| Wylie | e-texts based on the ACIP/ALL Input |
ཆོས་ཀྱི་རྒྱལ་པོ་ཆེན་པོ་གྲགས་པ་འབྱུང་གནས་ཀྱི་སྤྱན་?། པཎྜི་ཏ་ཆེན་པོ་བ་ན་རཏན་དང། གཞོན་ནུ་དཔལ་གྱིས་ཁ་ཆེ་དཔལ་གྱི་བུམ་པའི་འདྲེལ་པ་དང་མདུན?་པར་བསྒྱུར།། ཀྱེའི་??། །རྒྱ་གར་སྐད་དུ། ཧེ་བཛྲ་སཱ་དྷན་པཉྫི་ཀཾ། བོད ་སྐད་དུ་ཀྱེ་རྡོ་རྗེའི་གྲུབ་པའི་ཐབས་ཀྱི་དགའ་འབྲེལ། བྱང་ཆུབ་སེམས་དཔའ་ཤས་པ་འཇམ་དཔལ་གཞོན་ནུ?་གྱུར་པ་ལ་ཕྱག་འཚལ་ལོ། །སྲིད་མུན་ཉིན་མོང་?་པ་ཡི། །ཀྱི་ཡི་རྡོ་རྗེད་ཕྱག་འཚལ་ནས། །དེ་ཡི་སྒྲུབ་ཐབས་མདོར་བསྡུས་པའི།།དཀའ་འགྲེས་? ་?། །དེ་ལ་སློབ་དཔོན་དོམ་?་བའི་ཞབས་ཀྱིས་སྤྱིའི་བསགས་ཉེས་བཞི་བའི་དོན་དུ་ཆོས་དང། ལོངས་སྤྱོད་པ་དང། སྤྲུལ་པ་དེ་སྐུ་གསུམ་གྱི་བདག་ཉིད་ཀྱི་དཔལ་ཧེ་དུ་ཀ་ལ་རབ་ཏུ་བསྔགས་ནས་ཕྱག་མཛད་པ། ཀུན་དུ་རྟོག་པ་ཀུན་སྦངས་ཀྱང། །?་ཆེན ་བདག་?་དངོས་པོ། །ཀྱི་རང་བཞིན་ཏེ། །ཧ་རུ་ཀ་དཔལ་མགོན་ལ་འདུད། །ཅེས་བྱ་བ་གསུངས་ཏེ་ཧེ་དུ་ག་དཔལ་ཞེས་པ་ལ། དཔལ་ཏེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་ཉིད་ཀྱི་ཕྱིར་ཧེ་རུ་དཔལ་ཏེ། །འདིར་ལྡན་པའི་?་ཕྱིས་པའོ། །ཧེ ་ཡིག?་གིས་ནི་སྙིང་རྗེ་གསུངས་ལ། །གིས་ནི་རྣམ་པ་??་སོགས་པའི་གནས་སྐབས་ཀྱི་མཚན་ཉིད་ཉམས་བའི་དོན་དུ་སྟོང་པ་ཉིད་དོ། །ཀ་ཡིག་གིས་དེ་དག་གི་དབྱེར་མེད་པའི་གཟུགས་ཏེ། དཔལ་ཧེ་རུ་ཀ་ཞེས་གསུངས་སོ། །ཡང་ན། ཤྲཱི་ནི་གཉིས་མེད་ཡེ ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །དུ་ནི་བཀོད་པ་དང་བྲལ་བ། །གཞི་གང་དཱུང་མི་གནས་པ། །གཟུང་བ་དང་འཛིན་པ་དང་བྲལ་བ་ཉིད་ཀྱིས་གཉིས་མེད་དོ། །རྒྱུ་དང་རྐྱེན་དང་དོའི་ཡན་ལག་རྣམས་ཀྱིས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་བསྐྱེད་བཞིན་དུ་མ་སྐྱེས་པ ་ཉིད་ལས་འདུས་མ་བྱས་པ་ཉིད་ཀྱི་ཕྱིར་ཧེ་ནི་རྒྱུ་སོགས་སྟོང་པ་ཉིད་དོ། །གཡོ་བ་དང་མ་གཡོ་བ་དང་བྲལ་བ་ཉིད་ཀྱི་ཕྱིར་བཀོད་པ་དང་བྲལ་བའོ། །རྫས་ཀྱི་གཟུགས་མེད་པས་རང་གི་ཡུལ་གྱི་གནས་སྐབས་མེད་པའི་ཕྱིར་ན། །རང་བཞིན་མེད་པའི་གཟུགས་ཉིད་ལ་?། གང ་དུ་?་མི་གནས་པ་ཞེས་པའི་དོན་ཏོ། །མགོན་པོ་ནི། །འགྲོ་བ་ཐམས་ཅད་ཀྱི་སྐྱབས་སུ་གྱུར་པའོ། །ཀུན་ཏུ་རྟོག་པ་ཀུན་སྤངས་ཤེས་པ་ལ། རྟོག་པ་ཡང་དེ་ཡི་ལ་ཀུན་ཀྱང་ཡིན་པ་ནི་ཀུན་ཏུ་རྟོག་པ་ཀུན་དེ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རྣམ་པར་རྟོག་པ་རྣམས ་སོ། །དེ་རྣམས་དང་བྲལ་བ་ནི་སྤངས་པའོ། །འདིར་ནི་རང་གི་དོན་གྱི་མཚན་ཉིད་ཆོས་ཀྱི་སྐུ་གསུངས་པ་ཡིན་ནོ། །ཀྱང་གི་སྒྲ་ནི་ཡང་གི་དོན་ཏོ། །དངོས་?་གྱི་རང་བཞིན་ཏེ་ཞེས་པ་ནི། །བཅོམ་ལྡན་འདས་ཀྱི་སྐུ་འདི་ལྟ་བུ་དེས། །གདུལ་བྱ་དང་རྗེས་སུ་འཐུན་པའི་སྔོན་གྱི ་སྨོན་ལམ་ཀྱི་སྟོབས་ལས་སྐུར་བསྟན་པ་ཡིན་ནོ། །དངོས་པོ་ཡང་དེ་ཡིན་ལ་ཀུན་ཀྱང་ཡིན་པ་ནི་དངོས་པོ་ཀུན་དེ། །དེ་རྣམས་སོ་འདི་ལས་འབྱུང་བའི་མཚན་ཉིད་ཀྱིས་ན་དངོས་པོ་ཀུན་གྱི་རང་བཞིན་ཏེ་ལོངས་སྤྱོད་རྫོགས་པའི་སྐུ་གསུངས་པ་ཡོན་ནོ། །ཡང་ན། དངོས་པོ་ཀུན་ནི ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམ་པར་དག་པའི་དེ་བཞིན་གཤེགས་པའོ་ཞེས་བྱས་ནས་དེའི་རྣམ་པ་ཉིད་ལས་དངོས་པོ་ཐམས་ཅད་དོ། །འོ་ན་གང་ལས་དངོས་པོའི་རང་བཞིན་ཡིན་ཞེ་ན། །ཐབས་ཆེན་བདག་ཉིད་ཅན་གང་ལས། ཤེས་བྱ་བ་གསུངས་ཏེ། ཐབས ་ཀྱང་ཡིན་ལ་ཆེན་པོ་ཡང་འདི་ཡིན་པས་ཐབས་ཆེན་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་མཛའ་ཡས་པའི་སྤྲུལ་པ་སྤྲོས་པ་རྣམས་ཀྱིས་སྣ་ཚོགས་པའི་བསམ་པའི་དབྱེ་བས་ཐ་དང་པའི་སེམས་ཅན་གྱི་ཁམས་འཇུག་པར་ནུས་པ་སྙིང་རྗེའི ་རང་བཞིན་ནོ། །དེའི་བདག་ཉིད་ཅན་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པས་ཁྱད་པར་དུ་འཕགས་པའི་སྦྲུལ་པའི་སྐུའོ། །དེ་ལ་བརྗོད་པར་བྱེད་པ་དང། བརྗོད་པར་བྱ་བའི་མཚན་ཉིད་དེ?་ཐབས་དང་ཐབས་ལས་བྱུང་བའི་དངོས་པོའི་མཚན་ཉིད་ཀྱི་འབྲེལ ་པ་ཡང་སྟེ། །ཀྱེ་རྡོ་རྗེའི་སྒྲུབ་པའི་ཐབས་ཀྱི་ཚིག་གི་ཚོགས་ནི་བརྗོད་པར་བྱེད་པའོ། །བདག་མེད་ནས་ཕྲག་པར་འགྱུར་པ། རྣལ་འབྱོར་མ་བརྒྱད་ཀྱི་བདག་ཉིད་དཔལ་ཧེ་རུ་ཀའི་སྒྲུབ་པའི་ཐབས་ནི་བརྗོད་པར་བྱ་བའོ། །རྗོད་པར་བྱེད་པ་དང་བརྗོད་པར་བྱ་བའི་མཚན་ཉིད་ནི་འབྲེལ་པའོ ་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་དོ་ཞེས་པ་ནི་གཞན་གྱིའོ། །འདོད་ཆགས་དང་ཞེ་སྡང་སྐྱེ་བ་དང་ལྡན་པའི་སེམས་ཅན་འཇུག་པ་ནི་དགོས་པའོ། །དེའི་འབྲས་བུ་ཐོབ་པའི་མཚན་ཉིད་སངས་རྒྱས་ཉིད་དང། གྲུབ་པ་བརྒྱད་པ་ཡང་དགོས་པའི་དགོས་པའོ།། ་བ་ནི་སྐྱང་མ་ཉིད་བཤད་པར་བྱ་སྟེ། དོན་གྱི་རྣམ་པ་འདི་ལྟ་བུ་གང་དུ་སྒྲུབ་པར་བྱ་ཞེ་ན། །སློབ་དཔོན་གྱིས་གནས་ཀྱི་ཁྱད་པར་གསུངས་པ། རབ་སྦས་ཤེས་པ་ལ་སོགས་པ་སྟེ་འགའ་ཞིག་ཅེས་པ་ནི་དུར་ཁྲོད་ལ་སོགས་པ་རྣམས་སོ། །རབ་སྦས་ནི་སྐྱེ་བོའི་རྒྱུན་ལུགས་སྤྱངས ་པའོ། །?་ཆད་ནི། སའི་ཕྱོགས་གཅིག་ཏུའོ། །གླ་རྩི་ལ་སོགས་པས་ཤེས་པས་ནི། རི་དགས་ལྟེ་བ་དང་གསུང་དང་སིཧལ་དང་བཞི་མཉམ་དང་སཱ་ལུ་སྐྱེས་ལ་སོགས་པ་དམ་ཚིག་གི་རྫས་རྣམས་ཀྱིས་བསྟར་བའོ།།དེར་རྣལ་འབྱོར་འདི་ལྟར་བསྒོམ་པར་བྱ་ཞེས་སྦྲེལ་ལོ།། ་ཅི་ཞེས་བྱས་ནས་ཤེ་ན། གསུངས་པ་འདྲན?་པའི་སྟན་ལ་ཞེས་པ་ལ་སོགས་པ་སྟེ། འཇམ་པ་ཡང་ཡིན་ལ་ལྟན?་ཡང་དེ་ཡིན་པས་འཇམ་པའི་བསྟན་ཏེ། ཕུང་པོ་དང་ཁམས་དང་?་མཆེད་དང་བྲལ་བ་རོའི་སྟན་ཞེས་བྱ་བའི་དོན་ཏེ། དེའི་སྟེང་ན་དེའི་སྙིང་ཁར་ཉེ་བར ་བཏུད?་ནས་སོ། །འདི་ལྟར་ཞེས་པ་ནི་འཆད་པར་འགྱུར་བའི་རྣལ་འབྱོར་ཏེ་གོམས་པར་བྱ་ནི་བསྒོམ་པར་བྱའོ། །དོན་ནི་འདི་ཡིན་ཏེ། དཔལ་ཧེ་རུ་ཀ་སྒྲུབ་པར་བརྩོན་པའི་རྣལ་འབྱོར་པས་སྔ་བར་ལངས་ནས་བདུད་རྩི་ལྔས་འདམ་སྐྱེས་སྦྱངས་ཧེ་དུར་ཁྲོད་པ་ལ་སོགས་པ ་རྣམས་སུ་རོའི་སྙིང་ཁར་གནས་པར་བྱས་ནས། །རྣམ་པར་རྟོག་པ་ངན་པའི་དྲ་བ་ཐམས་ཅད་དར་བར་བྱས་ནས་རྣལ་འབྱོར་འདི་གོམས་པར་བྱའོ། །སྦྱར་བར་བྱ་བས་ན་རྣལ་འབྱོར་ཏེ་ཐ་མལ་བའི་འདུ་བྱེད་སྤངས་པའི་མཚན་ཉིད་འཇིགས་རྟེན་ལས་འདས་པའི་འདུ་བྱེད་ཀྱི་ཁྱད ་པར་རོ། །དེ་ཡང་རྣམ་པར་ཤེས་པའི་ཡིན་ནོ་ཞེས་བྱས་ནས་དེ་ལ་ཉེ་བར་དམིགས་པའི་གནས་གསུངས་པ། སྙིང་ཁར་ཞེས་པ་ལ་སོགས་པ་སྟེ། །པཾ་ལས་སྐྱེས་པའི་པདྨའི་སྟེང་དུ་ཨ་ཡིག་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཐུགས་ཀྱི་དབང་པོ་མི་བསྐྱོད ་པའི་ས་བོན་ཕུང་པོ་ལྔ་རྣམ་པར་དག་པ་ལས་ཡེ་ཤེས་ལྔའི་རང་བཞིན་ཆ་ལྔའི་བདག་ཉིད་ཧཱུཾ་ཡིག་གིས་འོད་ཟེར་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་རྣམས་ཀྱིས། གཅིག་དང་དུ་མ་དང་བྲལ་བས་ལུས་མེད་པ་ན། རྟེན་མེད་པས་ཚོར་བ་དང་སེམས་དང་ཆོས་རྣམས ་ཕན་ཚུན་དུ་མ་གྲུབ་པས་ན། རང་བཞིན་མེད་པ་ཉིད་དུ་བསྒོམ་པར་བྱའོ། །ཐ་མལ་པའི་ལུས་འདི་ལྟ་བུར་རྣམ་པར་དག་པས་ན་རྣལ་འབྱོར་པས་ཅི་ཞིག་བྱ་ཞེ་ན། གསུངས་པ། སྔགས་ཀྱང་དྲན་པར་བྱ་ཞེས་པ་སྟེ། དྲན་པ་ཉེ་བར་གཞག་པ་བསྒོམ་པའི་དེ་མ་ཐག་ཏུ་ཡང ་སེམས་ཅན་ལ་ཕན་པའི་སླད་དུ་སྔགས་ནི་ཧཱུཾ་ཡིག་སྟེ། དྲན་པར་བྱིན་མངོན་དུ་ཕྱོགས་པར་བྱའོ། །སྔགས་ཤེས་པའི་དོན་ཅི་ཞེ་ན། ཡིད་ལ་སོ་སོར་རྟོག་པ་ནི། །དེ་ཡང་ཁམས་གསུམ་སྐྱོབ་པ་སྟེ། །ཡིད་དག་བྱེད་པའི་རང་བཞིན་ལས། །སྔགས་ཤེས་མངོན་པར་བརྗོད་པར ་བྱ། །སྔགས་དྲན་ནས་ཅི་ཞིག་བྱ་ཞེ་ན། གསུངས་པ?་བསྡུའི?་བུ་གནས་སྤྲོས་དེའི། །སྣང་བསམ་ལུས་འགྲོ་བ་ནི། །ཞེས་པ་ལ་སོགས་པ་སྟེ། རྣལ་འབྱོར་པ་ཡི་བསྡུའི་བུ་ག་ལས་སྤྲོས་པའི་ཧཱུཾ་ཡིག་གི་འོད་ཀྱི་སྒྲོན་མ་རྣམས་ཀྱིས་སྐྱེབ?་ལ་སོགས་པའི་སྡུག་བསྔལ་གྱིས ་མནན་པའི་འགྲོ་བ་དྲུག་གི་སེམས་ཅན་གྱི་ཁམས་མཐོང་ནས་སྙིང་རྗེ་ཆེན་པོ་ལ་དམིགས་པར་བྱ་སྟེ། གོ་སླབས་ན་མ་བཤད་དོ། །དེ་རྣམས་ཀྱིས་ནི་སྣོལ?