| Wylie | e-texts based on the ACIP/ALL Input |
ནས་བསྒྱུར་ཅིང་བཤད་ནས་གཏན་ལ་ཕབ་པའོ།། །།དེ་?་རྡོ་རྗེའི་སྒྲུབ་བསམ་བཞུགས། །རྒྱ་གར་སྐད་དུ། ཧེ་བཛྲ་ནཱ་མ་སཱ་དྷ་ནཾ། བོད་སྐད་དུ་།ཀྱེ་རྡོ་རྗེ་ཞེས་བྱ་བའི་སྒྲུབ་པའི་ཐབས། ཀྱེ་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཞལ་བརྒྱད་ཕྱག་ནི་བཅུ་དྲུག་པ། ་ཧཱུཾ་སྐྱེས་ག་རE་ལ་སོགས་བསྐོར། །ཞབས་ཀྱིས་བདུད་བཞི་མནན་པ་སྟེ། །བདག་མེད་མ་ཡི་ལྟ་གནས་འཁྱུད། །སྤྱན་ནེ་ཉི་ཤུ་རྩ་བཞི་མངའ་། །ཐོད་རྐོན་བརྒྱ་ཕྲེད་ཕྲེང་བ་ཅན། །སྔོན་བོ་ཕྱག་རྒྱ་ལྡས་བརྒྱན་ལ། །ཕྱག་འཚལ་སྒྲུབ་ཐབས་བཤད་བར་བྱ། ་དེ་ལ་དང་པོ་རེ་ཤི་བ་རྣལ་འབྱོར་པས། གདོང་འགྲུ་པ་ལ་སོགས་པའི་བྱ་བ་བྱས་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སློ་བསྐྱེད་ནས། ཨོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བས་གནས་ལ་སོགས་པ་བསྲུང་བ་བྱས་ལ། དཔལ་ཀྱེ་རྡོ་རྗེ་ལས ་གསུངས་པའི་དཀྱིལ་འཁོར་དུ་ཞུགས་པས་རིམ་བ་ཇི་ལྟ་བ་བཞིན་དུ་དབང་བསྐུར་གཡང་དག་བའི་བཀའ་ཨི་རྗེས་སུ་གནང་བ་དང། ཤིན་ཏུ་རྣམ་པར་དག་པ་དང། དེ་ཁོ་ནའི་ཡེ་ཤེས་ཕྱིན་ཅི་མ་ལོག་པ་ཐོབ་བ། མཚན་མ་རྙེད་པ། དུར ་ཁྲོད་ལ་སོགས་པ་ཡི་དུ་འོང་བའི་གནས་སུ་སྣ་ཚོགས་རྡོ་རྗེས་མཚན་བ་བདེ་བའི་སྟན་ལ་འདུག་པ། བདུད་རྩི་ལྔ་ལ་སོགས་པའི་དམ་ཚིག་བསྟེན་བ། གང་ལ་ཡང་མི་བལྟོས་བ། དོག་པ་མེད་པའི་ཤེས་རབ་དང་བཅས་པ་དཔའ་ ་ཀྱི་རྡོ་རྗེའི་ང་རྒྱལ་དང་ལྡན་བར་བྱའོ། །དེ་ནས་རང་གི་སྙིང་གར་པདྨའི་སྟེང་དུ་རཾ་ཞུ་བ་ལས་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུཾ་སྔོན་པོ་དམིགས་པོ། །དེ་ནས་ཧཱུཾ་གི་ཡི་གེ་ལས་འོད་ཟེར་ལྔ་སྤྲོས་པས་ཁམས་གསུམ་གསལ་བར་བྱས་ནས་སླར་བཀུག? ་སྟེ། མདུན་གྱི་ནམ་མཁའ་ལ་བཅོམ་ལྡན་འདས་ཕྱག་བཅུ་དྲུག་པ་ཞལ་བརྒྱད་བ་སྤྱན་གསུམ་བ་རང་གི་རིམ་མ་ལ་འཁྱུད་པ། སྐྲ་སེར་པོ་བྱེན?་དུ་བརྗེས་པ། ཕྱག་རྒྱ་ལྡེས་བརྒྱན་བ། ལྷ་མོ་བརྒྱང་ཀྱིས་བསྐོར་པ། ཁ་དོག་དང་ཕྱག་མཚན་འོག་ནས ་འབྱུང་བ་ལྟ་བུ་སྦྲོ་བ་དང་བསྡུ་བའི་སྐུ་གསུམ་མོ། །དེའི་མདུན་དུ་གཽ་རཱི་ནག་མོ་བྱག་ན་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བ་ཅན་གཡས་ནི་རྩེ་དཱི་དམར་མོ་རང་འབྱུང་གི་མེ་ཏོག་ཅེས་བྱ་བའི་ཉི་མ་ཅན། རྒྱབ་ཏུ་བེཎྚ་ཝཱ་སེར་མོ་ཕྱག་ན་རྡོ་རྗེའི་ཆུའི་ལྷུང་བཟེད ་ཐོགས་མ། བྱང་དུ་གྷསྨ?་རཱི་ལྗང་གུ་གསང་བའི་སྨན་འཛིན་མ། དབང་ལྡན་དུ་པུཀྐ་ཛཱ?་སྔོན་མོ་ཤ་སྣ་ཚོགས་འཛིན་མ། མི་རུས་བ་རཱི་དཀར་མོ་ཆང་བསྣམས་མ། བདེན་བྲལ་དུ་ཙཎྜ་ལཱི་ནང་ཐར་དམར་བརྗེའུ་ཆུང་བདུང་མ། རླུང་དུ་དོམྦྷི་ནི ་དུ་བའི་མདོག་ཅན་མ་ཉིད་ཀྱི་སྐུ་ལ་འཁྱུད་པ། དེ་ལྟར་རྣལ་འབྱོར་མ་རྣམས་ཀྱིས་བསྐོར་བའི་བཅོམ་ལྡན་འདས་གསལ་བར་དམིགས་ཏེ། དེ་ནས་ཕྱིས་འོད་ཟེར་རང་གི་ས་བོན་ལ་བསྟེམ་མོ། །ཡང་རང་གི་ས་བོན་ལས་འོད་ཟེར་སྤྲོས་ཏེ། ་ཕྱི་དང། ནད་དང། གསང་བར་པ་།དེ་ཁོ་ནའི་མཆོད་པའི་ཁྱད་པར་གྱིས་བཅོམ་ལྡན་འདས་ལ་མཆོད་པ་དེ་ནི་མེ་ཏོག་དང། སྤོས་དང་ལྷ་བཤེས་དང། རིན་བོ་ཆེ་སྣ་བདུན་ལ་སོགས་པ་དབུལ་བ་ནི་ཕྱིའི་མཆོད་པའོ། །ལྷ་མོ ་བརྒྱད་ཀྲི་བདུད་སྟེ་ལྔ་དང་ཤ་ལྔ་ལ་སོགས་པ་དབུལ་བ་ནི་གསང་བའི་མཆོད་པའོ། །བད་དག་པའི་བླ་མའི་གདམས་ངག་གིས་བདག་མེད་མི་དང་གཉིས་སུ་མེད་བེར་གྱུར་པས་གཉིས་མེད་བའི་?་བ་ཉམས་སུ་མྱོང་བདེ་ནི་དེ་ཁོ་བྱའི?་མཆོད་པའོ། །དེ་ལྟར ་ཤིན་ཏུ་རྣམ་པར་དག་པའི་མཆོད་པ་བྱས་ནས། ལུས་ངག་ཡིད་གསུམ་དང་བས་ཕྱག་བྱས་ཏེ། དེ་དག་གི་མདུན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །གང་ཞིག་འཁོར་བ་ཐོག་མ་མེད་པ་ནས་ཕྱིན་ཅི་ལོག ་གི་རྣམ་པར་རྟོག་པ་ལས་སྐྱེས་པའི་བདག་གིས་སྡིག་པའི་ལས་བྱས་པ་ཐམས་ཅད་དང། གཞན་གྱིས་བགྱིད་པ་ལ་རྗེས་སུ་ཡི་རང་བ་དཱ?་ཅུང་ཟད་བགྱིད་དུ་སྩལ་བ་དེ་དག་ཐམས་ཅད་བཤགས་ཤིང་ཡང་ཕྱིན་ཚད་མི་བགྱིད་དོ།། ་གང་ཤིག་སོ་སོར་སྐྱེ་བོ་དང། ལྷ་དང་ཉན་ཐོས་དང། རང་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་དང། ཡང་དག་བར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་དག་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ། །བསོད་ནམས་ཐམས་ཅད་བླ ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །དེ་ནས་ཁམས་གསུམ་གྱི་བདག་ཉིད་བདེ་བ་ཆེན་པོའི་རང་བཞིན་གྱིས་སངས་རྒྱས་དཔལ་ཀྱེ་རྡོ་རྗེ་དང། དེས་བསྟན་བའི་སྔགས་དང་ཕྱག་རྒྱ་དང། དཀྱིལ་འཁོར་ལ་སོགས་པའི་རང ་བསྟི?་གྱི་ཆོས་དང། དེའི་དཀྱིལ་འཁོར་གྱི་འཁོར་ལོ་གནས་པའི་རྣལ་འབྱོར་མའི་ཚོགས་ལ་ཇི་སྲིད་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་མཆིའོ། །སེམས་ཅན་ཏམས་ཅད་ཀྱི་དོན་བྱེད་པའི་རྒྱུར་གྱུར་པའི་རང་བཞིན་གྱི་རྣམ་པ ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཡང་དག་བའི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་བསྐྱེད་པར་བྱེད། །བདག་གིས་འདི་ལྟར་བླ་ན་མེད་པ་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེའི་ལམ་ལ་བརྟེན་པར་བྱའོ། །ཆོས་ཀྱི་འཁོར་ལོ་བསྐོར ་?་སྐུལ་བ་དང། མྱ་ངན་ལས་མི་འདའ་བ་གསོལ་བ་གདབ་བར་བྱའོ། །དེ་ནས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བའི་བདེ་བའི་མཆོག་གི་ངོ་བོ་ཉིད་ཀྱི་བྱམས་པ་ཆེན་པོ་དང། སྡུག་བསྔལ་དང། སྡུག་བསྔལ་གྱི་རྒྱུར ་གྱུར་བ་རྟོག་བ་ཐམས་ཅད་གྱི་རྒྱ་མཚོར་བྱིང་བའི་སེམས་ཅན་ཐམས་ཅད་སྐྱབས་མེད་པ་མཐོང་ནས་དེ་བསྒྲལ་བའི་ཕྱིར་འདོད་བའི་སྙིང་རྗེ་ཆེན་པོ་དང། བདེ་བ་ཆེན་པོ་དང་མ་བྲལ་བར་མཐོང་བའི་དགའ་བ་དང། འཇིག་རྟེན་པའི་ཆོས་བརྒྱད་ལས་ལོག་པའི་བསམ་གྱི ་མཚན་ཉིད་ཀྱི་བཏང་སྙོམས་བསྒོམས་བར་བྱའོ། །དེ་ལྟར་བླ་ན་མེད་པའི་ཆོས་ཐམས་ཅད་རབ་ཏུ་འབྱེད་བའི་མཚན་ཉིད་ཀྱི་ཤེས་རབ་ཀྱིS་ཆོས་ཐམས་ཅད་རྟེན་འབྲེལ་ལས་སྐྱེས་བ་ཙམ་རང་བཞིན་གྱིS་གཟོད་མ་ནས་སྐྱེ་བ་མེད་པར་གསལ་བར་ཤེས་པར་བྱ་སྟེ། ་དངོས་པོ་མ་ལུས་པའི་བདེ་བ་དེ་ཁོ་ན་ཉིད་ཀྱི་སྙིང་པོར་བསྡུས་པའི་སྟོང་པའི་ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་གྱི་ཆོས་ཤེས་ནས་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བཱ་ཨཱཏྨ་ཀོ་ཧཾ་ཞེས་པའི་སྔགས་དེ་ཡིད་ཀྱིས་བཟླས་ཏེ། སྐྱེ་བ་མེད་པ་འགག་པ་མེད་པ་ཡང་དག་པའི ་བླ་མའི་མན་ངག་གིས་ཐབ་ཅིག་མི་གནས་བའི་ངོ་བོ་ལ་གནས་བའོ། །དེ་ཉིད་འོད་གསལ་བའོ། །དེ་ནི་ཤིན་ཏུ་བདེ་བར་གནས། །ཆོས་ཀུན་དེ་ཉིད་ཁོ་ནར་གསུངས། །ཤེས་རབ་ཕ་རོལ་ཕྱིན་པ་དེ་།བདུད་རྣམS་འཛོམས་པར་བྱེད་པའི་མཆོག་།དེ་ནས་སྔོན ་གྱི་སྨོན་ལམ་གྱི་སྟོང་པ་ཉིད་འོད་གསལ་བའི་ཏིང་ངེ་འཛིན་ལས་ལངས་ཏེ། ནམ་མཁའ་ལ་རཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུཾ?་སྔོན་པོ་འོད་དུ་ཞུ་བར་གྱུར་པ་ལས་སྣ་ཚོགས་རྡོ་རྗེའི་འོད་ཟེར་ལྔ་བསྒོམས་ནས་མནར་མེད་པའི་སེམས ་ཅན་དམྱལ་བའི་མེ་དང་འདྲ་བའི་འོད་ཟེར་ཤིན་ཏུ་འབར་བའི་ཚོགས་ཇི་ཙམ་འདོད་པར་སྤྲོ་སྟེ། ཕྱོགས་སུ་རྡོ་རྗེའི་རབ་དང། སྟེང་དུ་རྡོ་རྗེའི་གུར་དང། འོག་ཏུ་རྡོ་རྗེའི་སི་གཞི་དམྱལ་བ་ལ་ཐུག་བ་ཡན་ཆད་བསམ་བར་བྱའོ། །དེའི་ནང་དུ་ཉེ་མའི ་དཀྱིལ་འཁོར་གྱི་སྟེང་དུ་སྣ་ཚོགས་རྡོ་རྗེ་།དེ་ལས་འོད་ཟེར་འཕྲོས་བས་ཕྱོགS་མཚམS་རྡོའི་རྩིག་པ་ལ་སོགས་བས་བརྟན་པར་བྱའོ། །དེའི་དཀྱིལ་དུ་བྷཱུཾ་སེར་པོ་བསམ་མོ། །བྷྲུཾ་ཞུ་བ་ལས་འཁོར་ལོ་རྩིབས་བཅུ་པ་ཁ་དོག་སེར་པོ་མྱུར?