| Wylie | e-texts based on the ACIP/ALL Input |
པའོ།། །།རྒྱ་གར་སྐད་དུ། ཧེ་བཛྲ་སཱ་དྷཾ་ནཾ་ཏཏྟཱོ་ཏྱོཏྟ?་ཀ་ར་ན་མ། བོད་སྐད་དུ། དཔྱས་པའི་རྡོ་རྗེ་སྒྲུབ་པའི་ཐབས་དེ་ཁོ་ན་ཉིད་གསལ་བར་བྱེད་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ོཾ?་དགྱེས་པའི་རྡོ་རྗེ་ལ་ཕྱག ་འཚལ་ལོ། །གཅིག་དང་དུ་མས་དཔྱད་པའི་སྙིང་པོས་སྤྲུལ་པའི་རྒྱུ་མའི་དངོས། །འཇིག་པའི་དུས་ཀྱི་སྤྲིན་འདྲའི་སྐུ་འཆང་ཤེས་རབ་དམ་པས་འཁྲུད?། །རྡོ་རྗེ་ལས་བྱུང་དག་པའི་དེ་ཉིད་ཀྱིས་སྤྲུལ་ལྷ་མོས་བསྐོར། །སྙིང་རྗེས་པྲོས?་པའི་གཟུགས་ཅན་དགྱེས ་པའི་རྡོ་རྗེ་རྟག་ཕྱག་འཚལ། །རྡོ་རྗེ་འཆང་པ་གང་ཞིག་གིས། །འབྲས་བུ་དཔལ་ལྡན་ཁྲག་འཐུང་ཐུགས། །དེ་གསལ་བྱེད་བའི་བླ་མ་ནི། །དམ་ཚིག་རྡོ་རྗེ་ལ་ཕྱག་འཚལ། །དང་པོར་རེ་ཞིག་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་གནོད་པར་སྐྱོ་བར་གྱུར?་པའི ་སེམས་ཅན་གྱི་ཁམས་ལ་དམིགས་ལ། སྙིང་རྗེས་ཕུལ་དུ་བྱུང་བའི་རོས་གང་བའི་དབང་དུ་གྱུར་པའི་སེམས་ཀྱིས། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་གོམས་པར་བྱས་པས། དག་པར་གྱུར་པའི་སེམས་ཀྱི་རྒྱུན་དང་ལྡན་པ། དཔལ་དགྱེས ་པའི་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་རྗེས་སུ་གནང་བ་ཐོབ་པ། དམ་ཚིག་དང་སྤྱོད་པ་ལ་མཁས་པའི་རྣལ་འབྱོར་བས། ཐོ་རངས་ཡངས?་ལ། རུང་གི་སྙིང་གར་རེ་ཕ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་མཆོག་དང་པོའི་ཡི་གེ་བསམ་ཞིང།། ་དུར་ཁྲོད་ལ་སོགས་པའི་ཡིད་དུ་འོང་བའི་གནས་འགའ་ཞིག་ཏུ་གནས་ནས། བདེ་བའི་སྟན་ལ་འདུག་ཏེ། ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་ལྡན་པའི་ཡི་གེ་ཧཱུཾ་ལས་བྱུང་བའི་འོད་ཟེར་གྱི་ལྕགས་ཀྱུས། བཅོམ་ལྡན་འདས་འཆད་པར་འགྱུར་པའི་ཁ་དོག་དང་ཕྱག་དང་མཚོན?་ཆ་ཅན ་བཀུག?་ལ་ནམ་མཁའ་ཨི་ཕྱོགས་སུ་བལྟས་ཏེ། ཡིད་ལས་བྱུང་བའི་མེ་ཏོག་ལ་སོགས་པའི་མཆོད་པས་མཆོད་ནས། སྙིང་གའི་ས་བོན་ལས་བྱུང་བའི་གཽ?་ཌཱི་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་འདད་པའི་ཡོན་ཏན་ལྔ་ཡིས་མཆོད་པར་བྱའོ། །དེ་ལ་གཽ་རཱི?་དི་དགས་ཀྱིས་མཚན?་པའི ་ཐོད་པ་ཕྱག་ན་བསྣམས་པའོ། །ཏཱ་རཱི་ནི་རང་བྱུང་གི་མེ་ཏོག་གིས་གང་བའི་སྣོད་ཀྱིས?་ལག་པ་བྲེལ་པའི?། །བེཏྟཱ?་ལཱི་མི་ཆུའི་སྣོད་ཀྱིས་ལག་པ་གཉིས་བྲེལ་པར་གྱུར་པའོ། །གྷསྩ?་རཱི་ཤས་གང་པའི་སྣོད་ཀྱི་ཐོགས་པའོ། །བཱཀྐ་སཱ་ནི་ལག་ན་ཙན་དན་གྱིས་གང་བའི་སྣོད་ཐོགས? ་པའོ། །ཤ་པ་རཱི་ནི་?་ནས་སྦྲང་རྩི་ལྡུག་པར་བྱེད་པའོ། །ཙཎདྲ་ལཱི་དི་ཅང་ཏེའུ་བརྡུང་ཞིང་མཆོད་པར་བྱེད་པའོ། །ཌོམཔི་མཱི་མེད?་དུ་ལ་ནས་འཁྱད་ཅིང་སྙོམས་པར་འཇུག་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་དེ་ཉིད་ཀྱི་མདུན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱས ་ཏེ། བདག་གིས་སྡིག་པ་ཐམས་ཅད་སོ་སོར་བཤགས་པ་?ཱོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། སོ་སོའི་སྐྱེ?་པོ་ཐམས་ཅད་ཀྱི་བསོད་ནམས་རྡོ་རྗེས་སུ་ཡི་རང་ངོ། །བདག?་བྱང་ཆུབ་ཀྱི་སྙིང་པོ་ལས་ཆོས་ཀྱིས་སུ?་ཐུགས་རྗེ་ཆེན་པོ་དང་ལྡན་པས་སངས ་རྒྱས་རྡོ་རྗེ་འཆང་དང། ཐེག་པ་ཆེན་པོའི་ཆོས་མ་ལུས་པ་དང། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་དང་ལྷ་མོའི་ཆོགས་ཀྱི་དགེ་འདུན་ལ་སྐྱབས་སུ་མཆིའོ། །?་བླ་ན་མེད་པའི་ཡང་དག་པར་རྫོགས?་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱི་སྟེ། སེམས ་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བསྒྲུབ་པ་ཡང?། འདི་དག་ཇི་སྲིད་དུ་མཐར་ཐུག་པའི་མྱ་ངན་ལས་འདས་པ་སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ཏུ་དགོད་པའི་ཕྱིར་རོ། །འདི་ལྟ་སྟེ། བླ་ན་མེད་པའི་ཐེག་པ་ཆེན་པོའི་ལམ་འདི་ཉིད་ལ་ཡང་བརྟན་པར་བགྱིའོ། །བདག ་ཉིད་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དབུལ?་ལོ། །དགེ་བའི་རྩ་བ་འདི་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །ཞེས་བརྗོད་ཅིང་ཕྱག་འཚལ་ནས་གཏོར་མ་བྱིན་ལ?། ཡི་གེ་བརྒྱ་པ ་བརྗོད་པས་མཉེས་བར་ཡང་བྱ་སྟེ། ཨོཾ་ཤྲཱི་ཧེ?་རུ་ཀ་ས་མ་ཡ་མ་ནུ?་པཱ་ལ་ཡ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛི་དྲཌཧོ་མེ་པཱ་བ་ཨ་ནུ་རདྷོ?་མེ་བྷ་བ་སུ་ཏོཥྱོ?་མེ་བྷ་བ། སརྦ་སཾ་བདྷིམམེ?་པྲ་ཡཙྪ། སརྦབ?་ཀརྨཱ་སུ་ཙ་མེ་ཙིདྷཾ?་ཤྲི?་ཡ:ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། བྷ་ག་བ་ན་སཎཔ? ་དྲ་ཐཱ་ག་ཏ་བཛྲ་མཱ་མེ་ནུཉྩ?་བཛྲཱ?་བྷ?་བ་མ་ཧཱ་ས་མཡ་སདྭ་ཨཱ:བཛྲ་མུ:ཞེས་བྱ་བ་གཤེགས་སུ་གསོལ་ལོ།།དེ་ནས་སེམས་ཅན་ཐམས་ཅད་བུ་གཅིག་པ་སྡུག་པ་ལྟར་མཉམ་པའི་མཚན་ཉིད་ཅན་གྱི་བྱམས་པ་དང། དེ་དག་ཉིད་སྡུག་བསྔལ་དང་སྡུག་བསྔལ ་གྱི?་རྒྱུ་ལས་བཟློག་པར་འདོད་པའི་མཚན་ཉིད་ཅན་གྱི་སྙིང་རྗེ་དང། དེ་དག་ཉིད་ལ་ལྷའི་བདེ་བ་སྒྲུབ་ཅིང་བསྐྱེད་པ་ལ་དགའ་བའི་དགའ་བ་དང། དེ་ནས་དེ་དག་ཉིད་ལ་བླ་ན་མེད་པའི་བདེ་བའི་རྣམ་པའི་ལམ་སྒྲུབ་བར་འདོད་པའི་རྣམ་པ་ཅན་གྱི་བཏང་སྙོམས་བསྒོམ་པར ་བྱའོ། །འགྲོ་བ་ངོ་པོ་ཉིད་ཀྱིས་སྟོང། །མཚན་མ་མེད་ཅིང་རྒྱུ་མེད་དེ། །ཐམས་ཅད་རྣམ་པར་རྟོག་བྲལ་པས། །སྨོན་ལམ་དག་ཀྱང་རྣམ་པར་པངས། །མ་ལུས་དེ་ལྟར་ཤེས་བྱ་ཞིང། །བདག་གི་སྒྱུ་འདྲའི་སེམས་ཉིད་དེ། །རྣམ་པ་མ་རིག་པ་ཡིས་བསྐྱེད། །དེ་འགགས ་པའི་འགག་པར་འགྱུར། །ོཾ་ཤཱུ་ནྱ་བཛྲE?