| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། ཥ་ཌཱཾ་ག་སཱ་དྷ་ནཱཾ་ནཱ་མ། །བོད་སྐད་དུ། ཡན་ལག་དྲུག་པ་ཞེས་བྱ་བའི་སྒྲུབ་ཐབས། ཀྱེ་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་སྒྱུ་མ་ལ་བཞུགས་ཆུ་ཟླ་དང་མཚུངས་ལྷ་མོ་བརྒྱད་ཀྱི་བདག། ཀྱེ་རྡོ་རྗེ་རྣམ་ཐར་བསྡུ ་དངོས་དེ་བཞིན་ཉིད་ཀྱི་ཞལ་དང་ཞབས་ཕྱག་སྤྲུལ། །བདུད་ཀྱི་སྙིང་ག་ཉམས་དགའ་བ་ཡི་གནས་སུ་སེམས་ཅན་དོན་མཛད་དགྱེས། །གང་མཁན་ནམ་མཁའ་ལྟ་བུས་དྲེགས་པར་མཛད་ཅིང་འགྲོ་བ་བསྲུང་བ་དང། །དང་པོ་སངས་རྒྱས་ཀྱི་སྤྲུལ་སྐུ་འདྲ་བ། །སྐྱིས? ་པའི་ཆུ་བོ་སྒྲོལ་བའི་ཐེག་གཅིག་པ། །བླ?་མ་ལ་གུས་ཕྱག་འཚལ་རྟོག་པ་ཡིན། །ཀྱེ་ཡི་རྡོ་རྗེའི་རྒྱུད་ཆེན་རྒྱ་མཚོ་ལྟ་བུ་ལས། །ཌོམགིའི་ཞལ་སྔ་ནས་ཀྱི་རིམ་རྙེད་པས། །ཀྱེ་རྡོ་རྗེའི་ཤྲཱི་ཡི་སྒྲུབ་ཐབས་ནི། །མི་ཤེས་སྒྲིལ་གཡོགས་མུན་འདྲ་བའི། །ཐུར་མ ་འདི་ནི་བརྩམ་པར་བྱ། །དངོས་གྲུབ་ཀྱི་ནི་སེམས་འདི་ཡིས། །མཚན་མོའི་དུལ་སུ?་རང་ཁྱིམ?་དང། །དུར་ཁྱོད་ཆུ་འགྲམ་དེ་དག་ཏུ། །འཇིགས་པ་མེད་བར་བསམ་གཏན་བྱ། །སྙིང་གར་ཆུ་སྐྱེས་ཉི་མ་རེའོ། །གཟུགས་བརྙན་ཧཱུཾ་ལས་ཁྱད་པར་བསྒོམ། །བླ ་མ་རྡོ་རྗེ་མཁོད?་ནས་ན། །བདན་པོ་ཡོངས་སུ་ག་པར་ནི། །གཽ་དཱི་ལ་སོགས་ལྷ་མོ་བརྒྱད། །མཆོད་པ་ཡོངས་སུ་སྤྲོ་བར་བྱ། །སྡིག་པ་བྱས་པ་ཤགས་པ་དང། །བྱེད་པ་ཡང་ནི་སྡོམ་པ་དང། །བསོད་ནམས་དག་རྗེས་ཡི་རང་དང། །རེ་དག་ཡོངས ་སུ་བསྔོ་བར་བགྱི། །དཀོན་མཆོག་གསུམ་སྐྱབས་འགྲོ་བ་དང། །བྱང་ཆུབ་མཆོག་སྐྱབས་འཕྲོ་བ་དང། །ཁམ་ལ་གནས་ཤིང་བདག་ཀྱང་ནི། །གཞན་ཀྱི་དོན་དུ་དབུལ་བ་དང། །གནང་བ་ནོད་དང་ཚངས་པ་ཡི། །གནས་ནི་བཞི་པོའི་བསམ་གཏན ་བྱ། །དང་པོ་བྱམས་པ་བསྒོམ་བྱ་ཞིང། །གཉིས་པ་སྙིང་རྗེའི་བྱེ་བྲག་བསྒོམ། །གསུམ་པ་དགའ་བ་བསྒོམ་བ་སྟེ། །ཐམས་ཅད་ཐ་མ་བཏང་སྒོམས་སོ། །ཡང་ནི་སྟོང་པའི་བྱང་ཆུབ་ནི། །བསྒོམ་ཞིང་འདི་ནི་བརྗོད་བར་བྱ། །ོཾ་ཤཱ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ ་ཨཱཏྨ་ཀོ་ཧཾ། །སྟོང་བད་རཾ་སྐྱེས་ཧཱུཾ་དངོས་ལ། །སྣ་ཚོགས་རྡོ་རྗེའི་བསམ་གཏན་བྱ། །འགྲོ་བའི་བདུད་རྣམས་སེལ་བྱེད་པའི། །ཧཱུཾ་ལས་གསལ་བར་སྤྲོ་བར་བྱ། །ོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། །ཡི་གེ་འདི་བརྗོད་དོ། །འདི་ལས་རྡོ་རྗེ་བསྐོར་བའི་གུར། །བླ་རེ་ཡང ་ནི་བསྒོམ་པར་བྱ། །རྡོ་རྗེའི་ས་ལ་ནམ་མཁའ་ཨི་དབྱིངས། །ཡཾ་རཾ་བཾ་ལཾ་བྱུང་བའི་དཀྱིལ་འཁོར་རོ། །བྷྲུཾ་ལས་འཁོར་ལོའི་སྟེང་དུ་བཞག་པར་མའི་སྐྱེས་པའི་བསམ་གཏན་བྱ། །འདི་ན་འབྱུང་བའི་དཀྱིལ་འཁོར་བཞི། །འཁོར་ལོ་འདི་ནི་ལྔ་པའོ། །གཅིག་འགྱུར ་དེ་ལས་སངས་རྒྱས་ཀྱི། །གཞལ་ཡས་ཁང་དུ་གྱུར་བ་སྟེ། །ངོས་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ནི་རྣམ་པར་བརྒྱན། །དྲ་བ་དྲ་ཕྱེད་ཡང་དག་ལྡན། །ཀ་བ་བརྒྱད་ཀྱིས་ཤིན་ཏུ་སྤྲས། །ལྷ་མོ་བརྒྱུད་ཀྱིས་འོད་རྣམས་ནི། །གསལ་བ་ཡིན་ནི་སྣམ་བུ་ཡིན། ་འདི་ནི་ཆུ་སྐྱེས་འདབ་མ་ནི། །བརྒྱད་བ་?་ཞིང་ཕྲེང་བ་གཅིག། ཉི་མའི་དཀྱིལ་འཁོར་ལ་གནས་པའི། །བདུད་བཞི་ཡིས་ནི་རྣམ་པ་བརྒྱན། །ོཾ་སརྦ་ཏ་ཐཱ་ག་ཏཱ་ལ་ཡ་བཛྲ་སྭདྷ་བ་ཨཱཏྩ་ཀོཧཾ། །སངས་རྒྱས་ཕོ་བྲང་བྱེ་བྲག་རྫོགས། །རྣམ་པ་ལྔ་པོ་བསྒོམ་པ་ནི།། ་ཟླ་བ་མེ་ལོང་ཡེ་ཤེས་ཏེ། །རྟ་བདུན་པ་ནི་མཉམ་པ་ཉིད། །ལྷ་ཡི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པ་ཡིན་ཞེས་ཟེར། །ཐམས་ཅད་གཅིག་འགྱུར་བྱན་ན་ཏན། །གཟུགས་བརྙན་རྫོགས་བ་དེ་ཆོས་དབྱིངས། །ཱ་ལི་བསྒོམ་པ་ཟླ་བ་སྟེ། །ཀཱ་ལི་རྟ་བདུན ་པ་ཡིན་ནོ། །གཉིས་ཀྱི་བ་ན་ཨི་དང་?། །དེ་གཉིས་རྡོ་རྗེ་གྲི་གུག་གྱུར། །ཟླ་ཉི་ས་བོན་ཕྱག་མཚན་ནི། །འདི་དག་ཐམས་ཅད་གཅིག་གྱུར་པ། །ཆུ་དང་འོ་མ་ཐ་དད་མེད། །དེ་འདྲའི་རྡོ་རྗེ་བསམ་གཏན་ནི། །ཞལ་བརྒྱད་ཕྱག་ནི་བཅུ་དྲུག་པ། །འཇིགས་བྱེད ་ཞབས་ནི་བཞི་པའོ། །དཔའ་བོ་ཐོད་པའོ་བྱེད་པ་ཅན། །བདག་མེད་མ་ཡིས་ཕྲག་ནས་འཁྱུད། །ཕྱག་རྒྱ་ལྔ་ནི་འཛིན་པའི་ལྷ། །ཟླ་བའི་ནོར་བུ་ཁ་དོག་འོད། །རྩ་བའི་ལུས་མདོག་གཡོན་གྱི་ནི། །ཞལ་ནི་དམར་དང་དཀར་དང་གཞན། །གླང་པོ་རྟ་བོང་གླང ་རྔ་མོ། །མི་དང་སེང་གེ་དེ་བྱི་ལ། །གཡས་པའི་ཐོད་པ་བརྒྱད་བ་ནི། །དང་པོ་གླང་པོ་རིམ་ཤེས་བྱ། །གཞི་དང་ཆུ་གནས་རླུང་དང་ནི། །མེ་ཟླ་དེ་ནས་སྣང་བྱེད་དང། །བྱིན་མཐར་བྱེད་དང་ནོར་སྦྱིན་ནི། །གཡོན་པའི་ཐོད་པ་བརྒྱད་ནའོ། ་ལྷ་མོ་ཞལ་གཅིག་ཕྱག་གཉིས་མ། །གནག་ཅིང་གྱེན་དུ་བསྒྲེང་བ་སེར། །གྲི་གུག་ཐོད་པ་ཁ་ཊཝཱཾ་ག། འཛིན་ཅིང་སྟག་ལྤགས་ཤམ་ཐབས་ཅན། །ོཾ་པདྨ་སུ་ཁ་དྷཱ་ར་མ་ཧཱ་རིག་སུ་ཁཾ་དཏྟ་ཙ་ཏུར། །ཱ་ནནད་བྷ་ག་བི་ཤ་ཧཱུཾ་ཧཱུཾ་ཧཱུཾ། ཀརྱཾ་ཀུ་རུ་ཤྭ་མེ། ་ཨོཾ་བཛྲ་མ་ཧཱ་དཱ་བ་ཙ་ཏུར། །ཱ་ནནད་དཱ་ཡ་ཀ་ཁ་ག་མུ་ཁེ་ཀ་རཱ་སོ་ནཱ་ཐ་ཧཱུཾ་ཧཱུཾ་ཧཱུཾ། ཀརྱཾ་ཀུ་ཏུ་ཥ་མེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བཏ་བ་ཨཱཏྨ་ཀོ་ཧཾ། དང་པོའི་སྐྱེས་བུ་བསམ་དེ་ནས། །མཁའ་འགྲོ་མ་དེའི་འཁོར་ལོ་སྤྲོ། །རྡོ་རྗེ་རྗེས་སུ་ཆགས་བྱེད་བས། ། ་རྒྱལ་བའི་ཁུ་བ་རྗེས་སུ་འགྱུར། །ས་བོན་བརྒྱད་དུ་གྱུར་པའོ། །དེ་བཞིན་གཤེགས་པའི་ཐིག་ལེ་དེ། །གཾ་ཙཾ་བཾ་གླཾ་པཾ་སཾ་ལཾ་ཌཾ། ལྷ་མའོ?་ས་བོན་དབྱད་པའོ། །གཽ་?་དབང་ཤིན་ཆོམ་རྐུན་མ། །རོ་ལངས་མ་ནི་ཆུ་བདག་གནས། །གྷསྨ་རཱི་?་གསུས་པོ་ཆེ། །དེ ་བཞིན་པུཀྐ་སཱི་དབང་ལྡན། །རི་ལོང?་མ་ནི་བྱིན་?་གྲཝ། གཏུམ་མོ་བདེན་བྲལ་ལ་གནས་ཏེ། །གཡུང་མོ་འདི་ནི་རླུང་གནས་ན། །ལྷ་མོ་འཁོར་ལོ་རྫོགས་བའོ། །ཧོ་གཉིས་དབུས་སུ་གནས་པ་ནི། །སྐུ་གསུང་ཐུགས་ཀྱི་ཡི་གེ་སྟེ། །འདི་ནི་བར་མའི་སེམས ་ཅན་མིང། །ལྷ་མོའི་པདྨར་བསམ་གཏན་བྱ། །བར་མ་མཉམ་པར་འཇུག་པ་ནི། །ཁུ་བའི་ངོ་བོས་རྗེས་སུ་དྲན། །མཚམས་ཀྱིས་ལྷ་མོ་བསྐུལ་བ་སྟེ། །དེ་ནས་དབྱངས་ཀྱི་བསྐུལ་བར་བྱ། །སྙིང་རྗེའི་ཡིད་ཀྱི་བླ་མེད་བཞེངས། །པུཀྐ་སཱི་ནི་བདག་ལ ་སྐྱོབས། །སྟོང་པའི་རང་བཞིན་སྤངས་ནས་ནི། །བདག་ལ་འདོད་པའི་བདེ་ཆེན་སྦྱོར། །ཁྱེད་མི་བཞུགས་ན་བདག་འགུམ་པས། །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །རི་ཁྲོད་མ་འབྲས་གྲུབ་པར་ནི། །ཀྱེ་རྡོ་རྗེ་ཁྱེད་བཞེངས་ཤིག། འཇིག་རྟེན་ཕྱིན ་སྨོན་འདོད་བའི་གཙོ། །ཅི་ཕྱིར་སྟོང་བའི་ངང་ལས་བཞུགས་།ཁྱོད་མི་བཞུགས་ན་ཕྱོགས་མི་ཁུམས། །གཏུམ་མོ་བདག་ནི་གསོལ་བ་འདེབས། །གཡུང་མོ་བདག་ནི་ཡིད་རྨོངས་པས། །སྙིང་རྗེ་རྒྱུན་ཆད་མ་མཛད་པར། །བདག་གིས་ཁྱོད་ཀྱིས་ཐུགས ་འཚལ་གྱིས། །ཁྱོད་ནི་མིག་འཕྲུལ་ལྟ་བུར་བཞེངས། །བསྐུལ་བའི་གླུའོ། །བསྐུལ་བས་སྔོན་གྱི་བྱང་ཆུབ་ཀྱི། །སྨོན་ལམ་རྗེས་སུ་དྲན་པའོ། །ཁུ་བའི་གཟུགས་ལས་བཞེངས་པ་ནི། །ཾ་དང་ཧཱུཾ་གཉིས་རྡོ་རྗེ་ཆེ། །ཞལ་བརྒྱད་ཞབས་ནི་བཞི་པ་སྟེ། ་ཕྱག་ནི་བཅུ་དྲུག་དག་གིས་བརྒྱན། །བདུད་བཞི་མཉམ་པར་མནན་པ་སྟེ། །ཕྱེད་བཅས་པ་ཡི་གར་མཁན?་ནི་མགོ་བོའི་ཕྲེང་བས་དོ་ཤལ་བྱས། །སྣ་ཚོགས་རྡོ་རྗེ་སྤྱི་བོར་འཛིན། །རྩ་བའི་ཞལ་ནི་ནག་པོ་ཆེ། །གཡས་པ་ཀུ་མུ་ཏ་དང་མཚུངས། །གཡོན ་པར་མར་པོ་ཆེན་པོ་འཇིགས། །ཕྱི་མའི་ཞལ་ནི་བུ་དང་མཚུངས། །སྤྱན་ནི་ཉི་ཤུ་རྩ་བཞིས་ཕྱུག། །བདག་མེད་མ་ལ་བདེ་བ་སྟེར། །གླང་པོ་རྟ་བོང་གླང་རྔ་མོ། །མི་དང་སེང་གེ་དེ་བྱི་ལ། །གཡས་པའི་ཐོད་པ་བརྒྱད་བོ་ནི། །དང་པོ་གླང་པོ་རིམ་ཤེས་བྱ། །གཞི ་དང་ཆུ་གནས་རླུང་དང་ནི། །མེ་ཟླ་དེ་ནས་སྭ་དབྱེད་དང། །གྱི་མཐར་བྱེད་དང་ནོར་སྦྱིན་ནི། །གཡོན་པའི་ཐོད་པ་བརྒྱད་ནའོ། །གཽ་རཱི་ཁ་དོག་ནག་པོའོ། །ཆོམ་རྐུན་མ་ནི་བཙོད་དང་མཚུངས། །རོ་ལངས་མ་ནི་གསེར་བསྲེག་མདོག། གྷསྨ་རཱི་ནི་མཱ་རྐཏ་མཚུངས།། ་པུཀྐ་སཱི་ནི་དབང་སྔོན་མོ། །རི་ཁྲོད་མ་ནི་?་ནོར་འོད། །གཏུམ་མོ་ནམ་མཁའ་ཨི་ལྗང་གུ་སྟེ། །གཡུང་མོ་སྣ་ཚོགས་པ་རུ་འདོད། །གཽ་རཱི་གཡས་ན་གྲི་གུག་སྟེ། །གཡོན་ན་ཉ་ནི་དེ་བཞིན་ནོ། །ཚོམ་རྐུན་མ་གཡས་ཅང་ཏེའུ་སྟེ། །གཡོན་ན་ཕག་པ་དེ་བཞིན་ནོ།། ་རོ་ལངས་མ་གཡས་རུ་སྤལ་ཏེ། །གཡོན་བའི་ལག་པ་ཐོད་པའོ། །ཟ་ཕོད་མ་ཡི་གཡས་ནི་སྤྲུལ། །གཡོན་བའི་ལག་ན་ཐོད་པའོ། །པུཀྐ་སཱི་གཡས་སེང་གེ་སྟེ། །གཡོན་པའི་ཕྱག་ན་དགྲ་སྟ་འཛིན། །རི་ཁྲོད་མ་གཡས་དགེ་སློང་སྟེ། །གཡོན་པ་ན་ནི ་གསིལ་བྱེད་ཤེས། །གཏུམ་མོ་གཡས་ནི་འཁོར་ལོ་སྟེ། །གཡོན་ན་ཐོད་པ་དེ་བཞིན་ནོ། །གཡུང་མོ་གཡས་ན་རྡོ་རྗེ་སྟེ། །གཡོན་ན་སྡིགས་མཛུབ་དེ་བཞིན་ནོ། །སྐྱིལ་ཀྲུང་ཕྱེད་པའི་གང་གྱིས་གནས། །གཽ་རཱི་ལ་སོགས་ཕྱག་གཉིས? ་ཤེས། །སྤྱན་གསུམ་སྐྲ་ནི་གྱེན་དུ་ཡིན། །ཕྱག་རྒྱ་ལྔ་ཡིས་ཤིན་ཏུ་མཛེས། །ཚངས་པ་དབང་པོ་ཉེ་དབང་དྲག། གཤིན་རྗེ་ནོར་གྱི་བདག་པོ་དང། །བདེན་བྲལ་དང་ནི་ཐག་བཟངས་རིགས། །ཀཽ་?་ལ་སོགས་པ་ཡི་གདན། །ཐམས་ཅད་རྡོ་རྗེ་འདི་ཡིས ་ནི། །རང་སྔགས་ཡི་གེ་རྫོགས་པ་དང། །ཕྱག་རྒྱ་ཕྱག་མཚན་གྱུར་པ་ལས། །སྙིང་གར་ཡེ་ཤེས་བསམ་གཏན་བྱ། །རང་སྙིང་?་ཉིར་ཧཱུཾ་རྡོ་རྗེ། །ཧཱུཾ་ཡེ་ཤེས་སེམས་དཔའ་བཞུགས་པའི་སྙིང། །པད་ཉིར་གནས་པའི་ཧཱུཾ་རྡོ་རྗེ། ཧཱུཾ་ཡེ་ཤེས ་རྗེས་སུ་བསམ་པའོ། །དམ་ཚིག་འཁོར་ལོ་ལ་མཉམ་ཐིམ། །ཡེ་ཤེས་འཁོར་ལོ་ཆེན་པོ་འབར། །སངས་རྒྱས་བྱང་ཆུབ་སེམས་དཔའ་ནི། །བསྒྲུབས་ཏེ་གཞན་ཡང་དམ་ཡིན། །ཛ(རྒྱུད་འགྲེལ་དགུག་དང་འདི་ནི་གཞུག་པ་དང། །བཅིང་དང་རྗེས་སུ་དགྱེས་པར་བྱ། །མིག་ལ་སོགས་པ་གཏི་མུག་སོགས། རྡོ་རྗེ་གསུམ་ནི་གནས་གསུམ་གསུམ། །མིག་གཉིས་རྡོ་རྗེ་གཏི་མུག་མ། །རྣ་གཉིས་ཞེ་སྡང་རྡོ་རྗེ་མ། །ས?་ནི་སེར་སྣ་རྡོ་རྗེ་མ།། ་ཁ་ལ་འདོད་ཆགས་རྡོ་རྗེ་མ། །ལུས་ལ་ཕྲག་དོག་རྡོ་རྗེ་མ། །ཡིད་ལ་བདག་མེད་རྣལ་འབྱོར་མ། །མིང་གི་ཡི་གེ་དང་པོས་བསྐྱེད། །ཕྱག་གཉིས་ཞལ་གཅིག་བཟང་པོ་ཡི། །གྲ་གུག་ཐོད་པ་ལག་ན་བཅས། །སྣ་ཚོགས་མདོག་ཅན་རེ་ཡི་གདན།། ་སྐུ་གསུང་ཐུགས་ཀྱི་གནས་སུ་ནི། །ོཾ་ཨཱ(རྒྱུད་འགྲེལ་ཁྱད་པར་སྤྲོ། །ལྕགས་ཀྱའི་གཟུགས་ཀྱི་འོད་ཟེར་གྱིས། །སངས་རྒྱས་སྤྱན་དྲངས་ཡང་དག་མཆོད། །དབང་བསྐུར་པ་ནི་བླང་བའོ། །མགོན་པོ་དེ་བཞིན་གཤེགས་ཐམས་ཅད། །ཁྱེད་ཀྱིས་བདག་ལ་དབང་བསྐུར་ཅིག། དེ་ནས་དེ་བའི་གཤེགས་འདི་དག། ཧེ ་རུ་ཀ་གཟུགས་བྱས་ནས་ནི། །བདུད་རྩི་ལྔ་ཡིས་ཆུས་གང་བའི། །བུམ་པ་ཉེད་ཀྱི་ཕྱག་གིས་བསྣམས། །བླུགས་ཏེ་དབད་བསྐུར་མཐད་རུ་འདིའི། །རྩ་བའི་མི་བསྐྱོད་ཕྱག་རྒྱའོ། །དེ་ནི་ཡང་ནི་གཽ་རཱི?་དང། །?