་དུ་འཁོར ་ཞིང་གཞན་དུ་མི་གཡོ་བའོ། །དེའི་དཀྱིལ་དུ་སྣ་ཚོགས་རྡོ་རྗེ། དེའི་སྟེང་དུ་སྣ་ཚོགས་པདྨ། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་བསམ་མོ། །དེའི་སྟེང་དུ་?་བ་ཉི་མ་ཁ་སྦྱར་བའི་དབུས་སུ་ཧཱུཾ་ཡིག་བལྟའོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལ ་སོགས་པ་ཡེ་ཤེས་ལྔའི་རིམ་པས་བཅོམ་ལྡན་འདས་ཧཱུཾ་མཛད་བསམ་མོ། །ཧཱུཾ་ལས་སྐྱེས་བ་སྐུ་མདོག་ཨིནྡྲ་ནཱི་ལ་དང་འདྲ་བ་ལྗང་གུ་སྣ་ཚོགས་བས་བརྒྱན་པ། རིན་པོ་ཆེའི་དབུ་རྒྱན་ཅན། འཇིགས་བྱེད་དང་དུས་མཚན་མོ་ནག་མོ་མནན་པ། ་ཕྱག་གཉིས་རྡོ་རྗེ་དང་བྲིལ་བུ་འཛིན་པས་རང་གི་རིག་མེ་ལ?་འཁྱུད་པ། ཞབས་བརྐྱང་བསྐུམ་དུ་བཞུགས་པ་བསམ་པར་བྱའོ། །དེ་ནས་ཡང་དག་པའི་སློབ་དཔོན་གྱི་གདམས་ངག་ལས་རྡོ་རྗེ་ཐོད་པའི་སྦྱོར་བས་ཁྲོ་བོ་བཅུ་བསྒོམ་པར་བྱ་སྟེ། དེ་ལ ་ཤར་ལ་སོགས་པའི་ཕྱོགས་བཞིར་གཤིན་རྗེ་གཤེད་པོ་དང། ཤེས་རབ་མཐར་བྱེད་དང། པདྨ་མཐར་བྱེད་དང། བགེགས་མཐར་བྱེད་དང་བཞི་ནི་ནག་པོ་དང། དཀར་པོ་དང། དམར་པོ་དང། སྔོན་པོའི་རིམ་པས་སོ། །རྡོ་རྗེའི་ཐོ་བ་དང། བེ ་ཅོན?་དཀར་པོ་དང། ཆུ་སྐྱེས་དམར་པོ་དང། རྡོ་རྗེ་ནག་པོ་ཕྱག་གིས་འཛིན་བའོ། །དེ་རྣམས་ཀྱང་སྦོམ་ལ་ཐུང་བ། གསུས་པ་འཕྱང་བ། ཁྲོ་བ་དང་བཅས་པ། སྤྲུལ་གྱིས་ཆུན་པོ་བརྒྱད་ཀྱིས་བརྒྱན་པ། སྐྱ་སེར་པོ་གྱེན་དུ་བརྫེས་པ། སྤྱན་དམར་ལ ་ཟླུམ་པ། རྣམ་པར་སྣང་མཛད་དང། མི་བསྐྱོད་པ་དང། སྣང་བ་མཛའ་ཡས་དང། དོན་ཡོད་གྲུབ་པ་དང། བཞིས་དབུ་རྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན་ནོ། །དེ་བཞིན་དུ་མའི་མཚམས་དང། འདི་ན?་བྲལ་གྱི་མཚམས་དང། རླུང་གི ་མཚམས་དང། དཔལ་ལྡན་གྱི་མཚམས་དང་གཞིར་འདོད་པའི་རྒྱལ་པོ་དང། དབྱུག་སྔོན་ཅན་དང། སྟོབས་པོ་ཆེ་དང། མི་གཡོ་མགོན་པོ། །དེ་རྣམས་ཀྱང་ཁ་དོག་ནག་པོ་ལྕགས་ཀྱུ་དང། དབྱུག་ཐོ་དང། རྩེ་གསུམ་དང། རལ་གྲི་ཕྱག་གིས ་འཛིན་པའོ། །འདོད་པའི་རྒྱལ་པོ་དང། མི་གཡོ་མགོན་པོ་དང་གཉིས་ནི་ན་བཟའ་བཟང་པོ་རིན་པོ་ཆེ་ལ་སོགས་པས་བརྒྱན་པ། རིན་པོ་ཆེའི་དབུ་རྒྱན་ཅན་ནོ། །དབྱུག་ཐོ་ཅན་དང། །སྟོབས་པོ་ཆེ་གཉིས་ནི། གཤིན་རྗེ་གཤེད་བོ་དང་འདྲ་བ་ཤིན་ཏུ་འཇིགས? ་པའོ། །འོག་ཏུ་གནོད་མཛེས་རྒྱལ་པོ་ནི་ཐོ་བ་ནག་པོ་ཕྱག་གིས་འཛིན་པ་རིན་པོ་ཆེས་དབུ་བརྒྱན་པའོ། །སྟེང་གི་རྩིབས་ལ་ཡང་གཙུག་ཏོར་འཁོར་ལོ་སྒྱུར་བ་སེར་པོ་རིན་པོ་ཆེས་དབུ་བརྒྱན་པ་འཁོར་ལོ་སེར་པོ་བསྣམས་པ། རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན ་པའོ། །འདོད་པའི་རྒྱལ་པོ་ལ་སོགས་པ་ལྔ་ནི་མི་བསྐྱོད་པས་དབུ་བརྒྱན་པའོ། །དེ་དག་ནི་ཁྲོ་བོ་བཅུ་སྟེ། སྣ་ཚོགས་པདྨའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ལ་ཞབས་དགྲད་ནས་གནས་པ། གཡོན་པའི་སྡིགས་མཛུབ་སྙིང་གར་བསྒྲེང་བ། སྦྲུལ་བྱིས་ཞགས་པ ་སོགས་པའོ། །དེ་ལྟར་བསྲུང་པའི་འཁོར་ལོ་བྱས་ནས་དེའི་དཀྱིལ་ན་རྡོ་རྗེ་ཧཱུཾ་མཛད་ཞུ་བ་ལས་འབྱུང་བ་ཆེན་པོ་ནམ་མཁའ་ཆེན་པོ་ཆོས་འབྱུང་གྲུ་གསུམ་པ་རྡོ་རྗེ་འཛིན་པ་ཆེན་པོའི་རང་བཞིན་སྟོན་གའི་རི་བོང་ཅན་ལྟར་དཀར་བ་ཞབས་ཕྲ་བ་ཁ་ཡོངས་པ་ཟུར་གསུམ ་པ་ཟུར་དོད་པ་དེ་ལྟར་བསམ་བར་བྱའོ། །དེའི་དཀྱིལ་དུ་སྣ་ཚོགས་པདྨ། དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ་ཆེན་པོ་རྩེ་མོ་བཅུ་གཉེས་པ། ཤར་གྱི་རྩེ་མོ་གསུམ་ནི་དཀར་བ་ལྷོའི་གསུམ་ནི་སེར་བ། ནུབ་ཀྱི་གསུམ་ནི་དམར་བ། བྱང་གི་གསུམ་ནི་ལྗང་གུ། དབུས་སྔོན་པོ ་བསམ་པར་བྱའོ། །དེའི་སྟེང་དུ་ཡ་ལས་སྐྱེས་པའི་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་འདྲ་བ་སྔོན་པོ་བདན་གཡོ་བ་གཉིས་ཀྱི་མཚན་པའོ། །དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་ལ་རི་གྱིས་མཚན་པའོ། །དེའི་སྟེང་དུ་སཾ་ལས ་སྐྱེས་པའི་ཆུའི་དཀྱིལ་འཁོར་དཀར་བ་ཟླུམ་པོ་བི་གྱིས?་མཚན་པའོ། །དེའི་སྟེང་དུ་ཡཾ་ལས་སྐྱེས་པའི་སའི་དཀྱིལ་འཁོར་གྲུ་བཞི་པ་སེར་པོ་ཟུར་ལ་རྡོ་རྗེ་རྩེ་གསུམ་བས་མཚན་པའོ། །དེའི་དཀྱིལ་དུ་སྣ་ཚོགས་རྡོ་རྗེ་ལ་རྟེན་འབྲེལ་ལས་སྐྱེས་པའི་སེམས་ཙན ་འབྱུང་བ་ཆེན་པོ་བཞི་ཞུ་བ་ལས་སྐྱེས་པ་ཤིན་ཏུ་རྣམ་པར་དག་པའི་སངས་རྒྱས་ཀྱི་ཞིང་འདུས་བ་ཆེན་པོའི་གཞལ་ཡས་ཁང་རྣམ་པར་སྣང་མཛད་ཀྱི་རང་བཞིན་སྣ་ཚོགས་པའི་རིན་པོ་ཆེ་བཞིའི་རང་བཞིན་གྱི་གཞལ་ཡས་ཁང་གྲུ ་བཞི་པ། སྒོ་བཞི་བ། ཀ་བ་བརྒྱད་གྱིས་ཉེ་བར་བརྒྱན་བ། ཟུར་བཞི་པ། རྟ་བབས་བཞིས་རྣམ་པྲ་སྤྲས་པ། ལྷ་མོ་སེར་མོ་བི་ཝང་བརྡུང་བ་དང། ལྷ་མོ་དམར་མོ་གླིང་བུ་འབུད་པ་དང། ཌ་མ་རུ་བརྡུང་བ་ལྷ་མོ་དུ་བའི་མདོག་ཅན་མ?། ལྷ་མོ་དཀར་མ་རྡོ? ་བོ་ཆེ་བརྡུང་བ་དང། ལྷ་མོ་སེར་མོ་མེ་ཏོག་གི་ཕྲེང་བ་ཐོགས་པ། ལྷ་མོ་དམར་མོ་འགྱིང་བག་ཅན། ལྷ་མོ་གླུ་མ་སྐུ་མདོག་དམར་སེར་མ། ལྷ་མོ་གར་མ་ཁ་དོག་སྣ་ཚོགས་པ། ལྷ་མོ་མེ་ཏོག་མ་དཀར་མོ། །ལྷ་མོ་སྤོས་མེ་མ་ནག་མོ། ལྷ་མོ་མར་མེ ་མ་དམར་མོ། །ལྷ་མོ་དྲི་ཆབ་མ་སེར་མོ། །གཟུགས་ཀྱི་ལྷ་མོ་དཀར་མོ་དང། རོའི་ལྷ་མོ་དམར་མེ་དང། རེག་བྱའི་ལྷ་མོ་ལྗང་གུ་དང། ཆོས་ཀྱི་ལྷ་མོ་སྟེ། དེ་ལྟར་བཅུ་དྲུག་ནི་ཟླ་བ་ཕྱད་པའི་ཐིག་ལེ་ཅན། རང་རང་གི་ས་བོན་ལས་གྲུབ་བ། མིག་དང ་གཟུགས་ཐ་དད་པར་བཞུགས་བ། རྩ་པ་ལ་སོགས་བའི་སྒོའི་འགྲམ་དུ་མཆོད་བའི་ལྷ་མོ་རྣམས་ཀྱིས་བརྒྱན་བ་སྟེ། དེ་ལྟར་རིམ་པས་གཡས་སྐོར་དུ་གཉིས་གཉིས་གནས་སོ། །དྲ་བ་དང་དྲ་བ་བྱེད་པ་དང། པུ་ཤུ་དང། མེ་ཏོག་གི་ཕྲེང་བ་དང ་?་དང་།མེ་ལོང་དང། རྔ་ཡབ་?་སོགས་བས་མཛེས་པར་བརྒྱན་བ། རྡོ་རྗེའི་ཕྲེང་བའི་འོད་ཟེར་གསལ་བ་སངས་རྒྱས་མང་པོ་འཕྲོ་བ་ལ་སོགས་པ་སྣ་ཚོགས་གཡོ་བའི་རྩེ་ལ་དྲིལ་བུ་འཁྲོལ་བ། འདོད་བའི་ཡོན་ཏན་ལྔས་བརྒྱན་པ། ་ཡིད་དུ་འོང་བའི་གཞལ་ཡས་ཁང་ལ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ་བསམ་བར་བྱའོ། །དེ་ལ་ཤར་གྱི་དུར་ཁྲོད་ཆེན་པོ་ནི་གཏུམ་དྲག་ཅེས་བྱ་སྟེ། ཤིར་ཥིའི་ཤིང་ལ་ལྷ་གླང་པོ་ཚེའི་མགོ་པོ་ཅན་སེར་པོ། །བརྒྱ་བྱིན་སེར་པོ། ཀླུ་བ་སུ་ཀ?་སེར ་པོ། །སྤྲིན?་སྒྲ་སྒྲོགས་ཞེས་བྱ་བ་སྟེ་སྔོན་པོའོ། །མེའི་མཚམས་ཀྱི་དུག་འོད?་ཆེན་པོ་ནི་ཧ་ཧ་ནོར་ཅེ་བྱ་སྟེ། ཤིང་ཀ་རཉྫ་ལ་ལྷ་རའི་གདོད་པ་ཅན་མེ་ལྷ་དམར་པོ། །དེར་ཀླུ་པདྨ་ཆེན་པོ་ལྗང་གུ། སྤྲིན་འཁྲིགས་བ་ཞེས་བྱ་སྟེ། མདོག་དམར་པོའོ། །?་དུར་ཁྲོད་ནི་འཇིགS ་སྡེ་ཞེས་བྱ་སྟེ། ཤེད་ཨ་མྲ་ཞེས་བྱ་བ་ལ་ལྷ་མ་ཧེའི་མགོ་བོ་ཅན་གཤིན་རྗེ་ནག་པོ། དེར་པདྨ་དཀར་པོ་དང། སྒྲིན་འཁྱིལ་པ་ཞེས་བྱ་བ་མདོག་སེར་པོ། བདེན་བྲལ་གྱི་དུར་ཁྲོད་ནི་འཇིགས་པ་ཞེས་བྱ་སྟེ། པ་ཀ་ཏའི་ཤིང་ལ་ལྷ་རའི་གདོད་པ་ཅན། བདེན་བྲལ ་ནག་པོ། །གླུ་མཛའ་ལས་སྐྱའོ་དང། སྦྲིན་གང་བ་སེར་བོའོ། །ནུབ་ཀྱི་དུར་ཁྲོད་ནི་འབར་པ་འཁྲིགས་བ་ཞེས་བྱ་སྟེ། ཤིང་ནི་ཨ་ཤྭ་ཀ་ཁ་ལྷ་ཆུ་སྲིན་གྱི་མགོ་བོ་ཅན་སེར་བོ་ཆུ་ལྷ་དཀར་པོ། །དེར་ཀླུ་རྐོཀོ?་ཊ་དམར་པོ་སྦྲིན་དྲག་པོ་དཀར་པོའོ། །རླུང་གི་མཚམས་གྱི་དུར་ཁྲོད ་ནི་མུན་ནག་འཇིགས་བ་ཞེས་བྱ་སྟེ། ཨརྫུ་ནའི་ཤིང་ལ་ལྷ་རི་དགས་ཀྱི་གདོད་པ་ཅན་དཀར་བོ། རླུང་གི་ལྷ་སྔོ?