་བའི་རྒྱུར། ཞེས་པས་སོ། །འགྲོ་བ་དྲུག་ཏུ་འཇུག་པའི་སྐྱེ་འགྲོ་དེ་རྣམས་ཀྱིའོ། །འདི་རྣམས་སྤྲོས་པའི་རྒྱུ ་གང་ཡིན་པ་དེའི་དོན་དུ་སྟེ། འདི་རྣམས་སྒྲོལ་བའི་རྒྱུ་གང་ཡིན་པ་དེའི་དོན་ནི་བསོད་ནམས་ཀྱི་ཚོགས་འཕེལ་པའོ། །བསོད་ནམས་འཕེལ་བའི་ཐབས་གསུངས་པ། བླ་མ་ལྷ་ཞེས་བ་ལ་སོགས་པ་སྟེ། བླ་མ་ནི་རྡོ་རྗེ་འཛིན་པའི་སྤྲུལ་པའོ། །ལྷ་ནི ་དཔལ་ཧེ་རུ་ཀའི་རྣམ་པའོ། །རྒྱལ་བ་ནི་དེའི་བསྡུའི་བུ་གནས་སྤྲེས་པས་འོད་ཟེར་གྱིས་སྤྲུལ་པའོ། །བྱང་ཆུབ་སེམས་དཔའ་ནི། དེ་བཞིན་གཤེགས་པ་དེ་རྣམས་ཀྱི་ཡང་སྤྲུལ་པ་སྟེ། ཚོགས་ནི་ཡང་དག་པར་འདུས་པའོ། །དེ་རྣམས་དང་བཅས་པ་ནི་ཡང་དག་པར་རྗེས་སུ་སོང ་པའོ། །མཐོང་ནས་མཆོད་པ་རབ་ཏུ་བརྟག་སྟེ། ཡིད་ཀྱི་རང་བཞིན་གྱི་མཆོད་པ་བྱའོ་ཞེས་དགོངས་པ་ཡིན་ནོ། །འོ་ན་གང་ལས་ཇི་ལྟར་ཅི་ཞིག་གིས་མཆོད་པར་བྱ་ཞེ་ན། གསུངས་པ། ཐོག་མར་སྔགས་ཏེ་ཞེས་པ་ལ་སོགས་པ་སྟེ། དེ་ནི་བྱ་བའི་ཁྱད་པར་ཡིན་ལ། ཨོཾ་བཛྲ་པུརྤེཤ? ་ཨཱ(རྒྱུད་འགྲེལ་ཉེ་བར་སྤྱོད་པ་ལྔ་རབ་ཏུ་བསྟན་པ་ཡིན་ནོ། །གདུགས་དང་རྒྱལ་མཚན་པ་དན་སོགས་ནས་བརྩམས་ཏེ། མི་ཡིད་བུད་མེད་སོགས་ཀྱི་མཐར་ཐུག་པའི་ཡོ་བྱད་དང་བཅས་པའི་རིན་པོ་ཆེ་བདུན་གྱི་རང་བཞིན་གྱིས་མཆོད་པར་གསུངས་པ་ཡིན་ནོ། །འོ་ན་རྫས་རྣམས་གང ་ལས་བྱུང་ཞེས་དོགས་པ་ལ། གསུངས་བ། ཐམས་ཅད་རིན་ཆེན་རིགས་ལས་བྱུང་ཞེས་པ་སྟེ། སྔར་གསུངས་པའི་མཆོད་པའི་རྫས་ཐམས་ཅད་ནི་རིན་པོ་ཆེའི་རིགས་ལས་བྱུང་བ་སྟེ། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལས་ཡང་དག་པར་བྱུང་བའོ། །གསང་བ་དང་གཞན ་རྣམས་ཐམས་ཅད་ཀྱིས་མཆོད་པར་བྱའོ་ཞེས་ཡང་དག་པར་འབྲེལ་ཏོ། །སྦྱིར་བསྟན་ནས་གསང་བའི་མཆོད་པ་བྱེ་བྲག་ཏུ་བཤད་པར་བྱ་སྟེ། གཽ་རཱི་སོགས། །བདུད་རྩི་ལྔ་ཞེས་པ་ལ་སོགས་པ་རྒྱུད་དུ་གསུངས་པའི་རིམ་པས་ཁོང་དུ་ཆུད་པར་བྱའོ། །ནམ་མཁའ་ ་ལ་རྗེ་བཙུན་དཔལ་ཧེ་རུ་ཀ་དང། དེ་ནས་བླ་མ་དང། དེའི་མདུན་དུ་བདར་བ་གཞན་དང། གཞན་ཡང་བལྟས་ནས། སྙིང་ཁའི་ས་བོན་ལས་འོད་ཟེར་ལས་སྤྲོས་པའི་གཽ་རཱི་ལ་སོགས་པའི་ལྷ་མོ་བརྒྱད་པོ་རྣམས་ཀྱིས་མཆོད་པར་བྱའོ། །དེ་ལ། དཀར་མོ་རི་དགས་མཚན་མ་འཛིན།། ་ཆོམ་རྐུན་མ་ནི་ཉི་མའི་སྣོད། །རོ་ལངས་མ་ཡང་ཆུ་ལག་མ། །གྷསྨ་རཱི་ནི་སྨན་འཛིན་ཞིང། །པུཀྐ་སཱི་ཡང་རྡོ་རྗེ་ལག། དེ་བཞིན་རི་ཁྲོད་མ་རོ་འཛིན། །གཏུམ་མོས་ཅང་ཏེའུ་བརྡུད་པར་བྱ། །འདི་རྣམས་ཀྱིས་ནི་ཁྱབ་བདག་མཆོད། །འདོད་ཆགས་ཆེན་པོས་རྗེས་ཆགས་པ།། ་གཡུད་མོས་འགུལ་ལ་མཁྱུད་པའོ། །མཆོད་པ་བྱས་ནས་ཅི་ཞིག་བྱ་ཞེ་ན། གསུངས་པ། སྡིག་པ་རྣམས་ནི་བཤགས་པར་བྱ། །ཞེས་པ་ལ་སོགས་པ་སྟེ། སྡིག་པ་བཤགས་པ་དང། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང། བསྔོ་བ་དང། སྐྱབས་སུ་འགྲོ་བ་དང། བྱང་ཆུབ་ཏུ ་སེམས་བསྐྱེད་པ་དང། བདག་ཉིད་ཀྱི་དངོས་པོ་དབུལ་བ་རྣམས་བྱའོ། །ཅི་ལྟར་བྱ་ཞེ་ན། ཚིགས་སུ་བཅད་པ་ཐོག་མར་བརྗོད། །དེ་དཀོན་མཆོག་གསུམ་ལ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་ཐམས་ཅད་ཡང་དག་པར་བསྡུས་ནས། །དེ་ནས་དེ་བཞིན་གཤེགས ་པའི་བཀའ་། །ཐོབ་ནས་སེམས་ཅན་དོན་བྱེད་རྒྱུར་ཞེས་པ། དེ་ནས་དེ་མ་ཐག་ཏུ་སྒྲུབ་པ་པོ་བསོད་ནམས་བྱེད་པའི་ཚེ་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་རྗེས་སུ་སྣང་བར་མཐོང་ངོ། །ཅིའི་དོན་དུ་ཞེ་ན། སེམས་ཅན་གྱི་དོན་བྱེད་པའི་རྒྱུར་ཏེ། སེམས་ཅན་གྱི་དོན་རྫོགས་པར་བྱའོ།། ་བཀའ་ཐོབ་པ་ནི་ཅི་ཞིག་བྱ། ཞེ་ན། གང་ཞིག་འགྲོ་ཀུན་དབྱེར་མེད་པས། །ཤེས་པ་པོ་ལ་སོགས་པ་སྟེ། ཉི་ཚེབ་ལས་ཆེ་བས་བྱམས་པ་ཆེན་པོ་སྟེ། སེམས་ཅན་ཐམས་ཅད་སྐྱོབ་པས་ན། འགྲོ་བ་མ་ལུས་པ་བུ་གཅིག་པ་ལྟ་བུར་འཛིན་པའོ། །འདི་ཉིད་འགྲོ་བ་འབྲས་ལ་སོགས་པའི ་སྡུག་བསྔལ་བ་ལ་རྟེན་ནས་སྙིང་རྗེ་བསྐྱེད་དེ། སྙིང་རྗེ་བསྐྱེད་ནས་སྙིང་ཁའི་འོད་ཀྱིས་སེམས་ཅན་གྱི་ཁམས་སྦྱངས་ནས་སངས་རྒྱས་ཀྱི་གཟུགས་སུ་རྣམ་པར་བསམས་ཏེ། དགའ་བ་བསྒོམ་པར་བྱ་ཞིང་བསྐྱེད་པར་བྱའོ་ཞེས་དགོངས་སོ། །དེ་ནས་བཏང་སྙོམས་བསྒོམ་པར་བྱ ་ཞེས་པ། དེ་ནས་སེམས་ཅན་གྱི་ཡུལ་ལ་བླང་བ་དང་དོར་བ་དང་བྲལ་བའི་བློས་བཏང་སྒོམས?་ཏེ། ཡེ་ཤེས་ཀྱི་ཚོགས་ཀྱི་རང་བཞིན་བསྒོམ་པར་བཞེས་དགོངས་སོ། །དེ་ལྟར་བསོད་ནམས་ཀྱི་ཚོགས་ཏེ། རྣལ་འབྱོར་པས་ཡེ་ཤེས་ཚོགས་དོན་དམ་པ་སྟོང་པ་ཉིད ་ཀྱི་བྱང་ཆུབ་ཀྱི་སེམས་བསྒོམ་པར་བསྟན་པའི་ཕྱིར་གསུངས་པ། རང་བཞིན་བྲལ་ཕྱིར་སྟོང་པ་སྟེ་?་པ་ལ་སོགས་པ་སྟེ། འགྲོ་བ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཏེ། གང་གི་ཕྱིར་ན། རང་བཞིན་བྲལ་ཕྱིར་ཏེ། མདོ་སྡེ་པའི་གྲུབ་པའི་མཛའ་ཨི་འདོད་པས་གཏན་ཚིགས་ནི། གཞན་ལ ་ལྟོས་པས་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་དང། རང་བཞིན་ཉེ་བར་དམིགས་ལ་མེད་པས་རང་བཞིན་དང་བྲལ་བ་དེའི་ཕྱིར། དངོས་པོ་ཐམས་ཅད་ནི་རང་བཞིན་མེད་པའི་རང་བཞིན་ནོ། །དེ་ལྟར་ཡང་གསུངས་པ། རབ་འབྱོར་སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པ་ཡང་མ་ཡིན ་ཀྱི་རང་བཞིན་ཀྱིས་ཤེས་པ་སྟེ། འདིས་རྣམ་པར་ཐར་པའི་སྒོ་དང་པོ། །དོན་དམ་པ་ལ་འཇུག་པའི་སྒོར་བྱུང་པ་གསུངས་སོ། །རྒྱུ་མེད་པ་ལས་མཚན་མ་མེད་ཅེས་པ་རྒྱུ་མ་ཡིན་པ་ནི་རྒྱུ་མེད་དེ། དེའི་ཕྱིར་ན་རྒྱུ་མེད་པ་ལས་སོ། །མཚན་མ་མེད་ནི་དོན་དམ་པར་རྣམ་པར་དཔྱད་མ ་འགྲོ་བ་རྒྱུ་ཞེས་?་བ་མེད་དོ། །དེ་ལྟར་ཡང་གསུངས་པ། དེས་པར་ཆོས་རྣམས་ཐམས་ཅད་ཀྱི་བྱེད་པ་དམིགས་པ་མ་ཡིན་ནོ། །བྱེད་པ་ཡོད་པ་མ་ཡིན་ན། བྱ་བ་རྣམས་ཀྱང?་འབྱུང་བ་མ་ཡིན་ཞེས་བྱ་བ་དང། གཞན་དུ་ཡང་བ་དང། གཞན་དུ་ཡང་བདག་ལས་མ་ཡིན་གཞན་ལ་མིན། །གཉིས་ལས ་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང། །སྐྱེ་བ་ནམ་ཡང་ཡོད་མ་ཡིན་ཞེས་སོ། །གང་ཕྱིར་གང་གི་རང་བཞིན་མེད་ཉིད་ན། །དེ་ནི་རང་བཞིན་གཞན་སྐྱེན་ཅི་ལྟར་ཡིན། །རང་བཞིན་མེད་པ་ཅི་ལྟར་གཞན་སྐྱེད་འགྱུར། །བདེ་བར་གཤེགས་པས་གཏན་ཚིགས ་འདི་གསུངས་སོ་ཞེས་སོ། ལྷག་པར་བསྒོམ་པ་དང་བསྐྱེད་པའི་རྒྱུད་དམིགས་པ་འགའ་ཡང་མེད་པ་ན། གང་གིS་མ་མཚན་མ་དང་བཅས་པར་འགྱུར་ཞེས་པ་མཚན་མ་མེད་པའི་རྣམ་པར་ཐར་པའོ། །རང་གི་རྟོག་པས་མོ་བྱེད་པས། འགྲོ་བ་སྨོན་པ་དང་ཡང་བྲལ། ཞེས ་པ་རྒྱུ་བ་དང་བཅས་པ་དང། རྒྱུ་བ་མེད་པའི་དངོས་པོ་ནི། སྨན་པ་དང་བྲལ་བ་ཡིན་ཏེ། གང་པས་ན་རང་གི་རྟོག་པ་སེམས་དེ་ལྟར་གཟུབས་བ་དང་འཐེན་པར་ཕྱེ་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང། ཤིན་ཏུ་མཁས་པ་ཇི་ལྟར་ཡང། །རང་བཞིན་རྣམ་པར་དཀྲུག་པ་ལས། །གཟུང། ་འཛིན་དབྱེ་བས་སེམས་གཅིག་ཉིད། །རྣམས་གཉིས་སུ་སྣང་བ་ཡིན། །དེ་ལྟར་བག་ཆགས་ཀྱི་དབང་གིས་?་བ་དད་འཛིན་པ་དབྱེ་ལས་དམིགས་པའོ་ཞེས་པ་ལས། འགའ་ཞིག་དུ་དོར་ངེས་པར་?་མེད་པའི་བྱེ་བྲག་གིས་སྨིན་ལམ་དང་བཅས་པ་?་ཤས་མེད། ་པའི་སྟོང་པ་ཉིད་ནི། སྨོན་པ་མེད་པའི་རྣམ་པར་ཐར་པའོ། །དེ་ནས་ཐམས་ཅད་སྟོང་བལྟས་ནས། །ཤེས་པ་ནི་སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་ཁྱད་པར་ལས་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་བསྒོམས་ནས་ཕྱི་དང་ནང་གི་བདག་ཉིད་སྟོང་པར་བལྟའོ། །དང་པོ ་ཉི་དུའི་སྔགས་བརྗོད་བྱ་ཞེས་པ་ལ། ཉིད་ནི་བསྡུ་པའི་མཛའ་སྟེ། དེས་དང་པོར་སྟོང་པར་བལྟས་ནས་ཕྱི་ནས་སྔགས་བརྗོད་པར་བྱའོ། །འོ་ན་མངོན་པར་འདོད་པའི་དོན་ཅི་ཡིན་ཞེ་ན། །སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྒོམས་པས་གནས་ཡོངས་སུ་གྱུར་པའི། མཚན་ཉིད ་ཀྱིས་སེམས་སྦྱར་ཤིང་དག་པའི་རྣལ་འབྱོར་པའང?་དང་རྗེས་སུ་མཐུན་པར་ས་བོན་བསྡུ་བ་དང། བྱང་ཆུབ་ཀྱི་སེམས་ཀྱིས་གཟུགས་རྫོགས་ནས། རེའི་རྗེ་མ་སུ་སྔགས་ཀྱི་རྣམ་པ་ཀྱང་གཞན་རྣམ?་?་སྦྱོང་བར་བྱེད་དོ། །ོཾ་ཤུ?་ཏཱ་ཛྙཱན་བཛྲ་སྭ་བྷཱ་བཱཏྨཀོ་ཧཾ་ཞེས་པ་ལ་། ་ཨོཾ་?་ཧཱ་ཞེས་པ་ན་?་གཟུགས་?་དོ་ཉིད། །ོཾ་ཡིག་དཀར་པོ་མེ་ལོང་ལྟ་བུའི་རང་བཞིན་ནོ། །ཛུན་བཛྲ་ཞེས་པ་ནི། །ཱ་ཡིག་ཁ་དོག་དམར་པོ་སོ་སོར་རྟོག་པའི་རང་བཞིན་ནོ། །?་ཝཱཏྨ?་གོ་ཞེས་པ་ནི། ཧཱུཾ་ཡིག་ཁ་དོག་ནག་པོ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་། ་དབྱིངས་ཀྱི། ཡེ་ཤེས་ཀྱི་རང་བཞིན་ནོ། ། ཧཾ་ཞེས་པ་ནི་པ་ཡིན་ནོ་ཞེས་པ་སྟེ། ཡེ་ཤེས་གསུམ་པོའི་བདག་ཉིད་ཅན་པར་མ་དེའི་སྲིད་པའོ། །འོ་ན་སྟོང་པ་ཉིད་བསྒོམས་པ་ལས་ཅི་ལྟར་གནས་གྱུར་པ་ཡིན་ཞེ་ན། དེ་ཁོ་ན་ཉིད་ལ་འཇུག་པར་གསུངས་ཏེ། ཤེས་རབ་?