་ན་བཛྲ་སྭ་བྷཱ་བ་ཨཱདམཀོཧཾ། ཞེས་བྱ་བའི་སྔགས་རྒྱས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་བསྲུང་བའི་དོན་དུ། རེ་པས་ཉི་མ་སྔོན་དུ་རྣམས་བསྒོམས་ནས། །ཉི་དེར་ཧཱུཾ་བྱུང་སྣ་ཚོགས་རྡོ་རྗེ་སྟེ། །རྡོ་རྗེ་དེ་ཉིད་ཀྱིས་མི་རབ?་དང། ། ་གུར?་བཅང?་པ་ཡང་རྣམ་པར་བསྒོམ་བར་བྱ། །འདི་ཡི་དོན་ནི་འདི་ཡིན་ཏེ། །ཉི་མ་དང་སྣ་ཚོགས་རྡོ་རྗེ་དག་ལས་སྤྲོས་པས་ཞུ?་ཞིང་གཅིག་ཏུ་གྱུར་བ་ལས་རྣམ་པར་སྤྲོས?་པས། འོག་ཏུ་རྡོ་རྗེའི་རང་བཞིན་གྱིས་གཞི་དང། སྟེང་དུ་རྡོ་རྗེ་གུང་དང། ཐང་ཀར་རྡོ་རྗེ་ར་བ་དང། ་དེ་ཡི་ཕྱི་རོལ་ཏུ་རྡོ་རྗེ་མེ་འབར་བ་བསྒོམ་པར་བྱ་ཞིང་སྔགས་ཀྱིས་ཀྱང་བསྟན་པར་བྱ་ཞིང། ཨོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ་།ཞེས་བྱའོ། །དེའི་དཀྱིལ་དུ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཀྱི་ངོ་ངོ་ཉིད་སྟོན་ཀའི་ཟླ་བ་ལྟར་བའི་ཆོས་འབྱུང་ཞེས་བྱ་བ་གྲུ་གསུམ་ནམ ་མཁའ་ཨི་ཁམས་བསྒོམ་བར་བྱའོ། །དེའི་དཀྱིལ་དུ་ཡི་གེ་ལཾ?་ལས?་བྱུང་བའི་རླུང?་གི་དཀྱིལའཁོར་སྔོན་པ་གསུང?་དབྱིབས་ཅན་གཡོ་བའི་བདན?་གཉིས་ཀྱིས་མཚོན་བའོ། །དེའི་སྟེང་དུ་རེ་ཕ་ལས་མེའི་དཀྱིལ་འཁོར་གྲུ?་གསུམ་དམར་པོ་གྲུ་རྣམས་སུ་ཡི་གེ་རས་མཚོན་པའོ?། །དེའི ་སྟེང་དུ་ངཾ་ལས་བྱུང་བའི་དཀྱིལ་འཁོར་ཟླུམ་བོ་ཁ་དོག་དཀར་པོ་བུམ་པས་མཚན་པའོ། །དེའི་སྟེང་དུ་ཁི?་ལས་བྱུང་པའི་སའི་དཀྱིལ་འཁོར་གྲུ་བཞི་པ་སེར་པོ་ཟུར་རྣམས་སུ་རྡོ་རྗེས་མཚན་པ་བསྒོམ་པར་བྱའོ། །དེ་ཉིད་དུ་བསྒོམ?་པ་པོ་དེ་ཉིད་འཇིག་རྟེན་ལས་འདས་པའི་ཡེ་ཤེས ་ཀྱི་ཁྱད་པར་བྱེ?་དང་ཉི་དུ་ངེད?་པར་གནས་ས། །དེ་ནས་ཆོས་འབྱུང་གི་ནང་དུ་འབྱུང་བ་ཆེན་བ་བཞི་ཡོངས་སུ་གྱུར་པ་ལས་བྱུང་བའི་སྣ་ཚོགས་?་སྟེང་དི་སྣ་ཚོགས་རྡོ་རྗེ་ལྟེ་པ་ལ་ཐར་པ་ཆེན་པོའི་གྲོང་ཁྱེར?་རྣམ་པར་སྣང་མཛད་ཀྱི་ངོ་བོ། །རིན་པོ་ཆེ་སྣ་ཚོགས་ཀྱི་རང?་བཞིན?་གྱི? ་གཞལ་ཡས?་ཁང?་པོ། །བྲུ་བཞི་པ་ལ་སྒོ་བཞི་པ། །ཀ་བ་བརྒྱད་ཀྱིས་ཉེ་བར་བརྒྱན། །ཕྲེང་བ་རྔ་ཡབ་སྣ་ཚོགས་ལྡན། །རྡོ་རྗེ་ཐིག་གིས་རྣམ་པར་བརྒྱན། །དན་སྣ་ཚོགས་གཡོ་བའི་སྣ། །དྲིལ་བུ་གཡེར་ཀའི་སྒྲ་དང་ལྡན། །འདོད་པའི་ཡོན་ཏན་མཆོག་ལྔ་ཡིས། ། ་ཉེ་བར?་སོགས?་རྣམ་པར་བརྒྱན?། །དོ་ཤལ་དོ་ཤལ་བྱེད་པ་དང། །རྟ་བབས?་བཞི་ཡིས་མཛེས་པར་བྱས། །རིན་པོ་ཆེ་དང་སྣ་ལྡན་ཞིང། །མངའ་ཡབ་ཕྲེང་བས་རྣམ་པར་བརྒྱན། །གཟུངས་ཀྱི་སྣམ་བུར་བརྒྱད་གཉིས་ཀྱིས། །མཆོད་པའི་ལྷ་མོས་མཆོད་པར་བྱེད།། ་?་?་མ་སྔོན་མོ་སྟེ། །གླུ?་མ་བླིང?་བུ་སེར་མོ་ཉིད། །གང?་མ་ཐ་མ་ལྗང་གུ་ཉིད། །དོད?་དང་རྗ་རྔ་དཀར་ཞིང་དམར། །གར་མ་ལག་པ་བསྐོར་པ་སྟེ། །གླུ་མ་ཏིང་?་ཅས་དང་བཅས། །བདུག་པ་མ་སྔོན་མོ་ཏོག་དཀར། །མར་མེ་མར་མེའི་འོད་དང་འདྲ། །དྲི་མ་རོ་མ་ཁ་དོག? ་དམར། །རེག་མ་མེ་ལོང་ལྗང་དང་དཀར། །ཆོས་མ་དཀར་ཞིང་དང?་རྟགས་ཀྱིས། །ཀུན་ཀྱང་ལག་པ་གཉིས་པའོ། །ཕྱི?་རོལ?་དུར་ཁྲོད་འཇིགས་པ་སྟེ། །རྡོ་རྗེར?་པའི་ནང་ཉིག?་དུ། །འདུག་ཅིང་དྲག་དང་ཐུབ་པ་དང། །དེ་བཞིན་འབར་རའི?་ཕྲེང་བ་དང། །འཇོགས?་པ? ་བྱེད་བའི་ཡོད?་པ་ཅན། །གཡོན་ནས་ཤར་སོགས་རི་མང་བཞིན། །དྲལ?་དུ་རྒོད་པ་དབང་ལྡན་དུ། །དབང་དྲུག་མ་འཚལ་མེ་ཡི?་མཚམས། །འཇིགས་བྱེད་མུན་པ་བདེན་བྲལ་དུ། །ལུང་དུ་ཀི་ལི་ཀི་ལི་སྒྲོགས། །ཤིང?་ཨ་ཤྭ་ཀརྐ?་ཡི། །ཙཱུཏའི་ཤེ?་རིན་ཤང་སོགས་རིམས ་ཤིང་ཆེན་ཀར?་ཉྫ?་ཉིད་དང། །འདྲི?་ཤིང་ཅན་དང་ཨ?། །དབང་པོ་ནོར་སྦྱིན་ཞགས་བ?་ཅན། །གཤིན་རྗེའི་རྒྱལ་པོའི་ཕྱོགས་སུ་འདོད། །དབང་ལྡན་མཚམས་དང་ཕྱིན?་ཟ་དང། །སྲིན་པོའི་དབང་པོ་རླུང་དག་ཏུའོ། །ནོར?་རྒྱ་བུ་དང་?་ཀ། ཀངཀོ?་བུ?་དང་?་དང། །པདྨ་ཆེན ་བོ་ཏུ?་ལུན་དྷ། །རིགས་ལྡན་དང་ནི་དུང་སྤྱོད་ཉིད། །སྒྲོགས་བྱེད་འཁོར་བྱེད་འཇིགས་པ་དང། །ལྡོག་བྱེད་དང?་ནི་མཐུག་པོ་ཉིད། །འགེངས་བྱེད་དང་ནི་ཆར་འབེབས་དང་།།གཏུམ་པ་རིམ་བཞིན་སྤྲིན་ཕྱི་བདག་།དེ་ལ་བརྒྱ་བྱིན་ནི་གླང་པོ་ཆེ་ཞོན་པ་མདོག་སེར་པོ་ལག་པ་གཡོན ་ན་རྡོ་རྗེས་མཚན་པའི་ཐོང་བ་ཐོགས་པའོ་ཥ?་ནེར?་རྩེན?་ནི་གནོད་སྤྱིན་ཞོན་པ་མདོག་སེར་པོ་གསུས?་པ་འཕྱང་པ་མིའུ་ཐུང་གཡོན་ན་ཐོད་པ་དང་དབྱུག་པ་ཐོགས་པའོ། །ཆུ?་ལྷ་མི་ཆུ་སཱིན?་ལ་ཞོན་པ་མདོག་དཀར་པོ་སྤྲུལ་གྱི་རྒྱན་གྱིས་བརྒྱན་བ་གཡོན་ན་ཐོད་པ་དང?་ཞགས?་པ ་ཐགས?་པའོ། །གཤིན་རྗེ་ནི་མ་ཧེ་ལ་ཞོན་བ་མདོས་?་པོ་ལྷོ་འཕྱང་?་པོ་གྱན་དུ་བརྫས་པ་མིའུ?་ཐུང་གི་གཟུགས་ཅན་གཡོན་ན་ཐོད་པ་དང་བྱུག?་པ་ཐོགས་པའོ། །དབང་ལྡན་ནི་གླང་པོ་ཞོན་པ་མིག་གསུམ་ཁ་དོག་དཀར་པོ་གཡོན་ན་ཐོད་པ་དང་མདུང་ཐོགས་པའོ། ། ་ཕྱིན?་ཟ་ནི་བསྐྱེས་ལ་ཞོན་པ། མདོག་?་?་ཕྱག་བཞི་པ་སྐྲ་སེར་པོར་བྱུ?་བུ་གསུམ་པ་དང་འོད་པ་དང་དྲང་པ་འཛིན་བའོ། །སྲིན་པའི་བདག་ཁོ?་ན་རོལ?་?་མིའུ་ཐུང་གི་གཟུགས་ཅན་མདོག་སྔོན་པོ་སྐྲ་སེར་པོ་གྷེན་དུ་འབར་བ་གསུས་པ་འཕྱད་པ་གཡོན་ན་རལ་གྲི ་དང་ཐོད་པ་ཐོགས་བའོ། །རླུང་གི་བདག་པོ་ནི་མདོག་སྔོན་པོ་རི་དྭགས་བཞོན་པ་ཞི་བའི་གདོང་ཅན་པ་ངན་ཐོགས་པའོ། །འཇིག་རྟེན་སྐྱོང་བ་འདི་དག་ཀུན་ངང?་གི་མདོག་དང་གདན་དང་ཕྱག་མཚན་དང་ལྡན་ཞིང་ཀུན་བྱུང?་གཡས་ཀྱིས་ནཱི་བཅོམ་ལྡན་འདས་ལ་ཕྱག་འཚལ་པའོ།། ་སྤྲིན་རྣམས་ཀྱིས་ཁ་དོག་དག་ནི་འཇིག་རྟེན་སྐྱོང་པ་རྣམས་ལྟ་བུའོ། །ཀླུ་རྣམས་ནི་དེ་དག་ལ་གནས་པ་སྟེ། །ཀུན་ཀྱང་ཐལ་མོ་སྦྱར་བའོ། །ཤིང་བརྒྱད་ལ་གནས་པའི་ཞིང་སྐྱོང་པ་རྣམས་ནི་ཕྱོགས་སྐྱོང་བ་བརྒྱད་ཀྱི་གཞོན་པ་རྣམས་ཀྱི་གདེར?