་།དེར་ཀླུ་རིགས་ལྡན་ཁྲའོ། །སྤྲིན་ཆར་འབེབས་ལྗང་གུའོ། །བྱང་གི་དུར་ཁྲོད་ནི་ཚད་ཆིང་ཅན་འཇིགས་སུ་རུང་བ་སྟེ། བྱང་ཆུབ་ཀྱི་ཤིང་ལ་ལྷ་མིའི? ་གདོད་བཅན། གནོད་སྦྱིན་སེར་པོ། དང་ཀླུ་འཇོག་པོ་ནག་པོ། སྤྲིན་རྨུགས་པ་དཀར་པོའོ། །དབང་ལྡན་གྱི་དུར་ཁྲོད་ནི་དཔལ་གྱི་ནགས་ཞེས་བྱ་བ་སྟེ། ཤིང་ནི་བོདྷི་བྲིཀྵ་ལ་ལྷ་ཁྱ་མཆོག་གི་གདོད་པ་ཅན། ལྷ་ཆེན་པོ་དཀར་པོ། ཀླུ་དུང་སྐྱོང་སེར་པོ། སྦྱིན་གཏུམ ་དག་མདོགས་ཚོགས་བའོ། །དུར་ཁྲོད་ཆེན་པོ་ནི་མཆོད་རྟེན་དུ་བལྟ་བར་བྱའོ། །དེ་ལྟར་བསམ་པར་བྱའོ། །དེ་ལྟར་བརྒྱ་བྱིན་ལ་སོགས་པ་བརྒྱད་ནི་རོ་སྟོང་ཅན་ཏེ། གཡོན་བ་རྣམས་ཀྱིས་ཐོད་བ་བསྣམས་བ། གཡས་ཀྱི་གཏོར་མ་འཛིན་པའོ། །དེ་ལྟར ་ཤིང་ཆེན་པོ་ནི་བརྒྱད་དོ། །གཞན་དག་ནི་ཤིང་སྣ་ཚོགས་པ་སྟེ་དཔག་ཏུ་མེད་དོ། །ཕོ་རོག་དང། འུག་པ་དང། བྱ་དཀར་དང། འབྲི་ཏ་དང། ཁྱི་དང། སྤྱང་ཀི་དང། སྦྱད?་མོ་དང། ཁྲ་དང། ཁྲ་མོ་དང་།སེང་གེ་དང། ཕག་པ་དང། སྟག་ལ་སོགས། ་བའི་འཇིགས་པ་དང། སྤྲུལ་ཐམས་ཅད་དང། གླང་སྦྲུལ་དང། དུམ་བུ་བྷ་མ་གརྟི་བྷ་ཤིན་ཏུ་འཇིགས་པར་བྱེད་པ། ཀེང་རུས་དང། གསལ་ཤིང་དང་།རོ་འཕྱང་བ་དང། མགོ་ཚད་པའི་ལུས་པོ་དང། ཐོང་བ་དང་།པུས་མོ་དང། ་མགོ་མེད་པའི་ལུས་པོ་དང། ལག་པ་དང། མགོ་བོ་དང། འཇིགས་པ་སྣ་ཚོགས་པའོ། །དངོས་གྲུབ་ཅན་ལ་སོགས་པ་ལྷ་མང་བོ་དང། དམ་ཚིག་གི་བདག་ཉིད་རྣལ་འབྱོར་མ་རྣམས་འདུ་བའི་ཚོགས་གནོད་སྦྱིན་དང། སྲིན་པོ་དང། ཡི་དགས་སྲོག ་གཅོད་པ་ལ་སོགས་པ་རྒྱུ་བར་གནས་པའོ། །བདག་ལ་དགའ་བ་ཆོ་འཕྲུལ་སྣ་ཚོགས་སྟོན་བ། སྒྲ་ཆེན་པོ་སྒྲོགས་པའི་དུར་ཁྲོད་ཆེན་པོའོ། །དེའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་འཇིགས་པའི་བདུད་བཞི་གན་བརྒྱལ་དུ་འདུག་པར་བལྟའོ ་ཕུང་པོའི་བདུད་ཚངས་པ་དང། ཉོན་མོངས་པའི་བདུད་ཁྱབ་འཇུག་དང། ལྷའི་བུའི་བདུད་བརྒྱ་བྱིན་དང། འཆི་བདག་གི་བདུད་དབང་ཕྱུག་ཆེན་པོའོ། །བདུད་བཞིའི་སྙིང་གར་ཉི་མས་མནན་པ་བསམ་པར་བྱའོ། །ཤར་ལ་སོགས་པ་བཞིར་ཚངས་པ་ལ ་སོགས་པ་མནན་པའོ། །དབང་ལྡན་ལ་སོགས་པ་བཤད་གཤིན་རྗེ་དང། གནོད་སྦྱིན་དང། ལྷ་མ་ཡིན་དང། སྲིན་པོའོ། །དེ་བརྒྱད་ཀྱི་སྙིང་གར་ཟླ་བས་མནན་པའོ། །དེ་དག་ཐམས་ཅད་གཞལ་ཡས་ཁང་གྲུབ་པའི་རྗེས་སུ་བསམ་མོ། །དེར་ཨཱ་ལི་བཅུ ་དྲུག་ཉིས་འགྱུར་དུ་བྱས་པ་ལས་ཟླ་བའི་དཀྱིལ་འཁོར་ཤེས་རབ་ཀྱི་གཟུགས་ཀྱི་རང་བཞིན་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེའི་སྟེང་དུ་ཀཱ་ལི་སུམ་ཅུ་རྩ་བཞི་ཌཧ་ཌ་དྷ་ད་ཡ་དེ་ལྟར་དྲུག་གིས་བཞི་བཅུའོ། །དེ་དག་ཉིས་འགྱུར་དུ་བྱས་པ་ལས་ཉི་མའི་དཀྱིལ ་འཁོར་ཐབས་ཀྱི་རང་བཞིན་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་གཉིས་ཁ་སྦྱོར་བའི་དབུས་སུ་ཧཱུཾ་དང་ཨཾ་གཉིས་འོད་དུ་ཞུ་བ་ལས་གྲི་གུག་དང་ཐོད་པ་སྦྱར་?་རང་གིས་ས་བློ?་གྱི?་མཚན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །ས་བོན་གཉིས་ལས་འོད ་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་གསལ་བར་བྱས་ནས་དེ་རྣམས་ཀྱི་འོད་ཟེར་གྱིས་བཀུག་ནས་སླར་ཡང་རང་ལ་ཐིམ་སྟེ། ཐམས་ཅད་གཅིག་ཏུ་གྱུར་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །དེའི་ཐོག་ཏུ་བཟླ་བ་དང། ཉི་མ་དང། ས་བོན་དང། ཕྱག ་མཚན་རྣམས་ཡོངས་སུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་དང་ཕྱག་མཚན་པོ་གནས་འབྱུང་བ་ལྟ་བུའི་དཔལ་ཀྱེ་རྡོ་རྗེའི་གཟུགས་སུ་ལངས་ཏེ། རྒྱུའི་རྡོ་རྗེ་འཛིན་གྱི་རང་བཞིན་བདག་མེད་མ་ཡིས་ལྷག་ནས་འཁྱུད་པ། ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་བསམ་པར་བྱའོ། །ཡེ་ཤེས་ལྔའི་བྱང་ཆུབ་བའི་རྣམ་པའོ། །དེ་ནས་ཨོཾ་པདྨ་སུ་ཁ་དྷར་མཧཱ་?་སུ། པ་ད?་ཏུནཱ་ནནད་བྷ་གེ་བི་སྭཱ། ཧཱུཾ་ཧཱུཾ་ཧཱུམ་ཀ་རྱཾ་ཀུ་རུ་ལ་མེ། ཨོཾ་བཛྲ་མཧཱ་དྭེ་ཥ་ཙ་ཏུ་རཱ་ནནད་ད་ཡ་ཁ་ག་མུ་ཁེ་ཀ་ར་སོ་དྲཱ?་ཐ་ཧཱུཾ་ཧཱུཾ ་ཧཱུཾ་ཀརྱཾ?་ཀུ་རུ་ལ་མེ་ཞེས་པདྨ་དང་རྡོ་རྗེ་བྱིན་གྱིས་བརླབས་བར་བྱའོ། །ོཾ་སདྭ་ཏ་ཐཱ་ག་ཏཱ་ནུརཱ་ག་ཎ་བཛྲས་བྷ་བ་ཨཱཏྨ་ཀོ་ཧཾ། དེ་མ་ཐག་ཏུ་རྗེས་སུ་ཆགས་པར་བྱའོ། །སྦྱར་བ་དང་པོ་བཤད་པའོ། །དེ་ལྟར་ལས་ཀྱི་ཕྱག་རྒྱའི་རིམ་པའོ། །དེ་ནས་བཅོམ་ལྡན ་འདས་ཀྱི་ཐུགས་ཀར་ཧཱུཾ་།བཅོམ་ལྡན་འདས་མའི་ཐུགས་ཀར་ཨོཾ་གྱི་ས་བོན་བལྟས་ནས་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ནས་སྙིང་གའི་ས་བོན་ལ་ཐམ། དེ་རྣམས་འོད་དུ་ཞུ་བ་ལས་ཤར ་ཕྱོགས་ལ་སོགས་བར་ཚངས་པའི་གདན་གནས་པའི་སྟེང་དུ་ཟླ་བ་དང་ཉི་མ། བསྒོར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཞུ་ནས་ཕྱིར་འཕྲོས་པ་དང་རིམ་པ་ཇི་ལྟ་བ་བཞིན་དུ་གཾ་ཙཾ་བཾ་གྷཾ་པཾ་ཤཾ་ཡཾ་ཊཾ་ཞེS་བྱ་བའི་ས་བོན་བརྒྱད་བསམ་མོ། །དེ་རྣམས་ཡོངས་སུ ་གྱུར་པ་ལས་གྲི་གུག་དང། ཅང་ཏེའུ་དང། རུ་སྦལ་དང། སྦྲུལ་དང། སེངྒེ་དང། དགེ་སློང་དང་འཁོར་ལོ་དང། རྡོ་རྗེ་རྣམས་བསམ་མོ། །དེའི་སྟེང་དུ་སྡེ་ས་བོན་གྱི་ཡི་གེ་རྣམས་སོ། །ཟླ་བ་དང། ཉི་མ་དང། ཕྱག་མཚན་ལ་སོགས་པ་ཞུ་ནས་སྡོན་དང་འདྲ ་བའི་ཡེ་ཤེས་སེམས་དཔའ་ཨི་བའི་མངོན་བར་བྱང་ཆུབ་བ་ལས་གཽ་རཱི་ལ་སོགས་པ་བསྒོམ་པར་བྱ་སྟེ། དེ་ལ་ཤར་སྒོར་གི་གི་ཡི་གེ་ལས་སྐྱེས་པའི་གཾ་རཱུ་དཀར་མོ་མདོ་གནག་མོ། །ཕྱག་གཡས་པ་ནི་གྲི་གུབ?། །གཡོན་མ་དེ་?་ཏ་ཚངས ་བ་མནན་པ། གཟུགས་ཀྱི་ཕུང་པོའི་རང་བཞིན་དགོང་ངོ། །ལྷའི་སྒོ་ལ་?་ཀི་ཡི་གེ་ལས་སྐྱེས་པ་ཙོ་རཱ་དམར་མ་ཕྱག་གཡས་ན་ཅང་ཏེའུ། གཡོན་བའི་ལ། དབང་པོ་མནན་པ་ཚོར་བའི་ཕུང་པོའི་རང་བཞིན་ཅན་ནོ། །ན?་ཀྱི་སྒོར་པམ་གི་རྣམ་པ ་ལས་སྐྱེས་བ་བེ?་ལ་གསེར་བཅོམ་ལྟ་བུ་ཕྱག་གཡས་ན་རུགས། གཡོན་ན་པདྨའི་སྣོད་ཉེ་དབང་མནན་པ་འདུ་ཤེས་ཀྱི་ཕུང་པོའི་རང་བཞིན་ནོ། །བྱང་གི་སྐོར་ཁསྨ་རཱཾ་གྷེ་ཡི་རྣམ་པ་ལེས་སྐྱེས་པ་ལྗང་གུ་ཕྱག་གཡས་སེན་སྦྲུལ། གཡོན་ན་?་པ། ་དྲག་པོ་མནན?་པའི་དུ་བྱེད་ཀྱི་ཕུང་པོའི་རང་བཞིན་ནོ། །དབང་ལྡན་གྱི་མཚམས་པུ་པུཀྐ་སཱི་སྡོམ་མོ་པཾ་གི་རྣམ་པ་ལས་སྐྱེས་བ་ཕྱག་གཡས་ན་སེང་གེ་།གཡོན་ན་དགྲ་སྟེ། གཤིན་?མནན་པས་ཁམས་ཀྱི་རང་བཞིན་བསམ་མོ། །མེའི ་མཚན་ས་སུ་ཤ་བའི་ཤཾ་གི་རྣམ་པ་ལས་སྐྱེ་བ་?་ཁ་དོག་དཀར་པོ་ཕྱག་གཡས་ན་དག་སློང། གཡོན་ན་གསིལ་བྱེད། །གཤིན་རྗེ་མནན་པ་ཆུའི་ཁམས་ཀྱི་རང་བཞིན་བསམ་མོ། །བདེན་བྲལ་དུ་གཏུམ་མ་ལཾ་ཡིག་གིས་རྣམ་པ་ལས་སྐྱེས ་བསྟོས་མོ་ཕྱག་གཡས་ན་འཁོར་ལོ། །གཡོན་ན་ཐོད་བ། སྲིན་པོ་མནན་པ་མེའི་ཁམས་ཀྱི་རང་བཞིན་བསྒོམ་མོ། །རླུང་གི་མཚམས་སུ་ཌི་བ་ནི་ཌཾ་གི་རྣམ་པ་སྐྱེས་པ་ཁ་དོག་སྣ་ཚོགས་པ་ཕྱག་གཡས་ན?་རྡོ་རྗེ་གཡོན་ན་སྡིགས ་མགུ་?་?་བཟངས་རིལ་མནན་པ་རླུང་གི་ཁམས་ཀྱི་རང་བཞིན་བསྒོམ་མོ། །དེ་རྣམས་ཐམས་ཅད་ཅ་སྦྱན་ཟླུམ་ཞིང་དམར་བོ་གསུམ་པ་སྐྱིལ་ཀྲུང་ཕྱེད་བའི་གར་གྱིས་བཞུགས་པ། སྒྲ?་སེར་པོ་གྱན་དུ་བརྫེས་པ། ཞབས་གཉིས་པ ་ཕྱག་རྒྱ་ལྔ་དང་ལྡན་ག?་ཟླ་བའི་གདན་ལ་བཞུགས་པ། གང་དགུའི་རོ་དང་ལྡན་པ། མཆེ་བ་གཙིགས་པ། གཅེར་བུ་མ། བྱང་ཆུབ་ཀྱི་སེམས་འཕྲོ་བ་ལས་བྱུང་བ་ཡང་དག་པར་བསྒོམ་མོ། །དེ་ནས་ཨོཾ་ཨཱ(རྒྱུད་འགྲེལ་ཀྱི་མཚན་པ་མཛའ་མ་བརྙེན་པ་དྲི་ཟའི་གྲོད་ཁྱེར་དང་འདྲ་བ་མཐོང་བ་ལས་རྗེས་སུ་ནགས་པས་བཅོམ་ལྡན་འདས་ཀྱི་ཞི་བ་དུ་ཞགས་ནས། རྡོ་རྗེའི་ལམ་ནས་བྱང་ནས་ལྷ་མོའི་དཀྱིལ་འཁོར་དུ་ཞུགས་ཏེ། དེ་ལྟ་བུའི་རང་བཞིན་བསྒོམ་མོ། །དེའི ་རྗེས་སུ་བཅོམ་ལྡན་འདས་ཤིན་ཏུ་བདེ་བ་ཆེན་བོར་རོ་གཅིག་པས་རང་གི་རིག་མ་དང་ལྷན་ཅིག་ཞུ་བར་གྱུར་པ་ལས་རང་གི་ས་བོན་གྱི་གཟུགས་ཀྱི་རྣམ་པར་གནས་པར་བསམ་མོ། །དེ་ནས་པུཀྐ་སྭཱ་ལ་སོགས་བའི་ལྷ་མོ་བཞི་བོ་རྣམས་རང་རང་གི ་མགོན་མེད་པར་ཤེས་ནེས་ཡིད་སྡུག་བསྔལ་ཆེན་པོར་གྱུར་ཏེ། ?