| Wylie | e-texts based on the ACIP/ALL Input |
རྒྱ་གར་གྱི་མཁན་པོ་དྷརྨཱ་ཙནྡྲ་རང། ལོ་ཙ་བ་དྷརྨཱ་ཙནྡྲས་རང་བསྒྱུར་ཞིང་གཏན་ལ་ཕབ་པའོ།། །།ཞལ་གཅིག་ཕྱག་གཉིས་པའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། རཏན?་ཛཝཱ?་ལ་སཱ་དྷ་ད་ནི་ནཱ?་མ། ་བོད་སྐད་དུ། རིན་ཆེན་འབར་བ་ཞེས་བྱ་བའི་སྒྲུབ་པའི་ཐབས། དཔལ་རྡོ་རྗེ་མཁའ་འགྲོ་མ་ཕྱག་འཚལ་ལོ། །རྟོག་པས་བརྟགས་པའི་གནས་དོན་ཇི་སྙེད་ལ། །ཁྱབ་པར་བཞུགས་ནས་དེ་དག་སྡུད?་མཛད་པ། །ཤེས་རབ་ཐབས་གཉིས་དགའ་བཞི་ཐིག་ལེ་བཞི། །སྐུ་བཞི ་སྤྲོས་པས་འགྲོ་དོན་མཛད་ལ་འདུད། །ཧ་ཅང་རྒྱས་དང་ཧ་ཅང་བསྡུས་པ་ཡིས། །འཇིག་པ་བདག་དང་དེ་འདྲ་རྣམས་ཀྱི་ཕྱིར། །ཀྱེ་ཡི་རྡོ་རྗེའི་བྱ་བའི་རིམ་པའི་བམ། །རིན་ཆེན་འབར་བའི་ཞེས་བྱའི་སྒྲུབ་ཐབས་བརྩམ། །རྣལ་འབྱོར་བ་གང་ཉན་ཐོས་དང། །བྱང་ཆུབ་? ་སྤྱོད་རིམ་པར་གུས?། །ངལ?་ཞིང་ཟབ་ལ་རིག་ཀུན་མཁས། །སྔགས་རྒྱུད་སྦྱོར་བས་བདེ་བྱེད་ཅིང། །རྡོ་རྗེ་དྲིལ་བུ་ཡེ་ཤེས་དང། །ལྷ་དང་དཀྱིལ་འཁོར་སྦྱིན་བསྲེགས་དང། །སྔགས་དང་རྡུལ་ཆེན་གཏོར་མ་དང། །དབང་བསྐུར་དེ་ཉིད་བཅུ་རིགས་པས། །དུར་ཁྲོ ་ཆུ་འགྲམ་ཤིང་དང། །རི་དང་ཆང?་ཆིང?་བྱ་སྐྱིབས་སོགས། །མེ་ཏོག་འབྲས་བུ་སོགས་བརྒྱན་པར། །བདུད་རྩི་ལྔ་དང་དྲིས་བྱུགས་ནས། །སྒྲུབ་པའི་སྔོན་དུ་བསྙེན་པར་བྱ། །དེ་མེད་ན་ནི་འགྲུབ་མི་འགྱུར། །ལས་ཀྱི་ཆོ་ག་གང་དག་ལ། །ཉེ་བར་བསྙེན་པས་འགྲུབ་མ་འགྱུར ་བའོ། །དངོས་དང་དངོས་བྲག་ཀུན་པ་བོ། །ཀྱི་ཡི་རྡོ་རྗེ་འཁོར་བཅས་ལ། །མཆོད་གཏོར་ལྡན་པར་ཐུན་བཞིར་བསྡོམ། །མཐུན་མཆིམས་བཟླས་པ་འབུམ་འམ་ཁྲི། །ཡང་ན་མཚན་བཟང་མཐོང་པ་སྟེ། །ཚོགས་འཕེལ་བེགས་ཞི་དོན་གྲུབ་པའོ། །དཔལ ་ཀྱེ་རྡོ་རྗེ་བྱ་བའི་རིམ་པའི་ལམ་ལས། །བསྲེགས?་?་བྱ་བ་ཧེ་དང་པོའོ།། །།མཁས་པས་གྲོང་དང་གྲོང་ཁྱེར་དང། །རི་བོ་འམ་ས་ཕྱོགས་ཉམས་དགའ་བའམ། མེ་ཏོག་ཚལ་དང་དབེན་གནས་དང། །རྒྱལ་སྲས་ཁྱིམ་འམ་དཀྱིལ་འཁོར་སར། །དཀྱིལ ་འཁོར་མཆོག་འདི་བྲི་བའི་ཕྱིར། །དང་པོར་ས་ནི་ལེགས་པར་བརྟགས། །ཆུ་ནི་གཡས་འཁོར་ཤར་དང་བྱང། །དམའ་བ་དཀར་སོགས་གྲཝ་བཞི་སོགས། །བརྐོས་ནས་སླར་བཀང་ལྷག་གྱུར་པ། །ཁྲུ་བྱེད་བརྐོས་ནས་ཆུ་ཡིས་དགང། །གོམ་པ་བརྒྱད་ནི་འགྲོ་བར་བྱ། །མྱུར ་འོངས་དེ་ལྟར་ཉིད་ན་བསྔགས། །ུ་དུམྦ་ར་ནྱ་གྲོ་དྷ། །བཀུལ་དང་ཨརྫུ་ནར། །བཅས་པ་རུ་སྤལ་རྒྱབ་འདྲ་སྤང། །རང་བདག་སྦྱོར་བས་གཏོར་མ་སྦྱིན། །དེ་ནས་ས་ནི་བསླང་བར་བྱ། །ས་ཕྱོགས་འདིར་བདག་ཆེ་གེ་མོ། །དཀྱིལ་འཁོར་རྒྱལ་པོ་ཀྱི་རྡོ་རྗེ། །བཞེངས་ཀྱིས་འདོན? ་གནས་པའི་བགེགས། །འདི་ནས་གཞན་དུ་འགྲོ་བར་གྱིས། །དགུན་ཟླས་སོགས་བརྩམས་ཏེ་?་བ་གསུམ་གསུམ་ལྟོ་འཕྱའི་མགོ། །ལྷ་དང་ནུབ་དང་བྱང་དང་ཤར། །བལྟས་ཏེ་གཡོན་བའི་ཟུར་གྱིས་ཉལ། །པུས?་མོ་ལྟེ་བ་རྐད་ཙམ་དུ། །དངོས་གྲུབ་རྗེས་མཐུན་ལྟོ་ནས་བརྐོ། ་ཕུབ་མ་གསེག་མ་རྡོ་བ་དང། །ཤིང་བུ་སེལ་བ་ལ་སོགས་དོར། །རིན་ཆེན་འབྲུ་སྨན?་ནང་དུ་གཞུག་།དེ་ནས་ཤིན་ཏུ་ཐས་པར་བརྡུང། །གལ་ཏེ་དེ་ལྟར་མ་ནུས་ན། །མཁར་བསམས་ལག་མནན་སྔགས་འདི་བཟླ། །ོཾ་ཧ་ནོ་ཧ་ན་ཀྲོ་དྷ་ཧཱི་ཕཊ། ཨོཾ་བྷྲུཾ་ཁཾ་ཧཱུཾ། ས་ན་མ ་མཁར་བྱིན་གྱིས་བརླབ་པའོ། །མཆོད་དང་གཏོར་མར་ལྡན་པར་ནི། །རིམ་བཞིན་བསྒོམས་ཏེ་མཚན་མ་བརྟག། བཀྲ་མི་ཤིས་ན་སྤོང་བའམ། །དྲག་པོའི་སྦྱིན་སྲེག་ཞི་བའང་བྱ། །དེ་ནས་བསྲུང་པའི་འཁོར་ལོ་ཡིས། །བགེགས་དགྲ་ཚར་བཅད་བསྲུང་བར་བྱ། །རྡོ ་རྗེར་པ་བླ་དེ་གུར། །ཧཱུཾ་ལས་གསལ་བར?་བསྒོམ་པར་བྱ། །དེར་ནི་ཧཱུཾ་བཅུའི་སྦྱོར་བ་ལས། །ཁྲོ་བོ་བཅུ་ནི་རིམ་པར་དགོད། །གཤིན་རྗེ་མཐར་བྱེད་ཤེས་རབ་མཐར། །པདྨ་མཐར་བྱེད་བགེགས་མཐར་བྱེད། །ཊཀྐི་ཁྲོ་བོ་དབྱུག་པ་བཞིན། །སྟོབས་ཆེན་མི་གཡོ་མགོན ་པོ་ཡང། །གཙུག?་?་གདུགས་ནི་དཀར་པོ་དང། །རྡོ་རྗེ་ཞབས་འོག་གནས་པའོ། །རྡོ་རྗེ་ཁྲོ་བོ་སྐྱེས་བུ་ཆེ། །ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ། །སྙིང་གར་གཡོན་པའི་ཁུ་ཚུར་མཛུབ། །གཡས་ན་རང་གི་མཚོན་ཆ་འཕྱར། །གཤིན་རྗེ་གསོད་པའི་དབྱིག་ཐོ་སྟེ། ། ་གཞན་གྱི་མི་ཐུབ་རྡོ་རྗེ་དབྱུག་།རྟ་མགྲིན་ལ་ནི་དབང་མཆོག་དམར། །མི་བྱེ་བ་བདུད་རྩི་ཐལ་སྦྱར་ལའོ?། །?་རྒྱལ་པོ་ལྕགས་ཀྱུ་སྟེ། །དབུག་སྔོན་ཅན་ལ་རང་གི་མེད?། །སྟོབས་ཀྱི་རྒྱལ་པོ་རྩེ་གསུམ་པ། །མི་གཡོ་མགོན་པོ་རྡོ་རྗེ་སྟེ། །ཚེ་སྐྱོབ་དཀར་པོ་རྒྱལ་པོ ་ཡི། །ཆོས་ཀྱི་འཁོར་ལོ་རྣམ་པར་བསྒོམ། །གཏུན་ཤིང་རྡོ་རྗེ་རྐང་འོག་ལའོ། །ཞབས་གཡོན་བརྐྱང་བས་གནས་སོ་པའོ། །དབང་པོ་སྔོན་པའི་རྣམ་པ་ལྟར། །མཐར་བྱེད་མཐར་བྱེད་བསྒོམ་པར་བྱ། །གཞན་གྱི་མི་ཐུབ་རྡོ་རྗེ་ནི། །འཇིགས་བྱེད་ཟླ་བའི་ནོར་བུ་འདྲ། །པདྨའི་ཁྲོ་བོ་དམར ་པོ་ཆེ། །རྡོ་རྗེ་བདུད་རྩི་བདག་ཉིད་གནས། །མཚམས་ཀྱི་ཁོ་བོ་ཆེར་གནག་ཅིང། །སྤྱི་སོར་རྡོ་རྗེ་འཆང་བ་འཛིན་?་གཤིན་རྗེ་རྣམ་སྣང་ཉིད་ཀྱིས་ཧེ། །རྡོ་རྗེ་སེམས་དཔས་དབྱིག་པ་ཅན། །པདྨའི་ཁྲོ་བོ་རྣམ་གཟིགས་རྗེས། །རྡོ་རྗེ་སེམས་དཔས་ཐལ་སྦྱོར་ལའོ། །རྡོ་རྗེ་དཀྱིལ་འཁོར ་དབུས་གནས་པར། །རྡོ་རྗེ་ཉི་མ་བསྒོམ་པར་བྱ། །འོག་ཏུ་པདྨའི་གདན་བསམ་ནག། ཁྲོ་བོ་བཅུ་རྣམས་བསྒོམ་པར་བྱ། །བསྲུང?་བའི་འཁོར་ལོ་གཟི་བརྗིད་ཆེ། །བསྐལ་པའི་མེ་ལྟར་འབར་བ་སྟེ། །འཁོར་ཞིང་རབ་ཏུ་མི་གཡོ་བར། །དཔག་ཚད་བརྒྱ་ཡི་ཆེད་ཙམ་དུ། །ོཾ་རཀྵ ་རཀཱ་ཧཱུཾ་ཧཱུཾ་ཧཱུཾ་སྭཱཧཱ། །དཔལ་ཀྱེ་རྡོ་རྗེའི་བྱ་བའི་རིམ་པའི་ལམ་ལས?་སའི་ཆོ་གའི་བྱ་བ་སྟེ་གཉིས་པའོ།། །།བློ་ལྡན་འཁོར་ལོའི་ས་དབུས་སུ། །ལེགས?་ལྡན་སྔོན་འགྲོ་ནས་བརྩམས་ཏེ། །མཆོད་བསྟོང་བར་གྱིས་སྦྱོར་ལྡན་པས། །སངས་རྒྱས་རྣམས ་ལ་གསོལ་བབ?་དང?། །མ་ལུས་ཕྱོགས་བཅུ་བཞུགས་པ་ཡི། །མགོན་པོ་བདག་ལ་དགོངས་སུ་གསོལ། །རྡོ་རྗེ་འཆང་ཆེན་?་མོ། །བདག་ནི་ཀྱེ་ཡི་རྡོ་རྗེ་ཡི། །དཀྱིལ་འཁོར་མཆོག་འདི་འདྲི་བར་བྱེད། །བདག་གི་སྒྲུབ་བྱ་སྒྲུབ་པའི་ཕྱིར། །མཐུ་ཆེན་ལྡན་བ་ཁྱེད་རྣམས ་ཀྱིས། །དཀྱིལ་འཁོར་བྱིན་གྱིས་བརླབ་ཏུ་གསོལ། །དཔའ་བོ་རྡོ་རྗེ་དྲིལ་འཛིན་ལ། །གློབ་མའམ་འཁོར་སྤྲུལ་གསོལ་བ་གདབ། །དེ་བཞིན་གཤེགས་པ་ཀུན་ཞིག། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་མ་ཡི་མཆོག། དཀྱིལ་འཁོར་དམ་པ་བཤད ་?་གསོལ། །མཚན་ཉིད་ཐམས་ཅད་ཡི་བདག་རྫོགས། །མཚན་མིན་ཐམས་ཅད་ཡང་དག་སྤངས། །ཀུན་ཏུ་བཟང་པོ་བླུ?་ཡི་མཆོག། དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞིབ་ཆོས་མཆོག་ལས་གྱུར་བ། །ཡེ་ཤེས་སྤྱོད་པ་རྣམ་སྦྱོར་མཛད། །ཀུན་ཏུ་བཟང་པོ་གསུང་གི་མཆོག ་དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། །ཀུན་ཏུ་བཟང་པོ་ཐུགས་ཀྱི་མཆོག་།དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ལངས་ཏེ་མཁའ་བཞུགས་རྒྱལ་ཕྱག་བྱ། །སངས་རྒྱས་ཀུན་སྦྱོར་ང་རྒྱལ་བསྐྱེད། །སངས་རྒྱས ་རྡོ་རྗེ་སེམས་དཔའ་བདག། རྡོ་རྗེ་ཉི་མའང?་བདག་ཉིད་དེ། །དོན་ཡོད་རྡོ་རྗེ་ཆོས་བདག་ཉིད།། སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །དེ་ནས་ཀྱེ་རྡོར་ཁྲོས་བལྟས་ནས། །འཁོར་ལོ་མཁའ་ལ་གདེགས་པར་བྱ། །ཡི་གེ་མ་ཊས་ཉི་ཟླའི་མིག། ཕྱོགས་དུས་ཐམས་ཅད་སྦར་བ་དང།། ་བློ་ལྡན་འགྲོ་ལ་བལྟས་ནས་ནི། །འཁོར་ལོའི་ས་ནི་ཡོངས་སུ་བསྐོར། །རྐང་འོག་རྡོ་རྗེ་འབར་བ་དང། །རྡོ་རྗེ་གསོར་བར་གཤིན་ཏུ་བརྩོན། །རོལ་བའི་རྡོ་རྗེ་འགྲོས་ཀྱི་གང། །མཆེ་བ་གཙིགས་བཅས་ཧཱུཾ་སྒྲོགས་པས། །མེ་ཏོག་སྟིམ་པའི་སྦྱོར་པས་བྱ། །?་ལ་ཡལ ་གའི?་སྦྱོར་བ་ཉེར། །མར་མེ་མཐེ་བོང་བརྟན་པར་བྱ། །བྱུག་པ་དེ་ཡི་རྣམ་པ་ཡང། །ལག་པས་མིག་དང་དེ་བཞིན་རྣ། །རྐ་དང་ཟུར་ཀྱི་གཡས་ཕྱོགས་སུ། །ཕེག་རྡོབ་པ་ཡི་སྦྱོར་བས་བྱ། །དེ་བཞིན་དུ་ཡང་གཡོན་དུ་བསྐོར། །རྒྱུན་གྱིས་གར་བྱས་དེ་འོག་ཏུ། །བསྐྱོད་པའི ་གར་བྱས་དེ་ཡི་རྗེས་?་བསྐོར་དེ་?་བྱས་ཏེ་འཁོར་ལོ་བཞིན་དུ་འཁོར་པར་བྱ་གཡས་བརྐྱང་བ་དང་གཡོན་བརྐྱང་པ་དང། མཉམ་པའི་རྐང་སྟབས་དང། རྡོ་རྗེའི་རྐང་སྟབས་དང། དཀྱིལ་འཁོར་དང། སྣ་ཚོགས་ཐམས་ཅད་དང། རུ་སྦལ་གྱི་རྐེང་སྟབས་དང། བུང་བའི་དྲ་བ་དང། ་རྒྱ་མཚོ་བསྐྱོར?་པ་དང། རི་བོའི?་མཆོག་དང། མཛེས་པའི་གོམ་བ་དང། །ཁྲོ་བོའི་གོམ་བ་སྟེ་།རྐང་སྟབས་ཀྱི་བཀོད་པའི། །རལ་གྲིའི་ལུགས་དང། འཁོར་ལོའི་ཚུལ་དང། རིན་པོ་ཆེའི་ཚུལ་དང། པདྨའི་ལག་བ་དང། རལ་གྲིའི་ལག་པ་དང། མདུང?་གི་ཚུལ་དང། ་གཤུའི?་ཚུལ་དང། དབྱུག་པའི་ཚུལ་དང། དབྱུག་ཐོའི་ཚུལ་དང། གཏུན་ཤིང་གི་ཚུལ་དང། རྡོ་རྗེ་རྩེ་གཅིག་པའི་ཚུལ་དང། ཁ་བཅུ་པའི་ཚུལ་དང། རལ་གྲི་བུ་མོའི་ཚུལ་དང། སྣ་ཚོགས་དབྱིགས་པའི་ཚུལ་དང། མ་དུང་གི་ཚུལ་དང། གོང་བུ་སྐྱོང ་བའི་ཚུལ་དང། འཕན་གཉིས་པ་དང། འཕན་གསུམ་པ་དང། མེ་ཏོག་གི་ཚུལ་དང། བདུག་སྤོས་ཀྱི་ཚུལ་དང། མར་མེའི་ཚུལ་དང། དྲིའི་ཚུལ་དང། ལཱ་སྱེའི་ལག་པ་དང། ཕྲེང་བའི་ལག་པ་དང། གླུའི་ལག་པ་དང། གར་གྱི་ལག་པ་དང། གླིང་བུའི་ལག ་པ་དང། པི་ཝང་གི་ལག་པ་དང། རྫ་རྔའི་ལག་པ་དང། ཀུ་མུ་ཏའི་ལག་པ་སྟེ། ལག་པའི་བཀོད་པའོ། །རྡོ་རྗེའི་པདྨའི་སྐྱིལ་ཀྲུང་དང། པདྨའི་བདུག་སྟངས་དང། བཟང་པོའི་འདུག་སྟངས་དང། སྐྱིལ་ཀྲུང་ཕྱེད་པ་དང། བཀྲ་ཤིས་ཀྱི་བདུག་སྟངས་ཏེ། འདུག ་སྟངས་ཀྱི་དགོད་པའོ། །སྒེག་པའི་རོ་དང། དཔའ་བོའི་རོ་དང། མི་སྡུག་པའི་རོ་དང་རྒོད་པའི་རོ་དང། དྲག་པོའི་རོ་དང། འཇིགས་སུ་རུང་བའི་ངོ་དང། ཞི་བའི་རོ་དང། རྔམ་པའི་རོ་དང། སྙིང་རྗེའི་རོ་དང། དྲུག་གིས་རྗེས་སུ་བསྐྱེད་པའི་གླུ་དང། དྲང་སྲོང་གི་རྗེས་ཀྱི ་གླུ་དང། བར་མའི་རྗེས་ཀྱི་གླུ་དང། །ལྔ་པའི་རྗེས་ཀྱི་གླུ་དང། བློ་གསལ་གྱི་རྗེས་ཀྱི་གླུ་དང། འཁོར་ཉན་པའི་གླུའོ། །ཉུང་དུའི་དབྱེ་བ་དང། སྒྲོལ་བའི་དབྱེ་བ་དང། འཇིགས་པའི་དབྱེ་བ་དང། གང་བ་དང། དབྱེ་བ་ཕྱེད་ཕྱི་བ་དང། རྣམ་པར་འདྲེ་བ ་དང། འདོད་ཆགས་གཉིས་མཚུངས་པར་བྱེད་པ་དང། ལྐོག་མ་ཉེད་པ་དང། རྐང་མ་ཉེད་པ་དང། ལྕེ་ཉེད་པ་དང། སོ་ཉེད་པ་སྟེ། གླུའི་དགོད་པའོ། །ས་གཞི་ཡོངས་གཟུང་དུས་སུ་ཡང། །དམ་ཚིག་འདི་ནི་རབ་བསྐུལ་པ། །ཡེ་ཤེས་རྡོ་རྗེ་ཅན་གྱིས ་བྱ། །འདི་ནི་དམ་ཚིག་རིམ་པ་མཆོག། ལུས་དག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་རྣམས་ཐམས་ཅད་ཉོན། །ང་ནི་སྙིང་རྗེའི་སྟོབས་དཔལ་ལྡན། །བསྲུང་བའི་འཁོར་ལོ་སྦྱོར་བའོ། །རྡོ་རྗེ་ཡིས་ནི་གསལ་བའི་ལུས། །སྐུ་གསུམ་ལས་ནི ་སྐྱེས་པ་སྤྲོ། །གལ་ཏེ་ལ་ལ་འདའ་བྱེད་ན། །འཇིག་པར་འདི་ལ་ཐེ་ཚོམ་མེད། །ལུས་སྲུལ་པོ་དང་ཁ་གཅིག་གང། །བདེ་ཆེན་ཡེ་ཤེས་འབྱུང་པ་དང། །རྡོ་རྗེ་སེམས་དཔའ་ཨི་རང་བཞིན་སྐྱེས། །ཟུར་གཅིག་བགེགས་ནི་ཆེན་པོ་རྣམས། །ན་མ:ས་མནདྷ?་བུདྡྷེ་བྷཡོ་ན་མ་བཛྲ་ཀྲོ ་དྷཱ་ཡ། མ་ཧཱ་དཾཥྚོ་ཏ་ཀ་ཊ་བྷཻ་པ་ཝཱ་ཡ་བཛྲ་སནདོ་ཧ་དརྦཱ་ཡ། ཨ་མྲི་ཏ་ཀུཎྜ་ལི་ཧཱུཾ་ཕཊ་ཅེས་བྱ་བའམ། ན་མ(རྒྱུད་འགྲེལ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བནདྷ་བནདྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫ་གརྫ། བི་སཕོ་ཊ་ཡ་བི་སཕོ་ཊ་ཡ། སརྦ་བཛྲ་བིགྷཱཾ། བ་ན་ཡ་ཀཱ་ན། མཧཱ་ག་ཎ་པ་ཏི། ཅི་པི་ཏཱནྟ་ཀ་རཱ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་བརྗོད་པར་བྱའོ། །དེ་ལྟར་ས་ནི་ཡོངས་?་ལ། །བགེགས་མེད་ཕྱིར་ནི་ཕུར ་པུ་གདབ། །སྟོད་དུ་བགེགས་འཇོམས་ཁྲོ་བོ་ལ། །སྨད་དུ་རྩེ་གཅིག་བསམས་ནས་གདབ། །ོཾ་སུམྦྷ་ནི་སུམཱ?་ཧཱུཾ། གྲིཧྞ་གྲིཧྞ་ཧཱུཾ། གྲིཧྞ་པ་ཡ་གྲིཧྞ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧཾ་བྷ་ག་ཝཱན། བིདྱཱ་རཱ་ཛ་ཧཱུཾ་ཕཊ། ཨོཾ་གྷ་གྷཱ?། གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚ་ཕཊ། ཀཱི་ལ་ཡ་སརྦ ་པཱ་ཕཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་ཕཊ། ཨཱཛལཱ?་པ་ཡ་ཧི་ཀཱ་ཡ་པཏ?་ཀྩིཏྟ?་བཛྲ་ན་ཀཱི་ལཱ་ཡ་ཧཱུཾ་ཕཊ། བགེགས་མེད་ས་ནི་ཕྱོགས་བཅིངས་ནས། །དེ་ནས་ལྷག་པར་གནས་པར་བྱ། །མཆོད་གཏོར་རྒྱ་ཆེར་བཤམས་ནས་ཀྱང། །དཀྱིལ་འཁོར་དབུམ་སུ་དྲིས?་བྱུགས ་ནས། །ལྷ་མོ་བསྐྱེད་དེ་མཆོད་བྱས་ལ། །ལྷག་པར་གནས་ཏེ་གཤགས་སུ་གསོལ། །ཀྱེ་ཡི་རྡོ་རྗེ་ཁྲོས་མཆོད་པའི། །མ་མ་རིན་ཆེན་སྣ་ཚོགས་འཛིན། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཆེ་ཤེ་མོ་བདག་དཀྱིལ་འཁོར་འདྲི། །ལྷ་ཡ་གནས་སུ་ངེས་པ་དེར། །བ?་ཡི ་ལྔ་དང་དྲི་ཞམ་སོགས། ། བྱུགས་མེ་ཏོག་ཚོམ་བུ་དགྲམ། །མཁས་པས་ལྷ་ཡི་གནས་དེ་ལ། །དཀྱིལ་འཁོར་རང་སྔགས་ཡི་གེ་སྦྲུལ། །སྤྱན་དྲངས་མཆོད་བསྟོད་བར་དུ་བྱ། །དེ་ནས་སློབ་ལྡན་པུས་གཙུགས་ཏེ། །ལག་པར་སྤོས?་ཐོགས་གསོལ་བ་གདབ།། ་བཅོམ་ལྡན་ཀྱེ་ཡི་རྡོ་རྗེ་མཆོག། རྡོ་རྗེ་འཛིན་རྒྱལ་ཕྱག་འཚལ་ལོ། །སློབ་མ་རྣམས་ལ་བདེ་བ་དང། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །ཐུགས་རྗེ་བདག་ཉིད་ཅན་རྣམས་ཀྱིས། །དཀྱིལ་འཁོར་བདག་ནི་འདྲི་བར་བགྱིད། །བཅོམ་ལྡན་བདག་ནི་དུས ་པ་ལ། །དེ་ནི་གནང་བ་མཛད་པའི་རིགས། །སངས་རྒྱས་?་འཁོར་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང། །གང་གཞན་གསང་སྔགས་ལྷ་རྣམས་དང། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང། །གང་ཡང་འབྱུང་པོ་མཐུ་ཅན་དང། །གང་སུ་ལྷའི ་སྤྱན་མ་དང་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པ་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་པ་ཡིས། །ཀྱེ་ཡི་རྡོ་རྗེའི་དཀྱིལ་འཁོར་ནི། །འགྲོ་བ་དག་པར་བྱ་བའི་ཕྱིར། །ཡོ་བྱད་ཅི་འབྱོར་པས་འདྲིན། །དེ་དང་བདག་སློང་མར་བཅས་ལ ་ཐུགས་ནི་བརྩེ་བར་དགེངས་ནས་སུ། །དཀྱིལ་འཁོར་དུ་ནི་ཚོགས་པ་ཀུན། །བྱིན་གྱིས་བརླབ་པ་མཛད་དུ་གསོལ། །དེ་ལྟར་ལན་གསུམ་གསོལ་བཏབ་ནས། །བུམ་པ་ལྷག་པར་གནས་པར་བྱ། །བུམ་པ་རྩ་བ་ནག་པོ་མེད། །མགྲིན་པ་འདི་པ་ལྟོ་ཆེ་བ། །དཀར་པོས་བྱུགས་ཏེ་མཚན ་མས་གདབ། །ཁ་རྣམས་ཡལ་ག་གོས་བརྒྱན་དུ། །ཏོ་ལེ་དང་གྲོ་དང་སྲན་མ་དང། །ནས་དང་འབྲས་ནི་འབྲུ་ལྔའོ། །ཧ་ས་དེ་བག?་པ་ར། །ཀྲི་ཏ་ཛཾ་ལི་བྲི་ཧ་པ་ལ། །ཀར་ནི་ཀ་ནི་སྨན་ལྔ་ཡིན། །གསེར་དངུལ་མུ་ཏིག་བྱུ་རུ་དང། །ནོར་བུ་རིན་ཆེན་རིན་ཆེན་ལྔ། །མར་དང་འོ ་མ་སྦྲང་རྩི་མངར?། །ལན་ཚ་སྤོས་དང་དྲི་བཟངས་གཞུག། ཧཱུཾ་བདུན་?་པའི་སྲད་པུ་གང། །མེ་ཏོག་ཕྲེང་བཏགས་རྡོ་རྗེ་ནི། །དྲི་ཆུར་བཅུག་པ་སྟེང་དུ་གཞག། བུམ་པར་ལྷ་བསྐྱེད་ནས་ནི། །ཕྲེང་བའི་མགོ་ནས་ལག་གཟུང་ལ། །ཉིན་དེ་བཞིན་དུ་ཐུན་གསུམ་དུ། །གཏོར ་མ་བྱེན་ཞིང་བརླས?