CLOSE WINDOW

N1162: dpal kye rdo rje'i sgrub pa'i thabs rab tu gsal ba zhes bya ba
Wyliee-texts based on the ACIP/ALL Input

དཔོན་?་ཀྱིས་མཛད་པ་འདི?་ཡོངས་?་རྫོགས་སོ།། །།པཎྚི་ཏ་མཉྫ་ཤྞི?་ལ་མཉམ་ནས་།ལོ་ཙ་བ་ཉི་མ་རྒྱལ་མཚན་དཔལ་བཟང་པོས་བསྒྱུར་བའོ།། །།དཔའ་?་ཀྱའི?་རྡོ་རྗེ་སྒྲུབ་ཐབས་ལ་?། །རྒྱ ་བར་སྐད་དུ། པུཀྐ?་ཤཱཉཱ་མ་ཤྲཱི་ཧེ་བཛྲཱ་སཱ་བྷ་ནཾ། བོད་སྐད་དུ། དཔལ་ཀྱེ་རྡོ་རྗེའི་སྟེང་པའི་ཐབས་རབ་ཏུ་གསལ་བ་ཞེས་བྱ་བ། དང་ལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མགོན་པོ་སྟེང་དང་སྟོང་མིན་གྱི། །རང་བཞིན་ཕྱག་གཉིས་ལྷན་ཅིག་སྐྱེས། །སྐུ ་མདོག་དཀར་?་གཅིག་པ། །ཧེ་རུ་ཀ་དཔལ་ཕྱག་བྱས་ནས། །དེ་?་ཡོངས?་གྱུར་རྣམ་པ་ནི། །བཅུ་དྲུག་པ་དང་ཕྱག་དྲུག་སོགས། །དེ་བཞིན་དུ་ཡང་བདག་མེད་མ། །སྔགས་ལས་དེ་རྣམས་སྒྲུབ་ཐབས་བརྗོད། །དེ་ལ་དཔལ་ལྡན་སློབ་དཔོན་མཚོ ་?་ཞབས་?་མཛད་པའི་སྣ་ཚོགས་བའི་ཀྱེ་རྡོ་རྗེའི་སྒྲུབ་པའི་ཐབས་ཀྱི་མདོར་བསྡུས་པ་རྡོ་རྗེ་སྒྲོན་མ་ཞེས་བྱ་བ་དང་ལ་?་ལནདྷར་པའི་ཞབས་ཀྱི་མཛད་དོ། །འདི་ཉིད་བཟང་པོའི་ཞབས་ཀྱིས་ཞེ་སྡང་རྡོ་རྗེའི་སྒྲུབ་པའི་ཐབས་མཛད་པ་དང་དང། ་དེའི་དོན་གསལ་བ་ཁོ་ནའོ། །དེ་ལྟན་ཡང་བློ་ཞན་པ་དག་གིས་དེ་ཐོས་ནས་བསྒོམ་པར་བྱ་བར་མི་ནུས་སོ་ཞེས་རྣམ་པར་བསམས་ནས། དེ་སྒྲུབ་པའི་ཐབས་དང། མདོར་བསྡུས་པ་དང། ཞེ་སྡང་རྡོ་རྗེའི་སྒྲུབ་པའི་ཐབས་རྣམས་ལས་ཡང་དག་པར་དྲངས་ཏེ་དྷེ་? ་པ་དག་གི་རང་གི་ཡིད་ལ་ཡང་དག་པར་ཡིད་ཆེས་བར་བྱ་བའི་ཕྱིར་དུ་བདག་གི་རྩ་བའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་བསྐྱེད་པ་དང་རྫོགས་པའི་རིམ་པའི་སྒྲུབ་པའི་ཐབས་བསྲེ་བར་བྱའོ། །ཀྱཻ་རྡོ་རྗེར་ཡང་གསུངས་པ། བསྐྱེད་པ་ཡིན་ནི་རིམ་པ་དང། །རྫོགས ་པ་ཡི་ཡང་རིམ་པ་ཉིད། །རིམ་གཉིས་མཚུངས་པ་ལ་བརྟེན་ནས། །རྡོ་རྗེ་ཅན་གྱི་ཆོས་བསྟན་ཏོ། །ཞེས་པའོ། །དེ་ལ་རྫོགས་པའི་རིམ་པའི་སྒྲུབ་པའི་ཐབས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོ་གཞན་གྱི་རྗེས་སུ་འགྲངས་ནས་རྐྱང ་བར་དུ་ཆུད་བར་བྱའོ། །དེ་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་རྣམ་པར་དག་པའི་སྒྲུབ་པའི་ཐབས་ཀྱི་མདོ་ནི་སུམ་ཅུ་རྩ་གཉིས་སུ་ཛཱ་ལནདྭ?་རི་པའི་ཞབས་ཀྱིས་གསུངས་ཏེ། ད་ཡང་རིམ་གྱིས་འཆད་པར་འགྱུར་རོ། །དང་པོར་རེ་ཞིག་སྡིག ་པ་བཤགས་པ་དང། གསུམ་ལ་སྐྱབས་སུ་འགྲོ་བ་དང། གསོ་སྦྱོང་གི་བར་དུ་བཟུང་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ལེགས་པར་བསླབས་པ། རྡོ་རྗེའི་བླ་མ་མཉེས་པར་བྱས་ནས་དཔལ་ཀྱེ་རྡོ་རྗེར་གསུངས་ཤིང་ཇི་སྐད་དུ་བཤད་པའི་ཆོགས ་དཀྱིལ་འཁོར་དུ་ཞུགས་ཤིང་རིམ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་དབང་བསྐུར་བ། སླར་ཡང་བླ་མ་རྗེ་བཙུན?་ཡང་དག་པར་བསྙེན་པ། འདིའི་རྒྱུད་ཐོས་ནས་ཡང་དག་པའི་དེ་ཁོ་ན་ཉིད་སྟོང་པ་ཉིད་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཐོབ་ཅིང། ་ཀྱེ་རྡོ་རྗེ་བསྒོམ་པར་བྱའོ་ཞེས་བླ་མའི་རྗེས་སུ་གནང་བ་ཐོབ་པ། སེམས་ཅན་ཐམས་ཅད་ཀྱི་དོན་ལ་བརྩོན་བའི་བློས། དཔལ་ཀྱེ་རྡོ་རྗེའི་སྒྲུབ་པ་བྱེད་པར་འདོད་པའི་རྣལ་འབྱོར་པས། ཡིད་དང་རྗེས་སུ་མཐུན་པའི་སྦས་པའི་གནས་སུ་།སྣ་ཚོགས་རྡོ་རྗེས ་མཚན་པའི་བདེ་བའི་སྟན་གྱི་གསུམ་སུ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འདུག་?་དོད་ཐོབ་པར་གྱུར་བ་ཇི་སྲིད་པར་དཔལ་ཀྱེ་རྡོ་རྗེ་བསྒོམ་པར་བྱའོ། །དྲོ་ཅུང་ཟད་ཡང་དག་བར་ཐོབ་བ་ནི་བདུད་རྩི་ལྔ་ལ་སོཌ་པའི་དམ་ཚིག་བསྟེན་ཅིང། ཤེས ་རབ་མཚན་མ་ཐོབ་པ་ལུག?་ལ་ཡང་དག་པར་བཟུང་ནས་རང་གི་འདོད་པའི་ལྷ་བསྒྲུབ་པར་བྱའོ། །ཤྲི་ཧེ་རུ་ཀ་ཧཾ་ཞེས་བརྗོད་ནས་འཆད་པར་འགྱུར་པའི་རང་གི་འདོད་པའི་ལྷར་དམིགས་ཏེ་རང་གི་སྙིང་གའི་པདྨ་རེ་རེ་པ་ཡོངས་སུ་གྱུར་པའི་ཉི་མ་ལ་ཧཱུཾ་ཡིག་སྔོན ་པོ་འོད་ཟེར་ལྔ་དང་ལྡན་པ་བལྟ་བར་བྱའོ། །དེ་ལས་རྣམ་པར་འཕྲོས་པའི་འོད་ཟེར་རྣམ་པ་ལྔ་རྣམས་ཀྱིས་མཛའ་ཡས་པའི་འཇིག་རྟེན་གྱི་ཁམས་སྣང་བར་བྱས་ནས། གཽ་བཱི་ལ་སོགས་པའི་རྣལ་འབྱོར་མའི་འཁོར་ལོས་ཡོངས་སུ་བསྐོར་བའི་རང་གི་འདོད ་པའི་ལྷ་དང། བླ་མ་དང། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱང་སྤྱན་དྲངས་ཏེ། མདུན་གྱི་ནམ་མཁར་བསམས་ནས། ཕྱི་དང་གསང་པ་དང། དེ་ཁོ་ན་ཉིད་ཀྱི་མཆོད་པའི་ཁྱད་པར་རྣམས་ཀྱིས་ཡང་དག་པར་མཆོད་པར་བྱའོ། །དེ ་ལ་རང་གི་ས་བོན་ལས་རྣམ་པར་སྔོས?་པའི་བི་སྤང་མ་ལ་སོགས་པ་ཆོས་མའི་མཐར་ཐུག་པའི་ལྷ་མོ་བཅུ་དྲུག་པོ་འཆད་པར་འགྱུར་བའི་རང་རང་གི་རྣམ་པ་དང་ཕྱག་རང་མཚན་མ་དང་ཞབས་རྣམས་ཀྱིས་སོ་ཞེས་པ་ཕྱིའི་མཆོད་པའོ། །དེའི་འཁོར ་འཁོར?་གནས་པའི་གཽ་རཱི་ལ་སོགས་པའི་ལྷ་མོ་ཕྱག་ན་དམ་ཚིག་གི་རྫས་སྟོང་པ་བསྒོམས་ནི་གསང་བའི་མཆོད་པའོ། །བདག་མེད་མ་དང་སྙོམས་པར་ཞུགས་པའི་བདེ་བ་རྗེས་སུ་མྱོང་བ་ལས་སྤྲོ་བ་དང་སྡུད་པའི་སྐུ་ནི་དེ་ཁོ་ན་ཉིད་དེ། དེ་ཉིད་དེ་ཁོ་ན ་ཉིད་ཀྱི་མཆེད?་པའོ། །ཡང་དག་པར་མཆོད་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །ཐོག་མ་མེད་པ་དང་ལྡན་པའི་འཁོར་བར་སྐྱེ་བ་བརྒྱུད་པ་རྣམས་སུ་འཁོར་བ་ན་སྡིག་པའི་ལས་གང་ཞིག་བྱས་པ་དང་བྱེད་དུ ་བཅུག་པ་དང། རྗེས་སུ་ཡི་རང་བ་ནི་བཤགས་པར་བགྱི་སྟེ། ཉིད་ཀྱིས་དེ་ཐམས་ཅད་སླན་ཅད་ངེས་པར་མི་བགྱིའོ། །སྐྱེ་བོ་ཐམས་ཅད་དང། དེ་བཞིན་དུ་འཇིག་རྟེན་པའི་ལྷ་རྣམས་དང། བསེ་རུ་ལྟར་སྤྱོད་པའི་སངས་རྒྱས་རྣམས་ཀྱི་བསོད་ནམས་དང་ཉན་ཐོས ་ཀྱི་སངས་རྒྱས་དང། རྫོགས་པའི་སངས་རྒྱས་སྐྱོབ་པ་རྣམས་ཀྱིས་བསོད་ནམས་ལ་ངོ་བོ་ཉིད་ཀྱིས་རྗེས་སུ་ཡི་རང་ངོ། །གང་ཞིག་རྗེས་སུ་ཡི་རང་བ་དང་ལྷན་ཅིག་ཏུ་གྱུར་པའི་བསོད་ནམས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གང་ཡིན་པར་བསྔོ་བར ་བགྱིའོ། །སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སླད་དུ་ལྷན་ཅིག་སྐྱེས་པའི་དགའ་བའི་བདེ་བའི་ཁང་པར་བཅོམ་ལྡན་འདས་ཁམས་གསུམ་པོ་གཅིག་པའི་སྐུ་དཔལ་ལྡན་ཧེ་རུ་ཀ་དཔའ་བོ་སངས་རྒྱས་དང། དེས་བསྟན་པའི་དཀྱིལ་འཁོར ་དང་སྔགས་དང་ཕྱག་རྒྱ་ལ་སོགས་པའི་ཆོས་དང། དེའི་འཁོར་ལོར་བཅས་པའི་གཽ་རཱི་ལ་སོགས་པའི་ལྷ་མོའི་ཚོགས་ཀྱི་དགེ་འདུན་ལ་ཡང་བྱང་ཆུབ་ཀྱི་སྙིང་པོ་ཇི་སྲིད་བར་སྐབས་སུ་མཆིའོ། །སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་རྒྱུར་གྱུར་པ་རྣམ་པ་ཐམས་ཅད ་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་མཚན་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བགྱིའོ། །བླ་ན་མེད་པའི་ལམ་ལ་བརྟེན་པར་བགྱི་སྟེ། འདི་ལྟ་སྟེ། རྡོ་རྗེའི་ཐེག་པ་ལའོ་སླར་ཡང ་སེམས་ཅན་དེ་རྣམས་ཐམས་ཅད་བདེ་བར་བྱ་བའི་ཕྱིར་དུ་བདག་དང་བདག་གི་བ་སྦྱིན་པར་བགྱིའོ། །མཆོད་པའི་འཁོར་ལོ་ཞེས་བྱ་བ་མེད་དང་བོའོ། །ཀྱེ་རྡོ་རྗེར་ཡང་གསུངས་པ་ནམ་མཁར་རྗེ་བཙུན་བལྟས་ནས་ནི། །རྡོ་རྗེ་སྐྱེ་བ་སྙིང་རྗེ་ཆེ། རྒྱན་རྣམས་ཐམས ་ཅད་འཛིན་པ་ཡི། །ལྷ་མོ་བརྒྱད་རྣམས་ཀྱིས་མཆོད་རྒྱ། །དེ་ལ། གཽ་རཱི་རི་དགས་མཚན་མ་འཛིན། །ཆོམ་རྐུན་མ་ནི་སྙི་མའི་སྣོད། །རོ་ལངས་མ་ནི་ཆུ་ལག་མ། གྷསྨ་རཱི་མ་སྨན་འཛིན་ཞིང་པུཀྐ་སཱི་ཡི་ལག་ན་སྟོབས། །རི་ཁྲོད་མ་ནི་རོ་འཛིན་གྱུར། །ཙཎྜ?་ལཱི་ནི་ཅང་ཏེའུ ་རྡུང། །གཡུང་མོས་འཁྱུད་པར་རབ་སྟོན་བྱ་ཞེས་སོ། །སླར་ཡང་གསུངས་པ། གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ་ཞེས་པ་ལ་སོགས་པ་རྒྱས་པར་རོ། །དེའི་རྗེས་སུ་ཐོག་མ་མེད་པའི་སྲིད་པའི་འཁོར་ལོར ་འཁོར་བ་རྣམས་སུ་སེམས་ཅན་ཐམས་ཅད་བདག་གི་མ་དང་བཅས་སྤུན་དང་སྲིད་མོ་ལ་སོགས་པའི་རང་བཞིན་ནོ་ཞེས་ཡོངས་སུ་བརྟགས་ནས། དེ་རྣམས་ལ་བུ་གཅིག་པ་ལྟར་དགའ་བའི་མཚན་ཉིད་ཀྱི་བྱམས་པ་ཆེན་པོ་བསྒོམ་པར་བྱའོ། །དེ་ནས་དེ་ཐམས ་ཅད་འཁོར་བའི་རྒྱ་མཚོར་ལྷུང་ཞིང་སྐྱབས་མེད་པར་མཐོང་ནས་མཆི་མ་ཆེར་འཁྲུག་ཅིང་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་འདོན་པར་མངོན་པར་འདོད་པའི་རང་བཞིན་གྱི་སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ། །དེ་ནས་ཡང་དགའ་བ་ཐོབ་པའི་རྣལ་འབྱོར ་པས་དཔལ་ཧེ་རུ་ཀ་ལ་སོགས་པ་ཁྱབ་བར་དུ་འཕགས་པའི་ཐབས་མཐོང་བ་ལས་བདེ་བ་ཐམས་ཅད་སྟོབས་པའི་རང་བཞིན་གྱི་དགའ་བ་ཆེན་པོ་བསྒོམ་པར་བྱའོ། །དེའི་རྗེས་སུ་གྲུབ་པའི་བདག་ཉིད་དཔལ་ཧེ་རུ་ཀའི་རྣམ་པར་བྱས་ནས་རྙེད་པ་ལ་སོགས་པར་འཛིན ་པ་ནི་རིག་པ་མ་ཡིན་ནོ་ཞེས་འཇིག་རྟེན་གྱི་ཆོས་བརྒྱད་དང་བྲལ་བའི་མཚན་ཉིད་ཀྱི་བཏང་སྙོམས་ཆེན་པོ་ཡང་བཞི་པར་བསྒོམ་པར་བྱའོ། །ཚངས་པའི་གནས་པ་བཞིའོ། །དེ་དང་པར་ཆེད་པར་ཐ་མ་ལ་པཱི་ལུས་མེད་?་བསྟན?་ན་ཡེ་ཤེས་ཀྱི་སྣང་བ་རྡོ་རྗེའི་ཏིང་ངེ་འཛིན་གྱི་རྣལ ་འབྱོར་གྱིས། ཤྲཱི་ཧེ་རུ་ཀ་ཞེས་པའི་ཡི་གེ་བཞིའི་དོན་ལ་མངོན་དུ་ཕྱོགས་ཤིང་བསྒོམ་པར་བྱ་སྟེ། དམ་པའི་མན་ངག་ལས་སོ། །འདི་ཉིད་མི་གཙང་མ་མེད་པའོ་ཞེས་པ་མཆོག་གོ། ད་ལྟར་ནི་ཛཱ་ལནདྷ་རི་པའི་ཞབས་ཀྱིས་རྣམ་པར་བཤད་པ་མདོར་སྡུས་པ ་རྡོ་རྗེ་སྟོན?་མ་ལ?། །འདི་ལྟར་གྱུར་པའི་སྔགས་པ་མཆོག་གི་བསྒྲུབ་པ་ལས་བརྩམས་ནས། མཁས་བ་ཆོས་དབྱིངས་བདག་ཉིད་ཀྱི། །རོ་ནི་དང་པོར་བསྒོམ་པར་བྱ། །དེ་ཡི་སྟེང་དུ་རྣལ་འབྱོར་བ། །གནས་ནས་ཧེ་རུ་ཀ་ཉིད་བསྒོམ། །འདིའི་དོན་ནི་དེར ་གནས་ནས་ཤྲཱི་ཧེ་རུ་ཀ་བཛྲ་ཞེས་པའི་ཡི་གེ་དྲུག་གི་དོན་ལ་མངོན་དུ་ཕྱོགས་པར་བྱ་ཞིང། དེ་ནས་དམ་པའི་མན་ངག་ལས། །ཤྲཱི་ཧེ་རུ་ཀ་ཞེས་པའི་ཡི་གེ་བཞིའི་དོན་ཡེ་ཤེས་ཀྱི་སྣང་བ་རྡོ་རྗེའི་ཏིང་ངེ་འཛིན་གྱི་རྣལ་འབྱོར་མངོན་པར་བསྒོམ་པར་བྱ་ཞེས་པ་ནི་མཆོག་གོ ་དེ་ནས་ལྷན་ཅིག་སྐྱེས་པའི་མགོན་པོར་བཞེངས་པར་བསམས་ཏེ། །སྐད་ཅིག་གི་སངས་རྒྱས་ཀྱི་ཁང་པའི་དབུས་སུ་བཾ་གྱི་ཡི་གེས་བརྗོད་པའི་རྡོ་རྗེ་སེམས་དཔའ་དཀར་པོ་ཞི་བ་ཆེན་པོ་རལ་པའི་ཅོད་པན་ཅན་རྡོ་རྗེ་སྐྱིལ་མོ་ཀྲུང་དང་ཆོས་ཀྱི་ཕྱག་རྒྱ་དང་ལྡན་པའི་ཕྱག ་གཉིས་པ། མཚན་སུམ་ཅུ་རྩ་གཉིས་འཛིན་ཞིང་དཔེ་བྱད་བརྒྱད་ཅུས་རྣམ་པར་སྤྲས་པ། ལྷན་ཅིག་སྐྱེས་པའི་ཧེ་རུ་ཀ་རྣམ་པར་བསྒོམ་མོ། །དེའི་དཀར་པོ་ཉིད་ལ་སོགས་པའི་གཟུགས་སུ་ཇི་ལྟར་རིག་པར་བྱ་ཞེ་ན། མཚན་མ་ཞལ་སོགས་སྔ་མ་བཞིན། །ཟླ་བ་ཆུ་ཤལ ་ནོར་བུའི་འོད། །ཅེས་ལེའུ་བརྒྱད་པར་གསུངས་པ་ལས་སོ། །སྔོན་བཞིན་ཞེས་པ་ནི། ཇི་ལྟར་མ་རིག་པའི་བག་ཆགས་ཡོངས་སུ་གྱུར་པ་ལས་སྲབ་ལ་སོགས་པའི་རྣམ་པས་བསྐལ་བ་དང་པོ་བ་རྣམས་ཀྱི་གཟུགས་ཏེ། དེ་ལྟ་བུ་ཡིན་ནོ་ཞེས་པ་ལྷན་ཅིག་སྐྱེས་པའོ ་འདིར་ཟླ་བ་གྲགས་པའི་ཞབས་ཀྱིས་རྡོ་རྗེ་སེམས་དཔའ་རྫོགས་པའི་མདོར་ཡང་གསུངས་ཏེ། སྟོང་པ་ཉིད་དུ་མོས་པས་ཐ་མལ་པའི་ལུས་ཀྱི་ང་རྒྱལ་བོར་ནས་སྐད་ཅིག་གིས་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་གཟུགས་མདོག་དཀར་པོར་མོས་པ་བྱའོ། །འདིའི་མདོ ་ན་དཔལ་གསུམ?་?་འདུས་པའི་ལེའུ་གསུཾ་པ་པས། ནམ་མཁའ་ཨི་དབྱིངས་ཀྱི་དབུས་བཞུགས་པར། སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། །འོད་ཟེར་སྒྲིན་གྱི་བཀོད་པ་ཆེ། །སངས་རྒྱས་འབར་བའི་འོད་དང་མཉམ། ཞེས་སོ། །འདི་ཉིད་དུ་ཡང་བཅོམ་ལྡན་འདས་ཀྱིས་ལེའུ ་བརྒྱད་པ་ལས་གསུངས་ཏེ། །ཱ་ལི་ཀཱ་ལི་མཉམ་སྦྱོར་བ། །རྡོ་རྗེ་སེམས་དཔའ་ཨི་ཡིན་གདན། །ཞེས་པའོ། །འདིར་འདིའི་དོན་བརྗོད་པར་བྱ་སྟེ། ཨཱ་ལི་དང་ཀཱ་ལི་ནི་ཟླ་བ་དང་ཉི་མ་སྟེ་གཟུང་བ་དང་འཛིན་པ་དག་ཏུ་བླ་མའི་མན་ངག་དང་ལུང་ལས་ཀྱང་ཤེས་པར ་བྱའོ། །དེ་དག་གི་མཉམ་པར་སྦྱོར་བ་ནི་འདྲེས་ནས་འཛིན་པ་མ་རིག་པ་ཞེས་པའི་ཐ་ཚིག་སྟེ། དེ་མེད་ཕྱིར་ན་དེ་ཡང་མེད། །ཅེས་པའི་ནུས་པ་ཉིད་ལས་སོ། །མེད་པར་དགག་པའི་འཇུག་པས་ཐམས་ཅད་སྟོང་པ་དེ་ཉིད་གདན་ཏེ། ་གདན་དང། གཞི་དང། བསྐྱེད་པའི་གནས་སོ་ཞེས་པའི་ཐ་ཚིག་གོ། སླར་ཡང་ཀྱེ་རྡོ་རྗེར་གསུངས་པ། འགྱུར་མེད་ལས་བྱུང་སྐུ་ཡི་ནི། །ཧཱུཾ་ཕཊ་ཡི་གེའང་འདོད་མི་བྱ། ཞེས་སོ། །འདིའི་དོན་ནི་འདི་ཡིན་ཏེ། འགྱུར་བ་ནཾ་རྣམ་པར་ཉམས་པ་སྟེ། འགྱུར ་བ་མེད་ནི་རྣམ་པར་ཉམས་པ་མེད་པ་ཐམས་ཅད་སྟོང་པ་མི་གཙང་པའི་ལུས་མེད་དོ། །དེ་ལྟར་ན་དེ་ལས་བྱུང་བ་ཡང་དེ་ཡིན་ལ་སྐུ་ཡང་དེ་ཡིན་ཏེ་དེ་ལྟ་བུའོ། །འོད་གསལ་བ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་དེ་ཡི་ནི་ཧཱུཾ་ཕཊ་ཡི་གེ་འང་འདོད་པར་མི་བྱ ་སྟེ། གང་གི་ཕྱིར་འོད་གསལ་བ་དོར་ནས་གཞན་ཧཱུཾ་ཡིག་ལ་སོགས་པ་རྣམས་ནི་རྒྱུ་ཉིད་མ་ཡིན་ནོ། །རྫོགས་པའི་གཟུགས་ཉིད་ཀྱི་ཕྱིར། དེ་ཡི་སྟེ་བཅོམ་ལྡན་འདས་ཀྱིའོ་ཞེས་པ་ནི་མངོན་པར་འདོད་པའི་དོན་ཏོ། །སླར་ཡང་ཛཱ?་ལན་རི་པའི་ཞབས་ཀྱིས ་གསུངས་ཏེ། ཨཱ་ལི་ཀཱ་ལི་མཉཾ་པར་སྦྱོར་བ་ནི་རང་བཞིན་མེད་པའི་གནས་མཆོག་སྟེ། རོ་ཞེས་པའི་དོན་མཆོག་གི་རྡོ་རྗེ་སེམས་དཔའ་ཨི་རྡོ་རྗེའི་གདན་ནོ། །དེ་ལྟར་ནི་འཕགས་པ་ལྷའི་ཞབས་ཀྱིས། སེམས་ནི་སེམས་བྱུང་ལ་ཐིམ་བྱ། །སེམས་རྒྱུད? ་མ་རིག་པ་ལ་སྟེ། །དེ་ཡང་འོད་གསལ་བར་འགྲོ་ལ། །སྲིད་པ་གསུམ་པོ་འདིར་འགག་གོ། འོད་གསལ་བ་ལས་སྟོང་པ་ཆེ། །ཞེས་པ་ལ་སོགས་རྒྱས་པར་རོ། །འཕགས་པ་བརྒྱད་སྟོང་པར་ཡང་གསུངས་ཏེ། གང་ཆོས་ཐམས་ཅད་ལ་ཉེ་བར ་དམིགས་པ་མེད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཉིད་སངས་རྒྱས་ཀྱི་སྐྱེད་པར་བྱེད་པའོ་ཞེས་སོ། །འདིས་ནི་མཆོག་དང་ལན་ཅིག་སྐྱེས་པ་ཡང་བཤད་པ་ཡིན་ནོ། །བསྐྱེད་པའི་རིམ་པའི་ཕྱོགས་ལ་ནི་ཧཱུཾ་ཡིག་ལ་སོགས་པ་རྣམས་ཀྱང ་རྒྱུད་ཉིད་དེ། ཧཱུཾ་གི་ཡི་གེ་གྱུར་བལྟས་ནས། །ཞེ་སྡང་བདག་ཉིད་རྣམ་བསྒོམ་བྱ། །ཞེས་ལྷའི་ལེའུ་ལས་གསུངས་པའི་ཕྱིར་རོ། །འདིར་བསྐྱེད་པའི་རིམ་པ་ལ་བརྟེན་ནས་ཇི་ལྟར་རིགས་པར་རྫོགས་པའི་རིམ་པ་སྟེ། དེའི་ཕྱིར་སོམ་ཉི་མི་བྱའོ། །བཅོམ་ལྡན་འདས་ཀྱི་ནི ་སྐལ་བ་མེད་པའི་སེམས་ཅན་རྣམས་ལ་བརྟེན་ནས་མན་ངག་སྦ་པའི་དོན་དུ་བསྟན་པ་ཡིན་ནོ། །སྒྲ་ལ་སོགས་པ་རྣམས་ཀྱི་རྣམ་པ་གཞན་དུ་བསྟན་པ་ལས་ཏེ་འདི་དང་འདིས་དེ་གོ་བར་བྱའོ། །ཤྲཱི་ཧེ་རུ་ཀ་བཛྲ་ཞེས་པའི་ཡི་གེ་དྲུག་པོ་འདི་ནི་བཾ་ཡིག་གིས་ངེས? ་བཤད་པ་སྟེ། མཆོག་ལས་རྡོ་རྗེ་སེམས་དཔའ་ལྷན་ཅིག་སྲེས་པ་ཧེ་རུ་ཀར་བཤད་དོ། །དེའི་སྙིང་གར་ཛྲཾ་ཡིག་སྟེ། ཡི་གེའི་ར་ཡོངས་སུ་གྱུར་པ་ལ་ཉི་མའོ། །དེའི་ཟླ་བྱེད་དང་ཐིག་ལེ་ཡོངས་སུ་གྱུར་པ་ལས་ཡོངས་སུ་རྫོགས་པའི་ཟླ་བའི་དཀྱིལ་འཁོར ་རོ། །དེའི་དབུས་སུ་སྐྱེ་འགྲོ་སྐྱེ་བའི་ས་བོན་ཛ་ཡིག་ནི་ཧཱུཾ་ཡི་ཏུ་གྱུར་པར་བསྟན་ཏེ། ཁ་དོག་ནག་པོ་འཇིགས་པ་ཆེན་པོ་བལྟས་ནས་ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེའོ། །དེའི་ལྟེ་བར་གནས་པའི་ཧཱུཾ་གི་དེ་ཁོ་ན་ཉིད་བསྒོམ་པར་བྱའོ། །དེའི་རྗེས་སུ་ཉི་མ་ལ ་སོགས་པའི་ཧཱུཾ་ཡོངས་སུ་གྱུར་པས་ཟླ་བའི་གཟུགས་བརྙན་ཙམ་དུ་བསྒོམས་ཏེ། འཆད་པར་འགྱུར་བའི་མན་ངག་གིས། དེ་ལས་རྣམ་པར་སྤྲོས་པའི་ཞེ་སྡང་རྡོ་རྗེ་འཇིགས་པ་ཆེན་པོ་ནམ་མཁའ་ལ་བལྟས་ནས། དེ་ཞུགས་པ་ལས་རང་གི་འདོད་པའི་ལྷའི་གཟུགས ་སུ་བསམ་པར་བྱ་སྟེ། གཙོ་བོའོ། །དེ་ལྟར་ཡང་བཟང་པོའི་ཞབས་ཀྱིས་ཀྱེ་རྡོ་རྗེའི་རྒྱུད་ལས་ཕྱུང་ནས་གསུངས་ཏེ། རང་གི་སྙིང་གར་རེ་པ་བསྒོམ། །དེ་ལས་བྱུང་བའི་ཉི་དཀྱིལ་འཁོར། །དེ་ཉིད་དུ་ནི་ཧཱུཾ་ཉིད་ཀྱང། །ཐབས་དང་ཤེས་རབ་རང་བཞིན་ཅན། །ཁ་དོག ་ནག་པོ་འཇིགས་ཆེན་པོ། །ཧཱུཾ་ཡིག་ལས་ནི་རྡོ་རྗེར་གྱུར། །རྡོ་རྗེ་ལྟེ་བའི་དབུས་གནས་པར། །ཧཱུཾ་གི་དེ་ཉིད་སླར་བསྒོམ་བྱ། །འདི་དག་ཐམས་ཅད་ཡོངས་སུ་གྱུར་པས་མན་ངག་ཇི་ལྟ་བས་ཟླ་བའི་གཟུགས་བརྙན་བསྒོམ་པར་བྱ་སྟེ་འཆད་པར་འགྱུར་བའི་མན ་ངག་གིས། དེ་ལས་སྤྲོས་ནས་སྟེང་དུ་རྡོ་རྗེ་ཅན་འཇིགས་པ་ཆེན་པོ་ནམ་མཁའ་ལ་བལྟས་ནས་རབ་ཏུ་ཞུགས་པས་རང་གི་འདོད་པའི་ལྷའི་བདག་ཉིད་དུ་གྱུར་ཞེས་སོ། །ཛཱ་ལནདྷ་རི་པའི་ཞབས་ཀྱིས་ཀྱང་རྩ་བའི་རྒྱུད་ལས་ཕྱུང་ནས་གསུངས་ཏེ། ་སེམས་དཔའ་ཨི་གཟུགས་བརྙན་ལས་བྱུང་པའོ། །དཀྱིལ་འཁོར་དབང་པོ་བསྒོམ་པར་བྱ། ཞེས་སོ་ཞེས་པ་རང་གི་འདོད་པའི་ལྷའོ། །དེ་ལྟར་ཞལ་བརྒྱད་ལ་སོགས་པའི་འཇིགས་པ་ཆེན་པོ་ཞེ་སྡང་རྡོ་རྗེ་བསྒོམ་པར་བྱས་ནས་ཧཱུཾ་ལས་བྱུང་བའི་འབར་བའི་? ་བ་འཁྲུགས་པའི་ཁྲོ་བོ་བཅུ་པོ་རྣམས་ཤར་ལ་སོགས་པའི་ཕྱོགས་ཐམས་ཅད་དུ་སྤྲོ་བར་བྱ་སྟེ། དེ་ལ་ཤར་དུ་གཤིན་རྗེ་མཐར་བྱེད་རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་ཅན་ནག་པོ་ཆེན་པོ་ཕྱག་ན་རྡོ་རྗེ་ཐོ་པའོ། །ལྷོར་ཤེས་རབ་མཐར་བྱེད་རིན་ཆེན་འབྱུང་ལྡན་གྱི ་དབུ་རྒྱན་ཅད་དཀར་པོ་ཆེན་པོ་དབྱུག་པ་དཀར་པོ་འཛིན་པའོ། །ནུབ་ཏུ་པདྨ་མཐར་བྱེད་འོད་དཔག་མེད་ཀྱི་དབུ་རྒྱན་ཅན་དམར་པོ་ཆེན་པོ་ཆུ་སྐྱེས་དམར་པོ་འཛིན་པའོ། །བྱང་དུ་བགེགས་མཐར་བྱེད་མི་བསྐྱོད་པའི་དབུ་རྒྱན་ཅན་སྔོན་པོ་ཆེན་པོ་ཁ་དགྱེས་པའི་རྡོ ་རྗེ་འཛིན་པའོ། །དབང་ལྡན་དུ་མི་གཡོ་བ་ནག་པོ་ཆེན་པོ་རལ་གྲི་འཛིན་པའོ། །མེར་འདོད་པའི་རྒྱལ་པོ་ནག་པོ་ཆེན་པོ་རྡོ་རྗེ་ལྕགས་ཀྱི་འཛིན་པའོ། །བདེན་བྲལ་དུ་དབྱུག་པ་སྔོན་པོ་ཆེན་པོ་དབྱུག་པ་སྔོན་པོ་འཛིན་པའོ། །རླུང་དུ་སྟོབས་པོ་ཆེ་ནག་པོ ་ཆེན་པོ་རྩེ་གསུམ་འཛིན་པ་སྟེ། མིག་ཡ་བ་ལ་སོགས་པ་རྣམས་ནི་མི་བསྐྱོད་པའི་དབུ་རྒྱན་ཅན་ནོ། །སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་སེར་པོ་བདག་པོ་རྣམ་པར་སྣང་མཛད་དེ་འཁོར་ལོ་སེར་པོ་འཛིན་པའོ། །འོག་ཏུ་གནོད་མཛེས་རྒྱལ་པོ་དུ་བའི ་མདག?