CLOSE WINDOW

N1169: 'khrul pa spong ba zhes bya ba'i sgrub pa'i thabs
Wyliee-texts based on the ACIP/ALL Input

ཅིག། །།དཔལ་དགྱེས་?་རྡོ་རྗེའི་སྒྲུབ་ཐབས་བཞུགས། །རྒྱ་གར་སྐད་དུ། དྷྲ་མཧཱ་རཱ་སཱ་དྷ་ནཱཾ་ནཱ་མ། བོད་སྐད་དུ། འཁྲུལ་པ་སྤོང་བ་ཞེས་བྱ་པའི་སྒྲུབས་པའི་ཐབས། དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །?་ཞབས་མནན་བྱིན་པའི་ཤུགས་ཀྱི་བརྒྱ་མཆོད ་རྣམ་པར་བསྟོད། །འཇིགས?་པའི་དུས་ཀྱིས་སྤྲིན་རྣམས་ཞལ་རྣམས་ཀྱིས་ནི་སྒྲ་འབྱིན་ཞིང། །ཕྱག་གི་ནགས་ཚལ་རླུང་གིས་རི་ཡི་རྩེ་མོ་འགུལ་ནས་འཕེན། །ཧེ་རུ་ཀ་ཡི་གར་གྱིས་ཁྱེད་རྣམས་འཇིགས་པ་སེལ་བ་ཡིན། །ཕལ་གདོང་རེ་རེར་སྤྱན་གསུམ་པ། །ཞབས་བཞི ་ཡིས་ནི་?་མཚོ་ཉིང?། །ཕྱག་ནི་བཅུ་དྲུག?་?་པ་རྒྱུད་པའི། །དགྱེས་རྡོར་སྒྲུབས་ཐབས་བཤད་པར་བྱ། །འདིར་བསྒོམ་པ་དང་བཟློས་པ་ལ་དབང་བར་བྱུང་པའི་སྔགས་པ་ནང་པར་སྔར་ལངས་ཏེ། སྙིང་གར་ཉི་མ་ལ་ས་བོན་བསམས་ལ། གདོང་བཀྲུ་པ་ལ་སོགས ་པ་?་ཏེ། ཨོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བྱ་བས་གཞག?་དང་བདག་ཉིད་དང་རྣལ་འབྱོར་བསྲུང་བ་བྱས་ནས། དྲི་དང་མེ་ཏོག་ལ་སོགས་པ་དྲི་ཞིམ་པོ་དང་?། ན་པའི་བསམ་གཏན་གྱི་གནས་སུ་ཞུགས་ལ། སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་བཅས་ཏེ། མཆོད་ཡོན་ལ ་སྔགས་ཡོངས་སུ་བཟླས་ནས་སྙིང་ཀའི་སྔགས་ཀྱི་འོད་ཟེར་གྱིས་མདུན་གྱི་ནམ་མཁའ་ལ་བཅོམ་ལྡན་འདས་འཁོར་དང་བཅས་པ་སྤྱན་དྲངས་ཏེ་བལྟས་ནས་སྙིང་གའི་ས་བོན་ལས་བྱུང་བའི་དཀར་མོ་ལ་སོགས་པའི་ལྷ་མོ་བརྒྱད་ཀྱིས་མཆོད་པར་བྱའོ། །དེ་ལ་དཀར་མོ་ནི་རི ་བོད་ཅན་འཛིན་ནོ། །ཆོམ་རྐུན་མ་ནི་ཉི་མའོ། །རོ་ལངས་མིན་ཆུའོ། །ཟ་པོད་མ་ནི་སྟོབས་སོ། །སྤོས་མོ་ནི་ཙན་དན་ནོ། །རི་ཁྲོད་མ་ནི་སྦྲང་རྩིའོ། །གཏུམ་མོ་ནི་ཅང་ཏེའུ་བརྡུང་བའོ། །གཡུང་མོ་ནི་སྐྱེས་བུ་བཞིན་དུ་མགུལ་པ་ནས་འཁྱུད་པའོ། །དེ་ནས་བཅོམ་ལྡན་འདས་དེ་ཉིད་ཀྱི་མདུན ་དུ་སྡིག་པ་བཤགས་པ་ལ་སོགས་པ་འདི་ལྟར་བྱ་སྟེ། བདག་གིས་སྡིག་པོ་ཐམས་ཅད་བཅོམ་ལྡན་འདས་ལ་སོ་སོར་བཤགས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཕགས་པ་དང་སོ་སོའི་སྐྱེ་པོ་ཐམས་ཅད་ཀྱི་དགེ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ། །? ་གི་དགེ་བ་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །བདག་ཉིད་བྱང་ཆུབ་ཀྱི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཐེག་པ་ཆེན་པོའི་ཆོས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཕྱིར་མི་ལྡོག་པའི ་བྱང་ཆུབ་སེམས་དཔའ་ཨི་ཚོགས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །ེ་མའོ་སེམས་ཅན་ཐམས་ཅད་ཀྱི་དོན་ཕན་པ་དང་བདེ་བའི་ཕྱིར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། མཆོག་ཏུ་མཐར་ཕྱིན་པའི ་མྱ་ངན་ལས་འདས་པ་ལ་?་གི་བར་གྱི་སངས་རྒྱས་ཀྱི་བྱང་ཆུབ་ལ་དགོང་བར་བགྱིའོ། །འདི་ལྟར་བདག་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་རྡོ་རྗེ་ཐེག་པ་ལ་བརྟེན་པར་བགྱིའོ། །དེ་ནས་སེམས་ཅན་ཐམས་ཅད་ལ་ཁྱད་པར་དུ་འཕགས་པའི ་ལྷའི་?