་པར་བྱ། །དེ་ནས་བུམ་པ་སོ་སོར་བཞག། ལས་ཀུན་བྱེད་པ་བྱང་ཤར་དུའོ། །སློབ་མ་ཡན་ལག་ཀུན་རྫོགས་ཤིང། །ཤིན་ཏུ་དུལ་དང་སྤྱོད་བཞི། །ཆོས་གསུམ་ལ་ནི་མངོན་དགའ་ཞིང། །ཐེག་པ་ཆེ་ལ་དགའ་བའི་བློ། །སྔགས་དང་ཕྱག་རྒྱ་སྦྱོར ་བ་དང། །བཟོ་སོགས་ཐམས་ཅད་རྟོགས་འདོད་ཅིང། །སྦྱོར་དང་བསམ་དགའ་བ་དང། །ཉན་དང་ཀློག་ལ་བརྩོན་པ་དང། །རྟག་ཏུ་བླ་མ་གུས་འདོད་དང། །སྦྱིན་པ་ལ་སོགས་དགེ་བ་དགའ་། །དེ་བཞིན་འདོད་ལ་མི་དགའ་བ། །ལོངས་སྤྱོད་ལ་ནི་མི་གནས་པ། །ང་རྒྱལ་ཁྲོ་བ ་མེད་པ་གཟུང། །གང་ཞིག་ཚུལ་ཁྲིམས་འཆལ་པ་དང། །སློབ་དཔོན་དང་ནི་རྒན་པའི་ལྷ། །སེམས་ཅན་ཀུན་ལ་སྨོད་པ་དང། །ངན་པའི་བདག་ཉིད་གདུག་སེམས་དང། །རྟག་ཏུ་སྡིག་པའི་བློ་དོན་དང། །ཚིག?་ཀྱལ་དག་རྩུབ་སྨྲ་བ་རྣམས། །འདི་དག་འདྲ་བ་སྤང་བར་བྱ། །གལ་ཏེ་བདེ ་གཤེཌ་དགོད་པ་ནི། །སྒྲུབ་པ་དོན་གཉེར་བརྩོན་ལྡན་ན། །གཟུགས་ངན་ཡོན་ཏན་མེད་པའམ། །དམན་པའམ་ལྷག་གནས་བྱ་བར་རིགས། །སྟོན་པས་དེ་ལ་འདི་སྐད་བརྗོད། །ཚེ་འདིའི་འབྲས་བུ་གདོད་མི་བྱ། །ཚེ་འདི་འདོད་པར་གྱུར་པ་ལ། །འཇིག་རྟེན་ཕ་རོལ་དོན་མི་འགྱུར། །འཇིག ་རྟེན་ཕ་རོལ་དོན་གཉེར་སྐྱེས། །འཇིག་རྟེན་འདི་ཡི་འབྲས་བུ་རྒྱས། །དེ་ཕྱིར་འབྲས་བུ་མཆོག་འདོད་བྱ། །དེ་སྐད་བརྗོད་ནས་སློབ་མ་དེ། །རྟག་པར་བསམ་ལ་གསོལ་པ་གདབ། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བཤད་དུ་གསོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ?། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། མགོན་པོ་བདག་ནི་འཇུག་པར་འཚལ། ་དེ་སྐད་ལན་གསུམ་བརྗོད་པར་བྱ། །དེ་ནས་དཔའ་བོས་སློབ་མ་ཡིས། །ཡོན་ཏན་དམིགས་བྱས་ཚིག་འདི་བརྗོད། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང ་འདས་དང། །དེ་བཞིན་གང་དག་མ་བྱོན་དང། །ད་ལྟར་བྱུང་བའི་མགོན་པོ་རྣམས། །འགྲོལ་ཕན་ཕྱིར་བཞུགས་པ་རྣམས། །དེ་དག་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་པོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས།། ་གསང་སྔགས་སྤྱད་པ་མཉམ་མེད་དེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིན། བདུད་སྡེ་ཤིན་ཏུ་མི་ཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མ་བྱེན་ཐོབ་པའི་ཕྱིར། །བུ་ཡིས་བློ་གྲོས་འདི་ཀྱིས་ཤིག། བདག་གིས་ཐོག་མ་མེད་དུས་ནས། །ལོག ་རྟོག་དབང་གིས་སྡིག་བགྱིས་པས། །ཐུགས་རྗེ་དཔའ་བདག་ཁྱེད་རྣམས་ཀྱི། །སྤྱན་རྫས་བཤགས་ཀྱི་བླན?་ཆད་སྡོམ། །རྒྱལ་དང་དེ་ཡི་སྲས་རྣམས་དང། །འགྲོ་བའི་བསོད་ནམས་ཡ?་ན་ལུས་པ། དེ་ལ་ཡག་དག་ཡི་རང་ཞིང། །བྱང་ཆུབ་དམ་པར་བསྔོ་བར་བགྱི། །གང་དང་གང་གིས ་འདུལ་འགྱུར་བ། །དེ་དང་དེ་ཡི་སྐུར་སྟོན་པ། །སྣ་ཚོགས་གཟུགས་ནོར་ཇི་ལྟ་བུའི། །རྫོགས་སངས་རྒྱསླ་སྐྱབས་སུ་མཆི།།ཀུན་རྟོག་མ་ལུས་དག་གྱུར་པ། །རང་རིག་ཡང་དག་ཡེ་ཤེས་བསྐྱེད། །ལྷན་ཅིག་སྐྱེས་དགའ་ཨི་ངོ་བོ་ཉིད། །དམ་པའི་ཆོས་ལའང་སྐྱབས་སུ་མཆི། ་གོ་རིམ་ཇི་བཞིན་དབང་བསླུར?་ཐོབ། །མ་ལོག་ལམ་ལ་ངེས་གནས་དང། །སྲས་མཆོག་འཁོར་འདུས་ཆོགས་མཆོག་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །ཡང་དག་ཡེ་ཤེས་མེ་བོ་ཆེ། །གཏི་མུག་མུན་པ་བསལ་པ་དང། །སྒྲིབ་པ་མ་ལུས་སྦྱང་པའི་ཕྱིར། །བྱང ་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །རྒྱལ་སྲས་དཔའ་བོ་རྣམས་ཀྱིས་ལམ། །སྤྱོད་པ་དཔག་ཡས་གང་ཡིན་དང། །མ་བཅོས་ཇི་བཞིན་གནས་ལམ་ལ། །ད་ནི་ཡང་དག་གནས་པར་བགྱི། །དེ་ནས་བླ་མས་བྱང་ཆུབ་སེམས། །མ་སྐྱེས་པ་ནི་བསྐྱེད་པར་བྱ། །བསྐྱེད་པ་སླར ་ཡང་དྲན་དུ་གཞུབ། ལས?་ཀུན་བྱེད་པས་བསྲུངས་ནས་མི། །སྙིང་ག་ལྐོག་མ་སྤྱི་བོ་རུ། །རྡོ་རྗེ་པདྨ་འཁོར་ལོ་དག། ཧཱུཾ་ཨཱ:ོ་ལས་དེར་ག་དགོད། །སྤོས་ཆུ་རྡོ་རྗེ་ཁུ་ཚུར་དག། སྙིང་ག་སྐོལ?་མ་སྤྱི་བོར་གཏུག། དེ་བཞིན་ཧཱུཾ་ཨཱ:ོཾ་བརྗོད་བྱ། །ོཾ་ཨཱ:ཧཱུཾ་བརྗོད། །མེ ་ཏོག་ལ་སོགས་རིམ་བཞིན་བྱིན?། །སྤྱི་བོ་རིམ་ཏེའོ?་མདུན?་དུ་སྤོས?། །མར་མེ་དྲིན་ནི་སྙིང་ག་རུ། །ཀུན་བྱེད་བཟླས་ནས་?་པ་ཡིས། །སློབ་མ་བྱམས?་ལ་སྦྱིན་པར་བྱ། ། ཤྭ་ཏ་ཨུ་དུམྦ་ར་ཡི། །?་ཤིང་སོར་ནི་བཅུ་གཉིས་པ། །མ་ཡོ་མགས་སྲོག་ཆགས་མེད། །རྩེ་མོ ་མེ་ཏོག་བཅས་པ་བྱིན། །ཤར་རམ་བྱང་དུ་ཁ་བལྟས་བཞག། བཅས་ནས་བལྟོས་པ་མེད་པར་ནི། །བ་ཀེ་ཙམ་དུ་བྱུག་པར་དོར། །ཞི་ལ་སོགས་པའི་དངོས་གྲུབ་བསྟན། །འཐོར་འཐུང་སྐྱེས་བུ་ལན་གསུམ་བླུད། །ོཾ་ཨཱ་ཇི་ཧྭ་སཾ་བ་རདྷ་ནི་ཧཱུཾ་ཕཊ། སོ་ཤིང་ལས་བཟླས་པའི་སྔགས་སོ། །ོཾ ་ཧྲཱི?་བི་ཤུདྡྷ་སརྦ་པཱ་བཾ་ནི་ཙཱ་བྱེ་ཤོ་དྷ་ཡ་སརྦ་བི་ཀལྤན་ཨ་པ་ན་ཡ་ཧཱུཾ། འཐོར་འཐུང་བླུད་པའི་སྔགས་སོ། །བདུད་རྩིལ་འཁྱིལ?་པའི་སྔགས་བཟླས་པའི་།བསྲུང་སྐུད་དཔུང་པ་གཡས་པར་བཏགས། །ཀུ་ཤའི་སྙིང་པོ་ཙམ་ཉམས། །དྷི་ལས་བྱུང་བ་བསམ་པར་བྱ། །དང་པོར་སྤྱི་བོར་གཅིག་གཟུང ་བྱ། །གཞན་དག་སྔས་དང་སྟན་ཕྱིར་བྱིན། །འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ུ་དུམྦ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག། འབྱུང་འགྱུར་ཡང་ནི་མི་འབྱུང་ངོ། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་ཞིག་མཉམ་མེད་སེམས? ་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱ་བ་དུ་མར་ནི། །སྡིག་པ་བྱས་པར་གྱུར་པ་གང། དེ་ཀུན་དཀྱིལ་འཁོར་འདི་འདྲ་པར། །མཐོང་བས་འབྱང་བར་འགྱུར་བ་སྟེ། །གྲགས་པ་མཛའ་ཡས་སྔགས་བརྗོད་པའི། །ཚུལ་ལ་གནས་པ་སྨོས་ཅི་དགོས། །སྐྱོབ་པ ་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་བ། །དེ་དག་གི་ནི་ངན་འགྲོའི་རྒྱུན། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་འཆད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང ་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱི་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐམས་ཅད་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའོ། །ལམ་མཆོག་འདི་ནི་དཔལ་དང་ལྡན། ་ཁྱེད་རྣམས་དེར་ནི་དང་བས་ན། །རང་འབྱུང་བསྐལ་པ་ཆེན་པོ་ལ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །དོན་པ་ཤད་བསྲུང་བ་བྱས་ནས་ནི། །ཀུ་ཤའི་སྟན་ལ་ཉལ་དུ་གཞུག། རྨི་ལམ་གང་དག་ཅི་མཐོང་བ། །དེ་ཀུན་དང་པོར་ ་ང་ལ་སྨྲོས། །རྨི་ལམ་བཟང་ངན་དྲིས་ནས་ནི། །མི་དགེ་ཐལ་སྦྱོར་དག་གིས་གཞོམ་།དཔལ་གྱི་རྡོ་རྗེའི་བྱ་བའི་རིམ་པ་ལས་སྟ་གོན་བྱ་བ་སྟེ་གསུམ་པའོ།། །།མཁས་པ་མཉམ་ཞིང་ཡིད་ངོ་འོང་བ། །བ་ཡི་ལྔ་དང་བདུད་རྩི་ལྔ། །? ་ཞིམ་ཆུ་ཡི་ལེགས་བྱུགས་ལ། །ཕྱི་ཡི་རྒྱ་མི་ཁྲུ་བདུན་པ། །ནང་གི་ཁྲུ་གསུམ་མཐེ་བོང་གསུམ། །དཀྱིལ་འཁོར་ཐིག་ནི་གདབ་པར་བྱ། །ཐིག་སྐུད་གསར་བ་མ་ཇོ་ས་པར་ལྡན། །རིགས་?་ས་བོན་དེ་མདོག་བྱུང། །ཡེ་ཤེས་ལྔ་ལྡན་སྲ་དགུ་གང། །ལྔ་ཕྲག་ལྔ་ནི་རྣམ་ཕྱེད? ་ལ། །ཉི་ཟླའི་བར་མིག་ལྕགས་ཀྱུས་དགག་།ལས་ཀུན་བྱེད་པའི་ཕྲད་བུ་ཡང། །གཙང་མས་ལེགས་བཀལ་དྲི་ཞིམ་དང། །བདུད་རྩི་སྤང་ཤིང་ཡི་གེ་གསུམ། །ཐིག་འཛིན་གྲོགས་ཛཛ་ཡོས་བཏབ་ཞིང་རང་ཡང་ཟློ། །ཁུ་ཚུར་གཡོན་པས་ལྟེ་པར་བཟུང། །ནུབ་དང་ཤར ་ནས་བློ་ལྡན་གྱིས། །མཁའ་དང་འོག་གི་ཐིག་གདབ་བྱ། །ོཾ་བཛྲས་མ་ཡ་སྐུ་ཐ་མ་ཏིཀྲ་མ་ཧཱུཾ། ནམ་མཁའ་གང་བའི་བདེ་གཤེགས་རྣམས། །བྱེད་ཀྱིས་འགྲོ་དོན་མཛད་དུས་ལགས། །ཐིག་གིས་སྒྲ་ཡིས་བསྐུལ་ནས་ནི། །དེ་རྣམས་འདིར་ནི་གཤེགས་སུ་གསོལ།། ་ལྟས་?་གྱིས་ནི་དངོས་མི་འགྲུབ། །ཐིག་སྐུད་ཆང་ན་སློབ་དཔོན་འཆི། །རིང་འཕུང་ཁྱེར་ན་ནད་ཀྱི་ཐེབས། །ཕྱོགས་འཁྲུལ་བ་ཡིས་སློབ་མ་དང། །སློབ་དཔོན་ལ་ཡང་ཉམ་པར་གསུངས། །སློབ་དཔོན་སློབ་མ་ཤར་ནུབ་ཏུ། །བལྟས་ཏེ་ཚངས་པའི་ཐིག་གདབ ་བྱ། །འཕེལ་འགྲིབ?་མེད་པའི་ཤིང་ཤུན་སོགས། །བྱེད་དང་བྱེད་དུ་དགོས་བྱས་ལ། །ཕྱེད་ཀྱི་ཕྱེད་ན་ལྷོ་བྱང་དུ། །བྱ་འོག་རྗེས་བཙལ་ཚང་ཐིག་གདབ། །དེ་ནས་དཀྱིལ་འཁོར་ཕྱེད་ཚད་ཀྱིས། །གཡས་དང་གཡོན་དུ་རྒྱུ་གྲམ་བྱ། །ཤར་ནུབ་ཕྱོགས་དང་ལྷོ་ཕྱོགས་ཐིག། ་?་ཤར་ནུབ་བལྟས་པས་གདབ། །མེད་གནས་རླུང་བལྟས་བདེན་བྲལ་ནས། །དཔང་ལྡན་བལྟས་ཏེ་ཚངས་ཐིག་གདབ། །བྱེད་ལ་ཕྱེད་ཕྱེད་ཕྱེད་དུ་?། ཚངས་ཐིག་ངེས་དེར་བརྒྱད་བརྒྱད་འགྱུར། །དང་པོ་ཕྱེད་རྒྱབ་དེ་ནང་ཕྱེད། །ལྔར་བྱས་སྒོ་འཁྱུད་ཕྱི་ཉིད ་དཀྱིལ། །གཉིས་པ་བྱེད་བྱེད་དང་པོ་ལ། །ཕྱེད་ཕྱེད་བྱས་པ་ལོགས་ཤེས་བྱ། །དེ་རྒྱབ་མེ་ཏོག་ཆུན་འཕྱང་སྟེ། །དེ་རྐྱབ་རྟ་བབས་ཀ་བ་ཡིས། །གསུམ་པའི་ཕྱེད་རྒྱ་པ་དེ་ཕྱེད་ནང། །རྡོར་ཕྲེང་བཞི་པ་ལྷ་རྣམས་ཡིན། །ལྔ་པའི་ཕྱེད་ཕྱེད་དང་པོ་ལ། །ཕྱེད་ཕྱེད་བྱས་པ་ཚོན་ལྔའི་གནས། །བུར?་གཉིས ་འདོད་ཡོན་མཐར་ལྔར་བྱས། །སྒོ་འགྲམ་རིན་ཆེན་ཕ་གཱུང་དེ། །དྲུག་པའི་བྱེད་ནང་མུ་ཏིག་ཕྲེང། །དེ་རྒྱབ་ཕྱེད་ནང་ཕྱེད་ཕྱེད་བྱས། །ཡ་ཕུབ་ཐ་མ་རྡོ་རྗེ་གདུང། །བདུན་པ་རྟ་བབས་དག་ཏུ་འགྱུར། །བརྒྱད་པ་པདྨ་འཁོར་ལོ་གདུགས། །དེ་རྒྱབ་ཉི་མའི་དཀྱིལ་འཁོར་ཏེ། །སྣ་ཚོགས ་པདྨ་རྡོ་རྗེ་རྭ། །མེ་འོད་རིམ་བཞིན་བསྐོར་པར་བྱ། །དེ་ནས་མཁས་པས་མཚོན་རྣམས་ལ། །བུཾ་ཨཾ་ཛྲིཾ་ཁཾ་ཧཱུཾ་རྣམས་ཀྱིས། །རྡུལ་ཚོན་ལྷ་ཡི་རྣམ་པར་སྦྱོར། །འབར་པའི་བལྟ་བྱ་ཡེ་ཤེས་སྦར། །ཡང་དག་གཟི་བསྐྱེད་སྔགས་བཟླས་མཆོད། །ོཾ་བཛྲ་ཙིཏྲ་པ་མ་ཡ་ཧཱུཾ། འདི་ནི་ཆོས་དབྱིངས་དག་པ ་སྟེ། །སེམས་ཅན་ཁམས་ནི་དག་པར་བྱེད། །ཀྱེ་ཡི་རྡོ་རྗེ་རྒྱལ་ཆེན་གྱི། །དཀྱིལ་འཁོར་དམ་པ་བཞེངས་པར་བྱ། །བླ་མས་གཡོན་པའི་ཁུ་ཚུར་གྱིས། །དབང་ལྡན་ཕྱོགས་ནས་བརྩམས་ནས་ནི། །དཀར་དང་སེར་དང་དཾ?་བཞིན་དམར། །ལྗང་གུ་དང་ནི་ནག་པོ་ཉིད། །མཉམ་ཞིང་གཡས་བསྐོར་རྒྱུན ་མ་བསམ?། །མ་ཡོ་བར་ནི་ཚོན་?་གྱི། །སྒོ་ཡི་ཉི་ཤུ་ཆ་རུ་ནི། །རི་མོ་མཉམ་པར་དགྱེ་པར་བྱ། །སྒོམ་པོར་བཀྱེ་བར་ནད་ཀྱིས་འདེབས། །ཕྲ་མོས་ནོར་ནི་རྣམ་པར་འཇིགས། །ཡོན་པོས་རྣམ་འགྲས་ཆད་པ་ཡིས། །བླ་མ་དང་ནི་སློབ་མ་འཆི། །གཡས་བསྐོར་མིན་པར་དབྱེ་བ་ཡིས། །ཚོན་ནི ་ཕུར་བུས་བཏབ་པར་འགྱུར། །དཀར་པོ་རྡོ་རྗེ་རྩེ་རང་བཞིན། །གཉིས་པ་གསེར་ལས་དམིགས་པ་སྟེ། །པདྨ་རཱ་གའི་རང་བཞིན་རྩེ། །དེ་བཞིན་གཞན་དག་མརྐཏ?་ཡིན། །ནག་པོ་ནང་དུ་ཤེས་བྱ་སྟེ། །འདི་ནི་ཚོན་གྱི་རིམ་པར་བཤད། །ཤར་དུ་དཀར་པོ་ཆེན་པོ་སྟེ། །ལྷོར་ནི་སེར་པོ་ཡང ་དག་ལྡན། །ནུབ་ཀྱི་ཆལ་དམར་པོ་སྟེ། །བྱང་ནི་ལྗང་གུ་ཡང་དག་ལྡན། །དབུས་ཀྱིས་གཞི་ཆ་དག་ནི། །ིནྡྲ་ནཱི་ལིའི་འོད་གསལ་བར། །རྟག་པར་བདག་ཉིད་ཤེས་རབ་ཐབས། །ཤིན་ཏུ་མཉམ་པ་ཞག་ལེགས་པར་བྲི། །རི་མོ་བར་ནི་ནང་?་མ་རེག་པར་ནི་བྲི་བར་བྱ། །ཁ་སྦྱོར་གཅི ་པ་སྒོ་བཞི་པ། །སྣ་ཚོགས་འོད་ཀྱིས་ཡང་དག་ཁྱབ། །རྟ་བབས་བཞི་དང་ཡང་དག་ལྡན། །རྡོ་རྗེ་ཐིག་གིས་རྣམ་པར་བརྒྱན། །རི་མོ་ལྔ་དང་ངེས་པར་ལྡན། །དེར་ནི་བུམ་པ་བརྒྱད་བྲི་བྱ། །རིན་ཆེན་ལྔ་ཕྱེད་རང་བཞིན་ནམ། །ཡང་ན་འབྲས་ལ་སོག་པའོ་།དུར་ཁྲོད་སོ་ཕག་དག ་གིས་སམ། །དེ་བཞིན་དུར་ཁྲོད་སོལ་བས་སོ། །དེ་དབུས་པདྨ་འདབ་མ་ནི། །བརྒྱད་པ་གེ་སར་ལྡན་པར་བྲི། །དེ་དབུས་ཐོད་པ་དཀར་པོ་ནི། །སྣ་ཚོགས་རྡོ་རྗེས་མཚན་པ་བྲི། །དབང་ལྡན་དུ་ནི་སེང་གེ་སྟེ། །མེ་ཡི་མཚམས་ནི་དགེ་སློང་ངོ། །བདེན་བྲལ་དུ་ནི་འཁོར་ལོ་སྟེ། །རླུང་དུ་རྡོ་རྗེ ་བྲི་བར་བྱ། །ཤར་གྱི་?་ར་ནི་གྲི་གུག་བྲི། །ལྷོར་ནི་ཅང་ཏེའུ་བྲི་བར་བྱ། །ནུབ་ཏུ་དུ་སྦལ་བྲི་བྱ་སྟེ། །དེ་བཞིན་སྦྲུལ་ནི་བྱང་དུའོ། །ལྷ་མོའི་ཁ་དོག་དབྱེ་བ་ཡིས། །ཕྱག་མཚན་བརྒྱད་དུ་རབ་ཏུ་གྲག། བླ་རེ་རྒྱལ་མཚན་འཕན་གདུགས་སོགས། །གླ་རྒྱན་འོག་རྒྱན་བྲེ་བར་བྱ།། ་མཚོང་གཏོར་རྒྱ་ཆེར་བཤམས་བཀྲམ་ལ། །འབར་མིག་ལ་སོགས་གོང་ལྟ་བུར། །རྡོ་རྗེ་སེམས་དཔའ་ཨི་སྙེམས་བྱས་ལ། །རྐང་པ་གཡས་པ་བརྐྱང་བྱས་ཏེ། །ཕྱག་གཉིས་ཀྱི་རྡོར་རྣལ་འབྱོར་གྱིས། །སློབ་དཔོན་དཀྱིལ་འཁོར་འཇུག་པར་བྱ། །ལུས་བཀྲུས་གཙང་སྦྲ་དྲི་ཞིམ ་དང། །སྣ་ཚོགས་རྒྱན་གྱིས་བརྒྱན་པའོ། །ཧཱུཾ་ཧཱུཾ་སྒྲ་ཡི་ང་རྒྱལ་བྱེད། །ཧི་ཧི་སྒྲ་ཡིས་འཇིགས་པར་བྱེད། །དེ་ལྟར་དཀྱིལ་འཁོར་ལན་གསུམ་བསྐོར། །མ་དག་མཆེད་སྐྱོན་རྣམས་བསལ། །དེ་ནས་སློབ་དཔོན་རང་ལྷ་ཡིས། །སྦྱོར་ཚོགས་གཙོ་བོའི་བདག་ཉིད་ཀྱི། དཀྱིལ ་འཁོར་སྐུལ་པ་རྡུལ་ཚོན་དང། །གཉིས་མེད་མཁར་གནས་ཀྱང་དེར་གཞུག་།བྱིན་གྱིས་བརླབ་དང་དབང་བསྐུར་གྱི། །བར་རྫོགས་བྱས་ནས་འཆད་པ་ཡི། །ཚོགས་དཀྱིལ་འཁོར་རབ་ཏུ་མཆོད། །རང་ལྕེས་རྡོ་རྗེ་བདུད་རྩི་མྱང། །ཕྱི་རོལ་འབྱུང་བོའི་གཏོར་མ་སྦྱིན། ་སྔ་དྲོ་རྒྱལ་པའི་?་སྲེག་བྱ། །མ་དག་ལ་སོགས་ཉེས་པ་རྣམས། །རྒྱལ་བ་རྣམས་ལ་བཟོད་པར་གསོལ། །དཔལ་ཀྱེ་རྡོ་རྗེའི་བྱ་པའི་རིམ་པའི་ལམ་ལས། དཀྱིལ་འཁོར་གྱི་བྱ་བའི་རིམ་པ་སྟེ་བཞི་པའོ།། །།དེ་ནས་སློབ་དཔོན་རང་ལྷ་ཡི། ་སྦྱོར་ནས་དཀྱིལ་འཁོར་ལེགས་བལྟས་ལ། །མཆོད་དང་བསྟོད་པ་ལ་སོགས་བྱ། །ཕྱི་ནང་སྦྱིན་སྲེག་དག་གིས་ཀྱང། །འཁོར་ལོ་མཆེད་དེ་བདག་ཉིད་ཀྱང། །སློབ་མའི་རིམ་བཞིན་དབང་བླངས་ལ། །གཟུགས་བརྙན་ལྟ་བའི་འཁོར་ལོ་རུ། ། སློབ་མ་གཞུག་ཕྱིར་བདེན ་བ་བསྒྲག?། ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག། སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །ཀྱེ་ཡི་རྡོ་རྗེ་དེང་འགྲུབ་མཛོད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར ་མཆོག་ཏུ་བདག་གྲུབ་མཛོད། །ཉེས་པ་མི་མངའ་རྟག་པའང་ཁྱོད། །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་འགྲུབ་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག། གདོང་ནས་གྲོལ་བ་དེ་བཞིན་གཤེགས། ། ་ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔའ་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག། དབང་ཕྱུག་ཆེན་པོ་རྒྱ་མཆོག་གིས། །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་སྙེམས་བདག་བདག་མཛོད་ཅིག། སེམས་ཅན་ཀུན་གྱི་ཡང་ཁྱབ་ཅིང།། ་སེམས་ཅན་ཀུན་གྱི་ཡིད་ལ་བཞུགས། །སེམས་ཅན་ཀུན་གྱི་ཡབ་གྱུར་ཉིད། །འདོད་ཆགས་དམ་ཚིག་མཆོག་གྱུར་པའོ། །བདེན་པ་བདག་གིས་ཡེ་ཤེས་མཆོག། ཤེས་རབ་ཐབས་དག་དཀྱིལ་འཁོར་ཡིན། །བདེན་པ་ཡིས་མགོན་བདག་ལ་ནི། །ཁྱེད་ཀྱི ་འདོད་པ་རབ་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །བདེན་པ་འདི་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་ནི། །ཀུན་གྱིས་དྲི་མ་མེད་མཐོང་ཤོག་དེ་ལྟ ་བསྟོད་ཅིང་ཕྱག་བགྱིས་ནས། །འདི་ལྟར་ཡང་ན་གསོལ་བ་གདབ། །དཀྱིལ་འཁོར་གཙོ་བོའི་དཀྱིལ་འཁོར་དུ། །སློབ་མ་རབ་ཏུ་གཞུག་པར་བགྱི། །སེམས་ཅན་དོན་དུ་བདག་གསོལ་འདེབས། །བཟོད་པ་མཛད་དེ་དགོངས་སུ་གསོལ། །དེ་ནས་སློབ་མས་སློབ་དཔོན་གྱིས།། ་ཞབས་ལ་གཏུགས་ལ་འདི་སྐད་བརྗོད། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །བྱང་ཆུབ་སེམས་ཀྱང ་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གོང་མཆོག་ཏུ། །མགོན་པོ་ཆེན་པོ་བདག་འཇུག་གོ། སློབ་དཔོན་གྱིས་བསྒོ་བ། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང། །སངས་རྒྱས་ཆོས་དང་དགེ་འདུན ་ལའོ། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་བརྟན་པར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང། །བློ་ཆེན་གྱིས་ནི་གཟུང་བར་བྱ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་གཟུང་བར་བྱ། །བླ་མ་སངས་རྒྱས ་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །དམ་ཚིག་སྒོམ་པ་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་བ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་དང་གསང་པ་ཐེག ་བ་གསུམ། །དམ་ཚིག་ཁྱོད་ཀྱི?་གཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་བཤད། །ལས་ཀྱི་རིགས་མཆོག་ཆེན་པ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བྱ། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། །དེ ་ལས་གཞན་ཡང་?་བཞི་འདི། །པས་ཕམ་པས་ནི་རབ་ཏུ་བཤད། །སྦང་ཞིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་ཞིང་ནི་བཟླ་བར་བྱ། །གང་ཚེ་ཉམས་འགྱུར་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། ་ཁྱོད་ཀྱིས་སྲོག་ཆགས་བསང་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ། །འདོད་ལ་ལོག་པར་མི་སྤྱད་ཅིང། །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་གྲོལ་ཀུན་གྱི་རྩ་བ་ཡིན། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་གདུལ་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད ་སྤང། །དམ་པ་ངེས་པར་བསྟེན་བྱ་ཞིང། །རྣལ་འབྱོར་པ་ཀུན་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང། །ངག་གི་རྣམ་པ་བཞི་རྣམས་དང། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་སྐྱོད། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། ་འཁོར་བདག་ཀྱང་ཡོད་མི་སྤང། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་བ་ལ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང། །ཕྱག་རྒྱ་བཞོན་པ་མཆོན་ཆ་དང། །མཚན་མ་གོམ་པར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་བཤད། །རྗེས་མཐུན་སྡོམ་པ་རྒྱ་ཆེར་ནི། །གསང ་བའི་རྒྱུད་ལས་རབ་ཏུ་བཤད། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །སློབ་མས་བརྗོད་པ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང། །སངས་རྒྱས་ཆོས ་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད ་འོད་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། །སངས་རྒྱས་སྲས་བཅས་ཐམས་ཅད་དང། །དཔའ་པོ་རྣལ་འབྱོར་མ་རྣམས་ཀུན། །བདག་ལ་དགོངས་པ་མཛད་དུ་གསོལ། །བདག་མིད་འདི་ཞེས་བགྱི་པ་ནི། །དུས་འདི་ནས་ནི་གཟུང་ནས་སུ། །ཇི་སྲིད་བྱང ་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་པ་ཡི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་སླབ་པ་དང། །དགེ་བའི་ཆོས་ནི་སྡུད་པ་དང། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག ་གིས་སོ་སོར་བརྟན་པོར་གཟུང། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་སྡོམ་པ་ནི། །དད་ནས་བརྩམས་ཏེ་གཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོའོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང། །ཡང་དག་ཉིད་དུ་གཟུང་བར ་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིམ་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་པོ་ལས་བྱུང་བ། །པདྨའི་རིགས་མཆོག་དག་པ་ལ་ཕྱིར?་གསང་བ་ཐིག ་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པ་རིན། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་?་? ་ཀུན་གྱི་དོན་གྱི་ཕྱིར། །བདག་གི་སྡོམ་པ་མ་ལུས་གཟུང། །མ་སྤྲུལ?་བ་རྣམས་བསྒྲལ་པར་བགྱི། །མགྲོལ་བ་རྣམས་?་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང། །སེམས་ཅན་མྱ་ངན་འདས་ལ་དགོང། ཞེས་ལན་གསུམ་དུ་བཟླས། །དེ་ནས་སློབ་མས་གོས་? ་པོས། །གདོང་གཡོགས་མེ་ཏོག་ཕྲེང་གཟུང་ལོ། །བདུད་རྩི་འཁྱིལ?་པའི་བུམ་པའི་ཆོས། །བསྲུང་ཞིང་སྐུ་གསུང་ཐུགས་སྦྱངས་ལ། །བུ་སྔག་ཁྱོད་སུ་ཅི་ལ་དགའ་། །སློབ་དཔོན་གྱིས་ནི་གཞུག་ཕྱིར་བྲི། །སུལ?་བཟང་བདེ་ཆེན་བདག་དགའ་ཨོ་ཞེས། །སློབ་མ་བོ་ཆེན་གྱིས་སྨོས། །དེ ་ནས་བྱང་ཆུབ་སེམས་བསྐྱེད་ཕྱིར། །?་གཡོ་ག་ཙིཏྟ?་?་མི། །བརྗོད་ནས་དེ་ཡི་སྙིང་གར་ནི། །རྡོ་རྗེ་གཞག་ཅིང་བསམས་ནས་ཀྱང། །སུ་ར་ཏེ་ས་མ་ཡ་སྟཝཾ་ལོ:སིདྡྷིཾ་བཛྲ་ཡ་ཐཱ་སུ་ཁི། དང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར ་གྱིས་?་བཞིར་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་འདི། །ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ལ་སྨྲ་བར་མེ་བྱེད་གཅིག། དད་པ་དང་མི་ལྡན་པ་རྣམས་ལ་ཡང་མ་ཡིན་ནོ་ཞེས་བརྗོད་པར་བྱའོ། །གཽ?་ལ་སོགས་རང་སྔགས་ཀྱིས། །དམ་པ་འགུག? ་དང་གཞུགས་?། ཡི་གེ་ལྔ་ཡང་དེ་བཞིན་དུ། །བརྗོད་དོ་དམ་ཚིག་མཆོག་འཛིན་གཞུག། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རུགས་སུ་ཐུགས་ཀྱིས། །ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དངོས་གྲུབ་ཐོབ་ནས་དངོས་གྲུབ ་གཞན་ལྷ་སྨོས་ཀྱང་མི་དགོད་པར་འགྱུར་བ་དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱ་ཡིས་ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་སྨྲ་བར་མ་བྱེད་ཅག། དམ་ཚིག་ཉམས་པར་གྱུར་ཏེ་རེ། དེའི་སྙིང་གར་རྡོ་རྗེ་བཞག་ལ། ཨོཾ་ཧེ་རུ་ཀ་དཔལ་དེང་ཁྱེད་ཀྱིས། །སྙིང་ལ་ཡང་དག་ཞུགས ་བར་ཀྱི། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ནས་གཤེགས། །པད་ནས་ཡི་གེ་གསུམ་གྱིས་སྦར། །མི་འཆི་ལྔ་པ་འཐུང་དུ་གཞུག་།འདི་ནི་ཁྱོད་ཀྱིས་དམྱལ་པའི་ཆུ། །དམ་ཚིག་ཉམས་ན་བསྲེགས་པར་འགྱུར། །དམ་ཚིག་བསྲུང་ན་དངོས་གྲུབ་སྟེར། །རྡོ་རྗེ་བདུད་? ་ཆུ་འཐུགས་ཤིག། ཨོཾ་བཛྲོད་ཀ་ཋ་ཋ་ཋ། དམ་བཅས་བརྟན་པར་བྱ་བའི་ཕྱིར། །འདི་སྐད་བརྗོད་དོ། །དེར་ཕྱིན་ཆད་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ད་ཡིན་གྱིས། ལས་འདི་བྱོས་ཤིག་ཅེས་བགོ་བ་གང་ཡིན་པ་དེ་ཡང་བྱ་དགོས་སོ། །ཁྱོད་ཀྱིས་ངལ་བརྙས་པར་ན་བྱེད་ཅིག། མི་བདེ་? ་སྤངས་པར་ཁྱོད་དུས་བྱས་ནས་དམྱལ་བར་ལྟུང་པར་གྱུར་ཏ་རེ་ཞེས་བརྗོད་ལ། དེ་ནས་སློབ་མ་ལ་འདི་སྐད་བརྗོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། །དཔལ་ཧེ་རུ་ཀ་བདག་ལ་འདབ་པར་གྱུར་ཅིག་ཅེས་སྨྲོས?་ཤིང་ཅེས་བསྒོམ?་དེ་དག་བརྗོད་ནས་བདེ་སྙིང་གར ་དབང་ཆེན་དཀྱིལ་འཁོར་མཚམས་སུ་ནི། །རྡོ་རྗེས་མཚན་པ་ཁ་དོག་སེར། །ལཾ་ལས་འབྱུང་བར་ཧཱུཾ་བསྒོམ་བྱ། །བཾ་བྱུང་ཆུ་ཡི་ཁ་དོག་དཀར། །བུཾ་པས་མཚན་ཅིང་ཡོངས་སུ་ཟླུམ། །ཡཾ་ལས་བྱུང་བ་གཡོ་བའི་རླུང། །བདན་?་པོས་མཚན་གཞུའི་དབྱིབས། །དེ་ལ་སྐུ་གསུང་ཧ ་ཨ་བསྒོམ། །རྐང་འོག་ཛཧེཾ(རྒྱུད་འགྲེལ་བསམས་ཏེ་བབས་ལ་སླར་ཡང་?། འདོད་ཆགས་རྡོ་རྗེ་དེ་གནས་པ། །སྨྲོས་ཤིག་རྡོ་རྗེ་དགེ་མི་དག་།བསམ་པ་དེ་ནི་བརྟན་བྱ་བ། །དེ་ལ་ཏིཥཌཝ?་བཛྲ་བརྗོད། །མེ་ཏོག་ཕྲེང་བ་འཁོར་ལོ་དོར། །པྲ་ཏིཙྪ་བཛྲ་ཧོ:ཞེས་བརྗོད་དོ། །དེ་ནི་སྤྱི་བོར་བཅིང་བར་བྱ། པྲ་ཏི་གྲིནཎ་ཏྭཾ་ཨི་མཾ་སཏྭ ་མཧཱ་བ་ལ་བླངས་པའམ་མ་བླངས་པ་གཉིས་ནི། །མཚན་མའམ་མཚན་མ་ཉེ་བར་ནི། བབས་སཾ་དང་ཀྱང་དེའི་།མཚན་མ་འམ་མཚན་མ་ཉེ་བར་ནི། །བབས་སཾ་དང་ཀྱང་དེའི་སྦྱོར་བ། །མིག་ཏུ་འབར་བཅས་ཨོཾ་བསམས་ལ། །ཧེ་རུ་ཀ་དཔལ་དེད་ཁྱོད་ཀྱིས། །མིག་འབྱེད་པར་ནི་བརྩོན་པར་མཛད། །མིག་ནི་ཐམས་ཅད ་འབྱེད་པར་མཛད། །རྡོ་རྗེའི་མིག་ནི་བླ་ན་མེད། །དེ་ལ་བླ་མས་འདི་སྐད་བརྗོད། །དཀྱིལ་འཁོར་འདི་ལ་ད་ལྟ་ཉིད། །དང་པའི་ཤུགས་ཀྱིས་བལྟ་བར་བྱ། །ཁྱོད་ཀྱང་སངས་རྒྱས་རིགས་ལས་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །སྔོན་མ་བྱུང་བ་མཐོང་པའོ།། ་སློབ་མ་ཡོན་དང་བཅས་པ་ཡི། །བླ་མའི་ཞབས་ལ་ཕྱག་བྱས་ཏེ། །དེ་ནས་འདི་སྐད་བརྗོད་པར་བྱ། །ོཾ་རྡོ་རྗེ་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དུ་ནི་བདག་བཞུགས་སོ། །ོཾ་རྣལ་འབྱོར་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་བདག་གིས་དེ་རིང་མཐོང། །ོཾ་གསང་བའི་དཀྱིལ ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དུ་ནི་བདག་དབང་བསྐུར། །དེ་ནས་གཙོ་བོ་ནས་བརྩམས་ཏེ། །དཀྱིལ་འཁོར་མཛའ་ཡི་བར་དུ་བསྟན། །ནང་གི་དཀྱིལ་འཁོར་ཕྱེད་ཚད་ཙམ། །མཚན་ཉིད་ལྡན་པའི་དཀྱིལ་འཁོར་ནི། །དཀྱིལ་འཁོར་འདི་ལ་ཁྲུ་ངོ་བར། །དཀྱིལ་འཁོར་གཉིས ་བར་སློབ་མར་བཞག། མཆོད་ཡོན་ཞབས་བསིལ་ལ་སོགས་སྦྱིན། །བག་ཆགས་སྦྱང་བའི་ཆོ་ག་བྱ། །སློབ་མ་ཤིས་པར་བདུད་པ་ཡིས། །བླ་མས་བཀྲ་ཤིས་གླུ་བླང་བྱ། །ཕུན་སུམ་ཚོགས་འཛིན་གསེར་གྱི་རི་བོ་ལྟ་བུའི་མདོག། འཇིག་རྟེན་སུམ་མགོན་དི་མ? ་གསུམ་ནི་རབ་ཏུ་སྡངས། །སངས་རྒྱས་ཆུ་སྐྱེས་སངས་རྒྱས་ལྟ་བུའི་སྤྱན་མང་བ་བ། །བཀྲ་ཤིས་དེ་ནི་དིང་འདིར་ཁྱོད་ལ་ཞི་བྱེད་ཤོག། དེ་ཡིས་ཉེ་བར་བསྟན་པ་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་དུ་གྲགས་པ་ལྷ་དང་མིས་མཆོད་པ། །དམ་ཆོས་རབ་མཆོག་སྐྱེ ་དགུ་རྣམས་ལ་ཞི་བྱེད་པ། །འཇིག་རྟེན་བཀྲ་ཤིས་གཉིས་པ་དིང?་འདིར་ཁྱོད་ལ་ཤོག། དམ་པའི་ཆོས་དང་ལྡན་ཞིང་ཐོས་པའི་བཀྲ་ཤིས་ཕྱུག། དགེ་འདུན་ལྷ་དང་ལྷ་མ་ཡིན་དང་མིས་མཆོད་པ། །ངོ་ཆ་དཔལ་གནས་ཚོགས་ཀྱི་ནང་ན་རང་ཀྱི་མཆོག། འཇིག་རྟེན་བཀྲ་ཤིས ་གསུམ་བ་དིང་འདིར་ཁྱོད་ལོང་ཤོག་།དགའ་ལྡན་ལྷ་ཡི་གནས་ཀྱི་དཀྱིལ་ནས་འགྲོ་དོན་དུ། སྔོན་གྱི་དུས་སུ་བརྒྱ་བྱིན་ལྷ་དང་བཅས་པ་ཡི། །འཁོར་གྱི་ཚོགས་བཅས་གཤེགས་པའི་བཀྲ་ཤིས་གང་ཡིན་པའི། །བཀྲ་ཤིས་དེས་ནི་དིང་འདིར་ཁྱོད་ལ་ཞི་བྱེད་ཤོག། ལུམ་པའི ་ཚུལ་དུ་མགོན་པོ་སྐུ་ནི་ཁྲུངས་གྱུར་ཅིང། །སྲིད་མཐར་མཛད་ཚེ་མེ་ཏོག་གེ་སར་བཅས་པ་དང། རབ་འབར་འབབ་པ་ལྷ་མང་གིས་མཐོང་བཀྲ་ཤིས་གང། །བཀྲ་ཤིས་དེས་ནི་དིང་འདིར་ཁྱོད་ལ་ཞི་བྱེད་ཤོག། ཉེས་པ་སྣ་ཚོགས་རྣམ་པར་གཞོམ་པར་བྱ་བའི་ཕྱིར། མཚན ་ཕྱེད་དཀའ་ཐུབ་ཚུལ་བུ་མངོན་པར་དགྱེས་བཅས་པས། །བརྒྱ་བྱིན་ལྷར་བཅས་རྗེས་འབྲངས་གཤེགས་པའི་བཀྲ་ཤིས་གང། །བཀྲ་ཤིས་དེས་ཀྱང་དིང་འདིར་ཁྱོད་ལ་ཞི་བྱེད་ཤོག་།ཆུ་བོའི་འགྲམ་དུ་ཡོན་ཆབ་མར་མེས་ཡོངས་བསྐོར་ཏེ། །ཞི་ཕྱིར་ངོ་མཚར་རབ་སྐྱེས་?་བདག ་བྱེད་པ། །ལྟོ་འཕྱེའི་རྒྱལ་པོས་ལེགས་པར་བསྟོད་པའི་བཀྲ་ཤིས་གང། །བཀྲ་ཤིས་དེས་ནི་དིང་འདིར་ཁྱོད་ལ་ཞི་བྱེད་ཤོག། གྲོང་ཁྱེར་རབ་མཆོག་སེར་སྐྱ་ཞེས་ནི་བྱ་བ་དེར། །ལྷ་ཆེན་ཁྱབ་འཇུག་ལ་སོགས་རྣམས་ཀྱིས་བསྟོད་བྱེད་པ། །བདེ་གཤེགས་ཐོག་མཛའ་མེད ་པར་དགེ་བའི་བཀྲ་ཤིས་གང། །བཀྲ་ཤིས་དེས་ནི་དིང་འདིར་ཁྱོད་ལ་ཞི་བྱེད་ཤོག་།སེམས་ཅན་ཐམས་ཅད་ལ་ནི་ཕན་ཕྱིར་བྱང་ཆུབ་པ། །རིན་ཆེན་ཆོས་མཛོད་ཐུབ་པ་ལས་ནི་གང་བྱུང་བ། །སེམས་ཅན་དོན་གྲུབ་ནས་པ་རྒྱས་པའི་བཀྲ་ཤིས་གང། །བཀྲ་ཤིས་དེས་ནི་དིང ་འདིར་ཁྱོད་ལ་ཞི་བྱེད་ཤོག། གསེར་གྱི་འོད་ལྟར་ཤིན་ཏུ་འབར་བའི་སྐུ་མངའ་བ། །བི་ཌཱུརྱའི་མདོག་འདྲ་བའི་རྩཝ་བཀྲམ་པ་ལ་བཞུགས། །སྐྱིལ་ཀྲུང་ལེགས་བཅས་མི་གཡོའི་སྐུ་མངའ་ཨི་བཀྲ་ཤིས་གང། །བཀྲ་ཤིས་དེས་ནི་དིང་འདིར་ཁྱོད་ལ་ཞི་བྱེད་ཤོག། ས་དང་མཁའ་ ་ལས་སྣ་ཚོགས་དབྱེ་བས་ཀུན་འབྱུང་བ། །བྱམས་པའི་སྟོབས་ཀྱི་བདུད་ཀྱི་སྡེ་ལས་རྣམ་པར་རྒྱལ། །ཤིང་གི་རྒྱལ་པོའི་རྩ་བར་བཅོམ་ལྡན་བཀྲ་ཤིས་པ། །བཀྲ་ཤིས་དེས་ནི་དིང་འདིར་ཁྱོད་ལ་ཞི་བྱེད་ཤོག་།བ་ར་ཎཱ་སེར་བཞུགས་ནས་བདེ་བར་གཤེགས་བསྟོད་པས།། ་ས་དང་མཁའ་ལ་ཤིན་ཏུ་ངོ་མཚར་གསལ་བྱུང་བའི། །ཆོས་ཀྱི་འཁོར་ལོ་དམ་པ་རབ་བསྐོར་བཀྲ་ཤིས་གང། །བཀྲ་ཤིས་དེས་ནི་དིང་འདིར་ཁྱོད་ལ་ཞི་བྱེད་ཤོག། བསོད་ནམས་ལས་བྱེད་འཕགས་པའི་སྐྱེ་བོས་མངོན་བསྟེན་པ། །བཅོམ་ལྡན་ཤཱཀྱ ་སེང་གིས་མ་ལུས་གསུངས་པ་ཡི། །ཕན་བྱེད་དམ་པ་བཟང་པོའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་ངེས་ནི་དིང་འདིར་ཁྱོད་ལ་ཞི་བྱེད་ཤོག། དྲིལ་བུ་དཀྲོལ་ཞིང་རྡོ་རྗེ་གསོར། །གླུ་དང་ལྡན་པའི་བཀྲ་ཤིས་སོ། །གསེར་ལ་སོགས་པའི་སྟན་གནས་པ། །དེར་ནི ་དེ་ནི་དབང་བསྐུར་བྱ། །སློབ་མ་ངེས་པར་བྱེད་དུ་གཞུག། དེ་བཞིན་དེ་བཞིན་དབང་བསྐུར་ལ། །ལྷ་ཡི་སྦྱོར་བ་གང་ཡིན་པ། །དེ་ཡི་ཕྱག་རྒྱས་འཕྲག་ནས་འཁྱུད། །དང་པོ་ཆུ་ཡི་དབང་ཡིན་ཏེ། །གཉིས་པ་དབུ་རྒྱན་དབང་ཡིན་ནོ། །གསུམ་པ་རྡོ་རྗེའི་དབང་ཡིན་ནོ། །བཞི་པ་རང ་བདག་དབང་ཡིན་ཏེ། །ཡཱ་བ་མིང་གི་དབང་བསྐུར་བྱ། །དྲུག་པ་ཡང་དག་སངས་རྒྱས་བརྗོད། །བདུན་པ་བུམ་པའི་དབང་ཡིན་ཏེ། །བརྒྱད་པ་གསང་བའི་དབང་ཉིད་དོ། །དགུ་པ་ཤེས་རབ་དབང་གིས་ཏེ?། །དེ་ཉིད་རྡོ་རྗེ་རབ?་སྦྱོར་བས། །བརྟུལ་ཞུགས་དང་ནི་ལུང་བསྟན ་པ། །འདི་དག་རིམ་པར་སྙིན?་བར་?། །རང་གི་རིག་མ་སྐྱེས་བུའི་ཆུས། །བུམ?་པ་བརྒྱད་པོ་ཐམས་ཅད་ཀྱིས། །རྡོ་རྗེ་འཆང་བསམས་དབང་བསྐུར་བྱ། །རྡོ་རྗེ་ཐུགས་སུ་བསྒོམས་པས་སོ། །ོཾ་བཛྲ་མ་བྷི་ཥིཉྩ་མི་ཏཱ?་།རྡོ་རྗེ་ཉི་མ་རྣམ་བསམས་ནས། །དེ་ལ་དབུ་རྒྱན ་སྦྱིན་བར་བྱ། །ོཾ་བཛྲ་རཏན་ཀ་བཛྲ?་ཤའི་ཧོ། །ཐམས་ཅད་སྡོམ་བཞིན་བསྒོམས་ལ། །རྡོ་རྗེའི་ཚིགས་བཅད་རབ་ཏུ་སྦྱོར། །རྡོ་རྗེ་ཆེན་པོ་རྩ་དགུ་པ། །རང་གི་ལག་པས་སྙིང་གར་བྱ། །སློབ་མའི་འཇིག་རྟེན་དབང་?་གཟུགས། །རྡོ་རྗེ་སེམས་ཞེས་དབང་བསྐུར་བྱ།། ་སངས་རྒྱས་རྡོ་རྗེ་དབང་གིས་ནི། དེ་རང་ཁྱོད་?་དབང་བསྐུར་ངོ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །ཤིན་ཏུ་འགྲུབ་ཕྱིར་རྡོ་རྗེ་ལོང། །ོཾ་ཤྲཱི་ཧེ་རུ་ཀ་ཨདྷི་བ་ཏི་ཏྭཱཾ། ཨ་བྷི་ཥིཉྩ་ཏིཥྛ་པཱི་ར་ས་མ་ཡ་སྟཝཱཾ། སློབ་མ་རྟ་མཆོག་བསམ་བྱས་ལ། །ལྷ་མོ་སྒྲོལ་མས་སྐུ ་ལ་འཁྱུད་།རྡོ་རྗེའི་བདག་པོས་དབང་བསྐུར་བ?། །ལག་པས་རྡོ་རྗེ་དྲིལ་བུ་དཀྲོལ། །ོཾ་བཛྲ་དྷི་བ་ཏི་ཏྭཱཾ། ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡསྟཝཾ། སློབ་མ་རྣམ་པར་མཛད་བསམ། །མིང་གི་དབང་ནི་བསྐུར་བྱ། །ོཾ་བཛྲ་སཏྭ་ཨ་བྷི་ཥི?་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་? ་གང་གང་སྣང་བ?་ཀུན་རང། །རང་འདོད་ལྷ་ལ་སོགས་པ་དེར་།རང་བཞིན་དག་པའི་དྲི་མེད་ཆོས། །སངས་རྒྱས་ཡེ་ཤེས་བལྟ་བར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའ་ཨི་ཕྱག་ན་བསྣམས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བརྗོད?། །རྡོ་རྗེ་སྙིང་པོ་བརྟུལ་ཞུགས་བརྟན ་ཨོཾ་སརྦ་ཏ་ཐཱ་གཏེ་སིདྡྷི?་བཛྲ་ས་མ་ཡ་ཏིཥྛ་ས་མ་ཡ་སྟཝཾ་དྷ་ར་ཡ་མི་ཧི་ཧི་ཧི་ཧི་ཧི་ཧཱུཾ། །བདག་གིས་བཅོམ་ལྡན་ཚིགས་བཅད་ནི། །རིམ་པ་བཞིན་དུ་བསྡུ་བར་བྱ། །བདེ་བ་ཅན་ན་བཅོམ་ལྡན་འདས། །ཉིད་ཀྱི་གང་ཚི་ཆོས་བསན་པ། །དེ་ཚེ་གསང་བའི་དབང་པོས་ཞུས། །མི་རྣམས་ཇི ་ལྟར་དབང་བསྐུར་བགྱི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྒོད་པ་དག་བ་སློབ་དཔོན་ཏེ། །དེ་བཞིན་བལྟབ་གསང་བའི་དབང། །ལག་པས་རེག་པ་ཤེས་རབ་སྟེ། །དེ་ཉིད་གཉིས་གཉིས་འཁྱད་པ་ཡི། །དབང་བསྐུར་མ་འོངས་པ་ཡིན་ནོ། །བླ་མའི་ཞལ་ནས ་གསལ་པར་འགྱེར། །འདི་ནི་དབང་བསར་དྲུག་ཡིན་ནོ། །ཐལ་མོ་སྦྱར་བ་བྱས་ནས་ནི། །ཕྱར་འཚལ་ནས་ནི་མདུན་འདུག་སྟེ། །འོག་ནས་འབྱུང་བའི་ཚིགས་བཅད་འདིས། །སློབ་མས་བླ་མ་ལ་གསོལ་གདབ། །མི་སྡོག་འཁོར་ལོའི་དབང་སྩོལ་ཅིག། དཀྱིལ་འཁོར་ལྷ ་ཡི་དེ་ཉིད་དང། །སློབ་དཔོན་གྱི་ནི་ལམ་རྣམས་དག། མགོན་པོས་བདག་ལ་བཀའ་སྩོལ་ཅིག་།སངས་རྒྱས་ཀུན་གྱི་དམ་ཚིག་དང། །གསང་བའི་སྡོམ་པའི་མཆོག་རྣམས་དང། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རང་བཞི་རྟག་ཏུསློབ་དཔོན་བོ་གྱི། །དེ་ལྟར་སློབ་མས ་གསོལ་བཏབ་ནས། །བླ་མས་སྐད་ཅིག་ཏིང་འཛིན་ལ། །གནས་ནས་ད་དབང་བསྐུར་བའི་ཕྱིར། །སངས་རྒྱས་དཀྱིལ་འཁོར་མཆོག་སྤྲོ་བྱ། །ཧེ་འཁོར་བ་དན་རྒྱལ་མཚན་སོགས། །གླུ་དང་རྔ་སོགས་ས་རུ་ནི། །གདུགས་དང་བླ་རེས་བྲས་ནས་སུ?། །བཅུག་སྟེ་འདི་ལྟར ་བརྗོད་པར་བྱ། །རིན་པོ་ཆེ་ཡི་དབང་འདི་ནི། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསུམ་གྱི་ནི། །གནས་ལས་བྱུང་བ་ང་ཡིས་སྦྱིན། །དང་པོ་བུམ་པའི་དབང་ཡིན་ཏེ། །གཉིས་པ་གསང་བའི་དབང་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། ་བཞི་བ་དེ་བཞིན་གཤེགས་པའོ། །ཐམས་ཅད་ཐབས་ཀྱི་ཆོ་གའོ། །བླ་མེད་མཆོད་པས་མཆོད་བར་བྱ། །དེ་ནས་ལག་ནས་ལག་ཏུ་ནི། །སློབ་མ་རྡོ་རྗེ་བརྟུལ་ཞུགས་སྦྱིན། །སེམས་དཔའ་ཐེག་མ་ཐ་མ་མེད། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ ་སྙེམས་མའི་བདག་པོ་བདག། ཤེས་རབ་ཕ་རོལ་ཕྱིན་མ་ལས། །བྱུང་བའི་བྲིལ་བཱུང་དེ་ལ་སྦྱིན། །ཐམས་ཅད་ཀུན་གྱི་དོན་གྱི་ཕྱིར། །རྡོ་རྗེ་དྲིལ་བུའི་མིང་ཉིད། །འདིར་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བསྟན། །ཁྱོད་ཀྱིས་ཀྱང་མི་རྟག་ཏུ་གཟུང།། ་བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ོཾ་སུ་པྲ་ཏིཥྛ་བཛྲོ་སྭཱཧཱ། །འདིའི་དོན་ནི། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །གཟུང་ཅིག་རྡོ་རྗེ་རབ་གནས་པ། །དེང་ཁྱོད་རྡོ་རྗེ་སློབ་དཔོན་ཏེ། ཁྱོད་ཀྱི་སློབ་མ་གཟུང་བར་གྱིས། །མཁའ་འགྲོ་ལྔ་དང་ཡང་དག་ལྡན། །དམ་ཚིག་ལྔ་རྣམས་ཡོངས ་གང?་བའི། །མཁའ་འགྲོ་མ་ཡི་ཚོགས་དང་ལྡན། །སློབ་མ་རྡོ་རྗེས་ཆང་དབང་བསྐུར། །དཀྱིལ་འཁོར་པདྨ་ཞེས་སུ་བརྗོད། །ཡིད་ཀྱི་དཀྱིལ་འཁོར་མཆོག་ཡིན་ཏེ། །གཞལ་མེད་ཁང་ཞེས་བཤད་པ་སྟེ། །སེམས་ནི་གཞལ་ཡས་ཁང་བརྩེགས་འཕགས། །དེ་ཡི ་ཕྱི་རོལ་གྲུ་བཞི་སྟེ། །ཚད་མ་མཉམ་པོར་ཕྱུར་བའོ། །བྱམས་པ་ལ་སོགས་སེམས་ནི་གང། །ཐིག་སྐུད་བཞིར་ནི་བརྗོད་བའོ། །ཐིག་གདབ?་ཡང་དག་གང་བཤད་པ། ཆོས་ཀྱི་དྲན་བའི་རྣལ་འབྱོར་རོ། །ལྟ་བ་ཐམས་ཅད་རྣམ་གྲོལ་བ། །ཡེ་ཤེས་ཐིག་སྐུད་དག་ཏུ་བརྗོད། ་རྒྱན་ནི་ཡང་དག་གང་བཤད་པ། །ཚུལ་ཁྲིམས་ཚོགས་ཀྱི་སྡོམ་པ་མཆོག་།དད་དབང་ལ་སོགས་སེམས་གཉིས་ནི། །རབ་ལྔར་ནི་བྱུང་བ་ཉིད། །གང་ཞིག་སྒོ་ཞེས་བཤད་པ་ནི། །རྣམ་ཐར་བཞི་ཡི་དབྱེ་བའོ། །རྟ་བབས་ཀ་བ་བཞི་པོ་ནི། །ཡང་དག་སྤོང་བ་བཞི་ཞེས་བརྗོད།། ་ལ་ཕུབས་གཞི་བོ་གང་ཡིན་པ། །དྲན་པ་ཉེ་བར་གཞག་པ་བཞི། །སྦྱོ་ཁྱུད་བཞི་ནི་གང་ཡིན་པ། །རྫུ་འཕྲུལ་རྐང་པ་བཞི་ཞེས་བྱ། །མེ་ཏོག་ཕྲེང་བས་བརྒྱན་བྱས་པ། །བྱང་ཆུབ་སེམས་ནི་ཡན་ལག་བདུན། །ཀ་བ་རྣམ་པ་བརྒྱད་པོ་ནི། །འཕགས་པའི་ལམ་ནི་ཡན་ལག་བརྒྱད། ་རྔ་ཡབ་ཅེས་ནི་གང་གྲགས་པ། །ལམ་གྱི་བྱེ་བྲག་ཡེ་ཤེས་བརྗོད་དོ། །དྲན་པར་ཡང་དག་གང་བཤད་པ། །ཉོན་མོངས་འཇོམས་བས་དྲ་བ་སྟེ། །ཡང་དག་འགོག་པའི་རང་བཞིན་གྱིའོ། །འཁོར་ལོས་བསྐོར་བ་གང་ཡིན་པ། །ཚོགས་གཉིས་ཀྱི་ནི་རྣལ་འབྱོར་རོ། །ཉོན་མོངས་ཕྱེད ་ནི་འཇོམས་པས་ན། །དྲ་བ་ཕྱེད་བར་འཇོམས་པའོ། །འདི་ནི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དོ། །ཕུང་པོ་ལྔ་ནི་མདོར་བསྡུས་ན། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །རྡོ་རྗེ་སྐྱེ་མཆེད་ངེས་པར་ནི། །བྱང་ཆུབ་སེམས་དཔའ་ཨི་དཀྱིལ་འཁོར་མཆོག། ས་ནི་སྤྱན་ཞེས་ཀུན་ཏུ་བརྗོད།། ་ཆུ་ཡི་ཁམས་ནི་མཱ་མ་ཀཱི་།གོས་དཀར་མོ་དང་སྒྲོལ་མ་ནི། །དྲོད་དང་རླུང་དུ་རབ་ཏུ་གྲགས། །གཏི་མུག་གཏི་མུག་ལོངས་སྤྱད་པས། །གཏི་མུག་ཟད་པ་གཤིན་རྗེ་གཤེད། །དེས་ན་ཕུང་པོ་མཐར་བྱེད་དང། །དེ་བཞིན་ཤེས་རབ་མཐར་བྱེད་བའོ། །ཉེས་པས་ཉེས་པ་ལོངས་སྤྱོད་པ།། ་ཉེས་ཟད་ཤེས་རབ་མཐར་བྱེད་དེ། །དེས་ན་སེམས་ནི་མཐར་བྱེད་དང། །དེས་ན་ཉོན་མོངས་མཐར་བྱེད་ཡིན། །འདོད་ཆགས་འདོད་ཆགས་ལོངས་སྤྱོད་པས། །པདྨ་མཐར་བྱེད་འདོད་ཆགས་ཟད། །དེས་ན་གསུང་གི་མཐར་བྱེད་ཡིན། །དེ་བཞིན་སྦྱོར་བ་མཐར་བྱེད་དོ། །ཉོན་མོངས ་ཐམས་ཅད་ཟད་བ་དང། །དེ་བཞིན་ལས་ཀུན་རྦད?་བ་དང། །སྒྲིབ་པ་ཀུན་ཟབ་ཡེ་ཤེས་ནི། །བགེགས་ནི་མཐར་བྱེད་ཅེས་བརྗོད་དོ། །འདི་ནི་ལྷའི་ཁོ་ན་ཉིད་དོ། །ཕྱིར་མི་ལྡོག་པ་སློབ་དཔོན་གྱི་དབང་ངོ། །དེ་ནས་སློབ་མས་བླ་མ་ལ། །ལེགས་བསླབས་བཞིན་བཟངས་མིག་? ་རིང། །གཟུགས་དང་ལང་ཆོས་བརྒྱན་བྱས་མ། །ཕུལ་ལ་འདི་སྐད་བརྗོད་པར་བྱ། །བཅོམ་ལྡན་ཞི་བ་ཆེ་བོ་ཀྱེ། །རྡོ་རྗེ་རྣལ་འབྱོར་ཅིག་འབད་པ། །མི་ཕྱེད་ཕྱག་རྒྱ་རབ་སྒྲུབ་བྱེད། །རྡོ་རྗེ་རྣལ་འབྱོར་ཡང་དག་འབྱུང། །ཇི་ལྟར་ཁྱོད་ནི་བདག་ཉིད་ཆེ། །གཙོ་བོ་བདག་པ་ཡང་དེ ་མཛོད། །འཁོར་བའི་འདམ་གྱི་ཚོགས་སུ་ནི། །བྱིང་བ་སྐྱབས་མེད་བདག་སྐྱབས་མཛོད། །མི་བསྐྱོད་སྦྱོར་བ་བཏང་བྱས་ཏེ། །རྟག་པའི་སྦྱོར་བས་རྗེས་དྲན་བྱ། །སློབ་མ་དྲུང་དུ་བཞག་བྱས་ལ། །དེ་ཡི་རྗེས་སུ་བླ་མ་ཡིས། །གོས་ལ་སོགས་པས་མིག་བཀབ?་ནས། ་བཏགས་པའི་སྟན་ལ་བཞག་པར་བྱ། །ཤེས་རབ་ལྡན་པར་རབ་ཏུ་འཇུག། རྡོ་རྗེ་ས་བོན་རབ་སྦྱོར་བས། །རང་འདོད་ལྷའི་རྣལ་འབྱོར་གྱིས། །སློབ་མ་རྟག་པར་བསམས་བྱས་ལ། །འཛག་པའི་རིགས་ཞེས་བྱ་བ་ནི། །ཇི་ལྟར་འདས་པའི་སངས་རྒྱས་ལ། །བྱང་ཆུབ་སེམས་རྣམས ་དབང་བསྐུར་ལྟར། །ང་ཡིས་གསང་བའི་དབང་གིས་ནི། །རྒྱུན་གྱིས་ཁྱོད་ལ་དབང་བསྐུར་རོ། །ཟད?་མེད་དེ་ནི་ཟད་དོགས་ན། །ཉ་ཕྱིས?་ལ་སོགས་ཞེན་བ་སྤངས། །དག་པའི་ལྕེ་ཡི་རྩེ་མོ་ཡིས། །གཉིས་ཀ་ལས་བྱུང་བླང་བར་བྱ། །འདི་ནི་དེ་ཉིད་བླ་ན་མེད། །གཉིས་མེད་ཡེ་ཤེས ་བརྗེད?་མི་ནུས། །ཆོས་དབྱིངས་རྣམ་པ་ལྟ་བུར་ནི། །ཞི་བའི་བདེ་བས་ཡང་དག་མྱང། །གཡས་པ་མཆོག་སྦྱིན་ཁུ་ཚུར་གྱིས། །སྙིང་གང་ཆོས་གོས་གྲཝ་ནས་གཟུང། །ལག་པས་དྲིལ་བུ་མགུལ་དུ་བསྡམ། །བླ་མ་རྡོ་རྗེ་འཆམག་བ་ཡིས། །དབུགས་འབྱུང་ཐམས་ཅད་ཡང་དག་བླངས།། ་ཤཱཀྱ་ཐུབ་པ་ཉིད་གྱུར་པས། །སློབ་མ་ཆེན་པོ་ལུང་བསྟན་བྱེད། །ཁྱོད་ནི་སངས་རྒྱས་ཐེ་ཚོམ་མེད། སྐུ་དང་རྒས་དང་འཆི་མི་འགྱུར། །འཇིགས་དང་མྱ་ངན་ནད་མི་འགྱུར། །བདེ་ཆེན་ཐེག་པ་འདི་ལ་ནི། བུ་ཁྱོད་ང་ཡིS?་ལུང་བ?་དེ?་ལྟར་ལུང?་བསྟན་ཁྱད?་?་? ་གཤེགས། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་ཉིད་ལས་བཏོན། །ཀྱེ་རང་འདོད་ལྷ་དེ་བཞིན་གཤེགས། །ས་བླས་འོག་ས་སྟེངས་འགྲུབ། །འདི་ནི་གསང་བའི་དབང་ལས་ལུང་བསྟན་བའོ།། །།བྱང་ཆུབ་རྡོ་རྗེ་སངས་རྒྱས་ཀྱིས། །ཆེན་པོའི ་ཆེན་པོས་ཇི་ལྟར་བྱིན། །བདག་ཀྱང་བསྒྲལ་བའི་དོན་དུ་ནི། །ནམ་མཁའ་ཨི་རྡོ་རྗེས་བདག་ལ་སྩོལ། །རིགས་པ་དང་པོ་ཡང་ན་གཞན། །རྒྱུད་གཞན་ལས་གསུངས་རིམ་པ་ཡིས་།ཚེ་དཔག་མེད་ཀྱི་རྣལ་འབྱོར་སྦྱིན། །ཕྱག་རྒྱ་བཟང་མོ་རབ་བརྟག་པ། །ལྷ་མོ་ཐར ་བྱེད་དགའ་སྟོང་མ། །སྣ་ཚོགས་གཟུགས་ཅན་བརྩེར་ལྡན་མ། །ཟུང་ཞིག་ཟུང་ཞིག་སེམས་དཔའ་ཆེ། །གཟུང་བར་བྱས་ནས་མཆོད་མཛད་ཀྱི། དེ་ནས་ཆོས་དབྱིངས་རྡོ་རྗེ་མ། །དམ་ཚིག་སྡོམ་པ་འདི་སྐད་སྟོན། །ནུས་སམ་ཁྱོད་ཅི་རྡོ་རྗེ་ཅན། །དྲི་ཆེན་དྲི་ཆུ་བཟའ་? ་ཡིན། །རཀྟ་མི?་ས་ག་པུར་དང། །བུད་མེད་མོས་པར་དད་ཞུས་སམ། །བྷ་ག་འོ་བྱེད་མི་རྟོག་གམ། །ལྟོས་ཤིག་རྡོ་རྗེ་བདེ་བ་ཅན། །དེ་ནས་དེ་ནི་རྡོ་རྗེ་ཅན། །རབ་ཏུ་རྒོད་ཅིང་འདི་སྐད་སྣ། །ལྷ་མོ་ཅི་ཕྱིར་བདག་མི་ཐེག། ག་བུར་མཾ་ས་བདག་འཚལ་གྱིས། །ཤེས་རབ ་ཡང་དག་དད་བར་བགྱི། །དེ་ནས་ལྷ་མོ་གཅེར་ཕྱུང་ནས། །བདག་ཉིད་པདྨ་ལྟར་གཞུག་གོ། རྨད་བྱུང?་ང?་ཡི་པདྨ་ཡིན། །བདེ་བ་ཐམས་ཅད་ཡང་དག་ལྡན། །རྟག་ཏུ་རིམ་བཞིན་འདི་ལ་སྤྱོད། །འདི་དང་ནམ་ཡང་མི་འབྲལ་ལོ། །ཆོས་དབྱིངས་འདི་ནི་རྣམ་པར་དག་སེམས་ཅན ་ཁམས་ནི་རྣམ་པར་གྲོལ། །བདེ་ཆེན་རྒྱལ་པོ་འདི་ཉིད་ནི། །རང་བཞིན་ཐམས་ཅད་ལ་མདུན་ནས། །ནང་གི་རྩ་ཡི་འཁོར་ལོ་ལ། །པདྨ་ལ་བཞུགས་པར་དུ་གསུངས། །བྷ་ག་ནང་དུ་ནམ་མཁའ་བཞིན། །འབྱུང་པོ་ལྔ་པོ་བརྒྱན་བཞིན་འཆང། །ལྟ་བ་ལ་ནི་གེ་སར་བཅས།། ་ང?་དང་མ་བརྒྱད་ཀྱིས་རྣམ་པར་བརྒྱན། །དེར་གནས་ནས་ནི་བསྒོམ་པར་བྱ། །མི་འཆི་ལྷ་ཡི་གཟུགས་སུ་ནི། །འདི་ལ་རྟག་ཏུ་འཇོམས་པ་ཡིན། །ཤེས་རབ་ཀྱི་ནི་དེ་ལྟར་གསུངས། །བཛྲ་ཀྵ་ཧོ:། །དེ་ནས་སྔགས་པ་རྡོ་རྗེ་ཅན། །དེ་ཡི་རྒྱ་ཡི་ས་དབང་ལ། །བྷ་གའི་ནང ་གི་རྩ་ལས་ནི། །འབད་པ་ལས་ནི་རྙེད་པ་ལ། །བསླབ་པ་བླ་མའི་དམ་ཚིག་གིས། །མཛུབ་མོས་རབ་ཏུ་བྲུང?་ནས་ནི། །ལྕེ་ཡིས་ཡང་ཡང་རོལ་མོ་མཛད། །དེས་ནི་རབ་ཏུ་རྒྱས་པར་འོང། །དེ་ལྟར་རོལ་མོ་མཛད་ཙམ་ན། །དེ་བས་ཀྱང་ནི་ཤིན་ཏུ་རྒྱས། །རྟག་པའི་བདེ་བ་རབ་ཏུ་བྱུང། །ཕ་རོལ་ཕྱིན ་བཅུ་རྫོཌ་པ?་དང?། །སྟོབས་རྣམས་དང་ནི་དབང་རླབས?་དང། །ས་བཅུ་པོ་ནི་ལས་འདས་པས། །རྡོ་རྗེ?་མཆེན་མར་དེ་འགྱུར་རོ། །རྡོ་རྗེ་བཅིང་བའི་སྦྱོར་བ་ཡིས། །རྡོ་མཆོད་པ་ཡང་དག་བརྩམ། །རྡོ་རྗེ་སེམས་ནི་ངེས་ཕྱུང་ནས། །རྡོ་རྗེ་ལྕེ་ཡིས་བཟའ་བར་བྱ། །མཉམ་བར་འབྱུང་བའི་ཆོ་ག་ཡིས། །དཀྱིལ་དམ་བ་བྲི་བར་བྱ།། ་ཏིང་ངེ་འཛིན་ལས་སྦྱིན་སྲེག་སྟེ། །དེ་ནས་དབུགས་འབྱུང་སྦྱིན་པར་བྱ། །གསང་བ་མཆོག་གི་དཀྱིལ་འཁོར་ལ། །?་བཞུགས་དམ་པ་མཐོང་བ་ཡིས། །སྡིག་པ་ཀུན་ལས་ངེས་གྲོལ་ཡང། །དེང?་ཁྱོད་ཡན་དག་གནས་པར་འགྱར། །བདེ་ཆེན་?་?་ལན ་ཕྱིས་ནི་འཆི་བར་འགྱུར་བ་ཡིན། །མི་གྲུབ་པ་དང་མི་འཆིབ། །སུས་ཀྱང་མི?་ཚུགས་དཀའ་བར་གྱིས། སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །ཤིན་ཏུ་སྲིད་པ་གྲུབ་པའི་ཕྱིར། །སྟེན་པའི་མཆོག་ཏུ་གྱུར་པ་ཡིན། །འདི་ནི་ཁྱོད་ཀྱི ་རྟག་ཏུ་བསྲངས། །གྲུབ་པའི་དམ་ཚིག་སྡོམ་པའོ། །སངས་རྒྱས་ཀུན་གྱི་མཉམ་པར་གསུངས། །དམ་པ་རྟག་པའི་?་?་ཡིན། །སློབ་དཔོན་སྨད་པར་མི་བྱ་ཞིང། །བདེ་གཤེགས་བཀའ་ལས་འགོམ་མི་བྱ། །རྡོ་རྗེ་སྤུན་ལ་སྨད་པ་ནི། །ནམ་ཡང་སྨ་?་མི་བྱའོ། ་སེམས་ཅན་རྣམས་ལ་བྱམས་དམན་མིན། །སྐལ་མི་ནད་ཁོ་ན་གཏམ་མིན། །སྐལ་ལྡན་སེམས་ཅན་སྤད་མི་བྱ། །བདག་གིས་ལུས་ནི་མི་སྨད་ཅིང། །དམ་པའི་ཆོས་ནི་ཚད་མི་གཟུང། །གཞན་གྱི་ཆོས་ལ་བརྙས་མི་བྱ། །བྱང་ཆུབ་སྙིང་པོའི་མཐར་ཐུག་ཏུ། ། ་དཀོན་མཆོག་གསུམ་ནི་སྤང་མི་བྱ། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །རྡོ་རྗེ་དྲིལ་བུ་གཟུང་བྱ་ཞིང། །དབུ་རྒྱན་རྟག་ཏུ་གཟུང་བར་བྱ། །རྟག་ཏུ་སྦྱིན་བསྲེག་དགང་བར་བྱ། །དཀྱིལ་འཁོར་རྟག་ཏུ་བྲི་བ་སྟེ། །རྟག་ཏུ་བདེ་གཤེགས་རབ་གནས་བྱ། །འབྱུང་པོ ་ཆེན་པོའི?་?་སྦྱིན། །དེ་ལ་སོགས་པ་?་དབྱུང?་རྒྱས། །ཤེས་རབ་ཀྱི་དབང་ལ་བརྗོད་པར་བྱའོ། །སྟོན་པས་གསུང་བ་སེམས་དཔའ་ཆེ། །ཡང་དག་དམ་པར་དགའ་ས་ཐོབ། སྣ་ཚོགས་སྤངས་པའི་སྐད་ཅིག་ལ། །བདེ་བ་ཆེན་པོ་གསུང་བར་བྱ། །དེ?་ཐོག ་མ་དབུས་མཛའ་མེད། །སྲིད་དང་མྱ་ངན་འདས་?། །འདོན་དམ་པའི་བདེ་ཆེན་ཏེ། གཞན་མེད་བདག?་རྐྱང་བདེ་པ་སྟ། །ཡེ་ཤེས་འདི་ནི་ཆོས་?་སྟེ། །སྙིང་པོ་རྡོ་རྗེ་མཁའ་ལྟ་བུ། །རྡུལ་བྲལ་?་ཐད་པ་སྟེ། །ཁྱོད་རང་ཡང་ནི་ཕ་དེའོ། །འདི་ཉིད་ཡེ་ཤེས་ཆེན་པོ་སྟེ།། ་ཐམས་ཅད་ལུས་ལ་རྣམ་པར་གནས། །གཉིས་སུ་མེད་དང་གཉིས་ཀྱི་གཟུགས། །དངོས་དང་དངོས་མེད་བདག་ཉིད་གཙོ། །གཡོ་བ་དང་མི་གཡོ་ངས་ཐོབ་ནས། །སྒྱུ་མའི་གཟུགས་དང་མཚུངས?་པར་སྣང། །དཀྱིལ་འཁོར་འཁོར་ལོའི་ཐབས་གང་གིས། །རྟག་ཏུ་ངེས་པར་འགྱུར ་བ་ཉིད། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་རྗེས་ཡང་སྐད་བརྗོད་དོ། །བླ་མ་དམ་པའི་ཞལ་ནས་ནི། །བཞི་པ་ཤེས་པར་བྱ་བ་ཡིན། །སློབ་མའི་བྱ་བ་རྫོགས་རྗེས་སུ། །དཀྱིལ་འཁོར་མཆོད་བསྟོད་ལེགས་བྱས་ལ། །ོཾ་ཁྱོད་ཀྱི་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན ་པའི་དངོས་?་བསྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང། སླར་ཡང་བྱོན་པར་མཛད་དུ་གསོལ། །བརྗོད་དེ་ལྟ་ཡི་འཁོར་ལོ་གཤེགས། །དམན་པ་ཆུ་བོ་ཆེན་པོར་དོར། །ོཾ་གཾ་ཡི་གི་ལི་ཧཱུཾ་ཛ(རྒྱུད་འགྲེལ་བའི་རིམ་པ་ལས། སློབ་མ་དབང་བསྐུར་བའི་བྱ་བ་སྟེ་ལྔ་པའོ།། །།དེ་ནས་སློབ་ལྡན་རྣལ་འབྱོར་བས། །བསྐྱེད་པའི་རིམ་ལ་ལེགས་གནས་ཕྱིར། །ས་ཕྱོགས་ཉམས་དགའ་ཡིད་འོང་བར། །དྲི་ཞིམ་བྱུག་ཅིང་མེ་ཏོག་དགྲམ། །བདེ་བའི་སྟན་ལ་དེར ་གནས་ལ། །བཾ་པད་ལཾ?་སྐྱེས་གཞོམ་མེད་ལས། །ལྕགས་ཀྱུ་ལྟ་བུའི་འོད་ཟེར་གྱིས། །རྒྱལ་བ་སྤྱན་དྲངས་མཁའ་ལ་བཞུགས། །ཕྱི་ནང་གསང་བའི་མཆོད་པ་ཡིས། །བླ་མ་རྡོ་རྗེ་མཆོད་པར་བྱ། །བཤགས་དང་ཡི་རང་བསྔོ་བ་དང། །སྐྱབས་འགྲོ་མཆོག ་?་མ་ལམ་གནས་བྱ། །བྱམས་དང་སྙིང་རྗེ་དགའ་བ་དང། །བཏང་སྙོམས་ཚངས་པའི་གནས་བཞི་བསྒོམ། །གདོལ་པའི་ཁང་པ་མེས་བསྲེགས་ལ། །བྲམ་ཟེ་རྒྱལ་རིགས་སོགས་གནས་བྱ། །ོཾ་ཤཱུ་ནྱ་ཏཱཛྙ་ན་བཛྲ་སྭབྷཱ་བ་ཨཱཏྨ་ཀོ་ཧཾ་། ང་ཾ་པར་རེ?་གསལ་བྱད་དེ ་སྣ་ཚོགས་རྡོ་རྗེ་ཧཱུཾ་དེ?་ལས། །?་རེ་དུར?