་ཅན་ཐུགས་ཀྱི་དབང་པོས་དབུ་རྒྱན་པ་གཏུན་ཤིང་འཛིན་པ་འཇིགས་པར་བྱེད་པ་བསམ་པར་བྱ་སྟེ། ཁྲོ་པོ་དེ་རྣམས་སྤྱན་གསུམ་པ་སྐྲ་སེར་སྐྱ་གྱེན་དུ་བརྫེས་པ། སྣ་ཚོགས་པའི་སྤྲུལ་གྱིས་བརྒྱན་པ་ཕྱག་གཉིས་པོ། ཞལ་གཅིག་པ། ཐུང་ཞིང་གསུས? ་ཁྱིམ་ཆེ་བ། གཡོན་པ་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པ། རྣམ་པར་འགྱུར་པའི་ཞལ་ཅན་བསམ་པར་བྱའོ། །འོན་ཀྱང་འདོད་པ་ཅན་དང། མི་གཡོ་བ་ན་རོལ་བ་སྟེ་ལྷའི་རྒྱན་གྱིས་བརྒྱན་པའོ། །སླང་ཐམས་ཅད་སྣ་ཚོགས་པདྨ་དང་ཉི་མ་ལ་གཡོན ་བརྐྱང་པའི་སྟབས་ཀྱིས་གནས་པར་བལྟ་བར་བྱའོ། །དེ་ལྟར་ཁྲོ་བོའི་རྒྱལ་པོ་བཅུ་པོ་རྣམས་མཚུངས་པར་རང་རང་གི་གནས་སུ་སྤྲུལ་པའི་བདག་ཉིད་གཤིན་རྗེ་མཐར་བྱེད་ལ་སོགས་པའི་ཁྲོ་བོ་བཅུའི་གཟུགས་སུ་བཀོད་ནས་མངོན་དུ་ཕྱོགས་པར་གྱུར་པས་ཐལ ་མོ་སྦྱོར་བ་བྱས་ནས་རྐང་པ་བརྒྱད་པའི་དང་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་ཀྱི་སྔོན་དུ་བསྟོད་དེ། བདག་ཅག་རྣམས་ཀྱིས་ཅི་ཞིག་བགྱི་ཞེས་སྨྲ་བ་བལྟ་བར་བྱའོ། །དེ་ནས་ཞི་བ་ལ་སོགས་པའི་ལས་ཀྱི་དབྱེ་བས་བཀའ་སྦྱིན་ཏེ། ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུཾ། གྲཧྞི་གྲཧྞི་ཧཱུཾ། གྲིཧྞ ་པ་ཡ་གྲིཧྞ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ:བྷ་ག་ཉན་བྱར?་ཛཱ་ཧཱུཾ་ཕུཊ་ཞེས་མཁའ་འགྲོ་མ་རྡོ་རྗེ་གུར་ལས་གསུངས་པའི་སྔགས་ཀྱིས་བཀའ་སྦྱིན་པར་བྱའོ། །རྡོ་རྗེ་འཛིན་པའི་བཀའ་ཡང་དག་པར་བཟུང་ནས་དེ་དང་དེར་རང་ཉིད་སོང་སྟེ། དབང་པོ་ལ་སོགས་པའི་བགེགས ་ཀྱི་ཚོགས་རྣམས་?་པ་རྡོ་རྗེའི་ཞགས་?་བཅིངས་ཤིང་རང་རང་གི་མཚོན་ཆ་རྣམས་ཀྱིས་སྐྲག་བཞིན་དུ་བཟུང་ནས་ཕྱོགས་བཅུའི་སྤྲུལ་པ་རྣམས་ལ་གཏད་དེ་རྡོ་རྗེ་འཛིན་པ་ལ་མངོན་དུ་ཕྱོགས་ནས་གནས་པར་བལྟའོ། །དེ་ལ་བགེགས་ཀྱི་ཚོགས་འདི ་རྣམས་ནི་?་དཀར་པོས་བསྲུངས་བཀར་པོ་ལ་ཞོན་པ་མིག་སྟོང་པ་ལུས་མཛད་པ་རིན་པོ་ཆེའི་ཅོད་པན་ནོ། །གཤིན་རྗེ་ནག་པོ་མ་ཧ་ལ་ཞོན་པ་སྐྲ་སེར་སྐྱ་གྱེན་དུ་མཛེས་པ་ཐུང་ཞིང་གསུས་ཁྱིམ་ཆེ་བའོ། །ཆུ་ལྷ་དཀར་པོ་ནམ་མཁའ་ཨི་མདོག་ཅན་གྱི་རུས་སྦལ ་ལ་ཞེན་?་མགོ་བོར་གདངས་ཀ་དང་ལྡན་པའོ། །ལུས་ངན་སེར་པོ་མི་ལ་ཞོན་པ་ལུས་མཛེས་པ་རིན་པོ་ཆེའི་ཅོད་པན་ནོ། །དབང་ལྡན་ཀདཀར་པོ་གླང་པོ་ལ་ཞོན་པ་རལ་པའི་ཅོད་པན་ཅན་ཐུན་ཞིང་གསུས་པ་ཆེ་བའོ། །མེ་ལྷ་དམར་པོར་ ་པ་མགོ་བོར་རལ་བའི་ཅོད་པན་ཅན་ལུས་ཐུང་བའོ། །སྲིན་པོ་དུ་བའི་མདོག་ཅན་རོལ་གནས་ཤིང་སྐྲ་གྲོལ་པ་ཟུར་པའོ། །རླུང་?་སྔོ་བསངས་ཁ་ཤ་སེར་པོར་གནས་པ་རིན་པོ་ཆེའི་ཅོད་པན་ཅན་ལུས་མཛེས་པའོ། །སྟེང་དུ་མེས་བ་སེར ་པོ་དང་ལ་ཞན་པ་རལ་བའི་ཅོད་པན་ཅན་ཐུང་ཞབ་གསུས་བ་ཁྱིམ་ཆེ་བའོ། །འོག་ཏུ་སའི་ལྷ་མོ་སེར་མོ་འདམ་སྐྱེས་ལ་གནས་པ་པུས་མཛེས་མ་རིན་པོ་ཆེའི་ཅོད་པན་ནོ། །བགེགས་འདི་རྣམས་ནི་གཤིན་རྗེ་གཤེད་ལ་སོགས་པ་རྣམས་ཀྱིས་བཟུག་བ་ལས་དེར ་?་མཐོན་ཏེ་གཞན་དུ་སྐྱབས་ཚོལ་བར་བལྟའོ། །དེའི་རྗེས་སུ་རང་གི་སྙིང་གའི་ས་བོན་ལས་ཁྲོ་བོ་སྨད་གདུང་གི་རྣམས་སྐུ་མདོག་ནག་པོ་འཇིགས་པ་ཆེན་པོ་འཇིག་དུས་ཀྱི་མེ་ལྟར་བཟོད་པར་དཀའ་བ་བདུད་རྩི་འཁྱིལ་པའི་རྣམ་པ་ཅན་སྤྲོས་ཏེ་བགེགས་ཀྱི་ཚོགས ་ཀྱི་མགོ་བོར་བསམས་ནས་བཀའ་བསྒོས་པ་ལས། །ོཾ་བྷ་གྷ། བྷཱ་ཏ་ཡ་བྷ་ཏ་ཡ། སརྦ་དུརཤན?། ཀཱི་ལ་ཡ་ལཱ་ལ་ཡ?། སརྦ་བཱ་པ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་བཛྲ་བྷ་ར་ཨཱ་ཛྙ་པ་ཡ་ཏི། སརྦ་དུཥྚནྟི་གྷཱ་ནཱཾ་ཀཱ་ཡ་ཉཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཞེས་པའི་སྔགས་ཀྱིས་? ་གང་བོ། །དེའི་རྗེས་སུ་ཁྲོ་བོ་ཐམས་ཅད་ཀྱི་བདག་ཉིད་ཀྱི་མཚན་ལ་ཡོངས་སུ་སྦྱར?་བའི་རྡོ་རྗེ་ཐོབས་བཏང་བ། །ོཾ་བཛྲ་མུངྒ?་ར་བཛྲ་ཀཱི་ལཱ་ནE་ཀོཊ་?་ཛཌ་?་ཕཊ་ཞེ་པ་བར་དུཔཱི?་སྔགས་ཏེ། སྔགས་འདས་པུར་བུའི་ཇི་སྲིད་འཛིན་མའི་?་དུ་ཡོ་པར་གྱུར ་པར་གདབ་པ་སྟེ་ཕུར་བྱའོ། །དེ་ནས་རང་རང་?་སྐུལ་བ་རྣམས་ཀྱིས་ལྷན་ཅིག་དུས་གཅིག་ཏུ་ཁྲོ་བོ་སྤྲོས་པའི་མེ་རྣམས་བྱས་བགེགས་འཁོར་དང་བཅས་པོ་བསྲེགས་ཏེ་ལྷག་མ་མེད་པར་བྱས་པར་བལྟའོ། །དེ་ལྟར་བརྡུངས་ནས་ལྷག་མ་མེད་པར་བྲས་? ་བགེགས་མེད་པར་སྙམ་པའི་ཕྱིན་?་པས་ཉི་མ་རྣམས་བསྡོམས་ནས། ཉི་དར་ཧཱུཾ་བྱུང་སྣ་ཚོགས་རྡོ་རྗེ་ཆེ། །རྡོ་རྗེ་དེ་ཉིད?་ཀྱིས་ནི་རྭ་བ་དང། །བུར?་བཅིངས་པ་ཡང་རྣམ་པར་བསྡོམ་པར་བྱ། །འདིར་ཡང་ཡི་གེ་གིས་རྡོ་རྗེའི་མངའ་དང། །དྲ་བ་?་རྡོ་རྗེའི ་བླ་རེ་དང། རྡོ་རྗེའི་རང་བཞིན་གྱིས་གཞི་ཡང་སྟེ། རྒྱ་མཚོའི་མཚམས་ཀྱི་མཐིལ་ལ་ཐུག་པར་བསམ་པར་བྱའོ་ཞེས་པར་བསྲུང་བའི་འཁོར་ལོའོ། །དེ་ནས་འཆད་པར་འགྱུར་བའི་རིམ་གྱིས། གང་ཕྱིར་ཡིད་ཀྱིས་མི་བསྒོམ་པར། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། ཞེས་བྱ ་བ་ལ་སོགས་པས་བསྲུང་བ་ཆེན་པོ་སྟོང་པ་ཉིད་རྣམ་པར་བསྒོམས་ནས་ཨོཾ་ནྱ། ནཱ་ཛྙཱ་ན་བཛྲ་སྭ་བྷཱ་ཐཱཏྨ?་ཀོ་ཧཾ། ཞེས་?་བོ་མ་ལུས་པའི་སྙིང་པོ་བསྡུས་པའི་སྔགས་བརྗོད་པར་བྱའོ། །དེ་ནས་བསྲུང་བའི་འཁོར་ལོ་དང། ཁམས་གསུམ་པོ་དང། རཱ་བ་ལ་འཛགས་པ ་སྣང་བ་མེད་པར་བལྟའོ། །དེའི་དབུས་སུ་ནམ་མཁའ་ཁྱབ་པའི་ཤེས་རབ་ཨེ་ཡིག་གི་རྣམ་པ་ཅན་དཀར་པོ་བསྒོམ་པར་བྱའོ། །དེའི་དབུས་སུ་སྣ་ཚོགས་རྡོ་རྗེའི་སྟེག་དབུའི་དབུས་སུ་ཡི་ཡིག་ལས་སྐྱེས?་པའི་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་བ་ཕྱེད་པའི་རྣམ་པ། དེ་ནས་རི་ཡིག ་ལས་སྐྱེས་པའི་མེའི་དཀྱིལ་འཁོར་དཀར?་པོ་གྲུབ་?་པ། དེ་ནས་བི་ཡིག་ལས་?་པའི་ཆུའི་དཀྱིལ་འཁོར་དཀར་བོ་ཟླུམ་པོ། དེའི་སྟེང་དུ་ཡི་ཡིག་ལས་སྐྱེས་པའི་སོའི་དཀྱིལ་འཁོར་སེར་པོ་གྱུ་བཞི་པ། དེའི་དབུས་སུ་འཇུག་པའི་རྣམ་པར་ཤེས་པ་རིག་པར་བྱས་ནས་འབྱུང? ་པ་ཆེན་པའི་དཀྱིལ་འཁོར་ཐམས་ཅད་ཡོངས་སུ་གྱུར་པ་ལས་?་ཅིག་གིས་འོད་པ་བརྩེགས་པ་དུར་ཁྲོད་བརྒྱད་ཀྱིས་བརྒྱན་པ་བསམ་པར་?་སྟེ། དེ་ལ་བོ་རིམ་ཇི་ལྟ་བ་བཞིན་དུ། ཤིང་དང། ?་སྟུན་དང། ཕྱོགས་སྐྱོང་དང། །ཀླུ་དང། སྤྲིན་དང?་རི་དང། མཆོད་རྟེན ་དང་ལྡན་པའི་དུར་ཁྲོད་བརྒྱད་ཤར་པར་བྱ་སྟེ། ཤར་དུ་གཏུམ་དྲག་ཅེས་བྱ་བའི་དུར་ཁྲོད་དོ། །དེ་ཤིང་ཤི་རཱི་ཥ་དང། གནོད་སྦྱིན་གླང་པོའི་གདོང་དཀར་པོ་དང། ཕྱོགས་?་བརྒྱ་བྱིན་དཀར་པོ་དང། ཀླུ་ནོར་རྒྱས་སེར་པོ་དང། སྤྲིན་སྒྲོགས་པ་ཞེས་བྱ་བ་ཁ་དོག་སྣ ་ཚོགས་པ་དང། རི་རབ་གྲུ་བཞི་པ་རིན་པོ་ཆེའི་རང་བཞིན་དང། མཆོད་?་རལ་རྡོ་རྗེ་ཞེས་བྱ་བ་གནས་སོ། །ལྷོར་ལྷག་མ་ཅན་ཞེས་བྱ་བའི་དུར་ཁྲོད་ཆེན་པོའོ། །དེར་ཤིང་?་དག། གནོད་སྦྱིན་མ་ཧེའི་གདོང་པ་ཅན་ནག་པོ་དང། ཕྱོགས་སྐྱོང་གཤིན་རྗེ་ནག་པོ་དང? ་ཀླུ་པདྨ་དཀར་པོ་དང། སྤྲིན?་འཁྱིལ་པ་ཁ་དོག་སྣ་ཚོགས་པ་དང། རིམ་ལ་པ་དཀར་པོ་དང། མཆོད་རྟེན་ནག་པོ་རྡོ་རྗེ་ཞེས་བྱ་བ་གནས་སོ། །ནུབ་དུ་རྒྱུ་བ་འབར་ཞིང་འཁྲུགས་པ་ཞེས་བྱའི་དུར་ཁྲོད་ཆེན་པོའོ། །དེར་ཤིང་མྱ་ངན་མེད་དང། ་?་སྦྱིན་?་ཕྱིར། རོད་བཅན་དཀར་པོ་དང། ཕྱོགས་སྤྱོད་ཆུ་ལྷ་དཀར་པོ་དང། ཀླ་?་ཀ་དམར་པོ་དང། སྤྲིན་འཇིགས་པ་ཞེས་བྱ་?་དོག་སྣ་ཚོགས་པ་དང། རིག་ལ་ཤ་དཀར་པོ་དང། མཆོད་རྟེན་དཀར་པོ་ཆགས་པའི་རྡོ་རྗེ་ཞེས་བྱ་བ་གནས་སོ། །བྱང ་དུ་རི་བོའི་ཕུག་ཅེས་བྱ་བའི་དུར་ཁྲོད་ཆེན་པོའོ། །དེར་ཤིང་ཨོཾ་ཤིན་ཏུ་དང། གནོད་སྦྱིན་པའི་གདོང་པ་ཅན་དཀར་པོ་དང། ཕྱོགས་སྐྱོང་ལུས་དན་སེར་པོ་དང། ཀླུ་འཇོག་པོ་ནག་པོ་དང། སྤྲིན་དུར་?་སྒྲོགས་པ་ཁ་དོག་སྣ་ཚོགས་པ་དང། རི་མན་ངག་ལྗང ་གུ་དང། མཆོད་རྟེན་དཀར་པོ་འདུ་བྱེད་རྡོ་རྗེ་ཞེས་བྱ་བ་གནས་སོ། །དབང་ལྡན་དུ་དཔལ་མོའི་ནགས་ཞེས་བྱ་བའི་དུར་ཁྲོད་ཆེན་པོའོ། །དེར་ཤིང་ནྱ་གྲོ་དྷ་དང། གནོད་སྦྱིན་བ་གླང་གི་གདོང་ཅན་དཀར་པོ་དང། ཕྱོགས་སྡོང་དབང་ཕྱུག་ཆེན་པོ་དཀར་པོ་དང། ་ཀླུ་དུང་སྐྱོང་ཞེས་བྱ་བ་སེར་པོ་དང། སྤྲིན་?་པོ་ཞེས་བྱ་བའི་ཁ་དོག་སྣ་ཚོགས་པ་དང། རི་དབང་ཆེན་དག་པོ་དང། མཆོད་རྟེན་དཀར་པོ་ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བ་གནས་སོ། །མེར་དྲག་ཏུ་རྒོད་པ་ཞེས་བྱ་བའི་དུར་ཁྲོད་ཆེན་པོའོ། །དེར་ཤིང་ཀ་རཉྫ ་?་དང། གནོད་སྦྱིན་པའི་གདོང་པ་ཅན་དམར་པོ་དང། ཕྱོགས་?་མེ་ལྷ་དམར་པོ་དང། ཀླུ་པདྨ་ཆེན་པོ་སྔོ་བསངས་དང། སྤྲིན་སྟུག་པོ་ཞེས་བྱ་བ་ཁ?་དོག་སྣ་ཚོགས་པ་དང། རི་སྤོས་དང་ལྡན་པ་སེར་པོ་དང། མཆོད་རྟེན་དམར་པོ་སྐུ་རྡོ་རྗེ་ཞེས་བྱ་བ་གནས ་སོ། །བདེན་བྲལ་དུ་འཇིགས་པའི་མུན་པ་ཞེས་བྱ་བའི་དུར་སྲོང་ཆེན་པོའོ། །དེ་བ་ཤིང་ལ་ཏཱ་པན?་ཊི་དང། གནོད་སྦྱིན་ནག་པོ་དོམ་གྱི་གདོང་པོ་ཅན་དང། ཕྱོགས་སྐྱོང་སྲིན་པོ་ནག་པ་དང། གླུ་མཛའ་ཡས་ཞེས་བྱ་བ་དཀར་པོ་དང། སྤྲིན་གང་བཅན་ཞེས་བྱ ་པ་ཁ་དོག་སྣ་ཚོགས་པ་དང། རི་གསེར་ཞེས་བྱ་བ་དང། །མཆོད་རྟེན་དཀར་པོ་རིན་ཆེན་རྡོ་རྗེ་ཞེས་བྱ་བ་གནས་སོ། །རླུང་དུ་ཀི་ལི་ཀི་ལི་སྒྲོགས་པའི་དུར་ཁྲོད་ཆེན་པོའོ། །དེར་ཤིང་ཨརྫུན་དང། གནོད་སྦྱིན་ལྗང་གུ་རི་དགས་ཀྱི་གདོང་པ་ཅན་ཞེས་བྱ་བ་དང། ་ཕྱོགས་སྐྱོང་རླུང་ལྷ་སྔོ་བསངས་དང། ཀླུ་རིགས་ལྡན་ཁྲའོ་དང། སྦྱིན། ར་འཕེབས་ཞེས་བྱ་བ་ཁ་དོག་སྣ་ཚོགས་པ་དང། རི་དཔལ་གྱི་རི་ཞེས་བྱ་བ་སྟོན་པོ་དང། མཆོད་རྟེན་ལྗང་གུ་ཆོས་ཀྱི་རྡོ་རྗེ་ཞེས་བྱ་བ་གནས་སོ། །གནོད་སྦྱིན་འདི་རྣམས་ནི་རྫུ་འཕྲུལ ་ཆེན་པོ་ཙན་ཞལ་གཅིག་པ་ཕྱག་གཉིས་པ་ཤིང་ལས་ལུས་ཕྱེད་འཛིན་པ་དག་སྟེ། ཕྱག་གཡོན་པ་རྣམས་ན་ཁྲག་གིས་ཡོངས་སུ་གང་བའི་མིའི་ཐོད་པ་འཛིན་ཞིང་གཡས་པའི་ཕྱག་གིས་པདྨས་ར་སྣ་ཚོགས་པ་འཛིན་པའི་རྣམ་པར་བསབ་པར་བྱའོ། །ཡིད? ་རྣམས་ནི་རྩ་ལྗང་གུ་དང། ཤིང་སྣ་ཚོགས་པ་ཕྱུག་པོ་དང། མྱུ་གུ་དང། འདབ་མ་དང། མེ་ཏོག་རྣམས་སར་བས་བརྒྱན་ཉིད། བྱ་རོག་དང། ཀོ་ཀི་ལ་དང། འུག་པ་དང། ནེ་རྩོ་དང། ཤ་རི་ཀ་དང། པོ་ཏ་ཀ་དང། པོ་ཏི་ཀཱ་?། བྱ་ནོར་ལ་སོགས་པའི ་སྣ་ཚོགས་པའི་བྱའི་ཚོགས་ཀྱིས་ཉེ་བར་?་བརྒྱན་པ། སེང་གེ་དང་སྤྱང་གི་དང། སྟག་དང། དོམ་དང། ཕག་ལ་སོགས་པའི་རི་དགས་སྣ་ཚོགས་པས་ཡོངས་སུ་གདབ། དྲི་བཟང་པོ་ཅན་གྱི་མེ་ཏོག་སྣ་ཚོགས་པའི་དྲི་ཞིམ་པོས་འཁྲུགས་པར་བྱས་པ ་སྦྱིར་?་ཚོགས་པའི་ཡང་ལོང་གི་?་པར་བྱེད་པ་རུས་པ་དང། མགོ་བོ་དང། ཀེང་རུས་དང། ཐོད་པ་དང། རོ་ལ་སོགས་པ་རྣམས་ཀྱིས་གནས་སྣ་ཚོགས་པའི་ཡུལ་སོ་སོར་བརྒྱན་ཞེང། སླར་ཡང་ཡུལ་སོ་སོ་རྣམས་སུ་ལྷ་ཁང་དང། གཙུག་ལག ་ཁང?་བསམ་གཏན་?་ཁང་པ་དང། སྡིང་དུ། ?་ཀྱིས་ཉེ་བར་བརྒྱན་པ། དམ་ཚིག་གིས་བརྡ་དང་ལྡན་པའི་སེམས་ཀྱིས་ཚོགས་པའི་ཨ་པ་དྷཱུ་ཏཱི་པ་དང། ། ཝདྷུ་ཏཱི་མོ་དང། བསམ་གཉན་པ་དང། བསམ་གཏན་པ་དང། གནོད་སྦྱིན་དང། གནོད ་སྦྱིན་མོ་དང། ཡི་དགས་དང། ཡི་དགས་མོ་དང། སྲིན་པོ་དང། སྲིན་མོ་དང། གྲུལ་བུམ་དང། གྲུལ་བུམ་མོ་དང། འབྱུང་པོ་དང། འབྱུང་མོ་དང། མཁའ་འགྲོ་དང། མཁའ་འགྲོ་མ་དང། དཔའ་བོ་དང། དཔའ་པོ་དང་ལྡན་པ། རྒོད་པ ་དང། སྒེག་པ་དང། རྣམ་པར་སྒེག་པ་དང། འཁྱུད་པ་དང། ?་དང་པོ་དང། ?་མོ་འདེབས་པའི་ཀུན་ཏུ་དགའ་བ་ལ་སོགས་པ་ཐོབ་པའི་མཁའ་འགྲོ་དང། མཁའ་འགྲོ་མའི་ཚོགས་རྣམས་ཀྱིས་ཡོངས་སུ་གང་བ། དེའི་?་སྐུ་ཀུན་ཏུ་དགའ་པའི ་སེམས་ཀྱིས་ཁ་ཅིག་རྡོ་རྗེའི་གང་སྐ་བར་བྱའོ། །ཁ་ཅིག་ནི་རྡོ་རྗེའི་གླུ་ལེན་ནོ། །ཁ་ཅིག་ནི་སྣ་ཚོགས་པའི་དམ་ཚིག་གི་ཀུན་ཏུ་སྤྱོད་པ་?་ཏུ་སྤྱོད་དོ། །ཁ་ཅིག་ནི་བདུད་རྩི་ལྔ་དང་སྒྲོལ་མ་ལྔ་?་བར་བྱེད་དོ། །ཁ་ཅིག་ནི་སྣ་ཚོགས་པའི་གོས་སྟེ་བས་པར་བྱའོ།། ་ཁ་ཅིག་ནི་སྣ་ཚོགས་པའི་སེམས་ཅན་རྣམས་སྒྲག་པར་བྱེད་དོ། །ཁ་ཅིག་ཆང་འཐུང་པར་བྱེད་པར་ཡང་འདིར་བལྟ་བར་བྱའོ། །གཞན་ཡང། རྦད་ཀ་དང། ཌ་མ་རུ་དང། རྔ་པ་ཊ་ཧ་དང། རྔ་?་དང། རྔ་ཛཧ་ཛཧ་ར་དང། བི་ཝང་དང། གླིང་བུ་དང། ? ་?་ལ་སོགས་པའི་སའི་སྙན་སྣ་ཚོགས་པ་རྣམས་ཀྱི་སིལ་སྙན་འཁྲོལ་བར་བྱེད་པ། སླར་གྲུབ་པ་དང། རིག་པ་འཛིན་པ་དང། རིག་པ་འཛིན་མ་དང། ལྟོ་འཕྱེ་ཆེན་པོ་དང། ལྟོ་འཕྱེ་ཆེན་མོ་དང། མི་འམ་ཅི་དང། མི་འམ་ཅི་མོ་དང་།དྲི་ཟ་དང་འདྲི ་ཟ་མོ་ལ་སོགས་པ་དུ་མ་དང། ལྟ་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་གི་ཚོགས་རྣམས་འཁྲིགས་ཤིང་ཀི་ལི་ཀི་ལིའི་སྒྱུ་དང། འཇིགས་ཤིང་འུར་དུར་སྒྲོགས་པས་ཤིན་ཏུ་འཇིགས་པར་བྱེད་པ། དེ་ནས་ཡང་གར་གྱི་བོད?་གུས་ཡིར་འཕྲོག་པར་བྱང ་བ། རོ་གངས་དང་འབྱུང་པའི་ཚོགས་དང་ལྡན་པའི་དུར་ཁྲོད་ཆེན་པོ་བརྒྱད་པ་རྣམས་ནི་རྣམ་པར་ཤེས་པ་བརྒྱད་རྣམ་པར་དག་པར་བསམ་པར་བྱའོ། །ཞེས་བ་ཛྲཱི་ལནྡྲའི་པའི་ཞབས་ཀྱིས་གསུངས་པ་བྲིས་པ་སྟེ་དུར་ཁྲོད་དོ། །དེའི་དབུས་སུ་བཤད་པའི ་རླུང་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་ཡོངས་སུ་གྱུར་པ་ལས་ཁང་པ་བརྩེགས་པ་སྟེ། འདིའི་གྲུ་བཞི་ཉིད་དང། །རྡོ་རྗེའི་ཐིག་ནི་དམར་པོ་ལྔ་རྣམ་པར་ནག་པའོ། །སྒོ་བཞིན་ནི་དྲན་པ་ཉེ་བར་བཞག་པ་བཞི་རྣམ་པར་དག་པའོ། །རྟ་བབས་བཞི་ནི་ཡང་དག་པར་སྤོང་བ་བཞི ་རྣམ་པར་དག་པའོ། །སྟེག་བུ་བཞི་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་རྣམ་པར་དག་པའོ། །གྲུ་བཞི་དང། དོ་ཤལ་ཕྱེད་པ་ནི་སྟོབས་ལྔ་རྣམས་?་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་རྣམ་པར་དང། བ་ལས་ཀ་བ་བརྒྱད་དུ་རབ་ཏུ་བརྟགས་སོ། །བྱང་ཆུབ ་གྱི་ཡན་ལག་བདུན་རྣམ་པར་དག་པ་ལས་སྔོ་ལོགས་དང་མདའ་ཡས་དང། གདུགས་དང་རྔ་ཡབ་དང་བླ་རེ་དང་དྲིལ་བུ་དང་བ་དན་རྣམས་ཀྱང་ངོ། །ད་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམ་པར་དག་པ་ལས་རྟེན་ཅིང་འབྲལ་པར་འབྱུང་བ་ཐར་པོ་ཆེན་པོའི ་གྲོང་རྣམ་པར་སྣང་མཛད་?་པར་དག་པ་འོད་གསལ་བའི་རང་བཞིན་ཏེ་རྩེ་མོ་བཅུ་གཉིས་པའི་སྣ་ཚོགས་རྡོ་རྗེའི་སྟེགས་བུའི་སྟེང་དུ་བསམ་པར་བྱའོ། །དེ་ལ་ཤར་གྱི་?་གསུམ་ནི་དཀར་པོ་དང། ལྷོ་སེར་པོ་དང་ནུབ་དམར་པོ་དང། བྱང་ལྗང་གུ་དང། སྟེགས ་བུའི་དབུས་ཀྱི་ཁ་དོག་ནི་སྔོན་པོར་བསམ་པར་བྱའོ། །གྲུ་བཞི་དང་ཐིག་ལ་སོགས་པ་རྣམས་ནི་ཛཱ་ལནདྷ་རིལ་བ་ཞབས་ཀྱིས་མཛད་པའི་བསྡུས་པའི་རྣམ་པར་བཤད་པ་ལས་ཁོར་དུ་ཆུད་པར་བྱའོ། །ད་ནི་ལྷ་མོ་བཅུ་དྲུག་པོ་རྣམས་རྣམ་པར་དགར་པ་བརྗོད་པར་བྱ་སྟེ། རྡོ ་རྗེ་ཐིག་ཉིད་དང། རྩིག་པ་ལྔ་པོ་དེ་རྣམས་ལས་ཕྱི་རོལ་གྱི་ལྷའི་སྣམ་བུ་ལ་སྒོའི་རྩ་བ་ནས་བརྩམས་ཏེ་ལོགས་གཉིས་གཉིས་སུ་གཡས་བསྐོར་གྱིས་རྗེས་སུ་རིམ་པས་རྣལ་འབྱོར་མ་གཉིས་གཉིས་ཏེ་ཟླ་བ་དང་ཉི་མའི་དབུས་སུ་སོན་པའི་རང་རང་གི་མིང་གི་ཡི ་ག་དང་པོ་ཟླ་ཚེས་དང་ཐིག་ལེ་དང་ལྡན་པའི་ས་བོན་ལས་རྫོགས་པའི་མཆོད?་པའི་ལྷ་མོ་རྣམས་རང་རང་གི་མིང་གི་རྣམ་པ་ཅན་དུ་གནས་པ་ན་འདི་ལྟ་སྟེ། པི་?་མ་ནི་སེར་མོ་དང། གླིང་བུ་མ་ནི་དམར་མོ་དང། རྔ་ཟླུམ་མ་ནི་དུ་པའི་མདོག་པར། རྫ་ལྔ་ནི་དཀར་མོ་དང། ་བཞད་མ་ནི་སེར་མོ་དང། སྒེག་མེ་ནི་དམར་མོ་དང། གླུ་མོ་ནི་དམར་མོ་དང། གར་མ་ནི་ཁ་དོག་སྣ་ཚོགས་མ་དང། མེ་ཏོག་མ་ནི་དཀར་མོ་དང། བདུག་སྤོས་མ་ནི་ནག་མོ་དང། མར་མེ་མ་ནི་གསེར་ལྟ་བུ་དང། དྲི་མ་ནི་སེར་མོ་དང། མེ་ལོང ་མ་ནི་དཀར་མོ་དང། རོལ་མ་ནི་དམར་མོ་དང། རེག་བྱ་མ་ནི་ལྗང་གུ་མ་དང། ཆོས་མ་ནི་དཀར་མོ་སྟེ་འདི་རྣམས་ཐམས་ཅད་ཟླ་བའི་གདན་ལ་གནས་པ་ཆ་བཅུ་དྲུག་རྣམ་པར་དག་པར་བལྟ་བར་བྱའོ། །འདི་རྣམས་ཀྱིས་བརྒྱན་པའོ་ཞེས་པ་ཁྱད་པ་བརྩེགས་པའོ།། ་དེའི་རྗེས་སུ་?