སྣོད་ལ་ནི། །གསང་སྔགས་འདི་དག་བརྗོད་པར་བྱ། །ོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། །འདི་ཡིས་རྫས་རྣམས་བསང་པར ་བྱ། །དེ་ནས་མཆོད་ཡོན་ལ་སོགས་ལ། །རང་རང་གསང་སྔགས་བཟླས་པའམ། །ཡང་ན་བདེ་དག་བཟླས་བརྗོད?་བྱ། །ོཾ་ཨཱ(རྒྱུད་འགྲེལ་རླུང་ཡབ་ཀྱིས་ནི་སྤར་བར་བྱ། །ོཾ་ཨ་ཧེ་རུ་ཀ་བཛྲ་ཛཝ་ལ་ཛཝ་ལ་ཧཱུཾ། དེ་ནས་བགེགས་ནི་བཅིང་པའི་ཕྱིར། །སྔགས་ནི་འདི་དག་བརྗོད་ནས་སུ། །ཤར་དང་ལྷོ་དང་ནུབ་དང་བྱང། །དེ་བཅིངས་སྟེང་དུ་འང་བཅིང་བར་བྱ། །ོཾ་སརྦབ་བགྷྣིན་ཧཱུཾ་ཕཊ། སྟོང་པ་ཉིད་དུ་བྱེད་པ་ཡིས། །རྒྱལ་པའི ་སྔགས་འདིས་བརྗོད་པར་བྱ། །ོཾ་ཤཱུ་ནྱ་ཏཱ་ཛྙ་ན་བཛྲ་སྭ་བྷཱ་?་ཨཱཏྨཀོ་ཧཾ། སྟོང་བར་རཾ་སྐྱེས་ཧཱུཾ་དངོས་ལས། །སྣ་ཚོགས་རྡོ་རྗེ་བསམ་བྱ་ཞིང། །འགྲོ་བའི་བདུད་རྣམས་ཞི་བྱེད་པའི། །ཧཱུཾ་ལས་འོད་གཟེར་སྤྲོ་བར་བྱ། །གསང་སྔགས་འདི་དག་བརྗོད་པར་བྱ། །ོཾ་རཀྵ་རཀྵ ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། དེ་ལས་རྡོ་རྗེས་བསྐོར་པའི་གུང། །རབ?་ཡང་ན་བསྐོར་བར་བྱ། །རྡོ་རྗེས་དང་ནམ་མཁའ་ཨི་དབྱིབས། །ཡཾ་རཾ་བཾ་ལཾ། འབྱུང་བའི་དཀྱིལ་འཁོར་བཞི་དང་ནི། །བྷྲུཾ་གི་འཁོར་ལོ་ལས་བྱུང་བའི། །གཞལ་ཡས་ཁང་ནི་བསམ་པར་བྱ། །དེ་དབུས་ཧཱུཾ་ལས་བྱུང་བ་ཡི།། ་ཐག?་བུང་དག་ནི་བསམ་པར་བྱ། །དེར་ནི་རཾ་ལས་བྱུང་བ་ཡི། །མེ་ནི་གྲུ་གསུམ་འབར་པའོ། །དེར་ནི་པཾ་ལས་པདྨ་བསམ། །མངོན་པར་བྱང་ཆུབ་ལྔ་ཡིས་ནི། །རྡོ་རྗེ་སེམས་དཔའ་བསྐྱེད་པར་བྱ། །འདོད་ཆགས་ཆེན་པོའི་ཚུལ་གྱིས་ནི། རྡོ་རྗེ་སེམས་དཔའ་ཡོངས་གྱུར་བས ་རཾ་ལས་བྱུང་བའི་མེ་ལྷ་བསམ། །ཞི་བའི་མེ་ལྷ་བྷ་ག་མེ། །རྒྱས་པ་ལ་ནི་དབང་ཆེན་མོ། །དབང་དང་དགུག་ལ་འདོད་པའི་མེ། །མངོན་སྤྱོད་ལ་ནི་གསོད་པའི་ཚེ། །ཞལ་གསུམ་ཕྱག་ནི་དྲུག་པ་ལ། །དང་པོས་རིག་མ་ཡང་དག་འཁྱུད། །ཁ་དོག་ཕྱག་རྒྱ་ལས་ཀྱི་རིགས། །ཇི ་ལྟར་འབང?