་ནང་དུ། །ཁྲོ?་བོ་བཅུས་ཀྱང་བསྲུང་བར་བྱ། །ོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ནམ་ཁར་ཡཾ་རཾ་བཾ་ལཾ་ལས། །རླུང་མེ་ཆུས་དཀྱིལ་འཁོར་དུ། །བྷྲུཾ་ལས་འཁོར་ལོ་དེ་སྟེང་དུ། །སྲེད་པ་བའི་མིང་བག་ཆགས་བསམ། །དེ་དག་ལས ་གྱུར་ཕོ་བྲང་ནི། །ཟུར་བཞི་སྒོ་བཞི་རྟབ་བས་བཞི། །དྲ་བ་དྲ་ཕྱེད་ཀ་བ་བརྒྱད། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །དེར་ནི་མཚོ་སྐྱེས་སྣང་བྱེད་ཀྱི། །སྟེང་དུ་བདུད་བཞིའི་གདན་བསམ་མོ། །ོཾ་སརྦ་ཏ་བཱ་ག་ཏ་ཨ་ལ་ཡ་བཛྲ་སྭ་བྷཱ་བ་ཨཱ་ཏྨ་ཀོ་ཏ། ཨཱ་ལི་ཟླ་བ་མེད ་ལོང་དང། །ཀཱ་ལི་ཉི་མ་མཉམ་ཉིད་ལྡན། །ཾ་ཧཱུཾ་རྡོ་རྗེ་གྲི་གུག་དང། །སོ་སོར་རྟོག་པའི་ཡེ་ཤེས་ཏེ། །ཐམས་ཅད་གཅིག་གྱུར་བྱ་ནན་ཏན། །གཟུགས་བརྙས་རྫོགས་པ་ཆོས་དབྱིངས་སོ། །དེ་ལས་བྱུང་བ་ཀུན་ཏུ་བཟང། །ཞལ་བརྒྱད་ཞབས་བཞི་བཅུ་དྲུག་ཕྱག། རྩ་ཞལ་ཟླ? ་འདྲ་གཡས་དང་གཡོན། །སྔོན་པོ་དམར་པོ་ལྷག་མ་བན?་གྲང་པོ་རྟ་བོད་བླང་རྔ་མོ། སྐྱེས་བ་སེང་གེ་བྱིས་གཡས། ས་ཆུ་རླུང་མེ་ཟླ་ཉི་དང། །མཛའ་བྱེད་དོར?་སྦྱིན་གཡོན་ནའོ། །ལྷ་མོ་ཞལ་གཅིག་ཕྱག་གཉིས་གནག། གྲི་གུག་ཐོད་པ་གཡས་གཡོན་ནའོ། །ོཾ་པདྨ་སུ་ཁ་བྷར་མ་ཧཱ་སུ་བཾ་དང ་ཏ་ཙ་ཏུ་དཱ་ནནད་བྷ་ཀ་བི་སྭ་ཧཱུཾ་ཧཱུཾ་ཧཱུཾ་ཀ་རྱཾ་ཀུ་རུ་ཥཝ་མེ། ཨོཾ་བཛྲ་མཧཱ་དྭེ་ཥ་ཙ་ཏུ་རཱ་ནནད་ད་ཡ་ཀ་ཁ་ག་མུ་ཁ་ཨེ་ཀ་ར་སོ་ནཱ་ཐ། ཧཱུཾ་ཧཱུཾ་ཧཱུཾ་ཀ་རྒྱཾ་ཀུ་རུ་ཥ་མེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ད་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། གཉིས་གཉིས་སྒྲས་བསྐུལ་ས་བོན་ལས། །གཟུགས་སྨྲ་དྲི? ་རོ??་བཞིན་དང། །ས་ཆུ་མེ་རླུང་རྣམ་དག་པ། །ལྷ་མོ་བརྒྱད་རྣམས་རིམ་པས་བཀོད། །དབང་པོ་ཚངས་སྟེངས་གོ་རཱི་གནག། ཕྱག་གཉིས་གྲི་གུག་རོ་ཧི་ཧ། །གཤིན་རྗེར་རྐུན་མ་དབང་པོའི་སྟེང། །དམར་པོ་ཅང་ཏེའུ་ཕག་པ་ཅན། །ཆུ་བདག་ཉེར་?་ཏོ་ལངས ་མ། །དམའ་སེར་དུ་སྦལ་ཐོད་པ་བསྣམས། །ལུས་ངན་དྲག་པོར་ཟ་ཕོད་མོ། །ལྗང་གུ་སྤྲུལ་དང་པང་སྣོད་ཅན། །དབང་ལྡན་གཤིན་རྗེ་པུཀྐ་སཱ། །དབང་སྔོན་སེད་གཡས་ངག་སྟེ་གཡོན། །བྱིན་ཟར་རི་ཁྲོད་ནོར་སྦྱིན་སྟེང། །དཀར་མོ་དགེ་སློང་ཁར་བསིལ་འཛིན།། ་བདེན་བྲལ་དེ་སྟེང་གཏུམ་མོ་སྔོ། །གཡས་ན་འཁོར་ལོ་ཐོད་པ་གཡོན། །རླུང་མཚམས་གཡུང་མོ་ལྷོ་མིན་སྟེང། །རྡོ་རྗེ་སྡིགས་མཛུབ་སྣ་ཚོགས་མདོག་།ཡང་ན་སྦྱོར་སྒྲས་ཨོཾ་ཨཱ:ཧཱུཾ། །ཧོ(རྒྱུད་འགྲེལ་སཱི་སོགས་གླུ་ཡིས་བསྐུལ། །སྙིང་རྗེའི་ཐུགས་ཀྱི་རྗེས་ཙུན་བཞེངས། །པུཀྐ་སཱི་དག་སྐྱབས་མཛོད་ཅིག། སྟོང་པའི་རང་བཞིན་སྤངས་ནས་ནི། །བདག་ལ་བདེ་ཆེན་རྣལ་འབྱོར་མཛོད། །ཁྱོད་དང་བྲལ་ན་བདག་འགུམ་མོ། །ཀྱེ་ཡི་རྡོ་རྗེ་ཁྱོད་བཞེངས་ཤིག། སྟོང་པའི་རང་བཞིན ་སྤོངས་མཛོད་ལ། །རི་ཁྲོད་མི་ནི་བདག་དོན་བསྒྲུབས། །འཇིག་རྟེན་མགྲོན་གཉེར་འདོད་པའི་གཙོ། །སྟོང་པ་ཉིད་ལ་ཅི་ཕྱིར་བཞུགས། །གཏུམ་མོ་བདག་ནི་ཞུ་བར་བགྱིད། །ཁྱོད་མ་ལགས་ན་ཕྱོགས་མ་འཚལ། །བདག་གིས་ཉིད་ཀྱི་ཐུགས་འཚལ་གྱིས། །དབང་པོའི་དྲེ?་ལྡན ་ཁྱེད་བཞེངས་ཤིག། གཡུང་མོ་བདག་ནི་དྲན་ཉམས་པས། །ཐུགས་རྗེ་རྒྱན་འཆད་མ་མཛད་ཅིག། བསྐུལ་བས་སྨོན་ལམ་རྗེས་དྲན་ནས། །ཧཱུཾ་དང་ཨཾ་ལས་རབ་བཞེངས་པ། །རྣམ་ཐར་བསྡུ་དངོས་སྟོད་རྣམས་དག། ཞལ་བརྒྱད་ཞབས་བཞི་བཅུ་དྲུག་ཕྱག། གཡས ་དཀར་གཡོན་དམར་དབུས་མཐིང་སྤྱན། །གསུམ་གསུམ་ལྷག་མ་བུད་པ་མཚུངས། །ཉི་མར་ཞབས་གཡས་བརྐྱང་གཡོན་བསྐུམས། །ལྷག་མར་གར་གྱི་ཚུལ་གྱིས་བཞེངས། །གཡས་པར་གླང་སོགས་ནད་རྣམས་བསྡུད། །གཡོན་པར་ས་སོགས་དབང་ཕྱུག་བརྒྱད ་ཐོད་པ?་སྐམ་རློན་དོ་ཤལ་ཐོད། །ཕྱག་རྒྱ་ལྔས་བརྒྱན་བདུད་བཞི་མན་ནོ། །རྣམ་ཤེས་དག་པ་བདག་མེད་གནག། གཡས་ན་གྲི་གུག་ཐོད་པ་གཡོན། །སྒྲ་སེར་སྤྱན་གསུམ་རྒྱན་རྣམས་རྫོགས། །ཡབ་ཡུམ་འཁོར་བཅས་ཐུགས་ཀར་ནི། །ཕང?་ཉིར་ས་སོགས་ཕྱག ་མཚམས་པས། །ཡེ་ཤེས་སེམས་དཔའ་བསྐྱེད་པར་བྱ། །སངས་རྒྱས་བྱང་ཆུབ་འགྲུབ་འགྱུར་བས། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲང་བྱ། །གཽ་རཱི་ལ་སོགས་ལྷ་མོ་བཞི། །དགུག་གཞུག་བཅིང་དང་དགྱེས་བ་བསྐྱེད། །ོཾ་བཛྲ་གོ་རཱི་ཨཱ་དརཥ་ཡ:ཛ:ོཾ་བཛྲ་ཧཽ?་རཱི ་པྲ?་བེ་ཤ་ཧཱུཾ། ཨོཾ་བཛྲ་བེཏྟ་ལཱི་སཕོཊ་ཡ་བཾ། ཨོཾ་བཛྲ་གྷསྨ་རཱི་བ་ཤི་ཀུ་རུ་ཧོ(རྒྱུད་འགྲེལ་ཡིད་གསུམ་རྣམ་དག་པ། །མཁའ་སྦྱོང་ས་སྦྱོད་ས་འོག་མ། །སྐུ་གསུང་ཐུགས་ཀྱི་གནས་སུའོ། །འོད་ཟེར་གྱིས་བསྐུལ་དཔའ་བོའི་ཚོགས། །མཆོད་བྱས་གསོལ་བཏབ་དབང་བསྐུར་མཐར། །རིགས་ཀྱི་བདག་པོས་དབུ་ལ་བརྒྱན། །ཞེ་སྡང་གཏི་མུག་སེར ་སྣ་དང། །འདོད་ཆགས་རྡོ་རྗེ་གཽ་རཱི་སོགས། །གཉིས་གཉིས་རིམ་བཞིན་ཕྱག་རྒྱས་གདབ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་གིའེ?་ཀ་ཧ་བཛྲ་སྭ་བྷཱ་པ་ཨཱདམ་ཀོ་ཏཾ། རླུང་མེའི་སྟེང་དུ་ཐོད་པར་ནི། །བྲུཾ་ཨཾ་ཛྲཾ་ཁ་ཧཱུཾ་དང་ནི། །གོ་ཀུན་ཧ་ན་ལས་ནི། །བདུད་རྩི་རྡོ་རྗེ་ལྕེ་ཡིས་?། །ོཾ་སརྦ་ཏ་ཐཱ ་ག་ཏ་ཨ་མྲི་ཏ་སཱ་དྷཱ་ན་བཛྲ་སྭདྷཱ་བ་ཨཱཏྨཀོ་ཧཾ། དེ་ནས་མཁའ་འགྲོ་ཚོགས་སྤྲོས་པས། །ཟླ་ཉི་ཆུས་སྨན་རྡོ་རྗེ་རོ། །ཅད་ཏེ་སྒྲ་དང་འཁྱུད་པ་སྟེ། །གཙོ་བོ་ནས་བརྩམས་རིམ་བཞིན་མཆོད། །ོཾ་སརྦ་ཏ་ཐཱ་ག་ཏ་པཱ་ཛ་བཛྲ་སྭ་བྷ་བ་ཨཱཏྨ་ཀོ་ཧཾ། འགྲོ་བ་དུག་ཆེན་མི་བཟང ་པས། །ཁྱབ་པར་བཞུགས་ནས་ཧེ་རུ་ཀས། །སྣ་ཚོགས་ཚུལ་གྱིས་བདུད་རྩིར་བསྒྱུར། །སྨན་མཆོག་དཔའ་བོ་ཁྱོད་ལ་འདུད། །སརྦ་ཏ་ཐཱ་ག་ཏ་སྟུ་ཏི་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། དེ་ལྟར་བདེ་བར་གཤེགས་དྲུག་གིས། །བསམ་གཏན་རབ་ཏུ་འཕད་པས་བྱ། །བསམ་གཏན ་མི་?་རྣལ་འབྱོར་བར། །དེ་ནི་དག་བརྗེས་སུ་དྲན། །དེ་ནས་མཁས་པས་སྔགས་བཟླས་ཏེ། །ཡབ་ཡུམ་ཞལ་ནས་འགལ་མེ་ཡི། །འཁོར་ལོ་བཞིན་དུ་བསྐོར་པར་བྱ། །ཁ་དོག་ལས་ཀྱི་དབྱེབས་དབྱེ། །ོཾ་ཨཥྚཱཾ་ན་ནཱུ་ཡ། བི་གོདྷ་ཀེ་ཤ་ཝ་?་དེ། ཙ་ཏུ་?་ཤ་ཏི་ནེ་?་ཡ། ་ཥོ་?་ཤ་བྷུ་?་ཡ། ཀྲིཥྞ་?་མཱུ་ཏ་?་པ?་ཥེ་ཀ་?་ཁམཱ?་ལཱ་ན་ཀ་དྷ་རི་ཎེ། ཨཱ་དྷE་ཏ་ཀཱུ་ར་ཙིཊཊ་ཡ། ཨདྷེ་ནདུ་དཾ་ཥུ་ཎེ། ཨོཾ་མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། ག་རྫ་ཡ་གརྫ་ཡ། ཏ?་ཡ་ཡ་ཏ་རྫ་ཡ། ཤོ་ཥ་ཡ་ཤ་ཥ་ཡ་སབཏ་སཱ་ག་རཱ་ནི། བནདྷ་བནདྷ། ནཱ་གཱཥ?་ཀཱ། ་?་གྲཧ?་ཤ་ཏཱུ་ན། ཧ་ཧཱ་?་ཧ་?་ཧ་ཧཻ་ཧོ་ཧཽ་ཧཾ་ཧ་མ་ཊ་སྭཱཧཱ། དཔལ་ཀྱེ་རྡོ་རྗེའི་བྱ་བའི་རིམ་པའི་ལམ་ལས་བསྐྱེད་པའི་བྱ་བ་སྟེ་དྲུག་པའོ།། །།བསྐྱེད་པའི་བློ་སྦྱངས་རྣལ་འབྱོར་པས། །རྫོགས་པའི་རིམ་ལས་གནས་པར་བྱ། །ལྟེ་བར་གཏུམ་མོ ་སྤར་བ་ཡིས། །དེ་བཞིན་གཤེགས་པ་སྔ་བསྲེགས་ནས། །སྤྱན་ལ་སོགས་པ་ཡང་བསྲེགས་པས། །བསྲེགས་པས་ཧཾ་ལས་རི་བོང་འཛག། སྒོང་སྐྱེས་གནས་སུ་ཆུ་སྐྱེས་ནི། །འདབ་བརྒྱད་གེ་སར་བཅས་དེ་ལ། །ཡབ་ལྔ་ཡུམ་བཞི་ཀུན་གྱི་དངོས་།ཀུན་ནས་མི་འཆི་རྒྱུན་གྱིས ་མཆོད། །སྙིང་དབུས་ཟླ་བར་གཞོམ་མེད་ནི། །སྣ་ཚོགས་འོད་ལྡན་དེ་རྡོ་རྗེ། །རྡོ་རྗེ་བདག་མཁའ་འཕྲོ་མ། །ཚོགས་བསྐུལ་བ་བསྒོམ་པར་བྱ། །མཁའ་འགྲོ་སྣ་རྩེར་ཡུངས་ཀར་ཙམ། །མཆོག་དགའ་ཨི་ཚུལ་དུ་ཐམས་ཅད་བསྡུ། །རང་འདོད་ལྷའི་རིམ་རྫོགས་ནས། །སྙིང་གི་ས་བོན་འོད་ཟེར་ལས། །ཱ་ལི་ཀཱ ་ལའི་དཀྱིལ་འཁོར་དག། སྤྲོས་པས་ཕྱོགས་བཅུའི་འཇིག་རྟེན་དག། གཉིས་གཉིས་སྒྲ་ཡིས་རིམ་བཞིན་དུ། ལྷན་ཅིག་སྐྱེ་ཡིས་ཉི་ཟླར་གྱུར། །འོད་ཟེར་བྱེ་བ་བརྒྱ་སྟེང་ནས། །མ་ལུས་བཞུགས་པས་བྱིན་གྱིས་རློབ། །དེ་ནས་ཟླ་ཉི་ཉི་རར་ལས། །ཟེར་ཡང་སྤུ་རྩིས ་དེ་འབུམ་ཆ། །འབུམ་ཆའང་མི་དམིགས་ཚུལ་དེ་ཉིད། །དགའ་བ་ཆེན་པོ་བསྒོམ་པར་བྱ། །རྡོར་དྲིལ་ཡིད་འོད་མཚན་ལྡན་པ། །གཡས་ཀྱི་གསོར་ཞིང་གཡོན་གྱིས་དཀྲོལ། །བཅུ་དྲུག་ཆལ་ཡང་དག་རྫོགས། །ཐམས་ཅད་ཐམས་ཅད་བདག་ཉིད་ལ། །ཆུ་བོ་རྒྱུན ་ཏུ་འབབ་པ་དང། །མར་མེ་རྒྱུན་ཏུ་འབར་བ་དང། །རྟག་ཏུ་དེ་ཉིད་རྣལ་འབྱོར་པས། །ཉིན་དང་མཚན་དུ་གནས་པར་བྱ། །རྡོ་རྗེ་པདྨའི་རྣམ་འབྱོར་གྱིས། །དེར་ནི་ས་ནི་སྐྱེ་བར་འགྱུར། །གཤེར་བའི་རྣམ་པ་བྱང་ཆུབ་སེམས། །ཆུ་ཡི་ཁམས་ནི་འབྱུང་བའོ། །བསྒྲུབས་པས ་མེ་ནི་སྐྱེ་བས་ཏེ། །འགྲོ་བ་རླུང་དུ་རབ་ཏུ་གྲགས། །བདེ་བ་ནམ་མཁའ་ཡིན་ནི་ཁམས། །གང་ཕྱིར་འབྱུང་ཆེན་དེ་བ་ཡི། །ལྔ་རྣམས་ཡོངས་བསྐོར་བས་ཏེ། །དེ་ཕྱིར་བདེ་བ་དེ་ཉིད་མིན། །ལྷན་ཅིག་སྐྱེས་གཉིས་གང་སྐྱེས་པ། །དེ་ནི་ལྷན་སྐྱེས་ཞེས་སུ་བརྗོག་རང་བཞིན་ལྷན ་ཅིག་སྐྱེས་ཞེས་བྱ། །རྣམ་པ་ཐམས་ཅད་སྡོམ་པ་གཅིག། ཐུགས་རྗེ་ཐབས་ཡིན་རྣལ་འབྱོར་པའི། །ཕྱག་རྒྱ་རྒྱུ་དང་བྲལ་བ་ཉིད། །སྙིང་རྗེ་སྟོང་པ་ཐ་དད་མེད། །འདི་ནི་བྱང་ཆུབ་སེམས་ཞེས་བརྗོད། །སྔགས་འཛབ་དཀའ་ཐུབ་སྦྱིན་སྲེག་བྱེད། །དཀྱིལ་འཁོར་ཅན་དང་དཀྱིལ ་འཁོར་དེ། །སྔགས་བཟླས་དཀའ་ཐུབ་སྦྱིན་སྲེག་དེ། །དཀྱིལ་འཁོར་འཁོར་དང་དཀྱིལ་འཁོར་དེ། །མདོ་རུ་བསྡུས་ན་སེམས་ཉིད་དེ། །ཏིང་ངེ་འཛིན་གྱི་རང་བཞིན་ནོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི། །ཉེ་བར་ཐོག་པར་གྱུར་བའི་རྟགས། །དང?་སྤྲིད་གྱི་རྣམ ་པ་སྟེ། །གཉིས་པ་དུ་བ་འདྲ་བ་ཉིད། །གསུམ་པ་མེ་ཁྱད་རྣམ་པ་དང། །བཞི་པ་མར་མེ་ཉེ་འབར་བ། །ལྔ་པ་རྟག་ཏུ་སྣང་བ་སྟེ། །སྤྲིན་མེད་ནམ་མཁའ་འདྲ་བ་ཉིད། །ཕྱི་ནས་སྐྱ་མའི་རྣམ་པ་ལྟར། །མི་ལམ་རྣམ་པར་སྐད་ཅིག་འགྱུར། །ཁམས་གསུམ་རྒྱུ་དང་?་རྒྱུ་བ། །མ་ལུས ་ལུས་པ་མེད་པར་འགྲུབ་།དཔལ་ཀྱེ་རྡོ་རྗེའི་བྱ་བའི་རིམ་པའི་ལམ་ལས། །རྫོགས་པའི་རིམ་པའི་བྱ་?་སྟེ་བདུན་པའོ།། །།མཁས་པ་སྔགས་ཀྱི་མཐར་ཕྱིན་ཅིང། །བསྟན་བཅོས་ཀུན་ལ་འཇིགས་མེད་པས། །འཇིག་རྟེན་?་སྙད་རྗེས་འདྲེངས་? ་རབ་ཏུ་གནས་པའི་ཆོ་ག་བྱ། །ལུས་བཀྲུས་དྲིས་བསྒོམ་གོས་གཙང་བགོས། །དོ་ཤལ་རྐང་གདུབ་དཔུང་རྒྱན་དང། །རྣ་ཆ་གདུ་བུ་སྦོར་གདུབ་སོགས། །རྒྱན་རྣམས་ཀུན་གྱིས་བརྒྱན་བྱས་ཏེ། །ཟླ་བ་དག་དང་ཚེས་གྲངས་དང། །གཟའ་དང་སྐར་མ་བཟང་པོས། གནས་? ་ཡིད་འོད་འདུ་འཛི་སོགས། །སྐྱོན་སྤངས་རྣམ་མཛེས་བླ་ཀ་བཅན། །བ་ཡི་རྣམ་ལྔ་དྲི་ཞིམ་བྱུགས། །མེ་ཏོག་སིལ་མ་སྣ་ཚོགས་དགྲ་མ། །གདུགས་དང་རྒྱལ་མཚན་འཕན་ལ་སོགས། །བླ་དེ་མཆོག་ནི་བྲེ་བྱ་ཞིང། །བཀྲ་ཤིས་རྣམས་ཀྱིས་བརྒྱན་?་ཡི། །?་བ ་རིན་ཆེན་སོགས་གང་དང། །པི་?་གླིང་བུ་འབར་རྔ་སོགས། །གླུ་གར་དགའ་སྟོན་ཆེར་བྱའི་ཕྱིར། །ཅི་འབྱོར་མཆོད་པ་ལེགས་བཤམས་ནས། །གོང་མའི་ཚོགས་བསྲུང་བར་བྱ། །དེ་ནས་གཏོར་མ་ལེགས་བྱིན་ནས། །སྐུ་གསུང་ཐུགས་ཀྱི་མཚན་མ་གང།། ་སྐུ་གཟུགས་གླེགས་བམ་མཆོད་རྟེན་སོགས། །དང་པོ་ཉེས་པ་བཀྲུ་བའི་ཕྱིར། །བ་ཡི་ལྕི་བ་ཆུ་དང་ཞོ། །འོ་མ་མར་གྱིས་བཀྲུས་འོག་ཏུ། །འགྲུམ་?་ཀྱང་ཕྱུག་པར་བྱ། །འབྲུ་མར་ཤུན་ཕགས་ལྡས?་གསལ་བྱའོ། །ུ་དུམྦར?་ཤི་རི་ཥ། །?་ཤཏ་ཐ་ད?་གྲོ?་དྷ། ་པར་ཀ་ཏ་ཡ་ཤུན་པགས་ཏེ། །དེ་ནས་དྲི་ལྔས་ཁྲུས་གསོལ་བ་།།ཙན་དན་གཉིས་དང་གུར་གུམ་དང། །ལ་གུ་གྲན་ཏ་ཀ་ལྔའོ། །གྱི་དྲོ་སྐུ་གཟུགས་འདུ་བྱས་པ། །འོག་ནས་འབྱུང་བའི་རིམ་ཉིད་ཀྱིས། །ལྷག་པར་གནས་བྱ་བུམ་པ་ཡང། ལྔ་མའི་ཆོག་བཞིན་དུའོ། །ལྷག ་གནས་ཕྱོགས་ཆར་ཁྲུས་ས་ནི། །ཟུར་བཞི་གྲུ་བཞི་ཁྲུ་དོད་པངས། །ཡིད་འོད་མཛེས་བྱས་གདན་སྟེངས་བཞུགས། །བཀྲ་ཤིས་རོལ་མོར་བཅས་ཁྲུས་གསོལ། །ཇི་ལྟར་བལྟམ་པ་ཙམ་གྱིས་ཀྱང། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་པ་སྟེ། །དེ་བཞིན་བདག་གིས? ་ཁྲུས་གསོལ་ལོ། །ཁྱོད་ནི་སྦྱིན་པའི་རང་བཞིན་ཆུས། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང། །གཏོང་པའི་དྲི་ཡིས་རྗེས་བསྐོས་པ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །ཁྱོད་ནི་ཚུལ་ཁྲིམས་རང་བཞིན་ཆུས། །ཁྲིམས་འཆལ་དྲི་མ་སྦྱོད་མཛད་ཅིང། །ཚུལ ་ཁྲིམས་དྲི་ཡིས་ལེགས་བསྒོས་པ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །ཁྱོད་ནི་བཟོད་པའི་རང་བཞིན་ཆུས། །ཞེ་སྡང་དྲི་མ་སྦྱོང་མཛད་ཅིང། །བྱམས་པའི་དྲི་ཡིས་ལེགས་བསྒོས་པ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །ཁྱོད་ནི་བརྩོན་འགྲུས ་རང་བཞིན་ཆུས། །ལེ་ལོའི་དྲི་མ་སྦྱོང་མཛད་ཅིང། །བརྩོན་འགྲུས་དྲི་ཡིས་ལེགས་བསྒོས་པ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །ཁྱོད་ནི་བསམ་གཏན་རང་བཞིན་ཆུས། །རྣམ་གཡེངས་དྲི་མ་སྦྱོང་མཛད་ཅིང། །ཏིང་འཛིན་དྲི་ཡིས་ལེགས་བསྒོས་པ། །ཁྲུས ་ལེགས་མདོད?་ལ་ཕྱག་འཚལ་འདུད། །ཁྱོད་ནི་ཤེས་རབ་རང་བཞིན་ཆུས། །ཤེས་འཆལ་དྲི་མ་སྦྱོང་མཛད་པ། །ཡེ་ཤེས་དྲི་ཡིས་ལེགས་བསྒོས་པ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །ཆུ་བོ་དྲུག་གི་ཁྲུས་མཛད་ཅིང། །དྲི་མ་རྣམ་དྲུག་སྦྱོང་མཛད ་པ། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །གང་ལ་ཉེས་པ་མི་མངའ་ཞིང། །ཡོན་ཏན་ཐམས་ཅད་དང་ལྡན་པ། །སངས་རྒྱས་དེ་ལ་ཐར་དོན་དུ། །དང་པས་བདག་གིས་ཁྲུས་གསོལ་ལོ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། ?་ཡི ་རྣམ་ལྔའིའོ། །ོཾ་ཧཱུཾ་ཧཱུཾ་ཧྲཱི(རྒྱུད་འགྲེལ་བཀྲ་ཤིས། །ཉི་མ་དུད་ལ་གནས་བཀྲ་ཤིས། །ཉིན་མཚན་རྟག་ཏུ་བཀྲ་ཤིས་པ། །སངས་རྒྱས་རྣམས་ཀྱིས་དང་?་བསྩོལ། །ཉིན་མོ་བཀྲ་ཤིས་མཚན་བཀྲ་ཤིས། །ཉི་མའི་ཕུང་ལ་གནས་བཀྲ་ཤིས། །ཉིན་མཚན་རྟག་ཏུ་བཀྲ་ཤིས་པ། །དམ་ཆོས་རྣམས་ཀྱིས་དང?་དིར་སྩོལ ་དེ་ལྟར་ཀུན་ལ་སྦྱར། །དགེ་འདུན་རྣམས་ཀྱིས་དིང་འདིར་སྩོལ། །རྒྱལ་སྲས་རྣམས་ཀྱིས་དིང་འདིར་སྩོལ། །ཕྱོགས་སྐྱོང་རྣམས་ཀྱིས་དིང?་འདིར་སྩོལ། །སྲུང་མའི་ཚོགས་ཀྱིས་དིང་འདིར་སྩོལ། །དེ་ལྟར་ཁྲུས་གསོལ་དེ་འོག་ཏུ། །གོས་ཀྱིས་ཕྱི་ཞིང་དྲི་ལྔས་བྱུང། །སྐུ་ལ་སོགས ་པའི་མཚན་ཉིན?། །བདུད་རྩི་ལ་འཁྱིལ?་བས་བསྲུང་བར་བྱ། །དེ་ནས་སྐུ་སོགས་མི་དམིགས་ལ། །རང་གི་སྔགས་དང་ཕྱག་རྒྱ་སྡེ། །དེ་ལ་སྐུ་སོགས་རྫོགས་པ་ལ། །སྦྱན་དྲངས་མཆོད་?་ལ་སོགས་བྱ། །ཇི་ལྟར་སངས་རྒྱས་ཐམས་ཅད་དག། དགའ་ལྡན་དུ་ནི་གནས་ནས་སུ?། ། ་ལྷ་མོ་?་འཕྲུལ་?་གཤེགས་པ། །དེ་བཞིན་འདིར?་ནི་གཤེགས་སུ་གསོལ། །ོཾ་བཛྲ་གོ?་རཱ་ཨཱ་ཀར?་ཡ་ཛ(རྒྱུད་འགྲེལ་?་པོ་དང། ?་ཆུབ་?་འཕེལ་ཕྱིར། །བརྟན་པར་འདིར་ནི་བཞུགས་སུ་གསོལ། །ོཾ་མ་ཛྲ་དྷ་ར་དྷ་ར། དྷཱ་ར་ཡ་དྷཱ་ར་ཡ། མརྡྷ་མརྡྷ་བཛྲ་དྷྲི་ཀ་ཨ་དྷི་ཏིཥྚ། ཨོཾ་?་ཤ?་པ་ར་མ་ས་ཤཏ། ཨེ་ཧཱོཾ་ཛི་ན་ཛི་ཀ་ཨ་དྷི་ཏིཥྛ། ཨོཾ་བཛྲ་?་རྱ་ཏ་མོ་བི་དྷ་ན་མ ་ས་མ་?་?་མ་?་ཧཱིཥ། ཨོཾ་བཛཱ?་?་རྨཱ་ས་མ་ཡ་?་ཧུ་ལུ་ཧུ་ལུ་ཨཱ་རོ་ལ་ཀི་ཨ་དྷི་ཏིཥྛ། ཕུ་བུ་ཕུ་ཧི་ཧི་ཧི། པྲཛྙཱ་བ་དྷྲི?་ཀ་ཨ་དྷི་ཏིཥྛ། ཨོཾ་མོ་ཧར་ཏི་ཨ་དྷི་ཏིཥྛ། ཨོཾ་དྭེ་ཥ་ར་ཏི་ཨ་དྷི་ཏིཥྛ། ཨོཾ་རཱ་ག་ར་ཏི་ཨ་བྷཾ་ཏིཥྛ། ཨོཾ་བཛྲ་ར་ཏ་ཨ་དྷི་ཏིཥྛ། དེ་ནས ་མིག་སོགས་གཏི་མུག?