་པ་བརྩེགས་པའི་དབུས་སུ་འདབ་མ་སྣ་ཚོགས་པའི་པདྨའི་ཟེའུ་འབྲུའི་སྟེང་དུ་བདུད་བཞི་གན་རྐྱལ་དུ་གཡས་དང་གཡོན་དུ་མགོ་པོ་སྟེ། ཕུང་པོ་དང། ཉོན་མོངས་པ་དང། འཆི་བདག་དང། །ལྷའི་བུར་མངོན་པར་བརྗོད་པ་རྣམས་བལྟ་བར ་བྱའོ། །དེ་ལ་ཕུང་པོའི་བདུད་ནི་ཞེངས་པ་དང། ཉོན་མོངས་པའི་བདུད་ནི་ཁྱབ་འཇུག་དང། འཆི་བདག་གི་བདུད་ནི་དབང་ཕྱག་ཆེན་པོ་དང། ལྷའི་བུའི་བདུད་ནི་ལྷའི་དབང་པོ་སྟེ། བདུད་བཞི་པོ་རྣམས་ཀྱི་སྙིང་གར་ཉི་མས་མནན་པའོ། །ཤར་ལ་སོགས ་པའི་ཕྱོགས་ཀྱིས་འདབ་མ་རྣམས་སུ་ཚངས་པ་དང། དབང་པོ་དང། ཉེ་དབང་དང། དྲག་པོ་རྣམས་སོ། །དབང་ལྡན་ལ་སོགས་པའི་ཕྱོགས་བྲལ་གྱི་འདབ་མ་རྣམས་སུ་གཤིན་རྗེ་དང། ལུས་ངན་དང། བདེན་བྲལ་དང། ཐགས་བཟང་རིས་ཀྱང ་དོ། །འདི་རྣམས་ཀྱི་སྙིང་གར་ཡང་ཟླ་བ་བརྒྱད་ཀྱིས་མནན་པ་སྟེ། འདབ་མ་སྣ་ཚོགས་པའི་པདྨ་ལ་སོགས་པ་ནས་ཐགས་བཟང་རིས་ཀྱིས་མཐར་ཐུག་པ་ནི་ཁང་བ་བརྩེགས་པ་རྫོགས་པའི་དུས་ཉིད་དུ་རྫོགས་པའོ། །གང་གི་ཕྱིར་ན་རྟེན་ཅིང་འབྲེལ ་བར་འགྱུར་བ་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །སྙིང་གར་ཉི་མའི་སྟེང་དུ་ཨ་ཡིག་ལ་སོགས་པའི་དབྱངས་ཉིས་འགྱུར་ཡོངས་སུ་གྱུར་པས་མཚན་སུམ་ཅུ་རྩ་གཉིས་གསལ་བར་བྱེད་པའི་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང ་བཞིན་ནོ། །དེའི་སྟེང་དུ་ཀ་ལ་སོགས་པའི་ཡི་གེ་སུམ་ཅུ་རྩ་བཞི་ཌ་ཌཧ་ད་དྷ་ཡ་ལ་ཞེས་པའི་ཡི་གེ་དྲུག་དང་བཅས་པ་ལུགས་སུ་འབྱུང་བ་དང། ལུགས་ལས་བཟློག་པས་ཉིས་འགྱུར་དུ་བྱས་ནས་ཡི་གེ་བརྒྱད་ཅུ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་ཏེ ་དཔེ་བྱད་བརྒྱད་ཅུ་གསལ་བར་བྱེད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་དུ་བལྟའོ། །དེ་ཁ་སྦྱར་བའི་དབུས་སུ་ཧཱུཾ་དང་ཨཾ་གི་ས་བོན་གཉིས་ཡོངས་སུ་གྱུར་པའི་ཐོད་པ་དང་གྲི་གུག་དེ་དག་ཉིད་ཀྱིས་མཚན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ནས་ས་བོན ་ཉིད་ལས་རྣམ་པར་སྤྲོས་པའི་འོད་ཟེར་གྱི་དྲ་བ་རྣམས་ཀྱིས་མཛའ་ཡས་པའི་འཇིག་རྟེན་གྱི་ཁམས་སྣང་བ་བྱས་ནས་ཡང་བཀུག་སྟེ་དེ་ཉིད་དུ་ཞུགས་པ་ལས་ཐམས་ཅད་གཅིག་པ་ཉིད་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །གཅིག་པ་ཉིད་ཡོངས་སུ་གྱུར་པས་སྐད་ཅིག ་གིས་བདག་ཉིད་འཆད་པར་འགྱུར་པའི་སྐུ་མདོག་དང་མཚན་མ་ལ་ལོགས་པས་རྫོགས་པའི་རང་གི་འདོད་པའི་ལྷ་དཔལ་ཧེ་རུ་ཀའི་གཟུགས་སམ་ཕྱག་བཅུ་དྲུག་བ་དང། ཕྱག་དྲུག་པ་དང། ཕྱག་བཞི་པ་དང། ཕྱག་གཉིས་བརྒྱ་རྡོ་རྗེ་འཛིན་པའི་གཟུགས ་དང། དེ་བཞིན་ཁོ་ནར་རྫོགས་པའི་བདག་མེད་ལ་སོགས་པ་ཕྲག་པར་འཁྱད་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ་ཞེས་རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་བའོ། །ཤ་ལ་སོགས་པའི་ཕྱོགས་སུ་རིམ་པས་སྙིང་གར་ཟླ་བ་རྣམས ་ལ་དེ་བཞིན་ཁོ་ནར་ཟླ་བ་དང་ཉི་མ་སྦྱར་བའི་དབུས་སུ། གི་ཙཾ་བཾ་གྷཾ་པཾ་ཤཾ་ཙིཾ་ཌཾ་ཤེས་པའི་ས་བོན་བརྒྱད་པོ་བལྟ་བར་བྱའོ། །དེ་ཡོངས་སུ་གྱུར་པའི་གཽ་རཱི་ལ་སོགས་པ་རྣམས་ཀྱི་མཚན་མ་ནི། གྲི་གུག་དང། ཅང་ཏེའུ་དང། རུས་སྤལ་དང། སྦྲུལ་དང། སེང་གེ་དང། དགེ ་སློང་དང། འཁོར་ལོ་དང། རྡོ་རྗེ་སྟེ་ས་བོན་དེ་དག་ཉིད་ཀྱིས་བྱིན་གྱིས་བརླབས་པར་བསམ་པར་བྱའོ། །དེ་ཐམས་ཅད་ཡོངས་སུ་གྱུར་པའི་རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པས་གཽ་རཱི་ལ་སོགས་པ་ཡང་སྐུ་མདོག་དང་མཚན་མ་ལ་སོགས་པ ་འཆད་པར་འགྱུར་བའི་རིམ་པས་རྫོགས་པར་བྱའོ་ཞེས་པ་རྒྱུའི་དཀྱིལ་འཁོར་རོ། །དེ་ལྟར་རང་གི་འདོད་པའི་ལྷའི་རྣམ་པ་རྫོགས་ནས་བདག་མེད་པ་ལ་སོགས་པའི་མཁའ་འགྲོ་མའི་འཁོར་ལོ་ཡང་སྟེ་རང་གི་རིག་མ་དང་ལྷན་ཅིག ་རོ་གཅིག་ཏུ་སྙོམས་པར་ཞུགས་པར་བལྟ་བར་བྱའོ། །ཏིང་ངེ་འཛིན་དམ་ཚིག་གི་འོད་ཟེར་གྱིས་བཀུག་པའི་དྲི་ཟའི་སེམས་ཅན་བདེ་བ་ཆེན་པོའི་རང་བཞིན་ཧོ(རྒྱུད་འགྲེལ་ཞུགས་ནས། བཅོམ་ལྡན་འདས་རང་གི་རིག་མ་དང་ལྷན་ཅིག་འདོད་ཆགས་ཆེན་པོས་རྗེས་སུ་ཆགས་པ་ལས་ཤིན་ཏུ་མཆོག་གི་བདེ་བ་ཆེན་པོའི་རང་བཞུབ་ས་བོན་གྱི་གཟུགས་ཀྱིས་གནས་པར་གྱུར་པའོ་ཞེས་པ་ཞུ་བ་ལྷུང?་བའོ། །དེ་ནས་པུཀྐ་སཱི་ལ ་སོགས་པའི་ལྷ་མོ་བཞི་པོ་རྣམས་འཁོར་ལོའི་བདག་པོ་མེད་པར་མཐོང་ནས་མྱ་ངན་གྱི་གདུངས་ཏེ་བདག་ཅག་ནི་མགོན་མེད་པའོ་ཞེས་ཤེས་ནས་ཡིད་མི་བདེ་བ་ཆེན་པོ་ཐོབ་པས་ཤིན་ཏུ་སྣ?་སྔགས་ཀྱིས་ཐུགས་རབ་ཏུ་སང་པར་བྱེད་པའི་རྡོ་རྗེའི་གྲུ་རྣམས ་ཀྱིས་བཅོམ་ལྡན་འདས་སློང་བར་བྱེད་དོ། །ཁྱོད་བཞེངས་རྗེ་བཙུན་སྙིང་རྗེའི་ཡིད། །ཅེས་པ་ལ་སོགས་པ་ཚིགས་སུ་བཅད་པ་བཞིའི་དོན་བརྗོད་པར་བྱ་སྟེ། ཁྱོད་བཞེངས་རྗེ་བཙུན་སྙིང་རྗེའི་ཡིད། །པུཀྐ་སཱི་བདག་ཡོངས་སུ་སྐྱོབས། །སྟོང་ཉིད་རང ་བཞིན་དོར་ནས་ནི། །བདེ་ཆེན་སྦྱོར་བས་བདག་འདོད་མཛོད། །ཞུ་བར་ལྷུང་བའི་ཏིང་ངེ་འཛིན་ལས་ཞེས་པ་སྟེ་བདག་ལ་ཁྱོད་ཀྱིས་བྱམས་པ་ཆེན་པོའོ། །ཁྱོད་མེད་ན་ནི་བདག་འབུམ་པས། །ཀྱེ་རྡོ་རྗེ་ཁྱད་བཞེངས་ཤིག། སྟོང་ཉིད་རང་བཞིན་ཉིད ་དེར་ནས། རི་ཁྲོད་མ་ཡི་བྱ་བ་བསྒྲུབས། །ཤེས་པ་དག་ལ་ཁྱོད་ཀྱི་སྙིང་རྗེ་ཆེན་པོའོ། །དགའ་གཙོ་འཇིག་རྟེན་འགྲོན་གཉེར་ནས། །སྟོང་པ་ཉིད་ལ་བཞུགས་སམ་ཅི། །ཁྱོད་མེད་ཕྱོགས་ནི་མི་འཚལ་བས། །གདོལ་པ་མོ་བདག་ཞུ་བ་བགྱིད། ་ཅེས་པ་དེ་ལས་བཞེངས་ཤིག་སྟེ་བདག་ལ་ཁྱོད་ཀྱིས་དགའ་བ་ཆེན་པོའོ། །བདག་གིས་ཁྱོད་ཐུགས་མི་འཁྲུལ་ཤེས། །ཀྱེ་མ་མིག་འཕྲུལ་ཅན་ཁྱོད་བཞེངས། །གཡུང་མོ་བདག་ནི་གྲོང་ཁྱེར་མ། །སྙིང་རྗེ་ཆད་པར་མ་མཛད་ཅིག། ཅེས་པ་བདག་ལ་ཁྱོད་ཀྱིས་བཏང ་སྙོམས་ཆེན་པོའི་གནས་པའོ། །བཅོམ་ལྡན་འདས་རང་གི་རིག་མ་དང་ལྷན་ཅིག་འདོད་ཆགས་ཆེན་པོས་རྗེས་སུ་ཆགས་པ་ལས་ཤིན་ཏུ་མཆོག་གི་བདེ་བ་ཆེན་པོར་རོར་ཞུ་བ་ས་བོན་གྱི་གཟུགས་ཀྱིས་གནས་པར་གྱུར་པའོ་ཞེས་པ་འདིའི་དོན་རྣམ་པར་སྤྱད་པར་བྱ་སྟེ། ་ཅི་ཞུ་བ་དེ་ཐོག་མར་དེ་ཉིད་ཐ་མལ་པའི་ལུས་མེད་པར་བལྟས་ནས་ཡེ་ཤེས་ཀྱི་སྣང་བ་རྡོ་རྗེའི་ཏིང་ངེ་འཛིན་གྱི་སྦྱོར་བས་གང་བཅོམ་ལྡན་འདས་ལྷན་ཅིག་སྐྱེས་པ་ཧེ་རུ་ཀ་ཡིན་ནམ། དེ་ཡོངས་སུ་གྱུར་པའི་ཕྱག་བཅུ་དྲུག་པ་ལ་སོགས་པའི་གཟུགས་ཡིན། ། ་གཉི་ག་ལྟར་ཡང་མི་རིགས་པ་སྟེ། ལོངས་སྤྱོད་རྫོགས་པ་དང། སྤྲུལ་བའི་སྐུ་དག་ནི་རུས་པ་དང། རྐང་ལ་སོགས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ་ཞེས་ཁ་ཅིག་རྣམ་པར་རྟོག་ན། དྲི་མའི་སེམས་ཅན་རབ་ཏུ་ཞུགས་པ་ལས་ཞུ་བར་གྱུར་པ་དེ་ཉིད་དུ་ཞུ་བ་ཡིན་ནོ།། ་ཇི་ལྟར་ཡན་ལག་བཅུ་གཉིས་ལ་རྟེན་ནས་མ་དང་པ་ཡང་དག་པར་སྦྱོར་བ་ལས་ཁུ་བ་དང་ཁྲག་དེ་དག་འདྲེས་པར་གྱུར་པ་ནི་ཞུ་བ་ཡིན་པ་དེ་བཞིན་དུ་འདིར་ཡང་སྟེ། འདི་ལྟར་བཅོམ་ལྡན་འདས་ཞུ་བ་ཞེས་པར་དྲི་ཟའི་སེམས་ཅན་ཞུ་བ་ཡིན་པ་ན ་བཅོམ་ལྡན་འདས་ཞུ་བའོ་ཞེས་སྨྲ་བ་ནི་རིགས་པ་མ་ཡིན་ནོ། །ཉེ་བར་བརྟགས་པ་ལས་བཅོམ་ལྡན་འདས་དང་ལྷན་ཅིག་གཉིས་སུ་མེད་པར་བྱས་ནས་བརྗོད་པར་བྱ་སྟེ། དངོས་སུ་ན་ཞུ་བ་མ་ཡིན་ནོ། །དེ་ལྟར་རིགས་པ་ཡང་མ་ཡིན་ཏེ། ཞུ་བ་ལ་སོགས ་བ་མེད་པའི་ཕྱིར་རོ། །ཞུ་བ་ལྷུར་བའི་སྒྲས་སྔར་མེད་པའི་སེམས་ཅན་སྐྱེ་བ་ཡང་བརྗོད་པ་མ་ཡིན་ནོ། །དེའི་ཕྱིར་ཞུ་བ་ལྟུང་བའི་སྤྲས་ཕྱག་བཅུ་དྲུག་པ་ལ་སོགས་པ་མ་ཡིན་ཞིང་ལྷན་ཅིག་སྐྱེས་པ་རྣམ་པར་བདག་པར་བྱའོ། །འདི་ཉིད་མཚོ་སྐྱེས་ ་ཞབས་ཀྱིས་གསུངས་པ་ནི། ས་བོན་གྱི་གཟུགས་ཀྱིས་གནས་པར་གྱུར་པ་ཞེས་སོ། །དེ་བཞིན་དུ་ཡང་ཛཱ་ལནདྷ?་རི་པའི་ཞབས་ཀྱིས་ལྷའི་རྣམ་པར་མ་དག་བའི་ལུས་མེད་པ་སྟེ། མ་དག་པའི་ལུས་མེད་པ་ན་དག་པའི་སྤྲུལ?་པའི་སྐུ ་བརྟག་པ་ཙམ་མོ། །དེ་ཡི་ཡང་མེད་པན་བདུད་རྩི་ཞུ་པའི་ཐིགས་པ་བཞིན་དུ་དང་བ་སྒྱུ་མ་ལྟ་བུའི་རྣམ་བར་ཤེས་པའི་གཟུགས་ཀྱིས་གནས་པ་སྟེ། འདི་ཉིད་སྒྱུ་མ་ལྟ་བུའི་རྣམ་པར་ཤེས་པའི་སྨོན་ལམ་གྱི་རྟེན་ནོ། །ཇི་ལྟར་སྒྱུ་མ་རང་དང་གཞན་གྱི? ་ཤེས་པ་དང་ཡང་དག་པར་རིག་པ་མེད་ན་ཡང་དོན་གྱི་བྱ་བ་བྱེད་དོ། །དེ་བཞིན་དུ་རྣམ་པར་ཤེས་པའི་སྒྱུ་མ་ནི་ཡུན་རིང་པོར་སྨོན་ལམ་གྱི་ཤུགས་ཀྱིས་དོན་བྱེད་པའི་དབང་གིས་བཞེངས་པ་སྟེ་རྨི་ལམ་སད་པ་བཞིན་དུ། དེ་ལ་འདིར་བཞེངས་པའི་རིམ་པ ་ནི་རྣམ་པ་ལྔའི་རབ་ཏུ་སྒོར་བ་ལས་ཏེ། དེར་བདུད་རྩི་ཞུ་བའི་ཐིག་པ་དང་འདྲ་བ་སྒྱུ་མ་ལྟ་བུའི་རྣམ་པར་ཤེས་པ་དེ་ཡོངས་སུ་གྱུར་པ་ལས་རྣམ་པར་ཤེས་པ་ལྔའི་རང་བཞིན་དེང་ཨཱ་ལི་ཡོངས་སུ་གྱུར་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་ཟླ་བའོ། །ཀཱ་མི་ཡོངས ་སུ་དྷ་ར་པའི་མཉམ་པོ་ཉིད་ཀྱི་ཡེ་ཤེས་ཏེ་ཉི་མའོ། །དེ་དག་གི་དབུས་སུ་སོན་པའི་ས་བོན་ནོ། །དེ་ཡོངས་སུ་གྱུར་པའི་མཚན་མ་ངེས་མཚན་པ་ནི་སོ་སོར་རྟོག་པར་བརྗོད་པར་བྱ་སྟེ། ཐམས་ཅད་གཅིག་པ་ནན་ཏན་ཏེ། །གཟུགས་རྫོགས་དག་པའི་ཆོས ་ཉིད་དོ། །དེ་ལ་ཡེ་ཤེས་ལྔའི་རང་བཞིན་བྱང་ཆུབ་ཀྱི་སེམས་ལས་ལངས་པའི་འོད་ཟེར་རྣམས་ཀྱིས་རྒྱུ་བ་དང་བཅས་པའི་མི་རྒྱུབ་བཀུག་ནས་དེ་ཉིད་དུ་དཀྱིལ་འཁོར་པ་དང། རོ་མཉམ་དུ་བྱས་ནས་བྱང་ཆུབ་ཀྱི་སེམས་སྟོད་བའི་ཟླ་བའི་དཀྱིལ་འཁོར་གྱི ་རྣམ་པར་བལྟ་བར་བྱའོ་ཞེས་པ་ནི་རྣལ་འབྱོར་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེའི་རྗེས་སུ་སྐད་ཅིག་གིས་དེ་ཡོངས་སུ་གྱུར་པའི་ལྷན་ཅིག་སྐྱེས་བའི་གཟུགས་བརྙན་སྟོན་ཁའི་རི་བོང་འཛིན་པའི་རྣམ་པ་མཛའ་ཡས་པའི་འཇིག་རྟེན་གྱི་ཁམས་རབ་ཏུ ་གསལ་བར་བྱེད་པ་ཆོས་ཀྱི་ཕྱག་རྒྱ་དང་ལྡན་པ་ཡེ་ཤེས་ལྔའི་རང་བཞིན་སྒྱུ་མ་ལྟ་བུའི་ལྷན་ཅིག་སྐྱེས་པ་ཧེ་རུ་ཀའི་ཕྱག་གཉིས་པ་བལྟ་བར་བྱའོ་ཞེས་པ་ནི་རྗེས་སུ་རྣལ་འབྱོར་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ་བཞེངས་པའོ། །འདི་ལྟར་རྗེས་སུ་རྣལ་འབྱོར་རྫོགས ་པར་བྱས་ནས་ཕུང་པོ་དང་ཁམས་དང། སྐྱེ་མཆེད་རྣམས་ལ་རྡོ་རྗེ་མ་ལ་སོགས་པ་ནས། །མཁའ་སྤྱོད་མའི་མཐར་ཐུག་པ་རྣམས་ཀྱི་ས་བོན་དགོད་པར་བྱའོ། །འདི་ལྟ་སྟེ། གཟུགས་ཀྱི་ཕུང་པོ་ལ་རྡོ་རྗེ་མའི་ཨཾ་དགོང་པར་བྱའོ། །ཚོར་བའི་ཕུང་པོ་ལ་གཽ་རཱིའི་? ་དོ། །འདུ་ཤེས་ཀྱི་ཕུང་པོ་ལ་ཆུའི་རྣལ་འབྱོར་མའི་ཨི་ངོ། །འདུ་བྱེད་ཀྱི་ཕུང་པོ་ལ་རྡོ་རྗེ་མཁའ་འགྲོ་མའི་ཨུཾ་ངོ། །རྣམ་པར་ཤེས་པའི་ཕུང་པོ་ལ་བདག་མེད་མའི་ཨོཾ་ངོ། །ཤ་བ་པུཀྐ་སཱིའི་ཨའུཾ་དགོད་དོ། །ཁྲག་ལ་རི་ཁྲོད་མའི་རཾ་ངོ། །བྱང་ཆུབ་ཀྱི་སེམས་ལ ་འདོལ་?་པ་སོའི་ཨའོཾ?་ངོ།།རུས་པ་ལ་གཡུང་མོའི་ལཾ་དོ།།སྐྱེན་ཆེད་དགོད་པ་ཡང་བརྗོད་པར་བྱ་སྟེ། གཟུགས་ཀྱི་སྐྱེ་མཆེད་ལ་གཽ་རཱི་གཞན་གྱི་ཀཱི་དགོད་པར་བྱའོ། །སྒྲ་ལ་ཚོམ་ཅུན་?་རི་ཨོཾ་ངོ། །དྲི་ལ་རོ་ལངས་མའི་ཨེཾ་ངོ། །རོ་ལ་གྷསྨ་རཱིའི་ཨོཾ་དོ། །རེག་ལས་སྤྱོད ་མའི་ཨོཾ་ངོ། །ཆོས་ཀྱི་ཁམས་ལ་མཁའ་སྤྱོད་མའི་ཨོཾ་ངོ། །ལེའུ་དགུ་པར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་?་གཟུགས་?་རྡོ་རྗེ་མ་རུ་གྱུར། ཞེས་པ་ལ་སོགས་པ་སྟེ་དགོད་པའོ། །མངོན་པར་རྟོགས་པའི་རིམ་པ་འདི་ཉིད་ཀྱང་རྩ་བའི་རྒྱུད་དུ། དང ་པོར་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་གཟུགས་བརྙན་རྫོགས་པ་སྟེ། བཞི་པ་ཡི་གེ་དགོད་པའོ། །ཞེས་སོ། །མྱ་ངན་ལས་འདས་པའི་སྐུ་འཛིན་པའི་དོན་དང། གདུལ་བྱའི་སྐྱེ་བོ་མི་སྤད་པའི་དོན་དུ་ཕུང་པོ་ལ་སོགས་པ་དགོང ་པའི་ཤིན་ཏུ་རྣལ་འབྱོར་རྫོགས་པར་བྱས་ནས། རྣལ་འབྱོར་ཆེན་པོ་ཡང་དག་པར་བརྩམ་པར་བྱ་སྟེ། ལྟེ་བ་དང། སྙིང་ག་དང། མགྲིན་པ་དང། དཔྲལ་བར་ཡང་པདྨ་བཞི་པོ། འདབ་མ་དྲུག་ཅུ་རྩ་བཞི་དང། བརྒྱད་དང། བཅུ་དྲུག་དང། སུམ་ཅུ་རྩ་གཉིས་གོ་རིམས ་བཞིན་དུ་བསམས་ནས། དེ་རྣམས་སུ་ཨཾ་ཧཱུཾ་ཨཾ་ཧཾ་རྣམ་པར་བཀོད་དེ། །སྐུ་དང། གསུང་དང། ཐུགས་བྱིན་གྱིས་བརླབས་པར་བསམ་པར་བྱའོ། །མགོ་བོར་ཨོཾ་ཡིག་དཀར་པོ་བསམས་ནས་དེ་ལས་སྐུ་རྡོ་རྗེའི་ཚོགས་ཀྱི་ནམ་མཁའ་གང་བས ་པོན་དེ་ཉིད་དུ་ཞུགས་པ་ལས་གསུངས་རྡོ་རྗེར་གྱུར་བའོ། །ོཾ་ཀཱ་ཡ་བཛྲ?་ཏཱ?་ཀྟ(རྒྱུད་འགྲེལ་ལས་གསུང་རྡོ་རྗེར་གྱུར་པའོ། །ོཾ་ཝཱཀྲ་ཛ?་ཀཤ། ཁརྦ་དྷརྨམ(རྒྱུད་འགྲེལ་བཛྲ་ཏྨ་ཀོ་ཧཾ་ཞེས་བརྗོད་དོ། །བཅོམ་ལྡན་འདས་ཀྱིས་སྔགས་ཀྱི་ལེའུར་ཡང་གསུངས་པ། ཨོཾ་ཨཱ(རྒྱུད་འགྲེལ་འདས་མ་ལ་ནི་དགོང་པ་ཇི་ལྟ་བུར་གྱུར་པ་དེ་བཞིན་ཏེ་རགས་ལྔའི་ཆས་ཤིན་ཏུ་ལྷག་པོའོ། །སྔར་གསུངས་པའི་རིམ་པས་ཧེ་རུ་ཀའི་རྣམ་པ་བཞི་པོ་རྣམས་ཀྱི་ནང་ནས་རང་གི་འདོད་པའི་ལྷ་ཤེས་རབ་དང་སྙོམས་པར་ཞུགས་པའི་བདག་ཉིད་སྐུ་མདོག་ནག་པོ་འཇིགས་པ་ཆེན ་པོ་ཞེ་སྡང་གི་བདག་ཉིད་ཅན་བལྟ་བར་བྱའོ། །སྔར་གསུངས་པའི་རིམ་པ་ནི། སེམས་དཔའ་ཨི་གཟུགས་བརྙན་ལས་བྱུང་བའི། །དཀྱིལ་འཁོར་དབང་པོ་བསྒོམ་པར་བྱ། ཞེས་གསུངས་པ་ལས་སོ། །དེ་ནས་འཆད་པར་འགྱུར་བའི་རིམ་པས་མཚན་མ་ལ་སོགས་པ་ཅན ་བསམས་ནས་དམ་ཚིག་གསུམ་བཙལ་པར་བྱ་སྟེ?། དེ་ལ་བདག་ཉིད་དམ་ཚིག་རྡོ་རྗེ་འཛིན་པའི་གཟུགས་ཉིད་དོ། །རང་གི་སྙིང་གར་ཉི་མ་ལ་བདག་ཉིད་དམ་ཚིག་པ་བཞིན་དུ་ཡེ་ཤེས་ཀྱི་དམ་ཚིག་དང། དེའི་ཐུགས་ཀར་ཏིང་ངེ་འཛིན་གྱི་དམ་ཚིག་ཡི་གེ་ཧཱུཾ་བསམ་པར་བྱའོ ་ཞེས་པ་ཞེ་སྡང་གི་བདག་ཉིད་དོ། །དེ་ལྟར་དམ་ཚིག་གསུམ་གྱི་བདག་ཉིད་དུ་གྱུར་ནས་རིགས་ལྔའི་ཆ་དང་ལྡན་པར་བྱའོ། །ཤེས་རབ་བརྙེད་ནས་མི་གཡོ་ཞིང། །བསྒྲུབ་པོ་ལ་གུས་མཉེན་གཤིན་པ། །སེམས་ཅན་ཀུན་ཕན་ཚོལ་བ་ཅན། །?? ་ཀུན་དང་ལྡན་པའོ། །དེའི་མགོ་བོར་ཨོཾ་ཡིག་དང། སྙིང་གར་ཧཱུཾ་ཡིག་དང། ལྟེ་བར་སྭཱ་ཡིག་དང། བརླ་ཟུང་ལ་ཨཱ:ཡིག་དང། རྐང་པ་དག་ལ་ཧ་ཡིག་ཀྱང་དགོད་དོ། བཅོམ་ལྡན་འདས་མའི་ཡན་ལག་དགོད་པ་ཡང་བརྗོད་པར་བྱ་སྟེ། གཟུགས་ཕུང་རྡོ་རྗེ་མེར་ནི་གྱུས? ་ཚོར་བ་ལ་ནི་དཀར་མོར་དྲན། །འདུ་ཤེས་ཆུའི་རྣལ་འབྱོར་མ། །འདུ་བྱེད་རྡོ་རྗེ་མཁའ་འགྲོ་མ། །རྣམ་ཤེས་ཕུང་པོའི་ཚུལ་གྱིས་མི། བདག་མེད་རྣལ་འབྱོར་མ་གནས་སོ། །ས་ནི་པུཀྐ?་སཱིར་བཤད་དེ། །ཆུ་ཁམས་རི་ཁྲོད་མ་རུ་དྲན། །མེ་ནི་གཏུམ་མོ ་ཤེས་པར་བྱ། །རླུང་ནི་གཡུང་མོར་རབ་ཏུ་གྲགས། །གཟུགས་ལ་དཀར་མོར་རྟག་ཏུ་བཤད། །སྒྲ་ལ་ཚོམ་རྐུན་མ་རབ་གྲགས། །དྲི?་ཡི་ཆ་ལ་རོ་ལངས་མ། །རོ་ལ་གྷསྨ་རི་རབ་གྲགས། །རེག་ལ་ས་སྤྱོད་མར་བཤད་དེ། །ཆོས་ཀྱི་ཁམས་ལ་མཁའ་སྤྱོད ་མ། །དེ་ལྟར་འདི་རྣམས་ཀྱི་ས་བོན་ཡང་དག་པར་དགོད་པར་བྱས་ནས་པདྨ་དང་རྡོ་རྗེ་བྱིན་གྱིས་བརླབ་པར་བྱའོ། །(རྒྱུད་འགྲེལ་ཧཱུཾ་ཡིག་ལས་བྱུང་པའི་རྡོ་རྗེ་བསྒོམ་པར་བྱ་ཞིང་དེའི་ནོར་བུའི་བུ་གར་ཧཱུཾ་ཡིག་བསམས་ནས་སླར་ཡང། ཨོཾ་པདྨ་སུ་ཁཱ་དྷར་མཧཱ་རཱ་ག་སུ་ཁནད་དོ། ཙ་ཏུ་རཱ་ནནད་བྷ་གབི?་ཤྭ་ཧཱུཾ་ཧཱུཾ་ཀཨཱ་རྱཾ་ཀུ་རུ་ཥ་མེ། ཨོཾ་བཛྲ་མཧཱ་དྲེ་ཥ་ཅི་ཏུ་རཱ་ནནད་དཱ་ཡ་ཀ་ཁ་ག་མུ་ཁེ་ཀ་ར་སོ་ནཱ་ཐ་ཧཱུཾ་ཧཱུཾ ་ཀཨཱ་རྱཾ་ཀུ་རུ་?་ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབ་བར་བྱའོ། །ཕྱི་རོལ་ཏུ་ཕྱག་རྒྱ་མེད་ན་ཡིད་ཀྱི་སྤྲུལ་པའི་ཕྱག་རྒྱ་རྙེད་ནས་དེ་ཡང་རིགས་ལྔའི་ཆ་དང་ལྡན་པའི་རིམ་པ་དང་པོ་ཉིད་དུ་བྱས་ནས། །རྗེས་སུ་ཆགས་པ་བརྩམ་པར་བྱའོ། །ོཾ་སརྦ་ཏ་ཐཱ་ག ་ཏཱ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཀཱ་?་སཱརྦའ?་དྷརྨཱ(རྒྱུད་འགྲེལ་ཐུག་པ་ནི་དང་པོ་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །འདི་ཡང་ཤེས་རབ་དང་ཐབས་རོ་གཅིག་པའི་བདེ་བ་ཆེན་པོ་འབྱུང་བའི་བྱང་ཆུབ་ཀྱི་སེམས་ཕཊ་ཡིག་གིས་རྣམ་པར་སྤྲོས་པས་བསམས་ནས་མཆོད་པ་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཧཱ་པཱུ་ཛཱ་བཛྲ་སྭབྷཱ་ཝཱཏྨ་ཀ: ་སརྦ་དྷརྨམཱ(རྒྱུད་འགྲེལ་འབྱོར་མའི་རང་བཞིན་གྱི་བདག་ཉིད་མཆོད་པར་བྱའོ། །གལ་ཏེ་ལེགས་པར་?་པར་གྱུར་པའི་ཕྱག་རྒྱ་མེད་ན་ནི་མི་བྱ་བ་ཁོ་ན་སྟེ་གཞན་དུ་ན་རྩ་བའི་ལྟུང་བར་འགྱུར་རོ། །དེའི་རྗེས་སུ་བྱང་ཆུབ་ཀྱི་སེམས་ཀྱི་རྡུལ་ཕྲ་མོ་གང་ཅུང་ཟད་གནས་པ་དེ་ཡོངས་སུ ་གྱུར་པ་ལས་འཁོར་ལོ་དང་བཅས་པའི་རྗེ་བཙུན་བསྒོམ་དང་བྱ་སྟེ་བསྲུབ་བར་བྱ་བ་བསྲུབ་པར་བྱ་བའི་སྦྱོར་བ་ལས་སོ། །རྡོ་རྗེ་འཛིན་པའི་ཧཱུཾ། བཅོམ་ལྡན་འདས་མའི། །ཾ(རྒྱུད་འགྲེལ་མོའི་ཤཾ་།གཏུམ་མོའི་?། གཡུང་མོའི་ཌཾ་ཞེས་པའི་སྔགས་འདི་རྣམས་ཀྱིས་དབྱུང་བར་བྱ་སྟེ། བྱུང་ནས་ཀྱང་འགྲོ་བའི་དོན་མཛད་ཅིང་བཀུག་ནས་དེ་བཅོམ་ལྡན་འདས་ཀྱི་འཁོར་ལོའི་མཁའ་འགྲོའི་ལམ་ནས་ཞུགས་པ་ལས་འོ་མ་དང་ཆུ་ཇི་ལྟ་བ་དེ་བཞིན ་དུ་བཅོམ་ལྡན་འདས་འཆད་པར་འགྱུར་བའི་རིམ་པས་བཞུགས་པའོ། །བཅོམ་ལྡན་འདས་མ་དང་བཅོམ་ལྡན་འདས་མ་ཡང་སྟེ། གཽ་རཱི་ལཾ་སོགས་པ་རྣམས་ཀྱང་རང་རང་གི་གདན་རྣམས་སུ་བསམས་བར་བྱའོ་ཞེས་པ་ནི་དབྱུང་བའོ། །དེ་ལ་ཕྱག་བཅུ་དྲུག ་རྣམས་ནི་སྟོང་པ་ཉིད་བཅུ་དྲུག་རྣམ་པར་དག་པའོ། །གཡས་ཀྱི་ཕྱག་བརྒྱད་ན་གནས་པའི་པདྨའི་སྣོད་བརྒྱད་རྣམས་སུ་གོ་རིམས་ཇི་ལྟ་བ་བཞིན་དུ་གླང་པོ་ཆེ་དང། རྟ་དང། བོང་བུ་དང། གླང་དང། རྔ་མོ་དང། མི་དང། ཤ་ར་བྷ་དང། ཕྱི་ལ་རྣམས་སོ།། ་དེ་བཞིན་དུ་ས་དང། ཆུ་དང། རླུང་དང། མེ་དང། ཟླ་བ་དང། ཉི་མ་དང། གཤིན་རྗེ་དང། ནོར་སྦྱིན་རྣམས་ཀྱང་གཡོན་གྱི་པདྨའི་སྣོད་བརྒྱད་པོ་རྣམས་སུ་རིམས་པར་ཤེས་པར་བྱའོ། །གློ་དང་དེ་བཞིན་དབུགས་མི་བདེ། །སྨྱོ་ཟད་མཛོ་དང་རྐང་པཾ? ་དང། །མཆོད་པ་མཆིན་པའི་རང་བཞིན་གྱིས། །ཐམས་ཅད་འདི་ཉིད་རབ་ཏུ་གྲགས། ཞེས་པ་ཉོན་མོངས་པ་བརྒྱད་རྣམ་པར་དག་པ་ལས་གླང་པོ་ཆེ་ལ་སོགས་པ་འཛིན་པ་རྣམས་སོ། །ས་ལ་སོགས་པ་ནས་།ནོར་སྦྱིན་གྱི་བར་དུ་ནི་དབང་ཕྱུག་བརྒྱད ་རྣམ་པར་དག་པས་སོ། །འདི་ལྟ་སྟེ། སྐུའི་དབང་ཕྱུག་གསུང་གི་དབང་ཕྱུག་དང། །དེ་བཞིན་ཁོ་ནར་ཐུགས་ཀྱི་དབང་ཕྱུག་ཀྱང། །རྫུ་འཕྲུལ་དང་ནི་ཀུན་འགྲོའི་དབང་ཕྱུག་དང། །འདོད་དང་བྱེད་པོ་ཡོན་ཏན་བརྒྱད་པའོ། །སྐུ་མཛའ་ཡས་པ་ནི་སྐུའི་དབང ་ཕྱུག་གོ། ཐམས་ཅད་ཀྱི་སྐད་ཅིག་ཏུ་སྨྲ་བ་ནི་གསུང་གི་དབང་ཕྱུག་གོ་།སེམས་ཅན་ཐམས་ཅད་ཀྱི་སེམས་ཤེས་པ་ནི་ཐུགས་ཀྱི་དབང་ཕྱུག་གོ། རྫུ་འཕྲུལ་གྱི་མཛའ་ཡས་པའི་འཇིག་རྟེན་གྱི་ཁམས་ལྟ་བ་ནི་རྫུ་འཕྲུལ་གྱི་དབང་ཕྱུག་གོ། འཇིག་རྟེན་གསུམ ་པོ་གཅིག་པའི་སྐུ་ནི་ཀུན་ཏུ་འགྲོ་བའི་དབང་ཕྱུག་གོ་།ཱཙྪའི་སྒྲས་ནི་འདོད་པ་གསུངས་ཏེ། འདོད་པས་སེམས་ཅན་རྣམས་ཀྱི་བདེ་བ་ཆེན་པོ་བསྐྱེད་པར་བྱེད་པ་ནི་འདོད་པའི་དབང་ཕྱུག་གོ། བྱེད་པོ་ནི་རྡོ་རྗེ་འཆང་ཆེན་པོ་ཞེས་པ་བྱེད་པོའི་དབང་ཕྱུག་གོ། ་ལྷའི་རྣམ་པས་སྤྱད་པ་ནི་ཡོན་ཏན་གྱི་དབང་ཕྱུག་གོ། པདྨའི་སྣོད་ནི་སྙིང་རྗེའི་རྣམ་པར་དག་པ་ལས་ཡིན་ལ། ཕྱག་རྣམས་ནི་སྟོང་པ་ཉིད་རྣམ་པར་དག་པ་ལས་ཏེ། འདིས་ནི་སྟོང་བ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ཉིད་དུ་རིག་པར་བྱས་སོ། །བྱམས་པའི་ཐུགས ་ལས་ཡན་ལག་གནག་།ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད། རྣམ་པར་དག་པ་ལས་ཏེ། སྡང་བ་བསྒྲུབ་པར་བྱེད་བའི་དོན་དུ་ཞལ་དང་པོ་ནི་ནག་པོའོ། །དབང་གི་དོན་དུ་གཡོན་པ་དམར་པོའོ། །གཡས་ཀྱི་དཀར་པོ་ནི་ཞི་བ་སྒྲུབ ་པའོ་ཞེ་སྡང་ལ་སོགས་པ་བྱུང་བ་རྣམ་པར་ཉམས་པའི་དོན་དུ་རྒྱབ་ཏུ་སྟེང་གི་ཞལ་ནི་རྣམ་པར་གཙིགས་པ་དུ་བའི་མདོག་གོ། བདུད་བཞི་རྣམ་པར་གཞོམ་པའི་དོན་དུ་སླར་གཡོན་གྱི་ཞལ་གཉིས་ནག་པོ་སྟེ། གཡས་ཀྱི་ཞལ་གཉིས་ཀྱང་དེ་བཞིན་ནོ། །ཞལ ་ཐམས་ཅད་ཉིད་མཆེ་བ་གཙིགས་པ། འཁྱོག་པོའི་སྨིན་མ་དང་བཅས་པ། འཇིགས་པའི་དུས་ཀྱི་མེ་འབར་བ། འཁྲུག་པའི་འོད་ཅན་འཇིགས་པ་ཆེན་པོ་སྟེ། ཁྲོ་བོའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རོ། །ཞལ་སོ་སོ་ལ་དམར་ཞིང་?་པའི་སྡརན་གསུམ་སྟེ་སྙིང་རྗེ ་ལས་ནི་དམར་པོ་ཉིད་དོ། །རྡོ་རྗེ་གསུམ་ཀྱི་?་གསུམ་གྱིས་དུས་གསུམ་ཡོངས་སུ་ཤེས་པ་ལས་ནི་སྤྱན་གསུམ་ཉིད་དོ། །དེ་ལྟར་སྤྱན?་ཉི་ཤུ་རྩ་བཞིས་ཕྱུག་པའོ། །དར་དབྱངས་བཅིངས་ཤིང་གྱེན་དུ་མཛེས་པའི་སྐ་ནི་སེར་སྐྱེ་སྟེ་འདོད་ཆགས་ལ་སོགས ་པའི་ཉོན་མོངས་པ་མ་ལུས་པ་སྲེག་པར་བྱེད་པའི་ཕྱིར་རོ། །འགྲོ་བའི་དོན་བྱེད་པའི་ཕྱིར་སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པའོ། །ཕུང་པོ་ལྔ་པོ་རྣམས་ཀྱི་རང་བཞིན་མེད་པ་ཉིད་རྟོགས་པར་བྱ་བའི་ཕྱིར་དུ་དཔྲེལ་?་དུ་མགོ་བོ་སྐམ་པོ་ལྡའི་?་བས ་བརྒྱན་པའོ། །དེ་བཞིན་གཤེགས་པ་ལྔ་རྣམ་པར་དག་པ་ལས་འཁོར་ལོ་དང། རྣ་རྒྱན་དང། མགུལ་རྒྱན་དང། ལག་གདུབ་དང། སྐ་རགས་ཏེ་ཕྱག་རྒྱ་ལྔ་དང་ལྡན་པའོ། །རྡོ་རྗེ་སེམས་དཔའ་རྣམ་པར་དག་པ་ལས་ཐལ་བ་ཡང་ངོ་ཞེས་པ་ཕྱག་རྒྱ་དྲུག་ཏུ ་རབ་ཏུ་གྲགས་སོ། །ཆོས་ཐམས་ཅད་ལ་དམིགས་པ་མེད་པ་རྟོགས་པར་བྱ་བའི་ཕྱིར་དུ་ཡང་དག་པར་རྫོགས་པའི་ཡེ་ཤེས་རྣམ་པར་དག་པ་ལས་གཅེར་བུའོ། །བསྡུ་བའི་དངོས་པོ་བཞིས་ཞབས་བཞིའོ། །བྱང་ཆུབ་ཀྱི་སེམས་ཤིན་ཏུ་ཐོབ་པའི་ཕྱིར་ཉི་མཱི? ་དཀྱིལ་འཁོར་ལ་ཞབས་གཉིས་ཀྱིས་སྐྱིལ་གྲུང་ཕྱེད་པ་ཏཱཎྜ་བའི་སྟབས་འཆང་བ་ཉིད་དོ། །འདི་ཉིད་ཁམས་གསུམ་པོ་མ་ལུས་པ་གཅིག་པའི་སྐུར་རྟོགས་པར་བྱ་བའི་ཕྱིར་ཞབས་ཀྱིས་མཐེ་བོང་གཅིག་པུ་བཙུགས་བའོ། །དེ་ལྟ་བུ་ཁོ་ནར་བགེགས་རྣམ་པར ་ཉམས་པ་ལས་གཡོན་བསྐུམ་པའི་ཞབས་འཆང་བའོ། །ཱ་ལི་ཀཱ་ལིའི་ཡི་གེ་རྣམ་པར་དག་པ་ལས་ཡི་གེ་ལྔ་བཅུས་བཀྲ་བ་ཁྲག་རབ་ཏུ་འཇིག་པའི་མགོ་བོ་རློན་པའི་ཕྲེང་བ་ཕྲག་པ་ལ་བཀོད་པ་སྟེ་ཟུང་དུ་འཇུག་པའི་ལམ་ཉེ་བར་བསྟན་པས་ན་མགོ་བོའི ་ཕྲེང་བ་ཕྲག་པ་ལའོ། །སྒེག་པ་དཔའ་བ་མི་སྡུག་པ། །དྲག་ཤུལ་རྒོད་དང་འཇིགས་སུ་རུང། །སྙིང་རྗེ་དོ་མཚར་ཞི་རྣམས་ཀྱིས། །གར་གྱི་རོ་དགུ་ལྡན་པ་ཉིད། ཞེས་པ་སྟེ། དེ་ལ་བདག་མེད་མ་དང་ལྷན་ཅིག་རོ་གཅིག་པ་ཉིད་དུ་སྐེག་པའོ། །དུར་ཁྲོད་ན ་བཞུགས་པ་ནི་དཔའ་བའ་ཨོ། །ཁྲོ་གཉེར་གཙིགས་པ་ཉིད་ནི་མི་སྡུག་བའོ། །འབར་བའི་འོད་ཉིད་ནི་དྲག་ཤུལ་ལོ། །ཞལ་རྣམ་པར་རྒྱས་པ་ཉིད་ནི་རྒོད་པའོ། །མགོ་བོ་རློན་པའི་ཕྲེང་བ་ཉིད་ནི་འཇིགས་སུ་རུང་བའོ། །སེམས་ཅན་རྗེས་སུ་འཛིན་པའི་སེམS ་ཉིད་ནི་སྙིང་རྗེའོ། །སྒྱུ་མའི་གཟུགས་ཉིད་ངོ་མཚར་པའོ། །འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཉིད་ནི་ཞི་བ་སྟེ་དེ་རྣམས་དང་ལྡན་པའོ། །བརྒྱད་གཉིས་ཀྱི་ལོའི་རྣམ་པས་རོལ་པའི་སྐུ་བདག་མེད་མ་དང་སྙོམས་པར་ཞུགས་པའི་བཅོམ་ལྡན ་འདས་སུ་བདག་ཉིད་བལྟ་བར་བྱའོ། །བཅོམ་ལྡན་འདས་ཇི་ལྟ་བ་དེ་ལྟར་བཅོམ་ལྡན་འདས་མ་ཡང་སྟེ་འོན་ཀྱང་ཕྱག་རྒྱ་ལྔ་དང་ལྡན་པ་མི་མགོ་སྐམ་པོའི་ཕྲེང་བས་བརྒྱན་པའི་སྐུ་ལྷ་དང་ལྷ་མ་ཡིན་གྱི་ཁྲག་གིས་གང་བའི་ཐོད་པ་ཕྱག་གཡོན་ན་འཛིན ་པ་ཉོན་མོངས་པ་མ་ལུས་པ་གཅོད་པའི་ཕྱིར་གྲི་གུག་འཛིན་པའོ། །ཁམས་གསུམ་པ་གཅིག་པའི་དོར་རྟོགས་པར་བྱ་བའི་ཕྱིར་དུ་ཞལ་གཅིག་མ། བཅོམ་ལྡན་འདས་ཀྱི་སྨད་ཀྱི་རོ་ཡང་དག་པར་མྱང་བར་བྱེད་པ། ཞབས་གཡོན་བརྐྱང་བས་མཆོག་ཏུ་བདེ ་མཆེན་པོའི་དགའ་བས་བཅོམ་ལྡན་འདས་དང་སྙོམས་པར་ཞུགས་པ་བསམ་པར་བྱའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པས་ཀྱེ་རྡོ་རྗེ་ཕྱག་དྲུག་པ་སྟེ་ཞལ་གསུམ་པ་རྩ་བའི་ཞལ་ནག་པོ། གཡོན་དམར་པོ། གཡས་དཀར་པོ། གཡོན་གྱི ་ཕྱག་གཉིས་དག་གིས་རྩེ་གསུམ་དང་རྡོ་རྗེ་དྲིལ་བུ་འཛིན་པ། གཡས་ཀྱི་ཕྱག་གཉིས་ངག་གིས་རྡོ་རྗེ་དང་གྲི་གུག་འཛིན་པ། ཕྱག་ལྷག་མ་དག་གིས་གྲི་གུག་དང་ཐོད་པར་བཅས་པས་རྡོ་རྗེ་ལྕགས་སྒྲོག་མ་ལ་སྙོམས་པར་ཞུགས་པ་རོ་མནན་པ་བལྟ་བར་བྱའོ།། ་ཡང་བདུད་བཞི་རྣམ་པར་དག་པ་ལས་ཀྱེ་རྡོ་རྗེའི་ཕྱག་བཞི་པ་སྟེ་གཡས་ཀྱིས་རྡོ་རྗེ་འཛིན་པ་གཡོན་གྱིས་?་ཁྲག་ཕྱག་ལྷག་མ་དག་གིས་རྡོ་རྗེ་ཕག་མོ་ལ་སྙོམས་པར་ཞུགས་པ། ཞལ་གཅིག་པ་རོ་མནན་པ་བསམ་པར་བྱའོ། །ཡང་ཀྱེའི་རྡོ་རྗེའི་ཕྱག་གཉིས ་བ་ནི་གཡོན་ཀྱིས་ཐོད་པ་དང་ཁ་ཊཝཱཾ་ག། གཡས་ཀྱིས་རྡོ་རྗེའི་རོ་མནན་པ་བལྟ་བར་བྱའོ། །ཕྱག་དྲུག་པ་ལ་སོགས་པ་འདི་རྣམས་ཀྱི་ཤེས་རབ་མ་ནི་རྡོ་རྗེ་མ་སྟེ། ལྷག་མ་ནི་ཕྱག་བཅུ་དྲུག་པ་བཞིན་ཏེ་སྐུ་མདོག་དང་རྒྱན་ལ་སོགས་པ་དང་ཧཱུཾ་ལས་བྱུང་བ་ལ ་སོགས་པའི་གཟུགས་སུ་བལྟ་བར་བྱའོ། །དེ་བཞིན་དུ་རྡོ་རྗེ་ལྕགས་སྒྲོག་མ་ལ་སོགས་པ་རྣམས་ཀྱི་ཡང་བདག་མེད་མ་བཞིན་ཏེ་མིར་ཙམ་ཐ་དད་པའོ། །ཐམས་ཅད་ཁ་ཊཝཱཾ་ག་ལ་འཁྱུད་པས་གནས་པ་ནི་ཐམས་ཅད་ཀྱི་ཡིན་པར་བལྟ་བར་བྱའོ། །དེ་ལྟར ་གྱུར་པའི་བཅོམ་ལྡན་འདས་རང་གི་འདོད་པའི་ལྷའི་རྣཾ་པར་བསམ་པས?་ནས་བསྲུབ་ཅིང་བསྲུབ་པའི་སྦྱོར་བ་ལས་ལྷ་མོའི་འཁོར་ལོ་གང་ཡིན་པ་ཐོག་མར་དབྱུང་བར་བྱ་སྟེ། དེ་ལ་ཤར་ལ་སོགས་པའི་ཕྱོགས་དང་སྐུ་མདོག་དང་མཚན་མ་ལ་སོགས་པའི་རིམ་པ་ནི ་རྣམ་པར་དག་པའི་སྒོ་ནས་རྟོག་རྒྱུ་བ?་བྱའོ། །དེ་ལ་ཤར་གྱི་སྣོར་གདུལ་བྱ་བདུད་ཀྱི་སེམས་དན་སད་པར་བྱ་བའི་གཾ་ཡིགན་ནས་སྐྱེས་པའི་གོ་རཱི་ནག་མོའོ། །ལོག་པར་ལྟ་བ་གཅོད་པར་བྱའི་ཕྱིར་གཡས་ཀྱི་ཕྱག་ན་གྲི་གུག་འཛིན་པ་།འཁོར་བའི་བག ་ཆགས་ཉམས་པར་བྱ་བའི་ཕྱིར་གཡོན་པས་ཉ་རོ་ཧི་ཏ་འཛིན་པ། ཚངས་པ་མནན་པ། གཟུགས་ཀྱི་ཕུང་པོའི་རང་བཞིན་དུ་བསམ་པར་བྱའོ། །ལྷོར་གདུལ་བྱ་འདོད་ཆགས་ཀྱི་སེམས་ཅན་སད་པར་བྱ་བའི་ཕྱིར་ཙི་ཡིག་ལས་སྐྱེས་པའི་ཆོམ་རྐུན་མ་སྐུ་མདོག་དམར ་མོའོ། །ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་རྟོགས་པར་བྱ་བའི་ཕྱིར་ཕྱག་གཡས་ན་ཅང་ཏེའུ་འཛིན་པ། གཏི་མུག་གཞོམ་པའི་དོན་དུ་གཡོན་ན་ཕག་པ་འཛིན་པ། བརྒྱ་བྱིན་མནན་པ་ཚོར་བའི་ཕུང་པོའི་རང་བཞིན་དུ་བལྟ་བར་བྱའོ། །ནུབ་ཏུ་སེམས ་ཅན་རྣམས་ཀྱི་རྒྱས་པའི་དོན་དུ་བ་ཡིག་ལས་སྐྱེས་པའི་རོ་ལངས་མ་གསེར་གྱི་མདོག་ཅན་ནོ། །སྟོང་པ་ཉིད་རྟོགས་པར་བྱ་བའི་ཕྱིར་གཡས་ན་རུས་སྦལ་འཛིན་པ། སྙིང་རྗེའི་རང་བཞིན་ཅན་རྟོགས་པར་བྱ་བའི་ཕྱིར་གཡོན་ན་པདྨའི་སྣོད་འཛིན་པ་ཉེ་དབང་ལ?་ཞོན་པ། ་འདུ་ཤེས་ཀྱི་ཕུང་པོའི་རང་བཞིན་དུ་རྣམ་པར་བརྟགས་པར་བྱའོ། །བྱང་དུ་མངོན་སྤྱོད་ཀྱི་ལས་རབ་ཏུ་བསྒྲུབ་པའི་དོན་དུ་གྷ་ལས་སྐྱེས་བའི་ཟ?་ནུས་མ་ནོར་བུ་མརྒད་ལྟ་བུའོ། །ཞེ་སྡང་རྣམ་པར་དག་པ་ལས་གཡས་ན་སྦྲུལ་འཛིན་པ་ཤེས་རབ་དང་ཐབས་ཀྱི་བདག་ཉིད ་ཁོང་དུ་ཆུད་པའི་དོན་དུ་གཡོན་པས་རྣལ་འབྱོར་ལྡུད་བཟེད་འཛིན་པ། དྲག་པོ་ལ་ཞོན་པ་འདུ་བྱེད་ཀྱི་ཕུང་པོའི་རང་བཞིན་དུ་བསྒོམ་པར་བྱའོ། །དབང་ལྡན་དུ་རྨུགས་པའི་ལས་རབ་ཏུ་རྟོགས་པའི་ཕྱིར་དུ་པཾ་ལས་སྐྱེས་པའི་པུཀྐ་སཱི་སྐུ་མདོག་སྡོན་མོའོ། །ང་རྒྱལ་རྣམ ་པར་སྤྱད་བའི་དོན་དུ་ཡང་གཡས་ན་སེང་གེ་འཛིན་པ། བདུད་ཀྱི་སྡེ་རྣམ་པར་འཇོམས་པའི་ཕྱིར་དང་མི་མཛའ་བ་མ་ལུས་པ་གཅོད་པའི་ཕྱིར་དུ་གཡོན་པས་དག་སྟེ་འཛིན་པ། གཤིན་རྫ་མནན་པ། སའི་ཁམས་ཀྱི་རང་བཞིན་དུ་ཤེས་པར་བྱའོ། །མེར་ཞི་?་སེམས་ཅན ་རབ་ཏུ་སད་པར་བྱེད་པའི་ཕྱིར་དུ་ཤཾ་ཡིག་ལས་སྐྱེས་པའི་ཤ་བ་རཱི?་དཀར་མོའོ། །མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་པོ་རྣམས་རབ་ཏུ་སད་པར་བྱེད་པའི་ཕྱིར་དུ་གཡས་ན་དགེ་སློང་འཛིན་པ། གཉིས་སུ་མེད་པའི་ཡེ་ཤེས་ཁོང་དུ་ཆུད་པའི་ཕྱིར་དུ་གཡོན་ན་ལ་བར་ ་སིལ་འཛིན་པ། ལུས་ལ་?་པ། ཆུའི་ཁམས་ཀྱི་རང་བཞིན་དུ་བལྟ་བར་བྱའོ། །བདེན་བྲལ་དུ་རེངས་པ་རབ་ཏུ་བསྒྲུབ་པའི་དོན་དུ་ཙི་ཡིག་ལས་སྐྱེས་པའི་གཏུམ་མོ་ནམ་མཁའ་སྔོ་བསངས་མའོ། །དྲེགས་པའི་སེམས་ཅན་?་?་པར་?་པའི ་ཕྱིར་དུ་ཡང་གཡས་ན་འཁོར་ལོ་འཛིན་པ། ཐེ་ཚོམ་གྱི་ཤེས་པའི་ཆ་གཅོད་པའི་ཕྱིར་དང་མི་ཤེས་པའི་དྲི་མ་རྩ་བ་ནས་མེད་པའི་དོན་དུ་གཡོན་པས་གཤོལ་འཛིན་པ། སྲིན་བོ་མནན་པ། མེའི་ཁམས་ཀྱི་རང་བཞིན་དུ་བསྒོམ་པར་བྱའོ། །རླུང་དུ་དོན་སྣ་ཚོགས་པཾ་སོ་སོ? ་རྟོགས་པའི་ཕྱིར་དུ་ཊཾ་ཡིག་ལས་སྐྱེས་པའི་ཌོམྦི་ནཱི་སྣ་ཚོགས་མདོག་གོ། བསམ་པར་རུངས་པའི་སྐྱེ་བོ་རབ་ཏུ་སད་པའི་ཕྱིར་དང་མི་ཕྱེད་པའི་ཡེ་ཤེས་རྟོགས་པའི་ཕྱིར་དུ་གཡས་པས་འབར་བའི་རྡོ་རྗེ་འཛིན་པ། གདུག་པ་མ་ལུས་པ་བསྡིགས་པའི་ཕྱིར་དྲུག་?་པས ་སྡིགས་མཛུབ་འཛིན་པ། ཐུགས་བཟང་རིས་ལ་མཉམ་པར་ཞོན་པ། རླུང་གི་ཁམས་ཀྱི་རང་བཞིན་དུ་བསམ་པར་བྱའོ། །ཡེ་ཤེས་ཀྱི་ཕྱག་རྒྱའི་ཕྱོགས་ལ་བདག་མེད་མ་བྱུང་ནས་རྗེ་བཙུན་ལ་རབ་ཏུ་ཞུགས་པར་བསམ་པར་བྱའོ། །དེ་བཞིན་དུ་བདག་མེད་མའི་ཕྱིར་ས་སྤྱོད?་མ ་དང་མཁའ་སྤྱོད་མ་ཡང་སོ། །བཟང་པོའི་ཞབས་ཀྱིས་དེ་གསུངས་པ། ས་སྤྱོད་མ་དང་མཁའ་སྤྱོད་མ་དང་བདག་མེད་མ་ཡང་སླར་རྗེ་བཙུན་ལ་ཕྱུང་བའི་རྗེས་སུ་གཞུག་ཅིང་ཞུགས་པར་བསམ་པར་བྱའོ། །དེ་བྱུང་བའི་རྗེས་སུ་གཞུག་པ་དག་དང་ཉེ་བའི་མཚན་ཉིད་? ་ཀྱི་ཕྱིར་དེ་བཞིན་དུ་གཽ་རཱི་ལ་སོགས་པ་གཞན་རང་གཞན་རྣམས་བྱུང་པའི་རྗེས་སུ་གཞུག་པར་ཤེས་པར་བྱའོ། །འདི་རྣམས་ཀྱིས་ནི་ཇི་སྲིད་ཡན་ལག་དགོད་པའི་དེ་སྲིད་དུ་དབྱུང་བའོ་ཞེས་པ་འདི་གསུངས་པ་ཡིན་ནོ། །འདི་རྣམས་ཐམས་ཅད་དམར་ཞིང་ཟླུམ་པའི་སྤྱན ་གསུམ་པ། སྐྲ་སེར་?་དུ་མཛེས་པ། ཞལ་མཆེ་བ་གཙིགས་པ། གཅེར་བུ་ཕྱག་རྒྱ་ལྔ་དང་ལྡན་པ། སྐྱིལ་ཀྲུང་ཕྱེད་པའི་ཏཱཎྜ་བས་ཟླ་བའི་གདན་ལ་གནས་པ། དྲག་མོ་བརྒྱད་གཉིས་ཀྱིས་ལོའི་རྣམ་པ་མའོ། །བྱང་ཆུབ་ཀྱི་སེམས་ཕྱུང་བ་ལས་ཡང་དག་པར། ་བྱུང་མ། བཅོམ་ལྡན་འདས་དང་འདོད་པ་དང་འདོད་པ་ལ་སྙོམས་པར་ཞུགས་པ་བལྟ་བར་བྱའོ། །ད་ནི་གོ་རཱི་ལ་སོགས་པ་རྣམས་ཀྱི་གདན་བརྒྱད་ཀྱི་རྣམ་པར་དག་པ་བརྗོད་པར་བྱ་སྟེ། འདོད་ཆགས་དང། རིག་མ་དང། འཛག་པ་དང། བཏུང་བ་དང། བཟའ་བ་དང། གཉིད་དང། རྟོག་གེ་དང ་དང་པ་རྣམས་སུ་མངོན་པར་ཞེན་པ་གཅོད་པའི་ཕྱིར་དུ་ཚངས་པ་ལ་སོགས་པ་ནས་ཐག་བཟང་གི་མཐར་ཐུག་པའི་གདན་བརྒྱད་པོ་རྣམས་གསུངས་པ་ཡིན་ནོ། །དེ་ལྟར་ཇི་སྐད་དུ་བསྟན་པའི་དཀྱིལ་འཁོར་གྱི་འཁོར་ལོའི་ནང་དུ་སོན་པའི་མ་མོའི་ཚོགས་ཀྱིས་ཡོངས་སུ ་བསྐོར་པའི་རང་གི་སྐུ་ལས་རྣམ་པར་སྤྲོས་པའི་འོད་ཟེར་ཀྱི་ཚོགས་ཀྱིས་ནམ་མཁའ་ཨི་མཐིལ་ཁྱབ་པར་ཡང་དག་པར་རྣམ་པར་བསྒོམ་པར་བྱ་ཞིང་ཡེ་ཤེས་ཀྱི་འཁོར་ལོར་དགུག་པར་བྱའོ། །བདག་ཉིད་དམ་ཚིག་གི་ཐུགས་ཀའི་པདྨར་ཧཱུཾ་ལས་བྱུང་པའི་ཐོད་པར་གནས་པའི ་ཉི་མ་ལ་ཧཱུཾ་ཡིག་སྔོན་པོའི་འོད་ཟེར་གྱི་ལྕགས་ཀྱུ་རྣམས་ཀྱིས་མཛའ་ཡས་པའི་འཇིག་རྟེན་གྱི་ཁམས་སྣང་བར་བྱས་ནས་ཡེ་ཤེས་ཀྱི་འཁོར་ལོ་ཡང་མདུན་དུ་བཀུག་པར་རྣམ་པར་བསམ་པ་སྟེ་མཆོད་ཡོད་དང་ཞབས་བསིལ་ལ་སོགས་པ་?་ནས་ཡང་དག་པར་མཆོད་ཅིང ་བསྟོད་པ་ཡང་བྱས་ཏེ། ཛ(རྒྱུད་འགྲེལ་ཀྱི་འཁོར་ལོ་དང་དཀྱིལ་འཁོར་ལོ་ལག?་གོ་འདི་དཔལ་ཧེ་རུ་ཀའི་ང་རྒྱལ་བརྟན་པར་བྱའོ། །གལ་ཏེ་ཡང་བདག་ཉིད་དམ་ཚིག་པ་བཞིན་དུ་ཡེ་ཤེས་ཀྱི་དམ་ཚིག་གོ། དེ་ལྟ་ན་ཡང་ཡེ་ཤེས་ཀྱི་འཁོར་ལོ་གཞུག་པ་དང་བར་མེད་བར་ཡེ་ཤེས་ཀྱི་དམ་ཚིག་ཞལ་གཅིག་ཕྱག་གཉིས་པ ་དམར་པོ་རང་འོད་ཀྱི་ཤེས་རབ་སྟེ་རང་གི་སྙིང་གར་བསམ་པར་བྱའོ། །དེའི་སྙིང་གར་ཏིང་ངེ་འཛིན་གྱི་མགོན་པོ་ཡང་ངོ། །དེ་ནས་བཅོམ་ལྡན་འདས་མ་ཡང་དེ་བཞིན་ཏེ་ཡེ་ཤེས་ཀྱི་དམ་ཚིག་གི་སྙིང་གར་པདྨ་དང་ཟླ་བ་ལ་གནས་པའི་ཨཾ་ཡིག་ལས་སྐྱེས་པའི་གྲི་? ་ལ་གནས་པའི་ཟླ་བར་གནས་པའི་ཨཾ་ཡིག་བལྟ་བར་བྱའོ། །རྣལ་འབྱོར་མ་བརྒྱད་རྣམས་ཀྱི་དེ་བཞིན་དུ་ཡེ་ཤེས་ཀྱི་དམ་ཚིག་གི་སྙིང་གར་པདྨ་དང་ཟླ་བ་རྣམས་སུ་རང་རང་གི་ས་བོན་ལས་སྐྱེས་པའི་མཚན་མ། སླར་ཡང་ཟླ་བ་ལ་གནས་པའི ་ས་བོན་གྱིས་བྱིན་གྱིས་བརླབས་པ་བལྟ་བར་བྱའོ་ཞེས་པ་ཡེ་ཤེས་ཀྱི་འཁོར་ལོའོ། །ཡེ་ཤེས་ཀྱི་འཁོར་ལོ་དང་དམ་ཚིག་གི་འཁོར་ལོ་དག་གཅིག་ཏུ་བྱས་པའི་དུས་སུ་རང་གི་སྐུ་ལས་རྣམ་པར་སྤྲོས་པའི་འོད་ཟེར་རྣམས་ཀྱིས་བཀུག་པའི་དེ་བཞིན་གཤེགས་པ་ལྔ ་པོ་དཔལ་ཧེ་རུ་ཀའི་གཟུགས་ཐོབ་པ་རྣམས་དང་རྡོ་རྗེ་རྣལ་འབྱོར་མ་དང་བྱང་ཆུབ་སེམས་དཔའ་ཆེན་པོ་དང་ཁྲོ་བོ་ལ་སོགས་པ་རྣམས་ཀྱང་ནམ་མཁའ་ལ་མངོན་དུ་བལྟས་ནས་མངོན་པར་དབང་བསྐུར་བར་གསོལ་བ་གདབ་སྟེ། ཨ་བྷིའི་?་རྩ་ཏུ་?་སརྦ་ཏ་ཐཱ་ག་ཏཱ་ཞེས ་པས་སོ། །དེ་བཞིན་གཤེགས་པ་ལྔ་པོ་དེ་རྣམས་ཀྱང་བདུད་རྩི་ལྔས་གང་བའི་རྣམ་པར་རྒྱལ་པའི་བུམ་པ་ལ་སོགས་པ་རྣམས་ཀྱིས། ཇི་ལྟར་བལྟམ་?་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས ་ཁྲུས་བགྱིའོ། །ཞེས་གསུང་ཞིང་འཁྲུ་པར་མཛད་དོ་ཞེས་པ་མངོན་པར་དབང་བསྐུར་བའོ། །དེ་ནས་དམ་ཚིག་རྡོ་རྗེའི་རྣལ་འབྱོར་མ་རྣམས་ཀྱིས་རྡོ་རྗེའི་སྒྲ་སྒྲོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སླར་ཡང་དགའ་བའི་བདག་ཉིད་དུ་གཟིགས ་པར་མཛད་དོ། །ཁྲོ་བོ་ལ་སོགས་པ་རྣམས་ཀྱིས་དགའ་བར་མཛད་དོ། །ནམ་མཁའ་ལ་སྣ་ཚོགས་པའི་དྲི་བཟང་པོ་ཅན་གྱིས་མེ་ཏོག་གིས་ཆར་འབབ་བར་འགྱུར་རོ། །གུར་གུམ་དང་ཙན་དན་གྱི་ཆར་དང་རིན་པོ་ཆེ་སྣ་ཚོགས་པའི་ཆར་རབ་ཏུ་འབབ་པ། །གར་དང ་སིལ?་སྙན་དང་ཀླུ་དང་བསྡོད་པའི་སྒྲས་མཛའ་ཡས་པའི་འཇིག་རྟེན་གྱི་ཁམས་རྣམས་ཀྱི་སྟེང་དུ་ཅ་ཅོའི་སྒྲ་ཆེན་པོ་འབྱུང་བར་འགྱུར་རོ། །དབང་བསྐུར་བ་ན་བཅོམ་ལྡན་འདས་ཀྱི་སྤྱི་བོར་ཐུགས་ཀྱི་དབང་པོར་འགྱུར་ཏེ། བཅོམ་ལྡན་འདས་མའི་ཡང་དེ་བཞིན་ནོ། །གི? ་རཱི་ལ་སོགས་པ་རྣམས་ལ་མི་བསྐྱོད་པ་དང། རྣམ་པར་སྣང་མཛད་དང། རིན་ཆེན་འབྱུང་ལྡན་དང། འོད་དཔག་མེད་ཀྱིས་རྒྱས་གདབ་པར་བྱའོ། །སླར་ཡང་སངས་རྒྱས་དེ་རྣམས་ཁོ་ནས་པུཀྐ་སཱི་ལ་སོགས་པ་རྣམས་དེ་བཞིན་ནོ། །དེ་ནས་བི་ཝང་མ་ལ་སོགས་པའི་མཆོད ་པའི་ལྷ་མོ་རྣམས་ཀྱིས་རང་རང་གི་མཆོད་པཱི་ཁྱད་པར་རྣམས་ཀྱི་གཙོ་བོ་ལ་མཆོད་པར་བྱའོ། །དེའི་རྗེས་སུ་སྤྱན་མ་ལ་སོགས་པ་རྣམས་ཀྱིས་གླུའི་བསྟོད་པས་བསྟོད་པར་ཡང་འགྱུར་ཏེ། རྣལ་འབྱོར་མ་ཚོགས་གྲོགས་མོས་ཡོངས་བསྐོར་ཁྱོད། །ཁྱོད་ནི་རང་གི་ཐུགས ་ལ་མཆོག་བརྙེས་པ། །དེས་ནི་རྒྱུ་དང་མི་རྒྱུའི་འགྲོ་ཀུན་མཛེས། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་བསད་པར་མཛད། །ཧེ་རུ་ཀ་དཔལ་རྒྱལ་པོ་མིག་འཕྲུལ་གྱི། །སྤྲོས་པས་བྱ་བ་བསྒྲུབས་ལ་ཐུགས་དགྱེས་མཛོད། །དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས ་དཔའ་དང་རིག་མ་དང་ལྷ་མོ་དང་ཁྲོ་བོ་ལ་སོགས་པ་རྣམས་ཀྱིས་ཀྱང་ནམ་མཁའ་ལ་བཞུགས་ནས་སྙིང་པོ་དང་ཉེ་བའི་སྙིང་པོ་དང་རྐང་པ་བརྒྱད་པའི་ཕྲེང་བའི་སྔགས་རྣམས་ཀྱིས་མངོན་པར་བསྟོད་པར་འགྱུར་རོ་ཞེས་རྒྱས་གདབ་བོ། །དེ་ནས་མ་མོའི་ཚོགས ་ཀྱི་དབུས་སུ་རིག་མ་དང་ལྡན་པའི་རྡོ་རྗེ་ཙན་བདུད་རྩི་ཟ་བ་རྫོགས་པར་བྱས་ཏེ། ཡཾ་ཡིག་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་བ་ཕྱེད་པའི་རྣམ་པའི། །དེའི་སྟེང་དུ་རཾ་ཡིག་ལས་སྐྱེས་པའི་མེ་དམར་པོ་གྲུ་གསུམ་མོ། །དེའི་སྟེང་དུ་ཨ(རྒྱུད་འགྲེལ་པོ་གསུམ་གྱི་སྟེང་དུ་པདྨའི་སྣོད་ཕྱི་དཀར་བ་ནང་དམར་བ་ཨཱ(རྒྱུད་འགྲེལ་བརླབ་པ་ཡང་ངོ། །དེའི་སྟེང་དུ་ཧཱུཾ་ཡིག་ལས་བྱུང་བའི་རྡོ་རྗེ་ཅན་དཀར་པོ་བལྟ་བར་བྱའོ། །དེའི་རྗེས་སུ་རླུང་གིས་བསྐུལ་བའི་མེ་ཚ་བ་ཉིད་ལས་དངུལ་ཆུའི་རོའི་རྣམ་པ་བཞིན་དུ་གྱུར་པས། ཨོཾ་ཨཱ(རྒྱུད་འགྲེལ་ལ་གནས་པའི་ཟླ་བར་གནས་པའི་ཨ་ཡིག་བལྟ་བར་བྱའོ། །རྣལ་འབྱོར་མ་བརྒྱད་རྣམས་ཀྱི་དེ་བཞིན་དུ་ཡེ་ཤེས་ཀྱི་དམ་ཚིག་གི་སྙིང་གར་པདྨ་དང་ཟླ་བ་རྣམས་སུ་རང་རང་གི་ས་བོན་ལས་སྐྱེས་པའི་མཚན་མ། སླར་ཡང་ཟླ་བ་ལ་གནས་པའི ་ས་བོན་གྱིས་བྱིན་གྱིས་བརླབས་པ་བལྟ་བར་བྱའོ་ཞེས་པ་ཡེ་ཤེས་ཀྱི་འཁོར་ལོའོ། །ཡེ་ཤེས་ཀྱི་འཁོར་ལོ་དང་དམ་ཚིག་གི་འཁོར་ལོ་དག་གཅིག་ཏུ་བྱས་པའི་དུས་སུ་རང་གི་སྐུ་ལས་རྣམ་པར་སྤྲོས་པའི་འོད་ཟེར་རྣམས་ཀྱིས་བཀུར་པའི་དེ་བཞིན་གཤེགས་པ་ལྔ ་པོ་དཔལ་ཧེ་རུ་ཀའི་གཟུགས་ཐོག་བ་རྣམས་དང་རྡོ་རྗེ་རྣལ་འབྱོར་མ་དང་བྱང་ཆུབ་སེམས་དཔའ་ཆེན་པོ་དང་ཁྲོ་བོ་ལ་སོགས་པ་རྣམས་ཀྱང་ནམ་མཁའ་ལ་མངོན་དུ་བལྟས་ནས་མངོན་པར་དབང་བསྐུར་བར་གསོལ་བ་གདབ་སྟེ། ཨ་བྷིའི་?་ཏུ་?་སརྦ་ཏ་ཐཱ་ག་ཏཱ་ཞེས ་པས་སོ། །དེ་བཞིན་གཤེགས་པ་ལྔ་པོ་དེ་རྣམས་ཀྱང་བདུད་རྩི་ལྔས་གང་བའི་རྣམ་པར་རྒྱལ་པའི་དུམ་པ་ལ་སོགས་པ་རྣམས་ཀྱིས། ཇི་ལྟར་བལྟམ་པ་ཙམ?་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས ་ཁྲུས་བགྱིའོ། །ཞེས་གསུང་ཞིང་འཁྲུ?་བར་མཛད་དོ་ཞེས་པ་མངོན་པར་དབང་བསྐུར་བའོ། །དེ་ནས་དམ་ཚིག་རྡོ་རྗེའི་རྣལ་འབྱོར་མ་རྣམས་ཀྱིས་ཛོ?་ཛོའི་སྒྲ་སྒྲོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སླར་ཡང་དགའ་བའི་བདག་ཉིད་དུ་གཟིགས ་པར་མཛད་དོ། །ཁྲོ་བོ་ལ་སོགས་པ་རྣམས་ཀྱིས་དགའ་བར་མཛད་དོ། །ནམ་མཁའ་ལ་སྣ་ཚོགས་པའི་དྲི་བཟང་པོ་ཅན་གྱིས་མེ་ཏོག་གིས་ཆར་འབབ་བར་འགྱུར་རོ། །གུར་གུམ་དང་ཙན་དན་གྱི་ཆར་དང་རིན་པོ་ཆེ་སྣ་ཚོགས་པའི་ཆར་རབ་ཏུ་འབབ་པོ། །གར་དང ་སིལ?