་ཀྱི ་རང་བཞིན་ཞི། །འདིར་ནི་མཆོག་གི་དེ་ཉིད་དེ། །གཉིས་མེད་ཡེ་ཤེས་དེ་ཁོ་ན། འདི་ནི་བྱང་ཆུབ་སེམས་མཆོག་ཡིན། གནས་ནི་ཡོངས་སུ་གྱུར་པ་སྟེ། །ཀུན་རྟོག་ཐམས་ཅད་སྤངས་པའོ། །འཇིག་རྟེན་འདས་པའི་ཡེ་ཤེས་ཏེ། །ཐུབ་ཆེན་ཆོས་སྐུ་ཉིད་ཀྱང་ཡིན ་ཞེས་པའོ། །སྟོང་བ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ནི་དེ་ཁོ་ན་ཉིད་དུ་འགྱུར་ཞེ་ན། ས་བོན་བསྡུ་བ་དང། གཟུགས་རྫོགས་པ་དང། ཡི་གེ་དགོད་པ་དང་རྣམས་དངོས་པོའི་རང་བཞིན་ཡིན་ན། ཇི་ལྟར་དེ་ཁོ་ན་ཉིད་ཡིན་ཞེ་ན། དེ་ལ་མངོན་པར་འདོད་པ་ནི་འདི་ཡིན་ཏེ། འོད་གསལ་བའི ་རྣམ་པས་རེ་ཕ་དང་ཉི་མ་དང་ཧཱུཾ་དང་རྡོ་རྗེའི་འོད་རྣམས་ཀྱིས་བདག་ཉིད་བསྲུང་བར་བྱས་ནས། བརྟན་པ་དང་གཡོ་བ་གཉིས་སུ་མེད་པའི་རང་བཞིན་དཔལ་ཧེ་རུ་ཀ་ས་བོན་བསྡུ་བ་དང། རྣམ་པ་ལྔ་རྣམ་པར་དག་པའི་རང་བཞིན་གཟུགས་རྫོགས་པ་དང། ཡི་གེ་དགོད་པའི་རང་བཞིན་ཉིད་ཀྱིས ་སྐྱེ་མཆེད་ཐམས་ཅད་རྣམ་པར་དག་པ་འདོད་པའི་ཁམས་ཀྱི་དབང་ཕྱུག་དཔལ་ཧེ་རུ་ཀའི་སྤྲུལ་པས་འགྲོ་བའི་དོན་བྱེད་པ་ལས་ས་བོན་བསྡུ་བ་ལ་སོགས་བ་རྣམས་སྙིང་རྗེ་རང་བཞིན་ཉིད་ཀྱི་ཕྱིར། བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་ཡིན་པ་ལ་སྐྱོན་མེད་པ་ཁོ་ནའོ། །ཕྱག་རྒྱ་རྒྱུ་དང ་སྦོར་བྲལ་པས། །རྣལ་འབྱོར་སྙིང་རྗེ་ཐབས་སུ་འགྱུར། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །འདི་ནི་བྱང་ཆུབ་སེམས་སུ་བརྗོད་ཅེས་པའོ། །དེ་ནས་ཉི་ནས་ཧཱུཾ་ཡིག་གིས། སྔགས་ལས་འཐོན་པའི་རྡོ་རྗེའི་གུར་ཞེས་བ་ནི། དེ་ནས་ཏེ་དེ་མ་ཐག་ཏུ་རེ་ཕ་ཡོངས་སུ་གྱུར་པས་མདུན་དུ་ཉི་མའི་དཀྱིལ ་འཁོར་རྣམ་པར་བསྒོམས་ནས། དེའི་སྟེང་དུ་ཧཱུཾ་ཡིག་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ། དེའི་འོད་ཟེར་རྣམས་ཀྱིས་རྡོ་རྗེའི་རྭ་བ་དང་གུང་བཅིངས་པ་ལ་སོགས་པ་བྱའོ། །ཡང་ན་ཉི་མ་ལ་གནས་པའི་ཧཱུཾ་ཡིག་དང་སྣ་ཚོགས་རྡོ་རྗེས་ཡོངས་སུ་གྱུར་པ་ལས་ཕྱག་གཉིས་པའི་སྐུར་སྣང་བ ་བགེགས་ཉམས་པར་བྱེད་པ། ཧེ་རུ་ཀ་ཁྲོ་བོའི་གཟུགས་མཆེ་བ་གཙིགས་པ། འཇིགས་པར་བྱེད་པ། གཡོན་རྡོ་རྗེ་ཕུར་བུ་འཛིན་གཡས་ན་རྡོ་རྗེ་ཐེབ་བསྣམས་པ་རྣམ་པར་བསམས་པ། དེའི་ཡེ་ཤེས་སེམས་དཔའ་ཨི་འོད་ཟེར་རྣམས་ཀྱིས་ཕྱོགས་བཅུའི་བགེགས་རྣམས་བཀུག་སྟེ། ་?་བདེ་བ་བར་བྱའོ། །ཞེས་དགོངས་སོ། །གུར་གྱི་ནང་དུ་ཅི་ཞིག་བྱ་ཞེ་ན། གསུངས་པ། ཆོས་ཀྱི་དབྱིངས་གྱུར་བསམ་བྱ་ཞིང། །ཁང་རྩེགས་ཡང་ནི་འབྱུང་ལས་སྐྱེས་པ་སྟེ། གུར་གྱི་འོག་ཏུ་ཧཱུཾ་ཡིག་གིས་སྤྲུལ་པའི་རྡོ་རྗེའི་ས་གཞི་ལ། ཨེ་ཡིག་གི་རྣམ་པས་རྫོགས་པའི་ཆོས ་ཀྱི་དབྱིངས་ཀྱི་ཕྱག་རྒྱ་གྲུ་གསུམ་པ། བརྟན་པ་དང་གཡོ་བའི་ཚིག་གིས་དོན་ཐམས་ཅད་ཀྱི་གཞིར་གྱུར་པའོ། །དེའི་སྟེང་དུ་ཡ་ཡིག་ཡོངས་སུ་གྱུར་པའི་རླུང་གི་དཀྱིལ་འཁོར་རོ། །དེའི་སྟེང་དུ་རེ་པ་ལས་སྐྱེས་བའི་མེའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་བཾ་ཡིག་ལས་སྐྱེས་པའི་ཆུའི ་དཀྱིལ་འཁོར་རོ། །དེའི་སྟེང་དུ་ལཾ་ཡིག་ལས་སྐྱེས་པའི་སའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཧཱུཾ་ཡིག་ལས་སྐྱེས་པ་ཆུའི་དཀྱིལ་འཁོར་འཁོར་ལོ་རྩིབས་དྲུག་པའི་སྟེང་དུ་ཨོཾ་ཡིག་ལས་སྐྱེས་པའི་འོད་ཟེར་རྣམས་ཀྱིས་སྔར་བཤད་པའི་བར་མ་དོའི་སྲིང་པའོ། །ཡིག་གཉིས་མངལ ་དུ་བྱས་པར་བཀུག་ན་ཨོཾ་ཡིག་དང་གཅིག་ཏུ་འདྲེས་པར་གྱུར་པར་རྣམ་པར་བསྒོམས་ཏེ། ཨོཾ་བཛྲ་བཱི་རྡོ་སྭ་བྷཱ་ཝཱཏྨཀོ་ཧཾ་ཞེས་དྲན་པར་བྱའོ། །དེ་ནས་ཨོཾ་ཡིག་དང་འཁོར་ལོ་དང་འབྱུང་བའི་དཀྱིལ་འཁོར་རྣམས་ཡོངས་སུ་གྱུར་པས་ཁང་པ་རྩེགས་པ་བསམ་པར་བྱའོ་ཞེས་པའི་དོན ་དུ། གྲུ་བཞི་པ་ལ་སྒོ་བཞི་པ། དཽ་ཤལ་སྣམ་བུ་སོགས་ཀྱིས་བརྒྱན་ཞེས་པ་ནི་གོ་བླའོ། །དེར་ནི་དབུས་སུ་པདྨ་དམར་ཞེས་པ་ལ་སོགས་བ་ནི། དེར་ཁང་བརྩེབས་པའི་དབུས་སུ་ཆོས་འབྱུང་གི་ཕྱག་རྒྱ་དང་རྗེས་སུ་མཐུན་པའི་འདོད་ཆགས་ལ་སོགས་པའི་གཟུགས་པཾ་ཡིག་ཡོངས་སུ། ་གྱུར་པ་ལས་ཏེ། འདོད་ཆགས་ཆེན་པོའི་རང་བཞིན་ཉིད་ཀྱི་ཕྱིར་འདབ་མ་དམར་པོའོ། །འདབ་མ་བརྒྱད་པར་བྱ་སྟེ། དམིགས་པར་བྱའོ་ཞེས་པའི་དོན་ཏོ། །དེར་ནི་ཟེ་འཕྲུལ་གནས་པའོ། །བདུད་བཞི་པོ་ནི་བསམས་པར་བྱ། །ཞེས་པ་ཕྱི་མའི་དུས་ཀྱི་བསྒོམ་པ་པོས་དེར་པདྨའི ་ཟེ་འབྲུའི་དབུས་སུ་རྒྱུའི་ཀྱེ་རྡོ་རྗེའི་གདན། དཔལ་ཧེ་རུ་ཀའི་ཞབས་ཀི་མཐིལྡུ་མོན་པ་ཉིད་ལས། འཇིགས་པའི་དབང་གི་གནས་ཤིང་ལྟུང་བ་ཁེངས་པ་དང་བྲལ་བ་བསམ་པར་བྱ་ཞིང་སེམས་པར་བྱའོ། །དེ་ལ་ཉོན་མོངས་པའི་བདུད་ནི། སྣ་ཚོགས་མདོག་གདོང་གཅིག ་པ་ལག་བ་གཉིས་པ་ལག་པ་?་ཀྱིས་ཞགས་པ་བཟུང་བའོ། །ལྟའི་བུའི་བདུད་ནི། མདོག་སྡུ?་བས་དམར?་?་གཟུགས་ཉམས་ཀྱིས་ཕྱུག་ཅིག་ལག་པ་གཉིས་ཀྱིས་མེ་ཏོག་གི་མངའ་དང་བཞུ་འཛིན་པའོ། །ཕུང་པོའི་བདུད་ནི་མདོག་ནག་པོ་ཡག?་པ་གཉིས་ཀྱིས ་དགྲ་སྟ་དང་ཞགས་པ་འཛིན་པའོ། །འཆི་བདག་གི་བདུད་མདོག་དམར་པོ། །མཆེ་བ་གཅིགས་པའི་གདོང། །ལག་པ་གཉིད་ཀྱིས་དབྱུག་པ་འཛིན་པ་སྟེ། འདི་རྣམས་སྟན་དུ་བ་ཉིད་ནས་གནས་པར་བསམ་མོ། །འོ་ན་ཅི་ལྟར་ན་འདི་རྣམས་ཀྱི་གཟུགས་བསྒོབ་པར་གསུངས་ཏེ?་ན། བདེན ་ཧེ་རང་བཞིན་པ་ནི་མ་ཡིན་གྱི་མི་ཡེ་སྐྱེ?་བར་ཡིད་ཆེས་པའི་ཡིད་ཆེས་དེ་རྣམ་པར་གཞོམ་རི་?་དུ་འདི་རྣམས་ཀྱི་གཟུགས་བརྟག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་གདན་གསུངས་ནས་གཽ་རཱི་ལ་སོགས་པ་རྣམས་ཀྱིས། རྒྱས་པར་གསུངས་པ། ཚངས་པ་དབང་པོ་ཉེ་དབང་དྲག། ་ཅེས་པ་ལ་སོགས་པ་སྟེ། ཚངས་པ་ལ་སོགས་པ་ལྷ་བརྒྱད་པོ་འདི་རྣམས་ཀྱི་འདོད་ད?་ལག་པ་དང་མདོག་དང་དབྱིབས་དད་མཚོན་ཆ་འཛིན་བ་རྣམས་ནི། འཇིག་རྟེན་དུ་ཇི་ལྟར་རབ་ཏུ་གྲགས་པ་དེ་ཁོ་ན་ལྟར་འདབས་བརྒྱད་པོ་རྣམས་སུ་བསམ་པར་བྱའོ། །ཞེས་པ་ཁང་པ་རྩེགས་པ་ཡང ་རྣམ་པར་བསྒོམ་པར་བྱ་སྟེ?། སརྦཱ་ཏ་ཐཱ་ག་ཏཱ་ཡ་བཛྲ་སྭདྷ་?་ཀོ་ཧཾ་ཞེས་པར་དེས་རྣམ་པར་སྣང་མཛད་ཀྱི་རང་བཞིན་གྱི་ཡན་ལག་དང་པོ་ཁོང་དུ་ཆུད་པར་བྱའོ། །ད་ནི་གཟུགས་འོད་གསལ་བ་ལ་སོགས་པ་དེ་མཚན་ཉིད་རང་གི་སེམས་ལ་སོ་སོར་བརྟག་པའི་ཕྱིར་གསུངས་པ། ཨཱ་ལི་ཀཱ་ལི ་ཟླ་ཉིའི་དབུས། ཤེས་པ་ལ་སོགས་པ་སྟེ། ཨཱ་ལི?་ཡོངས་སུ་གྱུར་པའི་ཟླ་བའི་གཟུགས་ཀྱིས་ཨཱ་ལི་ཟླ་བའོ། །ཀཱ་ལི་ལས་ཉི་མ་ནི་ཀཱ་ཡི་ཉའོ། །དེ་དག་ཡང་དག་པར་སྦྱར་བའི་དབུས་སུ་ཧཱུཾ་ཡིག་དང་ཨཾ་ཡག་ཏེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ས་བོན་གཉིས་བསམ ་པར་བྱའོ། །གང་གིས་ས་བོན་བསྒོམ་པར་བྱ་ཞེ་ན། གསུངས་པ། དེ་དག་གིས་ཐོད་པ་དང་གྲི་གུག་སྔོ་བར་བྱའོ། །ཇི་ལྟར་གྱུར་པ་ཞེ་ན། རང་གི་ས་བོན་གྱིས་བྱིན་གྱིས་བརླབས་པ་སྟེ། མཚན་མ་གཉིས་པོ་རང་གི་རྒྱུས་མཚན་པ་ཞེས་པའི་དོན་ཏོ། །གསུངས་པ། འབྲས་བུ་ལ་ནི ་རྒྱུས་རྒྱས་བདབ། །རྒྱུལ་འབྲས་བུས་རྒྱས་གདབ་པོ་ཞེས་སོ། །འདིར་རྒྱུ་དང་འབྲས་བུ་གཉིས་སུ་མེད་པ་ཉིད་དུ་བསྟན་པ་ཡིན་ནོ། །འདིས་ཟླ་བ་དང་ཉི་མའི་ས་བོན་བསྒོམས་པའི་དགོས་པ་?་ཡིན་ཞེ་ན། དགོས་པ་གསུངས་པ། དེ་ལ་རྣམ་ལྔ་མངོན་བྱང་ཆུབ། རྣལ་འབྱོར་རིགས་པའི། ་བསྒོམ་པར་བྱ་ཞེས་པ་ལ་སོགས་པ་སྟེ་དེ་ལ་སྟེ་དེར་ཟླ་བ་དང་ཉི་མ་དང་ས་བོན་དང་མཚན་མ་དང་རང་གི་གཟུགས་སུ་སྟེ། རྣམ་པ་ལྔ་རྣམས་ཀྱིས་མངོན་པར་བྱང་ཆུབ་པའི་སངས་རྒྱས་ཉིད་དུ་རྣལ་འབྱོར་རིགས་པས་བསྒོམ་པར་བྱའོ། །སྦྱོར་བར་བྱེད་པས་ན་རྣལ་འབྱོར་ཏེ་ཐ་མལ ་པའི་?་པོ་ལ་སོགས་པ་རྣམས་འཇིག་རྟེན་ལས་འདས་པའི་འདུ་བྱེད་ཀྱི་ཁྱད་པར་གྱིས་སྦྱོང་བར་འགྱུར་ཞེས་པ་རྣལ་འབྱོར་རིག་?། ངེས་མངོན་པར་བྱང་ཆུབ་པ་བསྒོམ་པར་བྱ་ཞེས་དགོངས་སོ། །འོ་ན་ཐ་མལ་པའི་ཕུང་པོ་ལ་སོགས་པ་རྣམས་ཅི་ལྟར་ན་སྦྱངས་ཞིང ་སྐྱེས་པ་ཡིན་ཞོ་ན། བཤད་པའི་རྒྱུད་ལས་གསུངས་པ་སྨྲས་པ། གང་དག་གང་གིས་འཕེལ་པར་འགྱུར་བ་དེ་རྣམས་དེ་ལ་མ་བཀག་པར་གྱུར་པ་ཡིན་ཞེ་ན། བུད་ཤིང་བསྲེགས་པའི་ཚུལ་གྱིས་སོ་ཞེས་པ་དང། ཕུང་པོ་འདི་རྣམས་སངས་རྒྱས་འདི། །ཡེ་ཤེས་རྣམས་ནི་རིགས ་འདི་རྣམས། །ཐ་མལ་ལུས་ཅན་འདི་རྣམས་ནི། །མེ་ལོང་ལ་སོགས་རབ་ཏུ་གྲགས། ཤེས་གསུངས་པ་ལས་སོ། །འོ་ན་འདིར་ཅི་དེ་རྣམས་མེ་ལོང་ལ་སོགས་པ་གང་རྣམས་ཀྱིས་མངོན་པར་བྱང་ཆུབ་པ་ཡིན་ཞེ་ན་མ་ལོང་མཉམ་ཉིད་ཡེ་ཤེས་དག། ཟླ་ཉི་དག་ཏུ་རབ་ཏུ་གྲགS ་ཤེས་བྱ་བ་གསུངས་ཏེ། ཀུན་ཏུ་མཐོང་བར་བྱེད་ཅིང་ཡིད་ཆེས་པར་བྱེད་པའི་གཟུགས་བརྙན་ལས་གཞན་མ་ཡིན་པའི་རྣམ་པས་དངོས་པོ་རྣམས་འདིར་ཀུན་ཏུ་མཐོང་ངོ་ཞེས་པས་མེ་ལོང་གི་ཆོས་དང་བཅས་པ་ཉིད་ཀྱི་ཕྱིར་མེ་ལོང་ཟླ་བའོ། །མེ་ལོང་ལྟ་བུའི་ཡེ་ཤེས ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་གཟུགས་བརྟན་དང་མཐུན་པ་ནི་མེ་ལོང་གི་ཡེ་ཤེས་གཟུགས་ཀྱི་ཕུང་པོའི། དེ་རྣམ་པར་དག་པ་ལས་ཨཱ་ལི་ཉིས་འགྱུར་གྱི་རང་བཞིན་ཟླ་བ་སྟེ། འོད་གསལ་པའི་སེམས་སུ་བཤད་པ་མྱ་ངན་ལས་རྣམ་པར་གྲོལ་ཞིང་རྣམ་པ ་རྟོག་པའི་རབ་རིབ་སེལ་བ་ཉོན་མོངས་པའི་དྲི་མ་ཐམས་ཅད་དག་པ་ཟླ་བ་ལྟ་བུའི་སེམས་ནི་ཟླ་བའོ། །ཆོས་རྣམས་ཀྱི་གཟུགས་བརྙན་གྱིས་རྣམ་པས་མཚུངས་པའི་དངོས། །ནི་མཉམ་པ་ཉིད་དེ། མི་འདྲ་བ་མ་ཡིན་པ་རོ་གཅིག་པའི་ཆོད་པའི ་ཕུང་པོའོ། །བར་མེད་པར་སེམས་ཅན་ཀྱི་དོན་མཛད་པ་ལས་ཀ་ལ་སོགས་པའི་གསལ་བྱེད་ཉིས་འགྱུར་གྱིས་བརྒྱན་པ་ཉི་མ་ལྟ་བུའི་སེམས་ནི་ཉི་མ་སྟེ། མི་ཤེས་པའི་མུན་པ་སེལ་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་སྐད་དུ་ཡང། སེམས་ཅན་རྗེས་སུ་འཛིན་བྱེད་པའི། །སྙིང་རྗེ་རྒྱུན? ་ཏུ་ཡང་དག་འབྱུང། །དགེ་ཆོས་རྣམས་ཀྱིས་ཀུན་ཏུ་གང། །ཉོན་མོངས་ཐམས་ཅད་ངེས་དོན་བྱེད་ཅེས་སོ། །ལྷ་ཡི་ས་བོན་ཕྱག་མཚན་ཀྱིས། །ཤེས་པ་ལ་ཐབས་དང་ཤེས་རབ་དག་གཉིས་སུ་མེད་པ་ཉིད་ལས་ས་དོན་ཞེས་པ་གཅིག་ཚིག་གོ་།ས་བོན་གྱི་བྱེད་པ་འབྱུང་བས ་འཆད་པར་འགྱུར་པའི་ལྷ་རྒྱུའི་ཧེ་རུ་ཀ་དང། ལྷ་རྣམས་ཀྱི་མཚན་མ་གང་ཡིན་པ་དེ་ནི་སོ་སོར་རྟོག་པའི་མཚན་ཉིད་དུ་བརྗོད་པར་བྱ་སྟེ་བཤད་པར་བྱའོ། །དོན་ནི་འདི་ཡིན་ཏེ། རང་གི་ས་བོན་ཡོངས་སུ་གྱུར་པའི་རང་གི་མཚན་མ་ནི་ཀུན་ཏུ་བཟང་པོའི་སྡོང?