་པ་བསམ་པར་བྱ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །ཡེ་ཤེས་མེ་ལྷ་སྤྱན་དྲངས་ནས། །དམ་ཚིག་མེ་ལྷར་བསྟིམ་པར་བྱ། །གཽ་རཱི་ལ་སོགས་བཞི་པོ་ཡིས། དགུག་གཞུག་བཅིངས་ལ་དབང་དུ་བྱ། །མིག་དང་སྐུ་སོགས་བྱིན་གྱིས་བརླབས། །ཐུགས་ཀའི་ས་བོན་འོད་ཟེར ་གྱིས། ཕྱོགས་བཅུ་མགོན་པོ་བསྐུལ་ནས་ནི། །དབང་བསྐུར་བ་ནི་བླང་བར་བྱ། །ཞི་བའི་མེ་ལྷ་རྣམ་སྣང་མཛད། །རྒྱས་པ་ལ་ནི་རིན་ཆེན་འབྱུང། །དབང་དང་དགུག་ལ་འོད་དཔག་མེད། །མངོན་སྤྱོད་ལ་ནི་མི་བསྐྱོད་པ། །དབུ་རྒྱན་ལ་ནི་བསམ་གཏན་ཡིན། །མཆོད་ཡོན་བསང་གཏོར ་ཞབས་བསིལ་དབུལ། །དེ་ནས་མེ་ལྷའི་ལྕེ་དང་ནི། །དགང་གཟར་བླུགས་གཟར་ནང་དུ་ནི། །ཡི་གེ་རི་ནི་རྣམ་དགོད་དོ། །དབང་བླུགས་བདུན་ནམ་གསུམ་འམ་གཅིག། མེ་ལྷའི་སྔགས་ཀྱིས་དབུལ་བར་བྱ། །དེ་ནས་ལེགས་པར་མེ་དེ་ལ། །འབར་བའི་མཚན་མ་བརྟག་པར་བྱ། །ངན་པ ་སྤང་པར་བྱ་བའོ། །དེ་ནས་མཆོད་པའི་ཡན་ལག་ཀུན་ཏུ་བསང་གཏོར་གྱིས་ནི་བསང་བྱས་ནས། །མཆོད་པ་ཀུན་གྱིས་རབ་ཏུ་མཆོད། །ོཾ་ཨཱ(རྒྱུད་འགྲེལ་བསིལ་གྱི་སྔགས་སོ། །ོཾ་ཨཱ:བཛྲ་དྷཱུ་པོ་ཧཱུཾ། འདུག་པའིའོ། །ོཾ་ཨཱ(རྒྱུད་འགྲེལ་ཨོཾ་སརྦབ་པཱ་པཾ་ཧ་ན་ད་ཧ་?་འདི་ཞེས་བྱ་བའི་སརྦབ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱཧཱ། །ཏིལ་གྱིའོ། །ོཾ་སརྦབ་སཾ་བདེ་སྭཱཧཱ། ཞོ་ཟན་གྱིའོ། ཨོཾ་བཛྲ་ཡཱཛྙཱ་ན་ཡ་སྭཱཧཱ། ཡཾ་ཤིང་གིའོ། །ོཾ་བྷ་དྷི་བྲིཀྵཱ་ཡ་སྭཱཧཱ། །བྱང་ཆུབ་ཀྱི་ཤིང་གིའོ། །ོཾ་བཛྲ་པུཥྚ་ཡེ་སྭཱཧཱ། འབྲས་ཀྱིའོ། །ོཾ་བཛྲ་གྷསྨ?