་ལྟ་བུ་སྐྲ་དམར་སེར་གྱིན་དུ་བརྗེས་པ ་བཞིར་གྱུར་པ་སྟེ།། ཤི་རི་ཥ་ར་ལ་གནས་པ་ནི་ལྷའི་དགེ་འདུན་ཞེས་བྱ་བ་མདོག་དཀར་བོའོ། །ཤིང་ཙཱུ་ཏ་ལ་གནས་པ་ནི་གཤིན་རྗེ་ཞེས་བྱ་བ་སྟེ། མདོག་སྔོན་པོའོ། ། ཤྭ་ཀ་ལ་གནས་པ་ནི་སྤྲིན་གྱི་རྒྱལ་པོ་ཞེས་བྱ་བ་སྟེ་མདོག་དམར་པོའོ། །བྱང་ཆུབ་ཀྱི་ཤིང་ལ ་གནས་བ་ནི་གནོད་སྦྱིན་ཀྱི་སྡེ་དཔོན་ཞེས་བྱ་བ་སྟེ། མདོག་སེར་པོའོ། །ཀ་རཉྫའི་ཤིང་ལ་གནས་པ་ནི་དྲང་སྲོང་འདུས་པ་ཞེས་བྱ་བ་སྟེ། དམར་པོའོ། །འཁྲི?་ཤིང་ཅན་ལ་གནས་པ་ནི་སྲིན་པོའི་ཆོགས་ཅན་ཏེ་ཁ་དོག?་སྔོན་པོའོ། །རྫུ་ན་ལ་གནས་པ་ནི་རླུང་གི་རྒྱལ་པོ་ཞེས ་བྱ་བ་སྟེ་མདོག་ལྗང་གུའོ། །ཤིང་ཆེན་པོ་ལ་གནས་བ་ནི་ཡི་དྭགས་འདུས་པ་ཞེས་བྱ་བ་སྟེ་དུ་བའི་མདོག་ཅན་དུ་བལྟ་བར་བྱའོ། །ཕྱོགས་བརྒྱད་ཀྱི་དུར་ཁྲོད་རྣམས་ནི་མགོ་བཅད་པ་དང། དབྱངས?་པ་དང། བསྙལ་པ་དང། གསལ་ཤིང་གིས་ཕུག་པ་དང། མགོ་པོ ་དང། ཀེང་རུས་དང། བ་ལང་གི་ཚེ་དང། ཁྭ?་དང་འུག་པ་དང། བྱ་རྒོད་དང་རོ?་ལངས་རྣམས་ཕེཾ་ཅེས་བྱ་བའི་སྒྲ་སྒྲོགས་པར་བྱེད་དེ་།མ་ལུས་?་བྱང་མངོན་གྱི་གྲུབ་པ་ཐོབ་པ་རྣམས་ཀྱིས་མངོན་པར་བརྟགས་པའོ། །གནོད་སྦྱིན་དང་སྲིན་པོ་དང། ཡི་དྭགས་དང། ་ཤ་ཟ་དང་སྣོད?་བྱེད་དང་བརྗེད་བྱེད་དང་གདོན་དང། མཁའ་འགྲོ་དང་།མཁའ་འགྲོ་མ་རྣམས་ཀྱིས་རྣམ་པར་བརྒྱན་ཅིང་སྒྲུབ་པ་པོ་ནམས་དང་བཅས་པར་བལྟར་བར་བྱའོ། །དེ་ཡི་སྙིང་པོའི་པདྨ་ནི། །འདབ་མ་སྣ་ཚོགས་གེ་སར་བཅས། །སྒོ?་བཞི་དང་ནི?་མཚམས་བཞི་རུ།། ་སྣ་ཚོགས་པདྨའི་རི་བོང་ཅན། །ཚངས་པ་དབང་པོ་ཉིད?་དབང་དྲག། གཤིན་རྗེ་དེ་བཞིན་གནོད་?་བདག་།བདེན་བྲལ་དང་ནི་ཐག་བཟངས་རིས?། །དབུས་སུ་བདུད་ནི་བཞི་པོ་དག་།ཉི་མའི་དཀྱིལ་འཁོར་དཀྱིལ་གནས་པ། །འཇིགས་སུ་རུང་པའི་སྙིང་ག་མནན།། ་དེ་ལ་གདན་དབུས་མའི་སྟེང་དུ་དབྱངས་ཀྱི་ཡི་གེ་བཅོ་ལྔ་ལས་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ། །དེའི་སྟེང་དུ་གསལ་བྱེད་ཀྱི་ཡི་གེ་སུམ་ཅུ་རྩ་བཞི་ལས་ཉ་མའི་དཀྱིལ་འཁོར་མཉམ་གཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ། །དེའི་དབུས་སུ་ཡི་གེ་ཨ?་དང ་ཧཱུཾ་ཡོངས་སུ་གྱུར་པ་ལས་གྲི་ཁུག?་དང་ཐོད་པ་ལ་སྤོང་རང་གི་ས་བོན་གྱི་སྙིང་པོ་ཅན་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ། །དེ་དང་དེ་ལས་རྣལ་འབྱོར་མའི་རིགས་དཔག་ཏུ་མེད་པའི་སྤྲུལ?་པའི་དེ་བཞིན་གཤེགས་པ་རྣམས་ཡང་དག་པ་སྤྲོས་ལ། འགྲོ་བ་རྣམས་ས་མ་རྒྱས ་ཀྱི་རང་བཞིན་དུ་བྱས་ནས་དེ་ཉིད་དུ་འདུས་ཤིང་གཅིག་ཏུ་གྱུར་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ། །དེ་ནས་ཟླ་བ་དང་ཉི་མ་དང་ཕྱག་མཚན་དང་ས་བོན་ཡོངས་སུ་བྱུང་པ་ལས་མྱུང་བའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཆད་པར་འགྱུར་བའི་?་དང་དབྱིངས ་དང། ཕྱག་དང་མཚོན་ཆ་ཅན་སྣང་པའི་རིགས་པས་འཁྱུད?་པ་ཉིད་དུ་ཆོས?་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་བསྒོམ་པར་བྱ་སྟེ། འདི་ནི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའོ། །དེ་ནས་བར་སྣང་ལ་ཡི་གེ་ཧོ:གཉིས་ཀྱིས་བརྟེན་པའི་ཡི་གེ་ཨོཾ? ་པར་ཧཱུཾ་བལྟས་ལ། ཤིན་ཏུ་དགའ་བའི་སྒྲས་ཡང་དག་པར་བཀུག་ནས། བཅོམ་ལྡན་འདས་ཀྱི་ཞལ་ནས་ཞུགས་ཤིང་བཅོམ་ལྡན་འདས་མའི་པདྨར་ལྷུང་བར་བསྒོམ་པར་བྱའོ། །དེ་ནས་འདོད་ཆགས་ཆེན་པོའི་མེས་བཅོམ་ལྡན་འདས་མ་དང་བཅས་པའི་བཅོམ་ལྡན ་འདས་?་གྱུར?་པ་ལ་བྱང?་ཆུབ་ཀྱི་སེམས་ཞུ་བར་གཟུགས་ཀྱི་དཀྱིལ་འཁོར་དུ་བལྟ་བར་བྱའོ་།དེ་ནས་དེ་བསླང་བར་བྱ་བའི་ཕྱིར་རང་རང་གི་ཕྱོགས་ནས་འོངས་པའི་པུཀྐ?་སཱི་ལ་སོགས་པའི་ལྷ་མོ་བཞི་པ་རྣམས་རང་རང་གི་ཕྱོགས་སུ་སྟན་ལ་འདུག་ནས་ཚིགས་སུ་བཅད་པ ་བཞིས་སྒུལ་བར་བྱེད་པ་ནི་བཞེངས་ཤིག་དང་སྒྲོལ་བར་ཐུགས་རྗེའི་ཐུགས། །བུག་?་བདག་ལ་སྐྱོབས། །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །བདག་ལ་བདེ་ཆེན་སྦྱང་བཞེད་མཇོད། །ཁྱོད་མི་བཞུགས་ན་བདག་འགུམ་པས། །དགྱེས་པའི་རྡོ་རྗེ་ཁྱོད་བཞེངས་ཤིག་སྟོང་པའི་རང ་བཞིན་ཉིད་སྤོངས་ལ། །རི་ཁྲོད་མ་འབྲས་གྲུབ་པར་མཛོད། །དགའ་གཙོ་འཇིག་རྟེན་མགྲོན་གཉེར་ནས། །སྟོང་པ་ཉིད་ལ་བཞུགས་སམ་ཅི། །ཁྱོད་མེད་ཕྱོགས་མི་འཚལ་བ་ན། །ཙཎྜ་ལི་བདག་གསོལ་བ་འདེབས། །བདག་གིས་ཁྱོད་ཀྱི་ཐུགས་འཚལ་གྱིས། །མིག་འབྲུལ? ་མངའ་བ་ཁྱོད་བཞེངས་ཤིག། ཌོམཔི་མོ་བདག་སྒྲིན་མོ་ལགས། །ཐུགས་རྗེ་རྒྱུན?་བཅད་མ་མཛད་ཅིག་དེ་ནས་བསྐུལ་བར་དེ་མ་ཐག་ཟླ་བཞུ་བར་གྱུར་པ་ལས་ཟླ་བ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་གི་གྲི་གུག་དང་ཐོད་པའི་དཀྱིལ་དུ་ས་བོན་གཉིས་པོ་དེ་དག་ཉིད་དོ། །དེ་དག་ལས་སྤྲ? ་པའི་སྦྱོར་བར་རྣལ་འབྱོར་མའི་འཁོར་ལོའི་རྣམ་པས་འགྲོ་བ་རྣམས་ཀྱི་དོན་བྱས་ནས་དེ་དག་ཉིད་དུ་བསྡུས་པ་ལས། ཟླ་བ་དང་ཉི་མ་དང་ས་བོན་དང་ཕྱག་མཚན་ཡོངས་སུ་གྱུར་པ་ལས་བྱུང་བའི་ཧེ་རུ་ཀའི་གཟུགས་གཉིས་པར་བདག་ཉིད་བསྒོམ་པར་བྱའོ། །ཞབས་རྣམས་སལ ་བརྡེབ་མཛད་ཅིང། །ལྷ་དང་ལྷ་མིན་རྣམས་ལ་བསྡིགས། །ཁྲེས་ཤིང་སྤྱན་ནི་དམར་ལ་ཟླུམ། །གཞོན?་ཤིང་ལང?་ཚོ་ལྡན་པའི་གཟུགས། །ཞལ་བརྒྱད་ཕྱག་ནི་བཅུ་དྲུག་པ། །ཞབས་རྣམས་བཞི་ཡིས་གཤེགས་མཛད་ཅིང། །བདུད་རྣམས་བཞིན་མཉམ་པར་མནན།། ་ཐོད་པའི་ཕྲེང་བས་དབུ་ལ་བརྒྱན། །འཇིགས་པའི་ལུས་ཅན་ཐལ་བས་བསྐུས། །སྐྱིལ་ཀྲུང་བྱེད་པའི་གར་ཐབས་ཅན། །རྩ་བའི་ཞལ་ནི་ནག་པོ་ཆེ། །གཡས་བ་ཀུན་དེ་ལྟ་བུ་སྟེ། །གཡོན་པ་དམར་པོ་ཆེར་འཇིགས་པ། །སྟེང་གི་དུད་མདོག་རྣམ་པར་འགྱུར། །ལྷག་མ་བུང ་བ་ལྟ་བུ་སྟེ། །རེ་རེ་ལ་ཡང་སྤྱན་གསུམ་མོ། །ཞལ་ནས་ཧཱུཾ་ཞེས་སྤྲོ་མཛད་ཅིང། །ཕྱག་རྒྱ་ལྔ་ཡིས་བརྒྱན་དུ་བྱས། །ཁ་དོག་ནག་པོ་འཇིགས་ཆེན་པོ། །སྣ་ཚོགས་རྡོ་རྗེས་སྤྱི་བོར་བརྒྱན། །སྒེག་དང་དཔའ་བྱད་འཇིགས་སུ་རུང། །དྲག་དང་རྒོང་དང་འཇིགས་པར་བྱེད། །སྙིང ་རྡོ་རྗེ?