་སྙན་དང་ཀླུ་དང་བསྡོད་པའི་སྒྲས་མཛའ་ཡས་པའི་འཇིག་རྟེན་གྱི་ཁམས་རྣམས་ཀྱི་སྟེང་དུ་ཅ་ཅོའི་སྒྲ་ཆེན་པོ་འབྱུང་བར་འགྱུར་རོ། །དབང་བསྐུར་བ་ན་བཅོམ་ལྡན་འདས་ཀྱི་སྤྱི་བོར་ཐུགས་ཀྱི་དབང་པོར་འགྱུར་ཏེ། བཅོམ་ལྡན་འདས་མའི་ཡང་དེ་བཞིན་ནོ། །གོ? ་འདི་གསུངས་པ་ཡིན་ཏེ། བདག་ཉིད་དམ་ཚིག་གི་ཐུགས་ཀར་པདྨ་ལ་གནས་པའི་ཟླ་བ་དང་ཉི་མའི་དབུས་སུ་སོན་པའི་ཧཱུཾ་ཡིག་ལས་སྤྲོས་པའི་འོད་ཟེར་གྱི་ཚོགས་རྗེས་སུ་ཞུགས་པ་ལས་དང་པོར་ཏིང་ངེ་འཛིན་གྱི་མགོན་པོ་ནག་པོ་བསྒོམ་པར་བྱའོ། །དེ་ཡོངས ་སུ་གྱུར་པ་ལས་ཐིག་ལེའི་གཟུགས་སུ་བསམས་ནས་དེའི་འོད་ཟེར་རྣམས་བཅོམ་ལྡན་འདས་ཀྱི་བ་སྤུའི་བུ་ག་ལས་ཕྱུང་སྟེ་དཀྱིལ་འཁོར་དང་དཀྱིལ་འཁོར་པ་ཐམས་ཅད་ལ་མངོན་པར་ཁྱབ་པར་བྱས་པ་ལས་ཆེར་གནག་པར་བལྟ་བར་བྱའོ། །འདི་ལྟར་? ་གཉིས་པར་དམར་པོ་དང། གསུམ་པར་སེར་པོ་དང། བཞི་བར་ལྗང་གུ་དང། ལྔ་པར་སྔོན་པོ་དང། དྲུག་པར་དཀར་པོ་ཡང་སྟེ། ཞི་བ་ལ་སོགས་པའི་ལས་ལ་ཇི་ལྟར་རིགས་པར་ཤེས་པར་བྱའོ་ཞེས་པ་ཡན་ལག་དྲུག་གོ། ཡན་ལག་དྲུག་བསྒོམ་པར? ་བྱས་ནས་དེ་ནས་འོད་གསལ་བ་བརྩམ་པར་བྱ་སྟེ། ཨཱ་ལི་ཀཱ་ལིའི་ཕྲེང་བར་སྤྲོས་པའི་དབུགས་དབུགས་ཀྱི་ལམ་ནས་ཕྱུང་སྟེ། འཐོན་པའི་འོད་ཟེར་རྣམས་ཀྱིས་མཚན་དང་དཔེ་བྱད་ཡང་དག་པར་སྐྱངས?་ནས་རྒྱུད་དང་བཅས་པའི་མི་རྒྱུ་བ་གཅིག་ཏུ་གྱུར་ནས ་གོ་རཱི་ལ་སོགས་པ་རྣམས་དང་བདག་མེད་མ་ཡང་སྟེ་རང་ལ་འཇུག་པའི་བདག་ཉིད་ཀྱིས་གང་ཡང་རྡོ་རྗེ་འཆང་གི་གོ་འཕང་དུ་བརྟགས་ཤིང་དེ་ཐམས་ཅད་འོད་གསལ་པར་བལྟ་བར་བྱ་སྟེ་དངོས་པོ་ཐམས་ཅད་ལས་སོ། །འདི་ཉིད་ལས་འཆད་པར་འགྱུར ་བའི་འོད་གསལ་དུ་འཇུག་པའི་རིམ་པས་ལྷན་ཅིག་སྦྱིས?་པའི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་དཀར་པོར་བསམས་ནས་དེའི་ཐུགས་ཀར་ས་བོན་བསམ་པར་བྱའོ། །དེའི་རྗེས་སུ་འོད་གསལ་དུ་འཇུག་པའི་རིམ་པ་ནི་གོ་རཱི་ལ་སོགས་པ་རྣམས ་བྱང་ཆུབ་ཀྱི་རྣམ་ལས་རྣམ་པར་སྒྲོས་པའོ་?་ཤེས་པར་བྱས་ནས་དང་པར་གཽ་རཱི་ནི་བཅོམ་ལྡན་འདས་ཀྱི་གཟུགས་ཀྱི་ཕུང་པོ་ལ་གཞུག་གོ་།དེ་ལྟར་ཚེ་མ་རྐུན་མ་དང། རོ་ལངས་མ་དང། གྷསྨ་རཱི་དང། བདག་མེད་མ་ཡང་སྟེ་ཇི་ལྟར་རིགས་པར་ཚོར ་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པའི་ཕུང་པོ་རྣམས་ལ་བཞུག་གོ། དེ་བཞིན་དུ་པུཀྐ་སཱི་ལ་སོགས་པ་རྣམས་ནི་ས་ལ་སོགས་པ་རྣམས་ལ་གཞུག་གོ། དེ་ལྟར་ཕྱི་བོར?་གྱི་དཀྱིལ་འཁོར་འཇུག་པ་སྟེ། དེ་ནས་བཅོམ ་ལྡན་འདས་ཀྱི་ནང་དུ་གནས་པའི་ཕུང་པོ་ལྔ་པོ་རིམ་གྱིས་འཇུག་པ་ནི་གཟུགས་ཀྱི་ཕུང་པོ་དང་ཚོར་བའི་ཕུང་པོ་དག་ནི་འདུ་ཤེས་ཀྱི་ཕུང་པོ་ལ་སྟེ། དེ་འདྲ?་བྱེད་ཀྱི་ཕུང་པོ་རྣམས་སུ་དང། དེ་ཡང་རྣམ་པར་ཤེས་པ་ལ་སྟེ་བདག་མེད་མ་ཡང་ངོ། །དེར་ས་སྤྱོད་མ་དང ་མཁའ་སྤྱོད་མ་ཡང་ཕྱོགས་གཉིས་ཐོབ་པ་ལས་འོད་གསལ་བར་འགྲོའི་ཞེས་འོད་དམྱ་ངན་ལས་འདས་བ་ཐམས་ཅད་སྟོང་པའི་སྲིད་པར་རོ། །དེ་བཟང་པོའོ་ཞབས་ཀྱིས་གསུངས་པ། སྔགས་པས་དུང་པོ་ལྔ་རང་བཞིན་ཀྱིས་འོད་གསལ་བར་བསམ་པར་བྱ་སྟེ་དཀྱིལ ་འཁོར་པ་ཐམས་ཅད་བླངས་ཤིང་?་རང་གི་ཡུལ་བསྡུས་པས་སོ། །འདིས་དེའི་ས་བོན?་ཡི་གེ་དང་སྒྲ་བ་དང་ཉི་མ་དག་ཀྱང་འདྲེས་པར་གྱུར་པས་བདུད་རྩིའི་རང་བཞིན་འོད་ཟེར་ཀྱི་ཕུང་པོའི་རྣམ་པ་མར་མེའི་རྩེ་མོ་ལྟ་བུར་རིམ་གྱིས་རྗེས་སུ་མི་དམིགས་པར་བྱའོ་ཞེས་སོ། ་འདིར་ཇཱ་ལན?་རི་བའི་ཞབས་ཀྱིས་?་སྐྱེས་ཞབས་?་རྣམ་པར་བཤད་པར། འདིས་དེའི་ས་བོན་གྱི་ཡི་གེ་དང་ཟླ་བ་དང་ཉི་མ་དག་ཀྱང་འདྲེས་པར་བྱུང་བ་ཞེས་པ་འདིས་ཡེ་ཤེས་གསུམ་པོ་མེད་པར་བསྟན་ཏོ། །བདུད་རྩིའི་རང་བཞིན་ཞེས་པ་འདིས་ནི་ལྷན་ཅིག་སྐྱེས་པའི ་གནས་སྐབས་བརྟན་པོར་མཛད་དོ་བསལ་ལ་སོགས་པའི་བཞུང་གི་རྣམ་པར་བཤད་པ་འདིས་ནི་འོད་གསལ་བ་ཉིད་འབའ་ཞིག་རྣམ་པར་བཤད་པ་ཡིན་གྱི་བཞེངས་པ་འབའ་ཞིག་གསུངས་ནི་མ་ཡིན་ནོ། །དེ་བཟང་པའི་ཞབས་ཀྱིས་གསུངས་པ། དེའི་རྗེས ་སུ་ཟླ་བ་དང་ཉི་མ་དང་ས་བོན་དང་གཅིག་ཏུ་གྱུར་པ་ལས་སྐད་ཅིག་གིས་རབ་ཏུ་འབར་བའི་འོད་ཟེར་གྱི་ཕུང་པོའི་རྣམ་པར་བསམ་པར་བྱས་ནས་རིམ་གྱིས་མར་མེའི་རྩེ་མོ་ལྟ་བུར་གྱུར་བ་དེའི་རྗེས་སུ་ཆུ་ཤིང་གི་སྙིང་པོའི་རྣམ་པར་དེ་སྲིད་དུ་བསམ་པར་བྱ་སྟེ། ་དམིགས་པ་མེད་པར་གྱུར་པ་ཇི་སྲིད་པར་རོ། །སྐབས་འདིར་འདི་དྲན་པར་བྱ་སྟེ། དེར་ནི་ཐོག་མ་དབུས་མཛའ་མེད། སྲིད་མེད་མྱ་ངན་འདས་པ་མེད། །བདག་མེད་གཞན་ནི་མེད་པ་སྟེ། །འདིར་དེ་མཆོག་ཏུ་བདེ་ཆེན་ནོ། །ཞེས་པ་འོད་གསལ་བའོ། །དེ་ནས་འོད་གསལ་པ ་ལས་རྣམ་པར་བཞེངས་པ་སྟེ། འོད་གསལ་བ་དེ་ནི་མཆོག་གི་རྣལ་འབྱོར་ཏེ་བཞེངས་པའི་རྒྱུའོ། །འདི་ཉིད་སྐད་ཅིག་གིས་ལྷན་ཅིག་སྐྱེས་པའི་ཧེ་རུ་ཀའི་གཟུགས་ཀྱི་ཡེ་ཤེས་སྐྱེ་?་མཚན་སུམ་ཅུ་རྩ་གཉིས་འཆང་ཞིང་དཔེ་བྱད་བརྒྱད་ཅུས་བརྒྱན?་པ་གྲི་བ་མ་དང་སྒྲ?། ་མ་དང་མཚུངས་ཤིང་ཞི་བར་བསམས་ནས་ཡེ་ཤེས་ཀྱི་སྣང་བ་རྡོ་རྗེའི་རང་བཞིན་ཉིད་ཀྱིས་དཀྱིལ་འཁོར་གྱི་དབན་པོ་བསྡུས་པས་བསྒོམ་པར་བྱའོ། །རྡོ་རྗེ་འཆན་གིས་ཀྱང་གསུངས་པ། །སེམས་དཔའ་ཨི་གཟུགས་བརྙན་ལས་བྱུང་བའི། །དཀྱིལ་འཁོར་དབང་པོ་བསྒོམ་པར་བྱ། ་ཞེས་སོ། །སྔགས་བཟླས་པའི་རྒྱུར་ཕྱག་བཅུ་དྲུག་པ་ལ་སོགས་པའི་གཟུགས་ཀྱི་བཅོམ་ལྡན་འདས་དང་པོར་རྫོགས་པར་བྱས་ནས་མཁའ་འགྲོ་མའི་འཁོར་ལོ་སྔར་བཞིན་དུ་བསམ་པར་བྱའོ། །འདི་ལྟར་སྔ་དྲོ་དང་བུད་དང་ཕྱི་དྲོ་དང་མཚན་མོ་ཕྱེད་བ་སྟེ། ?་གཞི་པོ? ་རྣམས་ཀྱིས་རིམ་པས་བསྒོམ་པའི་རིམ་པ་བསྟན་པ་ཡིན་ནོ། །བསྒོམ་པས་དུ་བ་སྔགས་བཟླས་བར་བྱའོ། །དེའི་རིམ་པ་ནི་འདི་ཡིན་ཏེ་འཁོར་ལོའི་དབུས་སུ་ཁ་སྦྱོར་གྱི་སྦྱོར་བས་བདག་ཉིད་དཔལ་ཧེ་རུ་ཀའི་རྣམ་པར་བསྒོམས་ནས་དཀྱིལ་འཁོར་དབང་ཕྱུག་དང་དཀྱིལ ་འཁོར་བ་རྣམས་ཀྱི་སྔགས་ཀྱི་ཡི་གེ་རྣམས་བཅོམ་ལྡན་འདས་མའི་ཞལ་ནས་འཐོན་ནས་བཅོམ་ལྡན་འདས་ཀྱི་ཞལ་དུ་ཞུགས་ཏེ་ཨ་བ་དྷཱུ་ཏཱིའི་ལཾ་དང་རྡོ་རྗེའི་ལམ་ནས་པདྨར་ཞུགས་པས་སྔགས་ཀྱི་ཡི་གེ་རྣམས་འོད་ཟེར་དང་བཅས་པ་སླར་ཡང་བཅོམ་ལྡན་འདས་མའི ་ཞལ་ནས་རང་གི་ཞལ་དུའོ་ཞེས་པའི་རིམ་པ་འདི་ཉིད་ཀྱིས་ཞི་བ་ལ་སོགས་པས་ཕྱེ་བའི་ཁ་དོག་གི་སྦྱོར་བས་མི་སྐྱོ་བའི་བར་དུ་བཟླས་པར་བྱའོ་ཞེས་པ་ནི་ཁྱོགས་ཀྱིས་བཟླས་པའོ། །སྙིང་གར་ཉི་མ་ལ་སྔགས་ཀྱི་ཡི་གེ་རྣམས་འོད་ཟེར་དང་བཅས་ཤིང་མགོ་བོ ་?་དུ་ཕྱོགས་པ་འཁོར་ཡུག་གེ་རྣམ་པས་ཉེ་བར་བསྐོར་བ་བསམ་ཞིང་བསམ་པར་བྱའོ་ཞེས་པ་ནི་གོང་བུའི་བཟླས་པའོ། །དཀྱིལ་འཁོར་གྱི་དབང་ཕྱུག་དང། དཀྱིལ་འཁོར་བ་རྣམས་ཀྱིས་སྔགས་ཀྱི་ལི་གེ་དེ་རྣམས་ཐམས་ཅད་དུས་སུ་རིང་པོས ་འབྱིན་བར་བྱེད་པ་ཡིད་ཀྱིས་རྟོགས་པར་བའོ་ཞེས་པ་ནི་དཾ་ཚིག་གི་བཟླས་པའོ། །སྙིང་པོ་དང་ཉེ་བའི་སྙིང་པོ་དང་ཕྲེང་བའི་སྔགས་ལ་སོགས་པ་མན་ངག་ལས་བཟླས་པ་ཡང་སླར་བྱ་བ་ཡིན་ནོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། །ོཾ་དེབ་?་ཅུ་བཛྲ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ ་ཕྱག་བཅུ་དྲུག་པའི་འོ། །ོཾ་ཀི་ཊི་ཀི་ཊི་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཕྱག་དྲུག་པའི་འོ། །ོཾ་ཛལ?་ཛཝ་ལ་བྷཡོ?་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཕྱག་བཞི་པའི་འོ། །ོཾ་ཏྲེ་ལོཀཤ་ཀཱ་པ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཕྱག་གཉིས་པའིའོ། །ཐམས་ཅད་ཉིད་ཀྱི་སྙིང་པོའོ། །སླར་ཡང་?་བའི ་སྙིང་པོ་ནི་ཨོཾ་བཛྲ་ཀརྟིར་ཧེ་བ་བཛྲ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་དོ། །ོཾ་ཨཥྚན་ནཱ་ལ་པདམོ?་ཀོཤ་ཝརྟ་མ་ནེ་ཙ་ཏུ་དཱི་ཤ་ཏི་ནི་ཏྲཱ་ཡ། ?ཤ་བྷུཛཱ་ལ་ཀྲིཥྞཱ་ཛཱི་མཱ་ཏ་ཝ་གུ་ཥེ། ཀ་པཱ་ལ་མཱལཱ་ནེ་ཀོ?་རེ་ཎེ། ཨཱདམ་ཏ་ཀྲུར་ཏིཏྟ་ཡ། ཨརེཧེ་ནཱ་དིཥྚ་ཎེ་ཨོཾ་མཱ་ར་ཡ་མཱ་ར་ལ་ཀཱ་ར་ལ་ཀཱ་ར་ཡ། ་པ་?་ཡ་ག?་ཡ། ཏ་རྫ་ཡ་ཏརྫ་ཡ། ཤོ་ཥ་ཡི། སབྷ་སཱ། ག་རཱ་ན་བདྡྷ?་དན?། ནཱ་གཱ་ཥཏ་ཀཱ། གྲིཧྲ?་པྲཧྣ། སརྦ་ཤ་ཏྲཱཾ། ཧོཾ་ཧཱ་ཧོ་ཧཱོཧུ་ཧེ་ཧེ་ཧོ་ཧོ་ཧཱཾ་ཧ(རྒྱུད་འགྲེལ་ཨཥཏ་ན་ནཱ་?་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བ་?་ཀེ་ཤ་ཝརྟ་ནེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཙ་ཏུརྡར?་ཤ་ཏ་ནི་ཏྲཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཥོ་ཊ་ཤ་བྷུ་ཛཱ་ལ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀྲི་ཥྞ་ཛཱ་མཱུ་ཏ་ཝ་བུ་ཥ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀ་པཱ་ལ་མཱ་ལཱ་ནེ་ག་དྷ་རི་ནི་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱདྷ་ཏ་ཀྲཱུ་ར་ཙིཏྟར་ཡ་ཧཱུཾ་ཧཱུཾ ་ཧཱུཾ་ཕཊ། ཨོ་ཾ་ཨ?་?་ཎ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཞེས་པ་ན་བཅོམ་ལྡན་འདས་ཀྱི་རྐང་པ་བརྒྱད་པའི་སྔགས་སོ། །ོཾ་ཨཾ་ནཻ་རཏྨཡེ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་བཛྲ་ཌཱ་ཀི་ནི་ཡ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་བཅོམ་ལྡན་འདས་མའི་སྙིང་པོ་དང་ཉེ་?་སྙིང་པོའི་སྔགས་སོ། །ོཾ་ཨཾ་ཨཱཾ ་ཨོཾ་ཨཱཾ་ཨུཾ་ཨའུཾ་རི་རཱཾ་ལཾ་ལཱཾ་ཨཾ་ཨིཾ་ཨོཾ་ཨཽཾ་ཨཾ་ཕཊ་སྭཱཧཱ་ཞེས་བཞི་བཅོམ་ལྡན་འདམ་པའི་རྩ་བའི་སྔགས་སོ། །ོཾ་ཨཾཾ་ཨཱཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨི་ཨཱཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སི?་ཧཱུཾ་ཧཱུཾ་ཕཊ། ཨོཾ་ལིཾ་ལཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨོཾ་ཨོཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨོཾཾ་ཨོཾ་སྭའཧཱ?་ཕཊ། ་ཨོཾ་ཨོཾ་ཧཱུཾ་ཧཱུཾ་ཕཊ། ཞེས་པ་ནི་བཅོམ་ལྡན་འདས་མའི་རྐང་པ་བརྒྱད་པའི་སྟགས་ས། འདིར་ཛཌ?་ལནད་རི་པའི་ཞབས་ཀྱིས་གསུངས་པ། གལ་ཏེ་གོ་རཱི་པ་ལ་སོགས་པའི་རྣམས་ཀྱིས་སྔགས་བཟླ་བར་བྱ་བ་དེའི་ཚེ་དེ་ལ་འཁྱུད་པར་བྱ་སྟེ་བཅོམ་ལྡན་འདས་མ་ཡང་དེའི་གདན་ལ ་བསམ་པར་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་བཛྲ་གོ་རཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པའོ། །ད་ནི་གཏོར་མའི་དེ་ཁོ་ན་ཉིད་བརྗོད་པར་བྱ་སྟེ། སྟོད་པ་ཉིད་དུ་མོས་པས་ལྷན་ཅིག་སྐྱེས་པའི་ཧ་རུ་ཀའི་རྣམ་པར་བསྒོམས་ནས་སྡར་བཤད་པའི་རིམ་པས་སེམས་དཔའ་གཟུགས་བརྙན ་བཛྲ་ཙནཌ་ལཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་བཛྲ་ཌོམྦི་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པའོ། །ད་ནི་གཏོར་མའི་དེ་ཁོ་ན་ཉིད་བརྗོད་པར་བྱ་སྟེ། །སྟོང་པ་ཉིད་དུ་མོས་པས་ལྷན་ཅིག་སྐྱེས་པའི་ཧ་རུ་ཀའི་རྣམ་པར་བསྒོམས་ནས་སྡིར་བཤད་པའི་རིམ་པས་སེམས་དཔའ་གཟུགས་བརྙན ་ལས་གྱུར་བའི་ངོ་བའི་དབང་པོ་ཞལ་བརྒྱད་པ་ལ་སོགས་པ་འཇིགས་པ་ཆེན་པོ་ཞེ་སྡང་རྡོ་རྗེར་རྣམ་པར་བསྒོམ་པར་བྱའོ། །དེ་ལྟར་རྣལ་འབྱོར་པ་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་བཞིན་དུ་ཨོཾ་ཡིག་ལས་བྱུང་བའི་ཁྲོ་བོ་བཅུ་པོ་འབར་བའི་ཕྲེང་བ་འཁུགས ་ཐམས་ཅད་ཕྱང?་ནས་ཤ་ལ་སོགས་པའི་ཕྱོགས་རྣམས་སུ་གཤིན་རྗེ་གཤེད་ལ་སོགས་པ་ཀྱེ་སྟེ་དབང་པོ་ལ་སོགས་པའི་བགེགས་ཀྱི་ཚོགས་རྣམས་བཀུ་གནས་ཨོཾ་སུམྦྷ་ནི་སུམྦྷ་ནི་སུམྦྷ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་བཀའ་བསྒོ་སྟེ་ཞི་བ་ལ་སོགས་པའི ་ལས་ཀྱི་དབྱེ་བས?་སོ། །དེའི་རྗེས་སུ་གླང་པོའི་སྣོད་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དང། སའི?་སྣོད་ཡོངས་སུ་?་པ་ལས་རྡོ་ཇེ་དང་དྲིལ་བུ་ཡང་བསམ་པར་བྱ་སྟེ། དེ་ལྟར་གཞན་རྣམས་ཀྱི་ཡང་ས?་བར་བྱའོ། །དེ་ལྟར་རྡོ་རྗེ་དང་དྲིལ་བུ་འཛིན་པའི་བློ་བཟང་གིས་ ་འདབ་མ་བརྒྱད་པའི་པདྨ་གསུམ་སྟེང་ནས་སྟེང་དུ་ཡི་གེ་གསུམ་ལས་རྫོགས་པའི་ཐར་བའི་གྲོང་ཁྱེར་གསུམ་བསམ་བར་བྱའོ། །དེར་དེ་རྣམས་ཉིད་ཀྱིས་བཀུག་པའི་བགེགས་རྣམས། །ོཾ་ཨིནད་ཛ་མ་ཛ་ལ་ཛཀཤ?་བྷཱ་ད་བསྩ?་བཱ་ཨུ་རཀ? ་ཙནད་སུཛཛ་མཱ་ད་བཔྤ་ཏ་ལ་པཱ་ཏཱ་ལེཾ་ཨཊཋ་སཔྤ་སྭཱཧཱ། ཞེས་པའི་སྔགས་ཀྱིས་བོས་ནས་དགུག་པ་ལ་སོགས་པ་བྱའོ། །ོཾ་བཛྲ་གཽ་རཱི་ཨ་ཀརཥ་ཡ་ཛ:ོཾ་?་ཙཽ་རཱི་པདྨ་ཏྲ་ཡེ་པྲ་བེ་ཤ་ཡ་ཧཱུཾ། ཨོཾ་བཛྲ་བེཚཧཱ་ལཱི་སྭ་སྭ་སྠཱ་ནེ་ཥདུ་ཀྲོ་དྷ་བནདྷ?་ཡ། ཨོཾ ་བཛྲ་གྷཤམ་རཱི་ཝ་ཤ་གྷཎ?་ཡཱ་ཝ་ཤཱི་ཀུ་རུ་ཧོ:ཞེས་བྱས་ནས་བལྟ་བར་བྱའོ། །དེ་ལ་བར་གྱི་གྲོང་དུ་ཤར་གྱི་འདབ་མ་ལ་དབང་པོ་ལག་པ་ན་རྡོ་རྗེ་ཟླ་བའི་གདན་ལ་ཟླ་བའི་འོད་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །ལྷོར?་གཤིན་རྗེ་ལག་ན ་དབྱུག་པ་སྟེ་ཉི་མའི་གདན་ལ་ཉི་མའི་འོད་ཅན་ནོ། །ནུབ་ཏུ་ཆུ་ལྷ་ལག་ན་ཀུ་མུ་ད་དང་ཟླ་བའི་གདན་ལ་ཟླ་བའི་འོད་ཅན་རྒྱན་ཐམས་ཅད་འཆང་བའོ། །བྱང་དུ་གནོད་སྦྱིན་ཏེ་ལག་ན་ཤྲཱི་པ་ལ་དང་ཟླ་བའི་གདན་ལ་ཟླ་བའི་འོད་ཅན་རྒྱན་ཐམས་ཅད ་འཆར་བའོ། །དབང་ལྡན་ཀྱི་འདབ་མ་ལ་འབྱུང་པོའི་བདག་པོ་མིག་གསུམ་པ། ལག་པ་ན་རྩེ་གསུམ་དང་སྟག་གི་ལྤགས་པའི་གོས་འཆང་བ་ཐལ་བས་སྲེ་བར་གྱུར་པའི་ལུས་རུས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཟླ་བའི་གདན་ལ་ཟླ་བའི ་འོད་ཅན་ནོ། །མེའི་འདབ་མ་ལ་མེ་ལྷ་གསུམ་པ་ཆེ་བ་བགྲང་ཕྲེང་དང་སྤྱི་བླུགས་འཛིན་པ། ཉི་མའི་གདན་ལ་ཉི་མའི་འོད་ཅན་བླ་གོས་དགོས་པའོ། །བདེན་བྲལ་གྱི་འདབ་མར་སྲིན་པོ་ཤང་ལང་དང་ཐོད་པ་འཛིན་པ་ཁྲོ་ཞིང་སྨིན་མ་འཁྱོག་པོ་དང ་ལྡན་པ་རོའི་སྟེང་དུ་ཉི་མའི་གདན་ལ་ཉི་མའི་འོད་ཅན་ནོ། །རླུང་གི་འདབ་མར་རླུང་ལྷ་ལག་ན་རྒྱལ་མཚན་དང་རྒྱན་ཐམས་ཅད་འཆད་བ་ཟླ་བའི་གདན་ལ་ཟླ་བའི་འོད་ཅན་ནོ། །པདྨའི་ཟེའུ་འབྲུ་ལ་སའི་ལྷ་མོ་སེར་མོ་ལྷའི་གོས་དང་རྒྱན་ཐམས་ཅད ་འཆང་བ་ལག་ན་བུམ་པ་སྟེ་ཟླ་བའི་གདན་ལ་ཟླ་བའི་འོད་ཅན་ཡི་དགས་རྣམས་ཀྱང་སའི་ལྷ་མོ་ལ་ཀུན་ནས་བསྐོར་ཏེ་གནས་པའོ། །དབང་པོ་ལ་སོགས་པ་རྣམས་ཀྱི་ཁྱད་པར་གཞན་ནི་བསྲུང་པའི་འཁོར་ལོར་གང་བཤད་པ་དེ་འདིར་རྟོགས་པར་བྱ་ལ། འདིད ་གང་བཤད་པ་དེ་ཡང་འདིར་ཤེས་པར་བྱའོ། །དབང་པོ་ལ་སོགས་པ་ལྔ་རྣམས་ཀྱིས་གཡོན་པས་སྦྲུལ་ཞགས་འཛིན་པ། སླར་ཐམས་ཅད་གཡས་བརྐྱང་བའི་ཞབས་ཀྱིས་གནས་པར་བསམ་ནས་ཧཱུཾ་ཡིག?་གིས་མི་བསྐྱོད་པའི་རྣམ་པར་བལྟ་བར་བྱའོ། །སྟེང་དུ ་ཆོས་འབྱུང་དུ་གནས་པའི་པདྨ་འདབ་མ་བརྒྱད་པོ་རྣམས་སུ་ཤར་གྱི་འདབ་མ་ལ་ཟླ་བ་དཀར་པོ་རྟ་དཀར་པོ་ལ་ཞོན་པ་ལག་ན་?་མུ་ད་སྟེ་རྒྱན་ཐམས་ཅད་འཆང་བཟླ་བའི་གདན་ལ་ཟླ་བའི་འོད་ཅན་ནོ། །ལྷོའི་འདབ་མ་ལ་ཉི་མ་དམར་པོ་ཕྱག་དག་གིས་པདྨ་འཛིན་པ་རྟ ་ལྗང་གུ་ལ་ཞོན་པ་རིན་པོ་ཆེའི་ཅོད་པན་རྒྱན་ཐམས་ཅད་ཀུན་ནས་རྫོགས་པ་ཉི་མའི་གདན་ལ་ཉི་མའི་འོད་ཅན་ནོ། །ཉེ་བའི་མཚན་ཉིད་ཀྱི་ཕྱིར་ཟླ་བ་དང་ཉི་མ་དག་གིས་ལྷག་པ་ལ་སོགས་པ་བཟུང་ངོ། །ནུབ་ཀྱི་འདབ་མ་ལ་ལྷག་པ་སེར་པོ་བྱི་བ་སེར་པོ་ལ་ཞོན་པ་ཉི ་མའི་གདན་ལ་ཉི་མའི་འོད་ཅན་ལག་ན་མདའ་སྟེ་རིན?་པོ་ཆེའི་ཅོད་པན་ནོ། །བྱང་གི་འདབ་མ་ལ་པ་སངས་སྔོན་པོ་རིན་པོ་ཆེའི་ཅོད་པན་ཅན། མདུད་འཛིན་པ་ཉི་མའི་གདན་ལ་ཉི་མའི་འོད་ཅན་ནོ། །དབང་ལྡན་གྱི་འདབ་མ་ལ་བཀྲ་ཤིས་དམར་པོ་སྐྲ་གྱེན་དུ་གྲོལ ་བ་པདྨ་འཛིན་པ་ཉི་མའི་གདན་ལ་ཉི་མའི་འོད་ཅན་ནོ། །མེའི་འདབ་མ་ལ་ཕུར་བུ་ཤིན་ཏུ་སེ་བ་རིན་པོ་ཆེའི་ཅོད་པན་དེ?་?་འཛིན་པ་ཉི་མའི་གདན་ལ་ཉི་མའི་འོད་ཅན་ནོ། །བདེན་བྲལ་གྱི་འདབ་མ་ལ་སྤེན་པ་ནག་པོ་སྒྲ་སེར་སྐྱ་རྩེ་གསུམ་འཛིན་པ་ཉི་མའི ་གདན་ལ་ཉི་མའི་འོད་ཅན་ནོ། །རླུང་གི་འདབ་མ་ལ་སྒྲ་གཅན་དང་མཇུག་རིངས་ཏེ་ཆེར་གནག་པ་དང་དུ་བའི་མདོག་འཁོར་ཞིང་འཁོར་བས་བཀུག་ནས་ཟ་བའི་རྣམ་པ་ཅན་གྱི་ལག་པ་ཉི་མའི་གདན་ལ་ཉི་མའི་འོད་ཅན་ནོ། །པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུའི ་དབུས་སུ་ཚངས་པ་སེར་པོ་གདོང་བཞི་པ་ལག་པ་བཞི་པ་དབྱུག་གུ་གསུམ་འཛིན་པ་དང་མི་འཇིགས་པའི་ཕྱག་ཕྱག་ལྷག་མ་དག་གིས་ཕྲེང་བ་དང་སྤྱི་བླུགས་འཛིན་པ་དང་པ་ལ་ཞོན་པ་ཟླ་བའི་གདན་ལ་ཟླ་བའི་འོད་ཅན་མཆོད་ཕྱིར ་ཐོགས་དང་ལྡན་པ་ཐུང་ཞིང་ལུས་རྒྱས་པ་རལ་པ་ཅན་ཏེ་ཚངས་རིས་དང་ཚངས་པ་མདུན་ན་འདོན་དང་ཚངས་ཆེན་ལ་སོགས་པ་ནས་འོག་མིན་གྱི་མཐར་ཐུག་པ་རྣམས་ཀྱིས་ཚངས་པ་ལ་ཀུན་ཏུ་བསྐོར་ནས་གནས་པར་རྣམ་པར་བསམས་ནས་ཨོཾ་ཡིག་གིས་སྐུ་རྡོ ་རྗེའི་རྣམ་པས་རྫོགས་པར་བལྟ་བར་བྱའོ། །དེའི་རྗེས་སུ་འོག་ཏུ་ཆོས་འབྱུང་དུ་གནས་པའི་པདྨ་འདབ་མ་བརྒྱད་པོ་རྣམས་སུ་ཕྱོགས་དང་ཕྱོགས་བྲལ་གྱི་རིམ་པས་ཏེ་དེ་ལ་ནོར་རྒྱས་སེར་པོ། ཀླུ་པདྨ་དཀར་པོ། ཀླུ་སྟོབས་ཀྱི་རྒྱུ་དམར་པོ། ཀླ?་འཇོག་པོ་ནག་པོ ་ཀླུ་དུང་སྐྱོང་སེར་པོ། ཀླུ་པདྨ་ཆེན་པོ་སྔོ་བསངས། ཀླུ་མཛའ་ཡས་དཀར་པོ། ཀླུ་རིགས་ལྡན་ཁྲ་འོ། །བརྒྱད་པོ་འདི་རྣམས་?་རིན་པོ་ཆེའི་ཅོད་པན་ཅན་མིའི་གདོང་ཅན་རྒྱན་ཐམས་ཅད་འཛིན་པ་མགོ་བོར་གདངས་ཀས་བརྒྱན་པ་ལྷ་མ་ཡིན་དང་དམྱལ ་བའོ་སེམས་ཅན་དང་བཅས་པ་དེའི་ཟེའུ་འབྲུལ་ཡང་ཀླུ་ལྷག་མ་དཀར་པོ་རིན་པོ་ཆེའི་ཅོད་པན་ཅན་མིའི་གདོང་པ་ལ་གདེངས་ཀ་དང་ལྡན་པ་སྟེ་དེ་རྣམས་འདི་ལྟར་བརྟན་པར་བྱས་ནས་ཨཱ:ཡིག་ཡོངས་སུ་གྱུར་པ་ལས་གསུང་རྡོ་རྗེའི་རྣམ་བར་བལྟ་བར་བྱ ་ཞིང་དཔལ་ཧེ་རུ་གའ?་གཟུགས་ཀྱིས་ཐམས་ཅད་དུ་སྦྱར་བར་བྱའོ། །ཡང་ན་ལས་ཐམས་ཅད་པའི་དོན་དུ་ཕྱག་དང་ཞལ་དང་སྐུ་མདོག་ལ་སོགས་པ་གསུངས་ཏེ། ཞི་བ་ལ་སོགས་པའི་ལས་ལ་བདག་ཉིད་ཀྱི་གཟུགས་ཇི་ལྟ་བ་དེ་བཞིན་དུ་དེ་རྣམས་ཀྱི་བྱའོ།། ་དེ་ལྟར་ཀུན་ཏུ་བསམ་ནS་སྐུ་དང་ཀླ?་དང་གསུང་རྡོ་རྗེ་དཔལ་ཧེ་རུ་ཀའི་གཟུགས་ཐོབ་བ་རྣམས་ལ་མཆོད་ཡོན་ལ་སོགས་པ་དབུལ་བར་བྱ་སྟེ་དེ་ལ་ཀུ་ཤའི་ཆུན་བོས་མགོ་བོ་ལ་བསང་གཏོར་དང། ཕྱག་རྒྱས་ཞབས་ལ་ཞབས་བསིལ་དང། ལག་པ་གི་རོན? ་བར་གནས་པའི་དུང་ལག་བ་གཡས་པས་བཀབ་ནས་ཞལ་དུ་འཐོར?