་ཉེ་བར་སྦྱོར་བའི་རྣམ་པའི་བྱམས་པ་དང་སྡུག་བསྔལ་ཐམས་ཅད་སེལ་བའི་རྣམ་པའི་སྙིང་རྗེ་དང། ཁྱད་པར་དུ་འཕགས་པའི་ལྷའི་བདེ་བ་དང་མི་འབྲལ་བར་གནས་པའི་རྣམ་པའི་དགའ་བ་དང། ཉོན་མོངས་པའི་གཉེན་པོའི་ལམ་ལ་སྦྱོར་བའི་རྣམ་པའི་བཏང ་སྙོམས་བསྒོམ་པར་བྱའོ། །དེ་ནས་ཆོས་ཐམས་ཅད་ལ་ཡིད་ཀྱིས་དམིགས་ནས་སྦྱང་བར་བྱ་སྟེ། འདི་དག་ནི་སེམས་ཉིད་དང་དེའི་རྣམ་པར་འཕྲུལ་བར་སྣང་སྟེ། དཔེར་ན་སྨི?་ལམ་བཞིན་དུ་སེམས་ལས་ཕྱི་རོལ་ནི་སེམས་ཀྱི་གཟུང་བ་མེད་གཟུང་བ་དངོས་པོ་མེད་པའི་ཕྱིར ་སེམས་ཀྱང་འཛིན་པའི་དངོས་པོར་མེད་དེ། དེའི་ཕྱིར་ཆོས་ཐམས་ཅད་ནི་སེམས་ཀྱི་ལུས་ཏེ། དེ་དག་གཟུང་པ་དང་འཛིན་པས་སྟོང་པ་ཉིད་ལ་དོན་དམ་པ་ཞེས་བྱའོ། །དེ་ལྟར་མཛའ་གཅིག་ཏུ་ངེས་ནས་འཁྲུལ་པར་སྟེ་བཏགས་པའི་འཁྲུལ་པའི་མཚན་མའི་ཆོས ་ཐམས་ཅད་ཀྱི་རྣམ་པ་སྤངས་པ་དེ་དག་གི་རང་བཞིན་གཉིས་སུ་མེད་པ་རྣམ་པར་རིག་པའི་མཚན་ཉིད་འབའ་ཞིག་ཁོ་ན་ཤེལ་དག་པ་ལྟ་བཱུམ་སྟོན་ཀའི་ཉི་མ་གུང་གི་ནམ་མཁའ་དྲི་མ་མེད་པ་ལྟར་མཛའ་ཡས་པར་བལྟའོ། །འདི་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་འཇིག? ་ཆེན་ལས་འདས་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་སྤྲོས་པ་དང་བྲལ་ཞིང་རྣམ་པར་རྟོག་པ་དང་བྲལ་བ་ཞེས་བསྟན་ཏོ། །དེ་ནས་དེ་སྔགས་ཀྱི་བྱིན་གྱིས་བརླབ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྲ?་ན་བཛྲཝ་སྭ་བྷཱ་བ་ཨཱཉྩ?་ཀོ་ཧཾ། དེ་ཉིད་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་? ་དེ་ཉིད་མཆོག་ཏུ་བསྲུང་བའོ། །དེ་ནས་དེའི་རྒྱ་མཐུན་པར་གྱུར་པ་རྣམ་པ་དང་བཅས་བདག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་སྲུང་པ་བསྒོམ་པར་བྱ་སྟེ། མདུན་དུ་རཾ་ལས་ཉི་མ་རྣམ་པར་བསྒོམ་བྱ་ཞིང། །ཉི་མ་དེ་ལས་ཧཱུཾ་བྱུང་སྣ་ཚོགས་རྡོ་རྗེར་འགྱུར།། ་རྡོ་རྗེ་དེ་ཉིད་ཀྱིས་ཀྱང་རྣམ་པར་བསྒོམ་བྱ་བ། །ར་བ་དང་ནི་གུར་ཡང་བཅུ་བཅིང་བའོ། །སྣ་ཚོགས་རྡོ་རྗེ་འོད་ཟེར་འཇིག་བའི་མེ་ལྟར་བཟོད་པར་དཀའ་པ་རྣམས་ཀྱིས་ཐམས་ཅད་དུ་སྤྲོས་ནས་།ཉམས་པར་གྱུར་པས་ལོགས་ལ་རྡོ་རྗེ་དགེ་འབར་བས་གྲུབ་ཞི་པོ་? ་སྟེང་དུ་རྡོ་རྗེའི་?་དང། འོག་ཏུ་ཡང་རྡོ་རྗེའི་རང་བཞིན་གྱིས་གཞི་འོག་གིས་གཞི་ལ་ཐུག་པར་གྱུར་པར་བལྟ་བར་བྱའོ། །དེ་ནས་ཉི་མ་དང་སྣ་ཚོགས་རྡོ་རྗེ་འོད་ཟེར་དུ་གྱུར་ཏེ། ཕྱོགས་ཕྱོགས་སུ་སྤྲོས་ནས་གཏམས་པར་གྱུར་པས་ཕྱི་རོལ་ཐག་རིང་བོན?་མཚམས ་བཅད་པར་བྱའོ་ཞས་བ་ནི་ཚིགས་སུ་བཅད་བའི་དོན་ཏོ། །དེ་ནས་དེའི་རྒྱུ་མཐུན་པར་གྱུར་པ་དེ་ཉིད་ཀྱི་འབྱུང་བ་ཆེན་པོ་ལྔ་རྣམ་པར་དག་པ་བསམ་པར་བྱ་སྟེ། དེ་ལ་ནམ་མཁའ་འབྱུང་བ་ཆེན་པོ་ཆོས་འབྱུང་ཞེས་བྱ་བ་རྡོ་རྗེ་འཛིན་པ་ཆེན་པོའི་རང་བཞིན་སྟོན་ཀའི་ཟླ་བ ་བཞིན་དཀར་བ་འོག་འཕྲ་བ་ཞིང་སྟེང་རྒྱ་ཆེ་བ། །གྲུ་གསུམ་པ་ནང་ནམ་མཁའ་ཨི་རང་བཞིན། ནང་དུ་པདྨ་འདབ་མ་སྣ་ཚོགས་པ་སྐྱེས་པའི་སྙིང་པོ་ལ་སྣ་ཚོགས་རྡོ་རྗེ་རྒྱ་ཆེན་པོ་གནས་པའོ། །དེའི་དབུས་སུ་འབྱུང་བ་ཆེན་པོ་བཞིའི་དཀྱིལ་འཁོར་རྣམ་པ་བཞི་ལྷ་མོ་བཞིའི་རང་བཞིན ་གོད་ནས་གོང་དུ་བལྟ་བར་བྱ་སྟེ། དང་བོར་ཡི་གེ་?་ལས་དབང་ཆེན་གྱི་དཀྱིལ་འཁོར་ཆེན་པོ་གྲུ་བཞི་པ་སེར་པོ་གྲཝར་རྡོ་རྗེ་རྩེ་གསུམ་པས་མཚན་པའོ། །དེ་ནས་བ་ལས?