་སཱི་འདིའི་ཕྱག་རྒྱའོ། །སངས་རྒྱས་རིན་ཆེན ་དཔག་མེད་ཡང། །ཕྱི་མ་དྲུག་ལ་གཉིས་གཉིས་རིམ། །ོཾ་སརྦ་ཏ་ཐཱ་གེ་ཏ་ཨ་བྷི་ཥ་ཀ་ཏ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། འབུད་པ་དང། འདར་བ་དང། ཐོད་པ་དང། ལྕགས་ཀྱུ་ལྔ་དང། ས་བོན་ལྡར་གྱུར་པའི་བདུད་རྩིའི་རོ་མྱོད་བད?་བྱེད་པ་ལ། །རྡོ་རྗེ་ནས་ཀྱི་འབྲུ?་ཙམ ་བསམས་ཏེ། དཔལ་ཀྱེ་རྡོ་རྗེ་བརྟག་པའོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲི་ཏ་ས་བཛྲ་སྭ་བྷ་བ་ཨཱརྨ་ཀོ་ཧཾ། ཡེ་ཤེས་མཆོད་པ་སྣ་ཚོགས་སོགས། །ལྷ་མོ་འདི་བརྒྱད་མཆོད་པ་ནི། །སྒྲོ་ཞིང་འཁོར་ལོའི་བདག་པོ་ནི། །འཁོར་ལོའི་བདག་ཉིད་པས་སྔོན་མཆོད། །ོཾ་སརྦ ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སཱ་བྷཱ་བ་ཨཱཏྨ་ཀོ་ཧཾ། རྣལ་འབྱོར་མ་ནི་དེ་དག་གིས། །འཁོར་ལོའི་གཙོ་བོ་ལ་བསྟོད་པ། །ཁྱོད་ནི་རྣལ་འབྱོར་མ་རྣམས་བསྐོར། །ཉིད་ཀྱི་ཐུགས་ཀྱིས་ཁྱོད་དགོངས་གྲུབ། །ཁྱོད་ནི་རྒྱུ་དང་མི་རྒྱུ་འཁོར་བ་ཀུན་སྒྲུབ་པ། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན ་བྱང་ཆུབ་ཏུ། ཀུན་རྗེ་?་ས་བྱང་ཆུབ་སྣ?་པཱི་ཡིད། །དགྱེས་པའི་ཤྲཱི་ཧེ་རུ་ཀ་རྡོ་རྗེ་བསྟོད། །ོཾ་སརྦ་ཏ་ཐཱ་ག་ཏ་སྟུ་སྟི་བཛྲ་སྭ་དྷཱ་ར་ཨཱཏྨ་ཀོ་ཧཾ། རྡོ་རྗེ་རྗེས་སུ་ཆགས་པ་བྱེད་དང། །སངས་རྒྱས་གཞལ་མེད་བྱེ་བྲག་བསྒོམ། །དབང་བསྐུར་བདུད་རྩི་མྱོད་བ་དང། །མཆོད ་པ་བསྟོད་པ་ཡན་ལག་དྲུག་?་ལག་དྲུག་?་?་གནས་ན་རྒྱུར་དུ་དངོས་གྲུབ་ཐོབ། །ཕོ་བྲང་སངས་རྒྱས་རྣམ་སྣང་མཛད། །དབང་ནི་མི་བསྐྱོད་དེ་བཞིན་གཤེགས། །བདུད་རྩི་མྱང་བ་འོད་དཔག་མེད། །བསྟོད་པ་རིན་ཆེན་འབྱུང་ལྡན་དཔལ། །མཆོད་པ་དོན ་ཡོད་མན་ངག་མཆོད། །རྗེས་ཆགས་རྡོ་རྗེ་སེམས་དཔའ་ཨོ། །དངོས་གྲུབ་འདི་ནི་ཉེ་བ་ཡི། །ཡན་ལག་དྲུག་གིས་བསྐྱེད་བ་ནི། །དང་པོ་སྤྲིན་དང་འདྲ་བ་མཐོང། །གཉིས་པ་དུལ་འདྲ་བ་སྟེ། །གསུམ་པ་གློག་གི་རྣམ་པའོ། །བཞི་པ ་མར་མེ་འབར་བ་དང། །སྔ་པ་ཐམས་ཅད་སྣང་བ་སྟེ། །སྤྲིན་མེད་ནམ་མཁའ་འདྲ་བའོ། །ཕྱིས་ནི་?