CLOSE WINDOW

N1178: dpal dgyes pa'i rdo rje'i gzhung 'grel gyi dkyil 'khor gyi cho ga
Wyliee-texts based on the ACIP/ALL Input

རྒྱ་གར་སྐད་དུ། ཤྲཱི་ཏེ་བཛྲས་པཏྟ་ཏི་མཎྜལ་བི་སྟི། བོད་སྐད་དུ། དཔལ་དགྱེས་པའི་རྡོ་རྗེའི་གཞུང་འགྲེལ་གྱི་དཀྱིལ་འཁོར་གྱི་ཆོ་ག་།དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །འཇིག་དུས་སུ?་འཛིན་མེད་གཅན?་དྲུག་ལྷག་བཅུ་ཡི་ཕྱག་ལྡན ་དྲག་ཞལ་བརྒྱད། །བརྒྱད་བྱེད་དམར་བཞི་ལ་རྣམས་གཡས་བརྒྱད་ཕྱེད་དཀྲུང་བདུད་ཀྱི་སྙིང་ཀར་མནན། །སྟགས་ལྤགས་མན་བསང་ཤིང་ཉམས་དགུའི་ཡོན་ཏན་ལ་བརྟེན་མགོ་ཕྲེང་ཐོད་པ་ཅན། །སྲིད་པའི་འཇིགས་འཇོམས་འཇིགས་རུང་?་མཛད་དགྱེས་པའི་རྡོ་རྗེས་རྟག་ཏུ་? ་སྐྱེ་བོ་ཕལ་ཆེར་སྡུག་བསྔལ་གྱིས་གདུངས་པས། །གཞུང་མང་བལྟ་བར་ནུས་པ་མ་ཡིན་ཏེ། །དེས་ན་ཕུན་སུམ་ཚོགས་མིན་འཇོམས་བྱེད་པའི། །གཞུང་འགྲེལ་ཆོག་ཤིན་ཏུ་མདོར་སྡུས་པ། །བདག་གི་ནུས་པ་ཇི་བཞིན་འདིར་བྱའོ། །དང་པོར་རེ་ཞིག་སློབ་དཔོན་གསང་སྔགས་ཀྱི་ཚུལ ་ལ་མཁས་ཤིང། འཁོར་བའི་སྡུག་བསྔལ་ལས?་འགྲོ་བ་འདོན་པའི་བསམ་པར་མཛེས་བ་དང། བསམ་བ་དང། བསྒོམས་པའི་སྟོབས་ཀྱིས་ཆོས་ཀྱི་དབྱིངས་རྟོགས་པས་མ་ལུས་བའི་བུ་རྣམས་དུག་མེད་པར་བྱས་ཏེ། ཉེ་བར་སྤྱོད་པའི་ཤེས་རབ་ཀྱི་ཚོགས་སྤེལ་བས་ཕྱིན་ཅི་ལོག ་གི་རྟོག་པ་ལས་བྱུང་བའི་མ་རིག་པའི་?་ཏོག་?་གལ་ཏེ། རང་བཞིན་གྱེ་འོད་གསལ་བ་དང་ལྡན་ལ་།སློབ་མས་དཀྱིལ་འཁོར་བྲི་བའི་ཕྱིར་ལན་གསུམ་གྱི་བར་དུ་གསོལ་བ་གདབ་པར་བྱའོ། །དེ་མ་དེའི་སེམས་ལས་བྱུང་བའི་བགེགས་རང་གི་སྙིང་གའི་ས་བོན་གྱི་གཟི་བརྗིད་ཀྱིས ་བསྐྲད?་ལ། རྩ་བའི་སྔགས་?་ཕྲེང་བའི་སྔགས་བརྒྱ་རྩ་བརྒྱད་བཟླས་པས་བསྲུངས་ནས། འཁོར་ལོ་ཅན་གྱི་རྩ་བའི་སྔགས་དང། བདག་མེད་པའི་སྔགས་བུམ་ཕྲག་རེ་བཟླས་བས་སྔོན་དུ་བསྙེན་པར་བྱའོ། །དེའི་རྗེས་ལ་དཀྱིལ་འཁོར་གྱི་ཕྱོགས་སུ་སོང་སྟེ། རང་གི་ལྟའི ་གཏོར་བྱའོ། །དེ་ནས་མའི་ལྷ་མོ་མདོག་མེར་མོ་ཞི་བའི་རང་བཞིན་ཅན་ཕྱག་གཉིས་ཀྱི་གསེར་གྱི་བུམ་པ་བསྣམས་པ། རང་གི་སྙིང་ལའི་ས་བོན་གྱི་འོད་ཀྱིས་?་པ། མཆོད་པ་བྱ་སྟེ། དགྱེས་པའི་རྡོ་རྗེ་ཁྲོ་པོ་ཡིས། །མཆོད་ཅིང་སྣ་ཚོགས་རིན་ཆེན་འཛིན། །ལྷ་མོ་ཁྱོད་ནི་དབང ་དུ་གྱུར།། ས་འདིར་དཀྱིལ་འཁོར་བྲལ་བར་བྱ་ཞེས་བྱ་པའི་སྒྲགས་ཀྱི་?་ས་བླངས་ལ། སའི་ལྷ་མོ་བློས་ནམ་མཁའ་ཨི་ཕྱོགས་བུ་བཏེགས་ནས། བུས་མོ་ནུབ་ཙམ་དུ་བརྐོས་ཏེ། གྱོ་མོ་ལ་སོགས་པ་ལས་ཏེ་པ་དེ་ཉིད་ཀྱིས་དགང་བར་བྱའོ། །དེ་ལྟར་ཡང་དེ་ཉིད ་བསྡུས་པ་ལས། པུས་ནུབ་ཙམ་དུ་བརྐོས་ནས་ནི། །ས་དེ་ཉིད་ཀྱིས་དགང་བར་བྱ། །གལ་ཏེ་ལྷག་པར་གྱུར་ན་ནི། །དངོས་གྲུབ་ཡོད་པར་སྟོན་པ་ཡིན་ཞེས་གསུངས་སོ། །ཁུང་བུ་དགང་བའི་དུས་སུ་མཆོད་པ་དང་གཏོར་མ་ཅི་ནུས་པ་ཡང་བྱ་སྟེ། འདི་ནི་དུང་རུ་དགང་བའི ་ཆོ་གའོ། །དེ་ནས་ཡང་མངོན་པར་འདུས་བྱས་པའི་དཀྱིལ་འཁོར་གྱི་སར་སློབ་དཔོན། དགྱེས་པའི་རྡོ་རྗེའི་རྣལ་འབྱོར་ད་ལྡན་པས། རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཞེས་བྱ་བ་ལན་གསུམ་བརྗོད་ལ། སྔར་བསྟན་བ་བཞིན་ཉི་མ་དང་སྣ་ཚོགས་རྡོ་རྗེ་ལས་བྱུང་བའི་རྡོ་རྗེའི ་བར་བསྒོམས་ཏེ་།ོཾ་མཾ་དེ་ནི་བཛྲི?་དྷ་པ་ཕན་?་ཧཱུཾ། ཞེས་བྱ་བ་འདིས་བྱིན་གྱིས་བརླབ་བར་བྱ་སྟེ། བ་སྦྱང་བའི་ཚི་གའོ། །དེ་ནས་སློབ་དཔོན་དཀྱིལ་འཁོར་གྱི་ཁང་པར་ཞུགས་ཏེ། སློབ་མས་དགའ་ཆེན་ཁྱོད་བདག་སྟོན་པ་སྟེ་ཞེས་བྱ་བ་ལ་སོགས་པ་འོག ་ནས་འབྱུང་པའི་ཚིགས་སུ་བཅད་པས་གསོལ་པ་བཏབ་པ། སློབ་དཔོན་གྱིས་ཀྱང་དགྱེས་པའི་རྡོ་རྗེའི་རྣལ་འབྱོར་དང་ལྡན་བས་མེ་ཏོག་གི་ཕྲེང་བ་དང། ཙན་དན་གྱིས་བྱུག་པ་དང། ཅོད་པན་ལ་སོགས་པས་བརྒྱན་ལ་རྡོ་རྗེ་དང་དྲིལ་བུ་ཞུང་ངོ། །ཆོ་ག་དེ་ཉིད་ཀྱི་ས ་སློབ་མ་བཞི་ཡང་གི་རཱི་ལ་སོགས་པར་དམིགས་ཏེ་ཕྱོགས་བཞིང་བཞག་ལ། ཚགས་སུ་བཅད་པ་བཞིས་གསོལ་བ་གདབ་བར་བྱ་སྟེ། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་བ་ཀུན་ཕྱི་གནས། །རྡོ་རྗེ་སེམས་དཔའ་ལས་བྱུང་བ། ། ་དཀྱིལ་འཁོར་གཙོ་བོས་བཤད་དུ་གསོལ། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་སྤངས་པ་ཡི། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག། དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་པའི་ཆོས་ནི་མཆོག་ལས་བྱུང། །ཡེ་ཤེས ་སྤྱོད་པ་རྣམ་སྤྱོད་པ། །ཀུན་ཏུ་བཟང་པོ་གསུང་གི་མཆོག། དཀྱིལ་འཁོར་སྙིང་པོ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པས་དྲི་མ་མེད། །ཀུན་ཏུ་བཟང་པོ་ཐུགས་ཀྱི་མཆོག། དཀྱིལ་འཁོར་?་དེ་པོ་བཤད་དུ་གསོལ། །དེ་ལྟར་གསོལ ་བ་བཏབ་པའི་མཐར་ཧཱུཾ་བཛྲོད་ཏིཥཔ་ཞེས་བྱ་པས་དཀྱིལ་འཁོར་གྱི་འཁོར་ལོ་ནམ་མཁའ་ལ་བཏེགས་ལ། བདག་ཉིད་ཕྱག་གཉིས་པའི་དགྱེས་པའི་རྡོ་རྗེའི་རྣལ་འབྱོར་དང་ལྡན་བས། མིག་གཡོན་པར་མ་ལས་ཉི་མའི་དཀྱིལ་འཁོར་བསྒོམས་ལ། མིག་གཡས་པར་རླབས? ་ཟླ་བའི་དཀྱིལ་འཁོར་བསམ་ཏེ། ཁྲོ་བོའི་ལྟ་བས་དཀྱིལ་འཁོར་གྱིས་ཐམས་ཅད་དུ་བལྟས་ཏེ། ལངས་ནས་རྐང་མཐིལ་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་གདེངས་པ་བསྒོམ་ལ། དབང་ལྡན་གྱི་མཚམས་ནས་བརྩམས་ཏེ། གཡས་བརྒྱད་དང། གཡོན་བརྐྱང་ལ་སོགས་པའི ་རྡོ་རྗེའི་འཕྲོས་ཀྱི་གར་གྱི་ཚུལ་གྱིས་ཀུན་ཏུ་བར། ས?་ནས?་དཀྱིལ་འཁོར་གྱིས་བདག་ནས་པའི་བ་ལེགས་རྣམས་པ་འདི་སྐད་བརྗོད་པར་བྱའོ། །ལུས་དག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་ཀུན་ད་ལ་ཉོན། །ད་ནི་དཔལ་ལྡན་སྙིང་རྗེའི་སྟོབས། །བསྲུང་བའི་འཁོར ་ལོ་རབ་?་བས། །རྡོ་རྗེ་འབར་བའི་ལུས་འདི་ཡིས། །སྐུ་གསུམ་?་བྱུང་དབང?་པར་བྱའོ། །གལ་ཏེ་བདག་ཚིགས་ལས་འདས་ན། ཞིག་གྱུར་འདི་ནི་ཐེ་ཚོམ་མེད་ཅེས་བརྗོད་ནས། རྡོ་རྗེ་སེམས་དཔའ་ཨི་བདེ་བ་ཆེན་པོའི་ཡེ་ཤེས་ལས་བྱུང་བའི་ལས་རྩོམ་གྱིས།། ་?་རུང་ཨའི་ལུས་སྲུལ་པོ་ལ་གེགས་པ་སོགས?་པ་བ་ཀྱི་ཚོགས་ཆེན་པོ་རྣམས་འདིར་མ་གནས་པར་དང་ཤག་ཅེས་བརྗོད་དེ། ?་ཡོངས་སུ་གཟུང་པའོ། །དེ་ནས་ཡང་བགེགས་རྣམས་ཞི་བར་བྱ་བའི་ཕྱིར། དཀྱིལ་འཁོར་གྱི་དབུས་སུ་གནས་ཏེ། བགེགས་མཐར་བྱེད ་ཀྱི་སྐུ་སྨད་ཕུར་བུའི་གཟུགས་ཅན་བཅུ་ཕྱུང་ལ། ཕྱོགས་བཅུའི་བགེགས་རྣམས་བཀུག་ཏེ། ཨོཾ་གྷ་གྷ་གྷ་ཏ་ཡ་སརྦ?་དུཥྚར?་ན་ཕཊ། ཀཱི་ལ་ཡ་ཀཱི་ལ་ལ་?་པཱ་པཾ་ཕཊ་ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀི་ལ་ཡ་བཛྲ་དྷ་རོ་ཡཱནྫཱ?་པ་ཡ་ཏི་ཀཱ་ཡ་?་ཉྩིཏྟ?་བཛྲ་ཀྲཱི་ལ་ཡ་ཧཱུཾ་ཕཊ་ཅེས ་བྱ་བའི་ཕུར་བུའི་སྔགས?་ཀྱིས་ཕུར་བུ་བཏབ་ལ། ཕུར་བུའི་ཕྱི་རོལ་?་རྡོ་རྗེད་བ་དང། དྲ་བ་?་མས་པས་ཏེ། རཀྵ་རཀྵ་ཞེས་པོ་ལ་སོགས་པའི་སོགས་ཀྱིས་བསྲུང་བབ?་བྱའོ། །དེ?་ནས་ཡང་པའི་ལྷ་མོ་མེ་ཏོག་ལ་སོགས་པ་ཉེ་བའི་ཡོངས?་སྤྱོད་ཀྱི་མཆོད་དེ། ་དགྱེས་པའི་རྡོ་རྗེ་ཁྲོ་བོ་ཡིས?་མཆོད་ཅིང་སྣ་ཚོགས་རིན་ཅེན་འཛིན། །ལྷ་མོ་?་ནི་དབང་དུ་གྱུར། །ས་འདིར་དཀྱིལ་འཁོར་བྲི་པར་བ་ཞེས་བྱ་བ་དང། ཥཱཀྱ་སེང?་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྟོབས་བཅོམ་པ། །དེ་བཞིན་བདག་གིས་བདུད་?། །རྒྱལ་བར ་བྱས་ཏེ་དཀྱིལ་འཁོར་བྲི་ཞེས་བྱ་བ་ཚགས་སྐུ་བཅད་པ་གཉིས་ཀྱིས་པའི་ལྷ་མོ་རྟ་གོན་ལ་གནས་པར་བྱའོ། །དེ་ནས་དཀྱིལ་འཁོར?་གྱི་བདུད་ཅི་ལྟ་དང་དྲི་ཞིམ་པོས་བྱུགས་ལ། བཅོམ་ལྡན་འདས་དང་རྣལ་འབྱོར་མ་རྣམས་ཀྱི་གནས་གནས་སུ་བདུད་རྩི་ལྔའི་? ་པ་འདིས་བསྟོད་པ་བྱའོ། །གཏི་མུག་གིས་མནན་འགྲོ་བལྟས་ནས། །འགྲོ་བའི་གཏི་མུག་རབ་ཞིའི་ཕྱིར། །རྡོ་རྗེ་ཅན་གྱི་གཽ་རཱི་ར་མཛད། །དེ་བས་གཽ་རཱི་ཕྱག་འཚལ་བ་སྟོང། །ཞེ་སྡང་གིས་མནན་འགྲོ་བལྟས་ནས། །འགྲོ་བའི་ཞེ་སྡང་ཞི་བྱའོ་ཕྱིར། །རྡོ་རྗེ་ཅན་གྱི་? ་?་མཛད། །དེ་བས་ཙོ་?་ཕྱག་འཚལ། །ང་རྒྱལ་གྱིས་མནན་འགྲོ་བལྟས་ནས། །འགྲོ་བའི་ང་རྒྱལ་ཞི་བྱའི་ཕྱིར། །གཙོ་པོ་ཁེཎད?་ལཱི་གཟུགས་མཛད། །དེ་བས་པེཏྟཱ?་བསྟོད་ཕྱག་འཚལ། །འདོད་ཆགས་ཀྱིས་དཀྲུགས་འགྲོ་བལྟས་ནས། །འགྲོ་པའི་འདོད ་ཆགས་ཞེ་བྱའི་ཕྱིར། །གཙོ་བོས་གྷ་?་གཟུགས་མཛད། །དེ་བས་གྷསྨྲའི?་རཱི་བསྟོད་འདུད། །བདག་མེད་མ་དང་གཉིས་མེད་གཟུགས། །ཕྱག་འཚལ་བསྟོད་ཅིང་ཕྱག་འཚལ་བདུད། །ཡེ་ཤེས་ལྔ་དང་?་གསུམ་བདག། རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་བསྟོད། ། ་དེ་ནས་བསྐོར་བ་བྱས་ལ། །བདུད་རྩི་ལྡན་བའི་བདུག་སྤོས་ཐོགས་ཏེ། བུས་མོ་གཡས་བའི་ལྷ་དཔལ་བཙུགས་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཧཱུཾ?་ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རིག་པའི་རྒྱལ་པོ་ཕྱག་འཚལ་འདུད། །དཀྱིལ་འཁོར་ཐུགས་རྗེའི་བདག་ཉིད་ཅན། །མགོན་པོ ་བདག་ནི་འདྲི་བར་འཚལ། །སློབ་མ་རྣམས་ལ་བརྩེ་བ་དང། །ཁྱེད་ལ་མཆོད་པ་བྱ་བའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་བཀའ་དྲིན་མཛད་པར་འོས། །འགྲོ་བའི་འཁོར་ལོ་དོན་མཛད་པའི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །འབྲས་གནས་བྱང་ཆུབ ་སེམས་དཔའ་དང། །སྔགས་དང་ལྷ་གཞན་གང་ལགས་དང། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང། །གང་ཡང་འབྱུང་པོ་མཐུ་ཆེན་དང། །སེམས་ཅན་བསྟན་ལ་དགའ་བ་རྣམས། །གང་སུ་རྡོ་རྗེའི་སྤྱན་ཅན་རྣམས། །རྡོ་རྗེ་ཆེན་པོ་འདི་ཞེས་པས། །ཧེ་རུ་ཀ་འབྱུང་དཀྱིལ ་འཁོར་ནི། །ཡོ་བྱད་ཅི་འབྱོར་བ་དག་གིས། །འགྲོ་བདག་ཕྱིར་བདག་འགྲིབས། །བདག་དང་སློབ་མར་བཅས་པ་ལ། །ཐུགས་རྗེ་ཐུགས་དག?། མཛད་ནས་ཀྱང། །དཀྱིལ་འཁོར་བར་བཅས་ཐམས་ཅད་ཀྱིས། །ཐུགས་རྗེ་དགོངས་ནས་ཉེ་བར་མཛོད་ཅེས་བྱ་བའི་ཚིགས ་སུ་བཅད་པ་ལན་གསུམ་བརྗོད་པས། ལྷག་པར་གནས་པར་བྱ་སྟེ། འདི་ནི་ལྟ་སྟ་གོན་ལ་གནས་བའི་ཆོ་གའོ། །དེ་ནས་རྩ་བའི་སྔགས་དང་ཕྲེང་བའི་སྔགས་དང་ཅི་ནུས་སུ་བཟླས་ལ། ཏིང་ངེ་འཛིན་གྱིས་ནང་གིས་སྦྱད་པར་བྱ་སྟེ། ཐོ་རངས་ཀྱི་དུས་སུ་ཡང་མཆོད་པ་དང་བསྟོང ་པ་?་པ་བྱས་ནས། དྲིའི་དཀྱིལ་འཁོར་ལ་གནས་བའི་ལྷའི་འཁོར་ལོ་ཡིད་ཀྱིས་ནམ་མཁའ་ལ་བཏེག་སྟེ། གཤེགས་སུ་གསོལ་པ། རིམ་པ་འདིས་དཀྱིལ་འཁོར་གྲུ་བཞི་བར་ཐོག་གདབ་བར་བྱའོ། །རིམ་པ་དེ་ཡང་འདི་ཡིན་ཏེ། དང་པོར་ཚངས་ཐིག་གཉིས་བཏབ་ནས། ་དེའི་འོག་མཚམས་ཀྱིས་ཐིག་གཉིས་གདང། །དེ་ནས་དཀྱིལ་འཁོར་ཚད་དང་ནི། །མཐུན་པར་གྲུ་བཞིར་གདབ་བར་བྱ། །ཚངས་བའི་ཐིག་གིS་ངོ་བ་གཉིས་སུ། །སྒོ་ཡི་ཝ་བོར་ལོའི་བརྒྱད་ཆར་གདབ། །ཚོན་སྣ་སྒོ་ཡི་བཞི་ཆ་དུ། །སྐུད་པ་གཉིས་བ་བྲི་བར་བྱ། །དེ་ཡི་ཚད? ་དུ་ལོགས་ཐིག་བྲི། །དེ་ནས་སྒོ་ཚད་གསུམ་དུ་བྱ། །ལྷ་ཡི་གནས་ཀྱི་སྐུང་པ་ནི། །མཚམས་སུ་སྒོ་དང་མཚུངས་བར་གདབ། །ངོས་?