་ཆུའི་དཀྱིལ་འཁོར་ཟླུམ་པུ་དཀར་བ་བུམ་པས་མཚན་པའོ། །དེ་ནས་རི?་ལས་མེའི་དཀྱིལ་འཁོར་གྲུ་གསུམ ་པ་དམར་པོ་གྲུར་རི་གྱིས་མཚན་པའོ། །དེ་ནས་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུའི་རྣམ་པ་ནག་པོ་མཛའ་མ་གཉིས་སུ་དར་དབྱངས་གཡོ་བས་མཚན་པའོ། །སྒོམ་པ་པོས་མཚན་པ་ཡང་དེའི་ཚེ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཁྱད་པར་བྱེད་པ་དེ་ཉིད་ཁོ་ན་གནས་སོ།། ་དེ་ནས་སྣ་ཚོགས་རྡོ་རྗེའི་ལྟེ་བའི་དབུས་སུ་འབྱུང་བ་ཆེན་པོ་བཞིའི་ཡོངས་སུ་གྱུར་པ་ལས་སྐྱེས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཡོངས་སུ་བསྡུས་པའི་ངོ་བོ། །ཐར་པ་ཆེན་པོའི་ཁང་བ་རྣམ་པར་སྣང་མཛད་ཀྱི་རང་བཞིན་རིན་པོ་ཆེ་སྣ་ཚོགས་ལས་གྱུར་པའི་ཁང་པ་བརྩེགས ་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་བདག་མེད་པར་སྟོན་པའི་དུས་ཁྲིད་བརྒྱད་ཀྱིས་ཉེ་བར་བསྐོར་བ་བསྒོམ་པར་བྱའོ། །གྲུ་བཞི་པ་ལ་སྒོ་བཞི་པ། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །བརྟེགས་བུ་བཞི་ཡིས་ཡོངས་སུ་བསྐོར། །ཏྭར་ནི་ནི་བཞིས་བརྒྱན་ཞིང། །?་ཤལ ་དང་ནི་དོ་བྱེད་དང?། །དར་དང་མེ་ཏོག་ཕྲེང་བ་དང། །བླ་རེ་མེ་ལོང་རྔ་ཡབ་དང། །རྡོ་རྗེ་ཐིག་གུང་རྣམས་ཀྱིས་མཛེས། ཡོད་པས་སངས་རྒྱས་ཚོགས་འཕྲོ་ཞིང། གཡོ་ཞིང་བཀྲ་བའི་བདན་མཆོག་ཕྱོ?་ཀྱི་སྒོ་འདྲིལ་བུ་འཕྲེལ། འདོད་པ་ལྔ་པོ་མཆོག་རྣམས་དང། །དམ་པའི་མཆོད་པ་རྣམ་ལྔས་སྤྲས། ། ་དེ་ཡེས་མང་གོ་རིམ་པ་ལས། །པདྨ་འདབ་བརྒྱད་གེ་སར་བཅས། །སྒོ་བཞི་དང་ནི་གྲུ་བཞི་དང། །དབུས་མ་དག་ཏུ་སྟན་དང་ནི། །ཚངས་དབང་ཉེ་དབང་དྲག་པོ་དང། །གཤིན་རྗེ་གནོད་སྦྱིན་ཡང་དེ་བཞིན། །བདེན་བྲལ་དང་ནི་ཐབས་བཟང་རིས། །དབུས་སུ་བདུད ་རྩི་བཞི་པ་སྟེ། །གོད་ནས་གོང་དུ་བཀན་པའོ། །འཇིགས་ལྡན་བདུད་ནི་བཞི་པོ་ཡིས། །སྙིང་གར་ཤ་ཏུ་ཉི་མས་མནན། །འཇིག་པ་གཞན་ཡང་ཟླ་བས་སོ། །དེ་ཡི་དབུས་ཀྱི་གདན་གྱི་སྟེང་དུ་དབྱངས་ཡིག་བཅོ་ལྔས་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ ་ཤེས་ཀྱི་རང་བཞིན་དང། དེའི་སྟེང་དུ་གསལ་བྱེད་སུམ་ཅུ་རྩ་བ་ཞིས་ཉི་མའི་དཀྱིལ་འཁོར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་དང། དེའི་དབུས་ཨཾ་དང་ཧཱུཾ་ཡོངས་སུ་གྱུར་པ་ལས་གྲི་གུག་དང་ཐད་པའི་དབུས་སུ་རང་གི་ས་བོན་ཀྱིས་མཚན་པས་སོར་རྟགས་པའི་ཡེ ་ཤེས་ཀྱི་བདག་ཉིད་བསམ་པར་བྱའོ། །དེ་ནས་ས་བོན་གཉིས་ལས་རྣལ་འབྱོར་མའི་འཁོར་ལོའི་རྣམ་པ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཡོངས་སུ་སྤྲོས་ནས་སླར་འདུས་ཏེ་ས་བོན་དང་ལྷན་ཅིག་ཏུ་གྱུར་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །དེ་ནས་ཌལ་བ་དང་ཉི་མ་དང་མཚན ་མ་དང་ས་བོན་ཡོངས་གྱུར་པ་ལས་སྐྱེས་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཆད་པར་འགྱུར་བའི་ཁ་དོག་དང་རྣམ་པ་དང་མཚན་མ་ལ་སོགས་པ་རྣམས་ཀྱིས། དཔལ་ཧེ་རུ་ཀའི་གཟུགས་བསྐྱེད་ཅིང་དེ་བཞིན་དུ་བདག་མེད་མས་བཀུལ་ནས་འཁྱུད་བ་ནི ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱངས?་ཀྱི་ཡེ་ཤེས་ཀྱི་བདག་ཉིད་དུ་བལྟའོ་ཞེས་པ་ནི་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པ་ལྔའོ། །ཧོ(རྒྱུད་འགྲེལ་དུ་ཆགས་པས་ཞུ། །དེ་ནས་རྡོ་རྗེ་ཆགས་ཆེན་གྱིས། །རིགས་པ་དང་ནི་ལྷན་ཅིག་ཞུ། །སྟོན་ཀའི་ཟླ་བ་དང་འདྲ་བར། །དེ་ནི་ཟླུམ་པོར་གྱུར་ནས་གནས། །དེ་ནས་ཟླ་གདན་གྲུར་གནས་བའོ། །ལྷ་མོ་བཞི་པོ་དག་གིས་ནི། །རྡོ་རྗེ་གླུ་ནི་བཞི་དག་གིས། །བཞེངས་ཕྱིར་དེ ་ལ་སྐུལ་བར་བྱེད། །རྗེ་བཙུན་སྙིང་རྗེའི་ཡིད་ཀྱི་བཞེན། །སྤོས་མོ?་དག་ལ་ཡོངས་སུ་སྐྱོབས། །སྟོང་པའི་ཏིང་ངེ་འཛིན་སྤོངས་ལ། །བདེ་ཆེན་འདོད་པས་བདག་ལ་སྦྱོར། །ཁྱོད་མེད་ན་ནི་བདག་འགུམ་པས། །ཀྱེ་ཡི་རྡོ་རྗེ་ཁྱེད་བཞེངས་ཤིག། སྟོང་པ་ཏིང་ངེ་འཛིན་སྤོངས ་ལ། །རི་ཁྲོད་དགོངས་བསྒྲུབ་མཛོད་ཅིག། གཙོ་བོ་འཇིག་རྟེན་འགྲོན་གཉེར་ནས། །ཅི་ཕྱིར་སྟོང་པ་ཉིད་ལ་བཞུགས། །ཁྱོད་ཀྱིས་བཞུགས་ན་ཕྱོགས་རྨེངས་པས། །གཏུམ་མོ་བདག་ནི་གསོལ་བ་འདེབས། །མིག་འཕྲུལ་ལྟ་བུ་ཁྱད་བཞེངས་ཤིག། བདག་ཉིད་ཁྱེད་ཀྱིས་ཐུགས ་འཚལ་གྱིས། །སྨེ་མོ་བདག་ནི་མཁས་པར་དགོངས། །སྙིང་རྗེ་རྒྱན་ཆད་མ་མཛད་ཅིག། དེ་ནས་གླི་ཡི་?་བྱས་ཏེ། །ཞུ་བ་བསྡུས་པས་ལས་སྐྱེས་པ། །དེའི་དུས་སུ་བྱུང་བའི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཨཾ་དང་ཧཱུཾ་གཉིས་དང། །ལྷའི་མཚན་མ་དང། ལུས་ལ་སོགས ་བ་ནམ་མཁའ་ལྟ་བུ་རང་སྒྱུ་མ་ལྟ་བུར་ངེས་བར་བྱས་ནས། དེ་ཡོངས་སུ་གྱུར་བ་ལས་བརྟེན་པའི་ཏིང་ངེ་འཛིན་གྱི་རང་བཞིན་གྱི་གྲི་གུག་དང་ཐོད་པ་གཉིས་སྦྱོར་བའི་སྙིང་སེལ་ཡང་དག་པར་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པའི་རང་བཞིན་གྱིས་ལྷའི་ས་བོན་གཉིས་དང་ལྡན་པ་བལྟ ་པར་བྱའོ། །དེ་ནས་དེ་ཉིད་ལས་རྣལ་འབྱོར་གྱིས་དེ་བཞིན་གཤེགས་པ་མཛའ་ཡས་པའི་རང་བཞིན་གྱིས་རྣལ་འབྱོར་མའི་འཁོར་ལོའི་རྣམ་པ་སྤྲོས་ཏེ་ཐམས་ཅད་སེམས་ཀྱི་རང་བཞིན་དུ་ངེས་པར་བྱས་ནས། ཡང་སླར་རྣལ་འབྱོར་གྱིས་བསྡུས་ཏེ། དེ་དག་ཐམས་ཅད་སྒྱུ་མ ་ལྟ་བུ་དང་ནམ་མཁའ་ལྟ་བུ་ཡོངས་སུ་ཤེས་ནས་ཉི་མ་གཉིས་དང་མཚན་མ་དང་ས་བོན་རྣམས་ཡོངས་སུ་གྱུར་པ་ལས་སྐྱེས་པའི་བདག་ཉིད་ཧེ་རུ་ཀར་བལྟ་བར་བྱའོ། །ཞབས་རྣམས་ཀྱིས་ནི་སྟེང་སྟབས་དག། ལྷ་དང་ལྷ་མི་ནི་ལ་སྡིགས་མཛུབ། །སྤྱན་ནི་སྡུག་ཅིང་ཟླུམ་ལ ་?། ?་ཚོགས་ཞན?་ཞིང་འགྱིད་དག་ཅན། །ཞབས་བཞི་དང་ནི་ཞལ་བརྒྱད་པ། །བརྒྱད་གཉིས་ཕྱག་གིས་ཉེར་བརྒྱན་ཅིང། །བདུད་བཞི་དག་ནི་ཡང་དག་མནན། །སྐྱིལ་ཀྲུང་བྱེད་པའི་བར་བྱེད་པ། །མགོ་ཕྲེང་དོ་ཤལ་ཆེན་པོ་དང། །ཉི་མ་ལ་བཞུན་འཇིག་ཀྱང་འཇིཌ། །སྤྱི་བོར་སྣ ་ཚོགས་རྡོ་རྗེ་འཛིན། །གནག་ཅིང་ཉི་མ་འབར་པའི་འོད། །ཞལ་ནས་ཧཱུཾ་ནི་སྤྲོ་བར་བྱེད། །ཐལ་བ་དག་གིས་སྐུ་ལ་ཕྱུགས། །རྩ་བའི་ཞལ་ནི་ནག་ཆེན་པོ། །གཡས་ནི་ཀུན་ད་དག་དང་མཚུངས། །གཡོན་པ་མི་བཟང་ཆེན་པོ་དམར། །སྤྱི་བོ་ཞལ་ནི་གཙིགས་པའོ། །ལྷག་མའི་ཞལ་ནི ་བྱུང་བ་འདྲ། །ཞལ་གདོང་རེར?་སྤྱན?་གསུམ་པ། །སྒེག་ཅིང་དཔའ་?་འཇིགས་དང་འདྲ། །?་རྒོད་དང་འཇིག་སྤར་བྱེད། །སྙིང་རྗེ་ངོ་མཚར་ཞིབ་དང། །གར་དག་ཡིན་ནོ་རོ་དང་ལྡར། །དབུས་སྐྲ་ཁམས་སེར་གྱེན་དུ་ཕྱོགས། །འཁོར་ལོ་རྣམས་ཕུལ?་རྒྱན་དང།། ་ལག་གདུབ་དང་?