་འདོད་པའི་སེམས་དང་རབ་ཏུ་སང་བར་འདོད་པ་རྣམས་ཀྱིས་རྡོ་རྗེའི་གླས་བསྐུལ་བས་བཅོམ་ལྡན་འདས་བཞེངས་སུ་གསོལ་བ། རྗེ་བཙུན་སྙིང་རྗེའི་ཡིད་བཞེངས་ཤིག་།པུཀྐ་སཱ་ནཱི་བདག་ལ། ་སྐྱོབས། །སྟོང་པའི་རང་བཞིན་ཉིད་སྤོངས་པ། །བདག་ལ་བར་ཆེན་སྐྱོར་བར་མཛོད། །ཁྱོད་མེད་མིན་བདག་?་པས། །ཀྱེ་ཡི་རྡོ་རྗེ་ཁྱོད་བཞེངས་ཤིག་།སྟོང་པའི་རང་བཞིན་ཉིད་སྤོངས་ལ། །ས་བར་འབྲས་ཀྲུབ་པར་མཛོད། །དགའ་གཙེ་འཇིག་རྟེན་མགྲོན ་རྩོ?་ཉེར་བ། །སྟོང་པ་ཉིད་ལ་བཞགས་?་ཇི། །ཁྱོད་མེད་ཕྱོགས་ནི?་ཅི་འཚལ་བས། །གདམ་མོ་བདག་ནི་ཞུ་བར་གྱིད། །བདག་གིས་ཁྱོ་ཀྱིས་ཐུགས་འཚལ་གྱིས། །རིགས་འཕྲུལ་མངའ་བ་ཁྱེད་བཞེངས་ཤིག། ཌེ་བ་བདག་ནི་དྲན་ཉམས་པས། །སྙིང་རྗེ་རྒྱུན ་ཆད་མ་མཛད་ཅིག། རྩད་རེ་ཁོ་ན་ཉིད་རྩིག་ཁམས་ཀྱིས་བསྐུལ་བས་རྨི་ལམ་རབ་ཏུ་སད་བ་ལྟར་བཅོམ་ལྡན་འདས་རབ་ཏུ་བཞེངས་ནས་བདུད་རྩིར་ཞུ་བར་གྱུར་པ་ལས་ཟླ་བའི་གཟུགས་སོ། །དེའི་སྟེང་དུ་ས་བོན་གཉིས་ཀྱུར་པཱི་ཕྱག་མཚ?་དེ་ཡང་ཧཱུཾ་དང་ཨཾ་གིས ་མཚན་པའོ། །དེ་ནས་ཉི་མའི་དཀྱིལ་འཁོར་དང་བཅས་པ་གཅིག་ཏུ་གྱུར་ནས། ཨོཾ་གྱི་རྣམ་པ་ལས་བྱུང་བ་བདག་མེད་མ་ལ་སྙོམས་པར་ཐུགས་པས། ཧཱུཾ?་ལས་སྐྱེས་བའི་བཅོམ་ལྡན་འདས་ཀྱིས་བདག་ཉིད་འབྲས་བུ་སྡེ?་རྡོ་རྗེ་ཞབས ་བརྐྱང་བསྐུམས་སུ་བཞུགས་པ་།ལྟ་དང་ལྷ་མ་ཡིན་བ་བསྡིགས་བས་ཁྲོས་པ་ཐོད་བ་ལྔས་དབུ་བརྒྱན་པ། །གཞོན་ནུ་ལོ་བཅུ་དྲུག་ལོན་པ་དང་འདྲ་བ། ཞབས་བཞིས་བདུད་བཞི?་མཚན་པ། མགོ་བོ་རླན་པ་ལྔ་བཅུའི་ཕྲེང་བཅན། སྤྱི་བོར་སྣ་ཚོགས་རྡོ་རྗེ ་ནག་པོས་མནན་གཉི་མའི་འོད་ལྟ་བུར་འབར་བཞལ་ནས་ཧཱུཾ་གི་སྨཱ?་སྒྲོགས་བ?། ལུས་ལ་ཐ་ཐ?་འབྱུགས་བ་།ཞལ་བསྒྱད་བརྩེ་པའི་ཞལ་ནག་པོ་ཆེན་པོ་།གཡས་ནི་དཀར་བ། ཡང་གཡས་པ་གཉིས་ནི་ནག་པོའོ། །གཡོན་དམར་བའི། །ཡང་གཡོན ་པའི་ཞལ་གཉིས་ནག་པོའོ། །སྟེང་གི་ཞལ་ནི་དུང་བའི་མདོག་གོ། མཚབ་གཙིགས་པ། སོ་སོའི་ཞལ་སྤྱན་དམར་པོ་གསུམ་གསུམ་མངའ་བ། མཆེ་བ་ཅུང་ཟད་གཙིགས་བསྒེག་པ་དང། དཔའ་བ་དང། དྲག་ཤུལ་དང། ཁྲོ་བ་དང། རྒོད་པ་དད། ་འཇིགས་པ་དང། སྙིང་རྗེ་དང། དམ?་བ་དང། ཞི་བ་སྟེ། གར་གྱི་རོ་དགུའི་ཚུལ་དུ་ཞུགས་པ། སྐྲ་སེར་པོ་གྱེ་མདུ?་འཁྱིལ་བ། ཕྱག་རྒྱ་དྲུག་གིས་བརྒྱན་པ། སྐྱིལ་ཀྲུང་ཕྱེད་བའི་གར་གྱིས་ཉི་མའི་དཀྱིལ་འཁོར་ལ་བཞུགས་པ། ཕྱག་བཅུ་དྲུག་པུ། ་གཡས་ཀྱི་ཕྱག་བརྒྱད་དུ་ཇ་པོ་ཆེ་དང། རྟ་དང། བོང་དུ་དང། གླ་བ་དང། རྔ་མོ་དང། མི་དང། སེང་གེ་དང། བྱ་ལ་སྟེ། ཐོང་བའི་སྣོད་བརྒྱད་དུ་གླང་པོ་ཆེ་ལ་སོགས་པ་རིམ་པ་ཇི་ལྟ་བ་བཞིན་ནོ། །ས་དང་ཆུ་དང། མེ་དང་།རླུང་དང། ཟླ་བ་དང། ཉི་མ ་དང། གཤིན་?་དང། གནོད་བྱིན་ཏ་ད་ལྟ་བུའི་རྣམ་པ་བསམ་མི། བདག་མེད་མ་ལ་སོགས་བ་ནི་ཞབས་གཉིས་ཕྱག་གཉིས་མ། ཞལ་གཅིག་མ་ནག་མོ་སྤྱན་གསུམ་དམ་པ་ཞིང་ཟླུམ་པ། །ཕྱག་རྒྱ་ལྔ་འཛིན་མ། གཅིར་བུ་མ། སྐྲ་སེར་པོ་བྱེད་དུ ་འཁྱིལ་པ། །ཐོད་པ་ལྔས་དབུ་བརྒྱན་བ། མགོ་བོ་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། ཕྱག་གཡས་ན་གྲི་གུག། གཡོན་ན་ཐོད་པ། བཅོམ་ལྡན་འདས་ལ་ཕྱག་གཉིས་ཀྱིས་འཁྱུད་པ། བཅོམ་ལྡན་འདས་ཀྱི་མ་མཆུའི་རོ་མྱང་བ་བསམ་པར་བྱའོ། །དེ་ནས་བཅོམ་ལྡན ་འདས་ཀྱི་ཐུགས་ཀར་པདྨ་།དེའི་སྟེང་དུ་ཉི་མ་།དེའི་སྟེང་དུ་ཧཱུཾ་སྔོན་བོའོ། །བདག་མེད་མའི་ཐུགས་ཀར་པདྨའི་སྟེང་ན་ཟླ་བ། དེའི་དཀྱིལ་ན་ཨ་ལས་བྱུང་བའི་གྲི་གུག། ཡུ་བ་ལ་ཟླ་བ། དེའི་སྟེང་དུ་ཨོཾ་བསམ་པར་བྱའོ། །རྣལ་འབྱོར་མ་བརྒྱད་ཀྱི་ཐུགས་ཀར ་ཡང་པདྨ། དེའི་སྟེང་དུ་བྱ་བ། དེའི་སྟེང་དུ་རང་གི་ས་བོན། དེ་གྱུར་པ་ལས་ཕྱག་མཚན། དེ་ལ་ཡང་ཟླ་བཻ་སྟེང་དུ་ས་བོན་བསམ་པར་བྱའོ། །དེ་དག་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏོ། །དེ་ནས་དཀྱིལ་འཁོར་ཡོངས་སུ་བསྒྲུབས་ལ། ས་བོན ་དེ་རྣམས་ལས་ཕྱིར་འཕྲོས་ཏེ། ནམ་མཁའ་ཁྱབ་པར་སྤྲོས་ནས་དེ་དག་གསལ་བར་བྱས་ནས་རང་གི་སྙིང་གའི་ས་བོན་ལུས་འོད་ཟེར་ལྕགས་ཀྱུ་ལྟ་བུས་ཡེ་ཤེས་ཀྱི་འཁོར་ལོ་བཀུག་སྟེ། ཤར་ཕྱོགས་ཀྱི་ཉམ་མཁའ་བཞུགས་ནས་ཞལ་བརྒྱད་ཀྱི་ཧཱུཾ་གིས ་བགེགས་བསྐྲད་དེ། མཆོད་ཡོན་ལ་སོགས་པ་ཕུལ་ནས་ཡང་དག་པར་མཆོད་ཅིང་བསྟོད་ན། ཛ་ཧཱུཾ་བ་ཧོ:བསྐུལ་བས་གཽ་རཱི་ལ་སོགས་པ་རིམ་པ་ཇི་ལྟ་བས་དགུག་པ་དང། གཞུག་པ་དང། བཅིང་བ་དང། དགྱེས་པར་བྱས་ནས་དམ་ཚིག་གི་འཁོར ་ལོ་དང་ཡེ་ཤེས་ཀྱི་འཁོར་ལོ་གཉིས་ཆུ་ལ་ཆུ་བཞག་པ་བཞིན་གཅིག་ཏུ་གྱུར་པར་བསམ་མོ། །མིག་ལ་གཏི་མུག་རྡོ་རྗེ་མ། རྣ་བར་ཞེ་སྡང་རྡོ་རྗེ་མ། སྣ་ལ་སེར་སྣ་རྡོ་རྗེ་མ། ཁཱ་ལ་འདོད་ཆགས་རྡོ་རྗེ་མ། ལུས་ལ་ཕྲག་དོག་རྡོ་རྗེ་མ། །ཡིད་ལ་བདག ་མེད་རྣལ་འབྱོར་མ། དཀར་མོ་རྡོ་རྗེ་མ་དང། ནག་མོ་བདག་མེད་མ་དང། ?་མོ་ནང་གི་གཽ་རཱི་དང། དམར་མོ་རྡོ་རྗེ་ཆུ་མ་དང། ལྗང་གུ་རྡོ་རྗེ་མཁའ་འགྲོ་མའོ། །ཡང་ནག་མོ་ནི་བདག་མེད་མའོ། །དེ་རྣམས་རྡོ་རྗེ་མ་ལ་སོགས་པའི་མིང་བཞིའོ། ་གཏི་མུག་རྡོ་རྗེ་མ་ལ་སོགས་པ་རང་རང་གི་ས་བོན་རྣམས་ལས་བྱུང་བ་གོ་ཆས་དཔའ་བོ་དག་པའི། །དེ་ནས་ལུས་ངག་ཡིད་གསུམ་ལ་ཡི་གེ་ཨོཾ་ཨཱ:ཧཱུཾ་ལས་ས་སྤྱོད་མ་དང། མངའ་སྤྱོད་མ་དང། བདག་མེར་མ་རིགས་གསུམ་ལས ་བྱུང་བའོ། །དེ་དག་ཀྱང་ཕྱག་གཉིས་པ་གྲི་གུག་དང་ཐོད་པ་འཛིན་པ། སྤྱན་གསུམ་ཞལ་གཅིག་མ། རོའི་སྟེང་ན་ཟླ་བ་མནན་པ་བསམ་པར་བྱའོ། །རང་རང་ཤི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་སངས་རྒྱས་རྤཡན་དྲངས་ཏེ་ནམ་མཁའ་ལ་བཞུགS ་པ་ལྷ་མོ་བརྒྱད་རྣམས་ཀྱིས་རང་ཨདག་པར་གསོལ་བ་གདབ་བོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་བར་མ་ནང་དུ་གསོལ། །དེ་ནས་སངས་རྒྱས་དེ་རྣམས་ཀྱིས་ཧེ་རུ་ཀའི་གཟུགས་ཀྱིས་དེ་བཞིན་གཤེགས ་པ་ལྔའི་བདག་ཉིད་ཀྱིས་བདུད་རྩི་ལྔ་ཡི་དུ་མང་གང་?། འདི་ལྟར་སྣང་བ་ཐམས་ཅད་སྐྱེས་པ་ཙན་ན། དེ་བཞིན་ཆུ་ཡིས་?་བྱས་ལྟར། །དེ་བཞིན་གཤེགས་པས་དབང་མཛད་དེ། །དག་བ་བཟང་པོའི་ཆུས་དབང་བསྐུར་བ་ཞེས་བརྗོད་དེ ་དབང་སྐུར་ངོ། །དབང་བསྐུར་བའི་རྗེས་ལ་མེ་ཏོག་དང་གུར་ཀུམ་ཀྱི་ཆར་འབབ་པར་འགྱུར་རོ། །?་སྐྲ་བྱེད་དོ། །དབང་བསྐུར་པས་སྤྱི་བོར་རང་རང་གི་རིགས་ཀྱིས་བདག་པོས་མཚན་པར་འགྱུར་རོ། །དེ་ལ་བཅོམ་ལྡན་འདས་ཀྱིས་དབུལ་མི་བསྐྱོད ་བས་དབུ་བརྒྱན། །དེ་ལྟར་མ་བསྒྱོད་པ་དང། རྣམ་པར་སྡང་མཛད་དང། རིན་ཆེན་འབྱང་ལྡན་དང། སྣང་བ་མཛའ་ཡས་རྣམས་ཀྱིས་གཽ་རཱི་ལ་སོགས་པ་བཞི་ལ་དབུ་བརྒྱན་པ་ཞེ་སྡང་དང། གཏི་མུག་དང་སེར་སྣ་དང། འདོད་ཆགས ་སོ། །དུ་ཀྵ?་སྨི་ལ་སོགས་པའི་ཕྱག་རྒྱད་ཉིད་དོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཡ་བྷི་?་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀྲོ་ཧཾ་ཞེས་བརྗོད་པའི་སྔགས་བཟླས་སོ། །དེ་ནས་ཡཾ་ནག་པོ་ལས་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་རཾ་དམར་པོ་ལས་མེའི་དཀྱིལ ་འཁོར་དམར་པོ། དེའི་སྟེང་དུ་ཐོད་པ་གསུམ། དེའི་སྟེང་གུས་དམར་པོ་ལས་བྱུང་བའི་ཐོད་པ་ཕྱི་དཀར་ལ་ནང་དམར་བ། དེའི་ནང་ཨ་ལས་བྷ་བའི་དཀྱིལ་འཁོར། དེའི་སྟེང་དུ་བྲཾ་ཨཾ་ཛྲི་ཁཾ་བཱུཾ་རིགས་ལྔའི་སངས་རྒྱས་ཀྱི་རང་བཞིན་བདུད་རྩི་ལྔ་དང་ཤ་?