་རི་སྭཱཧཱ ་གྲོང་ཕུལ། །ོཾ་མ་ཧཱ་བེ་གཱ་ཡ་སྭཱཧཱ། ནས་ཀྱིའོ། །ོཾ་བཛྲ་བི་ཛ་ཡ་སྭཱཧཱ། །འབྲུ་དབུའི། །ོཾ་བཛྲ་ཨཱ་ཡུ་ཥ་སྭཱཧཱ། དུར་བའིའོ། །ོཾ་ཨ་པྲ་ཏི་ཏ་ཏ་བཛྲ་ཡ་སྭཱཧཱ། ཀུ་ཤའིའོ། །ོཾ་མ་ཧཱ་ཥ་དྷ་ཡེ་སྭཱཧཱ། སྟརྒ་དང། གླ་གོར་ཞེ་ཤ་དང། ཛ་ཏེ་ཕ་ལ ་རྣམས་ཀྱིའོ། །གཞན་ཡང་ཞུ་བའི་རྫས་རྣམས་ནི་ལྷའི་སྔགས་ཀྱི་དབུལ་བར་བྱའོ། །ོཾ་བཛྲ་ཨཱ་ནལ་མ་ཧཱ་བྷཱུ་ཏ་ཛྙ་ལ་ཡ་སརྦབ་བྷསྨི་ཀུ་རུ་དྲི་ཤྱ་ཧོ་ཛ:ཧཱུཾ་བཾ་ཧོ། ས་མ་ཡ་ཧོ། ས་མ་ཡསྟཝི་ཨ་ཧཾ། མཐར་ཡང་མར་གྱི་དགང་བླུགས་དབུལ། བསང་གཏོར་ཞབས ་བསིལ་ཕུལ་ནས་ཀྱང། །བསྟོད་པ་འདི་ཡིས་བསྟོད་པར་བྱ། །འཇིག་རྟེན་དབང་ཕྱུག་ཚངས་དབང་མཆོག་གི་ཕྲག་ལྷའི་རྒྱལ་པོ་ཊིཀྐས་དབང་བསྐུར་བའི། །ཤེས་རབ་མཆོག་གི་ཉོན་མོངས་ཐམས་ཅད་བསྲེགས། །འཇིགས་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ོཾ་སརྦ་ཏ་ཐཱ་ག ་ཏསྟུ་ཏི་བཛྲ་སྭ་བྷཱ་བ་ཨཱཏྨཀོ་ཧཾ། དེ་ནས་བདུད་རྩི་དབུལ་བར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཨ་པྲི་ཏ་སཏྭ་ནི་བཛྲ་སྭ་བྷཱ་པ་ཨཱཏྨཀོཧཾ། དེ་ནས་མེ་ལྷའི་ཐུགས་ཀར་ནི། །དཀྱིལ་འཁོར་ལྷ་རྣམས་བསམ་པར་བྱ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །ཡེ་ཤེས་དཀྱིལ་འཁོར་སྤྱན ་དྲངས་ལ། གོ་རཱ་ལ་སོགས་བཞི་པོ་ཡིས། དགུག་གཞུག་བཅིངས་ལ་དབང་དུ་བྱ། །དེ་ནས་སྔགས་དང་བསྲུང་བ་བྱ། །མཆོད་ཡོན་ཞབས་བསིལ་དབུལ་བར་བྱ། །མིག་དང་སྐུ་སོགས་བྱིན་བརླབས་ལ། །དབང་བསྐུར་བ་ནི་བླངས་པར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨབྷཾ ་ཥེ་ཀ་བཛྲེ་ས་བྷ་པ་ཨཱཏྨ་ཀི་ཧཾ། དེ་རྣམས་གསང་བྱ་སྟེ། མཆོད་པ་རྣམས་ཀྱིས་ཡང་དག་མཆོད། །ཁྱད་པར་གསུངས་པའི་རྫས་རྣམས་ནི། །ཇི་ལྟར་ནུས་རྗེས་དབུལ་བར་བྱ། །ལས་རྣམས་ཡང་དག་བསྒྲུབ་པའི་ཕ་ཡིར། །ཞི་དང་རྒྱས་དང་དབང་དང་དྲག། སྔགས་ཀྱི ་མཇུག་པ་འདི་གདགས་སོ། །ཤཱཎྚི་ཀུ་རུ་སྭཱ་ཧཱ། ཛུཥྚ་ཀུ་རུ་ཨོཾ། བ་ཤི་ཀུ་རུ་ཧོ། མཱ་ར་ཡ་ཕཊ། ལྷ་རྣམས་གཟི་བྱིན་བསྐྱེད་པའི་ཕྱིར། །མར་གྱི་གང་བའི་དགང་བླུགས་དབུལ། །མཆོད་ཡོན་བསང་གཏོར་ཕུལ་ནས་ནི། །བསྟོད་པ་དག་ནི་འདི་དག་བྱ། །དེ་ནས་བདུད་རྩི ་ནྱ་བྱ་སྟེ། །བཟོད་བར་གསོལ་ཏེ་གཤེགས་སུ་གསོལ། །དམ་ཚིག་ལྷ་རྣམས་ཐུགས་ཀར་བསྡུ། །དེ་ནས་བར་ཆད་ཞི་བྱའི་ཕྱིར། །ཕྱོགས་སྤྱོད་ལ་ཐོགས་མགྲོན་རྣམས་?