| Wylie | e-texts based on the ACIP/ALL Input |
རྗེའི་སྒྲུབ་ཐབས། །དེ་ཁོ་ན་ཉིད་བཞིའི་རིམ་པ་ཞེས་བྱ་བ་རྫོགས་སོ།། །།པཎྜི་ཏ་བཻ་རོ་ཙ་ན་རཀྵི་ཏ་དང། ལོ་ཙཱ་བ་བླ?་ན་དྷརྨ་བློ་གྲོས་ཀྱིས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། *། །དཔལ་རྒྱས་རྡོ་རྗེའི་སྒྲགས?་པ?་? ་རྒྱ་གར་སྐད་དུ། །ཤྲཱི་ཉེ་བཛྲེ་སཱ་དྷ་ནཾ། བོད་སྐད་དུ། དཔལ་དགྱེས་པ་རྡོ་རྗེའི་སྒྲུབ་ཐབས། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །དཔའ་བོ་ཐོད་པའི་ཕྲེང་པ་ཅན། །ནམ་མཁའ་ཁྱབ་པར་གར་མཛད་ཅིང། །བདག་མེད་མ་དང་གཉིས་མེད་གཟུགས། །བདེ་ཆེན་དེ ་ལ་ཕྱག་འཚལ་འདུད། །དེ་ཉིད་རྙེད་དཀའ་དེ་བས་ཀྱང། །བླ་མའི་བཀ་འདོན་ཤིན་ཏུ་དཀའ་། །བདག་གཞན་དོན་འབྱུང་སྔགས་ཀྱི་ཚུལ། །འགྲོ་ཕན་ལམ་ལ་བརྟེན་པར་གྱིས། །ཡོན་ཏན་བརྒྱད་ལྡན་སྔགས་པ་ཡིས། །བདེ་བའི་སྟན?་ལ་ཉེར་འདུག་སྟེ། །སེམས་ཉིད ་རང་གི་སྙིང?་གར་བསམ། །འོད་ཀྱིས་བདག་དང་སེམས་ཅན་གཟུང?། དེ་ལས?་ཆོས་འབྱུང་ཡངས་ལ་བལྟ། །མི་འགྱུར་བ་ཉིད་ཡོངས་གྱུར་ལས། །དཔལ་ལྡན་རྡོ་རྗེ་ཧེ་རུ་ཀ། །ཞལ་གཅིག་ཕྱག་གཉིས་ནག་པོ་ཆེ། །གར་གྱི་ཞབས་ཀྱིས་ཉི་མ་མནན། །ཕྱག་རྒྱ་དྲུག་གིས་བརྒྱད?་པ ་སྟེ། །རྡོ་རྗེ་ཐོད་པ་གངས་གཡོན་འཆང། །གྲི་གུག་ཐོད་འཛིན་པ་ཡི། །བདག་མེད་མ་ཡིས་མགུལ་ནས་འཁྱུད། །སྤྱན་གསུམ་དབུས་སྒྲ་གྱེན་དུ་འབར། །བདེ་བས་གང་བའི་རང་བཞིན་དུ། །བདག་ཉིད་རྣམ་པར་བསྒོམ་པར་བྱ། །སྙིང་གང་ཡེ་ཤེས་སེམས་དཔའ་ཡི། ། ་འོད་ཀྱིས་གྲུབ་པའི་ལྟ་བཀུག་སྟེ། །མཆོད་པ་ལ་སོགས་བྱས་པའི་མཐར། །བདག་དང་གཉིས་སུ་མེད་པར་བསམ། །དེ་ནས་དབང་བསྐུར་བྱིན་གྱིས་བརླབ། །ཡང་ན་མཆོད་པས་མཉེས་བྱ་སྟེ། །དབང་པོ་གཉིས་ཀྱིས་སྦྱོར་བ་ཡིས། །དང་པོ་སངས ་རྒྱས་མཆོད་པར་བྱ། །བདེ་ཆེན་དམ་པ་དེ་བླངས་ནས། །ལྟེ་བའི་རྩ་བར་ངལ་བས?་སྟེ། །བདུད་རྩི་བཏུང་བར་བྱ་བ་ཉིད། །དེ་ཡི་ལུས་ནི་རྣམ་དག་འགྱུར། །ལྟ་བར་ཙཎྜ་ལི་འབར་བར། །བདེ་བར་གཤེགས་པ་ལྔ་བསྲེགས་ཏེ། །སྤྱན་ལ་སོགས་པ་ཡང་བསྲེགས་ཏེ ་པ་སྲེགས་བལྟམ?་ལས་རི་བོང?་འཛག་།ཐོགས་མ་ཐ་མ་དབུས་མེད་ཅིང། །འཁོར་ཆན་མྱ་ངན་འདས་པ་མིན། །བདག་དང་གཞན་ཡང་ཡོད་མིན་པ། །འདྲི་ནི་མཆོག་ཏུ་བདེ་ཆེན་བོ། །དེ་ལྟ་བུ་དར་ལྡན་པའི་རྣལ་འབྱོར་པས། །དང་པོ་ཉིད་དུ་བདེན་པའི་བྱིན་བརླབས ་བརྗོད?