་སོགས། །རྡོ་རྗེ་གསུམ་ནི་གནས་གསུམ་དགོད། །དབང་ནི་རང་གི་རིགས་ཉིད་ཀྱིས། །རང་སྙིང་གནས་སུ་ཡེ་ཤེས་བསམ། །ཡེ་ཤེས་བདུད་རྩིའི་སྦྱོར་བ་ཡིས། །མཆོད་བའི་རིམ་པར་དབུལ་བར་བྱ། །འཆད་པར་འགྱུར་བའི་ཆོ་ག་ཡིས། །རྒྱ་ཆེར་རབ་ཏུ ་མཆོད་ནས་ནི། །བློ་དང་ལྡན་པས་བསྟོད་པར་བྱ། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་དབྱིངས་ལ་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཚེ། །རྡོ་རྗེ་ཞི་བདག་ཆེན་པོ། །རང ་བཞིན་འོད་གསལ་མཆོག་གི་མཆོག་།སྟོན་པ་རྡོ་རྗེ་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པ་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་མི་འཆི་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད ་ཆགས?་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །རང་བཞིན་དག་པ་ཉིད་ལས་བྱུང། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ། །དེར་ནི་ཚོགས་ཀྱི་འཁོར་ལོ་དང། །སྦྱིན་སྲེག ་གཏོར་ནས?་?་རྒྱས་པར་བྱ། །མཐོང་དག་མ་མཐོང་འབྲས་བུ་དག། ཕུན་སུམ་ཚོགས་པ་ཐོབ་པར་འགྱུར། །དཔལ་ཀྱེ་རྡོ་རྗེ་བྱ་བའི་ལམ་ལས། རབ་ཏུ་གནས་པའི་བྱ་བ་སྟེ་བརྒྱད་པའོ།། །།བློ་ལྡན་ཁྲུས་བྱས་རྒྱན་རྣམས་བརྒྱན། །དཀྱིལ ་འཁོར་བསྒྲུབ་དུས་གནས་ནང་དུ། །སྦྱིན་སྲེག་དེ་ཉིད་ལ་གནས་ཏེ། །ལས་ཀུན་སྒྲུབ་བྱེད་སྦྱིན་སྲེག་བྱ། །སྔགས་པས་བྱང་དུ་མངོན་བལྟས་ཏེ། །ཞི་བའི་ལས་ནི་ཡང་དག་བརྩམ། །ཤར་དུ་རྒྱས་པ་མངོན་སྤྱོད་སྤྱོད་ལྟོར། །དབང་དང་དགུག་པ་ནུབ་ཏུའོ་?་ཞི་?་ཀ་? ་སྟེ། །རྒྱ?་ནད?་བྱ་བ་ཡིན། །དབང་དང་དགུག་པ་ཉི་ཕྱེད་ལ། །མཚན་བྱེད་བསང་དང་ཞེ་སྡང་ངོ། །ཕན་པ་གཉིས་ཀྱིས་ཞིབ་སྟེ། །རྡོ་རྗེ་ཉི་མ་རྒྱས་པའོ། །རྡོ་རྗེ་ཆོས་ཀྱི་དབང་ཞེས་བྱ། །རྡོ་རྗེ་སེམས་དཔས་གསང་བའོ། །ཞི་བའི་སེམས་ཀྱི་ཞིབ་བ་སྟེ། ་ནད་ལ་སོགས་བཞི་བར་བྱ། །རྒྱས་པའི་སེམས་ཀྱིས་རྒྱས་པ་སྟེ། །རིན་ཆེན་ཆར་སྦྲིན་རབ་བསྐོར་བྱ། །རྗེས་སུ་ཆགས་པའི་སེམས་ཀྱིས་ནི། །དགུག་པའི་ལས་ནི་ཡང་དག་བརྩམ། །གདུག་པའི་སེམས་ཀྱིས་བསད་པ་སྟེ། །མེ་ཡི?་ཆར་སྤྲིན་བ? ་པར་བྱ། །ཞི་བའི་ཐབ་ཁུང་ཟླུམ་པོ་སྟེ། །རྒྱས་པ་ལ་ནི་གྲུ་བཞི་སྟེ། །དབང་ནི་ཟླ་བ་ཕྱེད་པ་འདྲ། །དགུག་པ་ལ་ནི་ལྕགས་ཀྱུའི་དབྱིབས། །བསང་དང་ཞེ་སྡང་ལས་ལ་ནི། །ནམ་མཁའ་ཨི་ཁམས་དང་མཚུངས་པའོ། །ཁྲུ་གང་པ་དང་ཁྲུ་ཕྱེད་པར། །རྒྱ?་དང་ཐབས་ནི? ་ཞིབ་སྟེ། །ཁྲུ་དོ་པ་དང་ཁྲུ་གང་པ། །རྒྱ་དང་ཟབས་ནི་རྒྱས་པ་ཡིན། །དབང་དང་དགུག་པའང་ཁྲུ་གང་བ། །ཁྲུ་ཕྱེད་རྒྱ་དང་ཐབས?་སུ་བསྟན། །སོར་མོ་ཉི་ཤུ་དེ་ཡི་ཕྱེད། །རྒྱ་ཟབས་བསད་དང་ཞེ་སྡང་ལའོ། །ཞི་བའི་ཁ་ཁྱེར་སོར་བཞི་སྟེ། །རྒྱས་པ་ལ་ནི་སོར་མོ་བརྒྱད།། ་དབང་དང་དགུག་ལ་སོར་བཞི་བཞི། །བསད་དང་སྡང་ལ་སོར་གསུམ་གསུམ། །ཕྱེད་མ་དཀར་པོས་ཞི་བ་ལ། །དེ་བཞིན་རྒྱས་པ་སེར་པོ་སྟེ། །དབང་དང་དགུག་ལ་དམར་པོ་གྲགས། །གསོད་དང་ཞེ་སྡང་ནག་པོའོ། །འཁོར་ལོ་རིན་ཆེན་པདྨ་དང། །རལ་གྲི་རྡོ་རྗེ་ཅི་རིགས ་དགོད། །རང་འདོད་ལྷའི་རྣལ་འབྱོར་གྱིས། །ལས་ཀུན་བྱེད་པའི་སྦྱིན་སྲེག་སྟེ། །ཚད་དང་དབྱིབས་དང་ཁ་དོག་དང། །ཞི་བ་དང་མཐུན་ཤར་བལྟའོ། །དགང་གཟར་དབྱེ་བ་བཤད་པར་བྱ། །གསེར་སོགས་ནིམ་པ་མཆོད་སྦྱིན་ཞིང། །ཡུ་བ་ཁྲུ་དོ་མཆུ་སོད?་བརྒྱད།། ་ཞིང་ཐབས་རྡོ་རྗེ་སེར་བཞི་པ། །ཁ་ནི་པདྨའི་རྣམ་པ་མཚུངས། །སྐ་རགས་གྲུ་བཞིན་རྡོས?་པ་སྟེ། །འོག་ཏུ་པདྨ་ལེགས་པར་བྱ། །རིན་ཆེན་སོར་གཉིས་ཡུ་བའི་མགོན། །ཐ་མར་རྡོ་རྗེ་སོར་དྲུག་པ། །དེ་ནི་དགང་གཟར་མཚན་ཉིད་དོ། །བླུག་གཟར་ཡུ་བ་ཁྲུ་གང ་སྟེ། །མཆུར་ནི་སོར་?་ཞེང་དང་ཐབས། །རྡོ་རྗེ་སོར་གསུམ་པད་འདབ་མཚུངས། །རིན་ཆེན་སེར?་གཅིག་གསུམ་རྡོ་རྗེ། །གཞན་ཡང་དགར་གཟར་བླུག་གཟར་གྱིས། །ཡུ་བ་ཁྲུ་གང་བྱ་བ་སྟེ། །འོག་ཏུ་རྡོ་རྗེ་རིན་ཆེན་བྱ། །དེ་ཡི་དགང་གཟང?་རྒྱར་སོར་བཞི། ། ་ཟབས?་སུ་ཨོར?་བཞིན་དེ་རྡོ་རྗེ། །སོར་བཞིའི་མཐར་ནི་རྡོ་རྗེ་སྟེ། །བར་དུ་པདྨའི་འདབ་མའི་དབྱིབས། །བླུགས་གཟར་པད?་དབྱིབས་སོར་གཉིས་ཏེ། །ཟབས་སུ་སེར་གཅིག་ནང་རྡོ་རྗེ། །?་?་གླུག་གཟད་ཁ་རང་གི། །ལྷ་ཡི་ས་བོན་རབ་འཕར་བསམ། །རེ་?་འདིད་ཡི ་ཁང་དགོང་བྱ། །ཡང་ན་སོར་མོ་ལྔ་དང་གསུམ། །བཅེར?་བས་ཀྱང་ནི་བྱ་བར་གསུངས། །མེ་ཏོག་བདུག་སྦོས་མར་མེ་དང། །དེ་བཞིན་དྲིཡི་དུད་སོགས་གཡས། །གཡོན་དུ་སྔགས་ཀྱི་མཆོད་ཡོན་སྣོད། །མདུན་དུ་སྣོད་ནི་གཞག་པར་བྱ། །མཆོས་སྦྱིན་ཤིང་སོགས ་ཡལ་ག་ལས། །རྩེ་མོ་མཆོག་ནི་མ་ཉམས་པ། །བཟང་པོ་ལམ?་གཉིས་ལྡན་པ། །ལས་ཀྱི་དབྱེ་བས་དབྱེ་བར་བྱ། །རྒྱས་པ་ལ་ནི་སོར་བཅུ་བཞི། །ཞིབ་སོར་ནི་བཅུ་གཉིས་པ། །དབང་ལ་སོར་བཅུ་སྡང་བ་དང། །གསང་པ་ལ་ཡང་སོར་མོ་བརྒྱད། །ཤ་ལྔ་དང་ནི ་བདུད་རྩི་ལྔ། །རྒུན་འབྲུམ་ཨ་མྲ་སྦྲུལ་འཇིགས་དང། །ཁ་འཛག་སྐྱེས་མ་རྩེ་མ་ནི། འབྲས་བུ་རྣམས་ནི་སྦྱིན་སྟེག་བྱ། །ཙམ་པ་ཨ་ཤྭ་ས?་དང་གླུ། །ཀ་ཏཾ་པ་དང་སྲིད་བསྐུལ་ཉིད། །ཇི་ལྟར་རྙེད་པ་བཟླས་བྱས་ནས། །མེ་ཏོག་འདིས་ནི་སྦྱིན་སྲེག་བྱ། །ཡིད་ཀྱིས་མར ་ཁུ་བསམ་པ་དང། །འབྲས་སོ་ཆག་མེད་འབྲས་དང་ནི། །འབྲུ་དང་ཞོ་ཡི་ཟན་དང་ནི། །ཏིལ་དང་དེ་བཞིན་མཉམ་པ་ཤིང། །དུར་བ་རབ་ཏུ་གཞོན་པ་ཉིད། །བསམ་གཏན་རྡོ་རྗེས་སྦྱིན་སྲེག་བྱ། །མེ་ཏོག་ལ་སོགས་རྫས་རྣམས་ནི། །ལས་ཀྱི་དབྱེ་བས་ཁ་དོག་དབྱེ།། ་དཀར་པོ་ཞི་པར?་བྱེད?་པར་བརྗོད། །སེར་པོ་རྒྱས་པ་སྒྲུབ་ཐབས་ལ། །དབང་དང་དགུག་པར་དམར་པོ་ཆེ། །ཐ་མའི་ལས་ལ་ནག་པོའོ། །ཏིལ་གྱིས་ཞི་བ་རྒྱས་པ་ཞོ། །ཚེར་མས་དེ་བཞིན་བསང་བ་ལ། །ཞེ་སྡང་སོགས་ལའང་ཚེར་མར་བརྗོད། །དབང་དང་དགུག་ལ ་ཨུཏཔ་ལའི། །བདུད་རྩི་འཁྱིལ་སྔགས་ཡུངས་ཀར་བཟླ། །ཁུ་ཚུར་གཉིས་ཀྱིས་འདོད་ལྷ་ལ། །རང་གི་བསྐོར་བས་རབ་བསྐོར་ཏེ། །གཉིས་ཀྱི་བར་དུ་སྦྱོར་བར་བྱ། །ཅིག་ཅར་ཁུ་ཚུར་གཉིས་དག་གིས། །གཡས་སུ་བསྐོར་བར་ཡང་བྱའོ། །སྔོན་བཞིན་ཡུངས་ཀར་མ་སྣོད ་ལ། །སྦྱང་བར་བྱ་ཕྱིར་གཞུག་པར་བྱ། །ོཾ་སརྦ་པཾ་ད་ཧ་ན་བདྲ་ཡང་?་སྱ་སརྦ་པཱ་པ་ད་ཧ་སྭཱཧཱ་སྦྱང་བའོ། །ཡེ་ཤེས་རྣམ་ཤེས་ནང་བཀུག་སྟེ། །སྙིམ་པས་ཆུ་ནི་བླང་བྱས་ནས། །བསྐོར་ཏེ་སྦྱར་ཕྱིར་མི་རུ་ཡང། །ཉུངས་ཀར་བཞིན་དུ་གཞུག་པ་? ་ཨོཾ་ཧཱུཾ་ཏ་ཊ་ཕཊ་ཉེ་རིག་གོ། དེ་ནས་ཡི་ཤིང་ལ་སོགས་རྫས། །བསང་ལ་སྦྱང་ཕྱིར་སྔགས་འདི་གདོན། །ོཾ་ཤྲཱ་སྭཱཧཱ། མར་སྦྱང་བའི་སྔགས་སོ། །ོཾ་ཨ་སྭཱཧཱ། རྫས་བཀྲུ་བའི་སྔགས་སོ། །ོཾ་བཛྲ་སྭཱཧཱ། འབྲུ་སྦྱང་བའི་སྔགས་སོ། །ོཾ་ཀུ་རུ་ཀུ་རུ་སྭཱཧཱ། རྫས་གཞན་སྦྱར ་བའི་སྔགས་སོ། །ོཾ་ཨ་སྭཱ་ཧཱ། ཡཾ་ཤིང་སྦྱང་བའི་སྔགས་སོ། །སྦྱིན་སྲེག་ཡན་ལག་ལས་བྱུང་ཞིང། །ཐབ་ཁུང་བས་ཁུང་ཐབ་ཁུང་གཞུག། ཏིང་ངེ་འཛིན་གྱིས་མེ་སྦར་ལ། །ཡིད་ཀྱིས་མར་ཀྱིས་མར་ཀྱི་སྲེག་བླུགས་སྦྱིན། །དེ་ནི་སོ་སོར་སྣང་བ་སྟེ། །བསམ་གཏན་ལས་བྱུང ་སྐུ་མངའ་བ། །དེ་ལ་ཞབས་བསིལ་ཞལ་བསིལ་དང། །མཆོད་ཡོན་འཐོར་འཐུད?་རིས་བཞིན་དབུལ། །ཧ་ཅང་རིང་མིན་རྩེ་མ་ཉམས། །གཡས་བསྐོར་ཤར་ནས་ཀུ་ཤ་དགྲ་མ། །རྩེ་མོ་ཕྱོགས་གཅིག་བསྟན་བྱ་སྟེ། །སྟེགས་བུའི་སྟེང་དུ་བཞག་པར་བྱ། །ཙན་དན་ཨ་ཀ་རུ་ཤིང ་དམ། །གཞན་ཡང་དྲི་ཡི་ཤིང་དག་གིས། །སྦྱིན་སྲེག་བྱ་ཕྱིར་རླུང་ཡབ་ཀྱིས། །མེ་སྦར་གཟི་བསྐྱེད་མཚན་མ་བརྟག། ཁ་དོག་དྲི་དང་རྩེ་མོ་འཁྱིལ། །གཟུགས་དང་སྒྲལ་སོགས་པ་ཡི། །དགེ་དང་མི་དགེ་བར་གྱུར་ཏེ། །ཞིབ་ཁ་དོག་དཀར་འབར་བ། །རྒྱས་པ་སེར ་པོའི་རྣམ་པ་སྟེ། །དབང་དང་མངོན་སྤྱོད་དག་ལ་ནི། །དམར་དང་གནག་པའི་མེ་ནི་བསྔགས། །བརྒྱ་བྱིན་བཟང་པོའི་གཞུ་འདྲ་སྟེ། །གཡས་སུ་འཁྱིལ་པའི་མཆོག་ཡིན་ནོ། །དང་པའི་སྒྲ་ལྟར་སྙན་པ་དང། །མེ་ལྕེ་སྣམ་ཞིང་རྩེ་མོ་ཅན། །སྲེག་བླུགས་བསྲེས་པས་ཡོན ་བདག་ཕྱིར། །མེ་ནི་ཁོང་དུ་ཆུད་ཕྱིར་བརྟབ། །མེ་རྟོག་རྣམ་འཕྲོ་དུབ་མང། །རིམ་གྱིས་འབར་ཞིང་ཁད་ཀྱིས་འཕྲོ། །མཛའ་མར་རང་འབར་གཟི་བྱིན་ཅན། །ཚ་ཞིང་འོད་ཟེར་འཕྲོ་བ་དང། །རྩེ་གསུམ་ཞིབ་མ་འདྲ་ཉིད་དང། །དེ་བཞིན་པ་ལང་འགྲོ་འདྲ་བ། །དེ་ལ་སོགས ་པའི་མཚན་དང་པ། །མི་དགེ་རྣམས་ཀྱང་རྟགས་པར་བྱ། །མེ་ཡི་དབུས་སུ་བསྒོམ་བྱ་བ་། །པདྨ་ཉི་མའི་དཀྱིལ་འཁོར་ལ། །སྤྱན་གསུམ་ཞལ་བཞི་ཕྱག་བཞིའི་ལྷ། །གསུས་ཆེན་རལ་པའི་ཐོར་ཚུགས་ཅན། །གཡས་པ་མཆོག་སྦྱིན་ཕྲེང་པ་སྟེ། །གཡོན་ན་དབྱིག་པ་སྤྱི་བླུགས་སོ།། ་ལས་དང་རྗེས་མཐུན་ཁ་དོག་ཅན། །ར་ཡི་སྐྱེ་གནས་ལས་བྱུང་བསྒོམ། །ཚུར་སྦྱོན་ཚུར་སྦྱོན་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་མཆོག། སྲེག་བླུག་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །གཟི་བརྗིད་ཆེན་པོ་མི་ཡི་ལྷ། །འདོད་པ་ཐམས་ཅད ་སྒྲུབ་པ་པོ། །ཐུགས་རྗེས་སེམས་ཅན་དོན་མཛད་པ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ོཾ་ཨེ་ཧཡེ་ཧི་མཧཱ་བྷུ་ཏ་དེ་བ་རི་ཥི་དྭི་ཛ་སཏྭ་མ་གྲི་ཨ་ཏུ་ཏི་ཨ?་ཧར་ཨསྨི་སནྣི་ཧི་ཏོ་བྷ་བ། འཆད་པའི་ཆོགས་མཆོད་བྱས་ལ། །སྤོས་ཁང་ཡོངས་སུ་གཟུང་བྱས་ཏེ། །འདོད་དོན་དངོས་གྲུབ་རྟོགས ་བྱའི་ཕྱིར། །དམ་ཚིག་ཡང་དག་བརྗོད་པར་བྱ། །ོཾ་བཛྲ་ཨ་ན་ལ་མ་ཧཱ་བྷུ་ཏ་ཛབླ་ལ་ཡ་སབ་དྷསྨིཾ་ཀུ་རུ་སརྦ་དུཥྛོ་ཧཱུཾ་ཕཊ་དྲི་ཤྱ་ཛ(རྒྱུད་འགྲེལ་ལག་པ་གཡས་པས་གཟུང་བྱས་ཏེ། །ཕུས་མོའི་བར་དུ་གནས་བྱས་ནས། །ཡེ་ཤེས་བདུད་རྩིར་བྱིན་རླབས་རྫས། །མེ་ཡི་ལྷ་ལ་སྲེག་བླུགས་དབུལ། །ོཾ་ཨགན་ཡེ་སྭཱཧཱ། མར་གྱིའོ། །ོཾ་སརྦ་པཱ་པཾ་ད་ཧ་ན་མ་ཧཱ་བཛྲ་སཏྭ་སརྦ་པཱ་པཾ་ད་ཧ་སྭཱཧཱ། །ཏི་ལ་ནག་གིའོ།། ་ཨོཾ་བཛྲ་བུཥྚ་ཡེ་སྭཱཧཱ། འབྲས་མ་ཆག་པའི་འོ། །ོཾ་སརྦ་སཾ་བ་དེ་སྭཱཧཱ། ཞོ་དང་ཟས་མཆོག་གིའོ། །ོཾ་བཛྲ་བི་ཛཱ་ཡ་སྭཱཧཱ། །ོཾ་བཛྲ་བི་ཛཱ་བི་ཛཱ་ཡ་སྭཱཧཱ། འབྲས་སོ་བའིའོ། །ོ་ཾ་མ་ཧཱ་བེ་གཱ་ཡ་སྭཱཧཱ། ནས་ཀྱིའོ། །ོཾ་མཧཱ་བ་ལ་ཡ་སྭཱཧཱ། མོན་སྲན་གྲེའུའིའོ། ཨོཾ་བཛྲ་གླསྨ་རཱི་སྭཱཧཱ། ་གྲོའིའོ། །ོཾ་བཛྲ་ཨ་རུ་ཥེ་སྭཱཧཱ། དུར་བ་གཞོན་ནུའི་འོ། །ོཾ་ཨ་པྲ་ཧི་ཏ་ཏ་བཛྲཱ་ཡ་སྭཱཧཱ། ཀུ་ཤའི་འོ། །ོཾ་བཛྲ་བ་ཛཱི་ཡ་སྭཱཧཱ། ཨུ་དུམྦ་རའི་འོ། །ོཾ་བོ་ཌཧི་བྲིཀྵ་ཡེ་སྭཱཧཱ། བྱང་ཆུབ་ཀྱི་ཤིང་གིའོ། །ོཾ་བཛྲ་ལ་ཧཱ་ཡ་སྭཱཧཱ། པ་ལཀྵའིའོ། །ོཾ་བཛྲ་ཀུ་བེ ་རཱ་ཡ་སྭཱཧཱ། ནྱ་གྲོ་དྷའི་འོ། །ོ་སཱ་ཧ་ཀ་རཱ་ཡ་སྭཱཧཱ། ཨ་མྲའི་འོ། །མཐར་ནི་སྭཱཧཱ་ཞི་བ་སྟེ། རྒྱས་པའི་དུས་སུ་བོ་ཥ་ཊ། །མཐར་ནི་ཧཱུཾ་ཕཊ་གསད་པ་ལ། །དགུག་དང་དཔར་ལན?:དང་ཧྲི(རྒྱུད་འགྲེལ་པར་བྱ། །འཇིག་རྟེན་དབང་ཕྱུག་ཚངས་དབང་མཆོག་གི་སྲས། །མེ་ལྷའི་རྒྱལ་པོ་ཊཀྐི?་ས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེག། འཛིན་བྱེད་མེ་ལྷ་ཉིད་རྣམ་པར་འདུད། །ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང ་སྲོང་མཆོག། འབྱུང་པོ་ལོངས་སུ་བསྐྱད་པའི་ཕྱིར། །ཐུགས་རྗེ་དབང་གིས་སྐུ?་སྤྲུལ་པ། །རིག་དགས?་གྲུབས་པའི་དྲང་སྲོང་ཚུལ། །ཉོན་མོངས་བསྲེག་པའི་ཤེས་རབ་འོད། །བསྐལ?་པའི་མི་བཞིན་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས? ་ཀྱིས་སྤྲུལ་པའི་ཐེག་པ་བཅིངས། །རིགས་སྔགས་གསུང་ཞིང་བགྲང་འཕྲེང་འཛིན། །བདུད་རྩི?་བཅུད?་ལྡན་གུ་?་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་?། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་?་ཐུགས ་རྗེ་ཆེ། །དབང?་བསྟོད་དེ་ཕྱག་ཀྱང་འཚལ། །དེ་ནས་ཡི་གེ་བརྒྱ་པ་བཟླ། །བསང་གཏོར་བྱ་སྟེ་མེ་ལྷ་ཡི། །ཐུགས་ཀར་རང་ལྷ་བསྐྱེད་བྱས་ལ། །སྤྱན་དྲངས?་མཆོད་བསྟོད་ལ་སོགས་བྱ། །དམིགས་མེད་མཁའ་ལྟར་དག་པས་ཁྱབ་པ་ཡི། །ཆོས་སྐུ་ནམ་མཁའ་ལྟ་བུར་དབྱེར ་མེད་བྱ་བ། །ཐབས་དང་ཤེས་རབ་གཟུགས་བརྙན་སྐུར་སྟོན་པ། །བཅོམ་ལྡན་འཁོར་བཅས་འདིར་ནི་གཤེགས་སུ་གསོལ། །མ་ལུས་སེམས་ཅན་ཀུན་གྱི་དོན་སླད་དུ། །བདུད་སྡེ་དཔུང་བཅས་མ་ལུས་འཇོམས་མཛད་ཅིང། །དངོས་རྣམས་མེ་ལུས་ཇི་བཞིན ་མཁྱེན་རྒྱུར?་པ། བཅོམ་ལྡན་འཁོར་བཅས་འདིར་ནི་གཤེགས་སུ་གསོལ། །ོཾ་ཨེ་ཧཡེ་ཧི་བྷ་ག་ཝཱནྣི་བྷ་ག་ཏཾ་ས་མ་ཡེན་ཙ་ཨརྒྷཾ་ཏཾ་སཾ་པྲ་ཏིཙྪ་པཱུ་ཛཱི?་ཙརྱ་པྲ་སི་དམ?། མཆོད་ཡོན་ཕུལ་ཏེ་དགུག་སོགས་བྱ། །བྱིན་བརླབས་དབང་བསྐུར་ལེགས་རྫོགས་ནས། །མཆོད ་དང་གཏོར་མ་ཉེར་སྤྱོད་སོགས། སྔར་བཞིན་ཕུལ་ནས་ཡེ་ཤེས་མེ། །མཉེས་བྱས་འདོད་པའི་དོན་བླངས་ཏེ། །ཡི་གེ་བརྒྱ་པས་གཤེགས་སུ་གསོལ། །ལྷག་པའི་རྫས་ཀྱིས་དགང་བླུགས་ཀྱིས། །མེ་ལྷ་མཆོད་དེ་གཤེགས་སུ་གསོལ། །བདག་གི་དོན་དང་གཞོན་གྱི་དོན། །བྱི་ནང?་ཁྱོད་ཀྱིས ་བསྒྲུབས་ཀྱིས་གཤེགས། །ཇི་བཞིན་དུས་སུ་སླར་གཤེགས་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་བསྒྲུབས། །ོཾ་ཀྲིཏྭཱ་ཝ་སརྦ་སཏྭ་རྠ?་སིདྡྷིར་དཏྟ་ཡ་ཐཱ་ནུ་གཱ་གཙྪ་ཏྭ་བུདྡྷ་བི་ཥ་ཡ་བུ་ན་ར་མ་ནྱ་མུ(རྒྱུད་འགྲེལ་གྲུབ་སྟེར། །གསང་སྔགས་ལྷག་ཆད་གང་ཡིན་པ། །ཐམས་ཅད་སྦྱིན་སྲེག་དག་གིས་སྐོངས། །དེ་ཕྱིར་རྡོ་རྗེ་མཁའ་འགྲོ་ཡིས། །སྦྱིན་སྲེག་རབ་ཏུ་བསྔགས་པར་མཛད། །འདིས་ནི་རྡོ་རྗེ་མཉེས་པར་འགྱུར། །ཡེ་ཤེས་མོ་ནི་རབ་ཏུ་དགྱེས། །རྒྱལ་བ་ཕན་པ་གཉིས་པ ་དང། །གསེར་གྱི་མངའ་བདག་མཉེས་པ་དང། །?་གར་དབང་མཉས་པ་དང། །ལྕགས་མཆོག་རྒྱལ་པོ་མཉེས་པ་དང། །ཚངས་པ་བརྒྱ་བྱིན་དབང་ཆེན་དང། །ཁྱབ་འཇུག་རླུང་དང་མཚན་དང། །ཐོབ་ལྡན་ཉིད་དང་འདོད་ལྷ་དང། །ཟླ་གཉི་མ་གདོན་གཞན་དང?། །ས་ནི ་ཞགས?་པས་འཛིན་པ་དང། །ལུས་ངན་དེ་བཞིན་མཚམས་སྐྱོང་དང། །ཆོས་རྒྱལ་དང་ནི་ཀླུ་དང་ནི། །དྲི་ཟ་ལྷ་མིན་མིའམ་ཅི། །སུམ་ཅུ་རྩ་གསུམ་གནས་པའི་ལྷ། །འོག་མན་དུ་ནི་གནས་པ་དང། །གང་ཞིག་རྒྱལ་ཆེན་གནས་པ་དང། །གཞན་འཕྲུལ་དབང་སྒྱུར་ཉིད ་དང་ནི། །འཕྲུལ་དགའ་ཡིན་ནི་ལྷ་རྣམས་དང། །གང་ཞིག་དག་པའི་གནས་སོན་དང། །འོད་ཟེར་འཇིག་རྟེན་ཁམས་གནས་དང། །མི་མཇེད་ཁམས་སུ་གནས་པ་དང། །གླིང་བཞིར་གནས་པའི་སེམས་ཅན་དང། །གང་ཞིག་ཁམས་གསུམ་གནས་པ་དང། །སྣོད་ལྡན ་སེམས་ཅན་འཇིག་རྟེན་དང། །ལྟུག?