་འཐུང་དང། ཕྱག་རྒྱས་མགོ་བོ་ལ་མཆོད་ཡོན་ཏེ་ལན་གསུམ་དུའོ། །ོཾ་པྲ་ཝར་སཏཀཱ་ར་དང། པྲ་ཏིཙྪ་སྭཱ་ཧཱའི་བར་དུ་ཨརྒཾ་ལ་སོགས་པ་བཅུག་སྟེ་འདི་དང་དེ་རྣམས་ཀྱིས་ཐམས་ཅད་ཕུལ་ནས ་ཨེ་དཾ་བ་ལིཾ་བྷུཉྫ་ཛིདཀཱ་ཕུལླ་དྷཱུ་པ་སཱཾ་ས་པི་གྷ་ཨམྦྷ་ཀཱཛཛ་སབབ?་སཱ་དྷ་ཁཎྞི་ཁུ་ཎི་ཕཊ་གཱ་ད། ཞེས་པ་འདིས་སོ། །ཕྱེད་སྔ་མས་བཟའ་བའི་ཞལ་ཟས་དང། ཕྱེད་ཕྱི་མས་ནི་བྱ་བ་ཡང་ངོ། །དེའི་རྗེས་སུ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་འཛིན་པའི་སྔགས་པས་པད་བསྐོར་ལ ་སོགས་པའི་རྣམ་པས་ཐོག་མི་ཉིད་དུ་རྡོ་རྗེ་གསར་ཞིང་གནས་བརྒྱད་རྣམས་སུ་དྲིལ་བུ་བསིལ་བ་བྱས་ནས་མན་ངག་གིས་བདུད་གྱིར་བྱས་པའི་གཏོར་མ་སྦྱིན་པར་བྱའོ། །ོཾ་ཨ་ཀཱ་རོ་མུ་ཁི་སརྦ་དྷ་རྨཱ:ཎཱ་མཱ་དྱ་ནུ་ཐམྦ?་ཏཱ་ཏ་ཨོཾ་ཨཱ:ཧཱུཾ་ཕཊ་སྭཱཧཱ་ཞེས་བརྗོད་དེ་འདི ་ཉིད་ཀྱིས་ཀུན་ཏུ་ཚིམ་པར་ཡང་བྱས་ནས་ཐུན་མཚམས་སུ་སྙན་པའི་གླུ་ཡང་བླང་བར་བྱ་ཞིང་རྩ་བའི་སྔགས་ཀྱིས་བསྟོད་ནས་ཡི་གེ་བརྒྱ་པ་བརྗོད་དོ། །དེ་ལ་གླུ་ནི་འདི་ཡིན་ཏེ། ཀོལླ་ཨི་རེ་ཊཱི་ཨཱ་པོ་ལཱ། མུ་མེ་ན་ར་ཀཀྐོ་ལཱ། གཎ་ཀྲི་?་ཧེ་བཛྲ་ཨི་?་?་?ཀིལ་ཛ? ་ན་རོ་ལཱ། ཏི?་ནཾ་བ་ལ་ཁཛཛ་སི་གོ་ཌཾ་མ་མ་ནཱ་པིཛཛ་ཨི་ཨ་ཨ?། ཧ་ལ་ཀ་ལིཉྫ་ར་པ་ཎི་ཨ་ཨི། དུ་དྷུར་བཛྲ་ཨ་ཨི། ཅ་ཨུ་ས་མ་ཀཱ་ཙྪ་རི་?་སཱཏི?་ཀཱ་ཧཱུ་ར་ལྒ་ཨི་ཨ་ཨོ་མཱ་ལ་ཨི་ཨིནྡྲ་ན་ཤཱ་ཨིཉྫ་ཏེ་ཧི་བྷ་དུ་ཁཱ་ཨ་ཨོ་ཨི། པོ་ཁ་ཎ་ཁེ་ཊ་ཀ་རནྟེ་སུདྡྷ་སུདྡྷན་?་?་? ་ནི་དཾ?་སུ་ཨངཀ་ཙ་ཌཱ་བཱི་ཏ་ཧིཾ་རྫེ་ས་རཱ་བ་པ་ཎི་ཨ་ཨི། མ་ལ་ཡ་ཛ་ཀུནདུ་རུ་བཱཊ་ཨི་ཌི་ཎྜི་མ་ཧི་ཎུ་བཱཛཛ?་ཨ་ཨཾ?། དེ་ལ་རྩ་བའི་སྔགས་ནི་འདི་ཡིན་ཏེ། ཨོཾ་ཨཥྚཱ་ན་ནཱ་ཡ། ཞེས་པ་ལ་སོགས་པའོ། །དེ་ལ་ཡི་གེ་བརྒྱ་པའི་སྔགས་ནི་འདི་ཡིན་ཏེ། ཨོཾ་ཤྲཱི་ཧེ་རུ་ཀ་ས་མ ་ཡམ་ནུ་པཱ་ལ་ཡ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥབ?་དྲི་ཌཧོ་མེ་བྷ་ཝ་སུ་ཏོ་ཥྱོ་མེ་བྷ་ཝ་བསུ་པོ་ཥྱེ་མོ་བྷ་ཝ་ཨ་ནུ་རཀྟོ་མེ་བྷ་ཝ་སརྦ་སིདྡྷི་མམེ་བྲ་ཡཙྪ་སརྦ་ཀརྨམ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡི། ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧེ(རྒྱུད་འགྲེལ་དེའི་རྗེས་སུ་བདེན་པའི་བྱིན་གྱིས་བརླབས་པ་བྱས་ནས་རྗེས་སུ་རྩེ་བས་འདོད་བའི་དོན་གྱི་གསོལ་བ་བཏབ་སྟེ་གཤེགས་སུ་གསོལ་ལོ། །དེ་ལ་བདེན་པའི་བྱིན་གྱིས་བརླབས་ནི། ལྷ་མོ་ཚད་མ་དམ་ཚིག་ཚང་མ་དང། །དེས་གསང་ངག། ་ཀྱང་ཚང་མའི་མཆོག་ཡིན་ཏེ། །བདེན་པ་འདི་ཡིས་ལྷ་མོ་དེ་དག་རྣམས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་འགྱུར་ཤོག་།བདག་ལ་རྗེས་སུ་བརྩེ་བ་ནི། །མགོན་པོ་ཀུན་རྟོགས་ཆགས་བཅོམ་སྲིད་གཞི་མཉམ་ལ་ཆགས། །དངོས་ཀུན་ངོ་བོ་ཉིད་ཀྱིས ་མཁའ་དང་མཚུངས་པར་གཟིགས། །ཤིན་ཏུ་ལྕི་བའི་སྙིང་རྗེའི་ཆུས་བརླན་རྒྱས་པའི་ཐུགས། །ལྷ་མོ་རྣམས་ཀྱིས་བདག་ལ་རྫས་རྩེར་མཛོད་ཅིག་མཛོད། །གཤེགས་པ་ནི་ཨོཾ་བཛྲ་མུ?(རྒྱུད་འགྲེལ་ཡིག་གིས་སྨོན་ལམ་མོ། །:ཡིག་གིས་དགྱེས་པའོ། །ཧཱུཾ་ཡིག་གིས་ཚམ་པར་བྱེད་པའོ། །ཕཊ་ཡིག་གསུམ་གྱིས་ཉེ་བར་བསྡུ་བར་བྱའོ། །རྣལ་འབྱོར་པ་རྣམས་དགེ་སླད་གཏོར་མ་འདིས། །གལ་ཏེ་འབྱུང་པོ་ཐམས་ཅད་མཆོད་བྱེད་པ། །དེ་ཚེ་དེ་རྣམས ་དྲི་མེད་བདེར་འགྱུར་ཏེ། །འགྲོ་བ་རྣམས་སུ་འབྱོར་དང་ལྷ་ཡང་དགའ་། །དབང་དང་མངོན་སྤྱོད་དགྲ་སྡེ་འཇིག་པ་དང། །བསྐྲད་པ་དང་ནི་བསད་དང་དགུག་པ་དང། །ཞི་རྒྱས་བདེ་བ་འདི་རྣམས་དོན་དུ་ནི། །འབྱུང་བོའི་ཚོགས་ལ་རྟག་ཏུ་གཏོར་མ་སྦྱིན། ་ཞེས་པ་ནི། ལས་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་འཁོར་ལོའི་དབུས་སུ་?་པའི་སྔགས་པའི་ལྟེ་བ་དང། སྙིང་ག་དང། དེ་བཞིན་དུ་མགྲིན་པ་དང། དཔྲལ་བར་ཡང་གོ་རིམས་བཞིན་དུ། འདབ་མ་དྲུག་ཅུ་རྩ་བཞི་དང། བརྒྱད ་དང། དེ་བཞིན་དུ་བཅུ་དྲུག་དང། སུམ་ཅུ་རྩ་གཉིས་པའི་པདྨ་བཞི་པོ་བསམས་ནས་ལྟེ་བར་ས་བོན་བསམས་པར་བྱའོ། །གཏུམ་མེའི་གཟུགས་མར་མེའི་རྩེ་མོ་ལྟ་བུར་འབར་བས་ཆོས་ཀྱི་འཁོར་ལོར་གནས་པའི་དེ་བཞིན་གཤེགས་པ་ལྔ་རྣམས་དང ་སྤྱན་མ་ལ་སོགས་པ་ཡང་བསྲེགས་ནས་ཨཱ་ལི་དང་ཀཱ་ལི་དག་འབྱུང་བ་དང་རྡུབ་པ་དང་ལྡན་པ་ལོངས་སྤྱོད་རྫོགས་པའི་འཁོར་ལོ་དང་བདེ་བ་ཆེན་པོའི་འཁོར་ལོ་དང་།རྣམ་པར་ཤེས་པའི་གཟུགས་ཅན་ཧཾ་ཡིག་ཀྱང་བསྲེགས་པ་ལས། དེ་ནས་བདེ་བ ་ཆེན་པོའི་རྒྱུར་གྱུར་པའི་བྱང་ཆུབ་ཀྱི་སེམས་བླངས་ཏེ་བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་དེ་ལྟར་རོ་གཅིག་ཏུ་བྱས་ནས་སླར་ཟླ་བ་དང་ཉི་མ་དང་ཐོད་པ་ཡང་བཟུང་ནས་སྙིང་གའི་ས་བོན་ལ་རབ་ཏུ་གཞུག་པར་བྱའོ། །ནཱ་ད་དང་བཅས་པའི་འབར་བའི་ས་བོན ་དེ་ནི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དུ་གྱུར་པ་དེ་བཅོམ་ལྡན་འདས་ཀྱིས་གསུངས་པ་།ཐིག་ལེ་རྡོ་རྗེ་སེམས་དཔར་འགྱུར། །ཟླ་ཕྱེད་རྣམ་པར་སྣང་མཛད་འདོད། །རེ་ཁཱ་རིན་ཆེན་བདག་པོ་ཉིད། །ཧ་ཡིག་གིས་ནི་འོད་དཔག་མེད། །ུ་ཡིག ་དོན་ཡོད་གྲུབ་པར་ཡང། །ཤེས་ནས་རྒྱལ་བ་ལྔ་བདག་ཉིད། ཅེས་སོ། །སླར་ཡང་ནཱ་ད་མར་མེའི་རྩེ་མོ་ལྟ་བུར་ཕྱུང་སྟེ་ཕྲག་དོག་གི་རང་བཞིན་ཅན་ཨུ་ཡིག་ནི་ཆགས་པའི་རང་བཞིན་ཅན་ཧ་ཡིག་ལའོ། །དེའི་རྗེས་སུ་ཧ་ཡི་གེ་ན་སེར་སྣའི་རང་བཞིན་ཅན ་རེ་ཁཱ་ལའོ། །དེ་ནས་རེ་ཁཱ་ཡང་གཏི་མུག་གི་རང་བཞིན་ཅན་ཟླ་བ་ཕྱེད་པ་ལའོ། །ཟླ་བ་ཕྱེད་པ་ཡང་ཞེ་སྡང་གི་རང་བཞིན་ཅན་ཐིག་ལེ་ལ་སྟེ། ཐིག་ལེ་ཡང་ནཱ་ད་ལ་བསྡུ་པར་བྱ་ཞིང། ནཱ་དེ་ཡང་ཕྲ་མོའི་རྩེ་མོར་བསྒོམ་པར་བྱའོ། །འདིས་སེམས་བརྟན་པར ་གྱུར་པ་ན་ལྷུན་གྱིས་གྲུབ་པས་དེ་བཞིན་གཤེགས་པའི་བཀོད་པ་དང། རྣལ་འབྱོར་མའི་དྲ་བ་དང། དཀྱིལ་འཁོར་གྱི་འཁོར་ལོ་ཡང་རྒྱས་པར་མཛའ་ཡས་པའི་འཇིག་རྟེན་གྱི་ཁམས་ཁྱབ་པར་བྱེད་པ་སྤྲོ་བར་བྱའོ། །འདི་ཉིད་ཀྱང་ཛཱ་ལནབྷ་རི་བའི ་ཞབས་ཀྱིས་སྦས་པས་གསུངས་པ། འདི་ཉིད་ལས་བཞེངས་ནས་ཆོས་ཀྱི་དབུས་སུ་སྣ་ཚོགས་པདྨ་ཡང་བསམ་པར་བྱའོ། །དེའི་འདབ་མ་བརྒྱད་རྣམས་སུ་བརྒྱད་པོ་རྣམས་ཀྱི་དབང་ཕྱུག་ཀྱང་སྟེ་དེའི་ཐུགས་ཀར་ས་བོན་བསམ་པར་བྱའོ། །ས་བོན་ལས ་ནཱ་དའི་རྩེ་མོའི་མཐར་བསྒོམ་པར་བྱ་ཞིང་སེམས་བརྟན་པར་བྱེད་པའི་དོན་དུ་རྩེ་མོ་ཕྲ་བའི་མཐར་བསམ་པར་བྱའོ། །དེ་ཡིས་ལྷན་ཅིག་གཅིག་ཏུ་འབྱུང་བས་སེམས་བརྟན་བར་འགྱུར་བ་ལ་ཐེ་ཚོམ་མི་བྱའོ། །སེམས་བརྟན་པ ་ཙམ་གྱིས་དེ་བཞིན་གཤེགས་པའི་བཀོད་པ་དང་རྣལ་འབྱོར་མའི་དྲ་བ་ཡང་ཤིན་ཏུ་རྒྱས་པར་མཛའ་ཡས་པའི་འཇིག་རྟེན་གྱི་ཁམས་ཁྱབ་པར་བྱེད་པ་སྤྲོ་བར་བྱ་སྟེ་གང་ལས་ན། རང་གི་མཚན་མ་ལས་སྤྲོ་བ་སྟེ་བསམ་གྱིས་མི་ཁྱབ་པའི་མགོན་པོ་དཀྱིལ ་འཁོར་གྱི་བདག་ཉིད་ཅན་ཞེས་སོ། །ཆོས་ཀྱི་སྒྲས་དོན་རྣམ་པ་གཉིས་བསྟན་ཏེ་མན་ངག་གི་ལྟ་བ་ལས་ཁོང་དུ་ཆུད་པར་བྱའོ། །མཆན་མ་ཡང་ཉུངས་ཀར་སྒོམ་པ་ཙམ་དུ་བསམ་པར་བྱའོ་ཞེས་བྱ་བ་ཕྲ་མོའི་རྣལ་འབྱོར་ཞེས་བྱ་བའི་ཏིང་ངེ་འཛིན་དུ་བཤད ་པར་བྱའོ། །འདི་ཉིད་ལས་བཞེངས་པ་ལས་གལ་ཏེ་རྣལ་འབྱོར་པ་ཕྱག་གཉིས་པ་ཀྱི་རྡོ་རྗེའི་རྣལ་འབྱོར་གྱིས་གོ་ཆ་གཉིས་བྱས་ནས་གནས་པར་བྱའོ། །དེ་ལ་འཁོར་ལོའི་གཟུགས་ཀྱིས་མི་བསྒོར?་པའི་མགོ་བོར་ཧཱུཾ་ངོ། །ལྷའི་རྣ་བརྒྱན་གྱིས་རྣམ ་པས་འོད་དཔག་མེད་ནི་རྣ་བདག་ལ་ཧྲིའོ?། །མགུལ་གྱི་ཕྲང་བའི་རྣམ་པས་རིན་ཆེན་དབང་པོ་ནི་མགྲིན་པར་ཏྲཾ་ངོ། །ལག་གདུབ་ཀྱི་རྣམ་པས་སྣང་མཛད་ནི་ལག་པ་དག་ལ་ཨོཾ་མོ། །སྐ་རགས་ཀྱི་རྣམ་པས་དོན་ཡོད་གྲུབ་པ་ནི་རྐེད་པ་ལ་ཁ་མོ།།ཐལ་བའི ་རྣམ་པས་རྡོ་རྗེ་སེམས་དཔའ་ནི་ཡན་ལག་ཐམས་ཅད་ལ་ཧཾ་སྟེ་གོ་ཆ་བསམ་པར་བྱའོ། །མིག་དག་ལ་ནི་གཏི་མུག་རྡོ་རྗེ་མ་ནི་ཨོཾ་ངོ། །རྣ་བདག་ལ་ཞེ་སྡང་རྡོ་རྗེ་མ་ནི་ཨཾ་ངོ། །སྣ་ལ་སེར་སྣ་རྡོ་རྗེ་མ་ནི་ཨོཾ་དུ་བཤད་དོ། །ཁ་ལ་འདོད་ཆགས་རྡོ་རྗེ་ན ་ནི་ཨའི་དོ། །རེག་ལ་ཕྲག་དོག་རྡོ་རྗེ་མ་ནི་ཨུཾ་ངོ། །ཡིད་ལ་བདག་མེར་རྣལ་འབྱོར་མ་ནི་ཨཾ་དོ། །སེམས་དཔའ་ཆེན་པོ་གོ་ཆ་རྣམས་ཀྱིས་དབང་པོ་རྣམས་ཀྱིས་རྣམ་པར་དག་པ་བྱའོ་ཞེས་པ་ནི་དགོད་པ་གཉིས་པའོ།། །།དེ་བཞིན ་གཤེགས་པ་དང་རྡོ་རྗེ་རྣལ་འབྱོར་མ་ནི་ལས་བསྒྲུབས་པ་འདི་ཡིས་ལུས་ལ་གོ་ཆ་བྱོན་ནས་རྣལ་འབྱོར་པ་སེང་གེ་བཞིན་དུ་གནས་པར་བྱ་སྟེ་ཕྱག་གཉིས་པའི་ཀྱེ་རྡོ་རྗེའི་རྣལ་འབྱོར་གྱིས་འཇིག་རྟེན་གསུམ་གྱི་གཞལ་ཡས་ཁང་གི་ནང་དུའོ། །དེ་ལྟར་ཡང་ཀླུ་གྲ་བ ་ཞབས་ཀྱིས། སྲིད་གསུམ་མ་ཡིན་འདི་ནི་ཁང་བརྩེགས་སྲོག་ཆགས་མ་ཡིན་འདི་རྣམས་རྒྱལ་བའོ། །བདག་ནི་མི་མིན་འཁོར་ལོའི་དབང་པོ་ཡུལ་མིན་དབང་པོ་མིན་ལས་སོགས་མིན། །བདག་ཉིད་གཟུགས་ལ་སོགས་དང་ཆོས་ཉིད་ཀྱང་མིན་རེ?་སླར་ཏེ ་རྣམས་དཀྱིལ་འཁོར་པ། །སྣ་ཚོགས་འདི་རྣམས་དཀྱིལ་འཁོར་ལོར་བསྡུས་ཕྱིར་ཀྱེ་སེམས་འཁྲུལ་པར་འགྱུར་བ་ཅི། ཞེས་པ་བཞུགས་པའོ། །དེའི་རྗེས་སུ་གང་ཅུང་ཟད་རྙེད་པའི་བཟའ་བ་དང་བཅའ་བའམ་བཏུང་བའམ་ལ་སོགས་པའི་རྫས ་རྙེད་པ་རྣལ་འབྱོར་པས་སྔར་བཞིན་དུ་སྤངས?་ཤིང་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ནས་བདུད་རྩི་མྱང་བའི་ཚོགས་བཟའ་བར་བྱའོ་ཞེས་པ་བཟའ་?་བའོ། །རྩ་བའི་རྒྱུད་གྱི་རྗེས་སུ་འགྲང་ནས་གནས་པ་དང་རྒྱུབ་བདག་གིས་བརྗོད་པར་བྱ་སྟེ་དེ་ལྟར ་ནི། རྐམ་དང་རྨོངས་དང་འཇིགས་?་ཁྲོ། །དེ་ཚའི་བྱ་བའང་རྣམ་སྤང་བྱ། །བདག་ཉིད་གཉིད་ནི་སྤངས་ནས་ན། །ཐེ་ཚོམ་མེད་པར་སྦྱོད་པ་བ། །འདི་ཉིད་ལུས་ཀྱི་སྦྱིན་པ་བྱིན་ནས་ནི། །ཕྱི་ནས་སྤྱོད་པ་ཀུན་ཏུ་བརྩམ། །སྐལ་དང་སྐལ་མེད་རྣམ ་དཔྱད་པས། དེ་ལས་སྦྱིན་དང་སྦྱིན་བྱ་མིན། །བཟའ་བཅའ་དེ་བཞིན་བཏུད་བ་ནི། །ཇི་ལྟར་རྙེད་པ་འང་བཟའ་བར་བྱ། །འདོད་དང་མི་འདོད་རྣམ་རྟོག་ཕྱིར། །འཛིན་པོའི་ཆ་ནི་བྱ་བ་མིན། །རིགས་ལྔ་པོ་ནི་མཉམ་སྤྱོད་བར། །རིགས་གཅིག་ཏུ་ནི ་བརྟག་པར་བྱ། །རིགས་ནི་དུ་མ་ཉིད་ཀྱིས་ནི། །ཇི་བཞིན་དབྱེ་བ་བསྐྱེད་བྱ་མིན། །ཤིང་གཅིག་གམ་ནི་དུར་ཁྲོད་དང། །དེ་བཞིན་མཚན་མོ་མ་མོའི་ཁྱིམ། །ཡང་ན་སྐྱེ་བོ་མེད་པ་དང། །བས་མཐར་བསྒོམ་པ་དགེ་བར་བརྗོད། །གལ་ཏེ་སྤྱོད་པ་བྱེད་འདོད ་ན། དྲོད་ནི་ཅུང་ཟད་ཐོབ་པ་ནའོ། །གལ་ཏེ་དངོས་གྲུབ་འབྱུང་འདོད་ཡོད། །འདིས་ནི་སྤྱོད་བ་སྤྱད་པར་བྱ། །ཞེས་རྒྱས་པའོ་སྤྱོད་ཞེས་པ་ནི་སྤྱོད་པ་དང་ཀུན་ཏུ་སྤྱོད་པའོ། །གནས་པའི་ཐ་སྙད་ནི་ཀུན་ཏུ་སྤྱོད་པ་ཞེས་པའི་ཐ་ཚིག་གོ།། ་དྲོད་ཅུང་ཟད་ཐོབ་པ་ལ་བལྟོས་པ་ཡང་གསུངས་པ། རྣལ་འབྱོར་པ་ལན་?་ཀྱང་མཚན་མོ་རང་གི་གནས་སུ་ཤིན་ཏུ་སྤྱོད་པ་བྱ་སྟེ་ཇི་སྲིད་ནུབ?་ཟད་ཐོབ་པར་གྱུར་པར་རོ། །འདི་གང་ལས་ཞེ་ན། །ཇི་བཞིན་དབྱེ་བ་བསྐྱེད་བྱ་མིན། ཞེས་བའི་གསུང་ལས་སོ་ཐོབ ་པ་ཅ?་བྱེ་བའམ། མི་བྱ་བ་ནི་རང་དབང་ཉིད་དེ་འདི་ནི་སྤྱོད་པའོ། །དེ་ནས་ཐུན་མཚམས་བཞན་ལ་ཉལ་བར་འདོད་པས་དཔལ་ཧེ་རུ་ཀའི་རྣལ་འབྱོར་ལ་མངོན་དུ་ཕྱོགས་པར་བྱས་ནས་སེང་གེ་བཞིན་དུ་ཉལ་བར་བྱའོ་ཞེས་པ་ཉལ་བའོ། །ལྡང?་བའི་དུས་སུ ་ཡང་པུཀྐ་སཱི་ལ་སོགས་པའི་སླུས་བསྐུལ་བ་ལས་སངས?་གན་སྔར་བཤད་སྟེ་རིམ་ཉི་དཀྱིལ་མཆོད་པའི་འཁོར་ལོ་ལ་སོགས་བ་ནས་སྤྱོད་པའི་མཐར་ཐུག་པ་ཐམས་ཅད་ཐུན་གསུམ་དུ་བྱ་སྟེ་ཇི་སྲིད་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་མངོན་སུ་མ ་དུ་བྱུང་པའི་བར་དུའོ། །བསྐྱེད་བའི་རིམ་པ་མངོན་སུམ་དུ་བྱས་?་ལས་ལས་དང་པོ་པའི་རྣལ་འབྱོར་པས་བརྒྱད་ཀྱི་དབང་ཕྱུགས་ངེས་རྒྱས་ཀྱི་ཞིང་དུ་འགྲེ་ཞིང་འོད་བའོ། །བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་པ། ཇི་སྲིད་བསྒོམ་པ་སྦྱོར་འགྱུར་བ། ་དེ་སྲིད་དང་པོའི་ལས་ཅན་ཡིན། །དང་པོའི་ལས་ཀྱི་སྦྱོར་བས་ཀྱང། །ས་བརྒྱད་པ་ནི་ཐོབ་པར་འགྱུར། ཞེས་པ་སླར་ཡང་?་བའོ། །འདི་རྣམས་ཀྱིས་ནོ་སྒྲུབ་པའི་ཐབས་ཀྱི་མེད་སུམ་ཅུ་རྩ་གཉིས་རྣམ་པར་བཤད་དོ། །དེ་ལ་མདོ་གང་ཞེ་ན་འདི་ལྟ་སྟེ། ་མཆོད་པའི་འཁོར་ལོ་དང། ཚངས་པའི་གནས་པ་བཞི་དང། མཆོག་དང། ལྷན་ཅིག་སྐྱེས་པ་དང། རང་གི་འདོད་པའི་ལྷ་དང། བསྲུང་བའི་འཁོར་ལོ་དང། སྟོང་པ་ཉིད་དུ་མོས་བ་དང། དུར་ཁྲོད་དང། ཁད་བ་བརྩེགས་བ་དང། རྒྱུའི་དཀྱིལ་འཁོར་དང། ་ཞུས་ལྷུང་བ་དང། བཞེངས་པ་དང། དགོད་པ་དང། ཞེ་སྡང་གི་བདག་ཉིད་དང། སྒྲོ་བ་དང། ཡེ་ཤེས་ཀྱི་འཁོར་ལོ་དང་།དབང་བསྐུར་བ་དང། རྒྱས་གདབ་བ་དང། བདུད་རྩི་མྱང་བ་དང། །འགྲོ་བའི་དོན་དང། ཡན་ལག་དྲུག་དང། འོད་གསལ་བ་དང། བཞེངས ་པ་དང། སྔགས་བཟླས་པ་དང། གཏོར་མའི་དེ་ཁོ་ན་ཉིད་དང། ཕྲ་མོའི་རྣལ་འབྱོར་དང། དགོད་པ་གཉིས་པ་དང། བཞུགས་བ་དང། །བཟའ་བ་དང། སྦྱོད་པ་དང། ཉལ་བ་དང། སླར་ཡང་ཡངས་པའོ།། །།དེ་ནས་རྫོགས་པའི་རིམ་པ་དྲི་བར་བྱ་སྟེ། ་ཆོས་ཀྱི་སྒྲས་དོན་རྣམ་པ་གཉིས་བསྟན་ཏེ་མན་ངག་ཇི་ལྟ་བ་ལས་ཁོང་དུ་ཆུད་པར་བྱའོ་ཞེས་གང་གསུངས་པ་འདིའི་དོན་ཏོ། །མན་ངག་ཀྱང་འདི་ཡིན་ཏེ་བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས་སེམས་བརྟན་པར་བྱེད་པ་རི་དོན་དུ་རྡོ་རྗེའི་བུ་གར་མཚན་མཉུབས་ཀར?་སྨོམ ་བོ་ཙམ་དུ་རྣམ་པར་བསམས་རྒྱ?་དཀྱིལ་འཁོར་བྱི་དབང་ཕྱུག་བསམ་པར་བྱའོ། །རིམ་པ་འདི་ཉིད་གྱིས་རྫོགས་པའི་རིམ་པ་བསྒོམ་པོ་ཟླ་བ་དང་ཉི་མ་དང་ཐོད་པ་དང་ས་བོན་ལ་སོགས་པ་ལ་ཡི་བལྟོས་བར་སྐད་ཅིག་གིས་རྣམ་པས་རང་གི་འདོད་པའི་ལྷའི་དུམ་? ་རྫོགས་བའི་གཟུགས་?་ཆོགས་པར་བྱས་ཆོས་ལས་སྟེང་དུ་སྣའི་རྩེ་མོར་ཉུངས། ཀར་བསམ་བར་བྱའོ། །ཉུངས་ཀར་ཞེས་པ་ནི་སྲོག་རྩོལ་མི་ཀུན་དུ་རྟོག་པ་སྟེ་དེ་ཡང་ཉིན་མཚན་དུ་རྒྱ་བའི་རིམ་པས་ཁྲི་ཕྲག་གཉིས་དང་བརྒྱ་ཕྲག་བཅུ་རྦུད་ཏུ་འགྱུར་རོ། །དེ ་བསྒོམ་པ་རབ་མཐར་ཐུག་བའི་རིམ་པ་དེ་ཉིད་ཕྱིར་སྲོག་རྩོལ་འགོག་པའི་ཕྱིར་བཟུང་བ་ལ་སོགས་པའི་རྣམ་པས་དེའི་རང་བཞིན་བརྒྱད་ཅུ་དང་བཅས་པ་འགོག་སྟེ་མེད་པར་དགག་པའི་འཇུག་བས་སོ། །དེ་ནས་ཡང་སྒྲོ་བ་དང་སྡུད་པའི་སྐུ་རྡོ་རྗེ་འཆང་འབྱུང་བ ་ཡིན་ཏེ་འདི་ནི་མེད་པར་དགག་པ་དང་མ་ཡིན་པར་དགག་པའི་བདག་ཉིད་དོ། །དེ་དང་འདིས་རྐྱངས་བརྒྱད་ཀྱི་དབང་ཕྱུག་ཉིད་དུ་རབ་ཏུ་གྲུབ་པོ། ཛཱ་ལནྟ་རི་པའི་ཞབས་གྱིས་དེ་གསུངས་བ། དེའི་རྗེས་སུ་བལྟ་བ་ལས་སྟེང་དུ་འགྲོ་བར་བསམ་པར་བྱའོ། །ཇི་འདོད ་པས་དམིགས་པ་མེད་པར་སྣ་ལས་ཇུག?་པ་བསམ་པར་བྱའོ། །དེ་བཞིན་ཁེ་ནར་འབྱུང་བ་ན་འོག་ཏུ་དམིགས་པ་མེད་པ་ཇི་སྲིད་པར་རོ། །ཇི་ལྟར་འདོད་པའི་སྒྲ་ནི་རྟོགས་པ་སྟེ་དེ་ལྟ་བུའི་མན་དག་ནི་ཤིན་ཏུ་སྦས་པ་ཡིན་ནོ་ཞེས ་པ་རྡོ་རྗེ་བཟླས་པའོ། །འདས་འདི་གསུངས་པ་ཡིན་ཏེ་བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གིས་ལུས་དང་ངག་དང་སེམས་བརྫུན་པ་ཉིད་དུ་རྟོག་པ་ལ་བརྟེན་ནས་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ལ་འཇུག་གོ། །དེས་བདག ་བྱིན་གྱིས་བརླབས་པ་ཡང་ཁོང་དུ་ཆུད་པར་བྱའོ། །?་རྡོ་རྗེར་ཡང་གསུངས་པ། རྡོ་རྗེ་སྙིང་པོས་གསོལ་པ། ཐབས་གང་གིས་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བགྱི་བ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཀྱིལ་འཁོར་འཁོར་ལོ་སོགས་ཐབས ་དང། །བདག་བྱིན་བརླབས་པའི་རིམ་པས་ཀྱང། །ཞེས་པ་རྡོ་རྗེའི་བཟླས་པ་སྟེ་རིམ་པ་གཉིས་པའོ། །ང་ནི་བདག་བྱིན་གྱིས་བརླབ་པའི་རིམ་པ་རྟོགས་པའི་བྱ་སྟེ་དེ་ལ་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པའི་ཐབས་རྟོགས་པར་བྱས་པ་ལས་བརྫུན་པའི ་ལུས་དང་ངག་དང་སེམས་ནི་བདག་གི་བསྡུས་མངོན་པར་བརྗོད་པར་བྱ་བ་ཡིན་ལ། དེ་རྣམས་ཀྱིས་བྱིན་གྱིས་བརླབ་པ་ནི་ཕན་ཚུན་སོ་སོ་མ་ཡིན་པའི་རྣམ་པས་སྐྱེས་པའི་ལུས་ལ་སོགས་པར་དབྱེར་མེད་པ་དང་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱང་བརྒྱུད་ཅུས ་བརྒྱན་པའི་སྐུ་དམིགས་པ་མེད་པའི་བདེ་བའི་ཁང་པ་ཁྱད་པར་དགའ་བའི་མཚན་ཉིད་སུ?