| Wylie | e-texts based on the ACIP/ALL Input |
དེང་དུས་མཁས་པའི་སྐྱེ་བོས་བཟོད་བར་མཛོད།། །།*། །ཌོམྦི?་པའི་སློངས་ཚའི་འགྲེལ་པ་བཞུགས། རྒྱ་གར་སྐད་དུ། བྷིཀྵཱ་དྲིཐི་ནཱ་མ་།བོད་སྐད་དུ། སློང་མོའི་འགྲེལ་པ་ཞེས་བྱ་བ་།འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། ་དཔལ་ལྡན་འཁྲུལ་འཁོར་སྔགས་གྱི་དོན། །རིག་པ་ངེས་པར་འབྱུང་བའི་བདག་།རྟོག་པའི་བླ་མ་བསྲེག་པ་ཡི། །འཇམ་དབྱངས་དཔལ་ལ་ཕྱག་འཚལ་ལོ། །བླ་མ་དམ་པའི་ཞབས་ཆུ་སྐྱེས། །ལོ་དྲུག་རྟོག་པ་མེད་པར་བརྙེན། དེ་ཡིས་གེ་སར་མཆོག ་གི་རྡུལ། །ལེགས་པར་སྦྱར་བྱས་སློངས་མོ་ཆེ། །དེ་ནས་ང་རྒྱལ་ཚེ་དོར་ནས། །ལམ་བྲལ་ནམ་མཁའ་ཨི་གནས་སྡུག་དུ། །བརྩེ་བའི་སྦྱོར་ཉིད་རྟག་ཏུ་ནི། །ངེས་པར་སློངས་མོ་རྟག་ཏུ་བརྙེན། །བླ་མ་དང་པོར་བསྙེན་བཀུར་ནས། །རང་འདོད་སྒྲུབ་ཐབས ་བརྩམ་ཞིང་དབྱེ། །ཐོས་བསམ་བསྒོམ་པའི་རྣལ་འབྱོར་པ། །དེ་ཡི་དོན་ནི་སྙིང་ལ་བཞག་།དེ་ནས་མདུན་དུ་མཆོད་བྱས་ནས། །རྡོ་རྗེ་སྐྱིལ་ཀྲུང་སྦྱོར་བ་ཡིས། །སྲོག་གི་རླུང་ནི་ཀུན་ཏུ་དགག་།བློ་བཟངས་སྔགས་ཀྱི་བཟླས་པ་བྱ། །ཕྱོགས་སྐྱོང ་རྣམས་ལ་རོ་གནས་སུ། །གཏོར་མ་བཤམ་ཤིང་འབུམ་དུ་བཟླས། །རྣལ་འབྱོར་ཕྱོགས་ཀྱི་གོས་ཆད་ཅན། །དུར་ཁྲོད་གནས་སུ་གནས་པར་བྱ། །དེ་ལྟར་བྱེད་པའི་རྣལ་འབྱོར་ཆེ། །རྟོགས་དང་གྲོལ་བའི་འབྲས་རབ?་སྟེར། །བསླང་ཞེས་པ་ནི་བརྗོད་པ་ཡིས།། ་འགྱུར་བ་མེད་པའི་བརྟུལ་ཞུགས་སྤྱད། །དབྱུག་གུ་དང་ནི་ཤིང་སྣོད་དང། །ཆང་གི་བུམ་པ་བསྐལ་པ་ཅན། །ཕྱི་རོལ་དོན་གྱི་མཆོག་གིས་ནི། །སེམས་ནི་གནས་པར་འདོད་པ་སྟེ། །བརྟན་ཞིང་བརྟན་པའི་རྐང་པ་འདུག། སྣ་ཡི་རྩེ་ལ་བལྟ་ཞིང་བཅིང།། ་ཤིན་ཏུ་སྦྱོར་ལྡན་མཚན་མེད་མཁའ་ཨོ། །དེ་བཞིན་སྲོག་གི་ཡོན་ཏན་སེམས། །སྒོ་དགུ་རྣམ་པར་དག་པ་ཡིས། །གྲོང་དགུ་རུ་ནི་ཡང་དག་སྤྱོད། །ཡོད་དང་མེད་པར་གང་སེམས་པ། །དེ་བསམ་བསྒོམ་པར་མི་བྱའོ། །ཡིད་ལ་ཧཱུཾ་ཡིག་སྦྱོར་བ་ཡིས། །ཡི་གེ། ་བཞི་པོ་བརྗོད་པར་བྱ། །སྦྱིན་ལ་ཆགས་པས་ཁྱིམ་ཁྱིམ་དུ། །ཆི་དང་ཆུང་བར་མི་བརྗོད་ཅིང། །གང་གིས་འགྱུར་བ་མེད་ཤེས་པ། །དེ་ཡིས་ཕྱག་རྒྱ་གསལ་པ་འཐོབ། །རླུང་བཅུ་པོ་ནི་ཡང་དག་འཕྲོག། བཅུ་པ་ཉི་མ་ཟླ་བའི་འོད། །ཐབས་དང་?