་མ་ཚོགས་དང་རྩཝ་སོགས་དང། །གང་དག་རབ་དགའ་ཨི་སར་གནས་དང། །ཕ་རོལ་དྲི་མེད་གང་ཕྱིར་དང། །འོད་ཟེར་ཅན་དུ་གནས་པ་དང། །མི་གཡོའི་གནས་སུ་བྱས་པ་དང། །གང་ཞིག་ཆོས་སྤྲིན་རྗེས་སོན་པ། །གང་ཞིག་སྦྱང་དཀར་སོང་བ ་དང། །གང་ཞིག་རིང་སོང་ཐོབ་པ་དང། །ཁོར་བྱེད་དུ་ནི་གནས་པས་ཏེ། །ས་བཅུའི་དབང་ཕྱུག་མགོན་པོ་དང། །འཕགས་པའི་གང་ཟག་བརྒྱད་པོ་དང། །རྫོགས་སངས་རྒྱས་དང་ཉན་ཐོས་ཉིད། །རྭ་ནི་རལ་གྲི་གཟུགས་ཅན་དང། །དམྱལ་བ་ཡི་དྭགས་བྱོལ ་སོང་དང། །ལྷ་དང་ལྷ་མིན་མི་རྣམས་ནི། །སྦྱིན་སྲེག་ཆོ་གས་དགྱེས་པ་ཉིད། །དཔལ་ཀྱེ་རྡོ་རྗེའི་བྱ་བའི་རིམ་པའི་ལམ་ལས། །སྦྱིན་སྲེག་གི་བྱ་བ་སྟེ་དགུ་པའོ།། །།སྔགས་ཚུལ་རིགས་པའི་རྣལ་འབྱོར་པས། །ཡིད་འོང་སྲོག་ཆགས་མེད་པའི ་གནས། །ལེགས་སྦྱང་དྲི་ཞིམ་ཆུས་བྱུགས་ནས། །དུས་དང་སྦྱར་ཏེ་རོ་ཧོཾ་བརྩམ། །བདུད་རྩི་འཁྱིལ་པ་བཟླས་པ་ཡིས། །དྲི་ཞིམ་ཆུ་ཡིས་དང་པོར་བཀྲུ། །དེ་ནས་རང་ལྷའི་རྣལ་འབྱོར་པས། །རྣམ་སྣང་མཛད་དུ་དེ་བསམས་ནས། །རྡོ་རྗེ་སྡོམ་པ་བྱིན་ནས་ཀྱང། །བུམ་པའི ་དབང་ནི་སྦྱིན་པར་བྱ། །མིག་ལ་སོགས་ལ་གཏི་མུག་སོགས། །རྡོ་རྗེ་གསུམ་ནི་གནས་གསུམ་དགོད། །རྡོ་རྗེ་ཐབ་ཁུང་རབ་སྦྱོར་བས། །སྦྱིན་སྲེག་རིམ་པས་སྦྱང་བར་བྱ། །ཉི་མ་དག་ནི་གསུམ་པ་ན། །རུས་པའི་ཕྲེང་བ་བསྡུ་བར་བྱ། །འོ་མ་དྲི་བཟང་བསང་གཏོར་ནས།། ་དེ་ཡི་མཆོད་རྟེན་ཡང་དག་བརྩམ། །དཔལ་ཀྱེ་རྡོ་རྗེའི་བྱ་བའི་རིམ་པའི་ལམ་ལས་རོ?་ཧོམ་གྱི་བྱས་སྟེ་བཅུ་བའོ།། །།བློ་དང་ལྡན་པའི་སྒྲུབ་པ་བོས། །རྣལ་འབྱོར་པེ?་མེའི་དཀྱིལ་འཁོར་ལ། །ཁྱད་པར་ཅན་གྱི་ལོངས་སྤྱོད་ཀྱིས། །ཚོགས་ཀྱི་འཁོར་ལོ ་རབ་ཏུ་བསྐོར། །བསོད་ནམས་འདོད་པའི་སྦྱིན་བདག་གིས། །དཀྱིལ་འཁོར་དྲི་དང་མེ་ཏོག་བཅས། །དྲི་ཡི་ཐིག་ལེའང་དབུལ་བར་བྱ། །ཕྱག་འཚལ་ནས་ནི་གསོལ་བ་གདབ། །དམ་ཚིག་གསོ་བ་འམ་གཞན་གྱིས་ཀྱང། །ཞི་བ་ལ་སོགས་རབ་ཏུ་བསྐུལ། །སྔ་བར ་དགེ་འདུན་ཆོས་སྟོན་བྱ། །བླ་མ་སངས་རྒྱས་ཡར?་མཉེས་བྱ། །བླ་མ་ལ་ནི་ཡོན་དབུལ་ཞིང། །དེ་ཡི་རྗེས་ལ་ཚོགས་ཀུན་ལའོ། །གནས་དེར་ཚོགས་པའི་རྣལ་འབྱོར་པས། །དབྱུག་སྔོན་ཅན་ལ་གསོལ་བཏབ་ནས། །སྐལ་ལྡན་སྐལ་མིན་ཤེས་འགྱུར་བས ་དང་པོར་ལུས་དང་ངག་གི་བརྡ། །ལུང་གི་འདིར་ནི་ཤེས་པར་བྱ། །གང་ཞིག་སྐུན?་དང་སྲིད་མོ་ཡང། །ཐེ་ཚོམ་མེད་པར་རྣམ་པར་ཤེས། །གང་གིས་སོར་མོ་གཅིག་སྟོན་པ། །འོངས་སམ་ཞེས་ནི་འདྲི་པ་ཡིན། །གཉིས་ནི་ལེགས་པར་འོངས་པ་ཡིན། །མཐེ་བོང་གཡོན་པ? ་བཅང་བ་ནི། །བདེ་བའི་ཕྱག་རྒྱར་ཤེས་པར་བྱ། །གང་ཞིག་མིང་མེད་སྟོན་པ་ལ། །དེ་ཡིས་མཐེ་ཆུང་སྦྱིན་བར་བྱ། །གང་ཞིག་དབུས་མ་སྟོན་པས། །དེ་ཡིས་མཛུབ་མོ་སྦྱིན་པར་བྱ། །གང་ཞིག་མིང་མེད་སྟོན་པ་ལ། །དེ་ལ་མགྲིན་པ་རབ་བསྟན་བྱ། །གང་ཞིག་གོས་ནི་སྟོན ་པ་ལ། །དེ་ལ་རྩེ་གསུམ་རབ་བསྟན་བྱ། །གང་ཞིག་ནུ་མ་སྟོན་པ་ལ། །དེ་ལ་མཚམས་ནི་རབ་བསྟན་བྱ། །གང་ཞིག་ས་ནི་སྟོན་པ་ལ། །དེ་ལ་འཁོར་ལོ་རབ་ཏུ་བསྟན། །གང་ཞིག་ཁྲོ་གཉེར་སྟོན་པ་ལ། །གཙུག་པུད་འགྲོལ་བར་མངོན་པར་བརྗོད། །གང་ཞིག ་དགྲལ་བ་སྟོན་པ་ལ། །དེ་ལ་རྒྱབ་ནི་རབ་བསྟན་བྱ། །གང་ཞིག་རྐང་མཐིལ་སྟོན་པ་ལ། །ཕོ་ལོང་རྩེ་བར་རོལ་པར་བྱེ། །ཕྱག་རྒྱ་སོ་སོའི་ཕྱག་རྒྱའོ། །དམ་ཚིག་ལ་ཡང་དབྱེ་པར་བྱ། །དེ་ཚེ་རྣལ་འབྱོར་མས་སྨྲས་པ། །ེ་མ་བུ་ནི་སྙིང་རྗེ་ཆེ། །གལ་ཏེ་ཕྲེང་བའི ་པག?་སྟོན་ན། །འདུ་བར་བྱ་ཞེས་བརྗོད་པ་ཡིན། །ཕྲེང་བས་མངོན་པར་གཤེགས་བྱས་ལ། །དམ་ཚིག་བརྟུལ?་ཞུགས་ཤིན་ཏུ་མནོས། །མ་ད་ན་ཆང་བ་ལ་ཤ། མ་ལ་ཡ་ཛ་དེ་བཞིན་དུ། །འགྲོ་བ་ཁེ་ཊ་རོ་ཤྲ་པ། །རུས་པའི་རྒྱན་ནི་ནི་རང་ཤུ། །?་ཁ་ན ་ཤོག་ཅེས?་རབ?་ཅན། །ཀྲི་པྲ་ཏི་ནི་ཅང?་ཏེའུ་འདོད། །དུ་དུ་ར་ནི་སྐལ་མེད་བརྗོད། །སྐལ་ལྡན་ཀ་རི་ལཾ་ཛ་རི་འདོད། །རེག་མིན?་དི་ན་ནི་མཾ་ཞེས་བྱ། །ཐོད་པ་པདྨ་པཉྫ་ནམ། །ཟ་ན་ནི་ཏྲི་པི་ཏྲི་ཀ་རཾ། །ཚོད་མ་མ་ལ་ཏི་དཾ་ནཾ། །བཤད་བ་ཙ་ཏུ་ར་ས་མཾ་བརྗོད། །ཀསྟུ་རི་ན?་གཅི་པར ་འདོད། །?་དང་འབྱུང་ཤེས་པར་བྱ། །ག་པཱུ?་ར?་དྲ?་ནི་ཁུ་པར་ཤེས། །ཤ་ཆེན་ཤ་ལི་ཛ་ཞེས་བརྗོད། །དབང་པོ་གཉིས་སྦྱོར་ཀུནདུ་རུ། །བོ་ལ་རྡོ་རྗེ་བཤད་པ་སྟེ། །ཀཀྐོ་ལ་ནི་པདྨར་ཤེས། །རིགས་ཀྱི་དབྱེ་བའི་དབྱེ་བ་ཡིས། །རིགས་ནི་རྣམ་པ་ལྔ་ཞེས་བཤད།། ་བརྡ་ཡི་སྐད་ནི་འདི་དག་ལ། །སངས་རྒྱས་ཞེས་བྱ་རིགས་ལྔ་ཡིན། །གཡུང་མོ་རྡོ་རྗེའི་རིགས་སུ་བཤད། །གར་མ་པདྨའི་རིགས་སུ་འདོད། །རིན་ཆེན་རིགས་ཉིད་རང?་འཚེད་མ?་སྐྱེ?་གཉིས་དེ་བཞིན་གཤེད་མར་ཤེས། ལས་ཀྱི་རིཌ?་ཉིད་དང་འཚེད་མ། །ཕྱག་རྒྱ་འདི་དག་དངོས ་གྲུབ་སྟེར། །དེ་ཡི་ཁུ་བ་རྡོ་རྗེ་ཡིན། །མཆོད་བྱས་བརྟུལ་ཞུགས་ཅན་གྱིས་བཏུང། །རྡོ་རྗེ་སྙིང་པོ་སེམས་དཔའ་ཆེ། །ཁྱོད་ལ་ང་ཡི་བཤད་པ་གང། །རྨད་དུ་བྱུང་བ་བརྡ་ཡི་ཚིག། དེ་དག་ཐམས་ཅད་དད་པས་གཟུང། །ཀྱེ་རྡོ་རྗེ་ལས་དབང་བསྐུར་གང། །བརྡ་ཡི་སྐད ་ནི་མི་སྨྲ་ན། །དེ་ཡི་དམ་ཚིག་ཉམས་པར་ནི། །འགྱུར་བ་བདེ?་ལ་ཐེ་ཚོམ་མེད། །ཡམས་དང་འཚེ་བ་རྐུན་མ་དང། །གདོན་དང་རིམས་དང་དུག་རྣམས་དང། །བརྡ་ཡི་སྐད་ནི་མི་སྨྲ་ནི། །གལ་ཏེ་སངས་རྒྱས་ཡིན་ཡང་འཆི། །རང་གི་དམ་ཚིག་ཤེས་རྙེད་ལ། །གལ་ཏེ ་ཚིག་འདི་མི་སྣརན?། །དེ་ལ་གནས་བཞིར་སྐྱེས་པ་ཡི། །རྣལ་འབྱོར་མ་ནི་ཁྲོ་བར་བྱེད། །སྒྲུབ་དུས་བཀྲ་ཤིས་དགའ་སྟོན་དང། །དམ་ཚིག་གསོ་བའི་ཚིག་སོགས། །ཡི་དགས་ཟླ་ཕྱེད་བཅུ་བཞི་དང། །ཆོས་བརྒྱད་ཀྱི་ནི་དུས་དག་ལ། །དུར་ཁྲོད་རི་ཡི་བྱ་སྐྱིབ་དང། །དེ་བཞིན་མི་མ ་ཡིན་གྱི་གནས། །ཡང་ན་དབེན་པ་འམ་རྒྱ་མཚོའི་མཐར། །སྟོན་མོ་འདི་དག་བརྩམ་པར་བྱ། །དེར་ནི་རྟག་ཏུ་བརྟག་པར་བྱ། །དུང་ཆེན་དགུ་དང་རོ་ཡི་གཟུགས། ཡང་ན་སྟག་གི་པགས་པ་དང། །དེ་བཞིན་དུར་ཁྲོད་རས་དབུས་སུ། །རང་གི་ལྷག་པའི་ལྷ་དམིགས་ནས། ་བཟང་པོ་བརྒྱན་གྱིས་རྣམ་པར་བརྒྱན། །ཐམས་ཅད་འབྱོར་པའམ་དམིགས་ནས་ནི། །བེམས་པོའི་གནས་སུ་སྲེག་བླུགས་བྱ། །ཤར་ལྷོ་བྱང་དང་ངག་ཕྱོགས་སུ། །ཕྱོགས་གནས་རྣམས་ནི་དགའ་བར་བྱེ། །ཕྱོགས་བྲལ་རྣམས་སུ་ལྷ་མོ་རྣམས། །དམ་པའི་ཚེ་ཡི ་མཆོད་པར་བྱ། །ལྕགས་ཀྱུ་ལྔ་དང་བདུད་རྩི་ལྔ། །རྒྱལ་མཚན་མཚོན་བསྣུན་བདུན་འཁོར་དང། །རྒྱལ་པོ་ཤ་ལི་ལ་སོགས་རྫས། །ཇི་བཞིན་བྱིན་རླབས་རིམ་པ་ནི། །ཕྱི་ནང་གསང་བའི་མཆོད་པ་ཡིས། །མཁའ་འགྲོའི་ཚོགས?་བཅས་མཆོད་པར་བྱས། །དེར་ནི ་ཆ་དང་སྲིད་མོ་དང། །སྲིད་མོའི་བུ་མོ་སྒྱོག?་མོ་སྟེ། །དེ་ནས་རྒྱས་པར་མཆོད་བྱས་ནས། །ཚོགས་ཀྱི་འཁོར་ལོ་འགྲུབ་པར་འགྱུར། །ཐོད་པ་ཆེན་པོ་ཆ་གཅིག་པ། །ཆང་ནི་བཟང་པོས་བཀང་བྱས་ཏེ། །བླ་མ་ལ་དབུས་སྐལ་ལྡན་མ། །ཕྱག་བཙལ་ནས་ནི་བདག་བཏུང་བྱ། །པདྨ?་ལག ་པས་བླང་བར་བྱ?། །ལག་པ་དེ་ཉིད་ཀྱིས་དབུལ། །ནས་ནི་སྒྲུབ་པ་པོ་ཡི་ཕྱག། །ཡང་དང་ཡང་དུ་བྱ་བའོ། །ཀླུ་གར་དངོས་གྲུབ་རྒྱུར་གསུངས་པས། །དེ་དག་གིས་ཀྱང་མཆོད་པར་བྱ། །ཀཀྐོ་ལར་གནས་པོ་ལ་སྟེ། །མུམམུ་ནི་ཀྱེ་ཀཀྐོ་ལ། །ཀྱེ་ཁྱོད་ཀྲི་པི་ཏ་བཟུང?་བ། །སྙིང་རྗེ་?་ཆེ? ་མི་བྱེད་དོ?། །དེར་ནི་བ་ལ་བཟའ་བར་བྱ། །བསྡམས་པས་ནད་ནང?་ཆུང?་ངོ། །ཀྱེ་ཀ་ལི་ཛ་ནི་གཞུག་པར་བྱ། །དུ་དུ་ར་ནི་སྤང་བར་བྱ། །ཙ་ཨུ་ས་མ་ཀ་ཐུ་རི། །ག་པུར་སིཧལས་བྱུག་པར་བྱ། །ཤཱ་ལི་མ་ལ་ཏི་དཾ་ནཾ། །དེར་ནི་རྐང་པ?་བཟའ་བར་བྱ། །ཕྲེང་བ་ཁན?་དང?་ཁ?་ཏ་བྱེད།། ་ངག་དང་མ་དག་མི་བཏའོ། །ནི་རཾ་སུ་ཡིས་ཡན་ལག་བརྒྱན། །དེར་ནི?་ཤྲ?་པ་རྣམ་པར་གཞུགས། །མ་ལ་ཛི་ནི་ཀུནདུ?་རུ། །དིཾ?་དཾ་མཾ་ནི་དེར་མི་སྤངས། །ཧེ་རུ་ཀ་ཡི་གཟུགས་ཀྱིས་གར། །དྲན་པ་མ་ཡེངས་རྣལ་འབྱོར་བྱའོ། །བསྒོམ་པ་ཞེན་པའི་སེམས་ཀྱིས་བྱ། །ཆགས ་དང་ལྡན་ཞིང་གོམས་པའི་སེམས། །རྡོ་རྗེ་ཆོས་དང་སངས་རྒྱས་ཏེ། །རྣལ་འབྱོར་མའི་མ་མ་ཡིས། །གླུ་དང་གར་ནི་འདི་དག་སྟེ། །མཆོག་ཏུ་གླུ་བླང་གར་བྱའོ། །འདི་ཉིད་ཀྱིས་ནི་འཁོར་བསྲུང་ཞིང། །དེ་བཞིན་བདག་ཀྱང་བསྲུང་བ་སྟེ། །འདི་ཡིས་འཇིག་རྟེན་དབང་དུ་བྱེད། ་འདི་ཉིད་སྔགས་ཀྱི་བཟླས་པ་སྟེ། །གང་དུ་དང་པས་གླུ་བླང་དང། །གང་དུ་དད་པས་གར་བྱ་བ། །ཚོགས་ཀྱི་བདག་པོས་སྔོན་བྱས་ཏེ། །དེ་ལ་དྲི་ནི་རྟག་པར་བྱ། །དང་པོར་སྒོག?་པ་ལ་སོགས་དྲི། །དེ་ནས་ཡང་ནི་བྱ་རྒོད་དྲི། །དེ་རྗེས་ག་བུར་མ་ལ་ཛ། །གླུ་ཡི་བྱིན་རླབས?་མཚན་? ་དང་པའི་སྐད་དང་བུར་བའི་སྐད། །ཀླུ་ཡི་རྗེས་སུ་ཐོས་འགྱུར་ཏེ། །ལྕེ་སྦྱང་གིས་ནི་སྐད་དག་དང། །ཕྱི་རོལ་ཚད་དུ་བརྟག་པར་བྱ། །སྒྲུབ་པ་པོ་དང་རྣལ་འབྱོར་མས། །ཚོགས་ཀྱི་འཁོར་ལོའི་སྟོན་མོ་ནི། །གང་དུ་ཟོས་ན་དངོས་གྲུབ་ནི། །འདོད་པ་ཐམས་ཅད་འགྲུབ་བྱེད་པའོ། །? ་གླུ་གར་བཀྲ་ཤིས་དང། །སྨོན་ལམ་ཆོག་ཀུན་རྫོགས་ནས། །ཡན་ལག་རྒྱན་རྣམས་ཀྱིས་བརྒྱན་ཏེ། །རྡོ་རྗེ་དྲིལ་བུ་བླངས་ནས་ནི། །བདག་ཉིད་རྣལ་འབྱོར་ལེགས་ལྡན་པས། །ཕུང?་དང་ལྷག་མ་ཀུན་བསྲེས་ལ། །ལམ་གྱི་བཞི་མདོར་གཏོར་མ་བཏང། །དེ ་རྗེས་སྨྱོར་ལྡན་བདེ་བར་གནས། །དཔལ་ཀྱེ་རྡོ་རྗེའི་བྱ་བའི་རིམ་པའི་ལམ?་ལས། །ཚོགས་ཀྱི་མཆོད་པའི་བྱ་བ་སྟེ་བཅུ་གཅིག་པའོ།། །།མཁས?་པས?་གནས་དང་དུས་ཀུན་ཏུ། །འདོད་པའི་དོན་ཀུན་སྒྲུབ་བྱེད་དང། བགེགས་ནི་ཟད་ཅིང་ཞེ་བྱའི་ཕྱིར། །བླུང? ་མཐོད་པ་ལ་གནས་པ། །ལྕགས་ཀྱུ་ལྔ་དང་བདུད་རྩེ་ལྔ། །འབར་དང་སྤྲོད་པ་ལ་སོགས་སྒྲུབས། །དེ་ནས་ཕྱོགས་གནས་རྣམས་དང་ནི། །འབྱུང་བོ་ཆེ་ལ་གཏོར་མ་སྦྱིན། །གཡས་པས་རྡོ་རྗེ་གསོར་བྱ་ཞིང། །གཡོན་པའི་དྲིལ་བུ་དཀྲོལ་བྱ་ཞིང། །ཕྱག་རྒྱ་སྒྱུར་པའི་རིག་པས ་བསྐྲོད། །ལྟ་སྟངས་དག་ནི་དགྲ་བགེགས་སྐྲོད། །སྔགས་དང་བཅས་པའི་སྟངས་སྟབས་ཀྱིས། །ཤར་གྱི་གནས་ནི་མནན་པར་བྱ། །རིམ་པ་འདི་ཉིད་ཀྱིས་ནི་གཞན་སྒོ་གནས་དག་གིས་བྱེད་ནི་མནན། །ལག་པ་གཡས་དང་གཡོན་དག་གིས་རོལ་དང་གཅས་པས་མཛའ་ ་སོགས་སྤྲོ། །ཅུང་ཟད་སྤྱོད་པའི་སྡིགས་མིག་དང། །བཅས་པས་སྨིན་མ་རྣམ་པར་བསྐྱོད། །འགྲོ་བ་དབང་དུ་བྱེད་པའི་རྒྱ། །གཡས་བརྐྱང་བ་དང་གཡོན་བརྐྱང་བ། །གཡས་བསྐུམ་པ་དང་གཡོན་བསྐུམ་པའོ། །སློབ་དཔོན་གཙོ་བོ་རྡོར་འཆང་གིས། །སྦྱོར་བ་ཅན་སྔཌ ་ཕྱག་རྒྱ་སྡེ། །དུས་སྟབས་གཙོ་བོ་ནད?་སྟབས?་དང། །བསྐོར་བའི་སྟབས?་དང་བཟློག་པའི་སྟབས། །ོཾ་ཧཱུཾ་ཕཊ། ཤར་སྒོའི་འོ། །བུས་རེག་སྟབས་དང་གཡོན་འདེགས?་སྟབས། །བསྐོར་སྟབས་སེང་གེའི་མཆོངས་སྟབས་སོ། །ོཾ་ཧཱུཾ་ཨཱ(རྒྱུད་འགྲེལ་བརྐྱང་བ་དང་གཡོན་བརྐང་དང། །ག?་ཟླུམ་པོའི་སྟབས་སྟབས་སོ། །ེ?་ཧཱུཾ་ཨཾ?། ཨཾ?་ཨེ་ཕཊ?། ནུབ་སྒོ་ཡིའོ། །མཐུན་པའི་སྟབས་དང་མི་མཐུན་སྟབས། །གཅིག་བསྡུས་གཡོན་བརྐྱང་རྐང་སྟབས་མཆོག་ཨོཾ་ཧ་ན་མཱ་ར་ཏུཥྚཾ?་གྷཱ་ཏ་ཡ། །ཱ:ཧཱུཾ་ཧཱི?:ཧཱུཾ་ཕཊ། བྱང ་?་སྒོ་ཡིའོ། །དྲི་ཡི་དཀྱིལ་འཁོར་གྲུ་བཞི་པ། །མེ་ཏོག་དཀར་སོགས་མཆོད་བྱས་ཏེ། །དྲི་དང་འབྲས་ཆན་ཁར་ཞོ། །སྦྲང་རྩི་མར་ལྡན་ཤར་སྒོར་སྦྱིན། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །རྒྱབ་དང་རྒྱབ་དུ་སྦྱར་བྱས་ཏེ། །མཐེ་ཆུང་ལུ་གུ་རྒྱུད?་བཅིངས་ནས། །ཞགས་པའི་ཚུལ ་སྦྱར་མཛུབ་གཉིས་སྦྲེལ། །འདོད་པའི་རྒྱལ་པོའི་ཕྱག་རྒྱ་འདི། །ལྷ་རྣམས་དགུག?་པར་བྱེད་པའོ། །ོཾ་པ་ཊ་ལི་མཧཱ་བ་ཏ་ལི་ཧཱུཾ་ཧཱུཾ་ཧཱུཾ་ཛ:སྭཱཧཱ། །ོཾ་ཨཱ་རྒྱུ་བ་དང་ནི་རྒྱུ་ཆེན་མོ། །ཉིན་དང་?་དངོས་གྲུབ་བཞིན། །རྟ་རྒྱལ་མོ་དང་ཟླ་རྒྱལ་མོ། །ལྷ་མོ་དབུ་མ་གང་གཱ་དང། །འདོད་པའི ་རྒྱལ་པོའི་ཕྱག་རྒྱ་འདི། །ལྷ་རྣམས་དགུག་བར་བྱེད་པའོ། །གཟུགས་མཛེས་སྐར་མ་འདུས་པ་དང། །གཟའ་ཚོགས་ཀུན་དང་ཆོགས?་ཀྱི་གཙོ། །ཀར་ཏ་ཀ་དང་དཔལ་ལྡན་མོ། །ལྷ་མོ་རི་པོ་ཅན་འཛིན་མ། ། ཀ་ལ་དང་ཨུ་པ་གལ?། །ལྷ་མིན་ལྷ་ཡི་རྒྱལ་པོ་རྣམས། །སྦོས?་མོ་དང་ནི ་སྤོས་ཆེན་མོ། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཧཱུཾ་ཧེ་ཧོ(རྒྱུད་འགྲེལ་སྔགས་འདིས་གཏང། །ོཾ་བྷཀྵ་བྷཀྵ་ས་མ་ཡ་ཏིཥྛ་ཛྲུཾ་ཧཱུཾ་ཕཊ་སྭཱཧཱ། །དེ་དག་ནི་ལྷའི་གཏོར་མའི་ཆོ་གའོ། །ནུབ་ཏུ་དྲི་ཡི་དཀྱིལ་འཁོར་ལ། །མེ་ཏོག་སེར་དང་དཀར་པོས་མཆོད། །འོ་མ་ཁྲག་བསྲེས་མངར་གསུམ་དང། །འོ་མས་བཀང་བའི་གསེར་སྣོད་དབུལ། །འདོད་པའི ་རྒྱལ་པོའི་ཕྱག་རྒྱ་དང། །སྔགས་འདི་ཡིས་ནི་དགུག་པར་བྱ། །ོཾ་བ་ཏ་ལི་མཧཱ་བ་ཏ?་ལི་ཧཱུཾ་ཧཱུཾ་ཧཱུཾ་ཛ(རྒྱུད་འགྲེལ་དཀྱིལ་གཙུག་བེ?་ཅོན?་དང། །བེ་ཅོན?་ཆེན་པོ་ཅུར་ལེན་དང། །དགའ་བོ་དང་ནི་ཉེར་དགའ་བོ། །རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང། །ཚ་བ་ཚ་བ་ཆེན་པོ་དང། །དཔལ་གྱི་འོད་དང་འོད་ཆེན་པོ། །རྗེས་སུ་འོད་དང་མཛེས་པ་དང། །མཛེས་ཆེན་པོ་དང་སྦྲལ་བཟངས་དང། །སྟོབས་པོ་ཆེ་དང་ཚི ་ལི་དང། །ཚི་ལི་ཆེན་པོ་པ་རྣམས་དག། མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ོཾ་ཨཱ་གཙྪ་པ་མཱ་གཙྪ་ཡ་མ་ཧཱ་ནཱ་གཱ་དྷི་པ་ཏི་སརྦ་སྟུརྒཱ?་ཕྲུཾ་ཕུ་སྭཱཧཱ། །རྡོ་རྗེ་ལྕགས་ཀྱུ་དམ་བཅིངས་ཏེ། །མཐེ་བོང?་མཐེ?་ཆུང་བསྒྲེང་བར་བྱ། ལག་པ ་གཡས་ནི་བར་ཕྱེ་སྟེ། །སྤྲུལ་གྱི་བདུགས་ཀྱི་ཚུལ་དུ་སྦྱར། །ོཾ་བྷ་ཀྵ་ཡ་བྷ་ཀྵ?་ཡ་ས་མ་ཡ་ཏིཥྛ་ཛྲུཾ་ཧཱུཾ་ཕཊ་སྭཱཧཱ། །ཀླུ་རྣམས་དགའ་བྱེད་སྔགས་ཕྱག་རྒྱ། །སེ་གོལ་གསུམ་གཏོགས་གཏོར་བར་བྱ། དེ་དག་ནི་ཀླུའི་རྣམ་གཏོང་མི་ཆོ་གའོ། །བྱང་དུ་དཀྱིལ་འཁོར་གླུ་གསུཾ? ་ཙན་དན་དམར་པོ་ལ་སོཌ་བྱ། །མེ་ཏོག་དམར་སོགས་ཉེ་བར་བརྒྱན། །?་འདྲི་འབྲས་ཆན་སྦྲང་རྩི་ཞོ། །བདུད་རྩི་ལྔ་ལྡན་སྣོད་བདུན་བཞག། གདོང་རྒྱལ་ཕྱག་རྒྱ་སྔགས་འདིས་དགུག། ཨོཾ་ནོར་བུ་བཟང་དང་གང?་བ་བཟང། །བདེ་བ་བཟང་དང་རྒྱལ་བ་བཟང། །དགའ་བའི་ཕུར་བུ་ཕུར་བུ་ཆོ?། །དུའི? ་བུ་བཟང་དང་པདྨའི་གཙུག་།དུང་གི་གཙུག་བུད་གང་དང་ནི། །ཡར་བྱེད་དང་ནི་འབིགས་བྱེད་མ། །གཅོད་བྱེད་མ་དང་རྫོགས་བྱེད་མ། །ནོར་དང་ནོར་ཀུན་ནོར་བཟང་མོ། །འཁྲུགས་བཟང་རོལ་དང་རོལ་ཆེན་མོ། །བཞད་དང་རྩེ་དང་རྣམ་པར་བསྐྱོད། །དཔལ་བཟང་དང་ནི་གཟུགS ་མཛེས་མ། །རྡོ་རྗེ་དབང་ཕྱུག་བཀའ་འདི་ཡིས། །ོཾ་མ་ཎི་བྷ་དྲཱ་ཡ་སྭཱཧཱ། །ོཾ་བུརྞ་བྷ་དྲཱ?་ཡ་སྭཱཧཱ། ཨོཾ་ད་ན་བྷ་དྲཱ་ཡ་སྭཱཧཱ། ཨོཾ་བེ་ཤྲ་མ་ཎཱ་ཡ་སྭཱཧཱ། ཨོཾ་མུཾ་ཀེ་ཏ་ཡེ་སྭཱཧཱ། ཨོཾ་ཙ་ལེནྡྲ་ཡེ་སྭཱཧཱ། །ནོར ་བུ་བཟང་དང་གང་བ་བཟབ། །ནོར་སྦྱིན་བདག་དང་རྣམ་ཐོས་སྲས། །རྒྱལ་བ་བཟང་པོ་རོལ་མོའི་ཕྲེང། །བཞིན་གྱི་དབང་པོ་འགྲོ་བའི་དབང། །དེ་དག་ལ་སོགས་འཁོར་དང་བཅས། །གཏོར་མ་སྦྱིན་པའི་གནས་འདིར་གཤེགས། །གནོད་སྦྱིན་མོ་གནོད་སྦྱིན་མོ་སྤྱན ་འདྲང?། །ཧཱུཾ་ཧེ་ཧོ་ཨཱ་ཀརཥ?་ཡ་ཨཱ་ཀརཥ་ཡ་ས་མ་ཡ་ཏི་མེ?་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། །རྡོ་རྗེ་བཅིངས་བསྐོར་སྙིང་གར་བཞག་།སྔགས་འདིས་མཉེས་བར་བྱས་ལ་བཏང། །ོཾ་ད་ན་ཏི་བ་ཏི་བ་ཏི་ལི་སྭཱཧཱ། །དེ་ལ་གནོད་སྦྱིན་གཏོར་མའི་ཆོ་གའོ། །རྡོ་རྗེ་སྟོབས་ཀྱི་ལྷོར་གནས ་ཏེ། །ཙན?་དན་དམར་པོ་ལ་སོགས་པས། །ཕྱི་རོལ་དཀྱིལ་འཁོར་གྲུ་གསུམ་བྱ། །དེར་ནི་མེ་ཏོག་དམར་པོ་དགྲམ། །ཉ?་སྐམ་དང་ནི་ཤ་སྐམ་དང། །སྒོག་པའི་བི་ཁུ་ཁག་གི་སྣོད། །ཏིལ་གྱི་ཚྭ?་མིག་ཁུ་བ་རྣམས། །ཁྱད་པར་དུ་ནི་བདུད་རྩི་ལྔ། །རྣམ་པ་སྣ་ཚོགས་བཟའ་བ་དང། །སྲན ་མ་ལྔ་དང་སྲན་ཆན་གྱི། །གང་བའི་སྣོད་ནི་མདུན་དུ་བཞག་།འདོད་རྒྱལ་ཕྱག་རྒྱ་སྔགས་འདིས་དགུག་།ོཾ་བ་ཏ་ལི་མ་ཧཱ་བ་ཏ་ལི། ཧཱུཾ་ཧཱུཾ་ཧཱུཾ་ཛ:སྭཱཧཱ། །ོཾ་ཤིང་གཅིག་དང་ནི་དུར་ཁྲོད་དང། །རི་དང་བྲག་དང་ཕུག་གིས། །ཡུལ་གྱི་འདབ་དར?