་པ་བླ་ན་མེད་པ་ཀུན་ཏུ་སངས ་རྒྱས་པའི་སའི་མཚན་ཉིད་འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པའི་གཟུགས་ཏེ། བསམ་པ་སྣ་ཚོགས་པའི་གདུལ་བྱའི་སེམས་ཅན་གྱི་ཕུང་པོ་ལ་སོ་སོར་རྟོག་པའི་ཕྱིར། །སོ་སོར་བརྟག་པ་ཞེས་བྱ་བོའི་དོན་ཏོ། །ཡང་གསུངས་པ་བྱང་ཆུབ་སྤྱོད་དེ་དང་དེ་བཞིན་ས། །ཡེ་ཤེས་དག ་པ་ཟད་པ་མེད། །དེ་ནི་དཀྱིལ་འཁོར་གཉིས་དབུས་གནས། །དེ་ནི་རང་གི་མཚན་?་བལྟ། །ཞེས་སོ། །ཐམས་ཅད་གཅིག་ཉིད་ནན་ཏན་ཏེ་ཞེས་པ་ནི་ཟླ་བ་དང་ཉི་མ་དང་ས་བོན་རྣམས་ཐ་དད་མེད་པའི་གཟུགས་ནི། སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་མ་སྐྱེས་ཤིང་མ་བྱས ་པ་རྟེན་མེད་པ་ཆོས་ཀྱི་?་བཤད་དེ། དེ་ལ་སེམས་ཅན་གྱི་ཁམས་རབ་ཏུ་གནས་པའི་ཕྱིར་ན་བྱ་བ་ཡིན་ལ། དེའི་རྗེས་སུ་གནས་པའི་ཕྱིར་ན། བྱ་བ་ནན་ཏན་ཏེ། ཐ་མལ་པའི་འདུ་བྱེད་ལོག་པའོ། །ནན་ཏན་ཞེས་པ་འདིར་ཚིག་སྔ་མ་ཕྱིས་པ་སྟེ། བདེན་འཇིགས་ལ། འཇིགས ་བ་ལྟ་བུའོ། །དེས་ནན་ཏན་ཞེས་གསུངས་པས་བྱ་བ་ནན་ཏན་ཞེས་གསུངས་པ་ཡིན་ནོ། །དེ་སྐད་དུ། ཡང་གསུངས་པ་སངས་རྒྱས་རྣམས་ཀྱི་སྐུ་གང་ཞིག་།སྣང་བ་མེད་ཅིང་རྟེན་མེད་པ། །མ་སྐྱེས་མ་བྱས་དག་པ་སྟེ། །དངོས་མེད་ལ་སོགས་རྣམ་པར་སྤངས། །མཆོད་དབྱེར་སེང་གཟུང་དུ ་མེད། །ཐུབ་པ་ཆེན་པོའི་ཆོས་ཀྱི་སྐུ། ཞེས་སོ། །?་པ་དག་པའི་ཆོས་ཉིད་དོ་ཞེས་པ་ལ། །རྫོགས་པ་ནི་བཞེངས་པ་སྟེ། བཅོམ་ལྡན་འདས་དཔལ་རྒྱུའི་རྡོ་རྗེ་གདུལ་བྱའི་སྐྱེ་བོ་དང་རྗེས་སུ་མཐུན་པ་ལོངས་སྤྱོད་རྫོགས་པའི་སྐུར་བཤད་པའི་རྣམ་པར་རྫོགས་པའོ། །དེ་ཡང? ་དག་པའི་ཆོས་ཉིད་དོ་ཞེས་པའི་དར་སྔ་ཕྱིའི་ཚིག་རྐང་པ་བཞིས་བསྡུས་པས་དག་པའི་ཆོས་ཉིད་དེ། ཤིན་ཏུ་དང་རྣམ་པར་ཞེས་པའི་ཆིག་སྔ་གཉིས་ནི་དག་བཞེས་པའི་ནུས་པ་ཉིད་ལས་གཟུང་བར་བྱ་ལ་ཉིད་ཅེས་བའི་སྐྱོན་ཡོད་པ་ཙམ་གྱི་དོན་དུ་ཡིད་ཆེས་པ་ན། །དབྱིངས ་ཀྱི་ཡེ་ཤེས་ཀྱི་སྒྲ་ཡང་གཟུང་སྟེ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་མ་ཡིན་ནོ། །རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ལྟའི་སྐུ་ཞེས་པའི་དོན་ཏོ། །ཡང་གསུངས་པ། བཅོམ་ལྡན་འདས་ཀྱི་སྒྲུབ་པ ་བོ། །གཟུགས་བརྒྱན་བསྡོམ་བྱར་སྐྲ་བཅི། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །རྡོ་རྗེ་སེམས་དཔའ་བསྒོམ་པར་བྱ། །ཞེས་སོ། །འདི་རྣམས་ཀྱིས་ནི་རྣམ་པ་ལྔ་རྣམས་ཀྱིས་རྫོགས་པ་ཉེ་བར་བསྔགས་པ་ཡིན་ནོ། །ཡང་གསུངས་བ་སྐུ་དང་དེ་བཞིན་གསུང་གི་ཡང། །གསང ་བ་སྐྱོད་ཡུལ་དེ་ཉིད་?་རྣམ་ལྔ་མངོན་བར་བྱང་ཆུབ་པ། །རྣམ་པ་ཉམས་?་མཆོག་ཏུ་མཛེས། །ཉེས་སོ། །དེ་ལྟར་ཡེ་ཤེས་ལྔའི་བདག་ཉིད་ཅན་རྡོ་རྗེ་སེམས་དཔའ་ནི་ལྟར་འགྱུར་ཞེ་ན། སྤྲོ་དང་བསྡུ་བ་བྱས་ནས་ནི། །ཞེས་པ་ལ་སོགས་པ་གསུངས་ཏེ། དེ ་ལྟར་ཞུ་པའི་གཟུགས། ཐོབ་མ་དང་ཐ་མ་མེད་པ་རང་བཞིན་གྱི་འོད་གསལ་པའི་གཟུགས་ལས། །འོད་ཟེར་གྱི་ཕྲེང་བ་རྣམས་ཀྱིS་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བསྒོམ་པར་བྱ་ཞིང་འོད་ཟེར་སྤོས་པས་སེམས་ཅན་གྱི་ཁམས་མ་ལུས་པ་སྦྱངས་ནས་དེ་ཉིད་དུ་བསྡུ་པར་བྱའོ ་ཞེས་པའི་དོན་ཏོ། །གདོད་མ་ནས་མ་སྐྱེས་པ་ཉིད་ཀྱིས་མི་ཕྱེད་པ་ནི་རྡོ་རྗེའོ། །སེམས་དཔའ་ཨི་རྒྱུ་ཉིད་ཀྱི་ཕྱིར་སེམས་དཔའ་སྟེ། མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་ནི་རྡོ་རྗེ་སེམས་དཔའ་ཨོ། །རང་ཉིད་འགྱུར་ཞེས་པ་ནི། ་དེའི་གཟུགས་སུ་འགྱུར་བ་སྟེ། རྣལ་འབྱོར་པའི་ཁྱད་པར་རོ། །དེས་ན་རྣལ་འབྱོར་པ་དེ་འདྲ་བར་འགྱུར་རོ་ཞེས་དགོངས་སོ། །ཅིའི་རྣམ་པར་འགྱུར་ཞེ་ན། ཕྱག་མཚན་ཞལ་སོགས་སྲས་བཞིན་ཏེ་ཞེས་བྱ་བ་ལ། རིགས་རྒྱས་པར་བྱེད་པས་ན་སྲས་ཏེ། འབྲས ་བུ་ཀྱེ་རྡོ་རྗེ་སྤྲུལ་པའི་སྐུའི་རང་བཞིན་ནོ། །དེ་ཡང་ཐབས་སྣ་ཚོགས་པ་རྣམས་ཀྱིས་སྣ་ཚོགས་པའི་སེམས་ཅན་གྱི་རྒྱུན་རྒྱས་པར་བྱེད་པས་ན་སྲས་ཀྱི་བྱ་བ་བྱེད་པའི་ཕྱིར། སྲས་ཏེ་དེ་དང་འདྲ་བའི་ཕྱག་མཚན་དང་ཞལ་ལ་སོགས་པ་རྣམས་ཀྱིས་ཉེ་བར་མཚོན ་པར་བྱའོ། །ཁྱད་པར་ནི། ཟླ་བ་ཆུ་ཤེལ་ནོར་བའི་འོད་ཅེས་པ་སྟེ་སྐུ་མདོག་དཀར་པོའོ། །དེ་སྐད་དུ་ཡང་གསུངས་པ། རྡོ་རྗེ་ཡོངས་གྱུར་དེ་མ་ཐག། རྡོ་རྗེ་སེམས་དཔར་བསམ་པར་བྱ། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །ཟླ་བ་ཆུ་ཤེལ་ནོར་བུའི་འོང་ཅེས་སོ།། ་ད་ནི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་ཉིད་ཀྱིས་སྣ་ཚོགས་པ་བསྐྱེད་པའི་སླད་དུ་ཐབས་དང་ཤེས་རབ་གཉིས་འདོད་ཆགས་ཆེན་པོས་སྙོམས་པར་འཇུག་པ་བསྟན་པའི་ཕྱིར། དགའ་གཉིས་པ?་གཉིས་སྙོམས་འཇུག་པས། །སངས་རྒྱས་ཐམས་ཅད་བསྡུ ་བར་བྱ་ཞེས་པ་གསུངས། །དགའ་བ་ནི་འདོད་ཆགས་ཆེན་པོའོ། །དེའི་མཚན་མ་ནི། ཟླས་དབྱེ་བ་སྟེ། དབང་པོ་གཉིས་སྦྱོར་པའོ། །དེ་ལ་སྙོམས་པར་ཞུགས་པ་ནི་རྗེས་སུ་ཞུགས་པའོ། །དེ་ཡང་སངས་རྒྱས་ནི་འབྱུང་བ་ཆེན་པོ་ལྔ་རྣམ་པར་དག་པའི་རང་བཞིན ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་སོ། །དེ་རྣམས་བསྡུ་བར་བྱ་ཞེས་པ་ནི། ཤེས་རབ་དང་ཐབས་རྣམ་པར་དག་པས་ཉེ་བར་དམིཌ་བཞིན་པ་?་རྫོབ་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལ། དོན་དམ་པའི་བདེ་བ་ཆེན་པོ་རྗེས་སུ་ཞུགས་པ་ཡོད་ན་རོ་གཅིག་པའི ་གཟུགས་སུ་བྱེད་དོ་ཞེS་བཱི་དོན་ཏོ། །རྒྱུད་དུ་ཡང་གསུངས་པ། བོ་ལ་ཀཀྐོ་ལ་སྦྱོར་བས། །རེག་པས་སྲ་བའི་བག་ཆགས་ཀྱིས། །སྲ་བ་གཏི་མུག་ཆོས་བདག་ཕྱིར། །གཏི་མུག་རྣམ་པར་སྣང་མཛད་འདོད། །བྱང་སེམས་ཞུ་བ་གང་གིས་ན། །ཞུ་བ་ཆུ་ཡི་ཁམས་སུ ་འདོད། །ཅེས་པ་ལ་སོགས་པ་ནི་གསང་ཆེན་ཉིད་ཀྱི་ཕྱིར་བདག་གིས་ནི་མ་བཤད་དོ། །ཡང་ན། དགའ་བས་གཉིས་གཉིས་སྙོམས་འཇུག་པས། །ཤེས་པ་ནི་གདུལ་བྱའི་སེམས་ཅན་འདོད་ཆགས་ཅན་གྱི་དོན་དུ་གསུངས་པ་མ་ཡིན་ཏེ་འདི་ཉིད་དུ། ་སངས་རྒྱས་ཐམས་ཅད་བསྡུ་བར་བྱ། ཞེས་པའོ། །འདོད་ཆགས་ཆེན་པོའི་སྒྲས་སངས་རྒྱས་རྣམས་བཀུག་སྟེ་ཞལ་དུ་ཞུགས་ནས་རྡོ་རྗེའི་ལམ་ནས་ཕྱུང་སྟེ་ལྷ་མོའི་པདྨའི་ནང་དུ་བྱང་ཆུབ་ཀྱི་སེམས་ཉུ་བའི་གཟུགས་ཉིད་ཀྱིས་བསྡུ་བར་བྱ་ཞིང་གཅིག་ཏུ་འདྲེས ་པར་གྱུར་པར་བྱའོ་ཞེས་པའི་དོན་ཏོ། །ོཾ་སརྦཱ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝཱཏྨ་ཀོ་ཧཾ་ཞེས་པ་ནི་རྗེས་སུ་ཆགས་པ་རྡོ་རྗེ་སེམས་དཔའ་ཨི་རང་བཞིན་ཏེ། ཡན་ལག་གཉིས་པའོ། །འོ་ན་སངས་རྒྱས་རྣམས་འདུས་ཤིང་བསྡུ་བར་བྱ་བ་ཁོ་ན་ཡིན་གྱི་སྒྲོ་བ་ནི་མ ་ཡིན་པས། འཆད་པར་འགྱུར་པའི་གྱི་མོ་རྣམས་བསྐྱེད་པར་མ་གྲུབ་པོ་ཞེ་ན། བསྲུབ་བྱ་སྲུབ་བྱེད་སྦྱོར་བ་ཡིས། །ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་བཅོམ་ལྡན་འདས་བདག་མེད་མའི་རྣམ་པ་མཱ་མ་ཀཱི་ནི་བསྲུབ་པར་བྱ་བ་ཡིན་ལ། ཐབས ་བཅོམ་ལྡན་འདས་ཧེ་རུ་ཀའི་རྣམ་པ་རྡོ་རྗེ་འཆང་ནི་གྲུབ?་པར་བྱེད་པའོ། །དེ་དག་གི་སྦྱོར་བ་ནི་མ་རིག་པ་ལ་སོགས་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་གཉེན་པོར་གྱུར་པའི་ལྷ་ཉིད་ཀྱི་རྣམ་པའོ། །འབྱོར་པས་ན་སྦྱོར་བ་སྟེ། དེས་ན་སྲུབ་བྱ་སྲུབ་བྱེད་སྦྱོར་བ ་ཡིས་ནི་ཉིད་པར་བྱ་བ་དང་ཉིད་པར་བྱེད་པའི་དངོས་པོས་ལྷར་རྫོགས་པ་གསུངས་པ་ཡིན་ནོ། །འོ་ན་ཅི་དོན་དམ་པ་ལས་འཕོ་བ་ན་ལྷ་མོའི་འཁོར་ལོ་སྤྲོ་པ་ཡིན་ནམ་ཞེ་ན། བདེ་ཆེན་གོ་འཕང་ལ་བཞུགས་སོ་ཞེས་བྱ་བ་གསུངས་ཏེ། བདེ་བ་ཆེན་པོའི ་རྒྱུ་ཉིད་ཀྱི་ཕྱིར། བདེ་བ་ཆེན་པོ་སྟེ་ཀུན་རྫོབ་ངོ། །པདྨར་བྱང་སེམས་རྣམས་?། ཞེས་པ་ལ་ཡོ?་དམ་པ་ལ། པདྨར་ནི་ཆོས་ཀྱི་དབྱིངས་སཱུམ?། གསང་བའི་པདྨའི་བྲེ་འབྲུའི་ནང་དུའོ། །བྱང་སེམས་རྣམ་པ་ནི། སངས་རྒྱས་ཐམས ་ཅད་དང་པོར་ཞུགས་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཞྭ་པའི་གཟུགས་ཉིད་དུ་འགྱུར་པའོ། །ཽ་རཱི་ལ་སོགས?