་མོ་རྣམ་པ་ལྔ། །སྒོ་ཡི་བཞི་ཆར་ཀུན་ཏུ་གདབ། །སྒོ་བྱེད་ཀུན་ཏུ་མུ་ཁྱུད་དེ། །རིན་ཆེན་ས་གཞི་དེ་ཡི་ཕྱིར། །དྲ་པར་བྱེད་སྣམ ་བུ་ནི། །མུ་ཁྱུང་ས་དང་མཚུངས་པ་གདབ། །བ་གམ་གྱི་ནིས་གཞི་དག། དེ་ཡི་ཕྱེད་དུ་ཀུན་ཏུ་བྲི། །དེ་ལྟར་བྲིས་ནས་བིག?་དབྱི་བ། །གཞན་དག་ཏུ་གསལ་བཤད་པས། །དེ་ལྔ་འདིར་བརྗོད་ཡོད་མིན་ཏེ། །རང་རང་གིས་ནི་དབྱེ་བར་བྱ། །?་ཡེ་ཤེས་ལྔ་ཡིས་རང ་བཞིན་གྱིས་ཚོན་སྣ་ལྔ་ལ་ཁ་དོག་བཅོས་?་པ་ལེགས་པར་བསྒྲིལ?་ཅིང་གསར་ལ། །ཆུར་དཀྱིལ་འཁོར་གྱིས་ཉིས་འབྱུང་དུ་བྱས་ཏེ། །ཡང་སྒོ་བར་པོན་ཕྱག་གཉིས་པ་དགྱེས་པའོ་རྡོ་རྗེར་བསྒོམས་ལ། གཡས་གཡོན་ནི་མིག་གཉིས་སུ་མ་དང་ཊ་ལས་ཉི ་མང་རླུ?་པའི་དཀྱིལ་འཁོར་པས་མས་ཏེ། ?་པའི་བལྟབས?་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ལ། དེར་གཞུག་པ་དང། བཅིང་བ་དང། དབང་དུ་བྱས་ནས། བདུད་རྩི་ལྔས་བྱུགས་ཏེ་ཕུར་བུས་བྱས་ལ། རྩ་བའི་སྔགས་ཀྱིས་བསྲུངས་ནས་སྣོད ་བཅོར?་མར་བཞལ་བར་བྱའོ། །དེ་སྐད་དུ་?་ཁོ་ན་འདི་བསྡུས?་པ་ལས། རབ་ཏུ་མྱུར་བར་བསྐུལ་པའི་མིག། མིག་གི་རྫི་མས་འགུགས་བྱེད་པ། །འབར་བའི་བལྟ་བ་ཞེས་བྱ་སྟེ། །འགྲོ་བ་ཐམས་ཅད་འགུགས་པར་བྱང་ཅེས་གསུངས་སོ། །དེ་རས་དེའི་འོག་ཏུ ་ཨོཾ?་?་སྭཱ་ཙཀྲ་?་ཡ་ཧཱི་ཞེས་བྱ་བས་ནམ་མཁའ་ལ་བཞུགས་པའི་དཀྱིལ་འཁོར་ལས་ཡེ་ཤེས་ཀྱི་?་པ་བླངས་ལ། ཕན་ཚུན་རྗེས་སུ་རྟོགས་པ་སྟེ། །ཆོས་ཀུན་ཕན་ཚུན་རྗེས་སུ་འགྲོ། ཆོས་རྣམས་ཐམས་ཅད་ཤིན་ཏུ ་ཡང། །རྗེས་སུ་འབྲེ་བར་ཆོས་ཀུན་བརྗོད་ཅེས་རྡོ་རྗེར?་ལ། སློབ་མ་གཽ་རཱིའི?་རྣལ་འབྱོར་དང་ལྡན་པ་དང་ལྷན་ཅིག་བསྒྲིལ?་ལོ། །དེ་ནས་ཛ:གསུམ་གྱིས་སྤོབས?་གཏད་དེ། བདག་ཉིད་ཀྱང་དེ་བཞིན་དུ་བརྗོད་ནས་རྡོ་རྗེ་ལ་དཀྲིས་པའི་སྐུད་པ་གཙུ?་ཚུར་གཡོན? ་བས་གཟུང་སྟེ། ནུབ་ཕྱོགས་སུ་གནས་ནས། ཤར་ཕྱོགས་སུ་གནས་པའི་སློབ་མ་དང་ལྷན་ཅིག་ཏུ་ཚངས་པའི་ཐིག་གདབ་སྟེ། ཨོཾ་བཛྲ་སྠུ?་?་ས་མ་ཡ་མ་ཏིཀྲ་མ་ཧཱུཾ། སེམས་ཅན་དོན་བྱེད་དུས་སུ་ནི། །ནམ་མཁའ་བཞུགས་པའི་དེ་བཞིན་གཤེགས། །དེ་དག་འདིར ་གཤེགས་བྱ་པའི་ཕྱིར། །ཐིག་སྐུད་སྒྲ་ཡིས་བསྐུལ་བར་བྱ། །དེ་ལྟར་ནམ་པའི་ཐིག་གདབ་པ་ན། །ཐིག་སྐུད་ཀྱི་སྒྲས་དེ་བཞིན་གཤེགས་པ་རྣམས་བསྐུལ་ཏེ། འབྱོན་པར་འགྱུར་རོ། །དེ་ནས་སྐོར་ཕྱོགས་སུ་སོང་སྟེ། གཤིན་རྗེའི་ཕྱོགས་སུ་གནས་ནས། ་བྱང་ཕྱོགས་ན་གནས་པའི་སློབ་མ་དང། ཚངས་ཐིག་གཉིས་པ་གདབ་ཅིང། དེ་ཡི་འོག་ཏུ་ལང་དེ་བཞིན་དུ་གདབ་པོ། །དེ་ནས་མེ་མཚམས་སུ་སོང་སྟེ། དབང་ལྡན་གྱི་མཚམས་ན་གནས་པའི་སློབ་མ་དང་ཤར་ལོགས་ཀྱི་ཐིག་བཏབ་ལ། །ཡང་སྐོར་ཕྱོགས་སུ་རླུང ་མཚམས་སུ་སོང་སྟེ། བདེན་བྲལ་གྱི་མཚམས་ན་གནས་པའི་སློབ་མ་དང། ནུབ་ལོགས་ཀྱི་ཐིག་གདབ་གོ་།དེ་ཉིད་དུ་གནས་ཏེ་སློབ་མ་དབང་ལྡན་གྱི་མཚམས་སུ་སོང་ནས་བྱེད་ལོགས་ཀྱི་ཐིག་གདབ་ལ། ཡང་སྒོར་ཕྱོགས་སུ་མེ་མཚམས་སུ་སོང་སྟེ། བདེན ་བྲལ་གྱི་མཚམས་ན་གནས་པའི་སློབ་མ་དང། ལྷ་ལོགས་ཀྱི་ཐིག་གདབ་བོ། །ཡང་དེ་ཉིད་དུ་གནས་ཏེ་རླུང་མཚམས་ན་གནས་པའི་སློབ་མ་དང་མཚམས་ཐིག་དང་པོ་བཏབ་ནས། སྐོར་ཕྱོགས་སུ་བདེན་བྲལ་གྱི་མཚམས་སུ་སོང་ལ་དབང་ལྡན་ན་གནས ་པའི་སློང་མ་དང་མཚམས་ཐིག་གཉིས་པ་གདབ་པོ། །དེ་ནས་སློབ་དཔོན་དབུས་སུ་གནས་ཏེ་ཐིག་སྐུད་ཉིས་འགྱུར་དུ་བྱས་ལ། སློབ་མས་དབང་ལྡན་གྱི་མཚམས་ནས་བརྩམས་ཏེ། ཕྱི་རོལ་གྱི་འཁོར་ལོ་ཉིད་རིམ་དུ་བསྐོར་ནས་ཡང་སློབ་དཔོན་བདག་ཉིད ་ཀྱིས་དབང་ལྡན་གྱིས་མཚམས་ནབ་བརྩམས་ཏེ། ནང་གི་དཀྱིལ་འཁོར་ཉིས་རིམ་ཀུན་ཏུ་བསྐོར་བར་བྱའོ། །དེ་ནས་བདག་ཉིད་བསྙེམས་པ་དང་བཅས་ཅིང། སྨིན་མ་བཙུམ་པའི་ཁྲོ་གཉེར་?་ཅིང། གི་ཁོ་པོའི་བལྟ་པས་བལྟ་ཞིང་ཏེ་ཞེས་བརྗོད་པས་སྒོ་རྣམས ་ཕྱེ་ལ། ཨོཾ་ཨཱ(རྒྱུད་འགྲེལ་ཆེ་ལ་སོགས་བ་བྱེས?་ཞིབ་ཏུ་བཏགས་ཏེ། དྲི་ཞིམ་པོས་བདུགས་ལ་ཐོད་པ་ལ་སོགས་པར་བཞག་སྟེ། སྔོན་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཁྲོ་བོའི་བལྟབས་བཀུག་ལ་ཁ་དོག་ཇི་ལྟ་བ་བཞིན་དུ་བསྟིམས་ནས། ཨོཾ་བཛྲ་ཙི་ཏྲ་ས་མ་ཡེ་ཧཱུཾ་ཞེས་བྱ་བས་མངོན་པར་བསྔགས ་ཏེ། དཀྱིལ་འཁོར་གྱི་ཡེ་ཤེས་ཀྱི་སྐུད་པ་ཨོཾ་བཛྲ་?་ཞེས་བྱ་བའི་སྔགས་བརྗོད་པས་ཡིད་ཀྱིས་ནམ་མཁའ་ལ་བཏེག་ལ་ནང་དུ་བཞུགས་ནས། ཆོས་དབྱིངས་འདི་ནི་རྣམ་པར་དག། སེམས་ཅན་ཁམས་ནི་རྣམ་པར་གྲོལ། །དགྱེས་པའི་རྡོ་རྗེ་རྒྱ་ཆེན་གྱི། །དཀྱིལ་འཁོར ་སྙིང་བོ་བྲི་བར་བྱ་ཞེས་བརྗོད་དེ། ཚོན་རྩི་རྣམས་སོ་སོར་ལག་པ་གཡོན་པའི་ཁུ་ཚུར་གྱིས་གཟུང་ལ། དབང་ལྡན་གྱི་མཚམས་ནས་བརྩམས་ཏེ། རི་མོ་ཕན་ཚུན་མ་འབྱར་བ་དང། །ཡ་རོ་མེད་པར་གཡས་སྐོར་དུ་བྲིའོ། །རིམ་པ་ནི་འདི་ཡིན་ཏེ། ནང་རོལ་ཏུ་ནི་ནག་པོའོ།། ་དེའི་ཕྱི་རོལ་དཀར་པོའོ། །དེ་ནས་ནི་སེར་པོའོ། །དེ་ནས་ནི་དམར་པོའོ། །ཐ་མར་ནི་ལྗང་གུའོ། །དེ་ལྟར་རི་མོ་ལྔ་པ་ཅུང་ཟད་ཅིག་བྲིས་ནས་ཁམ་ཕོར་ལ་སོགས་པས་བཀབ་སྟེ། ཕྱི་ནས་སློབ་མ་རྣམས་ཀྱིས་ཅི་བདེར་དགྱེ་ཞིང་རྡོ་རྗེ་ཤུགས་ཀྱིས་ཆིག་བརྗོད་ནས། རི་མོ་ཡིད ་བྱིན་མཁར་བཏེག་སྟེ། འབྱུང་བ་དང་འཇུག་པར་བྱའོ། །རྡོ་རྗེ་ཕྲེང་བས་བསྐོར་པའི་སྙིང་པོའི་དཀྱིལ་འཁོར་གྱི་ས་བཞི་ནི་སྔོན་པོར་བྱས་ལ། ཤར་གྱི་ཆ་ནི་ནག་པོར་བྱའོ། །ལྷོའི་ཆ་ནི་དམར་པོའོ། །ནུབ་ཀྱི་ཆ་ནི་སེར་བོའོ། །བྱང་གི་ཆ་ནི་ལྗང་གུར་བྱས་ནས། དབང་ལྡན་གྱི ་མཚམས་ཀྱི་ལྷ་རྣམས་ལ། སྣ་ཚོགས་པདྨའི་སྟེང་དུ་སེང་གེ་ནག་པོ་བྲེའོ། །དེ་བཞིན་དུ་མེ་མཚམས་སུ་ནི་དགེ་སློང་དཀར་པའོ། །བདེན་བྲལ་དུ་ནི་སྤྲིན་གྱི་མདོག་གི་འཁོར་ལོ། །རླུང་མཚམས་སུ་ནི་རྡོ་རྗེ་ཁྲ་བོ། །ཤར་སྐོར་ནི་ཟངས་གྲི་ནག་པོ། ལྷོར་ནི་རྡེ་ཆུང་དམར་པོ ་ནུབ་ཏུ་སུསྦལ?་སེར་པོར། །བྱང་དུ་ནི་སྦུལ་ལྗང་གུའོ། །དབུས་སུ་ནི་སྣ་ཚོགས་པདྨའི་སྟེང་དུ་སྣ་ཚོགས་རྡོ་རྗེས་མཚན་པའི་ཐོད་པ་དུམ་བུ་གསུམ་པ་དང། ཟངས་གྲི་སྔོན་པོ་བྲིའོ། །ཧེ་རུ་ཀ་ཕྱག་གཉིས་པ་ལ་སོགས་པའི་ཕྱོགས་ལ་ནི་རྡོ་རྗེ་འབར་བ་བྲིའོ། །བདག་མེད་མའི ་དཀྱིལ་འཁོར་དུ་ནི་རྣལ་འབྱོར་མ་རྣམས་ཀྱི་གནས་སུ་ཟངས་གྲི་སྔོན་པོ་བྲི་སྟེ། ཚོན་དགྱེ་བའི་ཆོ་གའོ། །དེ་ནས་ཐོ་རངས་ཀྱི་དུས་སུ་བུམ་པ་གཙང་མ་ནག་པོར་རི་སྤངས་པ། ལྟོ་བ་ཡངས་ཤིང་མགྲིན་པ་དང་བཅས་པ་ལ། རང་རང་གི་མཚན་མ་བྲིས་པའི་ནང་དུ ་འབྲུ་དང། རིན་པོ་ཆེ་དང། སྨན་རྣམ་པ་ལྔ་གསལ་ཏེ། ཅི་ནུས་པའི་ཏིང་ངེ་འཛིན་ལ་གནས་ནས། རང་རང་གི་སྔགས་ཡི་གེ་གསུམ་དང་སྤེལ་བས་ལྷག་པར་གནས་པར་བྱའོ། །དེ་ལ་ནས་དང། གྲོ་དང། མོན་སྲན་གྲེའུ་དང། འབྲས་ཀྱིས?་སོ་བ་དང་།ཏིལ ་རྣམས་ནི་འབྲུ་ལྔའོ། །གསེར་དང་དངུལ་དང་བྱ་རུ་དང། མུ་ཏིག་དང། རྒྱལ་པོ་འཁྱིལ་པ་རྣམས་ནི་རིན་པོ་ཆེ་ལྔའོ། །འབྲི་ཧ་སྟི་དང། ཀཎྜ་རི་དང། ཨོཾ་པ་ར་ཛི་ཏ་དཀར་པོ་དང། ཧ་ས་དང་ཧས་དེ་བ་རྣམས་ནི་སྨན་རྣམ་པ་ལྔའོ། །དེ་ལ་ལྷག་པར་གནས་པའི་རིམ ་པ་ནི་འདི་ཡིན་ཏེ། དྲི་ཞིམ་པོ་དང་བདུད་རྩི་ལྔ་དང་བཅས་པའི་ཆུ་ཡི་གེ་གསུམ་གྱིས་སྦྱངས་བས་ཡོངས་སུ་བཀང་ལ། རས་ཁ་དོག་སྣ་ཚོགས་པས་མགྲིན་པ་བཅིངས་ཏེ། ཤིང་ལོ་རློམ་པས་ཁ་བརྒྱན་པ། མེ་ཏོག་སྣ་ཚོགས་ཀྱི་ཕྲེང་བ་སྦྱངས་པའི་རྣམ་པར་རྒྱལ ་པའི་བུམ་པར་དཀྱིལ་འཁོར་གྱི་བདག་པོ་གཞུག་གོ། གཞན་དག་ལ་ནི་དཀྱིལ་འཁོར་པ་རྣམས་སོ། །རྣམ་པར་རྒྱལ་བའི་བུམ་པའི་སྟེང་དུ་རྡོ་རྗེ་བཞག་ལ། མེ་ཏོག་དང་བདུག་པ་དང། ཨརྒྷཾ?་དང་ཞབས་བགྲུབ་ལ་སོགས་པ་དུ་ལ་ནས་སྔ་མ་བཞིན་སྔགས་ཅི་ནུས་པར ་བཟླས་པས་ལྷག་པར་གནས་པར་བྱའོ། །ཛ:?་ཧཱུཾ་བཾ་ཧོ:ཁཾ་རཾ་བཾ་ཨོཾ་ཨ་ཞེས་བྱ་བ་ནི་ཨརྒྷའི?་སྔགས། །བཛྲ་པུཥཔེ་ཧཱུཾ་སྭའཧཱ་ཞེས་བྱ་བ་ནི་ལ་སོགས་པ་ནི་མེ་ཏོག་ལ་སོགས་པའི་སྔགས་སསོ། །དེ་ནས་གཏོར་མ་བྱིན་ཏེ་སློབ་མ་ལྷག་པར་གནས་པར་བྱའོ། །བུམ་པ་སྟ? ་གོན་ལ་གནས་པའི་ཆོ་གའོ། །དེ་ལ་རྒན་པོ་དང། བྱིས་པ་དང། རྒྱལ་པོ་དང། རང་གི་བུ་རྣམས་མ་གཏོགས་པ་དང་རང་གི་བསླབ་པ་དང་ལྡན་ཞིང། ཐེག་པ་ཆེན་པོ་འདོད་པ་ལ་སོགས་པ། ཤིན་ཏུ་བརྟགས་པའི་སློབ་མས་མཎྜལ་བྱས་ལ། པུས་མོ་ལ? ་བཙུགས་ཏེ་ཐལ་མོ་སྦྱར་བ་དཀྱིལ་འཁོར་གྱི་སྒོར་བཞག་སྟེ། སློབ་མ་ལ་ཚིགས་སུ་བཅད་པ་འདི་བསྒྲགས་པར་བྱའོ། །སྔགས་ཀྱི་དངོས་གྲུབ་དོན་གཉེར་གང། །དཀྱིལ་འཁོར་འདིར་ནི་གཞུག་བར་བྱ། །བསོད་ནམས་འདོད་པས་དེ་ལས་གཞན། །བདག་གཞན་འཇིག ་རྟེན་ཕ་རོལ?་གཉེར། །དད་པ་ཆེན་པོ་ལྡན་པ་དག་།འཇིག་རྟེན་ཕ་རོལ་ལ་དམིགས་ནས། །བློ་ལྡན་དཀྱིལ་འཁོར་གཞུག་བྱ་སྟེ། །འདི་ཡི་འབྲས་བུ་གཉེར་མི་བྱ། །གལ་ཏེ་འདི་འབྲས་དོན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་མ ་དམིགས་ན། །འདད?་པ་མེད་པར་འདི་འབྲས་འགྲུབ། །དེ་ནས་རང་གི་ལུས་ལ་སློབ་མ་ཡིད་ཀྱིས་?་སྟེ་།རྡོ་རྗེའི་ཡཾ་ནས་བྱུང་ནས་རང་འོད་ཀྱི་ཤེས་རབ་ཀྱི་པདྨའི་སྙིང་པོར་གནས་པ་ལ་།དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བར་བསྒོམས ་ནས་སླར་བྱུང་སྟེ། དཀྱིལ་འཁོར་དུ་བཞུག་པའི་ཕྱིར་སློབ་མས་འདི་བརྗོད་པར་བྱའོ། །བདག་མེད་མ་ཡིས་མགྲིན་འཁྱུང་པའི། །དགའ་ཚན་ཁྱོད་བདག་སྟོན་པ་སྟེ། །བྱང་ཆུབ་ཆེན་པོའི་ཚུལ་བརྟན་པ། །དཔའ་བོ་ཆེན་པོ་བདག་ཕྱག་འཚལ། །དམ ་ཚིག་དེ་ཉིད་བདག་ལ་གསོལ། །བྱང་ཆུབ་སེམས་ཀྱང་བདག་ལམ་ནོས། །དཔའ་བོ་དཔའ་མོའི་དབང་ཕྱུག་མ། །བདག་མེད་མར་བཅས་ཧེ་རུ་ཀའི། །གསང་བའི་གནས་སོགས་ཡོངས་དག་པ། །ལུས་གནས་ཆོ་ག་བཤད་དུ་གསོལ། །དེ་ནས་སློབ ་དཔོན་གྱིས་སློབ་མ་ལ་བདེ་བརྗོད་པར་བྱའོ། །ཁྱོད་ནི་ཚུལ་ཆན་སྣོད་ཡིན་པས། །བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་སངས་རྒྱས་འབྱུང་བ ་རྣམས། །གསང་སྔགས་རྡོ་རྗེའི་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་རྙེད། །གསང་སྔགས་སྦྱོར་བ་མཉམ་མེད་པ། །ཤཱཀྱ་སེང་སོགས་མཆོག་གིས་ནི། །དྲག་པོ་ཆེན་པོ་བདུད?་ཀྱི་སྡེ། །སྟོབས་ཆེན་དག་ཀྱང་དེས་བཅོམ་སྟེ། །འཇིག་རྟེན་མཐུན་པར་གཤགས ་ནས་སུ། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་?་ཤིག། ཡང་སློབ་མས། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང། །སངས་རྒྱས ་བྱང་ཆུབ་ཡིད་ཀྱིས་གཟུང། ཞེས་ལན་གསུམ་བརྗོད་ནས། །སློབ་མ་རྩ་བའི་སྔགས་ཀྱིས་བསྲུངས་ལ། ཨོཾ་ཨཱ:ཧཱུཾ་ཞེས་བྱ་བ་རྣམས་ཀྱིས་སྤྱི་བོ་དང། མགྲིན་པ་དང། སྙིང་ག་རྣམས་སུ། །ས་སྦྱོར་མ་དང། བདག་མེད་མ་རྣམས་བལྟས?་ལ། ་ཁུ་ཚུར་གཡས་པས་རྡོ་རྗེ་གཟུངས་ལངས་ཏེ། སྙིང་ག་དང། མགྲིན་པ་དང། སྤྱི་པོར་ཅན་ངན་ལ་སོགས་པས་ཕྱུག་ཅིང་ཡི་གེ་གསུམ་བརྗོད་ལ། གནས་གསུམ་དུ་རྡོ་རྗེས་རེག་པར་བྱའོ། །དེ་ནས་སྔགས་དང་བཅས་པས?་པོར་མེ་ཏོག། མདུན་དུ་སྤོས། སྙིང ་གར་བྱུག་པ། །མིག་སྔར་མར་སྦྱིན?་ལ། སོར་བཅུ་གཉིས་པའི་ཆད་ཀྱི་སོ་ཤིང་ཨ་ཤྭཏྠ་དད་ཨུ་དུམྦར་ལ་སོགས་པའི་སྒྱུ་ལས་བྱུང་བ། གས་ཆག་མེད་ཅིང་དྲང་བ། རྩི་བའི་སྔགས་ཀྱིས་མཆེན་པར་བཟླས་ཏེ་སྦྱིན་ནོ། །སོ?་ཤིང་འཚོས་ཏེ་བ་ལང་གོ་ཀོ་པ་ཙམ་གྱིས ་མཎྜལ་བྱུགས་པར་ཁ་ཤར་དུ་བལྟས་ཏེ་དྲང་བོར་དོར་རོ། །དེ་ལ་བདག་ཉིད་ལ་རྩེ་མོ་བལྟས་ན་ནི་མཆོག་འགྲུབ་ལ། ཤར་དུ་བལྟས་ན་ནི་?