་ཀུན ་སྦྱོར་བས། །སློང་མོ་སྒོང་དུ་འགྲོ་བར་བྱ། །དེར་ནི་འདོད་པས་ཚངས་བ་ཡིས། །གནས་བཞི་རྟོགས་བའི་གླུ་བླང་པོ། །?་ཡི་མཱ་ཎ་ས་ཧཱ་?་མ་ཨི་སོ་ས་ཨི་ཨཱ་ལ། མ་བ་ཨོ་དྷརྨཱ་ཀར་?་ཨུ་ཀཱ་མས་ཧཱ་ཡུ། ཡཙྪ་ཨུ་ཨཀྵ?་དུ་ཛེ་བུ་ན་ཨི་སོ་སཾ་སཱ་རེ ་མི་སུཀྲ?། ?་?་མ་ཧེ་ས་ར་?་ཨ་ཎཱ་སཀྵ་དྷ?་ས་སྒྲུབ། འགྱུར་བ་མེད་པའི་ཚིག་འཐོབ་ཅིང། །འགྱུར་བ་མེད་པའི་ཚིག་ལ་གནས། །བྷིཀྵནཧེ?་ཧི་ཞེས་བརྗོད། །དེ་ཡི་རྙེད་པ་ཤིན་ཏུ་སྦྱོར། །དེ་ནས་བཟླས་པ་བཤད་བྱ་སྟེ། །ཱ་ལི་ཡི་གེ་བཞི་ཡི་མཛའ་།། ་གསུམ་པོ་ཡིས་ནི་རྣམ་པར་བརྒྱན། །དེ་ཡི་སྟེང་བཅུ་འདའ་ཨོ། །དེ་ཡི་སྟེང་བུ་ནཱ་དའོ། །དེ་ཡི་ཕྱིར་ན་ཤེས་བྱ་གང། །དེ་ཡང་ཡི་གེ་བཞི་པའོ། །ཧཱུཾ་ཧཱུཾ་ཡི་གེ་ཡི་མཐར་ཕཊ། །བདེ་བའི་སྔགས་ནི་བརྗོད་པར་བྱ། །སྔགས་ཀྱི་ཕྲེང་བ་མི་འདུས་པ། །བརྒྱ་དང་བརྒྱད ་ནི་མཆོག་ཡིན་ནོ། །སྨོན་པའི་བརྟུལ་ཞུགས་ཡང་དག་སྤྱོད། །འདོད་ཆགས་ཞེ་སྡང་རྣམ་པར་སྤངས། །གསལ་ཞིང་འབྲེལ་པའི་ལྷ་ཆེན་པོ། །བཞི་པོ་གང་གི་རྣལ་འབྱོར་པ། །དེ་ཡི་དེ་བཞིན་སློང་བ་མིན། །དག་ཅིང་ངེས་སེམས་སྐལ ་བ་ཅན། །གང་ཡང། བྷི་ཡིག་རྟོགS་པར་ཀུན་ཏུ་སྦྱོར། །ཀྵཾ་ཡིག་གྲོལ་བ་ཡི་ནི་རྒྱུད། །དེ་ཡི་ཡི་གེ་ངན་འགྲོ་འགོག་།ཧེ་ཡི་ཡི་གེ་འགྱུར་མེད་མཆོག་།བྷ་ཡིག་ཉི་མ་ཞེས་རབ་གྲུབ། ། ཡིག་ཟླ་བའི་རི་མོར་འདོད། །ཀ་ཡིག་བཀྲ་ཤིས་བྱེད་ཤ་ཟ། །ཤ་ཡིག ་རྟག་ཏུ་ལག་ཆུ་སྐྱོང། །བླ་མཆོག་ཨ་ཡིག་བླ་མར་བལྟ། །མ་ཡིག་པ་སངས་དབང་ཕྱུག་མཆོག་།མ་ཡི་ཡི་གེ་སྤེན་པར་འདོད། །དེ་རྣམས་དེ་རུ་དབང་བྱེད་མཆོག། གང་ཡང། བྷ་ཡི་ཡི་གེ་གཟུགས་སུ་བརྗོད། །མ་ཡི་ཡི་གེ་རྩེ་གཅིག་སྨྲ། །ཀ་ཡི་ཡི་གེ ་དྲི་ལོངས་སྤྱོད། །ཥ་ཡི་ཡི་གེ་འང་རོ་ཞེས་པ། །རེག་བྱ་ཨ་ཡི་ཡི་གེར་བརྗོད། །དེ་ཧི་ཞེས་ཡིག་སྟོང་པ་སྟེ། །མ་ཡིག་ང་རྒྱལ་འཇོམས་ཤིང་མཛད། །དངོས་དང་དངོས་མེད་མཛད་བརྟུལ་ཞུགས། །རྡོ་རྗེ་རྣལ་འབྱོར་མ་དཔལ་འདུད། །རྟག་ཏུ་ཕྱི་དང་ནང་དུ་ནི།། ་ཀུན་ཏུ་སྤྱོད་ཅིང་ཡང་དག་སྤྱོད། །དང་པོ་སྐྱོན་མེད་པས་རྣལ་འབྱོར་མ་ཡང་དག་པར་མཆོད་ཅིང་ཐེག་པ་དམན་པ་སྣ་ཚོགས་པའི་དྲི་མ་སྤང་ངོ། །དེའི་རྗེས་སུ་སྙིང་རྗེ་ནམ་མཁའ་བཞིན་དུ་སེམས་གནས་ཤིང་མི་གཡེང་བས་མིའི་ཐོད་པ་མཆོག་གི་སྣོད་དུ་བསླད? ་བ་རབ་ཏུ་བསྔགས་སོ། །ཇི་ལྟར་མངོན་སུམ་དུ་བསམ་པ་དང་ལྷ་མོ་སྣ་ཚོགས་པའི་རྣལ་འབྱོར་གྱི་བཟའ་?་བ་དང་བཏུང་བ་བཞིན། གང་དུ་མངོན་དུ་བདེ་བར་སེམས་ཤིང་སེམས་དཔའ་ཨི་སྦྱོར་བས་མངོན་སུམ་དུ་ཚོང་བར་འདོད་པས། དུས་ཐམས་ཅད་དུ་བྱའོ། ། ་དེ་ནས་སློངས་མོའི་བཟའ་བ་སྤྱོད་ཅིང་སེམས་ཅན་ཀུན་ལ་སྙིང་བརྩེ་བར་བྱའོ། །གང་རྣམ་པར་ཤེས་བ་ཙི་དུ་སྦྱོར་བའི་རྣལ་འབྱོར་པས་དང་པོ་ལྕེ་སྤྱད་གཅིག་གམ་ཁྱིའི་གནས་སུ་བསྒོམ་མོ། །དེ་ནས་འཇིག་རྟེན་པའི་བསམ་པ་ཤེས་ནས་འཇིག་རྟེན་པའི ་སེམས་བསྒོམ་མོ། །རྣལ་འབྱོར་མཆང་འཚོད་མ་དང། གཡུང་མོ་དང་གཏུམ་མོ་དང། སྦོམ་མོ་རྣམས་ལ་དེ་བཞིན་དུ་གོ་ལ་ཟླ་བ་ཉོས་ལ་ཟླ་བ་དྲུག་ཏུ་ཀུན་ཏུ་སོ་སོ་མཆོད་པར་བྱའོ། །ཡེ་ཤེས་ཀྱི་ཡོན་ཏན་ཇི་ལྟ་བར་འཇིག་རྟེན་ཀུན་ལ་བསམ་པར་བྱའོ། །རླུང ་ཡང་དག་པར་སྦྱོར་བས་སློངས་མོ་བསླང་ཞེས་བརྗོད་པར་བྱའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་འཚོ་བ་རྣམ་པར་སྤངས་པ་?་བཟའ་བར་བྱ་ཞེས་པ་ནི་ཁྱད་པར་དང་བཅས་པའོ། །གྲོང་དགུ་པ་ནི་སྒོ་དགུ་རྣམ་པར་དག་པར་ཡང་དག་པར་སྤྱོད། །པདྨ་དཀར་པོ་ཇི་ལྟ་བ ་བཞིན་གྱི་སྣོད་དུ་བདུད་རྩི་ལྔ་དང་དངོས་པོའི་དྲི་རིགས་བསྣམ་ཞིང་བསྒོམ་མོ། །ལམ་གྱི་རིགས་འདུ་ཤིང་གནས་པའི་ལམ་དུ་གནས་པས་སློངས་མོ་བསླངས་ཞེས་བརྗོད་ཅིང་སྣའི་རྩེ་ལ་བལྟ་ཞིང་བཅིང་ངོ། །སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་རང་གི་སེམས་ཡོངས་སུ ་བསྒོམ་མོ། །ཱ་ལི་བཅུ་གསུམ་པ་ལ་ཟླ་ཚེས་དང་སྟོང་པ་དང་ནཱ་དའོ། །ཱ་ལི་གཉིས་པ་ལ་ནམ་མཁའ་ཡང་དག་པར་ལྡན་ཞིང་མཚམས་སྦྱོར་བའི་ཡི་གེའོ། །ཱ་ལི་དྲུག་པ་ལ་ཟླ་ཚེས་དང་ཐིག་ལེ་དང་ནཱ་པའོ། །སྐུ་དང་གསུང་དང་ཐུགས་དག་པའི་ཆོས ་འབྱུང་གི་རེའུ་མིག་ཏུ་ཉི་ཤུ་རྩ་གསུམ་པ་ཚོགས་དགོད་དོ། །བདུད་རྩི་ལྔ་ལ་སོགས་པས་དག་པའི་གཟུགས་མཛེས་པའི་སྣོད་དུ་སིནདུ?་ར་ལ་གསེར་གྱི་མྱུ་གུས་བྲེའོ། །ུ་ཨ་ཛ་ར་ཨ་ཨུ་ཨཱ་རེ་ཨ་ཏ་ཨའི་ཨི་རེ་ཕན?་ཌ་སདྷ?་ཨཱ་ཧ་ཨ་ཌ་ཨཱ་ཀ་ཨའི་ན་ཨའི ་ཨི་ཨེ་ཧ་ཨའ་ཧཱུུ་བ་?་ཨ་ཌ་ཨུཾ། ཇི་ལྟ་བའི་རིམ་པས་སྔགས་ཀྱི་གཟུངས་ཀྱ་ཡི་གེ་རྣམས་དགོད་དོ། །ཆེ་ཆུང་འབྲིང་པོ་ཙམ་དུ་རྣལ་འབྱོར་མའི་གཟུགས་ཇི་ལྟ་བུ་བཞིན་ནོ། །ལོ་ལེགས་ཤིང་སེམས་ཅན་ཐམས་ཅད་ཀྱི་དབྱ་བ་དང་དགོས་པ་བསྒྲུབ་པའི ་ཕྱིར་རོ། །ཚིག་བརྒྱད་པོ་ཡང་དག་ཕར་བརྟེན་པས་སྲོག་ལེགས་པར་བརྟེན་ནོ། །ོཾ་ཨཱ:ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱ(རྒྱུད་འགྲེལ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱ:ཻ་ཧཱུཾ་ཕཊ་སྭཱ་ཧཱ་།མི་རུས་དཀར་པོའི་ཕྲེང་བ་ལ་སྔགས་དེ་རྣམས་ཡང་དག་པར་བཟླས་སོ། །སེང་གེ་བཞིན་དུ་འཇིགས་པ་མེད་པའི་རྣལ་འབྱོར་པས་འཇིག་རྟེན་གསུམ་དུ་ཡང་དག་པར་སྤྱད་དོ། །ཱ་ལི་དང་བཱ་ལི་ཡང་དག་པར ་བརྗོད་པའི་ཉི་མ་དང་ཟླ་བའི་རང་བཞིན་ནོ། །རླུང་ངེས་པར་རབ་ཏུ་འཇུག་པ་ནི་དཀྱིལ་འཁོར་ལྔའི་རང་བཞིན་ནོ། །དེའི་རང་བཞིན་མངོན་པར་ཤེས་པས་ནི་རང་གཞན་འཛིན་པའི་སྦྱོར་ཡུལ་ལོ། །དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་དུ་ཡང་དག་པར་ངེས་སོ། ། ་དེ་ནས་དང་རྣམ་པར་དག་པས་འཇིག་རྟེན་པའི་ཏིང་ངེ་འཛིན་བསྲེག་གོ་།གསལ་ཞིང་འཆད་པའི་མན་ངག་གི་རིམ་པ་ནི། ཕྱེད་དང་སིན?