་རྣམ་པ་འཛིན། ཞེས་པ་འདིས་ནི་འདོད་ཆགས་དང་ཞེ་སྡང་སྐྱེ་བ་དང་ལྡན་པའི་སེམས་ཅན་འདུལ་བར་བསྟན་པ་ཡིན་ནོ། །དེ་སྐད་དུ་ཡང ་གསུངས་པ་བུད་མེད་རྣམ་པས་འཇིག་རྟེན་དབང?། །ཁྲོ་བའི་རྣམ་?་སྟག་པར་བྱེད། །ཅེས་པོ་འདི་ཉིད་ནི། ཁྱབ་འཇུག་གི་འཇུག་པ་ལ་ཞུགས་པ་རྣམས་ཁྲོས་པས་དགུག་པ་དང། སྡིག་པ་ཅན་གྱི་སྐྱེ་བོ་དགུག་པར་བསྟན་པ་ཡིན་ནོ། །དེ་ནས་གོ་རཱི ་སྐུ་མདོག་གནག་།གྲི་གུག་དང་ནི་ཉ་འཛིན་པ། །ཞེས་བྱ་བ་ནས་བརྩམས་ཏེ། གཡོན་པས་རྡོ་རྗེ་དང་བཅས་པའི། །སྡིག་མཛུབ་མཛད་པ་བསམ་པར་བྱ། །ཞེས་པའི་བར་དུ་གོ་སླའོ། །གཾ་ཙཾ?་བཾ་ཞེས་པ་ལ་སོགས་ནི། གཾ་ཙེ་ལ་སོགས་པའི་ས་བོན་བརྒྱད ་པོ་འདི་རྣམས་ཀྱིས་དབྱུང་བར་བྱ་ཞེས་པ་དབང་པོ་དམན་པ་ལ་བལྟོས་ནས་གསུངས་པ་ཡིན་ཏེ། སེམས་ཀྱི་ཐིག་ལེའི་འོད་དང་ལ་དོག་རྣམས་ཀྱང་བསམ་པའི་དབྱེ་བས་སྤྲོས་པའི་ཕྱིར་རོ། །གང་ལས་འབྱུང་བར་བྱ་ཞེ་ན། གནས་ཀྱི་ཁྱད་པར་གསུངས ་པ་ལ་བསྐལ་ལས་རིམ་?་?་ཤེས་པ་ལ་མོགས?་པ་སྟེ། །ཀཀྐོ་ལ་ལས་ནི་?་པའི་པདྨ་ལས་སོ། །རིམ་ཇི་བཞིན་ནི། ཤར་?་སོགས་པའི་ཕྱོགས་ཀྱི་རིམ་པས་སོ། །གར་གྱིས་ནི་འགྲོ་བའི་དོན་བྱེད་པའི་སྐད་དུ་རྡོ་རྗེ་འཆང་གི་བཀའ་ཐོབ་པ ་ན་དགའ་བ་ཡང་དག་པར་སྐྱེས་པ་ཞེས་པའི་དོན་ཏོ། །རོ་ཡི་སྟེང་དུའོ་ཞེས་པ། ཚངས་པ་ལ་སོགས་པའི་གདུལ་བྱ་རྣམས་ཀྱི་སྟེང་དུ་སྤྲོ་བར་བྱའོ་ཞེས་འབྲལ་ཏོ། །འོ་ན་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་རྣམས་ཅི་ལྟར་གཾ་ཅི་ལ་སོགས་པ་ལས ་སྤྲེ་བར་བྱ་ཞེས་དོགས་ན། ལན་ནི་བཤད་པའི་རྒྱུད་ལན་གསུངས་པ་སྨྲས་པ། དང་པོར་སྐྱེས་དུ་བསམ་དེ་ནས། །མཁའ་འགྲོ་མ་ཡི་འཁོར་ལོ་སྤྲོ། །རྡོ་རྗེ་རྗེས་ཆགས་བྱ་ཞིང་ཞུ། །དེ་ཡང་འཛག་བྱ་རྒྱལ་བར་འགྱུར། །ས་བོན་བརྒྱད་པོ་དེ་རྣམས་ནི། །དེ ་བཞིན་གཤེགས་པའི་ཐིག་ལེ་རྣམས། །གཾ་ཙ་བཾ་གྷཾ་པཾ་ཤཾ་ཙ། ཌཾ་ས་བོན་གྱིས་ལྟ་མོར་བྱང། །དབང་དགར་གཤིན་རྗེར་ཆོས་རྐུན་མ། །དེ་བཞིན་ཆུ་ནི་རེ་ཡངས་མ། །ལུས་ངན་ལྷ་མོ་གྷསྨ་རཱི། །དེ་བཞིན་དབང་ལྡན་པུཀྐ་སཱི། །བྱིན་ཟའི་མསམས་སུ ་རི་ཁྲོད་ན། །བདེན་བྲལ་དུ་ནི་གཏུམ་མོ་བཞུགས། །གཡུང་མོ་ཡང་ནི་རླུང་དུ་སྟེ་།རིམ་པས་ལྷ་མོའི་འཁོར་ལོ་སྤྲོ། །ཞེས་སོ། །སྤྱན་གསུམ་སྐྲ་ནི་གྱེན་དུ་སྟེ་།ཞེས་པ་ནས། སྨིན་མ་སེར་སྦྱའོ་ཞེས་པའི་ཐར་ཐུག་པ་ནི་གོ་བླའོ། །འཁོར་ལོ་འདི་ལྟར ་རྣམ་བསམས་ནས། །ཤེས་པ་ལ། འཁོར་ལོ་ནི་ལྷ་མའི་འཁོར་ལོའོ། །འདི་ལྟར་རྣམ་བསམས་ནི་སྤྱན་གསུམ་ལ་སོགས་པ་ནི་ཁྱད་པར་གྱིས་ཁྱད་པར་དུ་འཕབས་པ་བསམས་ནས་སོ། །སྤྲོས་ནས་གཙོ་བོ་དད་བཅས་པ་ཞུ་བས་ཤེས་སྤྲེལ་པར་། ་བྱའོ། །དོན་ནི་འདི་ཡིན་ཏེ། དེ་ནས་མྱ་ངན་ལས་འདས་པ་འདོད་པས། །རང་གི་སྙིང་ཁའི་འོད་ཟེར་རྣམས་ཀྱིས་ནམ་མཁའ་ལ་གནས་པའི་ཧོ་ཡིག་དམར་པོ་གཉིས་ཀྱི་ནད་དུ་ཆུད་པའི་དྲི་ཟའི་སེམས་ཅན་ཞལ་གྱི་ལམ་ནས་རིག་མའི་པདྨའི་ནང་དུ་རབ་ཏུ་། ་ཞུགས་པ་?་པར་བྱའོ། །ཡང་གསུངས་པ། ལྷ་མོའི་པདྨར་བསམ་བྱ་བ་འདི་ནི་དྲི་ཟའི་སེམས་ཅན་བཤད། དྲི་ཟ་ཤིན་ཏུ་ཞགས་པ་ན། །ཞ་པ་སྟོང་པ་རྫས་དྲན་བྱ། །ཞས་སོ། །གཙོ་བོ་རིག་མར་བཅས་པ་དག། ཞུ་བས་འདོད་ཆགས་ཆེན་པོ ་ལས། །ཤེས་ཕལ། དེ་དག?་གཙོ་བོ་དང་བཅས་པ་སྟེ། ཁམས་གསུམ?་གྱི་བདག་ཉིད་དཀྱིལ་འཁོར་གྱི་འཁོར་ལོའི་བདག་པོའོ། །རིག་མ་ནི་དངོས་པོ་ཐམས་ཅད་རྣམ་པར་འབྱེད་པའི་མཚན་ཉིད་དོ། བཅས་པ་སྟེ་གཉིས་སུ་མེད་པ་ཉིད ་ཀྱིས་ཞུ་བ་ནི་འདམ་ཉིད་ཐོབ་པའོ། །གང་ལས་ཤེ་ན། འདོད་ཆགས་ཆེན་པོ་ལ་སཾ་ཏེ། བདེ་བ་ཆེན་པོ་ལས་སོ། །རང་རིག་པའི་ཡེ་ཤེས་རྗེས་སུ་ཞུགས་པ་ལས་ཤེས་བྱ་བའི་ཐ་ཚིག་གོ་།ཡང་ན། འདོད་ཆགས་ཆེན་པོ་ནི། སྐུ་གསུང ་ཐུགས་ཀྱི་ཡི་གེ་གསུམ་གྱི་སྙིང་པོ་ཧོ(རྒྱུད་འགྲེལ་ཞེས་སོ། །སླར་ཡང་གསུངས་པ། བསྡུས་ནས་རྒྱལ་བའི་འཁོར་ལོ་སྤྲོ། །སྔགས་ཀྱི་སྐུ་ཡིས་ཡང་དག་དབྱུང། །དྲི་ཟ་ཡང་དག་ཞུགས་པ་ན། །ཞུ་བ་ལྟུང་བ་རྗེས་དྲན་བྱ་ཞེས་སོ། །བག་ཆགས་ཀྱི་དྲི་ཟའོ་ཞེས་པ་དྲི་ཟ་སྟེ་། བར་དེ་སྲིད་པའི་སེམས་ཅན་ནོ། །དེ ་རྗེས་སུ་ཞུགས་པས་ཞུ་བ་ཞེས་པའི་དོན་ཏོ། །འོ་ན་ཅི་ཁབ་ལྟ་བུ་འདི་ལས་ཀྱང་དེ་ཡང་ཞུ་བ་ཡིན་ནམ་ཞེ་ན། ཞུ་བ་མར་གྱི་བུམ་པ་བཞིན། །ཞེས་བྱ་བ་གསུངས་ཏེ། ཞུ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་དང་བཅས་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུང ་པ་དང་འཛིན་པ་སྤངས་པ་དོན་དམ་པའི་ཆོས་ཀྱི་སྐུར་བཤད་པའི་གོ་འཕང་ལ་རབ་ཏུ་ཞུགས་པ་སྟེ། སེམས་ཅན་རྣམས་ལ་སྙིང་རྗེ་བའི་རླན་དེ་ཉིད་ལས་གཡོ་བ་མེད་པ་ཉིད་ཀྱིས་མར་གྱི་བུམ་པ་བཞིན་དུ་མཐོང་བའོ། །ཞུ་བར་གྱུར་ནས་ཡང་ཇི་ལྟར་སད་པར་འགྱུར ་ཞེ་ན། དེ་མཐོང་པུཀྐ་སཱི་ལ་སོགས་ཤས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཞེས་པ་ནི་བཅོམ་ལྡན་འདས་རིག་མ་དང་བཅས་པ་ཞུ་བའོ། །མཐོང་ནས་སྤྲོས་མོ་སྔོན་ནི་སྦོས་མོ་ལ་སོགས་པ་བྲ?་བཞིའི་ལྷ་མོ་ཚངས་པའི་གནས་བཞི་རང་བཞིན་བཅོམ་ལྡན་འདས་རྡོ ་རྗེ་འཆང་གི་སེམས་ལས་བྱུང་བའི་དགེ་བའི་ཆོས་ཀྱི་གཟུགས་རྣམས་སོ། །སྙན་པ་སྟེ་དངར་བའི་གླུ་རྣམས་ཀྱིས་སེམས་ཅན་གྱི་དོན་ནི། འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་སྒྲིབས་པའི་སྐྱེ་བོ་སྒྲོམ་པའི་དོན་དུ་རྒྱུར་རབ་ཏུ་སད་པར་བྱེད་དོ།། ་བསྐུལ་བར་བྱེད་པ་ནི་འདི་ལྟ་སྟེ། ཁྱོད་བཞེངས་རྗེ་བཙུན་སྙིང་རྗེའི་ཡིད་ཅེས་བྱ་བ་ལ་སོགས་པ་སྟེ། བྱམས་པའི་རང་བཞིན་ཅན་པུཀྐ་སཱི་ས་སྐུལ་བའོ། །སྙིང་རྗེའི་རང་བཞིན་ཤ་བ་རཱིས་བསྐུལ་བ་ནི། ཁྱོད་མེད་ན་ནི་བདག་འགུམ་པས། ཤེས་བྱ་བ ་ལ་སོགས་པ་གསུངས་པ་ཡིན་ནོ། །དགའ་བའི་རང་བཞིན་ཙཎྜ་ལཱི་ས་བསྐུལ་བ་ནི། དགའ་གཙོ་འཇིག་རྟེན་འགྲོན་གཉེར་ནས། ཤེས་བྱ་བ་ལ་སོགས་པས་གསུངས་པ་ཡིན་ནོ། །བཏང་སྙོམས་ཀྱི་རང་བཞིན་ཌོམྦཱི་ནཱི་ས་བསྐུལ་བ་ནི། བདག་གིས་ཁྱོད ་ཐུགས་མིག་འཕྲུལ་ཤེས། ཤེས་བྱ་བ་ལ་སོགས་པས་གསུངས་པ་ཡིན་ནོ། །ཾ་ཧཱུཾ་དག་གིས་གྲི་གུག་དང་ཞེས་པ་ལ་སོགས་པ་ལ། འདི་ལྟར་བསྐུལ་བ་ན། བཅོམ་ལྡན་འདས་དང་ཞེས་པ་སྔོན་གྱི་སྨོན་ལམ་རྗེས་སུ་དྲན་ཏོ། སྙིང་རྗེ་ལ་ཞུགས་པ། ་ཐུགས་ཀར་ཨཾ་ཡིག་དང་ཧཱུཾ་ཡིག་གེས་གྲི་གུག་དང་ཐོད་པའི་རྣམ་པའི་ཐབས་དང་ཤེས་རབ་ཀྱི་མཚན་མ་གཉིས་པོ་རྣམ་པར་བསམས་ནས། དེའི་འོད་ཟེར་གྱིས་མ་ལུས་པའི་སེམས་ཅན་གྱི་ཁམས་རྣམ་པར་སྦྱངས་ཏེ། སངས་རྒྱས་ཉིད་ལ་རབ་ཏུ་བཞག་ནས ་དཀུག་སྟེ། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་མཚན་མ་དེ་ཉིད་དུ་གཞུག་ཅིང་སྤྲོས་ཏེ། གྲི་གུག་དང་ཀ་པ་ལའི་རྣམ་པ་ལས་རང་གི་ལྷའི་རྣམ་པ་དང་ཁྲོ་བོའི་གདན་དང། ཕྱག་རྒྱ་དང། བདུད་ལ་ཞོན་པ་རྣམས་ནི། ཞུ་བའི་གཟུགས་ལས་སོ་ཞེས་པའི ་དོན་ཏོ། །དབུས་སུ་རྐང་མཐིལ་བརླ་དང་ལྡན། །གཡོན་པའི་རྐང་རྩེ་སྣ་ཚོགས་ས། །མ་འཁྲུགས་ཤིང་ནི་མ་ལོག་པས། །ཕྱག་རྒྱ་ཁྲོ་བོའི་གདན་དུ་བརྗོད་ཅེས་གསུངས་པ་ལས་སོ། །བཅོམ་ལྡན་འདས་འབྲས་བུའི་སྐྱེ་རྡོ་རྗེ་འདི་ཅི་ལྟ་བུ་ཞེ་ན། ཞལ་བརྒྱད་པ ་ལ་ཞབས་བཞི་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་ཐར་པ་བརྒྱད་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་ཞལ་བརྒྱད་དོ། །བསྡུ་བའི་ཞབས་ཀྱིས་འགྲོ་བའི་ཕྱིར་ཞབས་བཞིའོ། །བཅུ་དྲུག་ཕྱག་གིས་བརྒྱན་པ་ནི་སྟོང ་པ་ཉིད་བཅུ་དྲུག་རྣམ་པར་དག་པ་ཉིད་ཀྱི་ཕྱིར་རོ། །ཉི་ཤུ་རྩ་བརྒྱད་སྤྱན་གྱིས་ཕྱུག་པ་ནི། ཡེ་ཤེས་གསུམ་གྱི་རང་བཞིན་གྱི་སྤྱན་གསུམ་གྱི་ཞལ་སོ་སོ་ལ་མཛེས་པ་ཉིད་ཀྱི་ཕྱིར་རོ། །གཟུགས་དང་གཟུགས་མེད་པར་རྟོགས་པའི་ཉོན་མོངས་པ་ཟ ་པའི་ཕྱིར་སྟེང་གི་ཞལ་རྣམ་པར་གཙིགས་པ་ཞེས་པའི་དོན་ཏོ། །གཡས་སུ་ཡང་ཞེས་པ་དཀར་བའི་ཞལ་ནི། གཡས་པ་ཐབས་ཀྱི་ཆ་སྟེ། སྐུ་རྡོ་རྗེ་ཉིད་ཀྱི་ཕྱིར་དཀར་པོའོ། །གཡོན་པ་ཤེས་རབ་ཀྱི་ཆ་གསུང་རྡོ་རྗེ་རྣམ་པར་དག་པ་ཉིད་ཀྱི་ཕྱིར་དམར་པོ་སྟེ། དེ་བསྒོམ ་པར་བྱ་ཞེས་འབྲེལ་ཏོ། །སྤྱི་བོར་ཐོད་པ་ལ་སོགས་པ་ལ། སྣ་ཚོགས་རྡོ་རྗེ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཏེ་།སྤྱི་བེ་ལ་ཐོགས་པ་ཞེས་པའི་དོན་ཏོ། །མགོ་བོའི་མེ་ཏོག་ཅེས་པ་ལ་སོགས་པ་ནི། འདུ་བྱེད་ལྔ་??བཅུ་རྩ་གཅིག་གི་མགོ་པོ་བཅད་ནས་ཁྱད་པར་དུ ་འཕགས་པའི་འདུ་བྱེད་ཉེ་བར་མཚོན་པའི་མགོ་བོའི་མེ་ཏོག་གི་ཕྲེང་བས་བརྒྱན་པ་སྟེ་སྤྲས་པ་ཞེས་པའི་དོན་ཏོ། །ལྷ་ཡི་ཞས་པ་ལ་སོགས་པ་ནི། ལྷ་ནི་དཔལ་ཧེ་རུ་ཀ་སྟེ་། དེ་བཞིན་གཤེགས་པ་ལྔ་རྣམས་འཆད་པར་འགྱུར་བའི་ཕྱག་རྒྱའི་རྣམ་པས་འཛིན ་པར་བྱེད་དོ་ཤེས?