་འགྲུབ་པོ། །གཞན་དག་གིས་ནི་འཇིག་རྟེན་པའི་དངོས་གྲུབ་འགྲུབ་པར་སྟོན་ཏོ། །དེ་ནས་དྲི་ཡི་ཆུ་ལ་ཨོཾ་ཧྲི་བི་ཤུདྡྷ?་སརྦ་དྷརྨ ་སརྦ་པཱ་?་དྷ་ཡ་སརྦ་བི། ཝཱ?་པཱ?་ནི་ཡ་ཧཱུཾ་ཞེས་བྱ་བས་མངོན་པར་བསྔགས་ཏེ་ལན་གསུམ་གླུད་ལ། ཡི་གེ་ཧཾ?་བཟླས་པའི་ཀུ་ཤ་སྔས་སུ་སྦྱིན་ཞིང། ཡི་གེ་ཧ་བཟླས་པ་མི་རྩེམ?་དུ་སྦྱིན་ནོ། །ཡི་གེ་ཧཱུཾ་བཟླས་པའི་སྲུང?་པ་མཐུང་བ་གསུམ་དང་ལྡན་པ་དཔུང་པར ་བཏགས་ལ། ཨོཾ་བཛྲ་ས་ཏྭས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏེ་ནོ་པ་ཏིཥྛ། དྲི་ཌཧོ་མེ་བྷ?་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ?་མེ་བྷ་བ། ཤཱ་ཤྭ་ཏོ་མེ་བྷ་པ། ཏྲིད?་ཡ་མེ་ཨདྷི་ཏིཥཐ། སརྦ་སིདྡྷ་མམེ་པྲ་ཡཙྪ། སརྦ་ཀརྨ་སུ་ཅ་མེ། ཙིཏྟ་ཤྲེ་ཡ:ཀུ ་རུཧཱུཾ། ཧ་ཧ་ཧ་ཧ་ཧོ:བྷ་ག་བཱ་ན། བཛྲ་མཱ་མ་མུཉྩ་བཛྲི་བྷ་བ་མཧཱ་ས་མ་ཡ་སྭཏྭ་ཨཱ:དེ་ནས་ཚིགས་བཅད་འདིས་སྤྲོ་བ་བསྐྱེད་པར་བྱ་སྟེ། འཇིག་རྟེན་དུ་ནི་ཀུན་མཁྱེན་དང། ཨུ་དུཾ་བ་རའི་མེ་ཏོག་བཞིན། །བརྒྱ་ལམ་མ་ནི་རིཾ?་འགའ་ཞིག། འབྱུང་འགྱུར་ཡང་ནི་མི ་འབྱུང་ངོ། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དགོན་པ་སྟེ། གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་པ་བྱེ་བ་དུ་མར་ནི། །སྔོན་དུ་སྡིག་པ་གས?་པ་གང། །དཀྱིལ་འཁོར་འདི་འདྲ?་མཐོང་མ་ཐག། དེ་དག་ཟད? ་པར་འགྱུར་ཡིན་ན། །གྲགས་པ་མཛའ་ཡས་སྔགས་སྤྱོད་པའི། །?་ལ་གནས་ལ་སྨོས་ཅ་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་ན་མེད་པར་འགྱུར། །གང་གིས་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་དྲི་མེད་ན། །སྡུག་བསྔལ་ཐམས ་ཅད་འབྱུང་པ་ཡི། །ངན?་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ། བྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བསྲས་བཅས་པའི། །བདག་ཉིད་ཆེན་པོ་ཐམས་ཅད་ཀྱིས། །བསྟན་པ་འདི་ལ་ཁྱེད་རྣམ་ཀུན། །ཡོངས་སུ་གཟུང་སྟེ ་སྐྱེ་བཞིན་དུ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ་།ལེགས་པ་ཉིད་དུ་འགྲོ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་པས་ན། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །དེའི་འོག་ཏུ་སློབ་མ་རྩ་བའི་སྔགས ་ཀྱིས་བསྲུང་ལ། །ཐལ་མོ་སྦྱར་ཏེ་ཚིག་འདི་བརྗོད་ནས་ཁྱད་པར་ཅན་གྱི་སྡོམ་པ་འཛིན་དུ་བཞུག་གོ། མ་ལྡོག་འཁོར་བའི་དབང་བསྐུར་བ། །མགོན་པས་བདག་ལ་སྩལ་ནས་ཀྱང། །འཁོར་ལོ་ལྷ་ཡི་དེ་ཉིད་དང། །སློབ་དཔོན་ཡོངས་སུ་ཕྲིན་ལས་གསུངས།། ་སངས་རྒྱས་ཀུན་གྱི་དམ་ཚིག་དང། །སྡོམ་པ་བླ་ན་མེད་པའང་གསུངས། །དེ་ནས་རྨི་ལམ་ཅི་ཞིག་མཐོང་པ་ནང་པ་རང་ལ་སྨྲོས་ཤིག་ཅེས་བསྒོ་པ་ལས། ལྷ་ལ་ལྷག་པར་མོས་པས་རང་གི་གནས་སུ་བཏང་སྟེ། སློབ་མ་སྟེ་གོན་ལ་གནས་པའི་ཆོ་གའོ། །དེ་ནས་སློབ་དཔོན ་དཀྱིལ་འཁོར་གྱི་ཁང་བར་ཞུགས་ནས། སློབ་མ་པའི་ཕྱིར། འཁོར་ལོ་ཅན་གྱི་སྔགས་བཟླ་ཞིན་གཏོར་མ་བཏང་ངོ། །ནང་པར་སྔར་ཡངས་ལ་སློབ་མ་བོས་ལ་རྨི་ལམ་དགེ་པ་དང་སྡིག་པ་ཤེས་པར་བྱས་ནས་གལ་ཏེ་སྡིག་པ་བཐོང་ན་རྩ་བའི་སྔགས་བཟླས་པས ་བསྲུང་ངོ། །རྡུལ་མཚོན་བྲི་བ་ཟིན་ནས་དྲི་ཞིམ་པོའི་ཆུས་བཀྲུས་ཏེ། གོས་གཙང་མ་བགོས་ནས་རྡུལ་ཚོན་གྱི་ལྟག་མ་རྣམས་ཨོཾ་ཨཱ(རྒྱུད་འགྲེལ་འཕྱུགས་ལ་དྲི་ཞིམ་པོའི་ཆུས་པས?་ངག་ཏོར་བྱས་ཏེ་མེ་ཏོག་སིལ་མ་དགྲམ་མོ། །དེ་ནས་གླ་རེ་བྲེ་བ་དང། རྒྱལ་མཚན་ལ་སོགས་པ་གནས་ཇི་ལྟ་བ་བཞིན་དུ་བྲེས་ནས་བུམ་པ་རྣམས་གནས་གནས་སུ་བཞག་སྟེ། རྣམ་པར་རྒྱལ་བའི་བུམ་པ་ནི་ནང་གི་ཤར ་ཕྱོགས་སུ་བཞག་གོ་།ལས་ཐམས་ཅད་པའི་བུམ་པ་ནི་སྐྱེ་པོ་ཀུན་ལ་བསང་གཏོར་བྱ་པའི་ཕྱིར་རྡོ་རྗེས་མཚན་ཅིང་ཡི་གེ་གསུམ་བཟླས་ལ། དཀྱིལ་འཁོར་གྱི་སྒོ་ཡི་གཡས་ཕྱོགས་སུ་བཞག་གོ། ཡང་བུམ་པ་ཀུན་ལ་ཆུ་ཉུང་?་ཉུང་ཟད་ཨརྒྷའི་སྣོད་དུ་བླུགས ་ལ་རྣམ་པར་རྒྱལ་བའི་བུམ་པའི་སྣོད་དུ་བཞག་གོ། དེ་ནས་མཆོད་པའི་ཡོ་བྱད་ཅི་འབྱོར་པ། མར་གྱི་མར་མེ་ལ་སོགས་པ་བཤམས་ནས་དཀྱིལ་འཁོར་གྱི་ཁང་བའི་སྒོ་ནང་དུ་སློབ་དཔོན་སྟན་འཇམ་པ་ལ་བདུག་སྟེ། རིམ་པ་འདིས་དཀྱིལ་འཁོར་བསྒྲུབ་པ ་བཙམ?་པར་བྱའོ། །ལོ་བཅུ་གཉིས་མ་འམ་བཅུ་དྲུག་པའི་རང་གི་རིགས་ཀྱི་བུ་མོ་འམ། །གཞན་ཡང་རུང་སྟེ། མ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་གཟུང་ལ་བསྒྲུབ་པའམ། མ་འབྱོར་ན་ཏིང་ངེ་འཛིན་ཀྱང་རུང་?་དབང་བསྐུར་བའི་བར་དུ་སྒྲུབ་ཐབས ་ལས་བྱུང་བར་ཞིན་བསྐྱེད་ནས། རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བས་ཤེས་རབ་དང་སྙོམས་པར་འཇུག་པའི་བདེ་པར་སྒྲས། དེ་བཞིན་གཤེགས་པ་ཐམས་ཅད་བཀུག་སྟེ། རང་གི་ལུས་ལ་བཅུག་ལ། དཀྱིལ་འཁོར་གྱི་འཁོར ་ལོའི་ཚུལ་དུ་ནམ་མཁའ་ཐམས་ཅད་ཁྱབ་བར་སྤྲོས་ཏེ། སླར་ཡང་བཏུད?་ནས་དཀྱིལ་འཁོར་གྱི་སྟེང་དུ་གཞག་ལ། ཞལ་བརྒྱད་པའི་སྔགས་ཀྱིས་བགེགས་བསལ་ཏེ། ཨོཾ་བཛྲ་གཽ་རཱི་ཨཱ་ཀརཥོ་ཡ་ཛ། ཨོཾ་བཛྲ་ཙཽ?་རཱི་པྲ་བ་ཤ་ཡ་ཧཱུཾ། ཨོཾ་བཛྲ་པཏྟ?་ལཱི་བནདྷ? ་ཡ་བཾ། ཨོཾ་བཛྲ་གྷ་ཥབ?་རཱི་བ་ཤི་ཀུ་རུ་ཧོ(རྒྱུད་འགྲེལ་བྱས་ལ་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །དེའི་འོག་ཏུ་ཨརྒྷཾ་ཕུལ་ལ། །མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད?་ནས། མཐར་ཨོཾ་ཨཱ:བཛྲ་ཝ?་སྟྲ་ཧཱུཾ་ཞེས་པས་རས་བུད?་དུ་སྦྱར་བ་ལྷ་རྣམས་ལ་ཕུལ་ལ། ཡང་ནང་གི་མཆོད་པས་མཆོད་ནས། རྡོ་རྗེ ་དྲིལ་བུ་གསིལ་ཏེ། མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་ཨི་འགྲོ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་པ་དགའ་པ་ཆེ། །རང་བཞིན་གྱིས་ནི ་འོད་གསལ་ཆོས། སངས་རྒྱས་མཁའ་འགྲོ་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོར?་དང་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་བས་གོས?་པ་མེད། །རིན་ཆེན་མཁའ་འགྲོ་བསྟོད་ཕྱག་འཚལ། །རྡོ་རྗེ་མི་འཆི་རྒྱལ་པོ་ཆེ། །མི་རྟོག ་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་?། །པདྨའི་མཁའ་འགྲོ་བསྟོང་ཕྱག་འཚལ། །དོན་ཡོད་རྡོ་རྗེ་རྫོགས?་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དངོས་གཉིས་དག་པ་ཉིད་ལས་བྱུང། །སྣ་ཚོགས་མཁའ་འགྲོ ་བསྟོད་ཕྱག་འཚལ་ཞེས་བྱ་བས་བསྟོད་ལ། ཤེས་རབ་ཀྱི་པདྨར་གནས་པའི་བདུད་རྩིས་བདག་དང་དཀྱིལ་འཁོར་བའི་ལྟ་ལ་གཏོང་བས་མཉེས་པར་བྱའོ། །དེ་ནས་སྒྲུབ་གཡོག་དཀྱིལ་འཁོར་དུ་བཞག་སྟེ། བདག་ཉིད་ཕྱིར་བྱུང་ནས་རྒྱ་ཆེན་པོའི་གཏོར་མ་རིམ་པ་འདིས ་བཏང་ངོ། །དང་པོ་ཡཾ་ལས་བྱུང་བ་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུ་བ་དན་གྱིས་མཚན་པ་བསམས་ལ། དེའི་སྟེང་དུ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུ་གསུམ་བསམ་མོ། །དེར་གནས་པའི་ཨ་ལས་བསྐྱེད་པའི་ཐོད་པར་དམ་ཚིག་གི་རྫས་རྣམས ་ཨོཾ་གྱིས་བྱིན་གྱིས་བརླབ་པ་བསམས་ལ། སྟེང་གི་ནམ་མཁའ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་འབར་བ་བསྒོམས་ཏེ། འོག་གི་ཆའི་རླུང་གིས་མེ་སྦར?་བས། སྟེང་གི་རྡོ་རྗེ་དང་བཅས་པའི་རྫས་རྣམས་བཞུ?་སྟེ། རོ་གཅིག་ཏུ་གྱུར་པ་འོད་གསལ་བར་བསམས་ལ། དེའི་འོད་ཀྱིས་འཇིག ་རྟེན་ཀུན་ཏུ་སངས་རྒྱས་མ་ལུས་པའི་ཐུགས་ཀ་ན་གནས་པའི་ས་བོན་ལས་བདུད་རྩི་དྲངས་ཏེ། དེར་ཕབ་ནས་བདུད་རྩི་མཆོག་ཏུ་བསྒྲུབ་པོ། །དེ་ནས་ནམ་མཁའ་ཨི་ཕྱོགས་ཆོས་འབྱུང་བའི་ཕྱག་རྒྱ་ཆེན་པོ་པདྨ་འདབ་མ་བརྒྱད་ཀྱིས་མཚན་པ་བལྟས་ལ་རང་གི་སྙིང་གའི་ས ་བོན་ལས་བྱུང་བའི་གོ་སློབ་སོགས་པའི་མཚན་མ་ཐོགས་པ་རྣམས་ཀྱིས་འབྱུང་པོ་ཐམས་ཅད་བཀུག་ནས་དེར་གཞུག་པ་དང། བཅིང་པ་དང། དབང་དུ་བྱའོ། །དེ་ལ་པདྨའི་སྟེང་དུ་ནི་ཚངས་པ་ལ་སོགས་པའི་ལྷ་རྣམས་པས་མ་མོ། །པདྨའི་འདབ་མ་རྣམས་ལ་ནི་སོ? ་སོའི་ཕྱོགས་སྐྱོང་བ་རྣམས་དགོང་དོ། །པདྨའི་འོག་ཏུ་ནི་མི་དང། ཡི་དགས་དང། བྱོལ་སོང་དང། དམྱལ་བ་དང། ཀླུ་བརྒྱད་ཀྱི་བར་དུ་བསམ་ཏེ། ཐམས་ཅད་ཀྱང་སྒྲུབ་ཐབས་ལས་འབྱུང་པའམ། སྐད་ཅིག་མའི་རིམ་པས། རྡོ་རྗེ་དང་དྲིལ་བུ་ཐོགས་ཤིང་གཡས ་བརྐྱང་བའི་ལྔའི་ལུས་སུ་བསྐྱེད་ལ། ལྡན?་མ་ལ་སོགས་པས་དབང་བསྐུར་བར་བལྟས་ཏེ། ཕྱག་རྒྱས་གདབ་བོ། །དེ་ལ་ཚོངས་པ་ལ་སོགས་པ་དཾ་དཀར་པོ་སྟེ་སྐུ་རྡོ་རྗེ་མཚན་པའོ། །དབང་པོ་ལ་སོགས་པ་ནག་པོ་སྟེ་ཐུགས་རྡོ་རྗེ་མཚན་པའོ། །ཀླུ་ལ་སོགས་པ་ནི་དམར་པོ་སྟེ ་གསུང་རྡོ་རྗེ་མཚན་པའོ། །ཕྱི་ནང་གི་མཆོད་པས་མཆོད་ནས་བསྟོད་དེ། ཐམས?་ཅད་ལྷའི?་པདྨའི་འདབ་མར་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་བསམས་ནས་སྔགས་འདིས་གདབ་པར་བྱའོ། །ོཾ་ཨིནྟ་ཛ་མ་ཛ་ག་ཛ་ཁཱ?་ཏ་བཱཧྣི?་པཱ?་ཨུ་རགཁ?་ཙནད་སུཛཛ་མཱ་ད་པཔྤ?་ཏཱ་ལ་པཱ་ཏཱ་ལཾ། ་ཨཊཋ?་སཔྤ་སྭཱཧཱ། ཨི་དཔལ?་བྷུཉྫ?་ཛི་གྷ་ཕུལླ་དྷུ་?་པ་མཱཾ་བ་བི་གྷ་ཨཾ་སཔྤ་གཛཛོ་སཱ་དྷ་ཁནྟི་ཁུ་ཙཾ་ཕེཊ་ཨཱ་ད། ཨོཾ་ཨ་གཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨདྱ་ནུཏ?་?་?་ཨོཾ་ཨཱ:ཧཱུཾ་ཕཊ་སྭཱཧཱ། ད་ནས་ཡང་ཨོཾ་ཧྲི?་བཾ?་ཤུདྡྷ་དྷརྨཱ་སརྦ་པཱ་པ་ནི་ཤཙ་ཤོདྷ་ཡ་སརྦ་བི་ཀལྤན?་པ་ན་ཨ་ཧཱུཾ་ཞེས ་བྱ་བས་འཐོར་འཐུང་བྱིན་ལ་ཡི་གེ་བརྒྱ་པའི་མི་ཐོབ་མུ:ཞེས་བརྗོད་ལ་སླར་བཏང་ངོ། །དེ་ནས་དཀྱིལ་འཁོར་གྱི་ཁང་པར་ཞུགས་ཏེ། དགྱེས་པའི་རྡོ་རྗེ་ཕྱག་གཉིས་པའི་རྣལ་འབྱོར་པ་སློབ་མ་དང་བཅས་པས་དྲིལ་བུ་གསལ་ཞིང་དཀྱིལ?་འཁོར་བསྐོར་བ། སླར་ཕྱི?་?་སྟེ། སྔ་དྲོ་རྒྱས་པའི ་སྦྱིན་སྲེག་བྱའོ། །ཡང་ནང་དུ་ཞུགས་སྟེ། དཀྱིལ་འཁོར་གྱི་བདག་བོམས?། དཀྱིལ་འཁོར་དུ་ཞུགས་པ་ནས། རྗེས་སུ་གནང་པའི་པར་དུ་བློས་བླངས་ལ། རེ་ནས་འདོད་ཆགས་ཆེན་པོ་ལས་བྱུང་པའི། །འཁོར་ལོ་དེ་ཉིད་གཟུགས་བརྙན་བཞིན། །རང་གི་ཤེས་ནས་སློབ་མ ་རྣམས། །བཞུག་ཕྱིར་གཙོ་ལ་གདམ་པར་མཛོད། །ནམ་མཁའ་ལས་བྱུང་མཚན་ཉིད་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག། སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །དགྱེས་པའི་རྡོ་རྗེ་བདག་བསྒྲུབས་ཤིག། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག། དབང་ཕྱུག་ཆེན་པོ ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་བསྒྲུབས་ཤིག། ཉེས་པ་མེད་མ་རྟག་པ་སྟེ། །འདོད་ཆགས་ཀུན་གྱི་རྗེས་སུ་ཆགས། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་བདག་བསྒྲུབས་ཤིག། ཤིན་ཏུ་དག་པ་ཀུན་གྱི ་མཆོག། གདོད་ནས་གྲོལ་བདེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་གྱི་མཆོག། བྱང་ཆུབ་སེམས་སུ་བདག་བསྒྲུབ་ཤིག་།དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག། དབང་ཕྱུག?