་ཡིས་ཁྲུ་ཡི་ལུས། །བདེ་བའི་ཁྱམ་དུ་འདོད་པ་ཡིན། །མི་གཙང་དྲི་མ་དང་ལྡན་པའི། །ལོངས་སྤྱོད་རྣམས་ནི་? ་བར་བྱ། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །ཐམས་ཅད་རྣམ་པར་གསལ་བར་བྱ། །དེ་ལྟ་བུར་ནི་ཤེས་པ་ཡི། །ཐར་པ་ཡིས་ནི་གནས་སུ་འགྲོ། །གཉིས་གཉིས་འཁྱུད་པའི་?་མ་ཡིས། །རོ་ནི་ཡང་དག་བཟའ་བར་བྱ། །སྙིང་རྗེ་?་ངའི་ཚང ་བླ་མ་རྣམས་ཀྱིས་ནི། །ཞབས་ཀྱིས་ཆུ་སྐྱེས་བསྙེན་པར་བྱ། །སེམས་ཅན་གྱི་ནི་རྣམ་པ་ཀུན། །མཚུངས་པ་ཉིད་དུ་བལྟ་བར་བྱ། །དེ་ལྟ་བུར་ནི་ཤེས་པ་ཡི། །དེ་ཡིས་ཆེས་རྣམས་རྣམ་པར་སྤྱོད། །འཇིག་རྟེན་པ་ཡི་སེམས་དང་ནི། །རྒྱལ་བའི་སེམས་ནི ་མཚུངས་པར་བྱ། །ལོ་ན་བཅུ་དྲུག་པར་དུ་ནི། །སྐྱོན་ནི་བརྗོད་པར་མི་བྱའོ། །རང་གི་ཆོས་ནི་ཆེན་པོ་ཡིས། །བསྲུང་བ་ཆེན་པོ་རབ་ཏུ་བྱ། །དེ་ལྟ་བུར་ནི་ཤེས་པ་ཡིས། །ཐམས་ཅད་དུ་ནི་སྤྱོད་པ་བྱ། །ལུས་དང་ངག་དང་ཡིད་རྣམས་ནི། །གཅིག ་ཡི་ནི་རང་བཞིན་ནོ། །སྐྱོན་གྱི་སྟོབས་ནི་དུ་མ་རྣམས། །གསལ་ཞིང་བསྟན་པར་བྱ་བ་ཉིད། །ཆང་གི་མཆོད་པ་དུ་མ་ཡི། །འཁོར་ལོ་མཆོག་གི་དྲ་བར་བྱ། །དེ་ལྟ་བུར་ནི་ཤེས་པ་ཡིས། །དེ་ཡིས་འཁོར་བ་ལས་ནི་གྲོལ། །ཇི་ལྟར་ཆུ་ཡི་ཟླ་བ་ཡི། །མི་བརྟན་པར ་ནི་མཐོང་བ་བཞིན། །ཇི་ལྟར་རྨི་ལམ་ནང་གི་ནི། །མེད་པའི་སེམས་ཅན་དང་མཚུངས་སོ། །ཇི་ལྟར་སྒྱུ་མས་བྱས་པ་ཡི། །སེམས་ཅན་ལྟ་བུར་འདོད་པ་ཡིན། །དེ་ལྟ་བུར་ནི་ཤེས་པ་ཡིས། །དེ་ཡི་ཐོབ་པ་འཛིན་པ་ཡིན། །ཇི་ལྟར་ཡིད་བཞིན་ནོར་བུ་ལྟར། །དེ་ལྟར ་ཤེས་པས་བཟླས་པ་བྱ། །ཇི་ལྟར་དཔག་བསམ་ཤིང་ལྟ་བུར། །དེ་དག་གི་ནི་རང་བཞིན་ནོ། །ཇི་ལྟར་ཌོམྦི་པ་ཡི་ནི། །ཞབས་ཀྱང་དེ་ལྟ་དེ་ལྟ་བུར། །ནམ་མཁའ་དང་ནི་མཚུངས་པར་བྱ། །ཌོ་?་པའི་སློངས་མོའི་འགྲེལ་པ་ཞེས་བྱ་བ་རྫོགས་སོ།། །། ་རབ་ཏུ་སྔགས་པའི་གནས་ཆེན་པོ་ཉེ་བའི་འཐུང་གཅོད་བལ་པོ་ཡཾ་བུའི་གྲོང་ཁྱེར་དུ། སྒྲ་པ་ཆེན་པོ་ཛེ་ཧ་ཀར?་དང། ལོ་ཙཱ་བ་ཤཱཀྱ་དེ?་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོར་བསྒྱུར་བའོ། །སའི་སྟེང་དུ་ཉེ་ཟླ་ལྟར་གྱུར་ཅིག། །། *་། །རྒྱ་གར ་