་བས་ཀྱིས། །ཕྱག་རྒྱ་ལྔ་ཡིས་ཡོངས་སུ་བརྒྱན། །གླང་པོ་རྟ་དོར་གླང་རྔ་མོ། །མི་དག་ཤར་བྷ་བྱི་ལ། །གཡས་ཀྱི་ཐོར་བར་གོ་རིམ་བཞིན། །གླང་བོ་ལ་སོགས་ཤེས་པར་བྱ། །ས་དང་ཆུ་དང་རླུང་རྣམས་དང། །མེ་དང་ཟླ་བ་ཉི་མ་ཉིད། །གནོད་སྦྱིན་དང་ནི་ནོར་ལྟ་སྟེ།། ་དེ་དག་གཡོན་གྱི་ཐོད་བརྒྱད་དུ། །བདག་མེད་མ་ཡིས་འཁྱུད་པ་སྟེ། །རང་གི་ལྟ་བུའི་ཕྱག་རྒྱ་ལྔ། །ཕྱག་གཉིས་ཞལ་གཅིག་ཞབས་གཉིས་པ། །དེ་ཡང་གྲི་གུག་ཐོད་པ་འཛིན། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཉི་མ་ལ་ཐོང་པ་གནས་པའི་སྟེ་དང་གཉི་མ་ལ་ཧཱུཾ་སྔོ། ་བཅོམ་ལྡན་འདས་མའི་ཐུགས་ཀར་ཡང་ཟླ་བ་ལ་བྲི?་གུག་གནས་པ། །དེའི?་ཡུ་བར་ཟླ་བ་ལ་ཨོཾ་བསམ་པར་བྱའོ། །དེ་ནས་དེའི་རྣ་བ་ལ་བདག་མེད་མའི་མིག་ལ་རྡོ་རྗེ་མ། །སྣ་ལ་གསང་བའི་དཀར་མོ། །ལྕེ་ལ་ཆུའི་རྣལ་འབྱོར་མ། །ལུས་ཀྱི་དབང་པོ་ལ་རྡོ་རྗེ་མཁའ་འགྲོ་མ། །ཡིད ་ལ་ཕག་མེད་མར་སམ་པར་བྱའོ། །རྡོ་རྗེ་མ་ལ་སོགས་པ་ལྔ་པ་དེ་དག་ཉིད་གོ་རིམས་བཞིན་དུ་གཟུགས་དང། །ཚེར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་ཕུང་པོ་རྣམས་ལའོ། །གཏི་མུག་དང་སེར་སྣ་དང་འདོད་ཆགས་དང་ཕྲག་དོག་དང་ཞེ་སྡང་རྣམས ་ལ་ཡང་དེ་བཞིན་ནོ། །གཟུགས་དང་སྒྲད?་འདྲི་དང་རོ་དང་རེག་བྱ་དང་ཆོས་ཀྱི་སྐྱེ་མཆེད་རྣམས་ལ་ཕྱའི་དཀར་མོ་དང། ཚོམ་རྐུན་མ་རང་རོ་ལངས་མོ་དང་ཟ་ཕོར་མ་དང། ས་སྤྱོད་མ་དང་མཁའ་སྤྱོད་པའོ། །ས་དང་ཆུ་དང་མེ་དང་རླུང་གི་ཁམས་རྣམས་ལ་སྦོས་མོ་དང་རི་ཁྲོད་མ་དང། ་??་མོ་རྣམས། ལུས་དང་ངག་དང་ཡིད་ལས་སྤྱོད་མ་དང་བདག་མེད་མའོ། །ཤ་ལ་སྤོས་མོའོ། །ཁྲག་ལ་རི་ཁྲོད་མའོ། །ཁུ་བ་ལ་གཏུམ་མོའོ། །རྐང་དང་ཚིལ་གཉིས་ལ་གཡུང་མོའོ། །ཕགས་པ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། །དུས་པ་ལ ་བདེན་པ་བཞི་སྟེ། དེ་ལྟར་ན་ཐམས་ཅད་ལྷར་གྱུར་པ་ཡིན་ནོ། །དེའི་རྣམ་པར་དག་པ་གཞན་བཤད་པར་བྱ་སྟེ། སྙིང་རྗེ་ཡིན་སྤྱན་དམར་ལ། །ཡན་ལག་ནག་པོ་བྱམས་པའི་ཐུགས། །ཞབས་ནི་བསྡུ་བའི་དངོས་པོ་སྟེ། །བཅུ་?་ཕྱག་ནི་སྟོང་པ་སྟེ། །ཞལ་བརྒྱད་རྣམ་པར་?? ་དེ་ཉིད་གསུམ་ནི་སྤྱན་གསུམ་མོ། །ཕྱག་རྒྱ་ལྔ་ནི་རྒྱལ་བ་ལྔ། །ཁྲོ་བོས་གདུག་པ་རྗེ་སྐུ་འདུལ། །མགྲིན་སྙིང་བྷག་སྤྱི་བོ་ལ། །འཁོར་ལོ་བཞི་ནི་གོ་རིམས་བཞིན། །ལངས་སྤྱོད་རྫོགས་དང་ཆོས་སྒྲུབ་དང། །བདེ་བ་ཆེན་པོ་ཞེས་བརྗོད་པ། །ཆུ་སྐྱེས་འདང་མ་བཅུ་དྲུག་བརྒྱན། ། ་དྲུག་ཅུ་རྩ་བཞི་སུམ་ཅུ་གཉིས། །ོཾ་དང་ཧཱུཾ་དང་ཨཱ(རྒྱུད་འགྲེལ་ལ་བཞུགས་སུ་གསོལ་ལ། དེ་དག་ལམ་མི་བརྒྱད་ཀྱིས་ཡང་དག་པར་མཆོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་གདབ་པར་བྱའོ། །དེ་ནས་དེ་དག་དཔལ་ཧེ་ལ་རུ་ཀའི་གཟུགས་སུ་གྱུར་བ་རྣམས་ཀྱིས། ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱིས?་བདུད་རྩི་ལྔས་གང་པའི་བུམ་པས་དབང་བསྐུར་རོ། །དབང་བསྐུར་བ་དང་ལྡན་པའི་སྤྱི་བོར་བཅོམ་ལྡན་འདས་མི་བསྐྱོད་པ་བསྐྱོད་དོ?། །དེའི་མདུན་དུ་མེ་ཏོག་གི་ཆར་དང་གུར་གུམ་གྱིས་ཆར་འབབ་པར་འགྱུར་རོ། །རྡའི་སྐྲ་ཡང ་གྲག་གོ། གཟུགས་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་ཀྱང་ཡང་དག་པར་མཆོད་དོ། །གནམ?