། །གནས་དང་ཡུལ་དུ་རྒྱུ་བའོ། །རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས། །བདག་ལ་བྱིན་གྱིས་རལྦས་ཤིག་ཅེས་བརྗོད་ལ། །མཐར་ཡང་ཡེ་ཤེས་འོད་ནི་ཤིན་ཏུ་ཟག་།རྡོ་རྗེ་སྙིང་པོ་མཁའ་དང་མཚུངས། །རྡུལ་བྲལ་ཐར་སྟེར་ཞིབ་སྟེ། །ང་ཡི་ཕ་ནི་ང་ཉིད་དོ། །འདིར ་ནི་རིགས་སྐྱེས་དམ་ཚིག་ལྡན། །རྗེས་སུ་ཆགས་པར་དགྱེས་རྡོར་འཆང། །བླ་མ་ལ་བུས་སྙིང་རྗེ་ཅན། །སྐྱེ་ཞིང་སྐྱེ་བར་བདག་གྱུར་ཅིག་།ལག་པ་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་འདི་འདོན་པ་དང། །བཙུན་མོའི་ཁུ་བས་མཉམ་ཟས་ཅན། །སྐྱེ་ཞིང ་སྐྱེ་བར་འགྱུར་བར་ཤོག་།དེ་ནས་གཏོར་མ་གཏང་ནས་སུ། །འདོད་པའི་དོན་ལ་གསོལ་བ་གདབ། །བདེ་བར་གཤེས་པའི་སྔགས་བཟླས་ཤིང། །ལྷ་ཡི་སྦྱོར་བས་རྒྱུ་བར་བྱ། རྟག་ཏུ་སློབ་མ་བསྡུ་བྱ་ཞིང། །རྟག་ཏུ་དམ་ཆོས་བཤད་པར་བྱ། །སེམས ་ཅན་ཐམས?་ཅད་རྟག་ཏུ་བསྐྱང། །ཧེ་རུ་ཀ་དཔལ་རྟག་ཏུ་མཆོད། །སྔ?་ཚ་སྦྱིན་སྲེག་མཆོད་སྦྱིན་བྱ། །ཆུ་སྦྱིན་རང་གི་སྦྱིན་པས་བྱ། །བླ་མ་བདེ་གཤེགས་བདུན་པར་ཏེ། །མཎྜལ་ཕྱི་དེར་བྱས་ནས་སུ། །མཆོད་ཅིང་བསྟོད་དེ་གཤེགས་གསོལ་གྱི། །གླིང ་བཞི་ཉི་མ་རེ་རེ?་བྱ། །དེ་བཞིན་ཐུན་མཚུམས་གཞན་ཡང། །བདག་ལ་བྱིན་གྱིས་བརླབས་པར་བྱ། །སྐྱིལ་ཀྲུང་བཅས་ནས་མིག་བརྟན་ཏེ། །སྣེ?་རྩད་བསམ་པ་མི་གཡོ་བས། །བྲེལ་ཀྱང་སྐད་ཅིག་སྐབས་བཤོལ་ལ། །ཁྱིམ་པ་ཡིས་ཀྱང་བསྒོམ་པར་བྱ། །སྦྱོང་ལམ་དག ་ལ་བབ་ན་ཡང། །སྒྱུ་མ་རྨི་ལམ་ལྟ་བུར་བསྦོམ། །ལྷན་ཅིག་སྐྱེས་པའི་ཡིད་ཀྱི་ཉལ། །སེམས་ཅན་དོན་ལ་ཆགས་པས་ལྡང། །བློ་བུར་ཉིད་དུ་དྲན་བྱ་ཞིང། །བླེ་བུར་ཚུལ་དུ་རྣལ་འབྱོར་སྤྱོད། །མཁའ་ལ་རྒྱ་བའི་བྱ་བཞིན་དུ། །སྔགས་པས་ཆགས་པ ་མེད་པར་གནས། །གཞན་དུ་གཡང་བས་ཆགས་སགས་དང། །གཉིད་ཀྱི་ཟིལ་གནོན་མ་གྱུར་ཅིག། སྒྲུབ་བའི་ཐབས་ནི་རིན་པོ་ཆེ། །རྣལ་འབྱོར་པ་ཡང་བསྐལ་པ་བཟང། །བཟང་པོ་ང་ཡིས་མདོར་སྡུས་པས། །དགེ་ཅན་གང་ཡིན་རོལ་པར་ཤོག། དཔལ་ཧེ་རུ་ཀ་གཞལ་གཅིག ་པའི་སྒྲུབ་ཐབས་སློབ་དཔོན་ཡན་ལག་མེད་པའི་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་དང། བོད་ཀྱི་ལོ་ཙ་པ་སྨན་བན་ཆོས་འབར་གྱིས་བསྒྱུར་བའོ།། ། *། །རྒྱ་གར་སྐད་དུ། ཤྲཱི་ཧ་བཛྲ ་