་ཆེན་པོ་ཕྱག་རྒྱའི་མཆོག་།གྲུབ་པའི་རྡོ་རྗེ་ཆེར་པ་སྟོང་པས། །རྡོ་རྗེ་བསྙེམས་པ ་བདག་པོའི་བདག། སེམས་ཅན་ཀུན་གྱི་ཡིད་ཁྱབ་པོ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཉིད་དེ། །འདོད་ཆགས་མཉམ་པའི་དམ་ཚིག་མཆོག་ཅེས་བྱ་བའི་དམ་ཚིག་གི་གླུ་བླངས་ནས། བདེན་པའི་རིག་འདི་བསྒྲེགས་པར་བྱ་སྟེ། ཤེས་རབ་ཐབས ་བདག་དཀྱིལ་འཁོར་གྱི། བདེན་པའི་བྱིན་རླབས་གང་ཡིན་པ། །བདེན་པ་དེ་ཡི་མགོན་ཁྱོད་ཀྱིས། །བདག་གིས་འདོད་པ་སྐོབས་བྱེད་ཤོག། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་བྱུང་བ་དང།། ་དེ་བཞིན་དེ་ཁོ་ན་ལས་བྱུང། །བདེན་པ་དེ་ཡིས་དཀྱིལ་འཁོར་ནུ། །གཟུགས་བརྙན་གསལ་བར་སེམས་ཅན་རྣམས། །དྲི་མེད་ཐམས་ཅད་མཐོང་པར་ཤོག། དེའི་རྗེས་ལ་རྡོ་རྗེ་ཅན་དང་བཅས་པའི་རྣལ་འབྱོར་མ་རྣམས་མཉེས་པར་བྱ་བའི་ཕྱིར་ནང་གི་སྦྱིན་སྲེག་བྱ་སྟེ། ? ་སོགས་པའི་ཡོན་ཏན་བརྒྱད་དང་ལྡན་པ་དམ་ཚིག་ཅན་གྱི་བུ་མོ་བརྒྱད་གོས་མེད་པར་གཽ་རཱི་ལ་སོགས་པ་བྱེད་ལ། བདག་ཉིད་དང་གོས་མེད་པར་རྒྱུད་ལས་གསུངས་པའི་རྡོ་རྗེ་སློབ་དཔོན་དུ་བྱས་ནས། དཀྱིལ་འཁོར་གྱི་ཁང་བ་འམ་གཞན་དུ་འང་རུང་སྟེ། དམ་ཚིག ་ཅན་གྱི་སྐྱེ་བོ་མང་བ་ཚིགས་པ་ལ། དམ་ཚིག་གི་རྫས་ཆོ་ག་བཞིན་དུ་སྦྱངས་ནས། སྙིང་གའི་སྙི་མ་ལ་གནས་པའི་ཧེ་རུ་ཀ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་ས་ལུས་བ་སྤྱན་དྲངས་ནས། རྡོ་རྗེའི་ལྕེ་དང་ལྡན་པའི་སྦྱིན་སྲེག་བྱའོ། །དེ་ཡང་མང་བ་ཅི་བྱ་དགོས་མེད་པར།། ་སྙིང་གའི་ས་བོན་ནེ་འབབ?་ལ?། །དེར་ནི་ག་བུར་བཏུང་བྱ་ཞིང། །དཀྱིལ་འཁོར་པ་ལ་ངེས་རབ་གཏོར། །བཏུང་བ་དེ་ཡིས་རྣལ་འབྱོར་པ། །མྱུར་དུ་སངས་རྒྱས་ཐོབ་པར་འགྱུར་ཞེས་བྱའོ། །དེ་ནས་ཤིན་ཏུ་མྱོས་པ་མ་ཡིན་པར་སངས?་ཏེ་སློབ་མ་པོས་ནས་མཚན་མོའི་དུས་སུ ་མཎྜལ། བྱས་ཏེ། ?་འབྱོར་པའི་ཡོན་དབུལ། དེ་ནས་སློབ་མ་བསྲུང་བའི་?་ལྷའི་མོས་པ་བྱས་ལ། དམ་ཚིག་གིས་རྫས་བྱིན་ཏེ། ཡོལ་བའི་ཕྱི་རོལ་ཏུ་བཞག་ལ། དཀྱིལ་འཁོར་གྱི་སྒོ་དྲུང་དུ་གནས་པའི་བུམ་པ་ཆུས་བསང་གཏོར་བྱས་ནས། ཡ་ཁཾ་བཾ་ར་ཧཱུཾ་ཞེས་བྱ ་པའི་སྔགས་བཟླས་པའི་གདོང་གཡོགས་བཅིངས་ཏེ་མེ་ཏོག་གི་ཕྲེང་བ་གཟུང་སྟེ། དཀྱིལ་འཁོར་དུ་གཞུག་པའི་ཕྱིར། །འདོད་ཆགས་དགའ་?་བ་གང་ཡིན་སྐྱེས། ཞེས་དྲི་བར་བྱའོ། །དེས་?་སྐལ་བཟང་བདེ་ཆེན་བདག་དགའ་འོ་ཞེས་བརྗོད་དོ། །དེ་ནས་ཡང ་དེ་ཡིས་བུ་ཁྱོད་ལ་ཅི་ཞིག་བྱ་ཞེས་སླར་དྲིས་པ་དང། སངས་རྒྱས་མཆོག་གི་དམ་ཚིག་གོ་ཞེས་སླར་བརྗོད་དོ། །དེ་ནས་ཡང་ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏཔ་ང་ཡ་མི་ཞེས་བྱ་བས་བྱང་ཆུབ་ཏུ་སེམས་བསྐྱེད་ལ། ཐོག་མེད་དུས་ནས་འཁོར་པ་ནས། །བདག་གིས ་སྡིག་པ་གང་བགྱིས་དང། །བགྱིད་སྩལ་གང་ཡིན་དི་རིང་བཤགས། །གཙོ་བོ་བླ་?་སྡོམ་བར་འཚལ། །རྒྱལ་བ་སྲས་བཅས་རྣམས་དང་ནི། །འགྲོ་གཞན་ལེགས་བྱས་ཡང་ཡིན་པ། །དེ་དག་ཀུན་ལ་ཡི་བང?་སྟེ། །བྱང་ཆུབ་ཏུ་ནི་བདག་གིས་བསྔོ། །སངས ་རྒྱས་ཆོས་དང་དགེ་འདུན་ལ། །དི་རིང་བདག་ནི་སྐྱབས་སུ་མཆི། །འཁོར་བའི་སྡུག་བསྔལ་བཅད་བ་དང། །དགེ་བ་རྣམས་ནི་སྤེལ་བའི་ཕྱིར།། །།བྱང་ཆུབ་སེམས་ཉིད་བསྐྱེད་ནས་སུ། །འགྲོ་རྣམས་དེ་རིང་དོན་དུ་གཉེར། །སངས ་རྒྱས་གྱུར་ནས་འགྲོ་བ་རྣམ་པར། །མ་ལུས་སྲིང་མ་?་ལས་བསྒྲལ་བགྱི། །དེ་ནས་མེ་ཏོག་དང་བཅས་པའི་རྡོ་རྗེ། །ོཾ་སུ?་ར?་ཏེ་ས་མ་ཡ་སྟི་ཧོ་སིདྡྷི་བཛྲ་ཡ་ཐ་སུ་ཁཾ?་ཞེས་བྱ་བས་དེའི་ཕྱིར་གར་བཞག་ལ། དེ་རིང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས ་བརླབས་ཀྱིས། གསང་ཆེན་དམ་པ་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང། །མ་དང་པ་རྣམས་ཡང་མ་ཡིན་ནོ་ཞེས་བསྒོ་ལ་ཡ་ཁཾ་པ་རི་ཧཱུཾ་ཞེས་བྱ་བའི་སྔགས་ཀྱི་དཀྱིལ་འཁོར་གྱི་ཁང་པར ་བཅུག?་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེ་རིང?་ཁྱོད?་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཏེ། གཞན་ཡང་པས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ ་སྨོས་ཀྱང་ཅི་དགས་ཏེ། དེ་ལྟ་བུའི་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་ཡིས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་པ་རྣམས་ཀྱིས་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་བར་བྱུང?་ཏེ?་རེ། དེ་ནས་སྤྱི་བོར་རྡོ་རྗེ་བཞག་ལ། འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་སྟེ། གལ་ཏེ ་ཚུལ་འདི་སུ་ཡང་རུང་བལ་སྨྲས་ན། འདིས་ཁྱོད་ཀྱི་མགོ་འགེམས་པར་བྱེད་དོ་ཞེས་བརྗོད་ལ། སླར་ཡང་སྙིང་གར་རྡོ་རྗེ་བཞག་ལ། ཨོཾ་རྡོ་རྗེ་སེམས་དཔའ་ཉིད་ཁྱོད་ཀྱིས། །སྙིང་ལ་དེ་རིང་ཡང་དག་བཞུགས། །གལ་ཏེ་ཚུལ་འདི་སྨྲས་གྱུར་ན། །དེ་མ་ཐག་ཏུ་བྲལ་ཏེ ་གཤེགས་ཞེས་བརྗོད་ནས་མནའ་བསྒག་པར་བྱ་སྟེ། རྣམ་པར་རྒྱལ་པའི་བུམ་པའི་སྟེང་ན་གནས་པའི་པདྨའི་ནང་དུ་སོན?་པའི་བདུད་རྩི་ལྔ་ལ། ཨོཾ་བཛྲ་ཡ་མྲཾ་ཏ་ཨུ་ད་ཀ་ཋ་ཞེས་བྱ་བ་མངོན་པར་བཟླས་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག?་པར་བྱེད།། ་དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ་ཅེས་བརྗོད་དེ་རླུང་ལ། དེ་རིང་ཕྱིན་ཆད་ཁྱོད་ཀྱིས་རྡོ་རྗེ་སེམས་དཔའ་ད་ཡིན་གྱིས། ངས་གང་འདི་གྱིས་ཤིག་ཅེས་བསྒོབ་རྣམས་བུ་ཁྱོད་ཀྱིས་བྱ་དགོས་ལ། ངལ་བརྙས་བར་ཡང་མ་བྱེད་ཅིག་། ་བྱས་ན་ཡང་པ་མ་སྤངས་པར་འཆི་བའི་དུས་བྱས་ནས་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་བྱུང་ཏ་རེ་ཞེས་བརྗོད་དོ། །མནའ་བསྒྲག་པའི་ཆོག་འདིས་བརྟན་པོར་བྱས་ལ་དབབ་པར་བྱ་སྟེ། དམ་ཚིག་གི་ཆུའི་ཆོ་གའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད ་ཀྱིས་བྱིན་གྱིས་རློབས་ལ?། རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་གསོལ་ཞེས་ལན་གསུམ་དུ་གསོལ་བ་དང། སློབ་མའི་སྙིང་གང་ལཾ་ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་རྡོ་རྗེས་མཚན་པ་ལ་ཧཱུཾ། མགྲིན་པར་བཾ་ལས་ཆུའི་དཀྱིལ་འཁོར་བུམ་པས་མཚན་པ ་ལ་ཨཱ?:དྷཡཾ?་པོར?་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་ལ་རྒྱལ་མཚན་གྱིས་མཚན་པ་ལ་ཧ། རྐང་པའི་མཐིལ་དུ་རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཛཧེཾ?་བསྒོམས་ལ། རྡོ་རྗེ་དྲིལ་བུ་གསིལ་ཞིང་སྒྱིངས་པ་དང་བཅས་པས། ཨ་བེ་ཤ་ཡ་སྟཝཾ་བྷ་?་ ་ར་ར་ཅ་ལ་ཡན?་ལ་ཨ?་ཧཱུཾ་ཨཱ?་ཉཧ་ཧཱུཾ?་ཞེས་པ་ལན་བརྒྱར་བཟླས་ཏ་དབབ་བོ། །བབས་ན་ལྕེ་ལ་ཨ་དམར་པོ་བསམས་ལ། གསུངས་ཤིག་རྡོ་རྗེ་དགེ་མི་དགེ་ཞེས་དྲིས་ན་ལགས་པ་དང་ཉེས་པ་སྟོན་པར་འགྱུར་རོ། །དེ་ལ་ཐུགས་?་པས་ནི་ཡོངས ་སུ་ཤེས་པ་སྐྱེ་བོ། །གདུངས་བབས་པས་ནི་སྔགས་སྨྲེ་བར་འགྱུར་རོ། །སྐུ་བབས་པས་ནི་མཁའ་ལ་གནས་སོ། །ོཾ་ཏིཥཌར་?་ཞེས་བྱ་བས་བབས་པ་བརྟན་པོར་བྱས་ཏེ། འདི་ནི་དབབ་པའི་ཆོ་གའོ། །དེ་ནས་སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གི་སློབ་མ་གཞུག ་པར་བགྱི། །ལྷ་ཡི་རིགས་ཀྱིས་རིམ་པ་དག། བསོད་ནམས་བཞིན་དུ་དེ་བཞིན་ཤོག། འདི་བཞི་དངོས་གྲུབ་གང་འགྲུབ་དང། །རིགས་ནི་གང་གིས་སྣོད་དུ་འགྱུར། །འདི་ཡིན་བསོད་ནམས་ཅི་ཡོད་ལས། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོགས?་ཅེས་བྱ་བས་བདེན་པའི ་བྱིན་རླབས་བྱས་ལ། མིག་ལམ་དུ་སྣང་བའི་འོད་ཀྱི་བྱེ་བྲག་དྲིའོ། །དེས་ཀྱང་སྨྲ་བར་བྱ་སྟེ། དེ་ལ་དཀར་པོ་དང། སེར་པོ་དང། དམར་པོ་དང། སྔོན་པོའི་དབྱེ་བས། ཞི་བ་དང་རྒྱས་པ་དང་དབང་དང་མངོན་སྤྱོད་ཀྱི་དངོས་གྲུབ་རྣམས་ཀྱི་སྣོབ་དུ་གོ་རིམས་བཞིན་དུ ་བསྟན་ལ། གཏི་མུག་གིས་མནན་འགྲོ་བལྟས་ནས་ཞེས་བྱ?་བའི་ཚིགས་སུ་བཅད་པ་ལྔས་བསྟོད་ཏེ། པྲ་ཏཱིཙྪ་བཛྲ་ཧོ་ཞེས་བྱ་བ་འདིས་སློབ་མས་མེ་ཏོག་གི་ཕྲེང་བ་དཀྱིལ་འཁོར་དུ་དོར་བར་བྱའོ། །དེ་ལ་གལ་ཏེ་སངས་རྒྱས་རྣམས་ཀྱི་དབུ་དང། མཛོད་སྤུ་དང ་སྤྱི་གཙུག་ཏུ་ལྷུང་ན་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་འགྱུར་རོ། །གལ་ཏེ་སྤྱན་དང་ཞལ་དུ་ལྷུང་ན་ནི་སྔགས་ཀྱི་དངོས་གྲུབ་ཏུ་འགྱུར་ལ། ཡན་ལག་མཆོག་ཏུ་ལྷུང?་ན་མཆོག་འགྲུབ། །ཡན་ལག་གི་དབུས་ན་འབྲིང་འགྲུབ། །ཡན་ལག་གི་སྨད་དུ་ལྷུང་ན་ཐ་མ ་འགྲུབ?། །སྐུ་ལས་རིང་དུ་ལྷུང་ན་རིང་ཞིག་ན་འགྲུབ། ཉེ་བར་ལྷུང་ནི་ཉེ་བར་འགྲུབ་པོ། །ལྷ་གང་ལ་བབས་པ་ནི་གནས་ཀྱི་རི་མོས?་ཤེས་པར་བྱས་ལ། གཉིས་ཀྱི་བར་དུ་ལྷུང་ན་ནི་གང་ལ་ཉེ་བ་དེའི་རིགས་སུ་ཤེས་པར་བྱའོ། །དཀྱིལ་འཁོར་གྱི་ཕྱི་རོལ་ཏུ ་ལྷུང་ན་ནི་དངོས་གྲུབ་ཕྲན་ཚེགས་འགྲུབ་བོ། །གལ་ཏེ་རི་ངོ?་ལ་ལྟུང་ན་བསྐྱར?་ཏེ་དོར་དུག་ཞུག་གོ་།ཅི་སྟེ་ལན་གསུམ་དུ་རི་མོ་ལ་བབ་པ་དང། ཕྱིའི་རྡོ་རྗེར་པའི་ཕྱི་རོལ་ཏུ་ལྷུང་བ་རྣམས་ལ་ནི་དངོས་གྲུབ་མེད་པར་ཤེས་པར་བྱ་སྟེ། མེ་ཏོག་དོར་བའི་ཆོ་གའོ། །དེ་ནས་མེ ་ཏོག་བླངས་ཏེ། །སྟོབས་པོ་ཆེན་པོ་སེམས་དཔའ་ཆེ། །འདི་ནི་སོ་སོར་གཟུང་བར་བགྱིས་ཞེས་བརྗོད་ལ་སློབ་མའི་སྤྱི་བོར་བཅིངས་ལ་མིག་གཉིས་སུ་ཡི་གེ་ཨོཾ་བསྒོམས་ལ། ཨོཾ?་རྡོ་རྗེ་སེམས་དཔའ་ཉིད་ཁྱོད་ཀྱིས། །མིག་འབྱེད་པར་ནི་ནན་ཏན་མཛད། །?་བས་ཐམས་ཅད ་མཐོང་བར་འགྱུར། །རྡོ་རྗེའི་མིག་ནི་བླ་ན་མེད་ཞེས་བརྗོད་དེ། གདོང་གཡོག་དཀྲོལ་ལ། ཐར་བ་ཆེན་པོའི་གྲོལ?་བྱེར་མཆོག། ལྟོས་ཤིག་ལྟོས་ཤིག་སེམས་དཔའ་ཆེ། །མེ་ཏོག་གང་དུ་ལྷུ?་འགྱུར་པ། །དེ་ནི་ཁྱོད་ཀྱི་ཧེ་རུ་ཀ་ཞེས་བརྗོད་ལ། དཀྱིལ་འཁོར་ལྟར་བཅུག་སྟེ། ་སྒོ་སྲུངས་མ་ནས?་བརྩམས་ཏེག་?་པོའི་བར་དུ་མིང་བརྗོད་པ་སྔོན་དུ་འགྲོ་བས་བསྟན་པར་བྱ་སྟེ། དཀྱིལ་འཁོར་དུ་གཞུག་པའི་ཆོ་གའོ། །དབང་བསྐུར་ནས་ནི་དེ་ཉིད་བསྟན། །གཞན་དུ་ན་ནི་དངོས་གྲུབ་དག། ཤིན་ཏུ་རིང་བར་འགྱུར་རོ་ཞེས། །རྡོ་རྗེ་འཛིན་པས་ཡང་དག ་གསུངས། དེ་བས་ན་དངོས་གྲུབ་ཕྱིར་རྗེས་སུ་མཐུན་པའི་ཡོན་རྡོ་རྗེ་བླ་མ་ལ་ཕུལ་ནས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་བཞིན། །བདག་ཀྱང་རབ་ཏུ་བསྐྱབ་བའི་ཕྱིར། །ནམ་བའི་རྡོ་རྗེ་དེང་བདག་སྩོལ་ཞེས་བརྗོད་ལ་ཕྱག་བྱའོ། །སློབ་དཔོན་གྱིས ་ཀྱང་?་དབང་བསྐུར་བའི་ཕྱིར། རྩ?་བའི་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་སྙིང་པོའི་དཀྱིལ་འཁོར་གྱི་ཕྱེད་ཚད་ཙམ་གྱི་དཀྱིལ་འཁོར་གྲུ་བཞི་པ་ལ་སྒོ?་བཞི་པ་བྲིས་ཏེ་དེའི་དབུས?་པདྨ་འདབ་མ་བརྒྱད་གེ་སར་དང་བཅས་པ་བྲིའོ། །སྒོ་རྣམས་དང་མཚམས་རྣམས་སུ་ནི་ལྷ་མོ་རྣམས ་ཀྱི་མཚན་མ་བྲིས་ལ། སློབ་མའི་ལུས་ཁྲུས་བྱ་ཞིང། ཙན་དན་དང་མེ་ཏོག་གིས་ཕྲེང་བས་བརྒྱན་པ་དེར་བཞག་ལ། ཤིས་པའི་ཆོ་ག་བྱ་བ་སྟེ། ཡུངས་ཀར་ལ་བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་བཟླས་ཏེ། གཡས་གཡོན་གྱི་ཁུ་ཚུར་གྱིས་གཟུང་ནས་ལན ་གཉིས་གཉིས་སུ་བསྐོར་ལ། ཁམ་ཕོར་ཀྱི་མེར་བླུགས་སོ། །དེ་ལྟར་ལན་གསུམ་བྱས་ནས། དེ་བཞིན་དུ་ཆུའི་ཤིས་པ་ལན་གསུམ་དུ་བྱའོ། །སླར་ཡང་རྩ་བའི་སྔགས་ཀྱིས་བསྲུངས་ལྔ་ཉེ་རེག་བྱ་སྟྟེ། དེ་ཉིད་བཟླས་པའི་དྲི?