་མ་ལ་སོགས་བ་རྣམས་ཀྱིས་ཀྱང་རྡོ་རྗེའི་གླུས་བསྟོད་དེ་ཞེས་བྱ་བ་ནི། དང་པོའི་རྣལ་འབྱོར་ཞེས་བྱ་བ་ནི་ཏིང་ངེ་འཛིན་དང་པོ་ངོ་བོ་ཉིད་ཀྱི་སྐུ་བསྟན་ཏོ། །དེ་ནས་པདྨ་བྱིན་གྱིས ་བརླབ་བ་ནི། ཨོཾ་?་སུ་ལ་གྱུར་མ་ཧཱ་རཱ་ག་སུ་ཁཾ་རཎྚ?་ཙ་?་ར་ན་དྷ་བྷ་གི་?་ཤྭ་ཧཱུཾ་ཧཱུཾ་?་ཀུ་རུ་ཥ་མ། དེ་ནས་རྡོ་རྗེ་བྱིན་གྱིས་བརླབས་བ་ནི། ཨོཾ་བཛྲ་མ་ཧཱ་དE?་ཥ་ཙ་ཏུ་རཱ་ནནད་ད་ཡ་ཀ་ཁ་ག་མུ་ཀ་ཡེ་ཀ་ར་པོ་ནཱ་ཐ་ཧཱུཾ་ཧཱུཾ་ཀ་དྱཾ་ཀུ་རུ་ཥ་མེ། དེ་ནས་ཨོཾ་ཤཱི་ཤཱི་ཧ་སྭཱཧཱ། ཞེས ་སྦྱོར་བ་བརྩམ་མོ། །དེ་ནས་པདྨ་ནང་དུ་ལྟུང་བའི་ཟླ་བཞུ་བའི་?་ག་ཡོངས་སུ་གྱུར་?་ལས། གཾ་གིས་གྲུབ་པའི་?་ཁ་དོག་ནག་མེ་གྲི་གུག་དང་རོ་ཧི་ཧ་ཉ་འཛིན་པ་ཤར་གྱི་སྒྲོར་ཟླ་བའི་ཕྱེད་ན་ལ་བསམ་མོ། །དེ་བཞིན་དུ་ཅི་གི་ཚེམ་རྐུན་མ་བཅོད་ཀྱི་ན་དོག་ཅན་? ་ཏེ་སུ?་དང་ཕག་འཛིན་པ། ལྷོར་ཟླ་བའི་གདན་ལ་ག། དེ་བཞིན་དུ་བཾ་གྱིས་རོ་ལངས་མ་གསེར་གྱི་མདོག་ཅན་དུ་སྤལ་དང་ཐོད་པ་འཛིན་པ་ནུབ་ཀྱི་སྒོར་ཟླ་བའི་གང་ན་ལེའོ། །དེ་བཞིན་དུ་ལྷོ་གིས་?་བོད་མ་མརྐཏ་ཀྱི་མདོག་ཅན་སྤྲུལ་དང་རྣལ་འབྱོར་གྱི་སྣོད་འཛིན་པ། ?? ་སྒོར་ཟླ་བའི་གདན་ལའོ། །དེ་བཞིན་དུ་པགས་སྤོམ?་མོ་ཨནད?་ལི་གྱི་མདོག་ཅན་སེང་གེ་དང་དགྲ་ལྟ་འཛིན་བ་དབང་ལྡན་གྱི་གྲའི་གདན་ལའོ། །དེ་བཞིན་དུ་?་གྱིས་རི་ཁྲོད་མཆུ་ཤལ་གྱི་ཁ་དོག་ལྟ་བུ་དགེ་སློང་?་མ། བར་གསིལ་འཛིན་པ་མེའི་?་གདན་ལྟའོ། །དེ ་བཞིན་དུ་ལཾ་གིས་གཏུམ་ཆེན་མཁའ་ལྟར་སྐྱོ་བསངས་ཅན་འཁོར་ལོ་དང་ཤོལ་འཛིན་པ་བདེན་བྲལ་གྱི་གྲཝའི་གདན་ལའོ། །དེ་བཞིན་དུ་ཊཾ་གྱིས་གཡུང་མེ་ཁ་དོག་སྣ་ཚོགས་པ་རྡོ་རྗེ་དང་སྡིགས་མཛུབ་བྱེད་བ་རླུང་གི་གྲཝད་ཟླ་བའི་གདན་ལངས་མ་པར་བྱའོ། །སྐྱིལ ་ཀྲུང་བྱེད་པའི་བར་གྱིས་བཞུགས། །ཟླུ་མ་ཞིང་དམར་བའི་སྤྱན་གསུམ་པ། །ཕྱག་གཉིས་སྐྲ་ཁམ་གྱེན་དུ་ཕྱོགས། །ཕྱག་རྒྱ་ལྔ་འཛིན་དེ་དག་ཀྱང། །དེ་ནས་ཡོང་སྐུ་རྫོགས་པའི་དཀྱིལ་འཁོར་ལ་བལྟས་ནས། སྙིང་གའི་ས་བོན་གྱི་འོད་ཟེར་གྱི་ལྕགས་ཀྱུ་རྣམས ་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཏེ། ཤར་ཕྱོགས་ཀྱི་སྒོ་ལ་མངོན་པར་ཕྱོགས་ཤིང་བར་སྣང་བ་བཞུགས་པ་ལ། ཞལ་བརྒྱད་ནས་ཧཱུཾ་རྣམས་ཀྱིས་བགེགས་བསྐྲད་དང་མཆོད་ཡོན་དང་ཞབས་བསིལ་ཕུལ་ནས། ཛ(རྒྱུད་འགྲེལ་བཞིན་དུ་དགུག་པ་དང་གཞུགས་དང་བཅིང་པ་དང་དབང་དུ་བྱ་བ་བྱས་ནས། དམ་ཚིག་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་གཉིས་གཅིག་ཏུ་འདྲེས་པར་བསྒོམ་ཞིང་རྣམ་པར་བསྒོམས་ལ། སྙིང་གའི་སྔགས་ཀྱི་འོད་ཟེར་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན ་དྲངས་ནས་ཡང་དག་པར་མཆོད་དེ། གསོལ་བ་བཏབ་ལ་དབང་བསྐུར་པ་བྱིན་པར་བསམ་མོ། །དབང་བསྐུར་བ་དང་ལྡན་པ་ལ་དབང་བསྐུར་བའི་རྒྱལ་བས་མགོ་བོར་བསྐྱེད་དོ། །འདིར་ཚིགས་སུ་བཅད་པ་སྤོས་མོལ་སོགས་བཞི་པོ་དག་དང་ནི། །དཀར་མོ་ལ་སོགས་དག་ལ་རིམས ་བཞིན་དུ། །སྙིང་གའི་མི་བསྐྱོད་སངས་རྒྱས་དག་ནི་རིན་ཆེན་འབྱུང། །ངག་དབང་རྣམས་ཀྱི་སྐབས་འདིར་ཕྱག་རྒྱས་གདབ། །ལུས་དང་ངག་སེམས་རིགས་བདག་རྣམས་ཀྱིས་ནི། །སྲིད་དང་མྱུར?