་ཀུན་གེ ་ཀུ་ད་ཧན་དེའི་སྟེང་དུ་ཨོཾ་ཡིག་ལས་ཁ་ཚོད་ཀྱི་ངོ་བོ་དང། ། ལས་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་བ་ལྟེ་བར་ཧཱུཾ་གིས་མཚན་པར་བསམ། ཧཱུཾ་ལས་སྤྲོས་པའི་འོད་ཟེར་གྱིས་རླུང་གི་?་བསྐྱེད་པས་རྣ་པའི་རྡོ་རྗེའི་ལྷག་མ་ཞུ ་པར་གྱུར་ཏེ། ཐོང་པ་ན་གནས་པའི་རྡོ་རྗེ་ཡང་ལན་ལྔར་འབར་བའི་བདུད་རྩི་ཀུན་ཏུ་བཀྲུགས་པས་འབར་ནས་དེ་ཉིད་དུ་ཞུ་པར་གྱུར་ནས་དར་ཧཱུཾ་སྟེ། ཨོཾ་ཨཱ:ཧཱུཾ་གི་ཡི་གེ་དེ་གསུམ་གྱིས་ཁམས་གསུམ་གྱི་བདུད་རྩི་དྲངས་ནས་ཐིམ་པས་ཡི་གེ་གསུམ ་གྱིས་བྱིན་གྱིས་བརླབས་བས་གཅིག་ཏུ་གྱུར་ཏོ། །འཁོར་ལོའི་ལྷ་དང་ལྷ་མོ་དེ་དག་གིས་ལྕེ་ལ་ཧཱུཾ་ལས་གྱུར་བའི་རྡོ་རྗེ་ནས་ཙམ་སྦུག་ཡོད་པ་བསྒོམས་ལ། དེའི་རྡོ་རྗེ་བཙུན་ལེན་ཏེ། དེ་ནས་བཅོམ་ལྡན་འདས་ལ་སོགས་པས་གསོལ་བ་བསམས་མོ ་དེ་ནས་ཞལ་ཞལ་དུ་ཇི་ལྟར་རིགས་པར་བདག་མེད་མ་ལ་སོགས་པ་ལ་སྟེར་པ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་?་ཏ་བཛྲ་སྭ་སྟཝ?་ར་ཨཱཏྨཀོཧཾ། སྔགས་དེ་བཟླས་པས་འཁོར་ལོའི་ལྷ་ཐམས་ཅད་མཉེས་པར་གྱུར་ཏེ། རང་གི་སྙིང་གའི་ས་བོན་ལས་འོད་ཟེར ་འཕྲོས?་པས་གཟུགས་རྡོ་རྗེ་མ་དང། སྒྲ་?་མ་དང། དྲི་རྡོ་མ་དང། རོ་རྡོ་རྗེ་མ་དང། རོག་རྡོ་བླ?་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་སྟེ། མེ་ལོང་དང། པི་བང་དང། དུད་དང། རེའི་སྣོད་དང། རེག་བྱ་རྡོ་རྗེ་མན་བཟའ་སྣ་ཚོགས་འཛིན་མ། ཆོས་ཀྱི་འབྱུང་གནས ་ཕྱག་གིས་འཛིན་པའོ། །དེ་དག་ལ་?་པ་ནི་ས་ཚོགས་པ་ཡོ་བྱད་ཀྱི་དཀྱིལ་འཁོར་དང་རང་ལ་མཆོད་པའོ། །ོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་བཛྲ་སྭ་བྷཱ་བ་ཨཱཏྨཀོ་ཧཾ། དེ་བཟླས་ནས་སངས་རྒྱས་སྤྱན་དང། ལཱ་མ་ཀཱི་དང། གོས་དཀར་མོ་དང ་སྒྲོལ་མ་བཞིས་འཁོར་ལོ་ལ་བསྟོད་པ། ཁྱོད་མི་རྣལ་འབྱོར་མ་ཡིས་ཚོགས་ཀྱིས་བསྐོར། །ཉིད་ཀྱིས་ཐུགས་ཀྱིས་བྱིན་བརླབས་ཁྱོད་དགེངས?་གྲུབ། །འགྲོ་བ་གཡོ་དང་མི་གཡོ་ཁྱོད་ཀྱི་དབང། །ཐུགས་རྗེ་ཐུགས་ཀྱིས ་སེམས་ཅན་སྒྲོལ་བར་མཛད། །བསམ་མི་ཁྱབ་ལ་མི་ལྡོག་བརྩོན་པར་བྱེད། །དུ་གོས?་དགྱེས་མཛོད་ཅིག་དཔལ་ལྡན་ཀྱེ་རྡོ་རྗེ། །དེ་ལྟར་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས་རྡོ་རྗེའི་གླུས་བསྟོད་དོ། །ོཾ་སརྦབ་ཏ་ཐཱ་ག་ཏ་སྟུ་ཏི་ར་བཛྲས་?་ཨཱཏྨ་ཀོ་ཧཾ། ་ཞེས་བཟླས་སོ། །ཕོ་བྲང་དག་པ་ནི་རྣམ་པར་སྣང་མཛད་དེ་ཡན་ལག་དང་པོའོ། །རྗེས་སུ་ཆགས་པ་དག་པ་ནི་རྡོ་རྗེ་སེམས་དཔའ་སྟེ་གཉིས་པའོ། །དབང་གི་དག་པ་ནི་མི་བསྐྱོད་པ་སྟེ་གསུམ་པའོ། །བདུད་རྩི་མྱང་བའི་རང་བཞིན་དག་པ་ནི་འོད ་དཔག་ཏུ་མེད་པ་སྟེ་བཞི་པའོ། །མཆོད་པ་དག་ནི་དོན་ཡོད་གྲུབ་པ་སྟེ་ལྔ་པའོ། །བསྟོད་པ་དག་གི་རིན་ཆེན་འབྱུང་ལྡན་ཏེ་དྲུག་པའོ། །དེ་ལྟར་འཁོར་ལོ་ཡན་ལག་དྲུག་བསྒོམས་པ་དེས་ནི་མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ལྟར་བསྒོམས ་པས་དངོས་གྲུབ་ཀྱི་མཚན་མ་ནི་དང་པོ་སྤྲིན་གྱིས་བསྒྲིབས་པའི་ཉི་མའི་ཟླ་བ་དང་འདྲ་བར་དོར། །དེ་བས་ཀྱང་ཆེར་གོམས་པ་ལས་ནི་སྒྱུ་མ་དང་འདྲ་བར་སྣང་ངོ། །དེ་བས་ཀྱང་ཆེར་གོམས་པ་ལས་ནི་རྨི་ལམ་དང་འདྲ་བར་སྣང་ངོ། །ཤིན་ཏུ་གོམས ་པས་རྣམ་པར་སྨན་པས་གཉིད་མ་ལོག་པ་དང་འདྲ་བར་སྣང་ངོ། །དེ་ནས་དཀར་མོ་ལ་སོགས་པ་རྣལ་འབྱོར་མ་བརྐྱང་དང། དཀྱིལ་འཁོར་གྱི་གཙོ་བོ་ཕྱོགས་བཅུར་རྒྱན་མི་འཆད་པར་སྤྲོས་ཏེ་སྣ་ཚོགས་པའི་གདུལ་བྱ་སེམས་ཅན་ལ ་སོགས་པའི་གཟུགས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་བྱས་ཏེ་སོ་སཾ་ཇི་ལྟར་འདུལ་བའི་དོན་བྱས་ནས་དེའི་རྗེས་ལ་?་འདུམ་ནས་དཀྱིལ་འཁོར་བདེ་བ་ཆེན་པོར་བལྟའོ། །དེ་ལྟར་ཆོས་ཀྱི་ཕྱག་རྒྱའི་རིམ་པའོ། །དེ་ལྟར་ཁམS ་གསུམ་ཐམས་ཅད་དཀྱིལ་འཁོར་ཀྱི་རྣམ་པར་བསམ་མོ། །འདི་ལྟར་ཐབས་དང་ཤེས་རབ་རོ་གཅིག་བ་བདེ་བ་ཆེན་པོ་ལས་ཤེས་པས་བྱང་ཆུབ་ཀྱི་སེམས་ལས་འཕྲོས་པ་ད་ལྟ་བུར་ཤེས་ནས་གཽ་རཱི་ལ་སོགས་པ་ལྷ་མོ་བརྒྱད་རང་གི་ཞལ་དུ་?། དེའི་རྗེས ་སུ་ཞལ་བདུན་རྩ་བའི་ཞལ་ལ་ཐིམ། དེ་བཞིན་དུ་ཕྱག་བཅུ་བཞི་ཕྱག་མཚན་དང་བཅས་པའི་རྩ་བའི་ཕྱག་གཉིས་ལ་?་དེ་བཞིན་ཞབས་གཉིས་རྩ་བའི?་ལ་ཐི་བར་བས་མོ། །དེ་ལྟར་ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱི་གཟུགས་ཁམས་གསུམ ་ཐམས་ཅད་གང་བ། ཏུ་གྱུར་པར་མཐོང་སྟེ། ཇི་ལྟར་གནས་བཞི་འཁོར་ལོ་བཞིར་རྒྱས་བཏབ་བོ། །དེ་ལྟར་ལྟ་བའི་འོག་ཏུ་སྤྲུལ་པའི་འཁོར་ལོ་གནས་ཏེ། ཁ་དོག་སྣ་ཚོགས་པ་པདྨའི་འདབ་མ་དྲུག་ཅུ་རྩ་བཞི་ལ། དའི་ལྟེ་བར་ས་བོན་ཨཾ་ནག ་པོ་འོད་སེར་བོ་ཅན་ཁ་ཡར་བལྟ་བའོ། །སྙིང་གར་ཆོས་ཀྱི་འཁོར་ལོ་དཀར་པོ་འདབ་མ་བརྒྱད་པ་སྟེ། དེའི་དབུས་སུ་ཧཱ་གི་རྣམ་པ་སྔོན་པོ་ཁ་ཐུར་དུ་བལྟས་པ་དེའི་པདྨ་བར་མ་བརྒྱད་ལ་བྲུཾ་ཨཾ་ཛྲ་ཁ་ཕྱོས་བཞིར་འགོད་དོ། །ཾ་བཾ་ཝཱ ་ཡ་མཚམས་བཞི་རེ་དགོད་དོ། །མགྲིན་པར་ལོངས་སྤྱོད་ཀྱི་འཁོར་ལོ་དམར་པོ་པདྨ་འདབ་མ་བཅུ་དྲུག་པ་སྟེ། དེའི་དབུས་སུ་ཨོཾ་གྱི་རྣམ་པ་དམར་པོ་ཁ་ཕྱིན་དུ་བལྟས་པ་ཨོཾ་ལཾ་ཨ་ལཾ་བཞིས་བསྐོར་བའོ། །སྤྱི་བོར་བདེ་བ་ཆེན་པོའི་འཁོར ་ལོ་ནི?་དཀར་པོ་འདབ་མ་སུམ་ཅུ་རྩ་བ་ཉིས་མགོ་མར་བལྟ་བ། དེའི་དབུ་སུ་ཧཾ་གེ་རྣམ་པ་དཀར་པ་བདུད་རྩི་འབབ་པ་ཤིན་ཏུ་གསལ་བར་བལྟས་ལ། འཁོར་ལོ་ཡང་དག་པར་བསྒོམས་ནས། འོད་ཟེར་གྱི་ཚོགས་ནམ་མཁའ་ཁྱབ་པར ་?་པ་དང། བསྡུ་པ་ཕད་དེ་ཉིད་ཀྱི་ནང་དུ་ཐིམ་པར་བྱའོ། །དེ་ལྟ་བུའི་དུས་ལ་རྣལ་འབྱོར་གྱིས་སྔགས་བཟླས་པ་འདིའི་ཚུལ་གྱིས་ངེས་པར་སྔགས་ཀྱི་ཡི་གེ་བཟླས་ཏེ། ལྷ་མོའི་ཞལ་ནས་འོད་ཟེར་དང་ལྡན་པ་འཕྲོས་པས་གཙོ་བོའི ་ཞལ་དུ་ཞུགས། རྡོ་རྗེའི་ལཾ་ནས་བྱུང་ནས་པདྨར་ཞུགས། ཡང་ལྷ་མོའི་ཞལ་ནས་གཙོ་བོའི་ཞལ་དུ་ཞུགས། དེའི་རིམ་པས་རྒྱུན་མི་འཆད་པར་བཟླས་སོ། །ཞི་བ་ལ་སོགས་པའི་ལས་ཀྱི་དབྱེ་བས་དཀར་པོའི་ལས་བྱའོ། །དེའི ་སྔགས་ནི། ཨོཾ་ཨཥཏན་ནཱ་ཡིད?་ཨའུརྡྷ་ཀེ་ཤ་ཝརྟ་མ་ན། ཙ་ཏུ་བཾ?་ཤ་ཏི་ནཻ་ཏྲ་ཡ། ཥོ་ཌ་ཤ་བྷུ་ཧཱི་ཡ། ཀྲིཥྞཱ?་ཛཱི་མཱ་ཏ་ཝ་པུ་ཥ། ཀལཱ་ལ་མཱ་ལཱ་ནེ་ཀཾ་དྷཱ་དེ་ཎེ། ཨཱ་དྷཱ་ཏ་ཏྲུར?་ཙིཏྟ་ཡ་མརྡEནདུ?་དཾཥྚརི་ཎེ། ཨོཾ་མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། གརྦ?་ཡ ་གརྫ?་ལ། ཏརྫ་མ་ཏ་རྫ་ཡ། ཤོ་?་ཤོ་ཥེ་ཡ། སཔཏ་སཱ་ག་རཱན་བནདྷ་བནདྷ། ནཱ་གཱ་ཝཱི་ཏཱི། གྲིཧྣ་གྲིཧྣ། ཤ་ཏྲཱུཾ། ཧ་ཧཱ་ཧཾ?་ཧཱ་ཧུ་ཧཱུ། ཧི་ཧེ་ཧོ་ཧོཾ་ཧ་ཧི:ཕཊ་སྭཱཧཱ། བཅོམ་ལྡན་འདས་ཀྱིས་རྩ་བའི་སྔགས་སོ། །ོཾ་དེ་ཝ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱི་ཧཱ། སྙིང་པོའི་སྔགས། །ོཾ ་བཛྲ་ཀརྟ་རི་ཧེ་བཛྲཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཉེ་བའི་སྙིང་པོའི་སྔགས་སོ། །དེ་ནས་ཟླ་བ་དང་ལྡན་པ་ཨོཾ་?