་མ་ལྟ་བུའི་ཡེ་ཤེས་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་རྣམ་པར་དག་པ་དེ་ནི་བདག་བྱིན་གྱིས་བརླབ་པར་བརྗོད་དེ་ལོངས་སྤྱོད་རྫོགས་པའོ། །ཅི་ལྟར ་ན་འདི་ལུས་ལ་སོགས་པ་དབྱེར་མེད་པ་ཡིན་ན་ན། བརྙེག་པ་གཉིས་པའི་ལེའུ་བཞི་པར་གསུངས་པ། ལུས་སྤངས་ནས་ནི་གཞན་དུ་ན། སེམས་ནི་མཛེས་པར་མི་འགྱུར་རོ། །སེམས་སྤངས་ནས་ཀྱང་གཞན་དུ་ན། །ལུས་ནི་ནགས་པ་མཐོང་བ་མི་འགྱུར། །དཔག ་འདུས་པར་ཡང་གསུངས་པ། ལུས་ཀྱི་རྣམ་པས་སེམས་དང། སེམས་ཀྱི་རྣམ་པས་ལུས་དང་ངག་ཏུ་བརྗོད་པར་སེམས་སུ་ཁྱེད་ཀྱིས་བསྐྱེད་ཅིག་ཅེས་སོ། །འཕགས་པ་ལྷའི་ཞབས་ཀྱིས་ཀྱང་ལམ་གྱི་སྙིང་པོ་ལས་གསུངས་པ། གང་ཞིག་རང་བདག་ཉིད་ཀྱིས་འགྱུར། ་དེ་འདིར་རང་བྱིན་བརླབས་པའོ། །གཉིས་པ་ཉིད་ལས་ངེས་གྲོས་བ། །བདག་གི་སྒྲ་ཡིས་མངོན་བརྗོད་བྱ། །ཛཱ་ལནདྷིར་པའི་ཞབས་གྱིས་ཀྱང། །རིགས་ཀྱི་ལེའུ་ལས་བྱུང་ནས་ལོངས་སྤྱོད་རྫོགས་པ་ཞེས་གསུངས་སོ། །ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཀུན ་ཏུ་རྟོག་པ་ཐམས་ཅད་སྤངས། །དངོས་པོ་ཀུན་ལ་ཁྱབ་བྱེད་པ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །ལེའུ་བརྒྱད་པར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། རང་རིག་འདི་ནི་ཡེ་ཤེས་ཏེ། །ངག་གི་ལམ་འདས་སྤྱོད་ཡུལ་ལོ། །འདི་ནི་བྱིན་བརླབ་རིམ་པའི ་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་རང་བཞིན། །བདག་བྱིན་གྱིས་བརླབ་པ་ཉིད་བཅོམ་ལྡན་འདས་ཀྱིས་བསྟན་པ་སྣ་ཚོགས་ལ་བལྟོས་ནས་མིང་གཞན་གྱིས་གསུངས་ཏེ། ལེའུ་བཅུ་པར། དེ་ཉིད་རྣམ་པར་ཤས་བའི་ཚུལ། །སྐྱེས་བུ་སྔོན་རབས་དབང་ཕྱུག་དང ་བདག་དང་སྲོག་དང་སེམས་ཅན་དང། །དུས་དང་གང་ཟག་ཉིད་དང་ཡང། །དངོས་པོ་ཀུན་གྱི་རང་བཞིན་འདི། །སྒྱུ་མའི་གཟུགས་ཅན་ཡང་དག་གནས། །འཕགས་པ་ལ་དཀར་གཤེགས་པར་ཡང་གསུངས་པ་གང་ཟག་རྒྱུན་དང་ཕུང་པོ་དང། །རྐྱེན ་དང་རྡུལ་དང་དེ་བཞིན་དུ། །གཙོ་བོ་དབང་ཕྱུག་བྱེད་པོ་རྣམས། །སེམས་ཙམ་དུ་ནི་མ་སྨྲའོ། །འདིས་སྣས་པ། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཤེས་པ་ནི་ལུས་ནི་འདིར་སྤྲུལ་པའོ། །ལུས་དེ་ལ་གནས་བ་སྟེ་བདག་བྱིན་གྱིས་བརླབ་པའི་མཚན ་ཉིད་ཀྱི་ཡེ་ཤེས་ནི་ལུས་ལ་གནས་པར་གྱུར་རོ། །དམིགས་པ་ཐམས་ཅད་ཉེ་བར་རྟོགས་པ་ཉིད་ཀྱི་ཕྱིར་དེའི་བདེན་པའི་རྣམ་པ་ནི་འདིའོ། །དེ་ཡོངས་སུ་མ་ཤེས་པ་པས་ཕུང་པོའི་སྐྱེ་བ་བླངས་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན་སྔོན་དང་སྔོན་གྱི་བག་ཆགས་ཀྱི་ཕུང་པོ ་བགགས་ནས་གྷེན་ཅིག་སྐྱེས་པའི་དགའ་བ་ལས་བག་ཆགས་འཛིན་པའི་བར་མ་དེའི་སྲིད་བའི་གཉེན་པོ་ཁྱད་པར་གྱིས་དགའ་བའི་མཚན་ཉིད་ཀྱི་ཡེ་ཤེས་འགྱུར་བ་ཡིན་ནོ། །དེ་ནས་ཤེས་རབ་དང་ཐབས་ཀྱི་པདྨ་དང་རྡོ་རྗེ ་ཡང་དག་པར་སྦྱོར་བ་མཐོང་ནས་འདོད་པ་ཉེ་བར་ལེན་པ་ལས་སྐྱེ་བ་སྟེ་འཛིན་པ་པོ་མེད་པའི་རང་བཞིན་མཆོག་ཏུ་དགའ་བའི། །དེ་ནས་བཟུང་བར་བྱ་བས་སྟོང་པའི་དགའ་བ་ཡང་ངོ། །དེ་ནས་རླུང་སྐྱེའོ། །དེ་ནས་མེའི། དེ་ལས་ཆུའོ།། ་དེ་ལས་སའོ། །དེ་ནས་ཡང་ཕུང་པོ་ལྔ་ནམས་དང་དབང་པོ་རྣམས་དང་ཡུལ་རྣམས་རིམ་གྱིས་འབྱུང་ངོ། །དེ་དཔལ་ཀྱེ་རྡོ་རྗེའི་རྒྱུད་དུ་གསུངས་པ། རྡོ་རྗེའི་སྙིང་པོས་འདི་སྐད་གསོལ་ཞིང་བཤད་དོ། །ཀྱེ་བཅོམ་ལྡན་འདས་ལུས་དེ་ལ་ཡེ ་ཤེས་ཆེན་པོ་རང་བཞིན་གྱིས། དག་པ་ཇི་ལྟར་ན་འབྱུང་བའི་བདག་ཉིད་དུ་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི་པ་ལ་དང་ཀཀྐོ་ལ་སྦྱོར་ཞིང་རེག་པ་ལས་ཏེ་དག་ཅིང་གཟོད་མ་ཉིད་ནས་རང་བཞིན་མེད་པར་འདིར ་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་བདེ་བ་སྦྱིན་པས་གསུངས་སོ། །ཁྲོམ་གཉེར་མེད་པའི་རང་བཞིན་དག། ཐམས་ཅད་ལུས་ལ་རྣམ་པར་གནས། །ཀྱཻ་བཅོམ་ལྡན་འདས་ཅིའི་སླད་དུ་འབྱུང་བ་ཆེན་པོའི་དུང་པོ་ལགས། །བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། བོ་ལ་ཀཀྐོ་ལ་སྦྱར་པའི། །རེག་པས་སྲ་བའི་ཆོས་ཀྱིས་ནི། །ས་ནི་དེ་ལས་སྐྱེ་བར་འགྱུར། །བྱང་སེམས་ཆུ་ཡི་རྣམ་པ་ལས། །ཆུའི་ཁམས་ཀྱང་འབྱུང་བའི་འགྱུར། །བསྐྱོད་པ་ལས་ནི་དྲོད་སྐྱེ་སྟེ། །འགྲོ ་བས་རླུང་དུ་རབ་ཏུ་གྲགས། །བདེ་བས་ནམ་པའི་ཁམས་ཀྱང་ངོ། །ལྔ་པོ་རྣམས་ཀྱང་ཡོངས་སུ་བསྐོར། །དེ་འདི་ལྟར་བཅོམ་ལྡན་འདས་ཀྱིས་གསལ་བར་གསུངས་ཏེ། འབྱུང་བ་ལྔ་ཡི་རང་བཞིན་ལས། །ཀུནདུ་རུལ་ལྔ་དུ་གྱུར་དགའ་བ་ཆེན་པོ ་གཅིག་ཉིད་ནི། །དབྱེ་བས་ལྔ་རུ་འགྲོ་བ་ཡིན། །པོ་ལ་ཀཀྐོ་ལ་སྦྱར་བ། །རེག་པས་གྲ་བའི་བག་ཆགས་ལས། །སྲ་བ་གཏི་མུག་ཆོས་ཉིད་ཕྱིར། །གཏི་དུག་རྣམ་པར་སྣང་མཛད་འདོད། །གང་ཕྱིར་བྱང་སེམས་གཤེར་བ་ལས། །གཤེད་བ་ཆུའི་ཁམས་སུ ་འདོད། །ཆུ་ནི་བསྐྱོད་གཟུགས་ཉིད་ཕྱིར། །ཞེ་སྡང་མི་བསྐྱོད་འདྲེན་པའོ། །གཉིས་ཀྱི་བསྐོར་པའི་སྦྱོར་བ་ལས། །དྲོད་ནི་རྟག་ཏུ་སྐྱེ་བར་འགྱུར་རོ། །འདོད་ཆགས་དཔག་མེད་རྡོ་རྗེ་ཡིན། །འདོད་ཆགས་དྲོད་ལས་འབྱུང་བར་འགྱུར། །ཀཀྐོ་ལང་ནི་གང་ཞིག ་སེམས། །དེ་ནི་རླུང་གི་རང་བཞིན་ཅན། །ཕྲག་དེ་གདོན་ཡོད་གྲུབ་པ་ཡིན། །དོན་ཡོད་རླུང་ལས་འཕྱུང་བའོ། །བདེ་བ་འདོད་ཆགས་ཁྲག་ཏུ་འགྱུར། །དགའ་བ་ནམ་མཁའ་ཨི་མཚན་ཉིད་དེ། །ནམ་མཁའ་སེར་སྣ་རྡོ་རྗེར་འགྱུར། །ཕར?་སྣ་ནམ་མཁའ་ལས་བྱུང ་བའོ། །སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔ་ཡི་གཟུགས་ཀྱིས་མཚོན་པ་ཡིན། །རིགས་ནི་ལྔ་པོ་དེ་ཉིད་ལས། །སྟོང་བྲག་དུ་མ་སྐྱེས་པ་ཉིད། །དེ་ཕྱིར་འདི་དག་རང་བཞིན་གཅིག། བདེ་ཆེན་མཆོག་ཏུ་ཕེན་པ་ཉིད། །འདོད་ཆགས་ལ་སོགས་སེམས་སུ? ་ལྔ་ཡི། །དབྱེ་བས་ལྔ་དུ?་འགྲོ་བར་འགྱུར། །དེ་ནས་ཡང?་ཁམས་དང་ཕུང་པོ་རང་ཡུལ་ལ་སོགས་པ་རྣམས་ཀྱི་རང་བཞིན་མེད་པ་སྟེ་ངོ་བོ་ཉིད་ཀྱིས་གདོད་མ་ནས་པ་སྐྱེས་པའོ། །ཀྱེ་རྡོ་རྗེར་ཡང་གསུངས་ཏེ། རང་བཞིན་གདོད་མས་མ་སྐྱེས་པ། །འཛིན? ་མིན་བདེ་མོ་མིན་དེ་བཞིན་དུ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པས་རྣལ་འབྱོར་མས་ཤེས་ཕྱིས། །འདི་ལྟ་སྟེ་གཙུབ་ཤིང་དག་གཙུབ་སྟན་དང་སྐྱེས་བུའི་ལག་པའི་རྩོལ་བ་ལས་བློ་བུར་དུ་མ་འབྱུང་བར་འགྱུར་རོ། །མེ་འདི་ནི་གཙུབ་ཤིང་ལ་མི ་གནས། །གཙུབ་ཕུན?་ལ་ཡང་མ་ཡིན། སྐྱེས་བུའི་ལག་པ་དགལ་ཡང་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་ཡོངས་སུ་བཙལ་ན་ཡང་ཡོད་པ་མ་ཡིན་པས། མེ་དེ་ཡང་བདེན་པ་ཡང་ན་ཡིན་ཞིང་བརྫུན་པ་ཡང་མ་ཡིན་ནོ། །དེ་ལྟར་ཆོས་ཐམས་ཅད་རྣལ་འབྱོར ་མས་ཡིད་ལ་གྱིས་ཤིག་།དེའི་ཕྱིར་དེ་རྣམ་པར་དག་པ་ན་སྟེ། ཕྱི་ནས་དེ་ཉིད་ཡང་དག་བཤད་རྣམ་དག་ཡེ་ཤེས་རང་བཞིན་ཅན། །ཞེས་དབང་གི་ལེའུ་བས་གསུངས་པ་ཉིད་ཀྱི་ཕྱིར་རོ། །ཡང་འདི་ཉིད་དུ་གསུངས་པ། །དང་པོར་དགའ་ ་པ་འགྲོ་བའི་གཟུགས། །དེ་བཞིན་མཆོག་དགའ་འགྲོ་བའོ། །དགའ་བྲལ་དཀའ་བ་འང་འགྲོ་བ་ཉིད། །གསུམ་པོ་རྣམས་ལ་ལྷན་སྐྱེས་མེད། །འདི་ལ་མན་ངག་གིས་རྣམ་པར་བཤད་པ་ནི་མཚན་ཉིད་མེད་པས་བརྫུན་པ་སྟེ་འགྲོ་བའི་རྣམ་པར་དགའ་བའི ་ཡེ་ཤེས་སྐྱེའོ། །དང་པོ་ན་ནི་དེ་ཁྱད་པར་དུ་གཟུང་ནས་གསུངས་སོ། །མཆོག་ཏུ་དགའ་བའི་ཡེ་ཤེས་དེ་ནི་གཟུང་བར་བྱ་བ་རང་འཛིན་པ་པོའི་དངོས་པོ་ལ་དམིགས་ནས་འཛིན་པའི་དོན་ཏོ། །དགའ་བྲལ་གྱི་དགའ་བ་ཡང་འདི་དང་འདིས་གསུངས་ཏེ། ་སེམས་དང་སེམས་ལས་ཀྱང་བ་དང་མ་རིག་པ་རྣམས་ཀྱི་མི་མཐུན་པའི་ཕྱོགས་ཉིད་ཀྱི་ཕྱིར་རོ། །བྱང་ཆུབ་ཀྱི་སེམས་འདི་ན་རྣལ་འབྱོར་པའི་རང་རིག་པའི་ཡེ་ཤེས་ཏེ་དེ་ནི་རྣལ་འབྱོར་པ་ཡེ་ཤེས་དང་ལྡན་པ་ལ་ཡིན་ན་དེའི་ཚེ་ན་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཇི་ལྟར ་ཤེས་པར་བྱ། གང་དུ་རྟོགས་པ་བྱ་བ་ཡང་ཡིན་ནམ་ཞེ་ན། བརྗོད་པར་བྱ་སྟེ་བླ་མ་བསྙེན་བཀུར་བ་ལས་སྙོམས་པར་ཞུགས་པའི་རྣམ་པ་མངོན་སུམ་དུ་བྱས་ན་གཞན་དུ་གཟུགས་ལ་སོགས་པའི་ཡུལ་རྣམས་སུ་ཡང་ཤེས་པར་བྱའོ། །དེ་ཀྱེ ་རྡོ་རྗེར་གསུངས་པ། ཨེ་ཡིག་ཆ་བྱད་བཟང་པོ་གང། །དབུས་སུ་བགྱིས་རྣམ་པར་བརྒྱེན། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་?་ཏོག། །སྐད་ཅིག་དབྱེ་བས་ཕྱེ་ཉིད་ལས། །དགའ་བ་དེ་ལ་སྐྱེ་བར་འགྱུར། །སྐད་ཅིག་ཤེས་ལ་བདེ ་ཤེས་པ། །ེ་བཾ་ཡི་གེར་རབ་ཏུ་གནས། །སྣ་ཚོགས་དང་ནི་རྣམ་སྨིན་དང། །རྣམ་ཉིད་དེ་བཞིན་མཚན་ཉིད་དྲལ། །སྐད་ཅིག་བཞི་ལ་རྟེན་ནས་ནི། །དེ་ལྟར་རྣལ་འབྱོར་པས་ཤེས་འགྱུར། འཁྱུད་དང་འོ་བྱེད་ལ་སོགས་པ། །སྣ་ཚོགས་རྣམ་པ་སྣ་ཚོགས ་བཤད། །རྣམ་པར་སྨིན་པ་དེ་ལས་བཟློག་།བདེ་བའི་ཡེ་ཤེས་བཟའ་བ་ཡི། །བདག་གིས་བདེ་བ་བཟོས་པར་ནི། །ལྟ་བ་རམ་ཉིད་དུ་རབ་གསུངས། །མཚན་ཉིད་བྲལ་གསུམ་ལུས་གཞན། །ཆགས་དང་ཆགས་བྲལ་རྣམ་པར་སྤངས། །སྣ་ཚོགས་དང་པོའི ་དགའ་བ་སྟེ། །རྣམ་སྨིན་ལ་ནི་མཆོག་དགའ་འོ། །རྣམ་ཉིད་ལ་ནི་དགའ་བྲེལ་དགའ་། །ལྷན་ཅིག་སྐྱེས་དགའ་མཚན་བྲལ་ལའོ། །སློབ་དཔོན་གསང་བ་ཤེས་རབ་དང། །བཞི་པ་དེ་ཡང་དེ་བཞིན་ནོ། །དབང་ནི་བཞི་ཡིས་གྲངས་ཀྱིས་ནི། །དགའ་ ་བ་ལ་སོགས་རིམ་ཤེས་བྱ། །རྒོད་པ་དག་པ་སློབ་དཔོན་སྟེ། །ལྟ་བ་གསུང་བ་དེ་བཞིན་ནོ། །ལག་བཅངས་ལ་ནི་ཤེས་རབ་ཉིད། །གཉིས་གཉིས་འཁྱུད་ལ་དེ་བཞིན་ཉིད། །སེམས་ཅན་རྣམས་ཀྱི་དངོས་གྲུབ་ཕྱིར། །དབང་ནི་རྣམ་པ་བཞི་དུ་བཤད། །གཏོར ་དང་བཀྲུས་པ་ཞེས་བྱ་འདིས། །དེས་ན་དབང་ཞེས་བརྗོད་པར་བྱ། །ད་ནི་དགའ་བ་ལ་སོགས་པ་རྣམས་ཀྱི་མཚན་ཉིད་བརྗོད་པར་བྱ་སྟེ། །དང་པོ་རེག་པར་འདོད་པ་དང། །གཉིས་པ་བདེ་བར་འདོད་པ་དང། །གསུམ་པ་འདོད་ཆགས་འཇིག་ཉིད་ཕྱིར། །བཞི་པ་འང ་བསྒྲོམ་པར་བྱ་བ་མིན། །འདི་ཉིད་ནི། དགའ་བས་བདེ་བ་ཅུང་ཟད་དེ། །མཆོག་ཏུ་དགའ་བ་དེ་ལས་ལྷག། དགའ་བྲལ་དགའ་བ་ཆགས་བྲལ་འགྱུར། །ལྷག་མས་ལྷན་ཅིག་སྐྱེས་དགའ་ཨོ། །དེ་ལྟར་ནི་འཕགས་པའི་ལྷའི་ཞབས་ཀྱིས། ཨེ་མ་བདེ་བ་ཨེ་མའོ ་བདེ། །ཇི་ལྟ་ཇི་ལྟར་ཟ་བ་ན། །སེམས་ནི་མཆོག་ཏུ་འདོད་པ་སྟེ། །དགའ་བྲལ་དགའ་བ་ཙམ་ཡིན་ནོ། །འདིས་འདི་གསུངས་པར་གྱུར་པ་ཡིན་ཏེ། མ་རིག་པའི་མི་མཐུན་ཕྱོགས་ཀྱི་མཚན་ཉིད་དགའ་བྲལ་གྱི་དགའ་བ་ལ་ཉེ་བར་དམིགས་པ་གང་ཡིན་ཕྱིར་པའི་? ་དེ་ཉིད་ཀྱིས་ཅུང་ཟད་གླིང་མའི་རྗེས་སུ་བྱེད་པའི་དཔེའི་བདེ་བ་དེས་མཚན་སུམ་ཅུ་རྩ་གཉིས་འཆང་ཞིང་དཔེ་བྱང་བརྒྱད་ཅུས་བརྒྱན་པ་ཇི་ལྟར་མེ་ལོང་གི་ནང་དུ་རི་མོའི་རྣམ་པ་ཉེ་བར་དམིགས་པ་དེ་བཞིན་ཉིད་དུ་མངོན་དུ་བྱེད་པ་ལོངས་སྤྱོད་རྫོགས་པའི་ཡེ་ཤེས་སུ ་རྡོ་རྗེ་བླ་མའི་ཞལ་ལས་རིགས་པར་བྱའོ། །དེ་བཅོམ་ལྡན་འདས་ཀྱིས་གསུངས་པ། སྟོང་པ་སུམ་ཅུ་རྩ་གཉིས་མཚན། །ཁྱབ་བདག་དཔེ་བྱང་བརྒྱད་ཅུ་ར་ལྡན། །དེ་ལྟར་ཡང་ཀླུ་སྒྲུབ་ཞབས་ཀྱིས། །མེ་ལོང་འདྲི་མ་མེད་པ་དོན?།། ་གཟུགས་བརྙན་གསལ་བར་བལྟ་བྱ་བཞིན། །དངོས་དང་དངོས་མེད་རྣམ་པྲལ?་བ། །ཤིན་ཏུ་བཀྲ་བའི་རྡོ་རྗེ་སེམས། །སློབ་མ་བཟང་ལ་བསྟན་བྱ་སྟེ། །བདག་བྱིན་བརླབས་སུ་དེ་བརྗོད་བྱ། །དེ་ལྟར་ནི་འཕགས་པ་?་ཞབས་ཀྱིས་ཀྱང་གསུངས་ལ། ་དེ་ཡང་ཛཱ་ལནད་རི་བའི་ཞབས་ཀྱིས་གཟུགས?་འགྲལ་རྡོ་རྗེ་སྒྲོན་མར་བྲིས་པ་འདི་ལྟ་སྟེ། ཇི་ལྟར་ཤིན་ཏུ་དང་པའི་མེ་ལོང་ལ། །གཟུགས་བརྙན་ཡན་ལག་ཀུན་ལྡན་གཟུགས་སུ་སྣང། །དེ་བཞིན་མཚོན་དང་དཔེ་བྱང་བརྒྱད་ཅུ་ཡིས། །ཕྱུག་པའི་རྡོ་རྗེ་འཆར་སྐུ ་རྟགས་པ་ཉིད་ཞེས་པ་བདག་བྱིན་གྱིས་བརླབ་པ་སྟེ་རིམ་པ་གསུམ་པའོ།། །།ད་ནི་རྣམ་པར་དག་པའི་རིམ་པ་བརྗོད་པར་བྱ་སྟེ་སླར་ཡང་ཕྲེང་བ་དང་ཆུ་ལ་སོགས་པའི་དབང་གི་གོ་རིམས་ཀྱིས། །མཐེ་བོང་སྲིན་ལག་ངང་གིས་དེ། །སློབ་མའི་ཁ་ཙ་ན་? ་བར་བྱ། །ཞེས་པ་འདིས་གསང་བའི་སོགས་པའི་དབང་བསྐུར་འབྱིན་ནས་གསུམ་ལ་ཁྱད་པར་གྱི་དགའ་པས་བདག་བྱིན་གྱིས་བརླབ་པའི་དགའ་བའི་རྣམ་པ་རྟོག་པར་བྱས་ཏེ། བཞི་པ་དེ་ཡང་དེ་བཞིན་ནོ་ཞེས་པའི་དེས་དེའི་རྣམ་པར་དག་པ་ནི་མེད་པར ་དགག་པའི་འཇུག་པས་དེ་བཞིན་ཉིད་ཀྱི་རྣམ་པར་རྟོག་པར་བྱའོ། །དེ་ལ་རྣམ་པར་དག?་ནི་རྣམ་པ་གཉིས་ཏེ་གཟུགས་དང་གཟུགས་མ་ཡིན་པའི་ཕུང་པོ་ལ་སོགས་པ་རྣམས་ཀྱི་ལྷའི་རྣམ་པར་དག་པ་དང། གཞན་ནི་ལྷན་ཅིག་སྐྱེས་པའི་གཟུགས་ལ ་རང་རིག་པའི་བདག་ཉིད་ཅན་བཅུ་དུ་བྱེད་སོགས?་པའི་གཉེན་པོ་དགའ་བ་གསུམ་པོ་བདག་བྱིན་གྱིས་བརླབ་པའི་མཚན་ཉིད་ཐོབ་པ་གང་གི་རྣམ་པར་དག་པ་སྟེ་དེ་བཞིན་ཉིད་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ངོ། །དེ་བཅོམ་ལྡན་འདས་ཀྱིས ་གསུངས་པ། དངོས་པོ་གྲགས་པ་ཐམས་ཅད་ཀྱི། །རྣམ་དག་དེ་བཞིན་ཉིད་དུ་བརྗོད། །ཕྱི་ན་རེ་རེའི་དབྱེ་བས་དེ། །ལྷ་རྣམས་ཀྱིས་ནི་བརྗོད་པར་བྱ། །གང་གསུངས་པ། ཕུང་པོ་ལྔ་དང་དབང་པོ་དྲུག། །སྙེ་མཆེད་དྲུག་དང་འབྱུང་ཆེན་སྔའི། །མཚན་ཉིད་རང ་བཞིན་གྱིས་རྣམ་དག། མི་ཤེས་ཉོན་མོངས་སྒྲིབ་སྦྱང་བྱ། །རང་རིག་བདག་ཉིད་དག་པ་སྟེ། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཡུལ་རྣམས་དག་པའི་དངོས་ཉིད་ཕྱིར། །བདེ་བ་མཆོག་གི་ན་རང་རིག་པའོ། །འདིས་དེ་གསུངས་པ་ཡིན་ཏེ་བསྐྱེད་པའི་རིམ་པ ་ལ་བརྟེན་ནས་ལྷ་མོ་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམས་རྣམ་པར་གསུངས་སོ། །བདག་བྱིན་གྱིས་བརླབ་པའི་མཚན་ཉིད་ཐོབ་པའི་དགའ་བ་གསུམ་པོ། རྣམས་ཀྱི་རྣམ་པར་དག་པ་ནི་རང་རིག་པའི་བདག་ཉིད་ཅན་དེ་བཞིན་ཉིད ་དེ་དེར་སོན་ཞིང་དེ་ལ་རབ་ཏུ་ཞུགས་པ་ཞེས་པའི་དོན་ཏེ་འདིས་མྱ་ངན་ལས་འདས་པ་ཐམས་ཅད་སྡོང་པོར་གསུངས་སོ། །དེ་ཁོ་ན་ཉིད་ཀྱི་ལེའུ་ཡང་གསུངས་པ། དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང། ཞེས་པ་ལ་སོགས་པའོ། །སླར་ཡང། །ངོ་བོས་གཟུགས ་མེད་མཐོང་པོ་མེད། །སྒྲ་མེད་ཐོས་པ་པོ་ཡང་མེད། །དྲི་མེད་སྣམ་པ་པོ་ཡང་མེད། །རོ་མེད་མྱོང་བ་པོ་ཡང་མེད། །སེམས་མེད་སེམས་ལས་བྱུང་བ་མེད། །དབང་གི་ལེའུར་ཡང་གསུངས་པ། མཆོག་དགར་བསྒོམ་པ་མེད་ཅིང་བསྒོམ་པ་པོ་ཡང་མེད། །ལུས་ཀྱང ་མེད་ཅིང་བཟུང་བ་མེད་ཅིང་འཛིན་པའང་མེད། །ཤ་དང་ཁྲག་ཀྱང་མེད་ཅིང་བཤད་དང་ལྕེ་བའང་མེད། །སྐྱུག་བྲོ་རྣོངས་མེད་གཙང་སཱ?་མཚང་ཕྱིར་ཐོགས་མེད་དང། །ཆགས་མེད་སྡང་བ་མེད་དང་རྨོངས་མེད་ཕྲག་དོག་མེད། སེར་སྣ་མེད་དང་ང་རྒྱལ་མེད་ཅིང ་མཐོང་བྱ་མེད། །བསྒོམ་དང་སྒོམ་པོ་མེད་ཅིང་བཤེས་དང་དགྲ་མེད་ཅིང། །ཁྲེམ་གཉེར་མེད་པའི་ལྷན་ཅིག་གིས་སྐྱེས་པ་སྣ་ཚོགས་ཉིད་འདི་ཡང་ཅི་ལྟར་ཤེས་པར་བྱ་ཞེ་ན། འདི་ཉིད་དུ་ཡང་གསུངས་པ། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང ་ལས་ཀྱང་ནི་མི་རྙེད་དེ། །བླ་མ་བརྒྱུད་པ་ཉེར་བསྙེན་དང། །རང་ལ་བསོད་ནམས་ལས་ཤེས་བྱ། །དེ་ལྟ་ན་ཡང་ལྷན་ཅིག་སྐྱེས་པ་ལ་གང་དུ་ཡིད་ཆེས། །བརྗོད་པར་བྱ་སྟེ། སྙོམས་པར་ཞུགས་པའི་ལྷན་ཅིག་སྐྱེས་པའི་གྲིབ་མའི ་རྗེས་སུ་བྱེད་པ་ཉིད་ཀྱི་ཕྱིར་བླ་མའི་མན་ངག་ལས་ལྷན་ཅིག་སྐྱེས་པ་ཤེས་པར་བྱའོ། །དེ་བཅོམ་ལྡན་འདས་ཀྱིས་གསུངས་པ། དེ་ལ་དེ་ཉིད་བསྟན་པར་བྱ། །མཆོག་མཛའ་དགའ་བྲལ་དང་པོ་ཅན། །ཞེས་པ་སྟེ། གང་གི་དང་པོ་དགའ་བྲལ་ཡིན་པ ་དེ་ནི་དགའ་བྲལ་དང་པོ་སྟེ། ལྷན་ཅིག་སྐྱེས་པའོ། །མཛའ་བྱེད་དེ་ཞེས་པ་མཛའ་ཅན་ནོ། མཆོག་ནི་རབ་ཀྱི་མཛའ་པ་སྟེ་དེ་ནི་དེ་ལྟ་བུ་ཡིན་ནོ། །དགའ་བྲལ་དང་པོ་ཡང་ཡིན་ལ་མཆོག་མཛའ་ཅན་གང་ཡིན་པ་དེ་ནི་དགའ་བྲལ་དང་པོ་མཆོག་མཛའ་ཅན་ནོ། ་རྒྱུད་རྣམས་ཀུན་ཏུ་སྤས་པ་སྟེ། །མཛའ་ཡིས་མཐར་ནི་རབ་ཏུ་གསལ། །རྡོ་རྗེ་མཆོད་པ་རབ་སྦྱར་ནས། །དེ་ལ་ལྷ་མོ་དེ་ཞུས་པ། །ལྷ་དེའི་སྐད་ཅིག་ཇི་ལྟར་ལགས། །གཙོ་བོ་ཆེན་པོ་བཤད་དུ་གསོལ། །དེར་ནི་ཐོག་མ་དབུས་མཛའ་མེད། །སྲིད་མེད་མྱ ་ངན་འདས་པ་མེད། །བདག་ནེད་གཞན་ནི་མེད་པ་སྟེ། །འདིར་དེ་བདེ་བ་ཆེན་པོའོ། །འདིར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། །ཇི་ལྟར་དབང་བསྐུར་གསོལ་གདབ་པའི། །སློབ་མའི་བྱ་བ་བཤད་པར་བྱ། །བླ་མ་ཕྱག་རྒྱ་ལྡན་མཐོད་ནས། །བརྟུལ ་ཞུགས་ཅན་གྱིས་བསྟོད་མཆོད་བྱ། །བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །རྡོ་རྗེ་རྣལ་འབྱོར་གཅིག་ཏུ་བརྩོན། །སྒྲུབ་པོ་ཕྱག་རྒྱ་ཐ་མི་དད། །རྡོ་རྗེ་རྣལ་འབྱོར་ལས་བྱུང་བ། །ཇི་ལྟར་ཁྱོད་ནི་བདག་ཉིད་ཆེ། །ཁྱབ་བདག་བདག་ལའང་དེ་མཛོད་ཅིག། ་འཁོར་བ་འདམ་གྱི་ཆོགས་ཅང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཞིམ་པའི་བཟའ་བ་བཏུང་བ་དང། བ་ལ་ཚ་མཆོག་མ་དེ་ལ། །བདུག་བ་ལྷ་བཤོས་ཕྲེང་བ་དང། །དྲིལ་བུ་རྒྱལ་མཚན་བྱུག་པ་སྟེ། །སློབ་མ་དམ་པས་རྡོ་རྗེ ་འཛིན། །མཆོད་པ་འདི་རྣམས་ཀྱིས་མཆོད་དོ། །མཆོད་པའི་བར་མེད་སྟོན་པ་པོས། །འདིས་ལྷན་ཅིག་སྐྱེས་པའི་དགའ་བ་ཁོང་དུ་ཆུད་པར་བྱ་སྟེ། གང་ཕྱིར་ཡིད་ཀྱི་མི་བསྒོམ་པར། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །ཐམས་ཅད་ཆོས་ནི་ཡོངས་ཤེས་ན།། ་བསྒོམ་པ་ཉིད་ནི་བསྒོམ་པ་མིན། །འདི་དང་འདི་ནི་བརྟན་པ་དང་གཡོ་བ་རྣམས་ཀྱི་ཡང་དེ་ཁོ་ན་ཉིད་དོ། །འདི་ལྟ་སྟེ། ཐམས་ཅད་ཐམས་ཅད་སྟོང་པ་ཞེས་བྱའོ། །དེ་བཅོམ་ལྡན་འདས་ཀྱིས་གསུངས་པ། །བརྟན་དང་གཡོ་བའི་དངོས་པོ་གང། །?་ལྕུག ་འཁྲི་ཤིང་ལ་སོགས་རྣམས། །བདག་གི་དངོས་པོའི་རང་བཞིན་ལས། །དམ་པའི་དེ་ཉིད་ངེས་བསྒོམ་བྱ། །དེ་རྣམས་གཅིག་པུ་གཞན་ཡོད་མིན། །བདེ་བ་ཆེན་པོའི་རང་རིག་པའོ། །མཆོག་ཏུ་དགའ་བ་ཡང་དག་ཐོབ། །སྣ་སོགས་སྐྱངས་པའི་སྐད་ཙ་བ་ལ ་སྟོན་པ་སྐྲས་པ་སེམས་དཔའ་ཆེ། །བདེ་བ་ཆེན་པོར་ཟུང་བར་གྱིས། །དེ་ལྟར་ཡང་འཕགས་པ་ལྷའི་ཞབས་ཀྱིས་གསུངས་པ། དགའ་བ་ལ་སོགས་རིམ་པས་ཕྲ་མོ་ལ། །དམིགས་པ་ལ་ནི་བརྟེན་ནས་སྐད་ཅིག་མ། །ཟད་པར་འགྱུར་བ་བཞི་པའི་དུས་སུ་ནི།། ་ཨེ་མ་དམིགས་པ་ཞེས་བྱ་ནི་ཞིག་ཡིན། །གང་གིས་རང་དང་གྱི་ཆར། །རྣམ་དབྱེར་མེད་པའི་སྐད་ཅིག་གོ། འདིས་འདི་གསུངས་པར་གྱུར་པ་ཡིན་ཏེ། གསུམ་པོ་དགའ་བྲལ་གྱི་དགའ་པོའི་དཔེ་ལས། བདག་བྱིན་གྱིས་བརླབས་པའི་བདེ་བ་འབྱུང་བ་ཉིད་དུ་རྟོག ་པར་བྱས་ནས་དེ་ཉིད་རྣམ་པར་དག་པ་ལས་དེ་བཞིན་ཉིད་ཀྱི་རྣམ་པས་ལྷན་ཅིག་སྐྱེས་པར་རྟོགས་པར་བྱ་བ་ཡིན་ནོ། །འདི་ནི་བཞི་པ་དེ་ཡང་དེ་བཞིན་ནོ་ཞེས་པ་འདིའི་དོན་ཏོ། །སྙོམས་པར་འཇུག་པ་ཡོད་ན་ཡེ་ཤེས་གང་ཡིན་པ་ཐོག་མར་གསུངS ་བ་སྟེ། དེ་བཞིན་དུ་འདིར་ཡང་ལྷན་ཅིག་སྐྱེས་པ་རྟོགས་པ་ལས་དེ་ནི་དེ་ཡང་བཞི་པའི་ཡེ་ཤེས་སུ་འགྱུར་བ་དེས་ན་ལྡན་ཅིག་སྐྱེས་བ་བྱང་ཆུབ་ཀྱི་སེམས་ཀྱི་དཔེ་ལས་བདེ་བ་གང་ཡིན་པ་དང་ཡེ་ཤེས་པ། ང་ཡིན་པ་ལ་ཡིད་ཆེས ་པར་བྱའོ། །ལྷན་ཅིག་སྐྱེས་པའི་གྲིབ་མའི་རྗེས་སུ་བྱེད་པ་ཉིད་ཀྱི་ཕྱིར་དེ་ནི་དེ་ག་ཉིད་དུ་བཤད་པ་མ་ཡིན་ཀྱི?་འབྱུང་བ་ཆེན་པོ་པའོ། །གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང། གང་ཕྱིར་འབྱུང་པ་ཆེ་བདེ་བ། །དེ་ཕྱིར་བདེ་བ་དེ་ཉིད་མིན། ཞེས་གསུངས་སོ། །འདི ་ཉིད་སློབ་མའི་བྲི་བའི་ཚིག་གོ། དངོས་གྲུབ་ཀུན་གྱི་གཏེར་གྱུར་པ། །བྱང་ཆུབ་སེམས་ནི་ལྟུང་གྱུར་ན། །ཕུང་པོ་རྣམ་ཤེས་བརྒྱལ་འགྱུར་པས། །མ་སྨད་དངོས་གྲུབ་པ་ལ་ཡོད། །མཁའ་དབྱིངས་རྡོ་རྗེ་ཡང་དག་སྦྱོར། །རེག་ལས་སྨད་འབྱུང་ཆེན ་པོ་ཡི། །བདེ་བསྐྱེ་བ་གང་ཡིན་པ། །དེ་ནི་མཆོག་དགའ་ཨི་བྱེད་པོའོ། །ཞེས་པ་ལ། མ་སྦྲད?