་འདས་ཧེ་རུ་ཀ་རྣམས་ལའོ། །རྡོ་རྗེ་མ་སོགས་ལ་ནི་རིགས་ཀྱིས་བདག།། ་ལྔ་པོ་མ་རྒྱལ་བ་མི་བསྐྱོད་སོགས་རྣམས་ཀྱིས། །དེ་ནས་ལྷ་རྣམས་ཀྱིས་དེ་ཁོ་ན་ཉིད་ཡིད་ལ་བྱ་སྟེ། འདིར་ལུས་དང་ངག་དང་ཡིད་དང་ཡེ་ཤེས་རྣམས་ཀྱིས་ཆོས་ཐམས་ཅད་བསྡུས་ལ། ལུས་ལ་སོགས་པ་དེ་དག་ཆོས་ཉིད་རྣམ་པར་རིག་པ་ཙམ་གཉིས་གྱིས་སྟོང་པ་ཉིད ་གང་ཡིན་པ་དེ་དག་ལས་སོར་རྟོག་པ་ནི། ཅི་རིགས་པར་སྒོ་སྐྱོབ་རྣམས་ཀྱིས་དེ་ཁོ་ན་ཉིད་དོ། །སྟོང་པ་ཉིད་དེ་ཉིད་ཀྱིས་ཡང་དག་པའི་ཡེ་ཤེས་གང་ཡིན་པ་སྤྲོས་པ་དང་བྲལ་བ་ཐག་པ་མེད་པའི་ཤེས་རབ་བླ་ན་མེད་པའི་རྡོ་རྗེ་ཐེག་པ་ནི་ཅི་རིག་པར་སྦོས་མོལ་སོགས་པ ་བཞིའི་དེ་ཁོ་ན་ཉིད་དོ། །རྡོ་རྗེ་ཐེག་པ་དེ་ཉིད་ཀྱིས་འབྲས་བུ་རྡོ་རྗེ་འཛིན་པ་ཆེན་པོའི་གོ་འཕང་གོང་ན་མེད་པའི་བྱང་ཆུབ་ནི་དཀྱིལ་འཁོར་གྱི་བདག་པོའི་དེ་ཁོ་ན་ཉིད་དོ། །དེ་ནས་རང་གི་སྙིང་གའི་ས་བོན་ལས་མཆོད་པའི་ལྷ་མོ་བརྒྱད་ཡང་དག་པར་སྤྲོས་ཏེ་།ཡང ་དག་ལ་སྤྲོས་པའི་སྦྲིན་རྣམས་ཀྱིས་ནམ་མཁའ་གང་བར་གྱུར་བའི་གཏོ་བོ་དང་བཅས་པའི་དཀྱིལ་འཁོར་ལ་མཆོད་པར་བྱའོ། །དེ་ནས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་མོས་ཁར་བྱས་ནས། གླུ་གཉིས་ཀྱིས་བཅོམ་ལྡན་འདས་ལ་བསྟོང་པར་བྱ་སྟེ། སྣ་ཚོགས་དུ ་མའི་?་དང་?་རྣམ་པ་ཀྱིས་?། །སྣ་ཚོགས་?་མའི་འོ་དང་འབྱུང་པ་རྣམས་ཀྱིས་དགའ་། །སྣ་ཚོགས་དུ་མའི་བདེ་བའི་སྟོན་མོ་རྣམས་ཀྱང་གསོལ། །སྣ་ཚོགས་དུ་མའི་སྡོམ་པ་ཆེན་པོ་རྣམས་ནི་རབ་ཏུ་སྟོན། །ནམ་མཁའ་ཀུན་གྱི་རྣལ་འབྱོར་གྱིས། །ནམ ་མཁའ་ཨི་དམ་ཚིག་ལ་བཞུགས་ཤིང། །འཇིག་རྟེན་མ་ལུས་པ་རྣམས་ནི། །ནར་ཁ་བ་ཐམས་ཅད་ཀྱིས་གསོལ་ལོ། །དེ་ནས་པར་སྣར་ལ་ཧཱུཾ་ལས་རྡོ་རྗེ་རྣམ་པར་བསམ་ལ། དེའི་འོག་ཏུ་ཨ་ལས་པདྨ་སྟེ། དེའི་དབུས་རྫས་རྣམས་ལ་ཨོཾ་གྱིས་མཚན་ནས། །རྡོ་རྗེ ་དང་པདྨ་མཉམ་པར་སྦྱོར་བ་ལ་མེ་འབར་ཏེ། དེས་དེ་རྣམས་བསྐོལ?་ཞིང་སྨིན་པ་ལས་ཞུ་བར་བྱས་ནས་ཡེ་ཤེས་ཀྱི་ཉི་མའི་སྣང་བར་གྱུར་ཏེ། དེ་དག་གི་འོད་ཟེར་རྣམས་ཀྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟུགས་སྣང་བར་བྱས་ནས། འོད་ཟེར་དེ་དག ་ཉིད་ཀྱིས་དེ་དག་གིས་ཡེ་ཤེས་ཀྱི་ས་བོན་ལས་ཡེ་ཤེས་ཀྱི་བདུད་རྩི་བླངས་ནས། དེར་ལྷུང་ཞིང་འདྲེས་པར་བྱས་ལ། དེ་བཞིན་དུ་དེ་དག་བདུད་རྩིར་གྱུར་ནས་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ། ལྕེ་ལ་ཧཱུཾ་དང་རྡོ་རྗེ་མཆོག་དང། སྙིང་གར་ཉི་མ་ལ་དཀྱིལ་འཁོར ་མོས་པར་བྱས་ནས། དེ་དག་གི་བདག་ཉིད་དང་དཀྱིལ་འཁོར་?་དག་པར་མཆོད་པར་བྱའོ། །མ་མོའི་འཁོར་ལོ་ཉམས་དགའ་བར། །རླབས་དང་བྲལ་པའི་བདེ་བ་ཐོད། །རླབས་མེད་པ་ཡི་རང་བཞིན་ཅན། །?་འདྲའི་ཁྱབ་བདག་བསྒོམ་པར་བྱའོ། །དཀྱིལ་འཁོར ་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་ལས་ལོངས་སྤྱོད་རྫོགས་པའི་སྐུའོ།། །།དེས?་དཀར་མོ་དང་ཆོམ་རྐུན་མ་དང། དཀྱིལ་འཁོར་གྱི་བདག་པོའི་བར་དུ་རེ་རེ་ནས་རིམ་གྱིས་ཕྱོགས་བཅུར་རྒྱུན་མི་ཆད་པར་སྤྲོས་ཏེ། སེམས་ཅན་རྣམས ་ཀྱིས་དོན་བྱས་ནས། དེ་ཉིད་དུ་བསྡུས་པ་ནི་བྱ་བ་བྱས་པའི་དཀྱིལ་འཁོར་རོ། །དཀྱིལ་འཁོར་གྱི་བདག་པོ་ཡང་སྤྲོས་པ་དང་བྲལ་བའི་བདེ་བ་སྟེར་བར་བལྟ་སྟེ། དེ་ལ་དཀར་མོ་ནི་ལུས་ཀྱི་དེ་ཁོ་ན་ཉིད་ལ་སོ་སོར་རྟོག་པ་ལ་སེམས་ཅན་རྣམས་རྣམ་པར་བྱེད་དོ། །ཚེམ ་རྐུན་མས་?