་མ་དང་ཞིས་ཡི། །གར་དགུའི་རོ་དང་ལྡན་པ་ཉིད། །སྐྲ་ནི་དམར་སེར་གྱེན་དུ་འབར། །འཇིགས་པ་པོ་ཡང་འཇིགས་པར་བྱེད། །མགོ་བོའི་ཕྲེང་བའི་དོ་ཤལ་ཅན། །འཇིགས་པའི་དུས་ཀྱི་མེ་འདྲའི་མདངས། །གླང་པོ་རྟ་བོང?་གླང་རྔ་མོ། །མི་དང་ཤར་པ་བྱི?་ཡ?།། ་གཡས་པའི་ཐོད་པ་བརྒྱད་རྣམས་ལ། །གཉིས་འཐུང་ལ་སོགས་རིམ་བཞིན་བྱ། །ས་དང་ཆུ་དང་རླུང་དང་ནི། །མེ་དང་ཟླ་བ་ཉི་མ་དང། །མཐར?་བྱེད་དང་ནི་ནོར་སྦྱིན་ཉིད། །གཡོན་པའི་ཐོད་པ་བརྒྱད་ནའོ། །སྙོམས་པར་འཇུག་པའི་བདག་མེད་མ། །རང་སྣང་པ་ནི་ཕྱག་རྒྱ་ལྔ།། ་ཕྱག་གཉིས་ཞལ་གཅིག་ཞབས་གཉིས་པ། །དེ་ནི་གྲི་གུག་ཐོད་པ་འཛིན། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ཉི་མ་ལ་ཐོད་པའི་སྟེང་དུ་ཡི་གེ་ཧཱུཾ་དང། བཅོམ་ལྡན་འདས་མའི་ཐུགས་ཀའི་ཟླ་བའི་སྟེང་གི་གྲི་གུག་ལ་ཡི་གེ་ཨཾ་བལྟའོ། །དབུ་ལ་པདྨ་དཀར?་? ་ཟླ་བ་ལ་ཨོཾ་མོ། །མགུལ་ལ་པདྨ?་དམར་པོ་དང་ཆོས་འབྱུང་ལ་ཡི་གེ་?་བུའོ། །ཐུགས་ཀར་སྣ་ཚོགས་པདྨ་དང། །ཉི་མ་ལ་ཡི་གེ་ཧཱུཾ་བསྒོམ་པར་བྱའོ། །མིག་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་གི་འཁོར་ལོ་ལ་ཡི་གེ་ཨཱ་ལས་བྱུང་བའི་རྡོ་རྗེ་མ་དཀར་མོ། །རྣ་བ་ལ་ཉི་མ ་དང་རྡོ་རྗེའི་སྟེང་དུ་ཨཾ་ལས་བྱུང་བའི་བདག་མེད་མ་སློན?་མོའོ། །སྣ་ལ་ནི་ཉི་མ་དང་རིན་པོ་ཆེའི་སྟེང་དུ་ཡི་གེ་ཨཾ?་ལས་བྱུང་བའི་གཽ?་རཱི་མ་སེར་མོའོ། །ལྕ་ལ་པདྨ་དང་ཉི་མའི་སྟེང་དུ་ཡི་གེ་ཨའི?་ལས་བྱུང་བའི་ཆུའི་རྣལ་འབྱོར་མ་དམར་མོའོ། །སྤྱི་གཙུག་ཏུ་སྣ་ཚོགས་རྡོ ་རྗེ་དང་ཉི་མའི་སྟེང་དུ་ཡི་གེ་ཡུ་ལས་བྱུང་བའི་རྡོ་རྗེ་མཁའ་འགྲོ་མ་ལྗང་གུའོ། །སྙིང་གར་སྣ་ཚོགས་པདྨ་དང། རྡོ་རྗེའི་སྟེང་དུ་ཡི་གེ་ཨཾ་ལས་ཕྱུང་བའི་བདག་མེད་མ་དཀར་?་མ་པར་བྱའོ། །ལྷ་མོ་འདི་དག་ཐམ་ཅད་ཀྱང་གཡོན་ན་ཐོད་པ་དང་ཁ་ཊཝཱཾ་གཡས ་ན་གྲ་བུག?་ཐོགས་པའོ། །དེའི་རྗེས་ལ་ལྟ་བར་པདྨ་དཀར་པོའང་ས?་?་བཅུ་རྩ་བཞི་བ་དང་ཟླ་བ་ལ་ཨོཾ་དཀར་པོའོ། །དབུས་ཀྱི་འདབ་མ་བརྒྱད་ལ་གཡོན་སྐོར་དུ་ཨ་ཀ་ཙ་ཊ་ཏ་པ་ཡེ་ཤེ?་རྣམས་སོ། །སྙིང་གའི་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ཁ་ཐུང་དུ་ལྷས?་པའི ་མཚམས་ཀྱི་འདབ་མ་བཞི་ལ་ཡང་ལ་ཝ་རྣམས་སོ། །ཕྱོགས་ཀྱི་འདབ་མ་བཞི་ལ་ཨ་ཨི་ཨེ་ཨོ་བཞིའོ། །ལྟེ་བ་ལ་ནི་ཡི་གེ་ཧཱུཾ་ལ་ཐུར?་དུ་བལྟས་པའོ། །མགྲིན་པའི་པདྨ་དམར་པོ་འདར?་མ་བཅུ་དྲུག་པ་གྱེན་དུ་བལྟས་པའི་དཀྱིལ་དུ་གནས་པའི་ཕྱོགས་ཀྱི་འདབ་མ་ལ་གཡོན་སྐོར?་དུ ་ཨཱ་ཨའི་ཨའུ་ཨི་བཞིའོ། །ལྟེ་བ་ལ་ནི་ཡི་གེ་ཨོཾ་མོ། །མགོ་པོར་པདྨ་དཀར་པོ་འདབ་མ་སུམ་ཅུ་རྩ་གཉིས་པའི་ལྟེ་བ་ལ་ཡི་གེ་ཧཾ?་ཁ་ཐུར་དུ་བལྟས་པའོ། །དེའི་རྗེས་ལ་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ས་བོན་སྤྲོས་པའི་འོད་ཟེར་ཁ་དོག་ནག་པོ་ལྕགས་ཀྱུའི་རྣམ་པ་ལྟ་བུས ་དེ་བཞིན་གཤེགས་པ་ཐམས་ཅད་སྐྱན?་དྲངས་ནས་ནམ་མཁའ་ཨི་ཕྱོགས་སུ་བལྟས་ཏེ། མ་མོ་བརྒྱད་ཀྱིས་ཡང་དག་པར་མཆོད་ནས། དབང་བསྐུར་བར་གསོལ་བ་བཏབ་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ལ་དབང་བསྐུར་དུ་གསོལ་ཞེས་བྱ་བས་སོ། །དེ་ནས ་སངས་རྒྱས་བདག་ཉིད་ཆེན་པོ་དེ་དགའ་?་གཟུགས་ཅན་དེ་དག་ལས་དཔག་ཏུ་མེད་པའི་རྣལ་འབྱོར་མ་བསྒྲུབས་པས། དེབཞིན་གཤེགས་པ་ལྔའི་བདག་ཉིད་ཅན་གྱི་བུམ་པས་དབང་བསྐུར་བས། །མེ་ཏོག་གི་ཆར་དང་གུར་གུམ་གྱི་ཆར་ཡང་འབབ་པར་འགྱུར་རོ། །གཟུགས་ཀྱི ་རྡོ་རྗེ་མ་ལ་སོགས་པས་བསྔོད?་པར་བྱེད་ཅིང། སངས་རྒྱས་?་ལ་སོགས་པ་རྡོ་རྗེ་གླུ་ལེན་པར་བྱེད་དོ། །དབང་བསྐུར་མ་ཐག་ཏུ་རྒྱལ་པ་མི་བསྐྱོད་པས་དབུལ་བརྒྱན་པར་བསམ་མོ། །འདི་ནི་དང་པོའི་རྣལ་འབྱོར་ཞེས་བྱ་བ་སྟེ། ཏིང་ངེ་འཛིན་དང་པོ་ངོ་བོ་ཉིད་ཀྱི་སྐུའོ། །དེའི ་རྗེས་ལ་སྔ་མ་ལ་ཡིན?་དུ་བཅོམ་ལྡན་འདས་མའི་དབུལ་ཨོཾ་མ། །ཐུགས་ཀར་ཧཱུཾ་ངོ། །ཟ་འབྲུ?་ལ་ཡི་གེ་ཨཱ་བལྟས་ལ། ཨོཾ་པདྨ་སུ་ཁཾ་དྷ་ར། མ་ཧཱ་རྣ་གཱ། སུ་རཾ་དཏྟ། ཙཏུ་རཱ་ནནད་བྷ་ད་པི་ཤྭ་ཧཱུཾ་ཧཱུཾ་ཧཱུཾ། ཀརྱཾ་ཀུ་རུ་ཥཝ?་མེ། ཡི་གེ་ཧཱུཾ་ལས་བཅོམ་ལྡན་འདས་ཀྱི་རྡོ་རྗེ་བསྒོམ ་ལ། ཨོཾ་ལས?་ནོར་བུ་ཕཊ་པས?་དུག་པ་བདེམས?་ཏེ། ཨོཾ་མ་ཧཱ་ཏེ་ཥཝ། ཙ་ཏུརྟ་ནན?་ད་ཡ་ཀ་ཁ་ག་མུ་ཁ་ཨ་ཀ་ར་སོནཱ་ཐ་ཧཱུཾ་ཧཱུཾ་ཧཱུཾ་ཀརྱཾ་ཀུ་རུ་ཥཝ་མ། སིཾ་སིཾ་སིཾ?་ཧ་ཧ་ཧ་ཞེས་བྱ་བས་དགའ་བ་བརྩམ་པར་བྱའོ། །དེ་ནས་སྙོམས་པར་འཇུག་པའི་སྒྲས་བསྐུལ་པས། དེ་བཞིན་ ་གཤེགས་པ་ཐམས་ཅད་ཤལ་གྱི་ལམ་ནམ་ཞུགས་ནས་ཐུགས་ཀར་ཞུ་བར་གྱུར་ཅིང་རྡོ་རྗེའི་སྔ་མ་ནས་པདྨའི་ནང་དུ་ཟླ་བ་ཞུ་པར་གྱུར་པའི་ཡི་གེ་ཡོངས་སུ་གྱུར་པ་ལས། གོ་རཱི་ཁ་དོག་ནག་མོ་གྲི་གུག་དང་རོ་ཧི་ཧའི་ཉ་ཐོགས་པ་སྒྲུལ་ནས། ཤེས་རབ་ཀྱི་ཐུགས་ཀ ་ནས་བྱུང་ནས་འགྲོ་བ་རྣམས་ཀྱི་དོན་བྱས་ཏེ། ཤར་ཕྱོགས་ཀྱི་སྒོའི་སྟན་ལ་གནས་པར་བལྟ?་བར་བྱའོ། །དེ་བཞིན་དུ་ཅ་ལས་ཙ་རཱི་བཅད་ཀྱི་མདོག་ཅད་ཏེའུ་དང་ཕག་བསྣམས་པ་ལྷོ་ཕྱོགས་ཀྱི་སྒོའི་སྟན་ལའོ། །དེ་བཞིན་དུ་བཾ་ལས་བྱུང་བའི་རོ་ལངས་མ་ཁ་དོག་སེར་མོ་རུ ་སྐལ་དང་ཐོད་པ་ཐོགས་པ་བཅུ?་ཕྱོགས་ཀྱི་སྒྲོར?་རོ། །དེ་བཞིན་དུ་གྷཾ་ལས་བྱུང་བའི་?