་དངོས་གྲུབ་གལ་ཡོད། །ཅེས་པ་ནི་དེ་ཉིད་མཆོག་ཏུ་དགའ་བར་བཤད་པའི་ལྷན་ཅིག་སྐྱེས་པའི་དགའ་བ་ལས་ཕྱག་རྒྱ་ཆེན་པོའི་བདག་ཉིད་ཅན་གྱི་དངོས་གྲུབ་པོ།། ་དམིགས་པ་ཐམས་ཅད་ཉེ་བ་བཞི?་བའི་ཕྱིར་ན་མ་སྨད་པ་སྟེ་དེའི་ཕྱིར་ལྷན་ཅིག་སྐྱེས་པ་ཁོང་དུ་ཆུང་པའོ། །ཕུང་པོ་ལ་སོགས་པ་བརྒྱལ་བ་དེ་ཡོད་ན་ཡེ་ཤེས་གང་རྗེས་སུ་མྱོང་པ་ཡིན། །དེས་ན་བདག་ཕྱིན་གྱིས་བརླབ་པ་མ་དག་པར་བྱས་སོ། །དེ་བསྒོམ་པ་རབ ་ཀྱི་མཐར་སོན་བན?་སྟེ་ཇི་སྲིད་ཕུང་པོ་ལ་སོགས་པ་མེད་པར་གྱུར་པ་དེ་སྲིད་དུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མངོན་སུམ་དུ་བྱེད་པར་མི་ནུས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་པ། མཆོག་ཏུ་བདེ་བ་ཕུང་པོ་མེད་ཅེས་སོ། །འདི་ཉིད་ཀྱང་རྣལ་འབྱོར ་མ་རྣམས་ཀྱིས་འཆི་པར་མངོན་པར་བརྗོད་དེ། བཅོམ་ལྡན་འདས་ཀི་ཀྱང་གསུངས་པ། ཇི་ལྟར་ཕ་ལས་བདེ་ཐོབ་པ། །དེ་ཡི་བདེ་བ་རང་གི་བཟའ་། །བདེ་བ་གང་གིས་འཆི་བ་སྟེ། །དེ་ཡི་བདེ་བ་བསམ་གཏན་བརྗོད། །འཆི་པ་ཞེས་བྱའི་རྣམ་རྟོག་ནི། ་ཞེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་བ་རྒྱས་པར་རོ། །མང་དུ་སྨྲ?་བས་ཅི་ཞིག་བྱ། །རྡོ་རྗེ་ཐེག་པའི་དེ་ཉིད་ལས། །རྫས་ཀྱི་དངོས་པོར་ཡོད་ཅེས་པའང། །རང་བཞིན་བརྟེན་ནས་དེ་ཉིད་དོ། །བརྟགས་པའི་དངོས་པོ་མེད་པ་སྟེ། །གཞན་གྱི་དབང་ནི་ཡོད ་པ་ཡིན། །ཞེས་པ་སྟེ་ལ་སོགས་པའི་སྒྲས་གཞན་ཕྱི་དབང་བཟུང་ངོ། །རྒྱུ་གཞན་ལ་རྟེན་པས་ན་གཞན་གྱི་དབང་དང་གྲུབ་པ་ཡིན་ནོ། །གཞན་གྱི་དབང་ནི་འགྲོ་བའི་བདག་ཕྱིན?་གྱིས་བརླབ་པའི་མཚན་ཉིད་དོ། །དེ་དག་གི་དངོས་པོ་མེད་པ་ནི་ཡོངས་སུ་གྲུབ་པའི ་གཟུགས་ལྷན་ཅིག་སྐྱེས་པར་བཤད་པ་མྱ་ངན་ལས་འདས་པར་ཡང་གསུངས་ཏེ་ཐམས་ཅད་ཀྱིས་ཐམས་ཅད་དུ་ཐམས་ཅད་སྟོང་པ་ནི་མུ་སྟེགས་པ་རྣམས་ཀྱི་ཆ་ཤས་ཡིན་ནོ། །དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་སྐྱེད་བར་མཛད་མའོ།། ་ཞེས་པ་རྣམ་པར་དག་པ་སྟེ་རིམ་པ་བཞི་པའོ།། །།ད་ནི་རྣམ་པར་དག་པ་ལས་ལྡང་བའི་རིམ་པ་རབ་ཏུ་བསྟན་པར་བྱའོ། །དེ་ལ་སྨྲས་པ། ལྡང་བ་ནི་བདག་བྱིན་གྱིས་བརླབ་པའི་མཚན་ཉིད་ཀྱི་དགའ་བ་གསུམ་གྱི་བདག་ཉིད་མེད་པ་ཡིན་པའི་ཕྱིར་ཅི ་ལྡང་བ་དེ་ནི་སུ་ཞིག་གི་ཡིན་པར་འགྱུར་ཞེན་བརྗོད་པར་བྱ་སྟེ། བདག་བྱིན་གྱིས་བརླབ་པའི་མཚན་ཉིད་མེད་པ་ནི་སྐྱེས་པ་མ་ཡིན་གྱི་གང་ཞིག་བག་ཆགས་དང་བཅས་པའི་སྒྱུ་མ་ལྟ་བུའི་རྣམ་པར་ཤེས་པ་དེའི་ལྷན་ཅིག་སྐྱེས་པའི་དགའ་བ་བསྒོམ་པ་ལས་ཇི་སྲིད ་འགོག་པ་མངོན་སུམ་དུ་མི་བྱེད་པ་དེ་སྲིད་དུ་ལྔར་བ་སྟེ་སྐྱེད་པར་ནི་མི་འགྱུར་རོ། །འདིར་ཡང་གསུངས་པ། ཕྱི་ནས་དེ་ཉིད་ཡང་དག་བཤད། །རྣམ་དག་ཡེ་ཤེས་རང་བཞིན་ཅན། ཞེས་བའོ། །ཕྱི་ནས་ཞེས་པ་ནི་བདག་བྱིན་གྱིས་བརླབ་པའི་དེ་མ་ཐག་ཏུ་རང་རིག ་པ་ལས་སྐྱེས་པ་ནི་དངོས་གྲུབ་པོ། །ཇི་སྐད་དུ་གསུངས་སོ་པ། རང་རིག་ལས་ནི་དངོས་གྲུབ་འགྱུར། །རང་རིག་ཕྱིར་ན་བསྒོམ་པའོ། །ཞེས་བའོ། །སླར་ཡང་གསུངས་པ། ཕྱག་རྒྱ་རྒྱུ་དང་སྦྱོར་བྲལ་ལས། །རྣལ་འབྱོར་སྙིང་རྗེ་ཐབས་སུ་འགྱུར། །སྟོང ་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་སུ་བརྗོད་པ་ཡིན། །འདི་ཉིད་བཅོམ་ལྡན་འདས་ཀྱི་ཟུང་དུ་འཇུག་པ་ནི་ལམ་དང་གྱུར་དུ་འཇུག་པ་ནི་འབྲས་བུར་གསུངས་པ་ཡིན་ནོ། །དེ་གསུངས་པ། རང་རིག་ཡེ་ཤེས་དེ་ཉིད་འགྱུར། །རང ་གཞན་ཡང་དག་རིག་པ་སྤངས། །མཁའ་མཉམ་རྡུལ་བྲལ་སྟོང་པ་ཉིད། །དངོས་དང་དངོས་མེད་བདག་ཉིད་མཆོག། ཐབས་དང་ཤེས་རབ་ཤིན་ཏུ་འདྲེས། །ཆགས་དང་ཆགས་བྲལ་རྣམ་པར་འདྲེས། །དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག་།དེ་ཉིད ་མི་འགྱུར་དམ་པ་ཡིན། །དེ་ཉིད་ཐམས་ཅད་ཁྱབ་པ་པོ། །ལུས་ཀུན་ལ་ནི་རྣམ་པར་གནས། །འདི་ཉིད་དུ་གསུངས་པ། དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང། །དེ་བཞིན་སླར་ཡང་བྱོན་པ་ཉིད། །འདིས་ནི་ཤེས་རབ་རིག་པ་ཡིས། །དེ་བཞིན ་གཤེགས་པར་མངོན་བརྗོད་བྱ། །དེ་ལ་རྡོ་རྗེ་སྙིང་པོས་གསོལ་པ། །ཐབས་གང་གིས་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བགྱི་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཀྱིལ་འཁོར་འཁོར་ལོ་སོགས་ཐབས་དང། །བདག་ཕྱིན ་བརླབ་པའི་རིམ་པས་ཀྱང། །ཀུན་རྫོབ་དོན་དམ་གཟུགས་ཅན་གྱི། །བྱང་ཆུབ་སེམས་ནི་རབ་ཏུ་བསྐྱེད། །ཀུན་རྫོབ་ཀུན་ལ་ལྟ་བུ་སྟེ། དོན་དམ་བདེ་བའི་གཟུགས་ཅན་ནོ། །བུད་མེད་ཀྐོ་ལ་བདེ་བ་ཅན། །ེ་ཝཾ་ཡི་གེའི་རང་བཞིན་དུ། །བདེ་བ ་བ་སྲུང་བ་ཉིད་ཀྱི་ཕྱིར། བདེ་བ་ཅན་ཞེས་བརྗོད་པར་བྱ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། རྡོ་རྗེ་འཛིན་པ་རྣམས་ཀྱི་གནས། །འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །འཁོར་བ་སྤངས་ནས་གཞན་དུ་ནི། ་མྱ་ངན་འདས་པའི?་རྟོག་མི་འགྱུར། །འཁོར་ཅ?་གཟུགས་དང་སྒྲ་ལ་སོགས། །འཁོར་བ་ཚོར་བ་ལ་སོགས་པ། །འཁོར་བ་དབང་པོ་རྣམས་ཉིད་དེ། །འཁོར་བ་ཞེ་སྡང་ལ་སོགས་པ། འདི་རྣམས་ཆོས་ནི་མྱ་ངན་འདས། །རྨོང་ཕྱིར་འཁོར ་བའི་གཟུགས་ཅན་ཉིད། །རྨོངས་མེད་འཁོར་བ་དག་པས་ནི། །འཁོར་བ་མྱ་ངན་འདས་པར་འགྱུར། །འདིས་ཆོས་འདི་རྣམས་ཀྱི་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་ཡོངས་སུ་མཁྱེན་པ་ལས་རྒྱལ་བ་མཆོག་རྣམས་ཀྱིS་བདག་ཉིད་ཀྱི་སྐྱེ་བ་གསུངས་པ་ཡིན་ནོ།། ་གལ་ཏེ་གཞན་རྣམས་ཀྱིས་བླ་མ་བརྒྱུད་པའི་རིམ་པས་རང་བཞིན་ཡོངས་སུ་ཤེས་པར་འགྱུར་ཞིང་སོ་སོའི་སྐྱེ་བོ་རྣམས་ཀྱི་ཡིན་པ་དེའི་ཆེ་དེ་རྣམས་ཀྱི་བདག་ཉིད་འབའ་ཞིག་པ་ཡང་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་པ། མ་ལུས་པ་ཡི་སེམས་ཅན ་གྱི། །སྐྱེ་བ་གང་ལ་བརྗོད་བྱ་བ། །གང་ཕྱིར་སྤྲུལ་པ་གནས་བརྟན་ཕྱིར། །དེ་ལ་སྤྲུལ་པའི་སྐུ་ཉིད་ཡིན། ཞེས་པ་ལ་སོགས་པ་རྒྱས་པར་ཏེ། སྡེ་པ་སྡེ་བ་ཞེས་བཤད་པ། །ལྟོ་བ་གནས་སུ་བརྗོད་པར་བྱ། །སྐྱེ་གནས་འདོད་ཆགས་བྲལ་བར་འགྱུར། །མངལ་གྱི་ཁྲུ་མ ་ཆོས་གོས་ཡིན། །དེ་བཞིན་མ་ནི་མཁན་པོའོ། །མགོ་བོར་ཐལ་མོ་སྦྱར་བ་ཕྱག། འགྲོ་བའི་བྱ་བ་བསླབ་པའི་གནས། །དེ་བཞིན་སྔགས་བཟླས་ཨ་དང་ཧཾ། །སྐྱེ་གནས་འཁོར་ལོའི་ཡི་གེ་ཨ། །བདེ་ཆེན་གྱི་ཡང་ཡི་གེ་ཧཾ། །གཅེར་དུ?་སྐྲ་དང་ཁ་སྤུ་བྲེག། སྔགས ་བཟླས་ཀྱང་ནི་དགེ་སློང་སྐྱེས། །ཆོགས་པ་འདི་རྣམས་ཀྱིས་སེམས་ཅན། །སངས་རྒྱས་ཉིད་དུ་ཐ?་ཚོམ་མེད། །ཟླ་བ་བཅུ་ཡངས་རྣམས་ཡིན། །སེམས་ཅན་ས་བཅུའི་དབང་ཕྱུག་གོ། འདི་ཉིད་ཡེ་ཤེས་ཆེན་པོ་སྟེ། །ལུས་ཀུན་ལ་ནི་རྣམ་པར་གནས། །གཉིས་དང་གཉིས ་སུ་མེད་པའི་ཚུལ། །དངོས་དང་དངོས་མེད་བདག་ཉིད་གཙོ། །བརྟན་དང་གཡོ་བ་ཁྱབ་ནས་གནས། །སྒྷ?་མའི་གཟུགས་ཅན་ཉིད་དུ་སྣང། །དཀྱིལ་འཁོར་འཁོར་ལོ་སོགས་ཐབས་ཀྱིས། །རྟག་ཏུ་ངེས་པར་འགྲུབ་པར་འགྱུར། །ལུས་ལ་ཡེ་ཤེས་ཆེན་པོ་གནས ་ཀུན་ཏུ་རྟོག་པ་ཐམས་ཅད་སྡངས?། །དངོས་པོ་ཀུན་ལ་ཁྱབ་བྱེད་པ། །ལུས་ལ་བཅས་ཀྱང་ལུས་སྐྱེས་མིན?། །དེའི་ཕྱིར་བདག་བྱིན་གྱིས་བརླབ?་པའི་དེ་བཞིན་ཉིད་ལ་རབ་ཏུ་ཞུགས་པའི་དེ་མ་ཐག་ཏུ་སྐྱེ་བའི་རིམ་པ་ཤེས་པར་བྱ་སྟེ་རྣམ་པ་གཞན་དུན?་འཁོར་བཟད་པ ་ཙམ་ཁོ་ནར་འགྱུར་རོ། །འཁོར་བར་གནས་པའི་བར་དུ་ཡང་དམ་པའི་དོན་ཡང་དག་པར་རྫོགས་པའི་ཐབས་དང། སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་མཆོག་ཏུ་བདེ་བ་ཆེན་པོའི་མཚན་ཉིད ་ཀྱི་འབྲས་བུ་རང་བཞིན་གྱིས་ཐོབ་པར་འགྱུར་བ་མ་ཡིན་ནོ། །དེ་གསུངས་པ། བསྐྱེད་བའི་རིམ་པའི་རྣལ་འབྱོར་གྱིས། །བརྟུལ་ཞུགས་ཅན་གྱིས་སྤྲོས་པ་བསྒོམ། །སྤྲོས་པ་རྨི་ལམ་ལྟར་བྱས་ནས། །སྤྲོས་པ་ཉིད་ནི་སྤྲོས་མེད་བྱ། །སྒྱུ་མ་ཇི་བཞིན་གྱི་ལམ ་ནི། །ཇི་ལྟར་བར་མའི་སྲིད་ཇི་བཞིན། །རྟག་ཏུ་གོམས་པའི་སྦྱོར་བ་ལས། །དེ་ལྟ་ཉིད་དུ་དཀྱིལ་འཁོར་སྣང། །ཕྱག་རྒྱ་ཆེན་པོའི་དབང་བསྐུར་བར། །ཇི་ལྟར་ཤེས་པའི་བདེ་འདི་ཆེན་པོ། །དེ་ཉིད་དེ་མྱོང་བ་ལས་ཏེ། །གཞན་ལས་དཀྱིལ་འཁོར་འབྱུང་བ་མེད། ། ་དེ་ལྟར་ཡང། །ཕུང་པོ་རྣམས་ཉིད་དྲི་མ་མེད་པའི་དཀྱིལ་འཁོར་ཏེ། །ཐམས་ཅད་ལྷ་མོ་མང་པོར་རྣམ་པར་དེས་ཤིང་རྟོགས། །དེ་ལ་དཔའ་བོ་ཧེ་རུ་ཀ་ཡང་ཡིན་པ་སྟེ། །འཛག་མེད་སྐུ་སྟེ་དེ་བཞིན་ཉིད་ཀྱི་རོ་ཡིན་ནོ། །ཀྱེ?་རྡོ་རྗེའི་རྒྱུད་དུ་རང་གསུངས་པ། བདེ ་བ་ནག་པོ་བདེ་བ་སེར། །བདེ་བ་དམར་པོ་བདེ་བ་དཀར། །བདེ་བ་སྔོན་པོ་བདེ་བ་ལྗང། །བདེ་བ་ནག་པོ་རྒྱུ་མི་རྒྱུ། །བདེ་བ་ཤེས་རབ་བདེ་བ་ཐབས། །དེ་བཞིན་ཀུན་ཏུ་དུ་སྐྱེས་བདེ། །བདེ་བ་དངོས་དང་དངོས་མེད་བ། །རྡོ་རྗེ་སེམས་དཔའ་བདེ་བར་བརྗོད། ། ་རྡོ་རྗེ་སྙིང་པོས་གསོལ་པ། རྫོགས་པའི་རིམ་པའི་རྣལ་འབྱོར་འདི། །དེ་ཡི་བདེ་བ་བདེ་ཆེན་འདོད། །རྫོགས་པ་བསྒོམ་པ་མེད་པ་ཡིས། །བསྐྱེད་པས་དགོས་པ་ཅི་ཞིག་ཡོད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཨེ་མ་བྱང་ཆུབ་སེམས ་ཆེན་འདི། །དད་པའི་ཤུགས་ཀྱིས་རབ་ཏུ་ཉམས། ལུས་ཀྱི་དངོས་མེད་གང་ལས་བདེ། །བདེ་བར་སྨྲ་བར་མི་ནུས་སོ། །བྱ་བ་བྱ་ཁྱབ་བྱེད་ཚུལ་གྱིས་ནི། །བདེ་བས་འགྲོ་བ་ཁྱབ་པ་ཡིན། །ཇི་ལྟར་མེ་ཏོག་ལ་གནས་དྲི། །མེ་ཏོག་མེད ་ཕྱིར་ཤེས་མི་འགྱུར། །དེ་བཞིན་གཟུགས་ལ་སོགས་མེད་པས། །བདེ་བ་དམིགས་པ་ཉིད་མི་འགྱུར། །དངོས་?་དངོས་པོ་མེད་པ་ང། །དངོས་པོ་རྟོགས་ཕྱིར་སངས་རྒྱས་པ། །གང་ཞིག་ལེ་ལོས་ཉེར་འཚེ་དང། །རྨོངས་པ་གང་གིས་བདག་མི་ཤེས། །རྗེ་བཙུན ་ལྷ་མོའི་བྷ་གར་ནི། །ེ་ཡི་རྣམ་བའི་ཆ་བྱང་གཟུགས། །སངས་རྒྱས་རིན་ཆེན་ཟ་མ་ཏོག། བདེ་བ་ཅན་དུ་རྟག་ཏུ་རྒྱུ། །འཆད་པ་པོ་ང་ཆོས་ཀྱང་ང། །རང་གི་ཚོགས་ལྡན་ཉན་པ་དང། །སྒྲུབ་བྱ་འགྲོ་བའི་སྟོན་པ་ང། །འཇིག་རྟེན་འཇིག་རྟེན་པ་ཡང་ང། །ལྷན ་ཅིག་སྐྱེས་དགའ་ཨི་རང་བཞིན་ང། །མཆོག་མཛའ་དགའ་རྣལ་དང་པོ་ཅན། །མུན་པ་ལ་ནི་མར་མེ་ལྟར། །དེ་བཞིན་བུས་ཀྱང་ཡིད་ཆེས་ཀྱིས། །སྟོན་པ་སུམ་ཅུ་རྩ་གཉིས་མཆན། །བཙུན་མོའི་བྷ་ག་བདེ་ཅན་དུ། །ཁུ་བའི་མིང་གིས་རྣམ་པར་གནས། །གསུངས་པའི་རིམ ་པ་འདི་ཉིད་ཀྱིས། །སྔགས་རྒྱུད་སོགས་དང་རྣལ་འབྱོར་ལ། །གང་གིས་ཧེ་རུ་ཀ་མི་ཤེས། །དེ་ཡིས་ལོག་པར་དལ་བའོ། །དེ་མེད་པས་ན་བདེ་མེད་འགྱུར། །བདེ་བ་མེད་ན་དེ་མེད་འགྱུར། །ནུས་མེད་ཉིད་ཕྱིར་ལྟོས་བཅས་ཏེ། །ལྷ་ཡི་རྣལ་འབྱོར་ལས་བདེའོ། །གང ་?་ལུས་ལས་བྱུང་བསན། །?་ཞེས་བརྗོད་པར་བྱ་བ་མིན། །དེ་ཕྱིར་སངས་རྒྱས་དངོས་འགྱུར་མིན། །དངོས་མེད་ཚུལ་དཱུང་འགྱུར་ཉིད་མིན། །ཞལ་ཕྱག་རྣམ་པ་གཟུགས་ཅན་ཏེ། །མཆོག་ཏུ་བདེ་བས་གཟུགས་མེད་པ། །དེ་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས།། ་རང་བཞིན་ལྷན་ཅིག་སྐྱེས་བརྗོད་བྱ། །རྣམ་པར་དག་པའི་སེམས་ཀྱིས་ནི། །རང་བཞིན་ཉིད་ནི་མྱ་ངན་འདས། །བཞིན་ལག་ཁ་དོག་དབྱིབས་ལས་ནི། །ལྷ་ཡི་རྣམ་པའི་གཟུགས་སུ་ནི། །སྐྱེ་བ་ཙམ་གྱིས་རྣམ་པར་གནས། །འོན་ཀྱང་ཐ་མལ་བག་ཆགས་ལས། དེའི ་ཕྱིར་ལོངས་སྤྱོད་རྫོགས་པའི་ལུས་མེད་པས་གྲོལ་བ་མ་ཡིན་ཏེ། དེ་ནི་གང་དུ་ཡང་འདོད་པར་བྱ་བ་མ་ཡིན་ནོ། །ཐམས་ཅད་དུ་སྟོང་པ་ཉིད་ལས་ལྷན་ཅིག་སྐྱེས་པར་བཤད་པ་ན་དངོས་པོས་གྲོལ་བ་དེ་ཡང་མ་ཡིན་ནོ། །དེའི་ཕྱིར་ཡང་དེ་དག་གེ་རྣམ་པར ་གྲོལ་བཞི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཐར་བའི་གཟུགས་བྱང་ཆུབ་ཀྱི་སེམས་མ་ཡིན་ནོ་ཞེས་བྱ་བར་ངེས་སོ། །དེ་ལྟར་ཡང་ཀྲུ་?་ཞབས་ཀྱིས། དངོས་པོ་ཉིད་ཀྱིས་རྣམ་གྲོལ་བྱ། །དངོས་པོ་མེད་པས་འགྱུར་བ་མིན། ་དངོས་པོའི་བདག་ཉིད་རྣམ་གྲོལ་ཏེ། །དངོས་དང་དངོས་?་ཡོངས་ཤེས་པས། །བཅོམ་ལྡན་འདས་ཀྱིས་ཡང་རྒྱུད་དུ་གསུངས་པ། །རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །དངོས་པོ་ཉིད་ཀྱིས་རྣམ་གྲོལ་ཞིང། །དངོས་པོའི་འཆིང་བས་འཆིང་བར་འགྱུར།། ་དེ་ཡོངས་ཤེས་པས་གྲོལ་བ་ཡིན། །དངོས་པོ་མེད་པའང་ཡོངས་ཤེས་པས་།དང་པོ་བསྒོམ་འགྱུར་ཤེས་རབ་ཅན། །དངོས་པོ་མེད་པ་འང་ཡོངས་ཤེས་པས། །ཏེ་རུ་ཀ་དཔལ་དེ་ལྟར་བསྐོམ། །ཡང་གསུངས་པ། ཤྲཱི་ཡིག་གཉིས་མེད་ཡ ་ཤེས་ཏེ། །རྟེན་དུ་སོགས་སྟོང་པ་ཉིད། །རུ་ཡིག་བཀོད་པ་དང་དྲལ་བ། །ཀ་ནི་གང་དཱུང་མི་གནས་བའོ། །དེ་ལྟར་ཤེས་རྣས་རྣལ་འབྱོར་པ། །གང་ཞིག་མཉམ་བཞག་སྒོམ་བྱེད་པ། །བསོད་ནམས་ཞན་པས་མི་ཡིས་ཀྱང། །ཐེ་ཚོམ་མེད་པར ་དེ་འགྲུབ་བོ། །མཉམ་པོར་བཞག་པའི་རྣལ་འབྱོར་ཡང་རྣལ་འབྱོར་པར?་མའི་འོ། །བཟའ་དང་བཏུང་དང་ཁྲུས་བྱེད་དང། །སད་དམ་ཉམས་ཡང་བསམ་པར་བྱ། །ཕྱག་རྒྱ་ཆེན་པོ་མངོན་འདོད་བས། །དེ་ལས་རྟག་ཏུ་འགྲོ་བར་འགྱུར། ཞེས་པ ་མཉམ་པར་བཞག་པ་འདི་ནི་རྣལ་འབྱོར་པ་འབྲིང་པོའི་ཡིན་ནོ། ། ཆེན་པོའི་སྤྱད་པ་སྤྱོད་བ་རྣམས་ཀྱིས། །བཟའ་བཏུང་ཇི་ལྟར་རྙེད་པ་དང། །བགྲོད་དང་བགྲོད་མིན་མི་སྤང་ཞིང། །ཁྲུས་དང་གཙང་སྦྲ་མི་བྱ་སྟེ། །གྲོང་གི་ཆོས་ནི་སྤང་མི་བྱ། ། ་བློ་ལྡན་སྔགས་བཟླ་བ་ཉིད་མིན། །བསལ་གཏན་དམིགས་ནས་པར་བྱ་ཉིད་ཡིན། །གཉིད་ནི་སྤང་བར་མི་བྱ་སྟེ། །དབང་པོ་རྣམས་ནི་མི་དགག་གོ། པ་ལ་ཐམས་ཅད་བཟའ་བར་བྱ། །རིགས་པ་ལ་ནི་མཉམ་པར་སྤྱད། །དོགས་པ་མེད་པའི་སེམས ་ཀྱིས་ནི། །བཙུན་མོ་ཐམས་ཅད་དགའ་བར་བྱ། །གྲོགས་པ་དགའ་བར་མི་བྱ་ཞིང། །དེ་བཞིན་བདུག་ལ་ཞེ་སྡང་མིན། རྡོ་ཤིངས་ལས་བྱུང་བ་ཡི། །ལྷ་འདི་རྣམས་ལ་ཕྱག་མི་བྱ། །ཞེས་པ་ལ་སོགས་པ་རྒྱས་པར་རོ། །དེ་ལྟར་ཡང། སྔགས་ཀྱི་བཟླས་མེད ་དཀའ་ཐུབ་མེད་ཅིང་སྦྱིན་སྲེག་མེད། དཀྱིལ་འཁོར་བ་མེད་དཀྱིལ་འཁོར་ཡང་ནི་མེད་པ་སྟེ། །དེ་ནི་སྔགས་བཟླས་དཀའ་ཐུབ་དེ་ཡིན་སྦྱིན་སྲེག་དེ། །དེ་ནི་དཀྱིལ་འཁོར་པ་སྟེ་དཀྱིལ་འཁོར་ཡང་ནི་དེ། །མདོར་བསྡུས་ནས་ནི་སེམས་སུ་འདུས་པའི་གཟུགས་ཅན་མོ? ་གཞན་དུ་ཡང་གསུངས་བ་ཇི་ལྟར་དཔའ་བོ་རྟོག་མེད་པས། །འཇིག་རྟེན་པའི་གནས་བཅོམ་ནས། །སྤྱོད་པ་ཐམས་ཅད་སྤྱད་བར་བྱ། །དེ་ཚེད་ཡི་སངས་རྒྱས་མཐོང། ཞེས་པའོ། །དཔལ་ལྡན་ཏེ་རུ་ཀ་ཡིས་རྒྱུད་ཀྱི་རྒྱལ་པོར་གསུངས་པའི་བླ་མེད་རིམ་པ་ལྔ། །དཔལ་ལྡན ་ཛཱ་ལནདྷ?་རི་བ?་རང་པའི་ཞབས་ཀྱིས་བཀོད་དང་བླ་མའི་གསང་བའི་བཞེད། །དེ་ཐོབ་སྐལ་པ་བཟང་ལ་ཡང་དག་གཞུང་བྱས་??་མཆོག་གང་ཐོབ་དེ་ལས། །མ་ལུས་སེམས་ཅན་ཕུང་པོའི་འགྲོ་བས་བླ་མེད་རིམ་ལྷངས?་བར་ཐོབ་པར་ཤོག། །།དཔལ་ཀྱེ་རྡོ ་རྗེའི་སྒྲིབ་པའི་ཤེས་རབ་ཏུ་གསལ་བཞེས་བྱ་བ་དཀྱིལ་འཁོར་ཆེན་པོའི་སློབ་དབོན་དཔལ་གྲཱ་ཅན་གསང་བའི་?་ཀྱིས་མཛད་རྫོགས་སོ།། །།འདི་ནི་ཚད་མེད་པའི་བསོད་ནམས་ཀྱི་དཔལ་ལ་བརྟེན་ནས། འཛམ་བུས་མཚན་པའི་གླིང་གི་བྱང་ཕྱོགས ་ཀྱི་རྒྱུད་ཀྱི་རྒྱལ་པོ་འསྲིད་ལ་མང་?་སྦྱར?་ཞིང། བསྟན་པ་རིན་པོ་ཆེ་ལ་སྲེད་ཞུ་དང། བྱ་བ་ལྷག་པར་བསྒྲུབ་པའི་ཁུར་གྱིས་མི་ངལ་བའི་ཆོས་ཀྱི་རྒྱལ་པོ་ཆེན་པོ། གྲགས་པ་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོས་ལུད་སྩལ་ཞིང། བདག་རྐྱེན་མཛད་ནས། རྒྱ ་གར་ཤར་ཕྱོགས?་ཀྱི་?་ཅེན་པོ་ཤྲཱི?་བ་ན་རཱ?་སྐབས་ཀྱི་ཞལ་?་ནས་དང། བོད་ཀྱི་ལོ་ཙང་འགོས་གཞོན་ནུ་དཔལ་གྱིས་ཕྱོགས་ལས་རྣམ་བར་རྒྱལ་བའི་ཕོ་བྲང་ཆེན་པོ་སྣེ་གདོད་རྩེའི་གཙུག་ལག་ཁང་དུ་བསྒྱུར་བའོ།། །།?་རྡོ་རྗེ་ཕན་?? ་ཡང་ན་ཚོགས་བཅད་གཅིག་པ་འདི། །བཞི་ཡིས་མགྲིན་གཅིག་བརྗོད་པར་བྱ། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་སེམས་དཔའ་ལས་བྱུང་བའི། །དཀྱིལ་འཁོར་འདྲེན་པས་བཤད་དུ་གསོལ། །དེ་ནས་ལངས་ཏེ ་ནམ་མཁའ་ལ། །བཞུགས་པའི་སངས་རྒྱས་ལ་བཏུད་དེ། །བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི། །སྤྱོར་བས་ང་རྒྱལ་བསྐྱེད་བར་བྱ། །སངས་རྒྱས་རྡོ་རྗེ་སེམས་དཔའ་དག། རྡོ་རྗེ་ཉི་མ་བདག་ཉིད་དེ། །དོན་ཡོད་རྡོ་རྗེ་ཆོས་བདག་ཉིད། །སངས་རྒྱས་ཐམས་ཅད ་བདག་ཉིད་ཡིན། །ཧཱུཾ་བརྗོ?་?་སྔགས་ཀྱིས། །རང་གི་མངོན་སྤྲུལ་འཁོར་ཡོ་ནི། །ནམ་མཁའ་བཏེག་པར་བྱས་ནས་ཀྱང། །རྡོ་རྗེའི་གར་གྱིས་ཀུན་ཏུ་བསྐོར། །སྔར་བཤད་པ་ཡི་སྔགས་ཀྱིས་ནི། །རྡོ་རྗེས་གཞིའི་རང་བཞིན་བྱ། །ར་བ་ཉིད་དང་དྲ་བ་དང།། ་བླ་རེ་ལ་སོགས་ས་གཞི་བྱ། །ཕུར་བུ་ལ་ནི་ཁྱད་པར་དུ། །ཕུར་པོ་སོར་མོ་བཅོ་བརྒྱད་པ་འམ། །ཡང་ན་སོར་མོ་བཅུ་གཉིས་པ། །སྡོམས་སུ་སོར་དྲུག་སོར་བཞི་པ། །སེང་ལྡེང་རུས་པ་ལྕགས་ལས་བྱས། །ཙན་དན་དམར་པོས་བྱུག་པར་བྱ། །ཕྲེང་བ་ཅོད ་ཕན་དམར་པོས་མཛེས། །ཆད?་པ་གཡོན་པས་བཟུང་པར་བྱ། །ཕུར་བུའི་མགོ་རུ་ཐོ་བ་ནི། བཞག་པ་ལག་པ་ཅིག་ཤོས་ཀྱིས། །སྔོན་གྱི་སྔགས་ཀྱིས་བརྡུངས་བྱས་ཏེ། །ཤང་སོགས་གནས་སུ་གདང་བར་བྱ། །ཡང་ན་སྔགས་དང་ཕྱག་རྒྱ་ཡས། །ཕུར ་བུ་རམ་བྱ་?་བྱ། །ལག་པའི་མཛིལ་ནི་སྟེང་བསྟན་ཏེ། །བཟློག་ནས་ས་ལ་བརྡབ་པར་བྱ། །ོཾ་བཛྲ་ཏཱུ?་ཕཊ། །རྡོ་རྗེ་འུར་བུའི་སྔགས་དང་ཕྱག་རྒྱའོ། །ལག་གཉིས་ལུ་གུ་རྒྱད་བཅས་ཏེ། །གྱེན་དུ་བརྐྱང་ནས་ཕྱི་རུ་བཟློག། ཨོཾ་ཧཱུཾ་ཕཊ། དྲ་བའི་སྔགས ་དང་ཕྱག་རྒྱའོ། །ལག་གཉིས་ཁུ་ཚུར་བྱས་ནས་ནི། །ཡེ་ཤེས་པདྨ་བརྐྱང་བར་བྱ། །ས་གདུགས་དང་ན་རྣམ་ཤེས་རྐྱང?། ཡེ་ཤེས་དང་ནི་རྣམ་ཤེས་སྦྱར། །ས་གདུགས་པདམོ་སྦྱར་བྱས་ཏེ། ཕྱོགས་མཚམས་བརྒྱད་དུ་བསྐོར་བར་བྱ། །ོཾ་ཛཾ་བྷ་ནི་ ་