་ས་བོན་དང་བཅས་པར་བདག་མེད་མ་ཞུ། བཅོམ་ལྡན་འདས་མ་བཅོམ་ལྡན་འདས་ཀྱིས་ཐུགས་ཀའི་ས་བོན་ལ་ཐིམ་པར་བསམ་པར་བྱའོ། །དེ་ནས ་སྤྲུལ་པའི་ས་བོན་ལ་ཐིམ་པར་བྱའོ། །དེ་ནས་སྤྲུལ་པའི་ས་བོན་ལས་མར་མེ་འབར་བ་དང་འདྲ་བའི་གཏུམ་མོ་སྦར་པས་གཏུམ་པའི་ཕྱིར་ན་གཏུམ་མོའི་གཟུགས་ཏེ། དམ་ཆོས་ཀྱི་འཁོར་ལོ་ལ་གནས་པའི་དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། ་སྤྱན་ལ་སོགས་པ་ཡང་བསྲེགས་ནས། ཨཱ་ལི་ཀཱ་ལི་ལྡན་པའི་ལོངས་སྤྱོད་ཀྱི་འཁོར་ལོ་དང། བདེ་བ་ཆེན་པོའི་འཁོར་ལོ་དེའི་དབུས་ན་གནས་བའི་ཡེ་ཤེས་ཀྱི་གཟུགས་ཀྱི་ཧཾ་བསྲེགས་ཏེ། བསྲེགས་ནས་མི་ཤིགས་པའི་བདེ་བ་ཆེན་པོའི་གཟུགས་བྱང ་ཆུབ་ཀྱི་སེམས་གཟུང་ནས་བཅོམ་ལྡན་འདས་དེ་དང་ལྷན་ཅིག་ཏུ་རོ་གཅིག་པར་གྱུར་ནས། ཡང་སླར་ལོག་སྟེ་ཉི་མ་དང་ཐོད་བ་གཟུང་ནས་སྙིང་གའི་ས་བོན་ལ་ཐིམ་པར་བསམ་མོ། །དེ་ནས་ས་བོན་ཉིད་གཅིག་པུ་སྟེ་།རིགས་ལྔའི་བདག་ཉིད་དུ་འོད་གསལ ་པ་ཅམ་དུ་གནས་པའོ། །འདི་ལྟ་སྟེ་ལུང་ལས། །རྡོ་རྗེ་སེམས་དཔའ་ཐིག་ལེ་སྟེ། །མི་བསྐྱོད་པ་ཡང་དེ་ཉིད་ཡིན། །ཟླ་ཆོས་རྣམ་པར་སྣང་མཛད་དེ། །དང་ནི་རིན་ཆེན་འབྱུང་ལྡན་ཏེ། ཧིན་སྣང་བ་མཛའ་ཡས་ཡིན། ཨུ་ནི་དོན་ཡོད་གྲུབ་པ་སྟེ། །སངས་རྒྱས་ལྔ་དུ་དེ་ཤེས ་ནས།། ཤེས་སོ། །དེ་?་ལས་དམར་པོ་ལྟ་བུའི་འོད་འཕྲོས་ཏེ་ཨུ་ཕྲག་དོག་གི་རང་བཞིན་གྱིས་གཟུགས་ཧ་ལ་ཐིམ་སྟེ། དེ་ནས་ཧ་འདོད་ཆགས་ཀྱི་རང་བཞིན་སེར་སྣའི་གཟུགས་ཟླ་ཆོས་ལ་ཐིམ། །དེ་ནས་གཏི་མུག་གི་གཟུགས་ཐིག་ལེ་ལ་ཐིམ། ཐིག་ལེའི ་ཕྱིར་ཞེ་སྡང་གི་གཟུགས་ཐིག་ལེ་ལ་ཐིམ། ཐིག་ལེ་དེ་ཆོས་ཀྱི་དབྱིངས་ཀྱི་གཟུགས་ཙམ་ལ་ཐིམ་མོ། །དེ་ལྟར་ཆོས་ཐམས་ཅད་གཉིས་སུ་མེད་པ་རྟག་བ་དང་ཆད་པ་དང་དབུས་?་བར་ཀུན་ལ་མི་གནས་པའི་བདེ་བ་ཆེན་པོ་སྟེ། ནཱ་ད་ཙམ་གནས་སོ། །དེ་ལྟར་ཕྱག ་རྒྱ་ཆེན་པོའི་མཚན་ཉིད་བཤད་ཟིན་ཏོ། །འདི་ལྟ་སྟེ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག། ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། དོན་ཆེན་ཡི་གེ་དམ་པ་ཡིན། །གཞན་ཡང། ཨོཾ་ཨ་ཀཱ་རོ་མུ་ཁེ་སརྦ་དྷརྨ་ཎཱཾ་ཨཱདྱ་ནུ་ཏན?་ཧཱ་ཧ། ཞེས ་གསུངས་པ་དང། སྐྱ་འཕྲུལ་དུ་བ་འབུམ་ཕྲག་ལྔའི་རྒྱུད་ལས་ཀྱང་གསུངས་པ། ཆོས་རྣམས་སྐྱེ་མེད་ཡི་གེ་གནས་མེད་པ། ཚིག་དུ་བརྗོད་མེད་ཡིད་ཀྱི་ཡུལ་མེད་ལས། །འདི་ལྟར་སྐྱེས་པའི་ཆོས་རྣམས་རབ་ཏུ་གསུངས། །དེ་ལྟར་ཆོས་ནི་སྐྱེ་པ་མེད་པའོ་ཞེས ་གསུངས་སོ། །དེ་ནས་སྔོན་གྱི་སྨོན་ལམ་གྱི་སྟོངས་ཀྱིས་སྣ་ཚོགས་པའི་སེམས་ཅན་གྱི་སེམས་ཇི་ལྟར་འདུལ་བའི་དབང་གིས་ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་སྤྲོས་ཏེ། སེམས་ཅན་མ་ལུས་པའི་དོན་བྱེད་དོ། །གཞན་དུ་ཡང་ལུང་ལས ་ཕྱག་རྒྱ་ཆེན་པོའི་དབང་དེ་ལས། དེ་ལྟར་ཤེས་པའི་བདེ་ཆེན་པོ། །དེ་ཡི་དབང་གིས་འདི་ཡིན་ཏེ། །དཀྱིལ་འཁོར་དེ་ནི་གཞན་མ་ཡིན། །ཇི་ལྟར་སྒྱུ་མ་རྨི་ལམ་བཞིན། །ཇི་ལྟར་དྲི་ཟའི་གྲོང་ཁྱེར་བཞིན། །དེ་ལྟར་དཀྱིལ་འཁོར་སེ་ཁ་བར། །གོམས་བར་གྱུར་ན་དེ ་ལྟར་མཐོང་།ཞེས་གསུངས་སོ། །དེ་ལྟར་ཁམས་གསུམ་ཐམས་ཅད་ནི་དཀྱིལ་འཁོར་གྱི་བདག་ཉིད་དེ་ཆུ་ཟླ་དང་འདྲ་བར་རྟེན་འབྲེལ་ལས་སྐྱེས་པར་ཤེས་ནས་དབང་པོ་སྒོ་མི་འགོག་ཅིང་གང་ལ་ཡང་མི་བརྟེན་པ་ཐེ་ཚོམ་དང་བྲལ་བའི་རྣམ ་འབྱོར་པས་ལྷའི་ང་རྒྱལ་ཇི་ལྟ་བར་བདེ་བར་སྤྱོད་པར་བྱེད་ད། །འདི་ལྟ་སྟེ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་དེ་གསུངས་པ། འདི་ནི་ཁམས་གསུམ་མིན་ཏེ་གཞལ་ཡས་ཁང་བ་ཡིན། །སྲོག་ཆགས་མིན་ཏེ་རྒྱལ་བའི་འཁོར་ལོའི་གཙོ་བོ་ཡིན། །ཡུལ་མིན་དབང་པོ ་མིན་ཏེ་འབྱུང་བ་ལ་སོགས་མིན། །གཟུགས་ལ་སོགས་པ་མ་ཡིན་ཆོས་ཉིད་བདག་ཉིད་དོ། །དེ་ནས་དཀྱིལ་འཁོར་པ་ཡང་འདིའོ་སྣ་ཚོགས་དཀྱིལ་འཁོར་འཁོར་ལོ་ཤེས་ཏེ་ཅི་སྟེ་འཁྲུལ་པར་བྱས་པ་ཡིན། དམ་ཚིག་གི་ཕྱག་རྒྱའི་བཤད་པའོ ་དེའི་ཕྱིར་དག་པའི་དྲན་པ་ཐད་ནི་བར་ཆད་ཐམས་ཅད་སྤོང་བའི་རྣཾ་པར་དག་པ་ནི་རྡོ་རྗེའི་ར་བ་ལ་སོགས་པའོ། །ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་རྣམ་པར་དག་པས་ཆོས་ཀྱི་འབྱུང་གནས་སོ། །ཆོས་ལ་གོས་པ་མེད་པར་རྣམ་པར་དག་པས་སྣ་ཚོགས་པདྨའོ། ། ་ཆོས་ཐམས་ཅད་རང་བཞིན་མེད་པ་གཉིས་སུ་མེད་པའི་ཡེ་ཤེས་ལྔ་རྣམ་པར་དག་པ་ནི་སྣ་ཚོགས་རྡོ་རྗེའོ། །རྣམ་པར་སྣང་མཛད་བཙུན་མོ་དང་ལྡན་པ་རྣམ་པར་དག་པས་གཞལ་ཡས་ཁང་ངོ། །རྣམ་པར་ཤེས་པའི་ཚོགས་བརྒྱད་རྣམ་པར ་དག་པས་ཆོས་སྣ་ཚོགས་དབྱེར་མེད་པའོ། །དེ་བཞིན་གཤེགས་པ་དང་དེ་བཞིན་ཉིད་ལ་རང་བཞིན་མེད་པར་གནས་པས་ཟུར་བ་ནི་མཉམ་པའོ། །དྲན་པ་ཉེ་བར་གཞག་པ་བཞི་རྣམ་པར་དག་པ་ནི་ཤར་ཕྱོགས་ཀྱི་སྒོའོ། །ཡང་དག་པར་སྤོང ་བ་བཞི་རྣམ་པར་དག་པ་ནི་ལྷོ་ཕྱོགས་ཀྱི་སྒོའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་རྣམ་པར་དག་པ་ནི་ནུབ་ཀྱི་སྒོའོ། །དབང་པོ་ལྔ་རྣམ་པར་དག་པ་ནི་བྱང་གི་སྒོའོ། །བསམ་གཏན་བཞི་རྣམ་པར་དག་པ་ནི་རྟ་བབས་བཞིའོ། །ཏིང་ངེ་འཛིན་བཞི་རྣམ་པར་དག་པ་ནི ་སྣམ་དུ་བཞིའོ། །ཆོས་ཟབ་མོ་ལ་བཟོད་པ་རྣམ་བར་དག་པ་ནི་ལྷ་མོ་བཅུ་དྲུག་གོ། གསུང་རབ་ཡན་ལག་དགུ་རྣམ་པར་དག་པ་པར་དག་པ་ནི་ལྷ་མོ་བཅུ་དྲུག་གོ། གསུང་རབ་ཡན་ལག་དགུ་རྣམ་པར་དག་པ་ནི་དྲིལ་བུ་དང་?་ཕན་ལ་སོགས་པའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་རྣམ་པར་དག་པ་ནི་དྲ་བ་དང་དྲ་བ་བྱེད་པ་དང་ཉི་མ་དང་ཟླ་བའོ། །རྔ་ཡང ་དཀར་པོ་བཅུ་རྣམ་པར་དག་པ་ནི་དགེ་བ་སྙིང་རྗེ་འཛིན་ཅིང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཕུན་སུམ་ཚོགས་པའི་མཆོག་རྣམ་པར་དག་པ་ནི་བུམ་པ་བརྒྱད་དོ། །ཐམས་ཅད་དུ་མ་བཅིངས་ཤིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་ཐམས་ཅད ་ཀྱི་རྡོ་རྗེའི་ལམ་ཆོས་ཀྱི་འཁོར་ལོ་རྣམ་པར་དག་པ་ནི་རྡོ་རྗེའི་ཕྲེང་བ་ནག་པོའོ། །གཟུགས་ལ་སོགས་པ་རྣམ་པར་དག་པ་ནི་མཛའ་ཡས་ཤིང་དཔེ་མེད་པ་ཀུན་ཏུ་འདོད་པའི་ཡོན་ཏན་ལྔའོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་མཆོད་པ་རྣམ་པ་ལྔའོ། །ངོ་ཚ ་ཤེས་པ་དང་ཁྲེལ་ཡོད་པ་རྣམ་པ་དེ་དག་པ་ནི་སྒོའི་དར་དཔྱངས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་རྣམ་པར་དག་པ་ནི་ཀ་བ་བརྒྱད་དོ། །ཆོས་ཐམས་ཅད་སེམས་མེད་པ་རྣམ་པར་དག་པ་ནི་དུར་ཁྲོད་བརྒྱད་ཀྱིས་བརྒྱན་པའོ། །འདོད་ཆགས་ཆེན ་པོ་རྣམ་པར་དག་པ་ནཱི་པདྨ་དམར་པོ་འདབ་མ་བརྒྱད་པའོ། །ལྟེ་བ་ལ་རང་བཞིན་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་དྲུངས་འབྱིན་པ་རྣམ་པར་དག་པ་ནི་ཚངས་པ་ལ་སོགས་པ་བཞིའི་གདན་ནོ། །སེམས་ཅན་ཐམས་ཅད་ཀྱི་རྒྱུད་འཁོར་ཞིང་མ་རིག་པའི ་མུན་པས་མི་དགེ་བའི་འདམ་དུ་བྱིང་བ་དེ་བསལ་བའི་ཕྱིར་བྱང་ཆུབ་སེམས་ཀྱི་མྱུ་གུ་བསྐྱེད་པ་རྣམ་པར་དག་པ་ནི་ཚངས་པ་ལ་སོགས་པའི་སྟེང་དུ་ཉི་མའི་དཀྱིལ་འཁོར་རོ། །འཇིག་རྟེན་གྱི་ཆོས་བརྒྱད་དུ་བཤད་པ་རྣམ་པར་དག་པ་ནི་ཕྱོགས་བརྒྱད ་ན་བཞུགས་པའི་ལྷའི་གདན་ནོ། །སེམས་ཅན་གྱི་ཉོན་མོངས་པའི་མི་ཞི་བ་རྣམ་པ་དེ་དག་པ་ནི་ཟླ་བའི་གདན་ནོ། །གཟུགས་ཀྱི་ཕུང་པོ་དང། གཏི་མུག་ཆེན་པོ་དང། མེ་ལོང་ལྟ་བུའི་ཡེ་ཤེས་དང། གཟུགས་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། འཇིག ་ཚོགས་སུ་ལྟ་བ་དང། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པ་ནི་གོ?་རཱིའོ། །སེར་སྣ་རྣམ་པར་དག་པ་ནི་རོ་ཧི་ཧའོ། །ཉོན་མོངས་པ་དྲུག་རྣམ་པར་དག་པ་ནི་གྲི་གུག་གོ། ཆོར་བའི་ཕུང་པོ་དང། ང་རྒྱལ་དང་ཕྲ་མ་དང། མཉམ་ཉིད ་ཀྱི་ཡེ་ཤེས་དང། ཚུལ་ཁྲིམས་དང། མཁར?་འཛིན་པར་ལྟ་བ་དང། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ་ནི་ཙ་རཱིའོ། །ཡན་ལག་དགུ་རྣམ་པར་དག་པ་ནི་རྗེའུ་ཆུད་ངོ། །གཏི་མུག་རྣམ་པར་དག་པ་ནི་ཕག་པའོ། །འདུར?