་བྱུགས་པ་དན། མེ་ཏོག་གི ་ཕྲེང་བ་མགོར་བཅིང་ཞིང། རྩ་བའི་སྔགས་ཀྱིས་ཨམྦྷ་བྱིན་ལ། མར་དང་?རྫར་བསྲེགས་པའི་བདུག་པས་བདུགས་ཏེ། ཤིས་པར་བྱ་བའི་ཆོ་གའོ། །དེ་ནས་ཧེ་རུ་ཀའི་གཟུགས་སུ་དམིགས་ལ། མིག་ལ་སོགས་པ་བྱིན་གྱིས་བརླབས་ནས། སྟེང་དུ་?་?་ལ། ་གཡས་ལེགས་སུ་གདུགས་དཀར་པོ་གསེར་གྱི་ཡུབ་ཅན་ཡི་གེ་ཧཱུཾ་བཟླས་པ་གཟུང་ངོ། །གཡོན་སོགས་སུ་ནི་རྒྱལ་མཚན་དང་བདན་བསྙེད?་ཞིང། གོས་སྣ་ཚོགས་བྲིས་ལ། རྔ་བོ་རྨ?་དང། ཟངས་ཀྱི་དུད་པ་དང། དུད་གི་བུད་པ་ལ་སོགས་པ་ཅོ?་ཅོའི་?་ནམ་མཁའ་ ་གང་བར་བསམ་ལ། རྡོ་རྗེ་དྲིལ་བུ་དཀྲོལ་ཞིང། ཕུན་སུམ་ཚོགས་པ་མངའ་བ་གསེར་ཕྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པའི་བདག་འདྲའི་སྦྱར་མདའ་བ། །བཀྲ་ཤིས་དམ་པ་དེ་ཡིས་དེར་འདིར་?་ཤོག། ་དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གི་གཡོ་བ། །འཇིག?་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མི་ཡིས་མཆོད། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ?་བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པ་ཡིན། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི ་བཀྲ་ཤིས་ཕྱུག། མི་དང་ལྷ་དང་གྷ་མ་ཡིན་གྱི་སྦྱར་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་ཞིང། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པ་ཡིན། ཞེས་བྱ་བ་ལ་སོགས་པའི་བཀྲ་ཤིས་ཀྱི་ཀླུ་བླངས་བ། སེང་གེའི་ཁྲིའམ། ་ཤིང་སྟེགས་ལ་ཧཱུཾ་བཟླས་པར་བཀག་ནས་དབང་བསྐུར་ཏེ། དང་པོ་རྣམ་པར་རྒྱལ་བའི་བུམ་ཆུག་གཏོར་རོ། །དེའི་འོག་ཏུ་?་རྣམ་ཀྱིས་?་?་བོ། །དེ་ལྟར་ཕྱིའི་དབང་བསྐུར་བྱིན་ནས་ནང་གི་དབང་བསྐུར་སྦྱིན་པར་བྱ་སྟེ། རང་གི་སྙིང་གའི་ས་བོན་གྱི་འོད་?་གྱིས ་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པའི་འཁོར་ལོ་བཀུག་ལ། ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས། །འདི་ལ་དབང་བསྐུར་རབ་ཏུ་གསོལ་ཞེས་ཡིད་ཀྱིས་བསྐུལ་ལ། དེ་དག་རང་གི་འོད་ལས་བྱུང་བའི་དབང་བསྐུར་བའི་ཡོ་བྱང་ཐམས་ཅད་ཀྱིས་དབང ་བསྐུར་བར་བལྟས་ལ། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱིས། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱི་ཕྱག་བྱས་པ། །རྡོ་རྗེ་དབང་བསྐུར་ཆེན་པོ་སྦྱིན་ཞེས་བྱ་བས་བཀྲུའོ། །དེའི་རྗེས་ལ་བཅོམ་ལྡན་འདས་རྡོ་རྗེ་ལྷ་མ་བཅས་པ་དེ་དག་སློབ ་མའི་བ་སྤུའི་བུ་གར་བཙུད་ལ། ལུས་མ་ལུས་པ་དེའི་རང་བཞིན་དུ་བྱས་ནས། །མི་བསྐྱོད་པའི་ཅོད་པན་གྱི་སྦྱོང་བས་གནས་པར་བསམས་ཏེ། མི་བསྐྱོད་པའི་རང་བཞིན་གྱི་ཆུའི་དབང་བསྐུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་བཟླས་པའི་གོས་དང ་དྲིལ་སོགས་པ་བྱིན་ལ། སྔ་མ་བཞིན་གསོལ་བ་འདེབས་སུ་བཅུག་སྟེ། གསེར་ལ་སོགས་པའི་ཁམས་ཀྱི་རང་བཞིན་གྱི་ལུར?་མའམ་ཁྲིས་བ?་དེ་མ་འབྱོར་ན་དར་དང་རས་ཀྱི་རང་བཞིན་བྱས་པའི་ཅོད་པན་མགོར་བཅིངས་ལ། སྔར་བསྟན་པའི་སྔགས་ཀྱིས་ནམ་མཁའ་ཨི་ཁོང་ན ་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་རིན་ཆེན་དབང་ཕྱུག་གི་གཟུགས་ཀྱི་དེར་བཞུགས་པར་བསམས་ཏེ། རྡོ་རྗེ་ཉི་མའི་རང་བཞིན་གྱི་ཅོད་པན་གྱི་དབང་ངོ། །དེ་ནས་རྡོ་རྗེ་རྩེ་ལྔ་པ་ཁུ་ཚུར་གཡས་པར་གཟུང་ནས། སློབ་མའི་སྙིང་ག་ལ་སོགས་པར་གཏུགས ་ཏེ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །ཤིན་ཏུ་གྲུབ་ཕྱིར་རྡོ་རྗེ་?་ཞེས་བྱ་བས་ལག་པ་གཡས་པར་རྡོ་རྗེ་སྦྱིན་ཏེ། སྣང་བ་མཛའ་ཡས་ཀྱི་རང་བཞིན་རྡོ་རྗེའི་དབང་ངོ། །དེ་ནས་ལག་པ་གཡོན ་པར་དྲིལ་བུ་ཕྱིན་ལ། ལག་པ་གཡས་གཡོན་རྡོ་རྗེ་དྲིལ་བུ་དང་ལྡན་པར་འཁྱུད་པའི་ཚུལ་དུ་བཞག་ལ། ཨོཾ་བཛྲ་ཨ་དྷི་བ་ཏིཔཏྭཾ?། ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟཝཾ་ཞེས་བརྗོད་དེ། འདི་ནི་དམ་ཚིག་རྡོ་རྗེའི་རང་བཞིན་གྱི་བདག་པོའི་དབང་ངོ། །དེ་ནས་རྡོ་རྗེ་དྲིལ་བུ ་སློབ་མའི་སྤྱི་བོར་གཟུང་ལ། ཨོཾ་བཛྲ་ས་ཏྭ་སྟཝེ?་ཨ་བྷི་ཥིཉྩ་མི་བཛྲ་ནཱ་མ་ལ་བཱི་ཥེ་ཀ་ཏ། ཀྱེ་དཔལ་རྡོ་རྗེ་ཆེ་གེ་མོ་ཞེས་ལུགས་དང་མཐུན་པའི་མིང་རྣམས་ལས་གང་འདོད་པ་གདེགས། གང་གང་སྣང་བདེ་དང་དེ། །ཧེ་རུ་ཀ་དཔལ་རང་ཉིད་གཙོ། །གང་ཕྱིར་ཆོས་རྣམས ་རྣམ་དག་པས། །སངས་རྒྱས་ཡེ་ཤེས་རང་བཞིན་ཉིད་ཅེས་སློབ་མ་ལ་བསྒྲགས་ཏེ། འདིས་ནི་རྟགས་པའི་རང་བཞིན་གྱིས་མིང་གི་དབང་པོ། །དབང་བསྐུར་བ་ལྔ་བོ་འདི་དག་གིས་ནི་རྒྱུད་ལ་སོགས་པ་ཉེན་པ་དང། བཤད་པ་དང། རྒྱུད་ལ་སོགས་པ་སྒྲུབ་པའི་སྣོད་དུ་འགྱུར་ཏེ། གོ ་རིམས་བཞིན་དུ་མེ་ལོང་ལྟ་བུ་དང། མཉམ་པ་ཉིད་དང། སོ་སོར་རྟོགས་པ་དང། བྱང་གྲུབ་པ?་དང། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམས་ཏེ། རྡོ་རྗེ་སློབ་དཔོན་གྱིས་རྡོ་རྗེ་སློབ་མ་བླ་མའི་མན་ངག་བཞིན་མཁའ་འགྲོ་རྣམ་པ་ལྔར་བསམས་ལ་སྦྱར་རོ། །དེ་དག་ནི་སྤྱན་ལ་སོགས ་པའི་རིག་པ་ལྔའི་ལས་ཡིན་པ་དང། མ་རིག་པ་བཟློག་པས་ན་རིག་པའི་དབང་པོ། །དེ་ནས་མི་ལྡོག་འཁོར་ལོ་ཞེས་བྱ་བ་ལ་སོགས་པས་སྔར་སྡོམ་པ་གཟུང་བའི་སློབ་མས། བདག་དང་གཞན་གྱི་དོན་གྱི་ཕྱིར། །རྡོ་རྗེ་སློབ་དཔོན་དབང་བསྐུར་བ། །ཐུགས་རྗེ་ཅན་ཁྱོད ་བཀའ་དྲིན་གྱིས། །བདག་ལ་དེ་རིང་སྩལ་དུ་གསོལ་ཞེས་གསོལ་བ་བཏབས་དང་ནམ་མཁའ་ཁྱབ་པའི་དེ་བཞིན་གཤེགས་པ་ལྷ་མོ་དང་བཅས་པ་རྣམས་ཀྱིས་དབང་བསྐུར་བ་བསྒོམས་ལ། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུང་ཞིག་རྡོ་རྗེར་བྱིན་གྱིས་བརླབས། །དི་རིང་རྡོ་རྗེ་སློབ ་དཔོན་གྱུར?། །སྡོག?་མའི་ཆོགས་རྣམས་བསྡུ་བར་གྱིས་ཞེས་བྱ་བས་སློབ་མ་བསྐུལ་ལ། དམ་ཚིག་གསུམ་པོ་འཛིན་དུ་གཞུག་སྟེ། ཧཱུཾ་གིས་རྡོ་རྗེ་བསྒོམ་ལ། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའ་ཨི་ཕྱག་ན་གནས། །རྟག་ཏུ་ཁྱོད་ཀྱིས་ཀྱང་གཟུང ་སྟེ། །ཕྱག་ན་རྡོ་རྗེའི་?་ཞུགས་བརྟན། །ོཾ་སརྦ་ཏ་ཐཱ་ག་སིདྡྷི་བཛྲ་ས་ཨམ་ཡ་ཏཥྛི་ཨེ་?་སྟཝ་ཾ་དྷ་ར་ཡ་མི་ཧཾ་ཧཾ་ཧི་ཧི་ཧཱུཾ་ཞེས་བྱ་བས་འདིས་སློབ་མས་རྡོ་རྗེ་གཟུང་ལ། དེ་ཁོན་ཉིད་འདི་བརྗོད་དེ། །ཐོག་མཛའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་ ་བ་ཆེ། །ཀུན་ཏུ་བཟང་པོ་ཐམས་ཅད་བདག། རྡོ་རྗེ་སྙིང་པོ་བདག་པོའི་གཙོ། །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །ོཾ་མཧཱ་བཛྲ་ཧཱུཾ། དེ་ནས་ཨ་ལས་བསྐྱེད་པའི་དྲིལ་བུ་།འདིར་སངས་རྒྱས་ཐམས་ཅད་ཀྱིས། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བརྗོད། །ཁྱོད་ཀྱིས ་ཀྱང་ནི་རྟག་ཏུ་བཅང། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད་ཅེས་བྱ་བ་འདིས་དྲིལ་བུ་བྱིན་ལ་སྲིད་པ་རང་བཞིན་དག་པའི་ཕྱིར། །རང་བཞིན་གྱིས་ནི་དངོས་མེད་བྱས། །རང་བཞིན་དག་པའི་སེམས་ལྡན་པ། །སྲིད་པ་དམ་པ་མཆོག་ཏུ་བྱེད་ཅེས་བྱ་བའི་ཆོས་ཀྱིས་དཀྲོལ་བར་བྱ་སྟེ། ་ཨོཾ་བཛྲ་གྷཎྜེ་ཨ་ཞེས་?་སོ། །དེའི་རྫས་ལ་ཤེས་རབ་ལོ་གྲངས་བཅུ་གཉིས་པ། །ལག་གཉིས་ཀུན་ཏུ་འཁྱུད་པར་ལྡན། །རྡོ་རྗེ་དྲིལ་བུའི་སྦྱར་བ་ཡིས། །སློབ་དཔོན་གྱི་ནི་དབང་དུ་འདོད་ཅེས་གསུངས་པས། །རང་གི་ལྷའི་ཕྱག་རྒྱར་བྱིན་གྱིས་བརླབས་པར་བྱའོ། །དེ་ཡང ་ཡིད་ཀྱི་ལུས་ནི་བརྟན་པའི་ཕྱིར། །དམ་ཚིག་ཕྱག་རྒྱ་ཞེས་བྱར་བརྗོད། །གང་གི་ལུས་ཀུན་བརྟན་བྱེད་པ། །དེས་ན་ཕྱག་རྒྱར་རབ་ཏུ་གྲགས་ཞེས་བྱའི་མངོན་པར་རྟོགས་པ་བསྐྱེད་ལ་རྡོ་རྗེ་སེམས་དཔའ་ཨི་རྣམ་པར་བལྟས་ཏེ། མེ་ཏོག་ལ་སོགས་པས་མཆོད་ཅིང་བསྟོད ་པར་བྱ་སྟེ། བསྙེམས་པ་དང་བཅས་པས་མེ་ཏོག་གཅིག་སློབ་མ་ལ་བསྣུན་ལ། དང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །སྲས་དང་བཅས་རྣམས་རྣམ་རོལ་ཅིག། རྡོ་རྗེ་སྙེམས་མའི་རབ་སྦྱོར་གྱིས། །དགའ་སྟོན་བདེ་བའི་མཆོད་པ་བགྱིས། །(རྒྱུད་འགྲེལ་པ་ཕྲེང་བ་འཕང། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །དེས་ནི་བཅོམ་ལྡན་འབྲས་མི་འགྱུར། །ཕྲེང་བ་དེ་ནི་རྒྱན་ཡིན་ནོ། །ོཾ་ལུས་ཅན་ཀུན་ལ་དམ་ཆོས་ཀྱིས། །ཁྱོད་ཀྱི་གླུ་ནི་བླང་བར་བྱ། །དེ་ཡི་བདེ་གཤེགས་དངོས་གྲུབ་ནི། །མྱུར་དུ་བདེ་བ་མྱོང་བར་འགྱུར།། ་དེ་ཉིད་ཐལ་མོའིགར་གྱིས་ནི། །སངས་རྒྱས་ཐམས་ཅད་ཆགས་པར་བྱས། །སངས་རྒྱས་འདུལ་བའི་ཕྲིན་ལས་ཀྱི། །གར་མཁན་ཚུལ་དུ་བསྒྱུར་བར་གྱིས། །ཧོ(རྒྱུད་འགྲེལ་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་པར་གྱིས། །(རྒྱུད་འགྲེལ་སྦར་བས། །རྡོ་རྗེ་ཆོས་དང་འདྲ་བ་རུ། །སེམས་ཅན་མ་རིག་ལྡོང་པ་ལ། །ཡེ་ཤེས་སྒྲོན་མས་སྣང་བར་གྱིས། །ཕྲ། རྒྱལ་བ་རྣམས་ལ་དྲ?་ཕུལ་ལ། །ཚུལ་ཁྲིམས་དེ་བཞིན་ཤེས་རབ་དང། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡིས། །བྱང་ཆུབ་ལུས་ཅན་རྣམས་ལ་བསྒོས། །གྷ(རྒྱུད་འགྲེལ་འོག་ཏུ་གསེར་གྱི་ཐུར་མ་ལ་བཅོམ་ལྡན་འདས་ཀྱིས་རྩ་བའི་སྔགས་བཟླས་ཏེ། །ཇི་ལྟར་མི་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །ལིང་ཏོག་རྒྱལ་བ་རྣམས་ཀྱིས་བསལ། །ོཾ་བཛྲ་ནི་ཏྲ་ཨ་པ་ཧ་ར་བ་ཊའི་ཧྲི་བྲཾ་ཞེས་བྱ ་བས་མིག་ལ་བྱུགས་ཏེ་དག་པར་བྱའོ། །དེ་ནས་མེ་ལོང་བསྟན་ཏེ། །ཆོས་རྣམས་གཟུགས་བརྙན་ལྟ་བུར་ནི། །གསལ་ཞིང་དགས་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་བྱུང། །རང་བཞིན་མེད་ཅིང་བདག་མེད་པ། །དེ་ལྟར་ཆོས་རྣམས ་ཤེས་བྱས་ནས། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་?་པའི་སྲས་སུ་སྐྱེ། །དེ་ནས་ཨ་ལས་བསྐྱེད་བའི་དྲིལ་བུ་བྱིན་ཏེ། ཐམས་ཅད་ནམ་མཁའ་ཨི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བས། །ཀུན་མཆོག ་མཉམ་པ་ཉིད་དུ་བསམ་ཞེས་བྱ་བས་དཀྲོལ་བར་བྱའོ། །ཡང་ཧོ་ཞེས་བྱ་བས་མདའ་གཞུ་བྱིན་ལ། དེ་བཞིན་གཤེགས་པ་ཐམས་ཅད་ལ་རྗེས་སུ་ཆགས་པར་བྱོས་ཤིག། ཅེས་བསྒོ་ལ། །ཕྱོགས་བཞིར་འཕང་པ་དང། སྟེང་འོག་ཏུ་ཡང་རེ་རེ་འཕེན་དུ་གཞུག ་གོ། ཡང་ཨ་བཛྲ་སཏྭ་ཞེས་བྱ་བ་འདིས་མེ་ལོང་བསྟན་ལ། རྡོ་རྗེ་སེམས་དཔའ་མེ་ལོང་ལྟར། །གསལ་ཞིང་དག་ལ་རྙོག་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རྡོ་རྗེ་སེམས་དཔའ་རང་ཉིད་གཙོ། །ཞེས་བྱ་བ་དང། གང་ཡང་སངས་རྒྱས་ཐམས་ཅད་ཀྱི་བདག་པོ ་བྱང་ཆུབ་ཀྱི་ནི་འདི་ཉིད་ཡིན་པར་ཤེས་པར་གྱིས་ཤིག་ཅེས་བརྗོད་དོ། །བཛྲ་ཧེ་ཏུ་ཞེས་བྱ་བས་འཁོར་ལོ་རྐང་པའི་པར་དུ་བཅུག་ལ། ཨོཾ་བཛྲ་བྷ་ཥ?་རཾ་ཞེས་བྱ་བས་ལག་པ་གཡས་བར་དུད?་བྱིན་ཏེ། གཡོན་པར་ཡི་གེ་ཨ་ལས་ཧེ་བདྲཱིཾ?