་སྨ་རཱི་མདོག་ལྗང་གུ་སྤྲུལ་དང་རྣལ་འབྱོར་གྱི་སྣོད་ཐོགས་པ་བྱང་ཕྱོགས་ཀྱི་སྒོར་རོ། །དེ་བཞིན་དུ་པཾ་ལས་བྱུང་བའི་པུཀྐ་སཱི་ཨིནྡྲ་ཧཱི་ལ་ལྟ་བུ་སེང་གེ་དང་དགྲ་སྟ་འཛིན་པ་ནི་དབང་ལྡན་གྱི་མཚམས ་སུ་འོས?་དེ་བཞིན་དུ་སཾ་ལས་བྱུང་བའི་ཤ་བ་རཱི་མོ?་ཤ་དཀར་མོ་དགེ་སློང་དང་ཁང་སིལ་ཐོགས་པ་ནི་མེའི་མཚམས་ཀྱི་སྟན་བའོ། །དེ་བཞིན་དུ་ཚེ་ལས་བྱུང་བའི་ཙཎྜ་ལཱི་ནམ་མཁའ་ལྟར་བསངས་འཁོར་ལོ་དང་གཤོལ་མངའ་ཐོགས་པ་ནི་བདེན་བྲལ་མཚམས་གྱི་སྟན ་ལའོ། །དེ་བཞིན་དུ་བཾ་ལས་བྱུང་བའི་ཊོམྦི་ནཱི་སྣ་ཚོགས་རྡོ་རྗེ་དང་སྡིད་ས་མ་ཛྲ་བ་ཀྱི་ཕྱག་ཅན་རླུང་གི་མཚམས་ཀྱི་སྟན་ལ་བལྟའོ། །དེ་ལྟར་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་བལྟས་ལ། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་བཀུག་ལ ་མདུན་གྱི་ནམ་མཁའ་ཕྱོགས་སུ་བལྟས་ནས་ཞལ་བརྒྱད་པའི་སྔགས་ཀྱིས་བགེགས་བསྐྲད་ལ། ཨོཾ་ཤྲཱི་ཧཱུཾ་རུ་ཀ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་བྱ་བས་ཡོན་ཆབ་དབུལ་ལོ། །ོཾ་ཤྲཱི་ཧེ་རུ་ཀཔཱ་དྱཾ་པྲཏཱི་ཙྪ་སྭཱཧཱ་ཞེས་བྱ་བས་ནི་ཞབས་བསིལ་ལོ?། །ོཾ་ཤྲཱི?་ཧེ་རུ་ཀ་མཉྩ? ་ནཱ་ཏཾ?་ཞེས་བྱ་བས་ཞྭལ་བསིལ་དབུ་འཛ། །ོཾ་གོ་རཱི་ཨཱ་ཀརཥ་ཡ་ཛ:ོཾཙ?་རཱི་ཕྲ་བེ་ཤ་ཡ་ཧཱུཾ། ཨོཾ་གཏྟཱ་ལཱི་བ་ན་དྷ་བ་ཨོཾ་གྷསྨ་རཱི་ཏོ་ཥ་ཡ་ཧོ། ཞེས་བྱ་བས་དགུག་པ་དང་གཞུག་པ་དང་བཅད་པ་དང་དབང་དུ་བྱས་ནས་ཡེ་ཤེས་གྱི་དཀྱིལ་འཁོར་གཅིག ་ཏུ་རོ་མཉམ་པར་བསྒོམས་ལ། སྙིང་གའི་ས་བོན་གྱི་འོད་ཟེར་གྱི་ལྕགས་ཀྱུས་ཡེ་ཤེས་ཀྱི་དཀྱིལ་འཁོར་བཀུག་ནས་མཆོད་པ་བྱས་ནས་དབང་བསྐུར་བར་གསོལ་བ་གདབ་པར་བྱའོ། །དེ་ནས་དེ་དག་གིས་བདག་ཉིད་དབང་བསྐུར་པ་དང?་བར?་བསྒོམ་མོ། །དབང་བསྐུར་པར་གྱུར་པ་རྣམས་ཀྱི་དབུ་ལ? ་ནི་རྒྱལ་བ་རྣམས་སོ། །དེ་ལ་ཕུག?་སཱི་དང་གཽ་རཱི་ལ་ནི་མི་བསྐྱོད་པས་སོ། །ཤཱ་པ་རཱི་དང་ཙོ་རཱི་ལ་ནི་རྣམ་པར་སྣང་མཛད་ཀྱིས་སོ། །ཙཎྜ་ལཱི་དང་པེཏྟ་ལཱི་ལ་ནི་རིན་ཆེན་འབྱུང་ལྡན་གྱིས་སོ། །ཌོམདི་ནཱི་དང་གྷསྨ་རཱི་པ་མི་འོད་དཔག་མེད་ཀྱིས་རྒྱས་གདབ་པར་བྱའོ། །དེ་ནས་ཡོངས་སུ ་རྫོགས་པར་གྱུར་པའི་དཀྱིལ་འཁོར་ལ་བལྟས་ལ། སྒྱུ་མ་ལྟ་བུ་དང་རྨི་ལམ་ལྟ་བུར་མོས་པར་བྱས་ནས། སྙིང་གའི་ས་བོན་ལས་མཆོད་པའི་ལྷ་བརྒྱད་སྤྲོས་པ་དེ་དག་ལས་སྤྲོས་པའི་སྤྲིན་གྱིས་གཙོ་བོ་དང་བཅས་པའི་དཀྱིལ་འཁོར་ལ་མཆོད་པར་བྱའོ། །དེ་ནས་དེ་དག ་ལ་མངོན་སུམ་དུ་བདག་ཉིད་ཀྱིས་བསྟོད་པར་བྱ་སྟེ། འཇིགས་ཆེན་མཆེ་བ་གཙིགས་པ་པོ། །སྒྱུ་མའི་ཕྲེང་བས་རྣམ་པར་བརྒྱས། །ཤ་ཆེན་དག་ནི་གསོལ་མཛད་པ། །ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཞེས་བྱ་བས་སོ། །དེ་ནས་ཡི་གེ་ཡཾ་ལས་རླུང་གི་དཀྱིལ་འཁོར། དེའི ་སྟེང་དུ་ཧཱུཾ་ལས་མེའི་དཀྱིལ་འཁོར། དེ་ལ་ཨ་ལས་བྱུང་བའི་ཐོད་པ་དེའི་དཀྱིལ་དུ་ཨོཾ་གྱིས་མཚན་པའི་རྫས་རྣམས་སོ། །དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེའོ། །རྡོ་རྗེ་ལས་མེ་འབར་པར་གྱུར་པ་དེས་དེ་དག་བསྐོལ་བར་གྱུར་པས། སྨིན་ཅིང་ཞུ་བར་གྱུར་པ་དེའི་འོད་ཟེར་གྱིས་དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀའི་ས་བོན་གྱི་བདུད་རྩི་བླངས་ནས་དེ་དག་གཅིག་ཏུ་བྱས། ཨོཾ་ཨཱ:ཧཱུཾ་ཞེས་བྱ་བས་མངོན་པར་བརྫགས་ལ། ཡི་གེ་ཧཱུཾ་ལས་རྡོ་རྗེ་དཀར་པོར་གྱུར་པར་བསྒོམས་ཏེ། སྙིང་གར་ཉི་མ་ལ་དཀྱིལ་འཁོར་གྱི་འཁོར་ལོ་མོས་པ ་བྱས་ལ། །དུད་རྩི?་དེས་བདག་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་ཚིམ་པར་བྱའོ། །མ་མོའི་གྲོང་ཕྱིར?་ཉམས་དགའ་བར། །གཙོ་བོ་འདི་འདྲ་བསྒོམ་པར་བྱའོ། །དབའ་རླབས་མེད་པའི་བདེ་བ་འཐོབ། །རླབས་མེད་པ་ཡི་བདེ་བ་ཉིད། །ཅེས་བྱ་བ་ནི། །ཅེས་བྱ་བ་ནི། གཉིས་པ་དཀྱིལ་འཁོར ་རྒྱལ་མཆོག་གི་ཏིང་ངེ་འཛིན་ཏེ་ལོངས་སྤྱོད་རྫོགས་པའི་སྐུའོ། །ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་དཔག་ཏུ་མེད་ཅིང་མཛའ་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་དཔལ་ཧེ་རུ་ཀའི་གཟུགས་སུ་སྦྱངས་ནས་ཡང་དག་པར་བཀུག? ་སྟེ། དཀྱིལ་འཁོར་དུ་ཆུ་དཔང་བྱས་ལ། དཀྱིལ་འཁོར་ནི་བདག་ཉིད་དུ། བདག་ཉིད་ནི་ཡེ་ཤེས་སེམས་དཔར། ཡེ་ཤེས་སེམས་དཔའ་ནི་ཕྱག་མཚན་དུ། ཕྱག་མཚན་ནི་ས་བོན་དུ། ས་བོན་ནི་ཐིག་ལེར་།ཐིག་ལེ་ལས་ཀྱང་ཡུད་ཙམ་གྱིས་གསལ་པོ་ཉིད་དུ་དཀྱིལ་འཁོར ་གྱི་འཁོར་ལོའི་རྣམ་པར་བསམས་ལ། དེ་ལྟར་ཡང་དང་ཡང་སྤྲོ་ཞིང་བསྡུ་བར་བྱའོ། །འདི་ནི་སེམས་སྐྱོ་བ་རྣམས་ཀྱི་ཐིག་ལེའི་རྣལ་འབྱོར་རོ། །བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་བཅུག་ལ། ཤེས་རབ་ཀྱི་པདྨའི་ཟེ་འབྲུའི་མཐར ་རང་གི་ས་བོན་གྱི་དཀྱིལ་དུ་ཡུངས་ཀར་ཙམ་གྱི་རིན་པོ་ཆེའི་ནང་དུ་ཆུད་པར་དཀྱིལ་འཁོར་གྱི་འཁོར་ལོ་གཟུང་བར་བྱ་ཞིང་བསམ་པར་བྱས་ནས། དེ་ལ་མཚན་མ་ལྔ་འབྱུང་བར་འགྱུར་རོ། །ཕྱི་ནས་རྗེས་སུ་དྲན་པའི་རྣལ་འབྱོར་གྱིས་སྤྲོ་བར་བྱའོ། །ཞེས་བྱ་བ་ནི་ཕྲ ་མོའི་རྣལ་འབྱོར་རོ། །དེ་ལྟར་བུད་ཙམ་གྱིས་ཡེ་ཤེས་ལས་རབ་ཏུ་བུབ་པའི་དབང?་དུ་མེད་པའི་འོད་ཟེར་གྱི་ཚོགས་སྤྲོས་པས?་བདག་དང་གཞན་མཐོང་པར?་སྦྱོར་བ་ཉིད་ཀྱིས་རྗེས་སུ་དྲན་པའི་རྣལ་འབྱོར་གྱིས་བདག་ཉིད་ཀྱིས་མ་ལུས་པ་ཡོངས་སུ ་རྫོགས་པར་བསྒམ?་པར་བྱའོ། །སྒོམ?་པར་སྐྱོ་བར་བྱུང་ནས་སྔགས་བཟླས་པར་བྱ་སྟེ་སྔགས་ལ་ཡང་ཆགས་པར་མི་བྱའོ། །དེ་ལ་འདིར་ཁམས་པྲ་བ་ལ་སེམས་སཕྱང?་ལ་སྣའི་རྩེ་མོར་སེམས་བརྟན་པར་བྱས་ནས། འཇུག་པ་དང་གནས་པ་དང་འབྱུང ་བའི་རིམ་པ་དང་ཡི་གེ་གསུམ་གྱི་སྦྱར་ལ་བཟླ་བར་བྱའོ། །ཡང་ན་སྙིང་གའི་ཉི་མའི་དཀྱིལ་འཁོར་ལ་ཡི་གེ་བཅུ་གསུམ་མར་མེའི་ཕྲེང་བ་བཞིན་དུ་འབར?