་མའི་རྣམ་པ་མཚུངས། །རྨི་ལམ་སྣང་བ་སྐད་ཅིག་གོ། ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། །སྤྱན་ལ་སོགས ་པ་ཡང་བསྲེགས་པ། །བསྲེགས་པས་ཧཾ་ལས་རི་བོང་འབྱུང། །བསམ་གཏན་མི་ནུས་རྣལ་འབྱོར་གང། །དོན་ནི་དག་པ་རྗེས་སུ་དྲན། །སྙིང་རྗེ་ཅན་ནི་དམར་པོ་སྟེ། །ཡན་ལག་ནག་པོ་བྱམས་པའི་ཐུགས། །བསྡུ་བའི་དངོས་པོ་བཞི་པོ་ནི། །ཞབས ་ནེ་རྣམ་པ་བཞི་ཞེས་བརྗོད། །ཞལ་བརྒྱད་རྣམ་པར་ཐར་པ་ཡིན། །བཅུ་དྲུག་ཕྱག་ནི་སྟོང་བ་སྟེ། །ཕྱག་རྒྱ་ལྔ་ནི་སངས་རྒྱས་ཡིན། །ཁོ་བོ་གདུག་པ་འདུལ་བ་པོ། །སྤྱན་གསུམ་པོ་ནི་སྐུ་གསུམ་མོ། །རུས་པ་བདེན་པ་བཞི་པོའོ། །གཟུགས་ནི་རྡོ ་རྗེ་མ་ཡིན་ཏེ། །ཚོར་བ་གསང་བའི་གཽ་རཱི་མ། །དེ་བཞིན་ཆུམ་འདུ་ཤེས་ཕུང། །འདུ་བྱེད་རྡོ་རྗེ་མཁའ་འགྲོ་མ། །རྣམ་ཤེས་འདི་ནི་བདག་མེད་མ། །དོན་དམ་ལ་ནི་ཕུང་པོ་མེད། །དེ་ནི་ཡན་ལག་དྲུག་ཏུ་འགྱུར། །སྐྱེ་མཆེད་དྲུག་ནི་དག་པ ་ཡི། །ཞེ་སྡང་རྡོ་རྗེ་རྡོ་རྗེ་མ། །རྡོ་རྗེ་རིམ་འབར་རི་ཡིན། །ཕྲག་དོག་རྡོ་རྗེ་མ་དེ་བཞིན། །གཉི་མུག་རྡོ་རྗེ་མ་ཡང་ནི། །ཡིན་ཏེ་རྡོ་རྗེ་མཁའ་འགྲོ་མ། །སེར་སྣ་གསང་བའི་གཽ་རཱི་མ། །ཡིད་ལ་བདག་མེད་རྣལ་འབྱོར་མ། །ས་ནི་པུཀྐ་སཱི་རུ་བརྗོད། །ཆུ་རྣམS ་རི་ཁྲོད་མ་ཞེས་ཟེར། །དོད?་ནི་གཏུམ་པོར་ཤེས་པར་བྱ། །རླུང་ནི་གཡུང་མོར་རབ་ཏུ་བརྗོད། །གཟུགས་ནི་གཽ་རཱིར་ཡང་དག་བཤད། །སྒྲ་ནི་ཆོམ་རྐུན་མ་རབ་བཤད། །སོ་སོའི་དྲི་ནི་རོ་ལངས་མ། །རོ་ཡི་ཚུལ་ནི་ཟ་བོད་མ། །རེག་བྱ་ས་སྤྱོད་མ ་ཞེས་བརྗོད། །ཆོས་ཀྱི་ཁམས་ནི་མཁའ་སྤྱོད་མ། །ས་ནི་དང་པོར་ནོར་སྦྱིན་མཛའ་། །ཕྱུག་པོ་ཐམས་ཅད་ས་འགྲུབ་པའོ། །གླང་བོ་ལ་སོགས་འཛིན་པ་ནི། །ནང་ནི་ཉེ་བར་ཞི་བའོ། །གློ་དང་དབུགས་དང་དེ་བཞིན་སྨྱོ། །ཁྲག་སྐྱགས་མཛེ་ནད་བི་རྫི་ཀ། མཆེད ་པ་མཆིན་པ་རང་གཟུགས་ནི། །གླང་པོ་ལ་སོགས་རབ་ཏུ་བརྗོད། །ནི་རང་སུ་འམ་གཞན་ལས་ནི། །བསམ་གཏན་སྔགས་ཀྱི་བཟླས་པ་བྱ། །ོཾ་ཨཥྚཱ་ནཱ་ཡ་བཾ་ག་ཨུདྡྷ་ཀེ་ཤ་ལྔ་རྟམ་ནེ་ཙ་ཏུ་རྦཾ་ཤ་ཏི། ནེ་ཏྲཱ་ཡ་ཤ་བྷ་ཛཱ་ཡ། །ཀཱ་ཥརྞ་ཛཱི་མཱི་ཏྭ་ཝ་པ་ཥེ་ཀ ་བླ་ལ་མཱ་ལྔ་ནེ་ཀཾ་དྷ་རི་ཎེ་ཨཱ་དྷ་མ་ཏ་ཀྲ་ར་ཙིཏཎཱ་ཡ་ཨརྡྷེནྟུ་ཛཥྞི་ཎེ། ཨོཾ་མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། གརྫ་པ་བརྫར་ཡ། ཏཌཱ?