་པོ་ཧི་བྱིན་ལ། དྲིལ་བུ་ཡང་བྱིན་ཏེ་དཀྲོལ་ཞིང། ་དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར། །ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་ཏུ་གང་བར་གྱིས། །སྔགས་ཀྱི་སྤྱོད་ཚུལ་ཆོ་ག་རྣམས། །སྐྱེ་བོ་རྣམས ་ལ་རྟག་ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོག་ས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཀྱང། །ཁྱོད་ལ་རྟག་ཏུ་བསྲུང་བར་མཛད། །དེ་ནས་སོ་སོའི་འཁོར་ལོ་སྒྱུར་བའི་རྣལ་འབྱོར་བྱས་ལ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སེམས་ཅན་ཀུན་ལ ་ཐམས་ཅད་དུ། །ཇི་ལྟར་འདུལ་བ་སྣ་ཚོགས་པའི། །ཆོས་ཀྱི་འཁོར་ལོ་བཏུ་བསྐོར་ཞེས་བྱ་བ་དང། ཆོས་ཀྱི་གནས་སུ་རྡོ་རྗེ་དང། རིན་པོ་ཆེ་དང། པདྨ་དང། ལས་ཀྱི་མིག་བཅུག་མཆོགས་སུ་བཅད་པ་ལྔས་རྗེས་སུ་གནང་བར་བྱིན་ནས། བདག་ཉིད་ལངས ་ཏེ། སངས་རྒྱས་ཀྱི་གཟུགས་སུ་དམིགས་ལ། གཡོན་པ་སྙིང་གར་ཚབ་གོས་??་པའི་ཚུལ་དུ་བྱས་ལ། གཡས་པ་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱར་བྱས་ལ། རྡོ་རྗེ་མིག་གི་དབང་བསྐུར་བས་ལུང་བསྟན་ནོ། །འདི་ནི་ཁྱོད་ལ་ངས?་ལུང་བསྟན། །རྡོ་རྗེ་སློབ་དཔོན ་དེ་བཞིན་གཤེགས། །སྲིད་བ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན?། །ཀྱེ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པ་བྱུར་བྷུ་བ་སྭཱཧཱ། གང་ལ་འདིས་ལུང་བསྟན་པ་དེ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་དཀྱིལ་འཁོར་འཁོར་ལོ ་དང་བཅས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བྱང་ཆུབ་ཆེན་པོར་ལུང་སྟོན་པར་མཛད་དེ། ཕྱག་རྒྱ་ཆེན་བོ་འདི་དང་སྔགས་འདིའི་མཐུ་ཡིན་ནོ་ཞེས་བྱ་བས་དང་པོ་བསྐྱེད་པར་བྱའོ། །དེ་ནས་གསང་བ་བསྒྲགས་ཏེ། འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་དེ།། ་དེ་བས་འདོད་ལ་ཆགས་བྲལ་བར། །ཁྱོད་ཀྱི་ནམ་ཡང་མི་བྱའོ། །མ་ཧཱ་ས་མ་ཡ་ཧ་ན་ཧཱུཾ་ཕཊ། དེ་ནས་སློབ་མའི་སྤྱི་བོར་གདུགས་གཟུང་ལ། །བསྐོར་བ་?་ནས་ཐལ་མོ་སྦྱར་ཏེ། གདུགས་དང་བཅས་པར་དཀྱིལ་འཁོར་གྱི་སྒོ?་དྲུང་དུ?་ལུས་ལ་གཏུགས ་ལ། སྔགས་རྣམས་འཛིན་པར་གྱུར་པ་ཡིན། །སློབ་མཉིད་ནི་ཕུལ་བ་ལགས། །དེ་ནས་གདུགས?་གཞན་དུ་བཞག་ལ། སློབ་མའི་སྙིང་ལ་བབ་པའི་ཚིག་འདི་དག་བརྗོད་དོ། །དི་རིང་དཀྱིལ་འཁོར་སློབ་དཔོན་གྱུར། །སྔགས་དང་རྒྱུད་རྣམས་འཛིན་གྱུར་པར། །སངས་རྒྱས་བྱང ་ཆུབ་སེམས་དཔའ་དང། །ལྷ་རྣམས་ཀུན་གྱིས་མཐུན་པར་གསུངས། །སེམས་ཅན་ཀུན་ལ་རྗེས་བརྩབས། །དཀྱིལ་འཁོར་ཆོག་བཞིན་དུ་བྲིས། །ཁྱོད་ཀྱིས་ནན་ཏན་བསྐྱེད་ནས་སུ། །སྒྲུབ་པ་ཡོ་རྣམས་སྔགས་ལ་སྦྱོར། །དེ་ནས་སླར་?་?་བྱ་སྟེ། མཆོག་ཏུ ་གསར་བའི་དཀྱིལ་འཁོར་འདིར། །བཙུད་པ་དང་ནི་མཐོང་བ་ཡིས། །དི་རིང་སྡིག་ལས་རྣམ་གྲོལ་ནས། །དི་རིང་ཁྱོད་རྣམས་དགེ་བར་གནས། །བདེ་ཆེན་ཐེག་པ་འདི་བ་ནི། །ཕྱི་ནས་འཆི་བ་ཡོད་མིན་ཞིང། །མི་སྒྲུབ་ཚུགས་པ་ཡོད་མིན་པས། །ཅེས་གཏམ་མི་འཇིགས ་དགའ་བར་གྱི་?་འདི་པ་ཤིན་ཏུ་དག་བས་ན། །སྲིད་པའི་སྡུག་བསྔལ་ལས་འདས་སོ། །བྱང་ཆུབ་སེམས་ནི་སྤང་མི་བྱ། །རྡོ་རྗེ་ཞེས་བྱའི་ཕྱག་རྒྱ་སྟེ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་འགྱུར་ཐེ་ཚོམ་མེད། །དམ་པའི་ཆོས་ནི་སྨད་མི་བྱ། །ནམ ་ཡང་དོར་བར་ཡོ་བའི?་རུང། །མི་ཤེས་པ་འམ?་རྨོངས་པ་ལ། །དེ་ཉིད་བསྟན་པར་མི་བྱའོ། །རྡོ་རྗེ་དྲིལ་བུ་མི་སྤང་སྟེ། །སློབ་དཔོན་ནམ་ཡང་སྨད་མི་བྱ། །སངས་རྒྱས་ཀུན་དང་མཚུངས་པ་ཡི། །རང་བདག་ཡོངས་སུ་སྤང་ནས་སུ། །དཀའ་ཐུབ་གྱིས་?་དང་?་མི་བྱ། ། ་ཇི་ལྟངS?་བདེ་བར་བདེ་གཟུང་ན། འདི་ནི་མ་འོངས་རྫོགས་སངས་རྒྱས། ཞེས་བྱ་བས་དབུགས་དབྱུང་ངོ། །སློབ་མས་ཕྱག་བྱས་ཏེ། གཙོ་བོས་ཇི་ལྟར་བཀའ་སྩལ་བ། །དེ་དག་ཐམས་ཅད་བདག་གིས་བགྱི་ཞེས་ཁས་བླངས་སོ། །སློབ་དཔོན་གྱིས་དབང་བསྐུར་བའི་? ་དེ་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དཀྱིལ་འཁོར་གྱི་རྣམ་པར་དག་པའི་མཚན་ཉིད་དང། ལྷའི་དེ་ཁོ་ན་ཉིད་ལྷའི་རྣམ་པར་དག་པ་དང། སློབ་དཔོན་གྱི་ཕྲིན་ལས་དཀྱིལ་འཁོར་གྱི་སྒྲུབ་ཐབས་སྔོན་དུ་འགྲོ་བའི་སློབ་དཔོན་འཇུག་པའི་ལས་རྣམས་ཏེ་གསུམ་པོ་དེ་དག་བསྟན་པར་བྱའོ།། ་དེའི་འོག་ཏུ་ས་ཕྱོགས་དབེན་པར་བྱས་ཏེ། ཡོལ་བས་པར་དུ་བཅད་ལ། རྒྱུད་ལས་གསུངས་བའི་དམ་ཚིག་ཅན་བླ་མ་ལ་ཕུལ་ནས། བཅོམ་ལྡན་ཞི་བ་ཆེན་པོ་ཀྱི། །རྡོ་རྗེ་སྦྱོར་ལས་ཡང་དག་བྱུང། །མི་ཕྱེད་ཕྱག་རྒྱར་རབ་ཏུ་བསྒྲུབ། །རྡོ་རྗེ་རྣལ་འབྱོར་གཅིག་ཞེས་པར། །བདག་ཉིད ་ཆེན་པོ་ཁྱེད་ཇི་བཞིན། །གཙོ་བོས་བདག་ནི་མཛད་དུ་གསོལ། །འཁོར་བའི་འདམ་གྱིས་ཚོགས་སུ་ནི། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས་ཞེས་བྱ་བའི་གསང་བའི་དབང་བསྐུར་བའི་ཕྱིར་གསོལ་བ་བཏབ་པ་དང། དེ་ནས་དཔལ་ལྡན་སློབ་དཔོན་ནི། །རྗེས་སུ་བརྩེ་དང ་ལྡན་པ་ཡིས། །?་མར་སྙིང་རྗེ་བསྐྱེད་ནས་ནི། །རྡོ་རྗེ་འཛིན་པར་མཛད་པ་ལ། །བཟའ་དང་བཏུང་བ་ཡིད་འོང་དང། །ཆང་དང་ཤ་ཆེན་དུ་ནི་བཅས། །མེ་ཏོག་ཕྲེང་དང་བདུག་པ་དང། །རྒྱལ་མཚན་དྲིལ་བུར་བཅས་པ་དང། །བྱུགས་པ་ལ་སོགས་མཆོད་པ་ཡིས། །བླ་མ་རྡོ ་རྗེ་ཅན་ལ་མཆོད། །དེའི་རྗེས་ལ་རྒྱད་ལས་གསུངས་པའི་ཆོག་བཞིན་སྙོམས་པར་འཇུག་པར་བྱ་སྟེ། ཇི་སྲིད་དུ་ཕྱག་རྒྱ་ཁུ་བ་དང་ལྡན་པ་དེ་སྲིད་དུ་བསྟེན་ལ། །ཕྱག་རྒྱ་དང་སློབ་མ་གདོང་གཡོགས་ཀྱིས་བཅིངས་ནས། །བསྟེན་པ་ལས་གང་བྱུང་བ་དེ་སློབ་མའི་ཁར་ཚིགས ་སུ་བཅད་པ་འདིས?་དབབ་པར་བྱ་སྟེ། ཇི་ལྟར་སངས་རྒྱས་རྒྱལ་བ་ཡིས། །བྱང་ཆུབ་སྲས་ལ་དངར?་བསྐུར་བཞིན། །བདག་ལ་གསང་བའི་དབང་གིས་ནི། སེམས་ཀྱི་རྒྱུན་གྱིས་བཀྲུ་རུ་གསོལ། །དེས་ཀྱང་ཨ་ཧོ་སུ་ཁ་ཞེས་བརྗོད་དོ། །ལོངས་སྤྱོད་རྫོགས་པར་གཞུག་གོ། ཤེས ་རང་གྱིས་ཀྱང་དེ་བཞིན་དུ་སློབ་?་སྦྱིན་པར་བྱ་སྟེ། ཤེས་རབ་ཐབས་ཀྱི་གསང་བའི་དབང་བསྐུར་བའོ། །དེའི་རྗེས་ལ་ཡང་སློབ་མས་སྔར་བསྟན་པའི་གསོལ་བ་གདབ་པའི་ཚིགས་གསོལ་བ་དང། དེའི་སྤྱོད་ཡུལ་དུ་བྱས་ཏེ། དེ་ཡང་གསུངས་པ། སེར་སྣ་མེད་ཅིང ་ཁྲོ་བྲལ་བའི། །སློབ་མ་བདག་ཉིད་ཆེན་པོ་ལ། །དེ་ཉིད་ནི་མཉམ་པའི་རོ། །སློབ་མའི་སྦྱོང་ཡུལ་དག་ཏུ་བྱ་ཞེས་སོ། །དེ་ནས་ལག་པ་དེའི་ལག་པར་བྱིན་ལ། །མགོ་བོར་བག?་པ་བཞག་སྟེ། དགའ་སྟེར་གནས་ཏེ་ལྷ་མོ་འདི། །སྣ་ཚོགས་གཟུགས་ཅན་ཡིད ་འོང་མ། །ཟུང་ཞིག་ཟུང་ཞིག་སེམས་དཔའ་ཆེ། །གཟུང་ནས་རབ་ཏུ་མཆོད་པར་བྱ། །ཐབས་གཞན་གྱིས་ནི་སངས་མི་རྒྱ། །འགྲོ་བ་གསུམ་ནི་དག་བྱེད་པ། །དེ་བས་ཁྱོད་ཀྱིས་འདི་དང་ནི། །ནམ་ཡང་བྲལ་བར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིཌ ་པའི་བརྟུལ་ཞུགས་བླ་ན་མེད། །བླུན་པོ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་བྱ་བས་སྦྱིན་ནོ། དེས་ཀྱང་དྲི་ཞིམ་པོའི་པདྨ་ཁ་ཕྱེ་སྟེ། །སློབ་མ་ལ་བསྟན་ལ། འདི་སྐད་ཅེས་བརྗོད་དོ། །བཤད་གཅི་དག་ནི་ཟ་བ་དང། །ཁྲག་དང་ཁུ་བ་དེ ་བཞིན་ཏེ། །ཤ་ཆེ་བསྟེན་བར་བུ་སྒྲོ་འམ། །བུད་མེད་རྣམས་ལ་གུས་པ་དང། །བྷ་གའི་པདྨ་ངའོ་བྱེད་པ། །བུ་ཁྱོད་ཇི་ལྟར་བདེ་བར་སྨྲོས། །དེས་ཀྱང་ལན་དུ། ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །ཁུ་ཁྲག་ལ་སོགས་ཟ་བ་དང། །བུད་མེད་རྣམས་ལ་བདག་གུས་ཤིང། །བྷ ་གའི་པདྨར་འོ་བགྱིད་དོ། །ཞེས་བརྗོད་དོ། །དེས་སྒྲུབ་པ་པོ་ལ་དགྱེས་པར་གྱུར་ནས་དངོས་སུ་བལྟས་ཏེ། ཨེ་མ་འོ་ང་ཡི་པདྨ་འདི། །བདེ་བ་ཀུན་དང་ཡང་དག་ལྡན། ཅི་སྟེ་ཆོ་ག་བཞིན་བསྟེན་ན། །དེ་ཡི་མདུན་དུང་འདུག་སྟེ། །སངས་རྒྱས་མཉེས་པ་ལ་སོགས་པའི ་བྱ་བ་པདྨས་ཇི་བཞིན་བྱེད། །བདེ་ཆེན་རྒྱ་པོར་རང་ཉིད་ནི། །འདི་ཉིད་དུ་ནི་ཡང་དག་གནས། །བྷ་ཉྫ་མོ་ཀྵ་ཏོ(རྒྱུད་འགྲེལ་དང། སྐུ་གསུང་ཐུགས་བྱིན་གྱིས་བརླབས་ལ། ཧཱུཾ་ལས་བསྐྱེད་པའི་རྡོ་རྗེ་ནོར་བུ། ཨོཾ་ལས་བསྐྱེད་ལ། ཨོཾ་བཛྲ་མ་ཧཱ་དེ་ཥ་ཙ་ཏུ་རཱ་ནནད་ད་ཡ་ཀ་ཁ་ག་མུ་ཁ་ཨེ་ཀ་རཱ་སོ་ནཱ་ཐ་ཧཱུཾ་ཧཱུཾ་ཀ་དྱཾ་ཀུ་རུ་ཥཱ་མེ་ཞེས་བྱ་བས་བྱིན་གྱིས་བརླབས་ནས། ཧྲཱི(རྒྱུད་འགྲེལ་ཨོཾ་པདྨ་སུ་ཁ་དྷ་ར་མ་?་ཧཱོ?་ག་སུ་ཁཾ་དནྟེ?་ཙ་ཏུ་རཱ་ནནྣ། བྷ་ག་བི་ཤྭ་ཧཱུཾ་ཧཱུཾ་ཀ་དྱཾ་ཀུ་རུ་ཥ་མེ་ཞེས་བྱ་བས་བྱིན་གྱིས་བརླབས་ཏེ། རྩ་བའི་དབྱེ་བ་བསྟན་པ་དང། སྐད་ཅིག་མའི་རང་བཞིན་རྣམས་བརྗོད་ལ། དེ་ལ་ཀུར་བ་དང། སུ་པྲ་ཏི་ས་རི་ཏ། ལ་སོགས་པའི་ཀ་ར་ན་དང་ལྡན ་པར་འདོད་པའི་ཡན་ལག་གིས་སོར་མོས་པདྨ་བསྐུལ་ཞིང་སྟོན་པའི་བཀའ་བསྒོམས། སིང་སིང་ཧ་ཧ་ཀུནདུ་རུ་ཀུ་སྡུ་རུ་བཛྲ་དྷྲཱི་ཀ་ཞེས་བྱ་བས་བསྐྱེད་ནས། གྲོལ་བའི་སྐབས་སུ་སློབ་མས་ཉམས་སུ་མྱོང་བ་རྙེད་པ་ན་བརྡ་བྱ་སྟེ། བླ་མས་ཡེ་ཤེས་འདི་ནི་ཤིན་ཏུ་ཕྲ། །རྡོ ་རྗེ་སྙིང་པོ་མཁའ་དང་མཚུངས། །དུལ་མེད་ཐར་སྟེར་ཞི་བ་ཉིད། །ཁྱོད་ཀྱི་པ་ནི་ཁྱོད་ཉིད་དོ་ཞེས་བྱ་བས་བསྟན་ཏོ། །དེ་ནས་སློབ་མས་ལྕེ་ཡི་བདུད་རྩི་བླངས་ནས་ལངས་ཏེ། བླ་བ་ལ་བསྐོར་བ་བྱས་ནས། ཡན་ལག་བརྒྱད་ཀྱིས་ཕྱག་བྱས་ལ། ཁྱོད་ཞབས་པདྨའི ་བཀའ་དྲིན་གྱིས། །གཙོ་བོ་དབང་བསྐུར་རྣམ་གསུམ་ཐོབ། །དིང་འདིར་རྣམ་པ་བཞི་པ་ཡང། །གཙོ་བོས་བདག་ལ་བཀའ་དྲིན་མནོད་ཞེས་གསོལ་བ་བཏབ་ལ། བཞི་པའི་ཕྱིར་ཅི་འབྱོར་པའི་ཡོན་ཡང་དབུལ་ལོ། །དེ་ནས་བརྩེ་བ་དང་བཅས་པའི་བླ་མས་དམ་ཚིག་གི་སྡོམ ་པ་སྤྱན་པར་བྱ་སྟེ། ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ་ཞེས་བྱ་བ་ལ་སོགས་པ་བསྲུང་བའི་དམ་ཚིག་དང། དང་པོའི་ན་དང་པོའི་ག་ཞེས་བྱ་བ་ལ་སོགས་པ་བཟའ་པའི་དམ་ཚིག་བརྗོད་པ་ནི། ཤེས་རབ་ཡེ་ཤེས་དང་བཅས་པའི་དམ་ཚིག་གོ། བཞི་པ ་ནི་བླ་མའི་ཁམས་ཤེས་པར་བྱ་བས་འདིར་མ་བསྟན་ཏོ། །དཀྱིལ་འཁོར་སྦྱིན་སྲེག་མ་གཏོགས་པར། །རབ་གནས་འདིར་ནི་བསྟན་ཡོད་མིན་ཞེས་གསུངས་པས་སློབ་མ་ལ་ཕན་པའི་ཕྱིར་ཇི་ལྟར་འདོད་པའི་སྦྱིན་སྲེག་གི་ཆོ་ག་བརྗོད་པར་བྱ་སྟེ། དེ་ལས་གཞི་དཀར ་པོའི་ཐབ་ཁུང་ཁྲུ་གང་ཟླུམ་པོ་ཟབས་སུ་སོང་བཅུ་གཉིས་པ་བརྐོས་པའི་དབུས་སུ། རྒྱར་སོར་དྲུག་འཕང་དུ་སོར་གསུམ་པའི་པདྨ་འདབ་བརྒྱད་པའི་སྟེང་དུ་ཐོད་པ་ལ་གནས་པའི་སྣ་ཚོགས་རྡོ་རྗེ། འདབ་མ་རྣམས་ལ་ལྷ་མོ་རྣམས་ཀྱི་མཚན་མ་བཀོད་ལ་རྡོ་རྗེ ་ཕྲེང་བས་བསྐོར་བར་བྱའོ། །ཐབས་ཁུང་གི་ཕྱི་རོལ་ཏུ་སེར་བཞི་དོར་ལ། ཁ་ཁྱེད་རྒྱ་དང་དཔངས་སུ་དེ་ཙམ་པ་རྡོ་རྗེས་བསྐོར་བར་བྱའོ། །སྟེགས་བུའི་མཚམས་བཞིར་ནི་རྡོ་རྗེ་རྩེ་གསུམ་པས་མཚན་ལ། ལས་དང་མཐུན་པའི་སས་ཀུན་ཏུ་བྱུགས་ནས། ་ལས་དང་མཐུན་པའི་དྲིས་བྱུག་གོ། མེ་ཏོག་དཀར་པོ་དུས་གསུམ་དུ་གཏོར་བར་བྱ་སྟེ། ཞི་བའི་ཐབས་ཁུང་ངོ། །རྒྱས་པ་ལ་ནི་ས་གཞི་སེར་པོ་ལ་ཁྲུ་དོ་གྲུ་བཞི་པ། ཟབས་སུ་དེའི་ཕྱེད་དུ་བརྐོས་ལ་ཁ་ཁྱེར་སྔ་མ་ལས་ཉིས་འགྱུར་དུ་བྱས་ཏེ། ལྷག་མ་ནི་སྔོན་བཞིན་ནོ། ་དེ་ནས་ས་སེར་པོ་དང་དྲི་སེར་པོས་བྱུགས་ལ། མེ་ཏོག་སེར་པོ་གཏོར་བར་བྱའོ། །དབང་ལོ་ནི་ས་གཞི་དམར་པོ་ལ་རྒྱར་སོར་ཉི་ཤུ། །ཟབས་སུ་སོར?