་བ་སེམས་ཀྱིས་བྲིས་ལ། སེམས་ཀྱིས་བྲིས་པ་བཞིན་དུ་ངེས་པར་བཟླ་བར་བྱ་སྟེ། ཨོཾ་ད་ཝ་པིཙུ་བཛྲ ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བྱའོ། །འདི་ནི་ལས་རྒྱལ་མཆོག་ཅེས་བྱ་སྟེ། ཏིང་ངེ་འཛིན་གསུམ་པ་སྤྲུལ་བའི་སྐུའོ། །དེ་ནས་ལས་ཐམས་ཅད་གྲུབ་པར་བྱ་བའི་ཕྱིར་ཕྲེང་བའི་སྔགས་བཟླ་བར་བྱའོ། །དེ་ཡང་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་གནས་པ་ཐུགས་ཀའི་ས་བོན་ལས ་ཕྲེང་བའི་སྔགས་འབྱུང་བར་བསམ་ཞིང་ཞལ་ཐམས་ཅད་དང་ལྷ་མ་ཐམས་ཅད་ཀྱི་ཞལ་ནས་བརྗོད་པར་བསམ་པར་བྱའོ། །གལ་ཏེ་ལངས་པར་འདོད་ན་དེས་ལྷ་མོའི་འཁོར་ལོ་ཐུགས་ཀའི་ས་བོན་གྱི་ནང་དུ་ཆུད་པར་བསྒོམས་ལ། རྟན་གྱི་དཀྱིལ་འཁོར་ཤིན་ཏུ་རྒྱ་ཆེན་པོར་བསྒོམ ་པར་བྱ་ཞིང། ཚིགས་སུ་བཅད་པ་འདིས་བསོད་ནམས་ཡོངས་སུ་བསྔོ་བར་བྱ་བསྟེ། བསོད་ནམས་འདིས་ནི་ཐམས་ཅད་མཁྱེན་པ་ཉིད། །ཐོབ་ནས་ཉེས་པའི་གྲ་རྣམས་ལས་རྒྱལ་ཏེ། །རྒ་ནད་འཆི་བའི་དབའ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ?་བ་འདོན་པར་ཤོག་། ་ཅེས་བྱའོ། །སྨོན་ལམ་ཡང་གདབ་སྟེ།?་།ཚིགས་སུ་སྐྱེ་དང་དམ་ཚིག་ཅན། །སྨྱོ་མེད་དགྱེས་པའི་རྡོ་རྗེ་སྟོན། །བླ་མ་ལ་གུས་སྙིང་རྗེ་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག་།ལག་པ་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་འདི་ཟློག?་པ་དང། །བཙུན་མོའི་ཁུ་པ་མཉམ་ཟས? ་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག་།དེ་ནས་སེམས་ཅན་རྣམས་ཧེ་རུ་གའི་གཟུགས་སུ་མོས་པར་བྱ་ཞིང་འབྱུང་བ་ཆེན་པོ་བཞི་ནི་བུཀྐ་སཱི་ལ་སོགས་པ་བཞིའི་ངོ་བོར་ངེས་པར་བྱས་ནས། དེ་ལྟར་དགྱེས་པའི་རྡོ་རྗེའི་ང་རྒྱལ་གྱིས་ཐམས་ཅད་བྱའོ། །གུང་གི་ཐུན་དང་ཕྱི་དྲོའི་རྒྱན? ་ལ་ཡང་དེ་བཞིན་བསྟན་བདེ?་པ་ལ་འདུག་སྟེ། ཡུད་ཙམ་གྱིས་དགྱེས་པའི་རྡོ་རྗེའི་གཟུགས་སུ་བདག་ཉིད་ལྷག་པར་མོས་པར་བྱས་ནས། སྙིང་གའི་ས་བོན་ལས་བྱུང་བའི་ལྷ་མོ་རྣམས་གནས་ཇི་ལྟ་བ་བཞིན་དུ་བ་ལྟས་ལ། ཡེ་ཤེས་སེམས་དཔའ་གཞུག་པ་དང། དབང་བསྐུར ་བསྐུར་པ་དང། མཆོད་པ་དང། བདུད་རྩི་མྱང་བ་དང། བཟླས་པ་ལ་སོགས་པ་བྱའོ། །གཉིད་ལོག་པའི་དུས་སུ་ཡེ་ཤེས་སེམས་དཔའ་སྙིང་གའི་ས་བོན་ལས་བྱུང་ནས་ནམ་མཁའ་ཨི་ཕྱོགས་སུ་བལྟས་ཏེ། མ་མོ་བརྒྱད་ཀྱིས་ཡང་དག་པར་མཆོད་ལ། །ཡི་གེ་བསྐྱལ? ་བརྗོད་ཅིང་མཐར་མུ(རྒྱུད་འགྲེལ་པར་བྱའོ། །ལྷ་མེ་བཞི་ཡི་གླུས་བསྡུལ་བས་ཟད་པར་བྱས་ལ། ལངས་ནས་ཐམས་ཅད་སྡམ་བཞིན་དུ་བྱའོ། །དེ་ལྟར་རྟག་ཏུ་ཇི་སྲིད་དངོས་གྲུབ་ཀྱི་མཚན་མ་བྱུང་པར་གྱུར་གྱི་བར་དུ་བྱའོ། །དེ་མཐོང་ནས་རྒྱུད་ཇི?་ལྟ?་བ་བཞིན་དུ་ཉམས་སུ་བླང་པར་བྱའོ། །ཕྱག་དྲུག་པ ་ཡང་དེ་བཞིན་ཏེ། བྱ་བ་གཡོན་གྱི་དང་པོ་ནི་རྩ་གསུམ་པ་།གཡས་ཀྱི་དང་པོ་ན་རྡོ་རྗེ། གཡོན་གྱི་གཉིས་པ་ན་དྲིལ་བུ། གཡས་ཀྱི་གཉིས་པ་ན་བྲི་གུག། ཕྱག་ལྟག་མ་གཉིས་ཀྱིས་ཤེ་རབ་མ་ལ་འཁྱུད?་པའོ། །དེ་བཞིན་དུ་ཕྱག་བཞི་པའི་ཕྱག་གཡས་ཀྱི་དང ་པོ་ན་རྡོ་རྗེ། གཡོན་ན་ཐོད་པ། ལྷག་མ་གཉིས་ཀྱིས་ཤེས་རབ་མ་ལ་འཁྱུད་པའོ། །དེ་བཞིན་དུ་ཕྱག་གཉིས་པའི་གཡས་ན་རྡོ་རྗེ། གཡོན་ན་ཐོང་པ་འཛིན་པས་ཤེས་རབ་ལ་འཁྱུད་པ་སྟེ། དཀྱིལ་འཁོར་གྱི་གཙོ་བོའི་གཟུགས་སུ་བསྦྲེམ?་པར་བྱའོ། །འདི་དག་ཀྱང་ཕྱག ་བཅུ་དྲུག་པ་གཞིན་དུ་ཐམས་ཅད་བསྒོམ་པར་བྱའོ། །བཟླས་པ་དང་བསྒོམ་པས་སྐྱོ་བར་འགྱུར་ན་ཐམས་ཅད་རྣམ་བར་དག་པ་ལྷག་པར་མོས་པར་བྱའོ། །ཕྱག་བཅུ་དྲུག་ནི་སྟོང་པ་ཉིད་དེ་གང་དག་ཅེ་ན། ནང་སྟོང་པ་ཉིད་དང། ཕྱི་སྟོང་པ་ཉིད་དང་།ཕྱི་ནང་སྟོང་པ་ཉིད་དང། ་སྟོང་པ་ཉིད་སྟོང་པ་ཉིད་དང། ཆེན་པོ་སྟོང?་པ་ཉིད་དང། དོན་དམ་པ་སྟོང་པ་ཉིད་དང། འདུས་བྱས་སྟོང་པ་ཉིད་དང། འདུས་མ་བྱས་སྟོང་པ་ཉིད་དང། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང། དོར་བ་མེད་པ་སྟོང་པ་ཉིད་དང། ཆོས་ཐམས་ཅད་སྟོང་པ་ཉིད་དང། ་རང་གི་མཚན་ཉིད་སྟོང་པ་ཉིད་དང། མི?་དམིགས་པ་སྟོང་པ་ཉིད་དང། དངོས་པོ་མེད་པ་སྟོང་པ་ཉིད་དང། ངོ་བོ་ཉིད་སྟོང་པ་ཉིད་དང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང?་པ་ཉིད་འདི་དག?་?་ཕྱག?་བཅུ་དྲུག་གོ། བསྡུ་བའི་དངོས་པོ་བཞི་ནི་ཞབས་བཞི་སྟེ། སྦྱིན་པ་དང། ་སྙན་བར་སྨྲ་བ་དང། དོན་སྤྱོད་པ་དང། དོན་མཐུན་པའོ། །པགས?་པ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ། གང་དག་ཅེ་ན། དྲན་པ་དང། རྩོན་འགྲུས་དང་དགའ་བ་དང། ས་ཤིང་ཏུ་སྦྱངས་པ་དང། ཏིང་ངེ་འཛིན་དང། བཏང་སྙོམས་དང། ཆོས་རབ་ཏུ་རྣམ་པར་འབྱེད་པ ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བ་སྟེ། འདི་དག་ནི་པགས་པའོ། །ཤ་ནི་བུཀྐ་སཱི། ཁྲག?་ནི་ཤ་བ?་རཱི། ཁུ་བ་ནི་ཙཎྜ?་ལཱིའོ། །ཚིལ་དང་རྐངནི་ཌོམཔི་ནཱིའོ། །རུས་པ་ནི་བདན་པ་བཞི་སྟེ། སྡུག་བསྔལ་དང། ཀུན་འབྱུང། འགོག་པ་དང། ལམ་མོ། ཞལ་བརྒྱད ་ནི་རྣམ་པར་ཐར་པ་བརྒྱད་དེ་གང་དག་ཅེ་ན། གཟུགས་སྟོང་པ་ཉིད་དུ་མཐོང་བ་དང། ནང་གི་གཟུགས་སྟོང་པ་ཉིད་དུ་མཐོང་བ་དང། སྡུག་པ་དང་མི་སྡུག་པས་བྱས་པའི་ལྟ་བ་སྟོང་པ་ཉིད་དུ་མཐོང་བ་དང། ནམ་མཁའ་མཛའ་ཡས་སྐྱེ་མཆེད་སྟོང་པ་ཉིད་དུ་མཐོང་བ་དང། ་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་སྟོང་པ་ཉིད་དུ་མཐོང་བ་དང། ཅི་ཡང་མེད་པའི་སྐྱེ་མཆད་སྟོང་པ་ཉིད་དུ་མཐོང་བ་དང། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྟོང་པ་ཉིད་དུ་མཐོང་བ་དང། འདུ་ཤེས་དང་ཚོར་བ་འགོག་བ་སྟོང་པ་ཉིད་དུ་མཐོང་བའོ། །འདོད་ཆགས ་ཆེན་པོ་ལས་བྱུང་བས། བ?