་ལམ་དང་ཞིང། །ཁྱད་པར་དུ་ནི་ཁྱིམ ་སྟོང་དང། སྣོད་དང་ཐང་དང་ས་སྟེང་དང། །ཁྱད་པར་གདོལ་པའི་ཁྱིམ་གནས་པ། །ནག་པོ་དྲག་པོ་དྲག་ཆེན་པོ། །ལྟས་བྱིན་མཉམ་དུ་བསྟན་པ་དང། །ནག་པོ་འཇིགས་བྱེད་འཇིགས་ཆེན་པོ། །དགའ་བ་ལས་འདས་བགེགས་རྒྱལ་པོ། །རྒན་བྱེད་མ་དང་དྲག་མོ་དང། །འཇིགས་བྱེད་མ ་དང་དབུ་མར་བསྟོད། །རྒྱལ་མོ་རྣམ་པར་རྒྱལ་མོ་དང། །ཐུབ་མེད་གཞན་གྱི་མི་ཐུབ་མ། །ནག་མོ་བཟང་མོ་ནག་ཆེན་མོ། །ནག་སྦོས་མ་དང་རྣལ་འབྱོར་མ། །དབང་པོ་དང་ནི་ཟླ་བ་མོ། །དྲག་མོ་སྡང་བ་ལཾ་བ་ཀིཥ་བྲོག?་བྱེད་མ་དང་མར་མེ་མ?། །འཇིཌ་བྱེད་ཡུལ་གནས་རྣལ་འབྱོར་མ། །དྲག?་མོའི་གཟུཌ་ཆེན ་མ་དང་ནི། །མཆེ་བ་གཙིགས་པ་ཐོད་ཆེན་མ། །ཉེད?་ཕྲེད་མ་དང་ཁ་ཊཝཱཾ་མ། །སྤྲུལ་ཆེན་རལ་གྲི་དགྲ་སྟ་ཅན། །རྡོ་རྗེ་དེ་བཞིན་གཞུ་ལག་དང། །ལྷ་ཡི་དབང་ཕྱུག་མ་རྣམས་དང། །མཁའ་འགྲོ་ལྔ་ཡི་དེ་ཉིད་དང། །ལས་ཀུན་རྗེས་སྒྲུབ་བྱེད་པ་ཡི། །སྦྱོར་བའི་དཀྱིལ་འཁོར ་རྒྱལ་ཆེན་མོ། །དེ་བཞིན་རྡོ་རྗེ་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་མོ། །རྡུལ་མེད་སྦྱོར་བ་སྐྱེ་མེད་མ། །རྡོ་རྗེ་དབང་ཕྱུག་མ་བཀའ་ཡིས། །ཐམས་ཅད་ཐམས་ཅད་འོང་བར་བྱོས། །ོཾ་ཀཀྐ་དྷ་ན་བབབནདྷ་ན། ཁཁྑཱ?་ད་ན་སརྦ་དུཥྚ་མ། ཧ་ན་ཧ་ན་གྷཱ་ཏ་ཡ ་ཆེ་གེ་མོ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཛ(རྒྱུད་འགྲེལ་མའི་ཆོ་གའོ?། །འབྱུང་བོ་ཆེན་པོའི་གཏོར་མ་ནི། །ལུང་གི་ནམ་མཁར་བཤད་པར། །ནམ་པའི་ཁམས་ཀྱི་ནང་གནས་པ། པདྨ་འདབ་བརྒྱད་བསྒོམ་པར་བྱ། །ཤར་གྱི་འོད?་དམར?་བརྒྱ་བྱིན་བསམ། །ལྷོར་ནི་མཐར་བྱེད་དགོད་པར་བྱ། །ཆུ་བདག་ནུབ་ཀྱི་འདབ་མར ་?། དེ་བཞིན་བྱང་དུ་ནོད་སྦྱིན་དགོད། །མེ་ཡི་མཚམས་ལ་མཚོན་པོ། །བདེན་བྲལ་དུ་ནི་སྲིན་པོའོ། །ནུབ་བྱུང་མཚན་?་སུ་རླུང?་ལྷ་སྟེ། །དབང་ལྡན་མཚམས་སུ་འབྱུང་པོའི་བདག། ཟླ་བ་ཉི་མཚངས་ལ་སོགས། །དམ་པ་ཚངས་རིས་རྣམས་དང་ནི། །ཚམས?་པ་མདུན ་ན་འདོན་པ་དང། །དཔལ?་ལྡན་དང་ནི་མཚམ?་དང། །ཡང་དག་པར་བྱུང་རྒྱལ་བ་དང། །གཞན་འབྲུལ་དབང་ནི་བྱེད་པ་དང། །འཕྲུལ་དགའ་ཡི་ནི་ལྷ་རྣམས་དང། །གཙང་མའི་གནས་ས་གནས་པ་དང། །བདེ་ཆེན་མང་དག་གནས་པ་དང། །མི་ཆུང་བར་ནི་གནས་པ་དང། །འོད ་ཟེར་ཅན་གྱི་འཇིག་རྟེན་གནས། །སུམ་ཅུ་རྩ་གསུམ་གནས་པ་རྣམས། །དེ་དག་ཐམས་ཅད་སྟེང་དུ་?་ཆོས་ཀྱི་འབྱུང་གནས་ནང་གནས་པ། སྟོབས་ཀྱི་རྒྱུ་དན་དུང་སྐྱོད་དང། །མཛའ་ཡེས་རྒོར?་རྒྱས་དེ་བཞིན་ཏེ། །འཇོག་པོ་དན་ནི་རིགས་ལྡན་དང། །བདེ་ཆེན་ཤིན་ཏུ ་པདྨ་དང། །ལྷ་མིན་སེམས?་ཅན་དམྱལ་བ?་རྣམས། །ཆོས?་འབྱུང་རྨད་དུ་བསམ་པར་བྱ། །ཡི་གེ་ཨོཾ་ལས་ཚངས་ལ་སོགས། །བརྒྱ་བྱིན་ལ?་སོགས་ཧཱུཾ་ཡིག་ལས?། །སྟབས་ཀྱིས་སོགས་ཨ་ཡིག་སྟེ། །ཕྱག་གཉིས་ཞབ་ནི་གཅིག་པའོ། །སྟེང་གི་ལྷ་རྣམས་དཀར་པོ་སྟེ།། ་དབང་པོར?་སོགས་ནག་པོའི?་མདོག?། སྟོབས?་ཀྱི་རྒྱུ?་སོགས་དམར་པོ་ཆེ། །རང་མདོག་རེག?་མས་ཡན་ལག་འབྱུང?། །ལག་ན་རྡོ་རྗེ་དྲིལ་བུ་བཅས། སྟན་ལ་གཡས་བརྐྱང་ཡང་དག་གནས། །ཚངས་སོགས་རྟག་པའི་ཕྱག་རྒྱས་གདབ། །?་བྱིན་ལ་སོགས ་རྡོ་རྗེ་ཡིས། །གར་དབང་གིས་ནི་སྟོབས་རྒྱུ་སོགས། །ཐམས་ཅད་རིག་གསུམ་ལས་སྐྱེས་པ། །གཽ?་ནཱི?་ཥི?་ནི?་དགུག་བྱས་ལ། །ཆོམས?་རྐུན་མས་ནི་ཞགས་པས་བཅིངས། །རོ་ལངས་མས་ནི་ལྕགས་སྒྲོག་སྡོམ། །ཟ་ཁོང་མས་ན་དྲིལ་བུའི་དབང། །དེ་ནས ་མཆོད་ཡོན་ཞབས་བསིལ་སྦྱིན། །ཆོགས་གཏོར་མ་སྒྲུབ་པར་བྱ། །རླུང་དང་མེ་ཡིས་དཀྱིལ་འཁོར་ལ། ། ལས་བྱུང་བའི་བད་རྩོད་བསམ། །འབར་བ་དང་ནི་ཁྲོས་བ་ཡིས། །བདུད་རྩི་ལྔ་ནི་བསྒྲུབ་པར་བྱ། །ཆ་མི་རང་བཞིན་འདི་བསྒོམས་ནས། །ོཾ་གྱིས་བྱིན་གྱིས་བརླབས་ལ ་གཏང། །ོཾ་ཨནདེ་ཛ་མ་ཛ་ལ་ཛཀྵ་བྷ་ཏ་ཧ་བ་ཧཱི། པ་ཨུ་ར?། ཙནད་སུཛཛི་མཱ་ད་བབབ་ཏ་པཱ་ཧ་ལ་ཨི་དཾ་བ་ལིཾ་བྷུ་ཛ་ཛགྷི་ཕུ་?་དྷུ་པ་མཱཾ་ས་བཱིཾ་གྷ་ཨ་?་ཛཛ་སཱ་བྷ་ཁཎྜི་ཁུ་ཎི་ཕཊ་གཱ་ད་ཨོཾ་ཨཀཱ་ར་གུཾ་ཁ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནད?་ཊ་ཨོཾ་ཨཱ(རྒྱུད་འགྲེལ་འདོད་བའི་དོན་ཀུན་སྒོ་ནས་ཀྱང། །དེ་ནས་དབྱེས་བྱས་གཤེགས་པ་སལ་བ། །ཡི་གེ་བརྒྱ་བ་བྱ་བ་སྟེ། །ོཾ་བཛྲ་སདྭས་མ་ཡ། །མ་ནུ་པ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་བ་ཏིཥྛ། དྲི་ཌཧོ་མེ་དྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། ?་ཡ་མེ་ཨ་ཏིཥྛ?། སརྦ་སིདྡྷི ་?་མམེ་པྲ་ཡཙྪ?། སརྦ་ཀརྨ་སུ་ཙ་མེ་ཙ་ཏ་ཏཾ་ཤེ་ཡ(རྒྱུད་འགྲེལ་རྒྱས་དབང་སོགས?་ལས་རྣམས་འགྲུབ། །དཔལ་ཀྱི་རྡོ་རྗེའི?་བྱ་བའི་རིམ་པའི་ལམ་ལས། གཏོར་མའི་བྱ་བ་སྟེ་བཅུ་གཉིས་པའོ།། །།མཁས་བས་གོང་དུ་གསུངས་པ་ཡི། །གཏོར་མ་ལ་སོགས་དུས་དག་ཏུ། །ཕྱི་ནང་གསང་བའི་མཆོད་པ་ཡི། །རྒྱལ་བ ་འཁོར?་དང?་རྔ?་མཆེད་པར་བྱ། །མེ་ཏོག་སྤོས་དང་མར?་མེ་དང། །དྲི་ཡི་དུང་སོགས་གཡས་སུ་བཞག། གཡོན་དུ་མཆོད་ཡོན་གཡོན་དུ་སྩོད?། །བཞག་སྟེ་བྱིན་གྱིས་བརླབས་ལ་དབུལ། །དང་པོ་ཆུ་གཙང་ཉིད་ཀྱིས་ནི། །བསང་གཏོར་རབ་ཏུ་དབུལ་བར་བྱ། །ོཾ་སརྦ་སཾ ་ཤོ་བྷ?་སི?་ཧཱུཾ། གཉིས་བཞི?་?་ཆུ?་ཡིན?་ནི། །ཞབས་བསིལ?་དག་ནི་དབུལ་བར་བྱ། །ོཾ་ནི་རི་ཏ་ཧཱུཾ་ཁཾ། གསུམ་པ་ལ་ནི་རོམ?་མངར། །ཞལ་བསིལ་དུ་ནི་དབུལ་བར་བྱ། །ོཾ་བཛྲ་ནོ་བེདྱ་ཨཱ:ཧཱུཾ་སྭཱཧཱ། །བཞི་པར་མཐེབ་མཛུབ་གཉིས་ཀྱིས་ནི། །མེ་ཏོག་དག་ནི་དབུལ ་པར་བྱ། །ོཾ་བཛྲ་པུཥཔེ་ཨཱ:ཧཱུཾ། དྲི་མེད?་དག?་ཅིང་ཡིད་འོང?་བར?། །སྔགས་ཀྱི་ཡོན་ཆད?་མཆོག་འདི་དག། བདག་ནི་དད?་པས?་འབུལ?་ལགས་ཀྱིས། །བཞས་ནས་བདག་ལ་དགྱེས་པར་མཛོད?། །ོཾ་མཧུ?་ཨ་མྲི་ཏ་ཨརྒྷཾ?་དྲ་ཏཱིཙྪ་སྭཱཧཱ། །མེ་ཏོག་བར?་རྣམས ་བཟང་ནིང་དགེ། དག་པའི་སྐྱེ་གནས་ལས་དག་པོ། །བདག་ནི་དང་པས་འབུལ་ལགས་ཀྱི། །བཞེས་ནས་བདག?་ལ་དགྱེས་བར་མཛོད། །ོཾ་སརྦ་ཏ་ཐཱ?་ག་ཏ་པུཥབ་སཱུ་ཛ་མེ་ཧྲཱ?་ས་མ་དྲ་?་ཎ་ས་མ་ཡེ་ཧཱུཾ་ཕཊ། །ཆལ་?་ནི་?་དང། །གང་ཞིང་དྲི?་མེད?་དུག་སྤོས? ་རྣམས། །བདག་ནི་དད་བས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ོཾ་སརྦ་ཏ་ཐཱ་ག་ཏཱ་དྷཱུ་པཱུ?་པཱུ?་ཛཾ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ?་ཡེ་ཧཱུཾ། སྲིན་པོ་འཇོམས་ཤིང་དང་ཁྱེད་པ། །དགེ་ཞིང་མུན་སེལ་མར་མེ་འདི། །བདག་ནི་དད?་པས་འདུལ་ལགས་ཀྱིས། ། ་བཞེས་ནས་བདག་ལ་དཀྱེས་པར་མཛོད། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་ལོ་ཀ་པཱུ་ཛ་མེ་བྷ་ས་མུ་དྲ་སྨྲ?་ར་ན་ས?་མ་ཡེ་ཧཱུཾ། འདི་ནི་དི་བཟང?་དགེ་བ་སྟེ། །དད?་པའི་སྐྱེ་བ?་ནས་ལས་དག་པ། །བདག་ནི་དད་པས་འབུས་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ོཾ ་སརྦ་ཏ་ཐ་ག་ཏ་ཀནདྷ་པུ?་ཛ?་མེ་?་ས?་མུ་དྲ་སྭ་ར་ཎ་ས་མ་ཡ་ཧཱུཾ། །བཟའ་དང་བཅའ་བར་ཡང་དག་ལྡན། །ཁ?་དོག་དྲི་དང་རོ?་ལྡན་ནི། །བདག་གི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱས་པར་མཛོད། །ོཾ་སརྦ་ཏ་ཐཱ་ཨ་བཱ་རོ་མུ?་ཁཾ་སརྦ་དྷ་རྨཱ་དྷ?་ཨཱརྱ?་དྱ?་ནུ?་ཌཱདན? ་?། ཨི་ལ་སྙད་?་ལས?་?་ཚོགས། །དབྱངས་ཀྱི་དེར་ལྡན་པ་ནི། །བདག་ནི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ོཾ་བཛྲ་གྷཎྜེ་ར་ཎ་པྲ་ད་?་དྲག?་ཎ། །སརྦ་བུདྡྷ་ཀྵེ་ཏྭ?་པྲ་ཛཱ?་པཱ་ར་མི་ཏ་ནཱ་ད་སྭ་དྷཱ་དེ་དེ་བཛྲ་དྡ?་ཐཱ། ཧྲི?་ད་ཡ་ནི ་སནྣྟོ?་ལ་ནི་ཛྲཾ?་ཧཱུཾ་ཧཱུཾ་ཧཱུཾ?། །ཏེ?་དང་རྫས་ཀྱིས་རང?་བཞད?་བན?་རླུང་མེའི་དཀྱིལ་འཁོར་ལ་གནས་པ། །ཐབས་དང་ཤེས་རབ་ཡེ་ཤེས་ལྔ། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས། །ཡེ་ཤེས་བདུད་རྩི་རབ?་བསྒྲུབས་ཏྟེ། །?་མོ་མཛའ་དགེ་རྩ་སྦྱབ?། །རྣལ ་འབྱེན?་རྣལ་འབྱོར་མ་ཀུན་ལ?། །མཐེ་བོ་ཐིར?་མས་སོ་སོར་དབུལ། །དེ་ཡི་དབུས་ནས་བླངས་ནས་ནི། །རང་གི་བདུད་རྩིའི་དོ་མྱང་བྱ། །ོཾ་ཨཱ:ཧཱུཾ་ཨོཾ་སརྦ་ཏ་ཐ་ག་ཏ་ཨ་མྲིཏ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། རྡོ་རྗེ་སུ?་ཚུར?་གཉིས་བཅིངས་ནས། །རྐེད་པའི་མཚམས་སུ་བཞག་པར་བྱ།། ་ཁྲོ་བོ་སྒོག?་དང་བཞད་བ་དང། །ལུས་ནི་དགུག་པ་གསུམ་སྟར་བཞག། །མེ་ཏོག་སྐྱུད?་པའི་ཚུལ་གྱིས་དང། །སྡོང་བུས་མར་མེ་མཆོད་པ་དང། །བྱུག་པའི་ལུས་ཀྱིས་རྗེས་སུ་དྲིས། །སྒེག་མོས་ལགས་བས་སྒེག་མོས་ཏེ། །ཕྲེང་བ་ཕྲེང་བའི་མཁའ་འགྲོ་མ། །གླུ?་ཡས་སུ?་ཧཱུཾ་གི་དམ ་ཚིག་ཧཱུཾ། །དརྨ?་སྐུམས་བས་ནི་གར་ཉིད་དོ། །པི?་ཝང་ཚུལ་གྱིས་?་པ་དང། །གླིང་བུའི་ཚུལ་གྱིས་དུར?་པ་དང། །གླང?་པུའི་ཚུལ་གྱིས་བུང་པ་དང། །སིལ་སྙན་ཚུལ་གྱིས་དཀྲོལ་དང། །བརྫད?་པའི་ཚུལ་གྱིས་རྡོར་པ་དང། །རལ་བྲིའི་ཚུལ་གྱིས་ཡན་ལག་བསྒྱོད། །རླུང? ་?་?་དང་?་རེའི་?་ཀྱིས་བྲེང་དང། བདན་ཚུལ་གྱིས་འཕྱར་?་གདུགས་ཀྱི་ཚུལ་གྱིས་དགང་བ་དང། ཅད་ཏེའུ་ཚུལ་གྱིས?་དཀྲོལ་བ་དང། འཁར་རྔའི?་ཚུལ་གྱིས་དརྡུང?་བ་དང། །བཞང?་པའི་ཚུལ་གྱིས་འཛུམ?་པ་དང། །ཁྲོ་བའི་ཚུལ་གྱིས?་ཁྲོ?་བ་དང། །སྒེག?་པའི་ཚུལ ་?་?་པ་དང། །བསྐྱིད་བའི་ཚུལ་གྱིས་སྤྱིངས?་བ་དང། །མདའའདྲེན་ནུ་མ་འཁྱུད་པ་དང། །རྡོ་རྗེ?་གསོར་བའི་ཚུལ་དང་ནི། །ཕྱག་འཚལ་ཚུལ་གྱིས་འདུད་པའོ། །གཽ་རཱི་རི་འོད?་ཅན་འཛིན་ཅིང། །ཆོམ?་རྐུན་མ་ནི་ཉི་མའི་སྣོད། །རོ་ལངས་མ་ནི་ལག་ན་ཆུ། །ཟ་?་ནི ་སྨན་འཛིན?་ཅིང། །?་སི་ནི་རྡོ་རྗེ་སྟེ། །དི་ཁྲོད་མིན་དེ་ཡི?་?། །གཏུམ་མོས་ཅད་ཏེའུ་བརྡུང་དང་བྱ། །འདོད་ཆགས་ཆེན་པོ་རྗེས་ཆགས་པས། །གཡུང་མོ་ཁྲག་ནས་འཁྱུད་པའོ། །དེ་རྣམས་ཀྱིས་ནི་གཙོ་བོ་མཆོད། །དེ་ལྟར་རྒྱ་ཆེར་མཆོད་ནས་ནི། །བློ?་དང་ལྡན་པས་བསྟོད ་པ་བྱ། །བཅོམ་ལྡན་ཡོན་ཏན་རང་བརྗོད?་པས། །འདིའང?་མཆོད་བའི་ཡན?་ལག་ཡིན། །མཆོད་པ་འདི་རྣམས་བླ་ན་མེད། །སངས་རྒྱས་ཐམས་ཅད་མཉེས་པར་བྱེད། །སངས་རྒྱས་རྣམས་ནི་མཆོད་པས་མཆོད། །འདོད་པའི་དངོས་གྲུབ་བྱེད་པར་འགྱུར། །སྒྲ་ལ་རྣམ ་གསུམ་ཤེས་བྱས་ནས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་?་གྲགས་ཆེན་པོ། །གཟུགས་ལ་རྣམ་གསུམ་ཤེས་བྱས་ནས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་རྒྱལ་པོ་ནི། །རྡོ་རྗེ་རྣམ ་སྣང་མངའ་བདག་ཉིད། །དྲིལ་རྣམ་གསུམ་ཤེས་བྱ་ནས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་སངས་རྒྱས་ནི། །རིན་ཆེན་ཆེན་པོར་རབ་ཏུ་བྲགས། །རོལ་རྣམ་གསུམ་ཤེས་བྱས་ནས། །ལྷ་རྣམས་ལ་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་འདོད་ཆགས ་ཉིད། །རྡོ་རྗེ་ཆོས་ནི་དེ་བཞིན་གཤེགས། །དེ་གལ་རྣམ་གསུམ་ཤེས་བྱས་ནས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །དོན་ཡོད་འབྲས་བུ་སྩོལ་བའོ། །གླུ་ནི་རྡོ་རྗེ་ཅན་ལ་དབུལ། །གར་ནི་སངས་རྒྱས་རྣམས་ལ་དབུལ། །ཧིར་མཆོག་ལ ་དེ་བཞིན་དྲི། །འཇིག་རྟེན་མཆོག་ལ་བཟའ་དང་བཅའ་། །གོས་ཀྱི་མཆོད་པ་རྟ་མཆོག་ལ། །འདི་རྣམས་མཆོད་པ་དམ་པ་སྟེ། །རྡོ་རྗེ་མཆོད་པ་བྱས་པ་ཡིས། །རྡོ་རྗེ་ཅན་ཀུནད?་མཉེས་པར་བྱེད། ། ཀ་རུ་ནལ་ཀྱི་རྡོ་རྗེ། །ཕན་པ་ལ་ནི་ཙན་དན་དཀར། །དམར་པོ ་འཇིག་རྟེན་རྗེལ?་དབུལ། །གུར་གུམ་རྡོ་རྗེ་སྣང་བ་ལ། །འདུན་གྱི་རྒྱལ་པོ་ཐམས་ཅད་དེ། །ཧཱུཾ་རྡོ་རྗེ་ལས་བྱུང་བའི་དྲི། །འདི་རྣམས་དྲི་ཡིས་རབ་སྦྱོར་པས། །དམ་སའི་སངས་རྒྱས་ཉིད་ཐོབ་བོ། །ཁ་དང་ཚྭ་བ?་རྡོ་རྗེར་དབུལ། །སྒྲུབ?་པ་རྡོ་རྗེ་ཉི་མ་ལ། །དེ་བཞིན་ལན་ཚ ་འཇིག་རྟེན་དབང། །རྟ་ཡི་རྒྱལ་པོ་ཐམས་ཅད་དམ། ?་བ་ཡང་ནི་རབ་བརྟག་བྱ། །ཀྱེ་ཡི་རྡོ་རྗེ་རྡོར་ཅན་གྱི། །མེ་ཏོག་མདོག་ནག་རྐང་ཐུང་འབྱུང། །མལླིཀ་དང་མལ་ཏི། །ཀུན་ད་སངས་རྒྱས་རྟག་ཏུ་དབུལ། །ཤིང་གི་དབང་མཆོག་དྲི་མེད་མཆོག། སྣང་བྱེད་ལ་ནི ་སྦྱོར་བར་བྱེད། །དབང་མཆོག་དམར་པོའི་ཆུ?་སྐྱེས་དང། །?་དམར་པོ་ལ་ཏ་ལཾ། །པདྨ་གར་གྱི་དཔའ་ལ་དབུལ། །རྟ་མཆོག་རྡོ་རྗེ་ཅན་ལ་དབུལ། །རྡོ་རྗེ་ཐེག་པས་མཉེས་བྱེད་པ། །འདི་ནི་དོན་དམ་མཆོད་པ་ཡིན། །གང་གིས་རྣམ་རྟོག་རྣམ་སྤངས་ཏེ། །བྱང་ཆུབ ་སེམས་ནི་རྣམ་བསྒོམས་ཤིག་།ལུས་དང་སེམས་ནི་རྣམ་དག་པ། །དེ་ཡི་མཆོད་པ་བླ་ན་མེད། །སེམས་ཅན་གང་གིས་དབུ་མ་ཡི། །ཐེག་པ་བསྒོམས་པས་བསྒོམས་ན། །ཐེག?་པ་དམན་ལ་ལྷག་མོས་པས། །དེ་ཡི་མཆོད་བདུན་རྗོ?་པ་ཡིན། །རྡོ་རྗེ་མཁའ་འགྲོའི་བཀའ་བཞིན ་དུ། །བཟླས་དང་བསྒོམ་ལ་མངོན་དགའ་ཞིང། །རྟག་ཏུ་འཁོར་ལོའི་ཕ?་རོལ་འགྲོ། སངས་རྒྱས་ཐམས་ཅད་མཉེས་བྱེད་པས། །འབོད་པའི་དངོས་གྲུབ་ཐོབ་པར་འགྱུར། །དཔལ་ཀྱི་རྡོ་རྗེའི་བྱ་བའི་རིམ་པའི་ལམ་ལས། མཆོད་པའི་བྱ་བ་སྟེ་བཅུ་གསུམ་པའོ།། །། ་ས?་གསུམ་གང་ཡིན་དྲི་བཅས་དེ་ག་ཕྱིར། །དེ་ལས་འདས་པ་དམ་པའི་ཡིད་བརྟན་ནས། །ཤེས་རབ་ཐབས་ལྡན་རྒྱལ་བའི་ལམ་གཅིག་ཉིད། །ཟབ་ཅིང་རྒྱ་ཆེ་རྟོག་གེའི་ཡུལ་མ་ཡིན། །དེ་ཕྱིར་བླ་མའི་མན་ངག་བརྒྱུད་རིམ་གྱིས། །རྒྱལ་པའི་དབང་པོ་བདུད་རྩི་བཅུད་ཀྱི་མཛོད།། ་སྔགས་ཚུལ་རྒྱ་མཚོའི་ལམ་ནི་མདོར་བསྡུས་པ། །ཀྱེའི་རྡོ་རྗེ་ཡི་བྱ་བའི་རིམ་པའི་ལམ། །གང་ཞིག་རྟེན་ཅིང་འབྲེལ་བའི་ཆོས་འདི་དག་།རྒྱ་རྐྱེན་ཚོགས་ལས་འབྲས་བུ་ཐ་དད་པ། །ཆོས་ཉིད་ཀྱིས་ཐོད་ནུས་པ་བསམ་ལས་འདས། །དེ་འདྲའི་ཀུན་རྫོབ་ཆུད་སོན་མི་བྱེད་ཅིང།། ་དེ་ལྟར་རྒྱུན་རྐྱེན?་ལས་བྱུང་བའི་ཕྱིར། །དམ་པའི་དོན་དུ་རང་བཞིན་མེད?་ཏོགས་བའི། །ཤེས་རབ་ནོར་གྱིས་མེ་འཕམ་དེ་དག་ལ། །རིན་ཆེན་འབར་འདིས་བརྒྱན་པ་མཛེས་འགྱུར་གྱི། །གང་ཞིག་ཀུན་རྫོབ་རྒྱུ་འབྲས་ཆུད་གསོན་ཅིང། །དོན་དམ་ཚུལ་ལ་མི་མཁས་རྨོངས? ་?་པ། །ཤེས་རབ་ནོར་མང?་དབུལ་ལོ་དེ་དག་?། །མཛེས་པར་མི་འགྱུར་མིང་བརྒྱན་པ་འདྲ། །མཁས་པ་བདག་འཛིན་ཞེན་པའི་འདུད་དཀྲོལ་ཏེ། །བདག་གཞན་བླ་མེད་བྱང་ཆུབ་བསྒྲལ་བའི་ཕྱིར། །སྙིང་རྗེ་གོལ་གོས་ཤེས་རབ་ཐབས་ལྡན་པས། །ལུས་ངག་ཡིད་ཀྱིས་མི་བྱ ་ཡོད་པ་ཡིན། །དེ་ཕྱིར་དམ་པའི་ཕྱོགས་ཀྱིས་གསོལ་བཏབ་པས། །མཁས་པ་རྣམས་ཀྱི་ལམ་སྲོལ་རྙིང་གནས། །ཤེས་རབ་?་དང་རིག་པའི་རྐང་པ་ཡིས། །ལེགས་པར་བརྟགས་ལ་ཉེས་པའི་འཇིགས་བྲལ་འདི། །བྱས་ལ་བསོད་ནམས་ཐོབ་པ་གང་ཡོད་དེ་པ?། །རིན ་ཆེན་འབར་པའི་སྒྲུབས་ཐབས་ལམ་འདི་ནས། །འགྲོ་ཀུན་འཁོར་བའི་རྒྱ་མཚོ་མྱུར་?་ཏེ། །ཀྱེ་ཡི་རྡོ་རྗེའི་གོ་འཕང?་མྱུར་ཐོབ་ཤོག་།དཔལ་ཀྱེ་རྡོ་རྗེའི་བྱ་བའི་རིམ་པའི་ལམ་ལས་རིན་ཆེན་འབར་བ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ། ། ་སློབ་དཔོན་མཁས་པ་ཆེན་པོ་པྲ་ཛ་??་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱུ་གར་གྱི་མཁན་པོ་དེ་ཉིད་དང། །དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཅིང?་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། །ཤྲཱི?་ཧེ་? ་