་བཅུ་པའི་ཐབ་ཁུང་གྲུ་གསུམ་དུ་བརྐོས་ལ། སོར་གསུམ་པའི་ཁ་ཁྱེར་ཀྱིས་བསྐོར་རོ། །ལྷག་མ་ནི་སྔར་བསྟན་པ་བཞིན་ནོ།། ་དེ་ནས་ས་དམར་པོ་དང་དྲི་དམར་པོས་བྱུགས་ལ་མེ་ཏོག་དམར་པོས་དུས་གསུམ་དུ་གཏོར་རོ། །དགུག་པ་དང་བསད་པ་ལ་ཡང་དེ་བཞིན་ནོ། །འདིའི་ཁྱད་པར་བརྗོད་པར་བྱ་སྟེ། ས་ཕྱོགས་གནག་ཅིང་སྙིང་པོ་མ་ཡིན་པ་དང། གས་པ་དང་ཚ་སྒོ་ཅན་དུ་བྱ་སྟེ། ་ས་ནག་པོ་དང་དུར་ཁྲོད་ཀྱི་ཐལ་བ་དང། བོང་བུ་དང། རྔ་མོའི་ཐུག?་བ་ཅི་སྙེད་པས་བྱུག་ཅིང་དྲི་མི་ཞིམ་པ་དང། དྲི་མེད་པའི་མེ་ཏོག་ནག་པོ་དང། དམར་པོ་དང། ཕུབ་མས་གཏོར་བར་བྱའོ། །དེ་ལ་དཀྱིལ་འཁོར་རམ། ལྷ་གང་གི་ཤར་ཕྱོགས་སུ་ནི་ཞི་བ ་དང་དབང་གི་ཐབས་ཁུང་བྱའོ། །ལྷོ་ཕྱོགས་སུ་ནི་རྒྱས་པའོ། །བྱང་ཕྱོགས་སུ་ནི་མངོན་སྤྱོད་ཀྱིའོ། །ནུབ་ཏུ་ནི་དགུག་པའོ། །ཡང་ན་རྡུལ་ཚོན་གྱིས་ཀྱང་ལས་དང་རྗེས་སུ་མཐུན་པའི་ཐབ་ཁུང་བྱ་བར་གནང་སྟེ། ཐབ་ཁུང་གི་ཆོ་གའོ། །ད་ནི་དག?་གཟར་དང ་བླུགས་གཟར་བསྟན་པ་དང། གསང་དང་ཟངས་ལས་བྱུང་བའམ། མཆོད་སྦྱིན་གྱི་ཤིང་ལས་བྱས་པ་ཡང་རུང་སྟེ། ཡུ་བའི་མཐར་སོར་དྲུག་པའི་རྡོ་རྗེ་རིན་ཆེན་བྱའོ། །དབྱུག་པ་ནི་སོར་བཅུ་དྲུག་པ་བྱའོ། །དབྱུག་པའི་སྟེང་གི་ཆར་ནི་སོར་བཞི་པའི་རྡོ་རྗེའོ། །དཀྱུས་ནི ་སོར་བཞི་པ་ལ། ཟབས་སུ་སོར་གཉིས་པ། དབུས་སུ་རྡོ་རྗེ་རྩེ་ལྔ་པས་མཚན་པ་སྟེ། རྩེ་མོ་ལ་བཅུད་འཇིག?་པའི་མཆུ་མཐེའུ་ཆུང་གི་ཚད་འདི་ནི་དགང་གཟར་རོ། །བླུགས་གཟར་ནི་པདྨའི་འདབ་མའི་དབྱིབས་ལྟ་བུ་ལ། རྒྱར་སོར་གཉིས་ཟབས་སོར་གཅིག་པ། དཀྱིལ་དུ་རྡོ་རྗེ་རྩེ ་ལྔ་པས་མཚན་པ་སྟེ། ལྷག་མ་ནི་སྔ་མ་བཞིན་ནོ། །གཉིས་ཀའི་ཡུ་བ་ནི་རྡོ་རྗེ་ཁུ་ཚུར་གྱི་གཟུང་དུ་རུང་བ་སྟེ། དེ་ལྟར་ན་དེ་དག་ཁྲུ་རེ་བར་བསྟན་ཏོ། །ཇི་སྙེ་དགང་གཟར་དང་བླུགས་གཟར་མེད་ན། དགང་བླུགས་ཀྱི་སྦྱིན་སྲེག་ནི་སོར་མོ་ལྔ་དང་ལྡན་པའི་ལགས་པས་བྱ་ལ། ་ཅིག་ཤོས་ནི་སོར་མོ་གསུམ་བསྡུས་པས་བྱའོ། །དེ་ལ་ཨ་མྲ་དང། ཨུ་དུམྦ་ར་དང། པ་ལ་ཤ་དང། ཨ་ཤྭ་ཏྠ?་དང། པ་ལ་ཀྵ་དང། ནྱེ་གྲོ་དྷ་དང། བེ་ཀང་ཀ་དང། ས་མི་དང། ཀས་མརྒ་དང། ཨ་བ་མོརྒ་ལས་བྱུང་བ། རྩེ་མོའི་ཆ་ལས་བྱས་ཤིང་གསར་པ་མཐོ་གང་ ་ཅམ་ཀྱི་ཚད་ལ། འདབ་མར་བཅས་པ་འོ་མ་དང་སྦྲང་རྩེ་དང། མར་ལ་རྩེ་མོ་གཉིས་སྤགས?་པ། དྲི་དཀར་པོའི་ཆུས་གཏོར་བའི་ཡི་ཤིང་འདབ་མ་གཉིས་དང་བཅས་པའི་རྩེ་མོ་གཅིག་པ། མཐེ་བོ་དང་སྲིད་ལག་གི་གཟུང་སྟེ་བསྲེག་པར་བྱའོ། །དེ་ལ་རུལ་པ་དང་གས ་པ་དང་ཆགས་པ་དང། ཤུན་པ་མེད་པ་དང། ཕོ་བ་དང། རྩེ་མོ་གཉིས་པ་དང། ཐུང་བ་དང། རིང་བ་དང། སྲོག་ཆགས་ཀྱིས་ཐོས་པ་དང། སྲོག་ཆགས་ཅན་ནི་སྤང་བར་བྱའོ། །ཡང་ནས་དང། འབྲས་ཡོས་དང། ཞོ་དང། འོ་མ་དང། ཏིལ་དང། ཀུ་ཤ་དང་སར་པ་དང། ་དུརྦ?་དང། ནཱུ?་ཏའི་འདབ་མ་དང། ཙན་དང་དང། འབྲས་ཟན་དང། མེ་ཏོག་དཀར་པོ་མར་དང་བཅས་པ་སྟེ། དེ་དག་ལས་ཅི་འབྱོར་བ་བསྲེག་པ་ནི་ཞི་བའི་སྲེག?་རྫས་སོ། །ཡམ་ཤིང་དེ་དང་འདྲ་བ་ལས་དབུས་ཀྱི་ཆ་ལས་བྱུང་ཞིང་ཁྲུ་གང་ཆག་པ། དྲི་སེར་པོའི་ཆུས་གཏོར་བ་སྦྲང ་རྩི་ལས་སྔགས་པའོ། །གཞན་ཡང་ཟས་མཆོག་ཤྲི་ཕ་ལ་དང། འབྲས་སཱ་ལུ་དང། གེ་ས་ར་དང། ཀར་ནི་ཀའི་མེ་ཏོག་དང། འབྲུ་རྣམས་ནི་རྒྱས་བའི་འོ། །ཙམ་པ་ཀ་དང། ཨ་ཤྭཏྠ?་དང། ཕ?་ཀུ་དང། པྲི་ཡང་ཀུ་ལས་བྱུང་བའི་ཡམ་ཤིང་སོར་ལྔ་པ་འདབ ་མ་དང་བཅས་པ་དང་མེ་ཏོག་དང། འབྲས་བུ་སྒྱུར་པོ་དང། མངར་པོ་དང། ཁྱད་པར་དུ་ཡང་ཨུཏཔལ་དམར་པོ་དགོན་དབང་གིའོ། །དགུག་པ་ལ་ནི་དག་དང། ཆེར་མ་ལྕགས་ཀྱུ་ལྟ་བུ་དག། མངོན་སྦྱོང་ལ་ནི་ནི་མ་?་དང། །སེང་ལྡེང་དང། འབི་ལོ་ཏ་ ་ལ་སོགས་ཤིང་རོ་ཚ་བ་དང། ཁ་བ་དང་ཚེར་མ་ཅན་དང། དུར་ཁྲོད་ཀྱི་ཤིང་ལས་བྱས་པའི་སོར་བཅུ་བརྩེ་མོ་གཉིས་རྣོན་པོར་བཞོག་ཤིང། བྲག་དང་ལུངས་མར་ལ་སོགས་པའི་ཡཾ་ཤིང་དང། ཡུངས་ཀར་དང། མར་ནག་ཆེ་བ་དང། ལན་ཚ་དང། སྐྱེ ་ཚེ་དང། ནི་མྲའི་འདབ་མ་དང། དུར་ཁྲོད་ཀྱི་ཐལ་བ་དང། དགྲའི་རྐང་རྗེས་གྱི་རྡུལ་དང། བོང?་བུ་དང། རྔ་མོའི་རྟུག་པ་རྣམས་ཅི་སྙེད་པའམ?། ཐམས་ཅད་ཀྱང་རུང་སྟེ། དུག་དང་ཁྲག་དང། ལན་ཚྭ་དང། སྦྱར་ནས་དགྲའི་གཟུགས་བརྟན་བྱས་ལ། གདབ་ཅིང ་བསྲེག་པར་བྱ་སྟེ། སྲེག་རྫས་བསྟན་པའོ། །ཞི་བའི་བུད་ཤིང་ནི་མཆོད་སྦྱིན་གྱི་ཤིང་སྲོག་ཆགས་མེད་པའམ། ནགས་ཀྱི་?་ཡང་གི་ལྕི་བ་ལས་ཐག་?་བས་ཅུང་ཟད་དམའ་བར་བྱའོ། །རྒྱས་པ་ལ་ནི་བ་ལ་རིག་ལྕི་བ་མ་གཏོགས་པ་འབྲས་བུ་ཅན་ཀྱི་ཤིང་རྣམས ་ལས་བྱའོ། །དཔའ་ལ་ནི་པའི་སྦྱར?་པོ་རང། མེ་ཏོག་ཅན་རྣམས་ལས་བྱའོ། །དགུག་པ་ལ་ནི་ཚེར་མ་ལྕགས་ཀྱུ་ཅན་ལྟ་བུ་རྣམས་ལས། །མངོན་སྤྱོད་ལ་ནི་ཤིང་ཚ་བ་དང། ཚོར་མ་ཅན་དུར་ཁྲོད་ཀྱི་ཤིང་དང། བོང?་བུ་དང་རྔ་མོའི་རྟུག་པ་རྣམས་ཏེ་བུད་ཤིང ་བསྟན་པའོ། །དེ་ནས་ཞིང་བའི་ལས་ལ་ཁྲུས་རང་གཙང་སྦུ་བྱས་ཏེ། ལུས་དྲི་ཞིམ་པས་བྱུགས་ལ། པོ་ས་དང་རྒྱན་དཀར་པོས་བརྒྱན་ཏེ། བྱམས་པ་དང་ལྡན་པས་ཁ་ནུབ་ཏུ་བལྟས་ལ་སྟན་ནང་ཚངས་ཅན་འཇམ་པོའམ། པདྨ?་ལ་འདུག་སྟེ། ཞི་བའི་ཡིད ་ཀྱིས་ཡར་ངོའི་ཆོས་གཅིག་གི་ཐོ་རངས་ནས་བརྩམས་ཏེ་བྱའོ། །རྒྱས་པ་ལ་ནི་མེ་ཏོག་གི་ཕྲེང་བ་སེར་པོ་དང། རྒྱན་སེར་པོས་བརྒྱན་ཏེ། སྟན་བཟང་པོ་ལ་འདུག་སྟེ། རངས་པའི་ཡིད་ཀྱིས་ཁ་བྱང་དུ་བལྟས་པ་ཉའི་ཉི་མ་སྔ་དྲོ་ནས་བརྩམས་ཏེ་བྱའོ། །དབང ་ལ་ནི་གོས་དང་རྒྱན་ལ་སོགས་པ་དམར་པོས་བརྒྱན་ཏེ། ཆགས་པའི་ཡིད་ཀྱིས་སྟན་མཐོན་པོ་ལ་རྡོ་རྗེ་སྐྱིལ་ཀྲུང་གི་ཁ་ཤར་དུ་བལྟས་ལ་བྱའོ། །དགུག་པ་ལ་ཡང་དེ་བཞིན་ཏེ། ཁྱད་པར་དུ་སྟེང་དུ་བལྟ་ལ་བྱའོ། །མངོན་སྤྱོད་པ་ནི་ཁྲོ་བའི་སེམས་ཀྱིས་གོས་དང་?་?་དང ་ཁྲག་དང་ཆུས་སྤངས་པ་བགོས་ལ་གཤིན་རྗེའི་ཕྱོགས་སུ་ཁ་བལྟས་ཏེ། སྟན་མ་ཁྲང་པོ་ལ་བསྒྲུབ་བྱའི་གཟུགས་བརྙན་གྱི་སྙིང་གར་འདུག་པའམ། སྟན་མེད་པར་ཡང་དུབ?་སྟེ། རྐང་པ་གཡོན་པས་གཡས་པ་མནན་པ་ལ་སོས་སོ་འཆའ་ཞིང་གདོ?་ཁྲག་ཉིད་དང ་ལྡན་པས་མིག་བཟློག་སྟེ། མར་ངོའི་ཚེས་གཉིས་པོ་འམ་གཞན་ཡང་རུང་སྟེ། འགྲོ་བ་ཉིད་བརྩམ་པར་བྱས་ལ། བསྒྲུབ་བྱ་བསྡིགས་པ་ལས་བཟློག་པར་བྱ་བའི་ཕྱིར། ཉིན་ཕྱེད་དམ་མཚན་ཕྱེད་ན། ཧཱུཾ་ལས་བྱུང་བའི་རྡོ་རྗེ་ལྕགས་ཀྱུས་བསྒྲུབ་བྱའི་བསྲུང་བ ་བཅས་ལ་བྱའོ། །སྒྲུབ་པ་པོ་བསྟན་པའོ། ཞི་བའི་ཨརྒའི་སྣོད་ནི་གསེར་རམ་དངུལ་ལམ། ཐབས་སམ་རྡོ་དང་ས་དང། དུང་དང་ཉ་ཕྱིས་ལ་སོགས་པ་དང། ཤིང་ལ་ཀྱོང་བ་ཡང་རུང་སྟེ། ནས་དང་འོ་མ་དང། དྲི་དཀར་པོ་དང་ལྡན་པའི་ཆུས་བླུགས་ལ། རང་གི་ལྷའི་སཕགས? ་ཀྱིས་མཐར་སྭཱཧཱ་དང་ལྡན་པ་ལ་ལན་བདུན་བཟླས་བར་བྱའོ། །རྒྱས་པ་ཡང་དེ་བཞིན་ཏེ། ཁྱད་པར་དུ་དྲི་སེར་པའི་ཆུ་དང། ཏིལ་དང་ཞོ་དང་ལྡན་པ་སྟེ། ཨོཾ་གྱི་མཛའ་དང་ལྡན་པས་བཟླས་སོ། །དབང་ལ་ནི་དྲི་དམར་པོའི་ཆུ་སྟེ། ཧོའི་མཛའ་དུང་ལྡན་པ་བཟླས་སོ་མངོན་སྐྱོད ་ལ་ནི་དྲི་མི་ནི་མ་ཞིང་གནས་ལ་བཅས་པའི་ཆུ་བའི་ཅིན་དང། ཀོ་ཏྲ་བ་དང་ལྡན་པ་ལ་ཕཊ་ཀྱིས་མཛའ་དང་ལྡན་པར་བཟླས་ཏེ། མཆོད་ཡོན་གྱི་ཆོ་གའོ། །དེ་ལ་ཞི་བ་དང་རྒྱས་པ་དང་དབང་རྣམས་ལ་ལས་ཐམས་ཅད་པའི་ཆུ་ཡི་གེ་ཧཱུཾ་ཡོངས་སུ་བཟླས་པ་དང ་ཨ་?་?་གཉིས་གཡོན་དུ་བཞག་ལ། ཡང་དེ་ཉིད་བཟླས་བའི་ཆུ་དེ་གཉིས་ལས་ལག་པ་གཡས་པས་བླངས་ལ། ཡི་ཤིང་བུད་ཤིང་དང་ལ་སོགས་པའི་སྲེག་རྫས་ལ་བསང་གཏོར་བྱས་ལ། གཡས་ཕྱོགས་སུ་བཞག་གོ། དྲག་པོ་ལ་ནི་བཟློག་སྟེ ་དེ་ལ་ཞིང་ཡ?་ནི་ཤིང་འོ་མ་ཅན་གཙུགས་པ་ལས་བྱུང་བའི་མེ་དང། བྲམ་ཟེའི་སྦྱིན་བསྲེག་གིས་མིག་བྱའོ། །རྒྱས་པ་ལ་ནི་དགེ་འདུན་གྱི་སྲོ་གང་གི་མེ་འམ། རྒྱལ་རིགས་དང་རྗེ་རིགས་ཀྱི་ཁྱིམ་གྱིས་མེད་བྱའོ། །དབང་ལ་ནི་རྗེ་?་འདས་པ་? ་ཁྱིམ་གྱིས་མེས་བྱའོ། །དགུག་པ་ལ་གར་མཁན་དང་ཀུན་ཏུ་རྒྱུ་?་ལམ་དུ་བུས་པའི་?་བྱའོ། །དྲག་པོ་ལ་ནི་དུར་ཁྲོད་ཀྱི་ཤིང་དང། རྡོ་གཅུངས་པ་ལས་བྱུང་བ་དང། ཤན་བའི་ཁྱིམ་གྱིས་མས་བྱའོ། །དེ་ནས་ཧཱུཾ་?་པའི་ཀུ?་ཤའི་?་གླང་པ། ་བསང་གཏོར་ལན་གསུམ་བྱས་ཏེ། གཙང་ཞིང་སྐམ་པའི་རྩ་དང་ལྷན་ཅིག་ཏུ་བཅུག་ལ་རྒུད་ཡབ་ཀྱིས་སྦར་ལ། ཨོཾ་ཛཝ་ལ་ཛཝ་ལ་ཧཱུཾ་ཞེས་བྱ་བ་ལན་བདུན་བཟླས་པའི་མར་གྱིས་སྤར་ལ། ཨོཾ་བཛྲ་སཏྭ་ཨ་ཞེས་བྱ་བ་ཡོངས་སུ་བཟླས་པའི་ཀུ་ཤ་རློན་པ་འདབ་? ་ཉམས་ཤིང་ཤིན་ཏུ་རིང་བ་མ་ཡིན་པ་རྩེ་མོ་ཤར་དུ་བསྟན་ཏེ། ཐབས་ཁུང་གི་ཕྱི་རོལ་ཏུ་གཡོགས་ལ། ཡི་གེ་ཧཱཾ་གིས་ཐད་ཁུང་བསྐྱེད་དེ། དེའི་ནང་དུ་རཾ་ལས་མེ་ལྷ་ལས་དང་རྗེས་སུ་མཐུན་པའི་མདོག་དང། རྒྱན་?་བྲེད་?། ཕྱག་གཉིས་? ་བགྲད?་ཕྱེད་དང་།རིལ་བ་སྤྱི་བླུགས་ཐོགས་པ། གསུམ་པ་འཕྱང་ཞིང་རལ་པའི་?་ཚུགས་ཅན་བསྐྱེད་ལ། ཨོཾ་?་ན་ཡེ་མ་ཧཱ་ཏེ་ཛས་ཆ་ཀརྨ་མནད་?་དཀཀ་རུ་ཎ་ཀྲི་ཏྭ་སརྦ་ཨརྠ། ཨ་སྨིན་སཎནི་ཧི་ཏོ་བྷ་བཞེས་བྱ་བའི་སྔགས་ཀྱིས་ཡོངས?་ཀྱི་མེ ་བྱ་བཀུག་ལ། ཛ(རྒྱུད་འགྲེལ་བའི་བར་དུ་བྱས་ལ་བྱ་དང་ནང་གི་མཆེད་པས་མཆོད་དེ། ཨོཾ་དབྷཾ?་དྷཝཾ་ཞེས་བྱ་བ་ལྷ་བཤོས་དབུལ་ལོ། །དེ་ནས་དེའི་ལྕེ་ལ་ཧཱུཾ་གིས་རྡོ་རྗེ་བསམས་ལ་ཞལ་ཅུང་ཟད་གདངས་ཏེ་གཟར་དུ་གཉིས་ཐོགས་པའི་གྲུ་མོ་བུས་མོ་གཉིས་ཀྱི་ནང་དུ་བཅུག་ལ། ཨོཾ་ཨགན ་ཡེ་སྭཱཧཱ་ཞེས་བྱ་བས་གང་བའི་སྦྱིན་སྲེག་སྦྱིན་ནོ། །དྲག་པོ་ལ་ནི་ཞལ་ཤིན་ཏུ་གདངས་ཏེ་གདུག་པ་དང་བཅས་པའི་ཚ་བའི་མར་ནག་སྦྱིན་ནོ། །དེ་ནས་མེའི་མཚན་ཉིད་མཁས་པས་བརྟགས་པར་བྱ་སྟེ། འཇའ་ཚོན་དང། ས་ཏིཀ་དང། རྔ་མ་དང། འདམ་བུ་ཆུ་ཤེལ་ལྟ་བུའི་མདོག་ནི ་དགེ་བའི་ལས་ལ་ཤིས་སོ། །གཞན་ཡང་དྲི་མེད་ཅིང་སྒྲ་ཟབ་པ་དང། རྩེ་མོ་གཅིག་ཏུ་འབར་བ་ནི་ཤིས་པ་སྟེ་དེ་ནས་ཞི་པ་ལ་ཁྱད་པར་མདོག་དཀར་བའོ། །རྒྱས་པ་ལ་སེར་པོའི་མདོག། རྗེས་སུ་ཆགས་པ་ལ་དམར་བ་སྟེ། སྔོ་དང་ནག་པོ་མངོན་སྤྱོད་ལ། དེ་ལ་བགེགས ་དང་བཅས་པའི་མེ་ནི་དུ་བ་ཆེ་ཞིང་མེ་འཕྲོ་བ་དལ་བུས་འབར་ཞིང་ཞན་པ་དང། མེ་ལྕེ་འཆད་པ་དང། འོད་མེད་ཅིང་མདོག་སྔོ་བ་དང། མདུད་རྩེ་ལྟ་བུ་དང། ཞི་བ་མ་ལྟ་བུ་དང། བ་ལང་གི་གདོད་པ་ལྟ་བུའི་དབྱིབས་དང། མི་རོའི་དྲི་དང། དྲི་མེད་པའམ། ། ་ཡང་ན་དྲག་ཏུ་འབར་བའོ། །དེ་ལྟར་བགེགས་དང་བཅས་པར་ཤེས་ནས་སྔ་མ་བཞིན་བསང་གཏོར་བྱས་ལ། རྩ་བའི་སྔགས་ཀྱིས་བསྲུངས་ཏེ། གསང་བའི་སྦྱིན་སྲེག་གསུམ་འམ་བདུན་དབུལ་ལོ། །དེ་ནས་ཡང་ཡམ་ཤིང་ལ་སོགས་པ་སོ་སོའི་སྔགས་ཀྱི་ཇི ་སྙེད་འདོད་པ་བསྲེགས་ལ། བསང་གཏོར་དང་འཐོད་ཐུད་ལ་སོགས་པ་ཕུལ་ཏེ། མེ་ལྷ་མེ་འབར་བའི་རྣམ་པར་གྱུར་པར་བལྟའོ། །དེ་ནས་བསྒྲུབས་ཐབས་ལས་བྱུང་བའི་ཆོ་ག་ལས་དང་རྗེས་སུ་མཐུན་པའི་རྒྱུད་ལས་གསུངས་པའི་ལྷ་དེར་བསྐྱེད་ལ། ཡེ་ཤེས ་སེམས་དཔའ་སྤྱན་དྲངས་ནས་ཨརྒྷ་ལ་སོགས་པ་ཕུལ་ཏྟེ། དམ་ཚིག་སེམས་དཔའ་ལ་བསྟིམས་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ཏེ། ལྗགས་ལ་རྡོ་རྗེ་བསམས་ལ་ཞི་བ་དང། རྒྱས་པ་དང། དབང་དང། དགུག་བས་ནི་ཞལ་ཅུང་ཟད་ཙམ་དབྱེ། ་དྲག་?