་ཡོན་པའི་ཞལ་ནི་ལེགས་པར་འཛིན། །གཏི་མུག་ཆེན་པོ་དག་པའི་བདག། ཞལ་ནི་གཡས་པ་དག་ཏུ་གནས། །བདུད་རྣམས་བཞི་པོ་གཞིག་ཕྱིར་དང། །ཉོན་མོངས་ཐམས་ཅད་ཞི་བྱའི་ཕྱིར། །གཡས་དང་གཡོན་པའི་ཞལ་གཉིས་གཉིས།། ་གནག་ཅིང་འགྱུར་བར་ཤེས་པར་བྱ། ཞེ་སྡང་ཆེན་པོ་རྨོངས་ཆེན་དང། འདོད་ཆགས་ཆེ་ལས་ཀུན་འབྱུང་བར། །རྩ་བའི་ཞལ་ནི་ཤེས་བྱ་སྟེ། །ཉམས་དག་ཡིས་ནི་ཚུལ་གྱིས་གནས། །མཁའ་དང་གཉིས་མེད་མཚོན་བྱེད་པར། །སྟེང་གི་ཞལ་ནི་ཤེས་པར་བྱ། །རོ་དགུའི ་ཉམས་དང་ལྡན་པའི། །སྒེག་དང་དཔའ་བྱད་འཇིགས་རུང་དང། །དྲག་དང་རྒོང་དང་འཇིགས་པར་བྱེད། །སྙིང་རྗེ་རྔ་མ་དང་ཞི་བ་ཡི། །རོ་དགུའི་ཉམས་ཤེས་བརྗོད་པ་ཡིན། །འཚོ་བ་ལོག་པ་སྤོང་པའི་ཕྱིར། །མཆེ་བ་ཅུང་ཞིག་གཙིགས་པར་བྱེད། །སྨིན་པ་ཁྲོ་གཉེར ་གཡོ་བ་དང། ལྟ་བ་ལོ་གེ་པ་སྤོང་པའོ། །?་གསུམ་ནི་རྣམ་པར་ཐར་པའི་སྒོ་གསུམ་ཏེ། སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པ་དང། རིམ་པ་འདི་ཉིད་ཀྱིས་ཞལ་བརྒྱད་དང་སྤྱན་ཉི་ཤུ་རྩ་བཞི་འབྱུང་བར་འགྱུར་བ་ཡིན་ཏེ། །དེ་ཡང ་སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་ཆེན་པོས་ཁྱབ་པའི་ཕྱིར་?་ཀྱང་དམར་པོར་གྱུར་པ་ཡིན་ནོ། །བྱམས་པའི་ཐུགས་ཀྱིས་སྐུ་ནག་པོར་གྱུར་པ་ཡིན་ནོ། །ཚད་རྣམས་ནི་རྒྱལ་བ་ལྔ་སྟེ། མི་བསྐྱོད་པ་ནི་འཁོར་ལོའི་གཟུགས་ཀྱིས་མགོ་ལ་འཆང་ངོ། །སྣང་ང་མཛའ་ ་ཡས་ནི་རྣ?་ཆའི་གཟུགས་ཀྱིས་འཛིན་ཏོ། །རིན་ཆེན་འབྱུང་ལྡན་ནི་མགུལ་བའི་ནོར་བུའི་ཚུལ་གྱིས་གནས་སོ། །རྣམ་པར་སྣང་མཛད་ནི་ལག་གདུབ་ཀྱི་གཟུཌ?་ཀྱིས་འཛིན?་ཏོ། །དོན་ཡོད་གྲུབ་བཞི་པོ་དཔག?་གི་གཟུཌ?་ཀྱིས་འཛིན་ཏོ། །བདུད་བཞི་ནི་ཕུང་པོའི་བདུད་དང། ཉོན་མོངས་པའི་བདུད་དང། འཆི་བདག་གོ ་བདུད་དང་ལྷའི་བུའི་བདུད་རྣམས་ཆངས་པ་དང། དབང་པོ་དང། ཉེ་དབང་དང། དྲག་པོའི་གཟུགས་སུ་ཞབས་ཀྱིས་མནན་པ་སྟེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ཕྲག་དོག་གི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །མི་དགེ་པ་བཅུ་བྱས་པ་ནི་མགོ་བོའི་ཕྲེང་བའོ། ། ་དེ་ཡང་གང་ཞེ་ན། སྲོག་གཅོད་པ་དང་།མ་བྱིན་པར་ལེན་པ་དང། འདོད་བས་ལོག་པར་གཡེམ་པ་དང། བརྫུན་དུ་སྨྲ་བ་དང། ཕྲ་མ་དང། ཁོང་ཁྲོ་བ་དང། ངག་ཁྱལ་བ་དང། བརྣབ་སེམས་དང། གནོད་སེམས་དང། ལོག་པར་ལྟ་བ་ཞེས་བྱའོ། དཔུང ་རྒྱན་ནི?་རྫུ་འཕྲུལ་གྱི་རྐང་བ་བཞི་སྟེ། འདུན་པ་དང། བརྩོན་འགྲུས་དང། དྲན་བ་དང། དཔྱོད་བ་ཞེས་བྱའོ། །རྐང་པའི་གདུབ་བུ་ནི་འཇིག་རྟེན་ལས་འདས་པའི་ཕུང་པོ་ལྔ་སྟེ། ཚུལ་ཁྲིམས་དང། ཤེས་རབ་དང། ཏིང་ངེ་འཛིན་དང། རྣམ་པར་གྲོལ་བ ་?། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའོ། །རྩ་བའི་མཐོན་དམན་བསྟན་པའི་ཕྱིར། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས། །བརྫུན་པའི་འདོད་ཆགས་སྤང་བའི་ཕྱིར། །རྣལ་འབྱོར་མའི་དྲ་བའི་སྟན། །འཇིགས་པ་ཡང་དག་སྤང་བའི་ཕྱིར། ། ་སྐུ་ལ་ཐལ་བའི་རྡུལ་གྱིས་བསྒོས། །དངོས་པོ་མེད་པའི་སྲིད་པ་ངོ་བོ་མེད་པའི་གཟུགས་ཅན་དུ་བསྟན་བའི་ཕྱིར། བདག་མེད་མ་ཡིས་མགུལ?་ནས་འཁྱུད་པའོ། །དེའི་གྲི་གུག་དང་ཐོད་པ་ནི་ཐབས་དང་ཤེས་རབ་ཀྱི་ངོ་བོ་ཉིད་དོ། །ཕྱག་གཡས་པའི་ཐོད་པ་བརྒྱད་ན་གནས ་པའི་གླང་པོ་ལ་སོགས་པའི་དམ་ཚིག་ནི་འདུས་པ་དང། རིམས་དང། གག་པ་དང། དུག་དང། གཟར་དང། སྐྲན་དང། ཕོ་སྲན་དང། འགོ་པ་དང། རིམ་བཞིན་ནོ། །གཡོན་གྱི་བརྒྱད་ན་གནས་པའི་ས་ལ་སོགས་པ་ནི་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་དང། ་ཕྲ་མ་དང། ཕྲག་དོག་དང། རྒྱགས་པ་དང། ང་རྒྱལ་དང། འདོད་པ་དང། རིམ་བཞིན་ཤེས་པར་བྱའོ། །དབང་བསྐུར་ནས་ནི་ཐམས་ཅད་ཀྱིས། །ཡེ་ཤེས་བླ་མེད་ཐོབ་གྱུར་ནས། །བླ་མ་དམ་པ་མི་བསྐྱོད་པ། །དེ་དག་ཅོད་པན?་དག་ལ་འཆང། །ཡེ་ཤེས་སྣང་བ་བསྐྱེད ་པའི་ཕྱིར། །འོད་ཀྱིས་དྲ་བ་རབ?་གསལ་བྱེད། །དཀྱིལ་འཁོར་གྱི་གཙོ་བོའི་རྣམ་པར་དག་པའོ། །ད་ནི་ལྷ་མོ་རྣམས་ཀྱི་རྣམ་པར་དག་པ་བརྗོད་པར་བྱ་སྟེ། གཽ་རཱི?་ནི་གཟུགས་ཀྱི་ཕུང་པོའི་ངོ་བོ་ཉིད་དོ། །ཙོ་རཱ་ནི་ཚོར་བའི་ཕུང?་པོའི་ངོ་བོ་ཉིད་དོ། །པེཏྟ?་ལཱི་ནི་འདུ་ཤེས་ཀྱི་ཕུང་པོའི ་ངོ་བོ་ཉིད་དོ། །གྷསྨ?་རྦི?་ནི་འདུ་བྱེད་ཀྱི་ཕུང་པོའི་ངོ་བོ་ཉིད་དོ། །པུཀྐ་སཱི་ནི་བྱམས་པའི་ངོ་བོ་ཉིད་དོ། །ཤ་བ་རཱི་ནི་སྙིང་རྗེའི་ངོ་བོ་ཉིད་དོ། །ཙཎྜར་ལཱི་ནི་དགའ་བའི་ངོ་བོ་ཉིད་དོ། །ཌོམ་ནཱི་ནི་བཏང་སྙོམས་ཀྱི་ངོ་བོ་ཉིད་དོ། །གཽ་རཱི་ནི་གཡས་ན་གྲི་གུག་ནི་བརྫུན་པའི་རྣམ་པར་རྟོག་པ་གཅོད་པར ་ཕྱེད་པ་ཉིད་དོ། །གཡོན་གྱི་རོ་ཧི་ཏའི?་ཉ་ནི་འཁོར་བའི་བག་ཆཌ་ཀྱི་ཚོགས་སོ། །ཙོ་རཱི་གཡས་ཀྱི་ཅང་ཏེའུ་ནི་ཐབས་དང་ཤེས་རབ་ཏུ་སྒྲུབ་པར་བྱེད་པ་ཉིད་དོ། །གཡོན་པའི་ཕག་ནི་གཏི་མུག་གི་ངོ་བོ་ཉིད་དོ། །བཏྟཱ་ལཱིའི་གཡས་ཀྱི་རུ་སྦལ་ནི་སྟོང་པ་ཉིད་ཀྱི་ངོ་བོའོ། །གཡོན་གྱི་པདྨའི་སྣོང ་ནི་སྙིང་རྗེའི་ངོ་བོ་ཉིད་དོ། །གྷསྨུ?་རཱི་ནི་གཡས་ཀྱི་སྤྲུལ་ནི་ཞེ་སྡང་གི་བདག་ཉིད་དོ། །གཡོན་གྱི་རྣལ་འབྱོར་གྱི་སྣོད་ནི་ཐབས་དང་ཤེས་རབ་ཀྱི་ངོ་བོ་ཉིད་དོ། །པུཀྐ་སཱིའི་གཡས་ཀྱི་སེང་གེ་ནི་བདུད་ཀྱི་སྡེའི་གླང་པོ་ཆེ་འཇིགས་པར་བྱེད་དོ། །གཡོན་གྱི་དགྲ་སྟ་ནི་ཞེ་སྡང་གི་ལྗོན་ཤིང ་གཅོད་པའི་དོན་གི།?་པུཀྐ?་སཱིའི?་གཡས་ཀྱི་དགེ་གློང་ནི་རྣམ་པ་ལྔ་བསྒོམ་པར་བྱ་བ་བསྒུབ?་པའོ། །གཡོན་གྱི་བར?