་པའི་དོན་ཏོ། །སྤྱི་བོར་ཐོད་པ་བྱས་པའོ་ཞེས་པ་ནི། ཀཾ་ནི་བདེ་བ་ཆེན་པོ་སྟེ། དེ་སྐྱོང་བར་བྱེད་དོ་ཞེས་པ་ཀ་པཱ་ལ་སྟེ་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམ་པར་དག་པ་ལས་ཐོད་པའི་དུམ་བུ་སྟེ་སོར་མོ་ལྔ་རྣམས་ཀྱིས་སྤྱི་བོར་རྣམ་པར་བཀྲ ་བའི་ཅོད་པན་བྱས་པའོ། །སྒེག་པ་ལ་སོགས་བོ?་དང་ལྡན་ཞེས་པ་ལ་སོགས་པ་ལ། སྒེག་པ་ལ་སོགས་པ་རྣམས་ཀྱིས་སྙིང་སྟོབS་ཅན་གྱི་དངོས་པོས་སྒེག་པ་ལ་སོགས་པ་སྐྱེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ཀུན་འདུལ་བར་བསྟན་པ་ཡིན་ནོ། །སྐུ་མདོག་ནག ་?་ཞེས་པ་ལ་སོགས་པ་ནི། ཁ་དོག་ཐམས་ཅད་དང་བྲལ་བ་ཉེ་བར་མཚན་པ་ཉིད་ཀྱི་ཕྱིར་སྐུ་མདོག་ནག་པོའོ། །འདི་ཉིད་ནི་ཤིན་ཏུ་འཇིགས་ཏེ། །བྱིས་པའི་སྐྱེ་བོ་སྐྲག་པར་བྱེད་པའོ། །འཁོར་ལོ་རྣ་ཅ་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་ནི། རྒྱན་འདོད ་པའི་སྐྱེ་བོ་དགའ་བ་སྐྱེད་པར་བྱེད་པའི་རྒྱན་དང་ལྡན་པས་མི་དགེ་པའི་ཆོས་མི་འཇུག་པར་བསྟན་པ་ཡིན་ནོ། །རྒྱུད་དུ་ཡང་གསུངས་པ། བླ་མ་སློབ་དཔོན་འདོད་ལྷ་ལ། །གུས་པའི་དོན་དུ་འཁོར་ལོ་འཛིན། །བླ་མ་རྡོ་རྗེ་འཛིན་ལ་ཡང། །རྣ་བར་རྣམ་རླུང་དག་གིས།། ་སྔགས་བཟླས་མགྲིན་པའི་རྒྱན་ཡིན་ནོ། །གདུབ་བུ་སྲོག་ཆགས་བསོད་པ་སྤངས། །ཕྱག་རྒྱ་བསྟེན་ཕྱིར་སྐ་རགས་སོ། །འཁོར་ལོའི་རྣམ་པས་མི་བསྐྱོད་པ། །རྣ་ཅའི་བདག་ཉིད་འོད་དཔག་མེད། །མགུལ་གྱི་ཕྲེང་བ་རིན་ཆེན་དབང། །ལག་གདུབ་རྣམ་པར་སྣང་མཛད་བརྗོད།། ་སྐ་རགས་ལ་ནི་དོན་ཡོད་གནས། །ཕྱག་རྒྱ་ལྔར་ནི་རྣམ་པར་ངེས། ཤེས་སོ་དེ་ལྟར་བརྒྱན་པའི་བཅོམ་ལྡན་འདས་སྔར་བཤད་པའི་དུས་ཀྱི་རྒྱབ་ཏུ་ཞུགས་ནས་ལྷ་དང་ལྷ་མིན་བསྡིགས་པར་མཛད་དེ། །གདུག་པ་བཏུལ་བར་བྱེད་པ་ཉིད་ངེས་པར་གསུངས་པ་ཡིན་ནོ། །སྐྱིལ ་ཀྲུང་བྱེད་པའི་ཞེས་པ་ལ་སོགS་པ་ལ་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པའི་མཚན་ཉིད་ལ་གནས་པར་བྱེད་པའི་བྱེ་བྲག་གིས་དང། གར་གྱིས་བཞུགས་པ་ནི། སངས་རྒྱས་ཐམས་ཅད་ཁོང་དུ་ཆུད་པའི་ཕྱིར་གང་རོ། །ཕྲག་པར་འཁྱུད་པའི་བདག་མེད་མ། །ཞེས་བྱ་བ ་ལ་སོགས་པ་ལ་། བདག་མེད་མའི་དངོས་པོ་ནི་བདག་མེད་མ་སྟེ་། དེ་ཉིད་ཤེས་རབ་ཀྱི་མཚན་ཉིད་ཀྱི་ཕྱིར་བུད་མེད་ཉིད་དོ། །དེས་ཕྲག་པར་འཁྲུད་པ་སྟེ་མགྲིན་པ་ལའོ། །དེ་དེ་ལྟ་བུར་བརྗོད་ན་ཇི་སྐད་དུ་བརྗོད་པར་འགྱུར་ཞེ་ན་།སྤྲོས་པ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་དོན ་དམ་པའི་ཡེ་ཤེས་ཁྱབ་པའི་སྐུ་སྟེ་དོན་དམ་པའོ། །སླར་ཡང་ཀུན་རྫོབ་ཀྱི་རྣམ་པས་བདག་མེད་མང་ཅི་ལྟར་འགྱུར་ཞེ་ན། གཡོན་ན་ཐོད་པ་ཁ་ཊཝཾ་བ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམིགས་པ་མེད་ཅིང་སྤྲོས་པ་མེད་པའི་རང་བཞིན་དུ་ཡོད་པ་ནི་གདུལ་བྱ་དང་རྗེས ་སུ་མཐུན་པ་ལས་དབང་པོའི་མཚོན་ཆ་གཞན་དུ་རྣམ་པ་དང་བཅས་པའོ། །ཐོད་པ་དང་ཁ་ཊཝཱཾ་ག་དང་གྲི་གུག་འཛིན་པ་ནི་གཡོན་དྡང་གཡས་ཀྱི་ཕྱག་མཛེས་པའོ། །ཐོད་པ་ལ་སོགས་པ་རྣམས་ཀྱི་རྣམ་པར་དག་པ་ནི་རྒྱུད་དུ་གསུངས་པ་ལས་ཤེས་པར་བྱའོ། །བདག་མེད་མ་ནི ་ཨཾ་ཡིག་རྣམ་པར་དག་པ་ཉིད་ཀྱིས་སྐུ་མདོག་ནག་མོ་སྟེ། གདུག་བ་འདུལ་བའི་ཕྱིར། རབ་ཏུ་འཇིགས་པའོ། །རང་རིག་པའི་ཐར་པའི་སྒོར་བརྩོན་པའི་རྒྱུ?་ཉིད་ཀྱི་ཕྱིར་ལྷ་མོར་གྱུར་ཞེས་པ་རྣལ་འབྱོར་བས་བསྒོམ་ཞིང་བསྒོམ་པར་བྱའོ་ཞེས ་དགོངས་པ་ཡིན་ནོ། །རྗེ་བཞིན་རྒྱན་དང་ལྡན་པའོ་ཞེས་པ་འདིས་ནི། དེའི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་དང་དབྱེར་མེད་པའི་གཟུགས་ཉིད་དུ་བསྟན་པ་ཡིན་ནོ། །རྗེའི་མཚོན་ཆའི་ཁྱད་པར་རྟོག་པར་བྱ་བའི་ཕྱིར། གླང་པོ་རྟ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་དེ་རྣམས་ནི་ནང་ཉེ་བར་མཚོན་པར་བྱེད་པ་ཉིད་ཀྱི་ཕྱིར། གསོལ་བར་བྱེད་ཅིང་ཐོད་པ་བརྒྱད་པོ་ཤ་མེད་ཅིང་ཁྲག་མེད་པ་ཉིད་ལས་དམིགས་པ་མེད་པའི་ཡན་ལག་ཏུ་གྱུར་པ་རྣམས་སུ་བཞག་ནས་སོ། །སྐྲག་པ་ནི་དཔའ་བོ་མ་ཡིན་པ་སྟེ། འཆང་བ་ནི་འཛིན་པར ་མཛད་པ་ཞེས་པའི་དོན་ཏོ། །གཡས་ཤེས་པ་ཕྱག་རྣམས་ཀྱིས་ཏེ། འཇིག་རྟེན་པའི་ཐ་སྙད་ལས་གྲུབ་པ་སྟེ། འཇིག་རྟེན་ཇི་བཞིན་བསྟན་བཅོས་སོ་ཞེས་གསུངས་པའི་ཕྱིར་རོ། །ས་དང་ཆུ་ཞེས་པ་ལ་སོགས་པ་ནི་།ས་ལ་སོགས་པ་ནས་ནོར་སྦྱིན་གྱིས་མཐར ་ཐུག་པ་རྣམས་ནི། དབང་ཕྱུག་བརྒྱད་ཀྱི་རང་བཞིན་རྣམས་ཏེ། དེ་རྣམས་སེམས་ཅན་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་བར་བྱེད་པའི་ཕྱིར་དུ་བཅོམ་ལྡན་འདས་ཀྱི་གཡོན་གྱི་ཆར་སོན་པའི་ཐོད་བ་བརྒྱད་པོ་རྣམས་ཀྱིས་སྦྱིན་པར་མཛད་པ་ཡིན་ནོ། །འོ་ན་ཅི་ལྟར ་གཡོན་པའི་ཕྱག་རྣམས་ཀྱིས་སྦྱིན་ལ། གཡས་པ་རྣམས་ཀྱིས་མ་ཡིན་ཞེ་ན། འདི་ལ་དགོངས་པ་ནི་འདི་ཡིན་ཏེ། གཡོན་པས་སྦྱིན་པ་ལས་ནི་སྦྱིན་པར་བྱེད་པ་ཡིན་གྱི་འབྲས་བུ་ནི་མེད་དོ་ཞེས་བྱ་བའི་མུ་སྟེགས་པའི་འདོད་པ་ཡོངས་སུ་དོར་ནས་འབྲས་བུ་ལ ་ལྟོས་པ་ན?་པས་སམ། གྲུབ་པའི་གཏོར་བ་དང་སྦྱིན་པ་པོའི་མཚན་ཉིད་རབ་ཏུ་བསྟན་པའོ་ཞེས་པའི་དོན་ཏོ། །གླང་པོ་ལ་སོགས་པ་དང། ས་ལ་སོགས་པའི་ཡང་རྣམ་པར་དག་པ་བཤད་པའི་རྒྱུད་ཀྱི་རྗེས་སུ་འབྲང་བར་བྱ་སྟེ། དེ་སྐད་དུ་ཡང་གསུངས ་བ། གླང་སོགས་སེམས་ཅན་རྣམས་ཀྱི་ནི། །རླུང་ནད་ཉེ་བར་ཞི་ཕྱིར་ཏེ། །གློ་དང་དབུགས་དང་དེ་བཞིན་སྨྱོ། །ཐར?་བྱེད་མཛེ་དང་རྐང་བམ་དང། །འཚེར་པ་མཆིན་པའི་རང་བཞིན་གྱིས། །གླང་པོ་ལ་སོགས་རབ་ཏུ་གྲགས། །ས་ལ་སོགས་པ་བརྒྱད་ཉིད་ཀྱང། ། ་དབང་ཕྱུག་བརྒྱད་དུ་རབ་ཏུ་གྲགས། །ཤེས་པ་ལ་སོགས་པ་གསུངས་པ་ལས་སོ། །སྤྱན་དམར་ཞེས་བྱ་བ་ལ་སོགས་པ་ལ། སྙིང་རྗེ་དང་ཆགས་པ་དང་དགའ་བའི་དེ་ཁོ་ན་ཉིད་ལས་སྤྱན་དམར་བའོ། །སེར་སྐྱ་ནི་ཤིན་ཏུ་འོད་གསལ་བ་ཉིད་ཀྱི ་སྨིན་མ་གང་གི་ཡིན་པ་སྟེ། འདིར་ཅན་ཡིག་ནི་བསྡུ་བའི་མཛའ་ཨོ། །མགོ་སྐྱེས་གྱེན་དུ་འབར་བའོ་ནི་གང་གི་མགོ་སྐྱེས་གྱེན་དུ་འབར་བ་དེ་ལྟ་བུར་གསུངས་སོ། །དགོངས་པ་ནི་འདི་ཡིན་ཏེ། ཐུགས་ཀྱི་རྡོ་རྗེའི་སྟེང་དུ་ཡེ་ཤེས་སེམས་དཔའ་ཨི་འོད་ཀྱི་ཤུགས ་ཀྱིས་སྤྲོས་ཤིང་བཏེག་པའི་སྣང་བའོ་ཞེས་པའི་དོན་ཏོ། །དེ་ནས་རྣལ་འབྱོར་རང་ཉིད་འགྱུར་ཞེས་པ་ལ་སོགས་པ་ལ། རྣལ་འབྱོར་པ་ནི་བསྒོམ་པ་རྒྱས་པ་སྟེ། འདི་ལྟར་རྣམ་པར་བསམས་པས་རྣམ་པར་རྟོག་པ་ཐམས་ཅད་དང་ཐ་མལ་པའི་བག་ཆགས ་སད་པའི་ཕྱིར་རོ། །གདུག་པ་ཐམས་ཅད་ངེས་གནོད་བྱེད་ནི་བདུད་ཐམས་ཅད་རབ་ཏུ་ཉེད་པར་བྱེད་པ་སྟེ། ཀྱེ་བ་འདི་ཉིད་དུ་དཔལ་ཧེ་རུ་ཀ་ཉིད་དུ་གཞན་དང་རང་ཉིད་ལ་མངོན་སུམ་དུ་འགྱུར་ཞིང་ཀུན་ནས་ཐོབ་པར་རོ་ཞེས་པ་ནི་བསམ་གཏན་གྱི་ཕན་ཡོན་ནོ།། ་ཡེ་ཤེས་འཁོར་ལོ་ཡང་དག་པར་ཞེས་བྱ་བ་ལ་སོགས་པ་ནི། དེ་ནས་དམ་ཚིག་སེམས་དཔའ་ཨི་ཐུགས་ཀར་གནས་པའི་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་པདྨ་དང་ཉི་མ་ལེ་གནས་པའི་ཧཱུཾ་ཡིག་རྡོ་རྗེ་ལས་སྟེང་དུ་ཧཱུཾ་ཡིག་ཡེ་ཤེས་སེམས་དཔའ་ལས་སྤྲོས་པའི ་འོད་ཟེར་རྣམས་ཀྱིས་ཐོག་མ་མེད་པ་ནས་གྲུབ་པའི་དཔལ་ཧེ་རུ་ཀ་ཡེ་ཤེས་སེམས་དཔའ་ཡང་དག་པར་བསྐུལ་ནས། བདུད་རྩི་ལྔ་དང་མཆོད་ཡོན་གྱིས་མཆོད་པ་བྱས་ཏེ། ཛ:ཧཱུཾ་བཾ་ཧོ། ཞེས་པའི་བསྔགས་བརྗོད་པ་སྟེ་འདོན་པས། གཽ་རཱི་ལ་སོགས་པའི ་རྣམ་པ་དང། ལྕགས་ཀྱུ་དང། ཞགས་པ་དང་ལྕགས་སྒྲོག་དང་དྲིལ་བུའི་ཕྱག་རྒྱ་རྣམས་ཀྱིས་སོ། །རང་གི་འཁོར་ལོ་དམ་ཚིག་གི་འཁོར་ལོ་སྟེ། གཅིག་ཉིད་ནི་གཉིས་སུ་མེད་པ་ཉིད་དོ། །བྱ་ནི་ཐོབ་པ་སྟེ། སངས་རྒྱས་ཉིད ་ཐོབ་པ་ཞེས་པའི་དོན་ཏོ། །དེ་ལྟར་ཡང་བཤད་པའི་རྒྱུད་དུ་གསུངས་པ། ཡེ་ཤེས་འཁོར་ལོ་ཆེར་འབར་བ། །དམ་ཚིག་འཁོར་ལོར་མྱུར་བར་བཞུགས། །རྣམ་གཞན་སངས་རྒྱས་ཉིད་དང་ནི། །བྱང་ཆུབ་སེམས་དཔའ་ཉིད་མི་འགྲུབ། །ཡང་ནི? ་ཛ(རྒྱུད་འགྲེལ་ནི་དབང་དུ་བྱ་ཞེས་སོ། །ལྷ་མོ་བཞི་པོ་འདི་རྣམས་ཉིད་ཀྱི་ཡེ་ཤེས་ཀྱི་འཁོར་ལོ་དགུག་པར་ནུས་ཀྱི་གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་བླ་མ་རྣམས་ལ་དྲི་བར་བྱ་བ་ཡིན་ནོ། །དེ་ལྟར་ཡེ་ཤེས་ཀྱི་འཁོར་ལོ་བཅུག་ནས། དེའི་དབྲལ་བར་གནས་པའི་པདྨ་དང་ཟླ?་པའི ་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་ས་སྤྱོད་པ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ་སྟེ། ཕྱག་ནི་གྲ་གུག་དང་ཀ་པཱ་ལ། སྐྱིལ་ཀྲུང་བྱེད་པས་གནས་པ་རྣམ་པར་སྣང་མཛད་ཀྱི་རིགས་ལས་བྱུང་བ་བསྒོམ་པར་བྱའོ། །དེ་ལྟར་མགྲིན?