་སེམས་བྱའོ?། །རོ་ལངས?་མས་ནི་ངག་གིའོ། །ཟ་བོད་མས་ནི་ཡེ་ཤེས་ཀྱིའོ། །སྤྲོས་མོ་ནི་ལུས་ཀྱི་ཡང་དག་པའི་ཡེ་ཤེས་ལའོ། །རི་ཁྲོད་མ་ནི་སེམས་ཀྱིའོ། །གཏུམ་མ་ནི་དག་གིའོ། །སྤོས་མོ་ནི་ཡེ་ཤེས་ཀྱིའོ། །དཀྱིལ་འཁོར་གྱི་བདག་པོས་ཀྱང། རྡོ ་རྗེ་འཛིན་པ་ཆེན་པོའི་གོ་འཕང་ལ་སེམས་ཅན་རྣམས་གནས་པར་བྱེད་དོ། །དེ་ནས་ཡན་ལག་དྲུག་གི་རྣལ་འབྱོར་གྱིས་མཉམ་པ་ཉིད་བསྒོམ་པར་བྱ་སྟེ། ནག་པོ་དམར་པོ་དེ་ནས་སེར། །ལྗང་སྡོ་དཀར་པོ་རིམ་པ་ལས། །ལྷན་ཅིག་སྐྱེས་དགའ་ཙམ་དུ་ནི། །འཁོར་ལོ་གཙོ ་བྱས་བསམ་པར་བྱ། །ལས་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་སྤྲུལ་བའི་སྐུའོ།། །།བསྒོམ་པས་སྐྱོན་སྔགས་བཟླ་བར་བྱ་སྟེ། བདག་ཉིད་དཀྱིལ་འཁོར་དང་བཅས་པ་ལྷའི་གཟུགས་སུ་བརྟན་པར་རྣམ་པར་བསམས་ལ། །ོཾ?་དེ་བ་པི་? ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། སྙིང་གར་སྔགས་ཀྱི་ཡེ་གེ་བཅུ་གསུམ་མགོ་གྱེན་དུ་འགྲེད་བ་མར་མེ་ལྟར་འབར་ཞིང་ཟླུམ་པོར་གྱུར་པར་ཡིད་ཀྱི་མངོན་པར་བྲིས་ནས་བརྗོད་པར་བྱ་བ་ནི། རྡོ་རྗེའི་ཚིག་དང་ཁྲོ་བོའི་ཚིག་ཏུ་བཟླས་པས་དེ་དག་བཟླ་བར་བྱ་སྟེ། ཞལ་ཐམས་ཅད ་དང། ལྷ་མོའི་ཞལ་ཐམས་ཅད་སྔགས་འདོན་པར་མོས་པར་བྱའོ། །འདི་ཉིད་ནི་ལྷ་མོ་ཐམས་ཅད་ཀྱིས་བཟླས་པ་ལས་ལྷ་རང་ཉིད་ཀྱིས་བཟླས་པ་བརྒྱད་འགྱུར་དུ་བྱས་པར་འགྱུར་རོ། །དེ་ནས་སྨོན་ལམ་གདབ་པར་བྱའོ། །ངག་བ་གང་ཐོབ་དེ་དག་གིས། །སངས ་རྒྱས་ཀུན་གྱི་ནིར་ཐམས་ཅད། །རྡོ་རྗེ་འཛིན་ཆེན་གོ་འཕང་ནི། །འགྲོ་བ་ལྔ་ཡིས་ཐོབ་པར་ཤོག། བྱང་ཆུབ་རྡོ་རྗེ་སྔགས་པ་ཡིས། །རྫོགས་པའི་བྱང་ཆུབ་ཕྱིར་སྤྱོད་དང། །རྫོགས་སངས་རྒྱས་ཀྱི་སྤྱོད་པ་གང། །བདག་ནི་དེ་གཉིས་སྤྱོད་པར་ཤོག། དེ་ནས་གཙོ་བོ ་བཅས་པའི་དཀྱིལ་འཁོར་སྔ་མ་བཞིན་དུ་ཡང་དག་བར་མཆོད་ནས་རང་གི་སྙིང་གའི་སྔགས་ལ་ལྷ་མོ་ནང་དུ་བསྒོམས་ཏེ། རྟེན་གྱི་དཀྱིལ་འཁོར་ཤིན་ཏུ་ཡང་ཡངས་པར་མོས་པར་བྱས་ལ། འབྱུང་བ་ཆེན་པོ་བཞི་ནི་སྤོས་མོ་ལ་སོགས་པའི་རང་བཞིན་དུ ་ངེས་པར་བྱས་ནས། དགྱེས་པའི་རྡོ་རྗེའི་ང་རྒྱལ་གྱིས་ལྡང་བར་བྱ་སྟེ། དེ་ནས་བཟླས་པ་ལ་སོགས་པ་བྱའོ། །གི་ཉིད་ཀྱི་དུས་སུ་ཡན་ལག་དྲུག་གི་རྣལ་འབྱོར་དམ་ལྷན་ཅིག་སྐྱེས་པ་དགའ་པའི་རྣལ་འབྱོར་མངོན་དུ་བྱས་ལ་གཉིད་ལོག་གོ། །ལྷ་མོ་བཞིའི་ཡང་དག་པའི ་གླུས་བསྐུལ་ནས་གཉིད་ལས་ལྔར་བར་བྱ་སྟེ། ལངས་ནས་ཐམས་ཅད་སྔ་མ་བཞིན་དུ་བྱའོ། །དེ་བཞིན་དུ་ཉི་མ་རེ་རེ་ཞིང་དངོས་གྲུབ་ཀྱི་མཚན་མའི་བར་དུ་བལྟའོ། །དེ་དག་མཐོང་ན་གོ་རིམས་བཞིན་དུ་མངོན་?་འདོད་པའི་དངོས། ?་ངོ་བོར་སྡེས? ་གནས་པར་བྱའོ། །ཡོན་ཏན་ལྕི་བའི་འབྱུང་ནས་ཞལ་བརྒྱད་ཧེ་རུ་ཀའི། །སྒྲུབ་ཐབས་འཁྲུལ་པ་སྤོང་བཞེས་བྱ་གསལ་བར་བརྗོད་པ་ཡིས། །དག་བ་གང་ཞིག་ཐོབ་པ་འདི་ཡིས་སྐྱེ་ལ་བཏན་པ་དག། དུས་རྣམ་བདུན་ཏུ་པན་པའི་རྒྱུ་དེས་རྡོ་རྗེ་རྒྱལ་བར་ཤོག། སློབ་དཔོན ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ་རྫོགས་སོ།། །།ལྷན་ཅིག་?་པའི་རིམ་པ་བཞུགས། །རྒྱ་གར་སྐད་དུ། ས་ཧ་ཛ་ས་ཡོ་བཀྲ་མ་ནཱ་མ། བོད་སྐད་དུ། ལྷན་ཅིག་སྐྱེས་པའི་རྣལ་འབྱོར་གྱི་རིམ་པ་ཞེས་བྱ་བ། དཔལ་དགྱེས་པ་རྡོ་རྗེས་ཕྱག ་