་?་དི་གཉིས་སུ་མེད་པའི་ཡེ་ཤེས་གྲུབ་པར་བྱེད་པའི་དོན་ཏོ། །ཙཎྜ་ལཱིའི?་གཡས?་ཀྱི་འཁོར་ལོ་ནི་འགོ?་?་གཅད་པ་དོན་?་གཡོན ་གྱི་གཤོལ?་མངའ་ནི་མི་ཤེས་པའི་?་?་བརྩལ?་ནས་འབྱིན་པའི་དོནྟོ། །ཌོམཔི?་ནིའི?་གཡས་ཀྱི་རྡོ་རྗེ་ནི་མི་ཕྱེད?་པའི་ཡེ་ཤེས་རྟོགས་པའི་དོནྟོ། །གཡོན་གྱི་སྡིགས་མཛུབ་ནི་?་གང་ཅན་རྣམས་ཚར་གཅོད?་དྲུའོ?། །འདི་དག་ཀུན་གྱི་སྔར་གསུམ་ནི་འདས་པ་དང་མ ་འོངས་པ་དང། ད་ལྟར་གྱི་དུས་ལ་བརྟའོ། །ཕྱག་གཉིས་ནི་གཟུགས་མེད?་གཉིས་ཀྱི་ངོ་བོའོ། །གཟུགས་མེད་པ་གཉིས་གང་ཡིན?། ནག་ཁབ?་དང་རྣམ་པར་ཤེས་པ་ཞེས་བྱའོ། །འདོད་ཆགས་པ་དང། ཞེ་སྡང་དང། གཏི་མུག་དང། ཕྲ་མ་དང། ཁོང་ཁྲོ་བ་དང། ཅུ་དོག་དང། ཆགས ་པ་དང། ང་རྒྱལ་རྣམས་ནི་ཚངས་པ་ལ་སོགས་པའི་གདན་རྣམས་སོ། །ཕྱག་ཏུ?་སྔ་ནི་སྔ་པ་ལྔ་སྟེ། གང་དག་ཅན། འཐིགས?་ཚོགས་?་དང། ལོག?་པར་ལྟ?་བ་དང། ?་?་བར་ལྟ་པ་དང། ལྟ་བ་མཆོག་ཏུ་འཛིན་པ་དང། ཚུལ་ཁྲིམས་དང་བརྡུལ་ཞུགས ་མཆོག་ཏུ་འཛིན་པའོ། །ཁྲོ་བའི་སེམས་སྤོང་བར་བྱེད་པའི་དོན་དུ་ཞལ་རྣམ་བར་འགྱུར་ཞིང། དབུ་བསྐྲ?་ཕྱན་དུ་བརྫེས?་པའོ། །ད་ནི་དཀྱིལ་འཁོར་གྱི་རྣམ་པར་དག་བ་བརྗོད་པར་བྱ་སྟེ། ལུས་དང་ངག་དང་ཡིད་ཀྱི་བདུས་པ་ནི་དཀྱིལ་འཁོར་རོ། །བདེན་གཞིའི་རྣམ་པའི ་ཚུལ?་གྱིས་བྲུ?་བཞིའོ། །བདུད?་?་སྒྲག་པར་མཛད་པའི་དོན་གྱིས་སྒོ་བཞི་པ་རྟགས་པ་ཉིད་དོ། །ཆགས་པའི་གནས་བཞིའི་ངོ་བོ་ཉིད་གྱིས་ཟུར?་བཞིར་བརྟགས་པ་ཉིད་དོ། །རྣམ་པར་ཤེས་པ་བརྒྱད་ཀྱི་ངོ་བོ་ཉིད་ཀྱིས་?་བརྒྱད་ཀྱིས་?་?་པ་ཉིད་?་པར་ཤེས་པ་དེ ་ཡང་བང?་ཞེ་ན། མིག་གི་རྣམ་པར་ཤེས་པ་དང། རྣ་བ་དང། སྣ་དང། ལྕེ་དང་ལུས?་དང། ཡིག?་དང། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་དང། ?་རྣམ་པར་ཤེས་པའོ། །བུམ?་པ་བརྒྱད་ནི་གཟུགས་བརྒྱད་དེ། ?་?། ས?་དང་ཆུ་དང? ་མེ་དང་རླུང་དང། ཁ་དོག་དང་གྲི་དང་རོ་དང་རེག་བྱ་ཞེས་བྱའོ། །ཁ་རྒྱན་གྱི་ཡལ་ག་ནི་ལམ?་ཡན་ལག་བརྒྱད་པ་སྡེ། དེ་དག་གང་ཞེ་ན། ཡང་དག་པའི་ལྟ་པ་དང། ཡང་དག་པའི་རྟོག་པ་དང། དག་པའི་ངག་དང། ཡང་དག་པའི་ལས་ཀྱི་མཛའ་དང། ཡང་དག ་བའི་འཚོ?་བ་དང། ཡང་དག་པའི་རྩོལ་པ་དང། ཡང་དག་པའི་དྲན་པ་དང། ཡང་དག་པའི་ཏིང་ངེ་འཛིན་ཞེས་བྱའོ། །རིན་པོ་ཆེ་ལྔ་ནི་སྟོབས་ལྔ་སྟེ། དད?་བའི་སྟོབས་དང། བརྩོན་འགྲུས་ཀྱི་སྟོབས་དང། དྲན་པའི་སྟོབས་དང། ཏིང་ངེ་འཛིན་གྱི་སྟོབས་དང། ཤེས་རབ ་ཀྱི་སྟོབས་སོ། །དཀྱིལ་འཁོར་གྱི་དོ་ཤལ་རྣམས་ནི་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་དང། ང་རྒྱལ་ཞེས་བྱ་བའི་ཉོན་མོངས་བ་རྣམས་འཇོམས་པའི་དོན་ཏོ། །དེ?་ཤལ་ཕྱེད་པ་ནི་ཉེ་བའི་ཉོན་མོངས་པ་རྣམས་འཐོམས་པའོ། །དངོས་དང་དངོས་མེད ་བྱེ་བྲག་གིས། །སེམས་ནི་གང་ཞིག་རྣམ་རྒྱས་པས། །སེམས་ནི་བླ་རེ་ཞེས་བྱ་བར། །དོན་དམ་ཉིད་དུ་གསུངས་པ་ཡིན། །ཏིང་ངེ་འཛིན་གྱི་ཡན་ལག་ནི་རྟ་བབས་སོ། །དེ་གང་དག་ཅེ་ན། བསྙེན་པ་དང། ཉེ་བར་བསྒྲུབ་པ་དང། རྒརུབ?་པ་དང། སྒྲུབ་པ ་ཆེན་པོའོ། །རྒྱལ་མཚན་ཡང་དེ་དག་ཉིད་དོ། །ཡན་ལག་བརྒྱད་པའི་ལས་གྱི་ཡེ་ཤེས་ནི་རྔ?་ཡབ་ཀྱི་ཕྲེན་བས་བརྒྱན་པའོ། །ཆོས་ཀྱི་གནས་བཞི་ནི་རྡོ་རྗེའི་ཐིག་དང་ལྡན་པའོ། །དེ་དག་གང་ཞེ་ན། ཆོས་ཐམས་ཅད་མི་རྟག་པ། འདུས་བྱས་ཐམས་ཅད་ནི་སྡུག ་བསྔལ་བ། །ཆོས་ཐམས་ཅད་ནི་བདག་མེད་པ། །མངན་ལས་འདས་པ་ནི་ཞི་བ་ཞེས་བྱའོ། །བྱམས་དང་སྙིང་རྗེ་ལ་སོགས་པ་ནི་མེ་ཏོག་དང་སྤོས་དང་མར་མེ་དང་དྲིའོ། །དེ་ལྟ་བུ་ནན་གི་བདག་ཉིད་ཅན་གྱི་དཀྱིལ་འཁོར་ཕྱིའི་ལའང་ཤེས་པར་བྱའོ། །ང་ནི་དུར་ཁྲོད ་བརྗོད་པར་བྱ་སྟེ། དབུགས་རྒྱུ?་ཞེས་བྱའི་རིགས་པ་འངས། དུར་ཁྲོད་ཅེས་ནི་མངོན་པར་བརྗོད་ཅེས་བྱ་བར་དུར་ཁྲོད་ཅེས་བྱ་བ་ནི་ལུས་ཏེ་སའི་ཁམས་སོ། །དེས་ཞིང་སྐྱོང་བར་བྱེད་པས་ན་ཞིད་སྐྱོང་སྟེ་ཟུང་ངོ། །བསྲེག་ཅིང་འཆེད་པའི་བདག་ཉིད་ཀྱིས་ནི་ཀླུའོ།?་།ནམ་མཁའ་ཨི་ ་མཚན་ཉིད་ཀྱིས་ན་ཤིང་ངོ?། ཆུའི་ངོ་པོ་ཉིད་ཀྱིས་ནི་སྤྱིན་ནོ། །རྙེད་པ་དང། མ་རྙེད་པ་དང། བྲགས་པ་དང། མ་གྲགས་པ་དང། རྨད?་པ་དང། བསྟོད་པ་དང། བདེ་བ་དང་སྡུག་བསྔལ་ལ་སོགས་པ་ནི་འཇིག་རྟེན་སྐྱོང་བའོ། །ནད་ལ་སོགས་པ་ནི ་ཡི་དགས་དང། འབྱུང་པོ?་དང། ཤ་ཟ་ལ་སོགས་པའི་འོ། །དུར་ཁྲོད་བརྒྱད་ནི་ཡན་ལག་བརྒྱད་དོ། །འདི་དག་གི་དཀྱིལ་ན་མཆོག་ཏུ་དགའ་པའི་རང་བཞིན་གྱིས་བཅོམ་ལྡན་འདས་རྣལ་འབྱོར་མ་རྣམས་ཀྱིས་བསྐོར་ནས་བཞུགས་སོ། །བདག་དང་བདག་གིས ་འཛིན་པའི་སྐྱོན་རྣམས་མ་ལུས་འཁྲུགས་བའི་རླབས་དང་འཛིན་ཁྲི་དང། །ལྡན་པའི་འཁོར་པའི་རྒྱ་མཚོའི་ནང་ན་གནས་པ་ཕྲོག?་མཐར་ཐུག་པའི་ལྡོང་གྱུར་ལ། །དེ་ཉིད་གསལ་བར་བྱེད་པ་འདི་བསམས་པ་ལས་བསོད་ནམས་སྐྱེས་པ་མ་ལུས་པ། །དེས་ནི་དེ་ཉིད་གྲུ་ཡིས ་འཇིག་རྟེན་འདི་དག་རྣམས་ནི?་མ་ལུས་རྟག་ཏུ་སྒྲོལ་པར་ཤོག། དགྱེས?་པའི?་རྡོ་རྗེའི་སྒྲུབ་པའི་ཐབས་དེ་ཁོ་ན་ཉིད་གསལ་བར་བྱེད་བ་ཞེས་བྱ་བ་སློབ་དཔོན་པཎྚི་ཏ་ནག་པོའི་ཞབས་ཀྱིས་མཛད་པ་རྫོགས་སོ།། །།མཁས་པ་ཆེན ་བོ་བྲམ་ཟེའི་ངགས། །ནག་པོའི་མཚན་ཅན་དེ་དང་ནི། །སངས་རྒྱས་བསྟན་ལ་?་དགའ་པའི། །དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར། དེ་ལས་དགེ་བ་གང་ཐོབ་པ། །དེས་ནི་འགྲོ་བ་མ་ལུས་པས། །རིམས་གཉིས་ཕྱག་རྒྱ་བཞི་རྟོགས་ནས། །རྡོ ་རྗེ་འཛིན་བའི་གནས་ཐོབ་ཤོག། ?་ཤར་ཁྲུངས་བླ་མ་ནི། །དགྱེས་རྡོར་གཞུངས་མཁས?་བྱུང་བས། །བྲམ་ཟེ་ནག་པོའི་མཚན་ཅན་ལ། །ཚུལ་ཁྲིམས་རྒྱལ་སོགས་མཆེད་རྣམས་ཀྱིས། །མང་དུ་གསོལ་བཏབ་མཛད་པ་ཡིན།། །། ་