་ཤེས་ཀྱི་ཕུང་པོ་དད? ་འདོད་ཆགས་ཆེན་པོ་དང། སོ་སོར་རྟོག་པའི་ཡེ་ཤེས་དང། ལོག་པར་ལྟ་བའི་དང། སྐྱེ་པའི་སྒྲིབ་པ་དང། བཟོད་པའི་དང། དྲི་རྣམ་པར་དག་པ་ནི་བེཏྭ?་ལིའོ། །ཕྲག་དོག་རྣམ་པར་དག་པ་ནི་དུ་སྦལ་ལོ། །སྟོང་པ་རྣམ་པར་དག་པ་ནི་ཐོད་པའོ། །འདུ ་?་ཀྱི་ཕུང་པོ་དང། ཕྲག་དོག་དང། བྱ་བ་ནན་ཏན་གྱི་ཡེ་ཤེས་དང། ལྷ་བ་མཆོག་ཏུ་འཛིན་པ་དང། ལས་ཀྱི་སྒྲིབ་པ་དང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང། དེ་རྣམ་པར་དག་པ་ནི་གྷསྨ་རཱིའོ། །ཞེ་སྡང་རྣམ་པར་དག་པ་ནི་སྤྲུལ་ལོ། །འདོད་ཆགས ་?་བ་རྩམ་པར་དག་པ་ནི་ག་བུར་རོ། །སའི་ཁམས་དང། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། བྱམས་པ་ཆེན་པོ་དང། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ནི་Sཔུཀྐ་སཱིའོ། །ང་རྒྱལ་རྣམ་པར་དག་པ་ནི་སེང་གེའོ། །ལུས་ངག་ཡིད་རྣམ་པར་དག ་པ་ནི?་དགྲ་སྟའོ། །ཆུའི་ཁམས?་དང། རྣམ་པར་ཐར་པའི་སྒོ་མཚན་པ་མེད་པ་དང། སྙིང་རྗེ་ཆེན་པོ་དང། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ནི་ས་བ་རཱིའོ། །བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་ནི་དགེ་སློང་ངོ། །མི་བརྗེད་པའི་དྲན ་པ་རྣམ་པར་དག་པ་མིག་སིལ་བྱེད་དོ། །མེའི་ཁམས་དང། རྣམ་པར་ཐར་པའི་སྨོན་པ་མེད་པ་དང། དགའ་བ་ཆེན་པོ་དང། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ནི་ཙཎྜ་ལཱིའོ། །ཉོན་མོངས་པའི་ཐ་བ་རློག་པར་བྱེད་པས་ན ་?་བའོ། །མི་ཤེས་པ་བཅོད་པར་བྱེད་པས་འཁོར་ལོའི། །རླུང་གི་ཁམས་དང། རྣམ་པར་ཐར་པའི་སྒོ་འདུས་མ་བྱས་དང། བཏང་སྙོམས་ཆེན་པོ་དང། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ནི་ཌོམྦི་ནཱིའོ། །ཡེ་ཤེས་དག་པའི་ཕྱིར་ན་རྡོ་རྗེའོ། ་བདུད་ཚོགས་གཅིག་གི་ངོ་བོ་དག་པས་ནི་སྡིགས་མཛུབ་བོ། །རྣམ་པར་ཤེས་པའི་ཕུང་པོ་དང། ཞེ་སྡང་ཆེན་པོ་དག་པ་དང། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀུན་ཏུ་སྤྱོད་པ་དང། རེག་བྱ་དང། བརྩོན ་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། གཟུགས་རྣམ་པར་དག་པ་ནི་དཔལ་ཧེ་རུ་ཀའོ། །བྱམས་པའི་སེམས་རྣམ་པར་དག་པ་ནི་ནག་པོའི་ལུས་སོ། །སྙིང་རྗེ་རྣམ་པར་དག་པ་ནི་མིག་དམར་པོའོ། །མི་བསྐྱོད་པ་དང། ལུས་ངག་ཡིད་རྣམ་པར་དག ་པ་ནི་དམར་པོའོ། །རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པ་ནི་ཞལ་བརྒྱད་པའོ། །དེ་ལ་དབང་རྣམ་པར་དག་པ་ནི་གཡོན་དམར་པོའོ། །ཞི་བ་དག་པོ་ནི་གཡས་དཀར་པོའོ། །མི་བསྐྱོད་པ་དང། སྣང་བ་མཛའ་ཡས་རང། རིན་ཆེན་འབྱུང་ལྡན ་དང། རྣམ་པར་སྣང་མཛད་དང། དོན་ཡོད་གྲུབ་པ་རྣམ་པར་དག་པ་ནི་འཁོར་ལོ་དང། རྣ་ཆ་དང། མགུལ་བརྒྱན་དང། དབུང་རྒྱན་དང། སྐ་རགས་སོ། །རྡོ་རྗེ་སེམས་དཔའ་རྣམ་པར་དག་པ་ནི་ཐལ་བས་བྱུགས་པའོ། །ཁྲོ་བོ་ནི་འདུལ ་གོ། །ཐབས་དང་ཤེས་རབ་ནི་གཡོན་པ་དང་གཡས་པ་ནེ་ལྷོ་ལ་སོགས་པའི་ཐོད་པའོ། །བློ་དང། དབུགས་མི་བདེ་བ་དང། སྙེམ་པ་དང། ཁྲག་ནད་དང། མཛེ་དང། འབྲུམ་བུ་དང། མཆིན་པའི་ནད་དང། མཆེར་པའི་ནད་ནི་གླང་པོ་ ་ལ་སོགས་པའི་དག་པའོ། །སེམས་ཅན་ཐམས་ཅད་ཀྱི་གློ་ལ་སོགས་པའི་ནད་བསལ་བའི་ཕྱིར་རོ། །དབང་ཕྱུག་ཐམས་ཅད་གྲུབ་བར་བྱ་བའི་ཕྱིར་རྣམས་རང་?་དགེ་བ་ནིས?་ལ་སྟོབས?་པ་བརྒྱུད་དོ། །ཱ་ཡི་ཀྲཧི?་དམ་པར་དག ་པ་ནི་བརྒྱ་ཕྱེད་ཀྱི་ཐོད་པའི་ཕྲེང་བའོ། །བསྡུ་བའི་དངོས་པོ་བཞི་རྣམ་པར་དག་པར?་པའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་རྣམ་པར་དག་པ་ནི་ལགས་པའོ། །བདེན་པ་བཞི་རྣམ་པར་དག་པ་ནི་རུས་པའོ། །ཤིན?་སྤོས་མོའོ། །ཁག་ནི་རི་ཁྲོད་མའོ།། ་ཁུ་བ་ནི?་གཏུམ་མེའོ། །གཡུང་མོའི་རྐང་དང་ཚིལ་དག་གོ་།གཟུངས་དང། ཚེར་བ་དང། འདུ་ཤེས་དང། འདུ་བྱེད་ནི་དཀར་མོ་ལ་སོགས་པ་བཞིའོ། །སྤྲུལ་པ་དང། ལོངས་སྤྱོད་དང། ཆོས་རྣམ་པར་དག་པ་ནི་སྐུ་གསུམ་མོ། །བདེ་བ་ཆེན་པོའི་སྐུ ་རྣམ་པར་དག་པ་ནི་ཁོར་དུ་དྲན་པའོ། །ཁམས་གསུམ་མ་ལུས་དེ་དམིགས་པ་མེད་པའི་དག་པར་བྱ་བ་ནི་སྐྱིལ་ཀྲུང་ཕྱེད་པའོ། །སྒོའི་ངོས་ཐམས་ཅད་རྣམ་པར་དག་པ་ནི་རྐང་པ་ཡི་གཅིག་གི་?་མོ་ཉི་མ་ལ་རེག་པའོ། །ཆོས་ཐམས་ཅད་བདག ་མེད་?་པར་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་?་བར་མE་ལ་ཡོབ་ཀྱིས?་སྐྱོན་དག་པར་བྱ་བ་ནི་གྲི་གུག་གོ། དངོས་པོ་དང་?་པོ་མེད་པའི་རྣམ་པར་རྟོག་པ་དག་པ་ནི་མགོ་བོའི་པདྨའི་སྣོད་དོ། །བདུད་བཞིའི་ཁྲག་དག་པར་བྱས་པ་ནི་ཀ་པཱ་? ་བླག་གིས་བཀང་བའོ། །རིགས་ལྔ་དག་པ་ནི་ཐོད་པའི་ཕྲེང་བའོ། །སྲིད་པ་དང་མྱ་ངན་ལས་འདས་པའི་ངོ་བོ་ནི་ལག་པ་རོ། །བདེན་པ་གཉིས་རྣམ་པར་དག་པ་ནི་ཞབས་གཉིས་སོ། །སྟོང་པ་དག་སྙིང་རྗེ་དབྱེར་མེད་པའི་རང་བཞིན་དུ་ཉམས་སུ་མྱོང་བ་དང ་?་པའི་མཛའ་དང། པ་ནི་ཕྱིར་རོལ་དབུ་ཐབས་དང་ཤེས་རབ་སྙོམས་པར་འཇུག་པ་ངེས་པར་བསྟན་པའོ། །ཉིན་མོ་དང་མཚན་མོ་རྣམ་པར་དག་པ་ནི་ཐབས་དང་ཤེས་རབ་ཀྱི་རྣམ་པར་དག་པའོ། །དབྱུ?་གུ་དྲུག་ཅུ་རྩ་བཞི་དང། ཐུན་བརྒྱད་དང། འཕོ་བ་བཅུ ་དྲུག་དང། རྩ་སུམ་ཅུ་རྩ་གཉིས་རྣམ་པར་དག་པ་ནི་ཅི་དགོས་པར་རོ། །སྤྲུལ་པ་ལ་སོགས་པ་འཁོར་ལོ་བཞིའི་འདབ་མ་ལ་གནས་པ་ནི་དེ་ལྟར་དགྱིས་པའི་རྡོ་རྗེའི་དམ་ཚིག་གི་རྣལ་འབྱོར་པས་རྡོ་རྗེ་དང་གྲི་གུག་འཛིན་པས་སེམས་ཅན་ཐམས་ཅད་ལ་ཕན?་པའི་དོན། ་དུ་གཏོར་མ་བྱིན་གྱིས་བརླབ་པར་བྱའོ། །དེ་ལ་ཆོས་ཀྱི་?་གནས་གྲུ་གསུམ་དུ་པདྨ་དམར་པོ་འདབ་མ་བརྒྱད་ཀྱིས་བརྒྱན་པ་དབུས་དང་སྟེང་དང་འོག་ཏུ་བལྟའོ། །དེ་ལ་དབུས་ཀྱི་པདྨ་འདབ་མ་བརྒྱབ་ལ་ཤར་གྱི་འདབ་མ་ལ་དབང་པོའོ། །མིག་སྟོང་པ་ཕྱག ་ན་རྡོ་རྗེའོ། །གླང་པོ་ཆེ་དཀར་པོའི་གདན་ཅན་ནོ། །ལྷོར་གཤིན་?་ཕྱག་ན་དབྱུག་པའོ། །ནག་པོ་མ་ཧེའི་གདན་ཅན་ནོ། །ནུབ་ཀྱི་འདབ་མ་ལ་ཆུ་ལྟ་དཀར་པོའོ། །ཆུ་སྲན་གྱི་གདན་ཅན་ནོ། །ཕྱག་ན་ཞུགས་པ་ཅན་ནོ། །བྱང་གི་འདབ་མ་ལ་གནོད་སྦྱིན་སེར་པོ་གྱི? ་ལའི་གདན་ཅན་ནོ། །ཕྱག་ན་དཔལ་འབྲས་སོ། །དེ་རྣམས་ཐམས་ཅད་འཛིན་པ་རིན་པོ་ཆེའི་ཅོད་པན་ཅན་ནོ། །གཤིན་རྗེ་ཉི་མའི་གདན་ཅན་དང་ཉི་མའི་འོད་དོ། །ལྷག་མ་ཟླ་བའི་གདན་དང་ཟླ་བའི་འོད་དེ། །དབང་ལྡན་གྱི་འདབ་མ་ལས་བདག་སྤྱན་གསུམ་པ། ་རལ་པ་དང་ཅོད་པན་ཅན་ནོ། །ཁྱུ་མཆོག་གི་གདན་ཅན་ལག་ན་རྩེ་གསུམ་དཀར་པོའོ། །སྟག་གི་པགས་པའི་གོས་འཛིན་པ། ཐལ་བའི་རྡུལ་གྱིས་བྱུགས་པ། རུས་པའི་རྒྱུན་ཅན། ཟླ་བའི་གདན་དང་དེའི་འོད་དོ། །མའི་འདབ་མ་ལ་མེའི་ལྷ་གསུམ་པ ་འཕྱང་བ་ཤིན་ཏུ་དམར་སེར་རོལ་ཞོན་པ། བགྲང་འབྲེང་དང་སྤྱི་བླུགས་འཛིན་པ། རལ་པའི་ཅོད་པན་ཅན། ཉི་མའི་གདན་དང་དེའི་འོད་དེ?། །ཆོས་གོས་བྱོན་པའོ། །བདེན་བྲལ་གྱི་འདབ་མ་ལ་སྲིན་པོ་དམར་སེར་གྱེན་དུ་འཁྱིལ་པ་གྲི་གུག་དང་ཐོད་པ ་འཛིན་པའོ། །སྨིན་མ་འཁྱོག་པ་དང་བཅས་པ་ནག་པོ། ཉི་མའི་འོད་དང་དེའི་གདན་ཅན་ནོ། །རླུང་གི་འདབ་མ་ལ་རླུང་ལྟ་ཕྱག་ན་རྒྱལ་མཚན་ལྗང་གུ་དང་རིན་པོ་ཆེའི་ཅོད་པན་ཅམ་རི་དགས་ལ་ཞོན་?་བའི་འོད་དང་དེ་ཉིད་ཀྱི་གདན་ཅན་ནོ། །རྒྱན་ཐམས་ཅད ་འཛིན་པ་སྟེ་བ་ལ་སའི་ལྷ་སེར་པོ་བཟང་པོའི་སྟན?་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བུམ་པའི་ལག་པ་དང། ཟླ་བའི་སྟན་ལ་ཟླ་བའི་འོད་དོ། །ཡི་དགས་ཀྱི་བསྐོར་ནས་གནས་པའོ། །སྟེང་གི་ཆོས་འབྱུང་ལ་གནས་པའི་འདབ ་མ་བརྒྱད་ལ་ཤར་གྱི་འདབ་མ་ལ་ཟླ་བ་དཀར་པོའོ། །རྟ་དཀར་པོའི་གདན་ནོ། །རིན་པོའི་ཅོད?