་ནི་ཤིན་ཏུ་གདངས་པར་ཕྱེ་ལ་བསྲེག་གོ་།དེ་ལ་ཨགན་ཡེ་སྭཱཧཱ་ཞེས་བྱ་བ་མར་གྱི་སྔགས་སོ། །ོཾ་སརྦ་བཱ་པཾ་ད་ཧ་ན་བཛྲ་ལ་ཨ་མུ་ཀེ་སརྦ་བཱ་བི་ད་ཧ་སྭཱཧཱ་ཏིལ་གྱིའོ། །ོཾ་བཛྲ་པུཥྚ?་ཡེ་སྭཱཧཱ་འབྲས་ཀྱིའོ། །ོཾ་བཛྲ་བ་ཛཱ་ཡ་སྭཱཧཱ་ཧཱའོ་མའི་འོ།། ཨོཾ་མཧཱ་བེ ་?་སྭཧཱ་ནས་ཀྱིའོ། །ོཾ་མ་ཧཱ་བ་ལཱ་?་སྭཧཱ་སྲན་ཕྲེའུའི་འོ། །ོཾ་བཛྲ་བྷ་སྨ་རཱི་ཡ་སྭཧཱ་གྲོའི་འོ། །ོཾ་བཛྲ་ཨ་?་?་སྭཱཧཱ་དུར་བའི་འོ། །ོཾ་ཨ་པྲི་ཏ་ཏ་ད་བཛྲ་སྭཱཧཱ་ཀུ་ཤའི་འོ། །ོཾ་བཛྲ་ཨཱ་ཛྙཱ་ཡ་ཛྙཱ་ཡ་སྭཱཧཱ་ཨུ་དུམད་?་འོ། །ོཾ་བོ་དྷི་བྷྲིཀྵ་ཡེ ་སྭཱཧཱ་ཨ་ཤྭཏྭའིའོ། །ོཾ་བཛྲ་ལ་ཧ་ཡེ་སྭཱཧཱ་ལཀྵའིའོ?། །ོཾ་བཛྲ་??་ས་སྭཱཧཱ། ནྱ་གྲོ་དྷ་?། །ོཾ་སཱ་ཧ་ཀ་རཱ་ཡ་སྭཱཧཱ་ཨ་མྲའིའོ། །དེ་ལྟར་ཅི་འབྱོར་པས་བསྲེགས་ནས་བསང་གཏོར་འཐོར་ཐུང་ལ་སོགས་པ་ཕུལ་ཏེ་ཡང་དག་པར་མཆོད་ནས། མ ་འབྱོར་བ་དང་ཉམས་པ་དང། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་བསྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་བྱ་བས་བཟོད་པར་གསོལ་ལ། སླར་ཡང་འདོད་པའི་?་ལ་དནོས་གྲུབ་ཀྱི་ཕྱིར་གསོལ་བ་བཏབ་ནས་ཡི་གེ ་བརྒྱ་པའི་མཐར་ཡི་གེ་ནུ(རྒྱུད་འགྲེལ་བ་བཏབ་སྟེ། མེ་ལྷ་འབྱོད་ཀྱི་རང་གཞན་དོན། སྒྲུབ་པ་ཚུལ་བཞིན་བྱས་ཟིན་གྱིས། །དམ་ཚིག་གནས་ལ་མནོས་མཛོད་ལ། །རང་གནས་དགེ་པར་གཤེས་སུ་གསོལ། །བདག་དང་གཞན་གྱི་དོན་རྣམས་ནི། །བསྒྲུབ་ཏེ་སྦྱིན་སྲེག་གསོལ་ལ་བཞད། །སླར་ཡང ་དུས་བཞིན་གཤེགས་ནས་སུ། །བདག་གི་སྟགས་ཀྱི་དངོས་གྲུབ་མཛད། །སྦྱིན་སྲེག་གི་ཆོ་གའོ། །སྐྱོབ་པ་རྣམས་ཀྱི་རང་བཞིན་ནོ། །མི་གནས་མྱང་ངན་འདས་ཡིན་ཏེ། །སྐྱེ་དང་ལྡན་པའི་སྐྱེ་བོ་ལ། །སྔགས་པས་ནོར་ནི་རྙེད་པ་དང། །སྐྱེ་བོ་རབ་ཏུ་དང་པ ་ཡིས། །བྱེད་པ་དགའ་སྤེལ་བའི་ཕྱིར། རབ་གནས་བསྟན་བཅོས་ལས་གསུངས་པ། །ཐ་སྙད་ཙམ་དུ་བྱས་པ་ཡིན། །དང་པོར་ཉི་མ་བཟང་པོ་ལ་ཕྱི་ནང་གི་ཁྲུས་བྱས་ཞིང་དྲི་?་ཆོས་བྱུགས་ནས་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཏེ་གཙུག་ཏོར་བཅིངས་ནས་མཆོག ་པའི་ཡོ་བྱད་རྣམས་བསོགས་?། ཕྱག་གཉིས་པའི་ཏེ་རུ་ཀའི་རྣལ་འབྱོར་དང་ལྡན་པ། རྡོ་རྗེ་དང་དྲིལ་དུ་འཆང་བས་སྟེགས་དུ་ག?་བཞི་ཁྲུ་བཞི་པ། དབང་སུ་ཁྲུ་ངོ་པར་བྱས་པའི་སྟེང་དུ་སློབ་དཔོན་བདག་ཉིད་འདུག་ནས། ཡང་དེ་ཉིད་དུ་ལུགས་སྐུ་དང་པོ་?་ལ་སོགས་པ་?་གནས ་བྱ་གར?་འོས་པ་བཞུགས་སུ་གསོལ་ལ། །སྟེང་དུ་བླ་རེ་བྲེ་བ་དང། གདུགས་དང་རྒྱལ་མཚན་དང་བདན་ལ་སོགས་པ་བྲེས་ཏེ། །མེ་ཏོག་ཕྲེང་བྲ་དང་སིལ་མ་སྤུངས་ལ། གླུ་དང་གང་དང་རོལ་མོས་བརྒྱན་ནས། ཕྱི་དྲོའི་དུས་སུ་རིམ་པ་འདིས་ཁྲུས་བྱའོ། །དང་པོར ་སྐུ་གཟུགས་ན་བཟའ་སེར་པོ་གསོལ་ལ། ཡུངས་ཀར་ལ་ཧཱུཾ་ཡོངས་སུ་བཟླས་ཏེ། ཁྲུ་ཚུར་གཡས་གཡོན་གྱིས་གཟུང་རྣལ་ལན་གཉིས་སུ་བསྐོར་ཏེ། ཁམ་པོར་གྱི་མེར་བླུགས་པའི་བསྐོར་བ་ལན་ཚུམ་བྱས་ལ། དེ་བཞིན་དུ་ཨོཾ་བཟླས་པའི་ཆུ་ཡི་ཤེས་པའི་བསྐོད་པ་ཡང ་ལན་གསུམ་དུ་བྱའོ། །དེ་ནས་བདུད་རྩི་ལྔ་དང། བའི་རྣམ་པ་ལྔ་ཡང་རུང་པའི་?་གྱིས་བསྐུས་ལ། ཕྱུགས་པར་བྱའོ། །རས་རིས་དང་འབུར་སྐུ་ལ་སོགས་པ་རྣམས་ཀྱི་ནི་མེ་ལོང་གི་གཟུགས་བརྙན་ལ་བྱུག་གོ། དེ་ནས་དྲི་ཞིམ་པོའི་ཆུས་བཀྲུས་ལ། ཨོཾ་སརྦ་ཏ་ཐཱ ་ག་ཏ་བི་ཤ་དྷ་ནི་བཛྲ་སྭཱཧཱ། ཞེས་བྱ་བ་ཡོངས་སུ་བཟླས་དྲི་ཞིམ་པོའི་མན་ངག་བྱུགས་ལ། པ་ཏྭཱ་དང་ཨུ་དུམྦ་ར་ལ་སོགས་པའི་ཤིང་ཤུན་གྱི་ལྔ་གུས་བྱུགས་ཏེ་མར་ནག་ཕྱིའོ། །དེ་ནས་སྒྱུ་རུ་རའི་བདག་ཆལ་གྱིས་བྱུགས་ལ། སྔར་བཤད་པའི་བཀྲ་ཤིས་ཀྱི་ཚིགས ་སུ་བཅད་པས་ཁྲུས་གསོལ?་བ་བྱས་ཏེ། སངས་རྒྱས་དང་རིག་པའི་ཚོགས་རྣམས་ཀྱིས་སྔར་བསྟན་མ་ལྟར་ཁྲུས་བྱེད་བཞིན་པར་བསྒོམས་ལ་བདག་ཉིད་ཀྱིས་ཀྱང་རྣམ་པར་རྒྱལ་པའི་བུམ་པ་ལ་སོགས་པས་ཕྱིའི་ཁྲུས་བྱས་ནས་ཆུའི་ཐིག་པ་སྐུ་ལས་གོས་འཇམ ་བས་བླང་?་བྱའི། །དེ་ནས་ཨོཾ་?་བཛྲ་གནདྷེ་ཧཱུཾ་སྭཱཧཱ་ཞེས་བྱ་བའི་དྲི་ཞིམ་པོ་བྱུགས་ལ། དེ་བཞིན་དུ་ཧཱུཾ་ལས་བསྐྱེད་པའི་མེ་ཏོག་ལ་སོགས་བའི་མཆོད་པའི་ཡོ་བྱད་ཕུལ་སྟེ། སྙིང་ག་དང་མགྲིན་པ་དང། མགོ་བོ་དང། དཔུང་པ་དང། སྤྱི་གཙུག་རྣམས་སུ་རྡོ་རྗེ་དང ་བཅས་པའི་ལག་པ་གཡས་པར་སྤོས་ཐོགས་ཏེ། པུས་མོ་སྭ་ལ་གཙུགས་ནས། ?་རྡོ་རྗེ་དབྱས?་པ། བཅོམ་ལྡན་རྡོ་རྗེ་ཆེ་གེ?་མོ། །རིག་པའི་རྒྱལ་མོ་ཕྱག་འཚལ་བསྟོད། །མགྲོན?་པོ་?་རྗེའི་བདག་ཉིད་?་ནང་པར་འགྱེད་? ་འཚལ། །སློབ་མ་རྣམས་ལ་བརྩེ་བ་དང། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བཅོམ་ལྡན་བདག་ནི་?་ལ། །བཀའ་དྲིན་དག་ནི་མཛད་པར་འོས། །འགྲོ་བའི་འཁོར་ལོ་དོན་མཛད་པའི། །སངས་རྒྱས་བདག་ལ་དགོས་?་གསོལ། །བྱང་ཆུབ་སེམས ་དཔའ་གྲ?་བཅོམ?་དང། །གསང་སྔགས་ལྟ?་གཞན་གང་བཅད?་པ། འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང། །འབྱུང་པོ་སངས་རྒྱས་ཀྱིས་བསྟན་དང། །གང་ཡང་བསྟན་ལ་མངོན་དགའ་བའི། །སེམས་ཅན་རྡོ་རྗེའི་མིག་ཅན་རྣམས། །ཆེ་གེ?་མོ་བདག་རྡོ་རྗེ་ཆེས། །རིག་པའི ་?། །རབ་གནས་ཡོ་བྱད་ཅི་འབྱོར་པས། །འགྲོ་བའི་ཕྱིར་?་འཚལ། །བདག་དང་སློབ་མར་བཅས་པ་ལ། །ཐུགས་རྗེ?་ཉེ་བར་དགོངས་ནས་ཀྱང། །རབ་ཏུ་གནས་པ་ཐམས་ཅད་ལ། །ཐུགས་རྗེར་ལྡན་པས་བྱིན་བརླབས་མཛད། །ཅེས་བྱ་བར་འདིས ་?་སྙན?་གསན?་ཕབ་མ། ལུགས་མ་ལ་སོགས་པའི་སྐུ་གཟུགས་རྣམས་སྔོན་དུ་བདག་མེད་པར་བསྒོམས་ལ། ཟླ་བ་རྡོ་རྗེ་ལ་སོགས་པའི་རིམ་པའམ། སྐད་ཅིག་ཙམ་གྱིས་རང་གི་ལྷར་བསྐྱེད་དོ། །པོ་ཏིལ་ནི་ཡི་གེ་རྣམས་གསུང་རྡོ་རྗེ་ཡོངས་སུ་གྱུར་པ་ལས་བྱུང་པོས ་ཡི་གེ་བསྐྱེད་དོ། །ལྷ?་ཁང?་དང་མཆོད་རྟེན་ལ་སོགས་པ་ནི་རྣམ་པར་སྣང་མཛད་ཡོངས་སུ་གྱུར་བ་ལས་བྱུང?་བར་བསམས་ལ། ཕྱོགས་བཅུ་རྣམས་ནས་ཡེ་ཤེས་སེམས་དཔའ་བཟུག་སྟེ། སྔར་བསྟན་པའི་སྔགས་ཀྱིས་ཨརྒྷཾ་དང་ཞབས་བསིལ་ལ་སོགས་པ་ཕུལ་ནས། ་སྔར་བསྟན་པའི་ཚུལ་ཀྱིས་སྐུ་གཟུགས་ཀྱི་ཐུགས་ཀར་བཅུག་ལ་དེ་བཞིན་དུ་དབང་བསྐུར་ཏེ། སྦྱོར་བོ་ཇི་ལྟ་བ་བཞིན་དུ་ཕྱག་རྒྱས་བཏབ་ལ། མེ་ཏོག་དང་གདུག་པ་ལ་སོགས་པའི་ཕྱི་ནང་གི་མཆོད་པས་ཡང་དག་པར་མཆོད་དེ་།རབ་གནས་ཀྱི་ལྷ་གང་ཡིན་པའི་སྔ ་དེ་ཉིད་མེད?་དུ་བཛྲས?་ནས་ཡི་གེ་བརྒྱ་པའི་མཐར་མུ:?་བརྗོད་ནས། ?་གཤེགས་སུ་གསོ?་མཁའ་རོན་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་ནང་ལ?་སྔགས་སློབ་དཔོན་དང་གི་སྟེར་རྣལ་འབྱོར་དང་ལྡན་པས། མཆོད་པའི་?་བྱད་ཐམས་ཅད་?་ནས། །བཅོམ་ལྡན ་རྡོ?་?་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ནང་པར་ཞེས་བྱ་བའི་གནས་སུ་ད་ནི་ཞེས་པ་བཅུག་པ་བརྗོད་དེ། ལྷ་བསྐུལ་ལ་ལྷག་པར་གནས་པའི་སྐབས་སུ་བཤད་པའི་ཆོ་ག་ཐམས་ཅད་བྱ་སྟེ། གཤེགས་སུ་གསོལ་བ་མ་གཏོགས་པའི་ཡི་གེ་བརྒྱ་པས ་བརྟན་པར་བྱའོ། །གང་དག་ལྷག་པར་གནས་པ་མ་འབྱོར་པ་རྣམས་ཀྱིས་ཀྱང་དེ་ལྟར་བྱའོ། །དེ་ནས་རྒྱས་པའི་སྦྱིན་?་?་ནས་མཐར་སློབ་མར་གཡོན་ཕྱོགས་སུ་བཞག་པ་ལ། བགེགས་མཐར་བྱེད་ཀྱི་སྔགས་བཟླས་པའི་ཆུས་བསམ་གཏན་བྱས་ནས། གསལ?་པའི ་མཐེ་བོང?་གང་ཡོད་པས་གཟུང་སྟེ། བླུགས་གཟར་གྱིས་མར་གྱི་སྦྱིན་སྲེག་ཅི་འབྱོར་ལྷ་ལ་ཕུལ་ནས། ཏིལ་ལ་སོགས་པ་ཡང་བསྲེགས་ལ། བདུད་རྩི་འཁྱིལ་པའི་སྔགས་བཟླས་པའི་མེ་ཏོག་གི་ཕྲེད་བ་དེའི་ལག་པར་བཏགས། སྔར་བསྟན་པའི་ཆུས་བསང ་གཏོང་བྱས?་ཏེ། ཨོཾ་རུ་རུ་སྦུ་དུ་ཛཝ་ལ་ཏེཥྛ་སིདྡྷ་ལོ་ཅན། སརྦ་ཨརྒ?་སཱ་དྷ་ནི་སྭཱཧཱ། ཞེས་བྱ་བའི་སྔགས་དེའི་སྙིང་གར་བསམས་ལ། ཚིགས་སུ་བཅད་པ་འདིས་ཡོན་བསླང་བར་བྱའོ། །བླ་མ་ཡོངས་སུ་མཉེས་པའི། །ལས་ཀྱི་དངོས་གྲུབ་ཐོབ་འགྱུར་བས། །ཐ་ན ་བཀུར?་ལྟ་ཙམ་གྱིས་ཀྱང། །བླ་མ་ཡོངས་སུ་མཉེས་པར་བྱ་ཞེས་སོ། །དེ་ནས་?་དེ་ཉིད་དུ་མར་གྱི་ལྷག་མ་དང། འོ་མ་ལ་ཙཱ་དུ་བཙོས་ལ་སྦྱིན་སྲེག་ཕུལ་ཏེ། ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵ་བི་ཤོ་དྷ་ན་བཛྲ་སྭཱཧཱ། ཞེས་བྱ་བའི་སྔགས་དང། གསེར་གྱི་ཐུར ་མས་སྐུ་གཟུགས་ཀྱི་སྤྱན་ཕྱེ་ལ། ཨོཾ་དི་བྱ་ཨགནེ་ས་མན་དི་དྷ་ན་བྲི་?་སྭཱཧཱ། ཞེས་བྱ་བའི་སྔགས་ཀྱིས་ཙཱ་པུ་རི་དུང་ལྷག་དབུལ་བར་བྱའོ། །དེ་ནས་བདག་དང་སློབ་མ་ཤི་བ་དང་རྒྱས་པར་བྱ་བའི་ཕྱིར་རོ། །ོཾ་བཛྲ་བུཥཔེ་སྭཱཧཱ། ཨོཾ་བཛྲ་བུཥྚ?་ཡེ་སྭཱཧཱ། ཞེས ་བྱ་པས་སྦྱིན་སྲེག་བྱས་ལ། བླ་མས་དེ་བཞིན་གཤེགས་པས་གསོལ་པ་ཡིས། །ལྷག་མ་སྡིག་པ་སྦྱང་ཕྱིར་?་ཞེས་བྱ་བས། ཙཱུ་རུའི་ལྷག་མ་སློབ་མ་ཟར?་གཞུག་གོ། དེ་ནས་བདུད་རྩི་འཁྱིལ་བའི་སྔགས་བཟླ་ཞིང་ཁུ་ཚུར་གཡས་ལས་གཟུང་བའི ་རྡོ་རྗེ་རྩེ་མོས་སྐུ་གཟུགས་ཀྱི་སྐུ་སླད་དང་པར་དང་དབུ་ལ་ལན་གསུམ་གསུམ་བསྐོར་ལ་བརྟན་པར་བྱས་ནས། སྐུ་གཟུགས་ཀྱི་སུམ་ཚའོ་ཚོད་ཀྱི་སྟེགས་བུའི་སྟེང་དུ། ཨོཾ་སུ་པྲ་ཏིཥྛ་བཛྲ་སྭཱཧཱ། ཞེས་བྱ་བས་བཞུགས་སུ་གསོལ་ལ། སློབ་མས་སྐུ་གཟུགས ་ལ་བསྐོར་བ་དང། ཕྱག་བྱ་བ་དང། མཆོད་པ་རྣམས་བྱས་ལ། སློབ་དཔོན་ལ་མཆོད་པའི་ཡོ་བྱས་རྣམས་སྦྱར་ཏེ་དབུལ་ལོ། །སློབ་དཔོན་གྱིས་ཀྱང་ཕྱོགས་སྐྱོང་རྣམས་ལ་གཏོར་མ་ཕུལ་ཏེ། སྐུ་གཟུགས་ཡུན་རིང་དུ་བཞུགས་པར་བྱ་བའི་ཕྱིར་དང། ་བདག་དང་སློབ་མ་ཞི་བར་བྱ་བའི་ཕྱིར་ཕྱོགས་སྐྱོང་ལ་གསོལ་པ་གདབ་སྟེ། བཟོད་གསོལ་བྱའོ། །ཇི་སྟེ་རས་རེས་དང་སྐུ་གཟུགས་ལ་སོགས་པ་རྣམས་ཀྱི་རབ་གནས་མདོག་བསྡུས་ཏེ་བྱ་བར་འདོད་ན། རང་ཉིད་རང་གི་ལྷག་པའི་ལྷར་བསྒོམས་ལ། སྐུ ་གཟུགས་ལ་སོགས་པ་ཁྲུས་བྱས་ནས། མཆོད་པའི་ཡོ་བྱད་རྣམས་བཤམས་ཏེ། བདག་མེད་མའི་བསམ་གཏན་སྔོན་དུ་འགྲོ་བས། སྐད་ཅིག་ཙམ་གྱིས་ལྷོར་བསྒོམས་ལ། མིག་དང་སྐུ་ལ་སོགས་པར་བྱིན་གྱིས་བརླབས་ཏེ། ཡེ་ཤེས་སེམས་དཔའ་ ་བསྟམས་ནས། ཕྱི་ནང་གི་མཆོད་པར་ཡང་དག་པ་མཆོད་ལ་དེ་ཉིད་ཀྱི་སྔགས་བརྒྱ་རྩ་བརྒྱད་བཟླའོ། །རིགས་པ་དང་བགྲང་ཕྲེད་གི་རབ་གནས་ནི་ཡིག་འབྲུ་ལས་གསུང་རྡོ་རྗེར་བསྐྱེད་དེ། དེ་ཡོངས་སུ་གྱུར་པའི་རི་ལུང་བལྟའོ། །དད་པ་ཆུང་བ་དང། ཀུ་ཤཱ་ལི ་དང། འཚ་བའི་དོན་གྱི་རྣལ་འབྱོར་པ་ཕོ་མོ་རྣམས་ཀྱི་བགྲང་ཕྲེང་ལ་སོགས་པ་ནི། སྔགས་བཟླས་པས་བྱིན་གྱིས་བརླབ་པོ། །དེ་ནས་མཆོད་པ་བྱ་སྟེ། སྔགས་བརྒྱ་ཅུ་བརྒྱད་དེ་བཟླས་ནས་རྡོ་རྗེ་དྲིལ་བུ་བསིལ་ལ་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་རྣམས ་ལ་བཟོད་བར་གསོལ་ལོ། །དཀྱིལ་འཁོར་ལ་སོགས་ཆོ་ག་ནི། །བྱས་པས་བདག་གིས་དགེ་ཐོབ་པ། །དས་ནི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་འཇོམས་བྱེད་ཤོག། དཔལ་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་དང། སྦྱིན་སྲེག་དང་རབ་གནས་ཀྱི་ཆོ་ག་སློབ་དཔོན ་ནག་པོའི་ཞལ་སྔ་ནས་?་དང་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ནག་པོའི་ཞལ་སྔ་ནས་དང། ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷ་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། ཧོ་མ་བི་དྷི། བོད་སྐད་དུ། ་