་པར ་ཨཱ(རྒྱུད་འགྲེལ་རྣམ་པ་ཅན་ཀྱི་ལྷ་མོ་རྣམས་བཀུག་ནས། སྐུ་དང་གསུང་དང་ཐུགས་ལ་གཞུག་པར་བྱའོ། །ོཾ་ཡོ་ག་ཤུདྡྷ་སསརྦབ་དྷརྨཱ་གསུངས་པ། ཨོཾ་ཨཱ(རྒྱུད་འགྲེལ་སྔགས་ལས་ནི། སྐུ་གསུང་དེ་བཞིན་ཐུགས་ལ་ནི། །ས་སྦྱོད་མཁའ་སྤྱོད་མ་ཉིད་ཀྱང། །ས་འོག་གནས་མ་བསམ་པར་བྱ། །ཞེས་སོ། །ད་ནི་དབང་པོ་དང་ཡུལ་དང་ཕུང་པོ་དང་འབྱུང་བ་རྣམས་ཀྱི་རྣམ་པར་སྦྱོང་བ་གསུངས་སོ། །འོ་ན་གལ་ཏེ་རྣམ་པར ་མདག་པའི་དངོས་པོ་འདི་རྣམས་དེས་ཅི་ལྟར་སྦྱོང་བར་བྱེད་དེ། མ་དག་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །འདི་རྣམ་པར་དག་པ་ཡིན་ན་ཡང་སྦྱོང་ངོ་ཞེས་པ་འདིས་བྱ་སྟེ། ནུས་པ་མེད་ཅིང་དོན་མེད་པའི་ཕྱིར་ན་ཉེ་བར་ཐོབ་པ་མེད་པའོ་ཞེ་ན། བརྗོད་པས ་བྱ་སྟེ། དེ་ནི་ཡང་དག་པ་མ་ཡིན་ཏེ། གང་གི་ཕྱིར་ན། རང་བཞིན་གྱིས་ཡོངས་སུ་དག་པ་ཁོ་ནའི་དངོས་པོ་རྣམས་ཀྱི་གཟུང་བ་དང་འཛིན་པའི་དྲི་མ་ལྷག་པོ་རྣམས་ཀྱིས་དྲི་མར་བྱས་པ་ལས་སྦྱོང་བར་བྱེད་པ་ཡིན་ཏེ། གསེར་ལ་སོགས་པ་བཞིན་ནོ། །གང ་དྲི་མ་བློ་བུར་བ་སྦྱོང་བར་མཐོང་ཞིང་འཇིག་རྟེན་དུ་གྲགས་པ་ཡིན་ནོ། །དེ་ལྟར་ཡང་གསུངས་པ། ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །ཅེས་སོ། །མིག་ལ་གཏི་མུག་རྡོ་རྗེར་གྱུར་ཞེས་བྱ་བ་ལ་སོགས་པ་ལ། ་མིག་དག་ལ་སྟེ། རྣམ་པར་ཤེས་པའི་རྟེན། གཟུགས་རབ་ཏུ་གསལ་བའི་མིག་གི་དབང་པོའོ། །དེར་གཏི་མུག་རྡོ་རྗེ་མ་ནི་གཏི་མུག་གི་མཉེན་པོ་ཉིད་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་རྣམ་པར་སྣང་མཛད་ཀྱི་རིགས་ལས་བྱུང་བ་གསལ་ཞིང་དྲི་མ་མེད ་པའི་དེ་བཞིན་ཉིད་དུ་གྱུར་པ་སྟེ་སོང་བའོ་ཞེས་པའི་དོན་ཏོ། དེ་ལྟར་རྣ་བའི་རྣམ་པར་ཤེས་པའི་རྟེན་སྒྲ་རབ་ཏུ་གསལ་བའི་རྣ་བའི་དབང་པོ་དང། དེ་བཞིན་དུ་སྣའི་དབང་པོ་དང། ལྕེའི་དབང་པོ་དང། ལུས་ཀྱི་དབང་པོ་དང། ཡིད་ཀྱི་དབང་པོའོ། །འདི་རྣམས ་གཏི་མུག?་དང། ཞེ་སྡང་དང། སེར་སྣ་དང། འདོད་ཆགས་དང། ཕྲག་དོག་གི་གཉེན་པོར་གྱུར་བའི་གཏི་མུག་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་དེའི་བདག་ཉིད་ཀྱིས་སྦྱང་བར་བྱའོ། །དབང་པོ་རྣམས་སྦྱངས་ནས། ཡུལ་སྦྱོང་བ་གསུངས་པ། གཟུགས་ལ ་གཽ་རཱི་སྒྲ་ཚོམ་རྐུན་ཞེས་པ་ལ་སོགས་པ་སྟེ། དེ་ལ་གཟུགས་ནི་མིག་གི་དབང་པོའི་སྤྱོད་ཡུལ་ཏེ། ཁ་དོག་དང་དབྱིབས་ཀྱི་དབྱེ་བས་དངོས་པོ་ཉི་ཤུ་རྩེ་ལྔ་ཉེ་བར་བླངས་ནས་རིག་པར་བྱའོ། །བྷཱ་ནི་ཞེས་པ་སྒྲ་སྟེ་རྣ་བའི་གཟུང་བྱའོ།། ་དེ་ཡང་སྙན་པ་དང། མི་སྙན་པ་དང། གཉིས་ཀ་མ་ཡིན་པ་ཡང་སྟེ་རྣམ་པ་གསུམ་མོ། །ཡང་རྣམ་པ་ལྔ་སྟེ། འཇིག་རྟེན་གྱི་གྲགས་པ་དང། གྲུབ་པས་བསྟན་པ་དང། ཀུན་བརྟགས་པ་དང། འཕགས་པས་ཐ་སྙད་བརྟགས་པ་དང། འཕགས་པ ་མ་ཡིན་པ་ཐ་སྙད་བརྟགས་པ་ཡང་ངོ། །དྲི་ནི་སྣའི་དབང་པོ་གཟུང་བར་བྱ་སྟེ། དྲི་ཞིམ་པ་དང། དྲི་མི་ཞིམ་པ་དང། གཉིས?་མ་ཡིན་པ་ཡང་ཞེས་པ་རྣམ་པ་གསུམ་མོ། །ལྷན་ཅིག་སྐྱེས་པ་དང། ཡང་དག་པར་སྦྱར་བ་ཅན་དང། ཡོངས་སུ་གྱུར་པ་ཅན་ཏེ་སླར་ཡང་རྣམ ་པ་གསུམ་མོ། །ལྕེའི་དབང་པོས་གཟུང་བར་བྱ་བ་ནི་རོ་སྟེ་ཁ་བ་དང། སྒྱུར་བ་དང། སྐྲ་བ་དང། མིང་ར?་བ་དང། ལན་ཆུ་ཞེས་པ་དྲུག་གོ། རེག་བྱ་ནི་ལུས་ཀྱི་དབང་པོའི་སྤྱོད་ཡུལ་ཏེ། འཇམ་པ་དང། རྩུབ་པ་དང། ལྕེ་བ་དང། ་ཡང་བ་དང། ལྷོད་པ་དང། གྲང་བ་དང། དྲོ་བ་དང། བཀྲེས་པ་དང། སྐོམ་པ་ལ་སོགས་པ་རྣམ་པ་ཉི་ཤུ་རྩ་ལྔའོ། །ཡིད་ཀྱིས་གཟུང་བར་བྱ་བའི་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་གཅིག་པུ་རྣམ་པ་ལྔ་སྟེ། བསྡུས་པ་ལས་གྱུར་པ་དང། མངོན་པར ་སྐབས་ཡོད་པ་དང། ཡང་དག་པར་བླངས་པ་ལས་བྱུང་བ་དང། ཀུན་བརྟགས་པ་དང། དབང་པོ་འབྱོར་པ་ཞེས་པ་རྣམས་སོ། །དེ་ལྟར་སྐྱེ་མཆེད་དྲུག་པོ་རྣམས་ལ་གཽ་རཱི་དང། ཆོན་རྐུན་མ་དང། རོ་ལངས་མ་དང། གྷསྨ་རཱི་དང། ས་སྤྱོད་མ་དང། མཁའ་ ་སྤྱོད་མ་རྣམས་གོ་རིམས་བཞིན་དུ་བཀོད་པས་སྦྱང་བར་བྱའོ། །འོ་ན་ཅི་ལྟར་སྐྱེ་མཆེད་སྦྱོད་ཞེ་ན། བརྗོད་པར་བྱ་སྟེ། ཡུལ་དང་ཡུལ་ཅན་འདི་རྣམས་ཁོ་ནའི་གཟུགས་ཉིད་ཀྱིས་རིང་དུ་རྒྱས་པར་བྱེད་བ་དེའི་ཕྱིར་སྐྱེ་མཆེད་སྦྱོར་བར་ཡང་བརྗོད་དོ། །ཕུང ་པོ་རྣམ་པར་དག་པ་གསུངས་པ། གཟུགས་ཕུང་རྡོ་རྗེ་མ་རུ་འགྱུར་ཞེས་པ་ལ་སོགས་པ་སྟེ། དེ་ལ་གཟུགས་སུ་རུང་བའི་མཚན་ཉིད་ནི་གཟུགས་སོ། །གཟུགས་སུ་རུང་བ་དེ་ནི་རྣམ་པ་གཉིས་ཏེ། རིགས་པས་གཟུགས་སུ་རུང་བ་དང། ཡུལ་དབྱང?་པས་གཟུགས་སུ ་རུང་བའོ། །གང་དང་གང་དུ་ལག་པ་དང། རྐང་པ་དང་དབྱུག་པ་ལ་སོགས་པ་རྣམས་ཀྱིས་རེག་ན་འཇམ་པ་དང་སྲ་བ་ལ་སོགས་པར་དཔྱད་པར་བྱ་བ་ནི་རེག་པས་གཟུགས་སུ་རུང་བའོ། །མངོན་དུ་ཕྱོགས་པའི་ཡུལ་སོ་སོར་སྔོན་པོ་དང་སེར་པོ་ལ་སོགས་པར ་དཔྱད་པར་བྱ་བ་གང་ཡིན་པ་དེ་ནི་ཡུལ་དཔྱད་པས་གཟུགས་སུ་རུང་བའོ། །དེ་ལ་ཆོར་བ་ནི་མྱོང་བའི་མཚན་ཉིད་དེ། དགེ་བ་དང་མི་དགེ་བ་དང། གཉིས་ཀ་མ་ཡིན་པའི་ལས་ཀྱི་རྗེས་སུ་མཐུན་པའི་རྣམ་པར་སྨིན་པའི་འབྲས་བུའི་དངོས་པོ་རྣམ་པ་གསུམ་སྟེ། ་བདེ་བ་དང། །སྡུག་བསྔལ་དང། གཉིས་ཀ་མ་ཡིན་པའོ། །འདུ་ཤེས་ནི་འདུ་ཤེས་པར་བྱེད་པའི་མཚན་ཉིད་དེ། མཐོང་པའི་འདུ་ཤེས་དང། ཐོས་པའི་འདུ་ཤེས་དང། རྣམ་པར་ཤེས་པའི་འདུ་ཤེས་སོ། །མཐོང་བའི་འདུ་ཤེས་ནི། མིག་དང ་གཟུགས་དང། ཐོས་པའི་འདུ་ཤེས་ནི་རྣ་བ་ལ་རྟེན་ནས་འདོད་དོ། །རང་ཉིད་ཀྱི་རྟོགས་པར་བྱས་བའོ། །རྣམ་པར་ཤེས་པ་ནི། སོ་སོར་མྱོང་བའོ། །འདུ་བྱེད་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད་དེ། དགེ་བ་འམ། མི་དགེ་བ་ཡང་རུང་སྟེ། བདེ་བ་དང ་སྡུག་བསྔལ་གྱི་གནས་སྐབས་རྣམས་སུ་སེམས་འཇུག་པར་བྱེད་པ་རྣམས་སོ། །རྣམ་པར་ཤེས་པ་མི?། རྣམ་པར་ཤེས་པའི་མཚན་ཉིད་དེ། གང་དང་གང་གིས་གཟུགས་དང། སྒྲ་དང་དྲི་དང། རོ་དང། རེག་བྱ་དང། ཆོས་རྣམ་པར་ཤེས་པར་བྱེད་པ་དེ ་།། རྣམ་པར་ཤེས་པ་སྟེ། རྣམ་པར་ཤེས་པའི་ཕུང་པོའོ། །འདི་རྣམས་ལ་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་གོ་རིམས་བཞིན་དུ་རྣམ་པར་སྡུང་མཛད་ལ་སོགས་པོ་ལས་གཞན་མ་ཡིན་པའི་གཟུགས་ཀྱུ་དགར་པར་བྱ་སྟེ། དེ་བཞིན་གཤེགས ་པ་རྣམས་ནི་རྣལ་འབྱོར་མའི་གཟུག་མ་རྣམས་སུ་འགྱུར་རོ། །དེ་རྣམས་རྣམ་པ་དང་བཅས་པའི་ཕྱིར་ན། ཅི་ལྟར་ཕུང་པོ་ལ་སོགས་པ་རྣམས་དེ་བཞིན་ཉིད་ཀྱི་རང་བཞིན་དུ་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། འདིར་དེ་བཞིན་གཤེགས ་པའི་སྒྲ་ནི། ཌིཏྠ་དང། ཌི་བིཏྠ་ལ་སོགས་པར་སྨྲ་བར་བྱ་བ་མ་ཡིན་གྱི། དཔལ་ལྡན་དེ་བཞིན་ཉིད་དུ་གཤེགས། །དེ་བཞིན་ཁོ་ནར་འོངས་པ་ཡང། །ཤེས་རབ་ལྡན་པ་འདི་ཡིས་ནི། དེ་བཞིན་གཤེགས་ཤེས་མངོན་བརྗོད་བྱ། །ཞེས་བཅོམ ་ལྡན་འདས་ཀྱིས་ངེས་བའི་ཚིག་གིས་བསྒྲུབས་པ་ཡིན་ནོ། །དེའི་ཕྱིར། དེ་བཞིན་ཉིད་དུ་འོངས་པ་ལས་སམ། འོངས་པ་ལས་དེ་བཞིན་དུ་གཤེགས་པ་ཞེས་པ་སྟེ། དེ་བཞིན་གཤེགས་བའི་རིགས་དང་འབྲེལ་པའི་གཏི་མུག་རྡོ་རྗེ་མ་ལ་སོགས་པའི་ལྷ ་མོ་ཐམས་ཅད་ནི་དེ་བཞིན་ཉིད་ཀྱི་རང་བཞིན་ལྟ་བུའོ། །དེ་བཞིན་ཉིད་དུ་ཡང་སྟེ། ཆོས་ཐམས་ཅད་ཀྱི་རྣམ་པར་དག་པས་དང། ལྷ་རྣམས་ཀྱི་ཆོས་རྣམས་རྣམ་པར་སྦྱང་བར་བྱ་བ་ཁོ་ནའོ། །དེ་སྐད་དུ་ཡང་གསུངས་པ། ངེས་པར་དངོས་པོ་ཐམས་ཅད ་ཀྱི། །རྣམ་དག་དེ་བཞིན་ཉིད་དུ་བརྗོད། །ཕྱི?་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱིས་ནི་བརྗོད་པར་བྱ་ཞེས་སོ། །ད་ནི་གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་ཉེ་བར་བླངས་ནས་རིག་པར་བྱའོ་ཞེས་འབྱུང་བ་ཆེན ་པོ་ཁོ་ན་གཟུགས་སུ་རྣམ་པར་རྟོག་པའི་གནས་ཉིད་ཡིན་པ་གཅོད་པའི་ཕྱིར། སྦོས?་མོ་རི་ཁྲོད་མ་ཉིད་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦོས་མོ་ལ་སོགས་པའི་མཚེམས་བཞི་དི?་ལྷ་མོ་རྣམས། །སྤྱན་མ་ལ་སོགས་པ་རྣམས་ལས ་གཞན་མ་ཡིན་པའི་གཟུགས་ཀྱིས་སོ། །ས་ཆུ་མེ་དང་རླུང་རྣམས་ལ་རྣ། སྲ་བ་དང། གཤེར་བ་དང། དྲ་བ་དང། གཡོ་བ་རྣམས་ལ་སྟེ། བརྟན་པའི་སྤྱན་མའི་བདག་ཉིད་ཅན་རྣམས་ལའོ། །སྤྱད་སླད་ཅེས་པ། ཆོས་ཉིད་ཇི་ལྟ་བ་བཞིན་དུ ་ཁོར་དུ་ཆུང་བར་བྱ་བའི་དོན་དུའོ། །རྣལ་འབྱོར་བས་ཤེས་པ་ནི། ?་བ་དང་དོར་བའི་གནས་དེ་ཁོ་ན་ཉིད་དུ་ཤེས་ཤིང་བསྒོམ་པའི་རྣལ་འབྱོར་དང་ལྡན་པའོ། །?་བྱ་ཞེས་པ་ནི། དེ་རྣམས་སུ་ལྷ་མོ་དེ་རྣམས་དང་མི་ཕྱེད་པའི་གཟུགས་སུ་མོས་པར་བྱའོ་ཞེས་པའི་དོན ་ཏོ། །དེ་ནས་ཏེ་རྣམ་པར་དག་པ་བསྒོམས་པས་ཉོན་མོངས་པའི་སྒྲིབ་པ་དང་བྲལ་ནས། ཡང་དེ་མ་ཐག་ཏུའོ། །སྤངས་ནས་དེ་བཞིན་གཤེགས་པའི་དབང་བསྐུར་ཏེ། གང་ལས་ཤེས་ན། མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་ག་?་ཡིན་ཞེས་རྣམ་པར ་དཔྱོད་པའི་སྔགས་ཀྱི་སྒོ་ནས་དཔྱང་པ་སྤྱོད་པའི་བྱང་ཆུབ་སེམས་དཔས་དེ་ཁོ་ན་ཤེས་པར་བྱ་བ་ཡིན་ཏེ། ཤེས་བྱའི་སྒྲིབ་པ་ཟད་བའོ་ཞེས་བྱས་ནས། སངས་རྒྱས་ཀྱིས་དབང་བསྐུར་བ་རབ་ཏུ་བསྟན་པའི་ཕྱིར་དཀྱིལ་འཁོར་འཁོར་ལོའི་བདག་ཅེས་བྱ་བ་ལ? ་སོགས་པ་གསུངས་ཏེ། དཀྱིལ་ནི་སྙིང་པོ་སྟེ། བདེ་བ་ཆེན་པོའི་རང་བཞིན་དོན་རཾ་?