། ཨོཾ་ཨཀཱ་རོ་མུ་པ་སརྦབ་དྷརྨཱ་ཎཱ། ཨཱདྱཱ་ནུ་ཏཔནཏྭན?་ཨོཾ་ཨཱ(རྒྱུད་འགྲེལ་?་བྱིན?་གྱིས་བརླབས། །རང་རང་སྔགས་ཀྱི་གཏོར་མ་དབུལ། །དེ་ནས་ཡེ་ཤེས་མེ་ལྷ་ལ། །མཆོད་པ་དབུལ་ཞིང་བསྟོད་པ་བྱ། །གཤེགས་དང་བདུད་རྩི་མྱང་བ་བྱ། །བསང་གཏོར་འཐོར་འཐུར་ཕུལ་ནས་ནི། །བཟེད་པ་གསོལ་ཏེ་གཤེགས་སུ་གསོལ། །བདག་གི་དོན་དང་གཞན་གྱི ་དོན། །བྱས་ཟིན་བྱིན་ཟ་གཤེགས་སུ་གསོལ། །ཐུགས་ནི་བརྩེ་བར་དགོངས་ནས་ཀྱང། །སླར་ཡང་གཤེགས་པར་མཐར་དུ་གསོལ། །དམ་ཚིག་མེ་ལྷ་འབར་བར་བསྟིམ། །དགེ་བའི་རྩལ་བསྔོ་བྱ་སྟེ། །རང་ལྷའི་ང་རྒྱལ་དང་ལྡན་པས། །ཇི་ལྟར་བ་ནི་གནས་པར་བྱའོ། །མཁའ་ལ་ཆར ་པ་འབབ་པ་ཡིས། །རྡོ་ཡི་སྟེང་དུ་རྩ་སྐྱེ་ལྟར། །བླ་མ་རྣམས་ཀྱིས་བྱིན་བརླབས་ཀྱིས། །རྟོག་གེ་བདག་འདྲ?་བཤད་པར་མོས། །བདག་ནི་ཤེས་རབ་མི་བསམ་ཞིང། །རྒྱུད་སོགས་དོན་ལ་མནན་པར་འགྱུར། །བཞུང་རྒྱས་རྗེས་སུ་མི་མཐུན་པ། །རྒྱལ་སྲས་རྣམས་ཀྱིས་བཟོད ་པར་མཛོད། །བཅོམ་ལྡན་དགྱེས་པ་རྡོ་རྗེ་ཡི།། སྦྱིན་སྲེག་ཚིག་བཤད་པ་འདེའི། །དགེ་བ་བདག་གིས་གང་ཐོབ་པ། །དེས་ནི་འགྲོ་བ་མ་ལུས་པ། །དགྱེས་པ་རྡོ་རྗེ་མྱུར་ཐོབ་ཤོག། དཔལ་དགྱེས་པ་རྡོ་རྗེའི་སྦྱིན་སྲེག་གི་ཆོ་ག་སློབ་དཔོན་ནག་པོ་པས་མཛད་པ་རྫོགས་སོ།། །། ་རྒྱ་གར་གྱི་མཁན་པོ་ག་ཡ་དྷར་དང། ཞུ་ཆེན་གྱི་ལོ་ཙཱ་ལ་འགོས་ལྷས་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། *་། །རྒྱ་གར་སྐད་དུ། པྲ་ཏིཥྛ་བི་དྷི་ནཱ་མ། བོད་སྐད་དུ། རབ་གནས་ཀྱི་ཆོ་གའི་ཚུལ་ཞེས་བྱ་བ། སངས་རྒྱས་རང་བྱང་ཆུབ ་