་པན་ལ་གན་ཀུ?་ཏའོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཟླ་པའི་གདན་དང་ཟླ་བའི་འོད་དོ། །ལྷའི་འདབ་མ་ལ་ཉི་མ་དམར་པོ་ཕྱག་བཞི ་པ་པདྨ་འཛིན་པ། རྟ་ལྗང་གུ་ལ་ཞོན་པ། རིན་པོ་ཆེའི་ཅོད་པན་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རང་གི་འོད་ཅན་ནོ། །ཉེ་མ་དང་ཟླ་བ་ཉ་བར་མཚོན་པ་དང། ཕྱོགས་དང་ཕྱོགས་མ་ཡིན་པའི་མཚོན་པ་མིག་དམར་དང། གཟར་?། དང། ཕུར ་བུ་དང། པ་བསངས་དང། སྦེན་པ་དང། སྒྲ་གཅན་དམར་པོ་དང། སྔོ་བསངས་དང། སེར་པོ་དང་དཀ་རྤོ་དང། ནག་པོ་དང། དུ་བའི་འོད་དང། རང་རང་གི་སྟན་དང། མཚན་མོ་དང། རྒྱན་ཅན་ནོ། །དབུས་ཀྱི་ལྟེ་པ་ལ་ཚངས་པ་ཞལ་བཞི་པ། ཕྱག ་བཞི་པ། །དབྱུག་པ་གདམ?་འཛིན་པ། མི་འཇིགས་པའི་ཕྱག་ན་བགྲད་ཕྲེང་དང་སྤྱི་ཟླུགས་འཛིན་པ། སེར་པོ་དང་པ་ལ་ཞོན་པ་ཟླ་བའི་གདན་དང་ཟླ་བའི་འོད་དོ། །མཆོད་ཕྱིར་ཐོགས་འཆང་བ། ལུས་སྦོམ་པོ། རལ་པ་ཐུང་པ། ཚངས་རིམ་ཀྱིས་བསྐོར་བ། ་མདུན་ན་འདོན་དང། དགའ་ལྡན་དང། ?་དགའ་དང། ཛག་ཡིན་ལ་སོགས་པ་རང་རང་གི་གཟུགས་བརྟན་པར་བྱའོ། །འོག་ཏུ་ཆོས་འབྱུང་ལབ་།?་འདབ་མ་བརྒྱད་པོ་རྣམས་ལ་ཕྱོགས་དང་ཕྱོག་མཚམས་སུ་རིམ་པ་ལྟར་སྟོབས་ཀྱི་རྒྱུ ་ལྗང་གུ་དང། དུང་སྐྱོར་སེར་པོ་དང། མཛའ་ཡས་སེར་པོ་དང། ནོར་རྒྱས་ཀྱི་བུ་དམར་པོ་དང། འཛེག་པ་དང་།རིགས་ལྡན་སེར་པོ་དག་དང། པདྨ་སེར་པོ་དང། པདྨ་ཆེན་པོ་དཀར་པོ་དག་སྟེ། བརྒྱད་པོ་དེ་དག་ནི་རིན་པོ་ཆེའི་ཅོད་པན་ཅན། མིའི་གདོང་པ ་ལ་རྒྱན་ཐམས་ཅད་དང། གདེངས་ཀ་དང་ལྡན་པ། ལྟ་མ་ཡིན་དང། སེམས་ཅན་དམྱལ་བ་དང་ལྷན་ཅིག་པའོ། །ལྟེ་བ་ལ་ལྟ་དཀར་པོ་མིའི་ཐོད་པ་ཅན་མིའི་གདེངས་ཀ་ཅན་ཏེ། དེ་དག་ཐམས་ཅད་ནི་པདྨ་གསུམ་ལ་ཏེ། རང་གི་སྙིང་གའི་ས་བོན་ལས་བྱུང ་པའི་དཀར་མོས་བཀུག་ནས་ཆོམ་རྐུན་མས་པདྨའི་སྟེང་དུ་བཅུག་ལ། རོ་ལངས་མས་ལྕགས་སྒྲོག་གི་བཅིངས་ཏེ་ཟ་བོད་མས་དབང་དུ་བྱ་བ་ནི་དྲིལ་བུས་དབང་དུ་བྱས་ལ་དབུས་ཀྱི་པདྨ་ལ་གནས་པ་རྣམས་ནི་རང་རང་གི་མདོག་དང། རྟགས་དང། ་མཚན་མ་དང། དབྱིབས་ཡོངས་སུ་གྱུར་ནས་ས་བོན་གྱི་ཡི་གེ་ལས་སྐྱེས་པའི་ནག་པོ་མི་བསྐྱོད་པའི་ཅོད་པན་ཅན་ནོ། །སྟེང་དུ་གནས་པ་རྣམས་ནི་ནད་རང་གི་གཟུགས་དང་གཟུགས་ཀྱི་ངོ་བོར་གྱུར་ཏེ་ཡི་གེ་ཨཾ་ལས་སྐྱེས་པ་དཀར་པོ་རྣམ་པར ་སྣང་མཛད་ཀྱི་ཅོད་པན་ཅན་ནོ། །འོག་ནས་གནས་པ་རྣམས་ནི་རང་རང་གི་གཟུགས་སྤངས་ཏེ་ཡི་གེ་ཨ་ལས་སྐྱེས་བོ?་དམར་པོ་སྣང་བ་མཛའ་ཡས་ཀྱི་ཅོད་པན་ཅན་ནོ། །པདྨ་གསུམ་ལ་གནས་པ་དེ་དག་ནི་ལག་ན་རྡོ་རྗེ་དང་དྲིལ་བུ་འཛིན་པ་གདོང ་གཅིག་པ་རང་སྣང་པའི་རིག་མའི་ཡན་ལག་གིས་འཁྱུད་པ་གཡས་བརྐྱང་བས་སྟན་ལ་གནས་པར་བལྟའོ། །འདི་རྣམས་བརྟན་པར་བྱ་སྟེ། དེ་རྣམས་ལ་ཨོཾ་པྲ་བར་སཏཀ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་བྱ་བའི་སྔགས་ཀྱིས་དུད་ཕོར་གྱི་ནང་དུ་ཕྱག ་རྒྱས་མདུན་དུ་མཆོད་ཡོན་བྱིན་ནས། སྔ་མ་བཞིན་དུ་བདུད་རྩི་མྱང་བའི་ཆོ་གས་གཏོར་མ་ཉེ་བར་སྤྱོད་པ་བདུད་རྩི་ཉིད་དུ་བསྒྲུབས་ལ། ཨོཾ་ཨིནད་ཛ་མ་ཛ་ལ་ཛཀྑ?་བྷཱུ་ཧི་བ་ཧ་ནི་པཱ་ཨུ་རཱ་ཀ། ཙནད་སཱུ་ཛཛ་མཱ་ད་པ་པྤེ་ཧཱ་ལ་པཱ་ཏཱ་ལ་ཨ་?་སརྦ་སྭཱ་ཧཱ ་ཞེས་བྱ་པ་འདིས་དེ་རྣམས་བསྟོད་ཅིང་དྲིལ་བུ་དཀྲོལ་ལོ། །གཏོར་མ་ཉེ་བར་སྤྱོད་པ་དེ་ནི་ཡི་གེ་ཧཱུཾ་?་སྐྱེས་པའི་ནས་འབྲས་ཙམ་གྱི་རྡོ་རྗེའི་ལྕེའི་འོད་ཟེར་གྱི་སྦུ་གུས་དྲངས་ལ་རྣལ་འབྱོར་པ་བདག་བཟའ་ཞིང་དེ་དག་ལ་ཡང་བཟའ་བ ་སྦྱིན་ནོ། །དེ་དག་ཀྱང་ཧཱུཾ་ལས་འོད་ཟེར་ཀྱི་ལྕའི་སྤུ་བུས་དྲངས་ཏེ་དེ་ནས་ཇི་ལྟ་བུར་བདེ་བ་མྱང་བར་བསམ་པར་བྱ་སྟེ། ཨི་དྲཾ་བ་?་ཛིགྷ་བུལླ་དྷ་པཱ་མཱ་སཱ་བདེ?། ཨགྷ?་ས་པཱ་ཀ་ཛཛ་སཱ་དྷུ?་ཁ?་ས་བཞེས་བྱ་བ ་ལ་སྒོ་བཞིར་དྲིལ་བུ་གནས་པའི་?་དཀྲོལ་ལོ། །ོཾ་ཨ་ཀཱ་རོ་མ་?་སརྦ་དྷརྨཱ་ཎི་ཨཱརྱ་ནུ་ཏཱན་ཏཱཏཱ། ཨོཾ་ཨཱ:ཧཱུཾ་ཕཊ་སྭཱ་ཧཱ། ཞེས་དཔའ་ཨོ?་སྔགས་ཀྱིས་ཚིམ་པར་བྱའོ། །ཀལླ་ཨི་རེ་ཏྟི?་ཨཱ་པ་?། མུ་སྨུ་ཎི་ར་ཀཀྐོ་ལཱ། ?་ཎ་ཀྲོ་དཱི?་ཧོ་? ་ཨི་ཀ་རུ་ཅེ་ཀེ་ཨ་ཨི་ན་རོ་ལཱ། །ཧཾ་བ་ཨ། བཛཛ་ཡི་བཱ་ཌཾ་མ་ཨ་?་བཛྲ་ཨི་ཨ་ཨའི། ཧལ་ཀཱ་ལ་?་ར་པ་ཎེ་ཨ་ཨི་དུདྡུ་ར་ཏ་ཧེ་བཛཛཾ་ཨ་?། ཙ་ཨུས་ན་གཙྪ་?་ར་ལཱ་ཨི་ཨ་ཨི། མཱ་ལ་ཨའིནདམ?་ཎ་སཱ་ལཾ་དྲཱ་ཏ་ཧ་བྷ་རུ་ལྷ་ཨིཾ་ཨ་ཨི། ་པྲེ་ཁ་ཎ་ཁེ་ཊ་ཀ་རནྟེ་ཤུདྡྷ་ཤུདྡྷ་མ་ཎི་ཨ་ཨི། ནི་རཾ་ཤུ་ཨཾ་ག་ཙ་ཌཱ་ཉཱི་ཨི་ཨི་ཏ་ཉི་ཛས་ན་པཱ་པ་ཎི་ཨ་ཨི། མཱ་ལ་ཨི་ཛ་ཀུ་རུ་རུ་བ་ཊཱ་ཨི་?་བི་མ་ཏ་ཧི་?་ཨཾ་བཛཛི?་ཨ་ཨི་ཞེས་བྱ་བ་རྡོ་རྗེའི་གླུ་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་ཤིན ་ཡོངས་སུ་རྫོགས་པར་བྱ་སྟེ། བྱིན?་འཐོར་འཐུང་བྱིན་ལ། ཨོཾ་བཛྲ་སཏྭས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏི་ཤཔ་དྲ་དྷོ་མི་བྷ་བ། སུ་ཏོ་ཥྱི་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མཾ་བྷ་བ། སརྦ་སདྡྷ་མེ་པྲ་ཡཙྪ་།ས་ཛ་ཀརྨ་སུ་ཙ་མེ ་ཙིཏྟ་ཤྲེ་ཡས་ཀུ་ར་ཧཱུཾ་ཧ་ཧ་ཧ་ཧ་ཧོ། །བྷ་ག་བན་སརྦ་ཏ་ཐཱ་ག་ཏ། བཛྲ་སཱ་མེ་མུཉྩ་བཛྲི་བྷ་པ། མཧཱ་སེམ་ཡ་སཏྭ་ཨཱ:ཞེས་བརྗོད་ལ་ཨོཾ་མུཾ(རྒྱུད་འགྲེལ་ཡང་ཟ་བ་ཆོ་ག་འདས་བཟའ་བར་བྱ་སྟེ། ལྟོ་བའི་ཐབ་ཁུང་གི་སྟེང་དུ་སྙིང་གའི་ཉི་མའི་མེ་ལ་བཟའ་བར་བྱ་བ་ལ་སོགས་པའི་རྫས་ཞུ་?་ལག་པའི་བླུགས་གཟར་གྱིས་སྦྱིན་སྲེག་བྱ་ཞིང་ཧཱུཾ་དཀར་པོ་ལས། བྱུང་བའི་རྡོ་རྗེ་ནས་འབྲས ་ཙམ་གྱིས་མཚན་བའི་རྡོ་རྗེའི་ལྕེས་སྐུ་གསུམ་གྱི་བདག་ཉིད་འཁོར་ལོ་དང་བཅས་པའི་ཧེ་རུ་ཀའི་གཟུགས་ཅན་རྣལ་འབྱོར་པས་འགད་ལྕགས་དབུལ་སོ། །མགྲིན་པའི་སྒོ་ནས་དེ་དག་ཐམས་ཅད་ཞུགས་ཤིང་?་བའི་མེས་སྨིན་པས་བདུད་རྩིར ་གྱུར་ཏེ། བདུད་རྩི་དེས་འཁོར་དང་བཅས་པའི་བཅོམ་ལྡན་འདས་ལགས་པར་ཚིམ་པར་འགྱུར་རོ། །ནང་གི་བདག་ཉིད་ཀྱི་སྤེན་སྲེག་གི་ཚེ་གའོ། །རྒྱལ་བ་རྣམས་ཀྱིས་དག་པས་དག་པ་ཡོངས་སུ་རྫོགས་འདི་དག་རྟག་ཏུ་སྣང་གང་ལ། །གཟོད ་གནས་སྐྱ་འགག་མེད་པ་རང་གཞན་རྣམ་པར་?་པའི་རྟོགས་པ་བྱེད་པ་སྤངས། །བདེན་བརྫུན་སྤངས་ཤིང་གསལ་བ་སྲིད་དང་ཀྱི་བ་མཉམ་ཞིང་གཉིས་མེད་ཚུལ་ངེས་པ། །དེ་ཡི་ལ་བོང་ལོའི་བདག་ཉིད་རྒྱལ་བའི་ཡོན་ཏན་གཞི་ཡིན་རྡོ་རྗེ ་མཁའ་འགྲོ་ཐུབ་དབང་བོ། །དཔལ་ལྡན་ཁྲག་འཐུང་སྒྲུབ་ཐབས་ཤིན་ཏུ་རྒྱས་པ་དཔལ་ལྡན་རིན་ཆེན་ལྷ་མོའི་ཕྱིར་བྱས་པ། །ཡན་ལག་རིམ་པས་བྱས་འདིས་རྣམ་པར་དག་པའི་གཏེར་ཞེས་བཤད་པར་ལས་བླངས་ནས། །བདག་གིས་བྱས ་ལས་བསོད་ནམས་ཉེ་?་སོགས་ངེས་པ་ངེས་ནི་སྡུག་བསྔལ་རྣམ་བསལ་ནས། །འཇིག་རྟེན་གསུམ་གྱུར་སྐྱེ་བོ་མྱུར་དུ་ཕྱག་རྒྱ་ཆེན་པོའི་གནས་སྐུ་འགྲོ་བར་ཤོག། བདག་གིས་སྒྲུབ་ཐབས་བརྩམས་པ་ཡིས། །དགེ་པའི་རྩ་བ་གང?་ཐོབ་པས ་ཁམས་གསུམ་སེམས་ཅན་ཐམས་ཅད་ནི། །བདེ་གཤེགས་སྐུ་གསུམ་ཐོག་པར་ཤོག། དཔལ་ཀྱེ་རྡོ་རྗེའི་སྒྲུབ་ཐབས་ཀྱི་རྒྱལ་པོ། །སློབ་དཔོན་ཨ་བ་དྷཱུ?་ཏཱི་བ་གཉིས་མེད་རྡོ་རྗེས་མཛད་པ་རྫོགས་སོ།། །།མ་ཀྱེའི་རྡོ་རྗེའི་སྒྲུབ་ཉམས་སུ་རྣམ་པར ་?་པ་བཞུགས། རྒྱ་གར་སྐད་དུ་?་ཤུདྷ་ན་དྷི་ནཱ་མ་ཧེ་བཛྲ་སཱ་དྷ་ནཾ། བོ་དེ་སྨད་དུ། །ཀྱེ་རྡོ་རྗེའི་སྒྲུབ་བའི་ཐམས་རྣམ་པར་དག་པའི་གཏེར་ཞེས་བྱ་བ། དཔལ་ལྡན་བླ་མ་ནམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཧཱུཾ་སྐྱེས་སྔོན་པོ་ཉི་ཤུ་རྩ་བའི་?་སྤྱན ་