་ཡེ་ཧ་?་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། །ས་པཏ་?་ག་ཏཱ་ན། བནདྷ་བནདྷ། ཧཱ་ཤ་ཨཥྚ་ཀའན། གྲིཧྣ་གྲིཧྣ་ཤ་ཏྲཱ། ཧ་ཧཱ་ཧི་ཧཱ་ཧཱུ་ཧཾ་ཧ་ཧ་ཧ་ཧཾ། ཧཾ་ཧ: ་ཕཊ་སྭཱཧཱ། བར་ཆད་ཐམས་ཅད་ཉེར་ཞིའི་ཕྱིར། །གཏོར་མ་རྒྱན་ཏུ་སྦྱིན་པར་བྱ། །ོཾ་ཨིནད་ཛ་མ་ཛ་ལ་ཛཀབ་སྟུ་ཏ་བཧྣི་བ་ཨུ་རཀྑ་ཙནད་སུཛཛ་མ་ཏ་བཔབ?་ཏ་ལ་ཨཥྚཱ་སབབ་ཨི་དེ་བ་ལཾ་བྷུཾ་ཛཾ་ཛཾ་དྷ་པུལླ་དྷཱ་བ་མཱཾ་ས་པིཾ་ག་ཨམྦྷ་ཀེཛཛ་སཱི་ད། །ཁནདི་ཁུ་ཎི། ཕེ་ཊ ་ག་ད།?་།ོཾ་ཨ་ཤཱ་དོ་མུ་ཁཾ་སརྦ་དྷརྨ་ཎཾ། ཨཱ་ཏྱ་ནུ་ཏྲནྣ་ཏྭ་ཏ་ཨོཾ་ཨཱ(རྒྱུད་འགྲེལ་ཐུགས་རྗེའི་སྟོངས་ཀྱིས་སྒྲུབ་ཐམས་ཕྱིས། །འདི་ལས་ངལ་བར་གྱུར་པའི་བསོད་ནམས་གང། །དེས་ཐོབ་སྐྱེ་བའི་རྒྱ་མཚོ་ལས་སྒྲོལ་བའི། །ཐེག་པ་འགྲེ་བསྡོལ་བའི་རྒྱུར་གྱུར་ཅིག། ཡན་ལག་དྲུག་པའི་སྒྲུབ་ཐབས་ཤེས་བྱ་བ། །སློབ་དཔོན་མི་ཐུབ་ཟླ ་བས་མཛད་པ་རྫོགས་སོ།། །།བླ་མ་དམ་པས་བཀའ་སལ་པ། །དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས། །ཡན་ལག་དྲུག་པའི་སྒྲུབ་ཐབས་འདི། །ཤཱཀྱ་དཀོན་མཆོག་བདག་མེད་ལ། །རྣལ་འབྱོར་མ་ནི་ཐམས་ཅད་ཕྱིར། །ནུས་པས་བསྒྱུར་བ ་གང་ཡོད་བ། །ཀྱེ་རྡོ་རྗེའི་སྒྲུབ་ཐོབ་ཤོག། །།རྒྱ་གར་གྱི་མཁན་པོ་རཏན་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་དང། དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། །།དཔལ་དགྱེས་མཛེད་རྡོ་རྗེའི་དཀྱིལ་འཁོར་ཀྱི་ཆོ་ག་དབུགས། ་རྒྱ་གར་སྐད་དུ། སུ་པ་རི་གྲ་ཧ་ནཱ་མ་མཎྜ་ལོ་པི་ཀ་བི་དྷི། །བོད་སྐད་དུ། དཀྱིལ་འཁོར་གྱི་ཆོ་གའི་སྒྲུབ་ཐབས་བཟང་པོ་ཡོངས་སུ་བཟུང་བ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འཁོར་བ་འཇིགས་པའི་མེ་འབྱུང་ནད་དང་? ་