་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ལེན་པར་བྱེད་པས་དཀྱིལ་འཁོར་ཏེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ལས་སྤྲོས་པའི་དཔལ་ཧེ་རུ་ཀ་དང་ལྷ་མའི་ཚོགས་སོ། །དེ་ཉིད ་གཉིས་སུ་མར་ཅིང་རོ་གཅིག་པར་ཉེ་བར་མཚོན་པར་བྱེད་པ་ཉིད་ཀྱི་འཁོར་ལོའོ། །དེའི་བདག་སྟེ། དེའི་རྣམ་པ་ཞེས་པ་རྣལ་འབྱོར་པའི་ཁྱད་པར་རོ། །ཡེ་ཤེས་ས་བོན་འང་སྤྲོས་པས་ཤས་པ་ནི། ཐུགས་རྡོ་རྗེའི་སྟེང་དུ་ཡེ་ཤེས་སེམས་དཔའ་ཨི་ཡི་གེའི་འོར?་?་ལས ་སྤྲོས་པའི་ལྷ་མོ་རྣམས་ཀྱིས་མཁར་བཞུགས་ཏེ། ནམ་མཁའ་ལ་གནས་པའི་སངས་རྒྱས་རྣམས་ལ་དབང་གི་སླད་དུ་སྟེ་བྱིན་ཀྱིས་བརླབ་པའི་སླང?་དུ་འམ། རྣམ་པར་འགྱུར་བའི་སླད་དུ་གསོལ་བ་གདབ་པ་སྟེ་གློད་བར་བྱ་བའོ། །སངས་རྒྱས་དེ་རྣམས་ཤེས ་པ་ལ་སོགས?་པ་ལ། དེ་རྣམས་ནི། ཡེ་ཤེས་སེམས་དཔའ་ཨི་འོད་ཟེར་གྱིས་གསོལ་བ་གཏབ་པ་ཅན་ནམ་མཁའ་ལ་གནས་པ་དེ་རྣམས་ཀྱིས་སོ། །ཧེ་རུ་ཀའི་རྣམ་པར་ཤེས་བ་ནི། རྣལ་འབྱོར་པའི་མོས་པའི་དབང་ལས་བྱུང་བའི་ཧེ་རུ་ཀའི་?་རྣམས ་ཀྱིས་སོ། །ཚོགས་ནི། སྔགས་ལ་སོགས་པའི་ཆོགས་བདུད་རྩིའི་བུམ་པ་རྣམས་ཀྱིས་སོ། །དབང་བསྐུར་རོ་ཞེས་པ་ནི། འགྲོ་བ་མ་ལུས་པའི་དོན་ཐོབ་པར་བྱེད་པས་?་རྒྱལ་སྲིད་ལ་དབང་བསྐུར་བ་ཞེས་པའི་དོན་ཏོ། །གཽ ་རཱི་ལ་སོགས་དང་སྤྱན་མ་སོགས་ཤེས་པ་ལ་སོགས་པ་ལ། དང་ཡིག་ནི་བསྡུ་བ་ལ་གྷེ?། དེས་ན་ཇི་ལྟར་སངས་རྒྱས་རྣམས་ཀྱིས་དབང་བསྐུར་བ་དེ་བཞིན་དུ། གཽ་རཱི་ལ་སོགས་པ་དང་སྤྱ?་མ་ལ་སོགས་པ་དེའི་དབྱོར?་པའི་ལྷ་མའི་ཚོགས་རྣམས་ཀྱིས་རབ་ཏུ ་མཆོད་སྟེ། གར་དང་གླུ་དང། སིལ་སྙན་དང། བཀྲ་ཤིས་ཀྱི་ཅ་ཅོའི་སྒྲ་དང། དེ་བཞིན་དུ་མེ་ཏོག་དང། བདུག་སྤོས་དང། མར་མེ་དང། དྲི་དང། ཞལ་ཟས་དང། གོས་དང། རྒྱན་ལ་སོགས་པ་རྣམས་ཀྱིས་མངོན་པར་མཆོད་པར་བྱེད་དོ ་ཞེས་བྱ་བའི་དོན་ཏོ། །འོ་ན་ཆུ་ཅི་ཞིག་གིས་གང་བའི་བུམ་པ་རྣམས་ཀྱིས་དབང་བསྐུར་བ་ཡིན་ཞེ་ན། བདུད་རྩི་ལྔ་པོས་རྒྱས་པ་ཡི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་ལྔའི་རང་བཞིན་གྱི་བདུད་རྩི་ལྔ་པོ་སྐྱེ་བ་དང་རྒབ་དང་འཆི་བ་སེལ་བའི ་མཚན་ཉིད་ཀྱིས་རྒྱས་པ་སྟེ་ཡོང་སུ་གདས?་རྣམས་ཀྱིས་སོ། །མེ་ཏོག་ཆར་ལྡན་པས་ནི། ལྷ་མོ་རྣམས་ཀྱིས་མེ་ཏོག་གི་ཆར་དང་ལྡན་པས་ཞེས་པའི་དོན་ཏོ། །དགོས་པ་གསུངས་པ། རྣལ་འབྱོར་པ་ནི་དབང་བསྐུར་འགྱུར་ཞེས་བྱ་བ་ལ་སོགས་པ་སྟེ ་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐྱེད?་བས་།རྣལ་འབྱོར་པ་ཕྱིར་མི་ལྡོག་པའི་རང་བཞིན་དུ་དབང་བསྐུར་བ་ཡིན་ནོ། །དབུ་རྒྱན་དཔལ་ལྡན་ཐུགས་ཀྱིས་ནི། མི་བསྐྱོད་བའི་དབུ་རྒྱན་ནོ་ཞེས་པ། འཁོར་བའི་བར་དུ་འགྲོ་བའི་དོན་བྱེད་པ་ཐོབ་པའི ་ང?་རྒྱལ་ལས་གཡོ་བར་བྱ་བ་མ་ཡིན་པའི་རང་བཞིན་ཉིད་ཉ་བར་མཚོན་བྱེད་དུ་གྱུར་པ་མི་བསྐྱོར་པའི་མཚན་མ་ཅོད་པན་ལ་འགྱུར་བ་སྟེ་ཐོབ་བར་བྱ་ཞེས་བའི་དོན་ཏོ། །དེ་སྐད་དུ་གསུངས་པ། རང་གི་སྙིང་གའི་ས་བོན་ལས་སྤྲོས་པའི་འོད་ཟེར ་དང་འོད་ཟེར་གྱི་གཟུགས་ཅན་རྣམས་ཀྱིས་སངས་རྒྱས་རྣམས་བཀུག་ནས་དགྱེས་པར་བྱས་ཤིང། དབང་བསྐུར་བར་གསོལ་བ་གདབ་པར་བྱ་སྟེ། ཨ་བྷི་ཥིཉྩནྟུ་མཱཾ་ཞེས་པའོ། །སངས་རྒྱས་ཁྱེད་རྣམས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་ནས་དེ ་བཞིན་གཤེགས་པ་རྣམས་ཀྱིས་བྱས་པའི་ཧེ་རུ་ཀའི་སྐུ་རང་གི་ཕྱག་གིས་བདུད་རྩི་ལྔའི་ཆུས་གང་བའི་བུམ་པ་བཟུང་བ་རྣམས་ཀྱིས་དབང་བསྐུར་བར་བྱ་སྟེ། དབང་བསྐུར་བ་རྣམས་སུ་དེའི་དབུ་རྒྱན་ལ་མི་བསྐྱོད་པས་རྒྱས་གདབ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་བྷི་ཥེ་ཀ་བཛྲ་སྭ ་བྷཱ་ཝཱཏྨ་ཀཽ?་ཧཾ་ཞེས་པའོ། །བཅོམ་ལྡན་འདས་ཀྱིས་དབང་བསྐུར་བ་དང་རྒྱས་གདབ་པ་གསུངས་ནས། ལྷ་མོ་རྣམས་ཀྱིས་གསུངས་པ། གཽ་རཱི་པུཀྐ་?་ཉིད་ཀྱང་ཞེས་པ་ལ་སོགས་པ་སྟེ། འདིར་ཉིད་ཡིག་ནི་ངེས་པར་གྱི་དོན་ཏོ། །དེས་ན་གཟུགས་ཀྱི་རང་བཞིན་ཅན ་གཽ?་རཱི་དང། དེ་བཞིན་དུ་སའི་རང་བཞིན་ཅན་དུ་པུཀྐ་སཱི་ལ་ཐུགས་ཀྱི་དབང་པོ་ཉིད་ཀྱིས་རྒྱས་གདབ་པར་བྱ་བ་ཡིན་གྱི། གཞན་རྣམ་པར་སྣང་མཛད་ཀྱིས་ནི་མ་ཡིན་ནོ། །རྣམ་པ་གཞན་དུ་ན། ཡེ་ཤེས་ཀྱི་རྣམ་པ་དོར་ནས་དེ་ཉིད་ཀྱིས་བརྟུལ་པོ་ཉིད་ཀྱི་སྦྱིན་པས ་ལྷ་མོའི་དངོས་གྲུབ་ཉིད་པ་ཡིན་ནོ་ཞེས་པས་མི་བསྐྱོད་པ་ཁོ་ནར་གསུངས་སོ། །དེ་ལྟར་ལྷ་མོ་ཐམས་ཅད་ཀྱི་རྒྱུད་དུ་གསུངས་ཏེ། མ་ལོག་པའི་ཚུལ་གྱིས་རྒྱས་གདབ་བར་ཁོང་དུ་ཆུད་པར་བྱའོ། །ཚོམ་རྐུན་རི་ཁྲོད་ཅེས་པ་ལ་སོགས་པ་ལ། ཚོམ་རྐུན་མ་དང་དེ་བཞིན ་རི་ཁྲོད་མ་ལ་སྐུ་ཡིན་?་པོ་རྣམ་པར་སྣང་མཛད་དོ། །དེ་ལྟར་རོ་ལངས་མ་ནི་རིན་ཆེན་འབྱུང་ལྡན་སྟེ། སེར་སྣས་རྒྱས་གདབ་བོ། །གཏུམ་མོའི་དབུ་རྒྱན་ཞེས་པ་ལ་སོགས་པ་ནི། མེའི་རང་བཞིན་ཅན་གྱིས་དབུ་རྒྱན་ནི་རིན་ཆེན་འབྱུང་ལྡན་ཏེ། དབུ་རྒྱན་ནི་གཙོ་བོ་ཉིད ་གྱིས་ཤེས་པའི་དོན་ཏོ། །གཡུང་མོ?་ཆགས་པའི་རྡོ་རྗེ་ཅན་ཞེས་པ་ནི། ?་དོག་གི་རང་བཞིན་ཅན་གྱི་རྒྱས་གདབ་པ་ནི། ཆགས་པའི་རྡོ་རྗེ་ཅན་འོད་དཔག་མེད་དོ་ཞེས་པའི་དོན་ཏོ། །གྷསྣ་རཱི་ཡང་དབང་བསྐུར་གནས་ཤེས་པ་ནི། བྷ་སཱ་རཱི་ཡི་དབང་བསྐུར་པའི ་གནས་སུ་དེ་དང་འདྲ་བར་འོད་དཔག་མེད་དེ། །སོ་སོར་རྟོག་པ་ནི། རྡོ་རྗེའི་དབང་བསྐུར་བའི་གཙོ་བོ་ཡིན་པ་ཉིད་ཀྱི་ཕྱིར་རོ། །རྣལ་འབྱོར་རིགས་ཅེས་པ་ལ་རྣལ་འབྱོར་ནི། ཀུན་རྫོབ་དང་དོན་དམ་པ་དག་མི་ཕྱེད་པར་རྟོགས་པ་སྟེ། དེ་ལས? ་རྒྱས་གདབ་པར་བྱ་བའི་ལྷའི་རྣལ་བ་ནི་ཀུན་རྫས?་ཡིན་པ། དེ་བཞིན་གཤེགས་པ་རྣམས་ཀྱིས་རྒྱས་གདབ་པ་ནི་དོན་དམ་པའོ། །དེ་དག་གི་རོ་གཅིག་པའི་རྣམ་པ་ནི་སྦྱོར་བ་སྟེ་།དེ་རིག་གོ་ཞེས་པ་རྣལ་འབྱོར་པ་རིག་པོ། །རྟག་ཏུ་གོམས་པ་དང་མ་དྲལ་བས་ཧེ། ་བསྒོམ་བར་བྱ་བ་ནི་དྲན་པར་བྱ་ཞེས་དགོངས་སོ། །དེ་ལྟར་ཡང་གསུངས་པ། རིགས་ནི་ཡོངས་སུ་ཤེས་པའི་ཡང། །རྒྱས་གདབ་ལྷ་ནི་གྲུབ་པ་སྟེ། །རིགས་འཚེལ་བསྒོམས་པའི་རྣལ་འབྱོར་ལས། གྲུབ་པ་མེད་ཅིང་སྒྲུབ་བོ་མེད་ཞེས་སོ། །དེ་ནས་མཆོད་དེ ་བདག་ཉིད་ནི། །ཞེས་པ་ལ་སོགས་པ་ལ་།དེ་ནས་ཏེ། དབང་བསྐུར་པའི་དེ་མ་ཐག་ཏུ་མཆོད་པ་བྱའོ། །དེ་ལ་རང་གི་སྙིང་གའི་ཡེ་ཤེས་ཀྱི་འོད་ཟེར་ཀྱིས་སྤྲོས་པའི་ལྷ་མོ་བརྒྱད་པོ་རང་དང་ཕན་ཚུན་དབྱེར་མེད་པ་རྣམས་ཀྱིས་གཟུང་བའི་མཆོད་ཡོན་དང་མེ་ཏོག ་དང། བདག་?་དང། མར་མེ་དང། དྲི་དང། ཞལ་གྲས?་དང། ན་བཟའ་དང། རྒྱན་ལ་སོགས་པ་རྣམས་ཀྱིས་?། མཆོད་པར་བྱ་བ་དང?་མཆོད་པ་པོ་དང་མཆོད་པ་རྣམས་དམིགས་པ་མེད་པའི་རང་བཞིན་སྣང་བརྙན་ཙམ་དུ་ཡང་དག་པར་རིག་ནས ་མཆོད་པར་བྱ་ཞིང། ཨོཾ་སརྦ་ཏ་ཐཱ་ག་ཏཱ་པཱུ?་ཛཱ་བཛྲ་སྭ་བྷཱ་སཱདམ?་ཀོ་ཧཾ་ཞེS་བརྗོད་པར་བྱའོ། །དེ་ལྟར་ཡང་གསུངས་པ། ཡེ་ཤེས་སྣ་ཚོགས་ཡོ་བྱད་ནི། སྤྲོ་བྱེད་ལྷ་མོ་བརྒྱད་རྣམས་ཀྱི། །དཀྱིལ་འཁོར་དཀྱིལ་འཁོར་ཅན་བདག་གིས། །སྤྱན་སྔ་རུ་ནི་མཆོད་པར་བྱ། ། ་ཞེས་སོ། ?་པ་འདིས་མཆོད་པ་སྟེ། མངོན?་དང་མཆོད་པའོ། །བདག་ཉིད་ནི་ཧེ་རུ་ཀའི་གཟུགས་ཏེ། བསྟོད་པས་ཤེས་པ་ནི། སྔར་བཤད་པའི་ལྷ་མོ་རྣམས་ཀྱིས། བྲག་ཆ་ལྟ་བུའི་སྒྲའི་བྱེད་པར་རྒྱུར་བ་རྣམས་ཀྱིས་ཀུན་ཏུ་དགྱེས་པར་བྱ་བ་སྟེ། ་འདི་ལྟར་ཚིམ་པར་བྱའོ་།རྣལ་འབྱོར་མཆོགས?་གྲོགས་མོས་ཡེངས་བསྐོར་ཁྱོད། །ཅེས་བྱ་བ་ལ་སོགས་པ་ལ། །ཁྱོད་ནི་རྣལ་འབྱོར་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ཡིན་ཏེ། དེ་ཁོང་དུ་ཆུད་པའི་བདག་ཉིད་ཅན་གྱི་ཐུགས་ཀྱིས་མཆོག་བརྙེས་པ་སྟེ། ་སེམས་ཅན་ཡོངས་སུ་སྐྱང་བའི་སླད་དུ་བཀའ་ཐོབ་པའོ། །འདི་ལས་ན། ཁྱོད་ཡོད་ན་རྒྱུ་བ་དང་བཅས་པ་མི་རྒྱུ་བའི་འགྲོ་བ་མཛེས་བར་མཛད་དོ། །ཉོན་མོངས་པ་ཡོངས་སུ་ཟད་པ་ལས་མཆོད་པ་ཞེས་པའི་དོན་ཧོ། །ཐུགས་ཀྱི་དབང་ཕྱུག་ལ་གནས ་པ་ཉིད་རྗེས་སུ་གནང་བའི་བདག་ཉིད་ཆེན་པོས་འགྲོ་བ་སད་པར་མཛད་དེ། སྒྱུ་མའི་སྤྲོས་པ་ལྟུང་བར་མཛད་དོ། །རྡོ་རྗེ་ཞེས་པ་ནི་བོད་པ་སྟེ། དབྱེ་བར་བྱ་བ་མ་ཡིན་པའི་ཡེ་ཤེས་ཤེས་པའི་དོན་ཏོ། །དགྱེས་མཛོད་ཅེས་བྱ་བ་ལ་སོགས་པ་ལ། ཡོངས་སུ་དགྱེས ་པར་འགྱུར་བ་སྟེ། ཧེ་རུ་ཀ་རྡོ་རྗེ་ཞེས་པ་ནི་བོད་པའོ། །བསྟོད་པའི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏཱ་སྦུ་ཧི་བཛྲ་སྭ་བྷཱ་ཝཱཏྨ་ཀོ་ཧཾ་ཞེས་བརྗོད་དེ། ཁམས་གསུམ་པར་གནས་པ་ཉིད་ཀྱི་རང་བཞིན་ལས་ཤེས་དགོངས་སོ། །ད་ནི་ཐོག་མ་མེད་པའི་དུས་ཀྱི་ཁམས་ཀྱི་ཟས་ཀྱི་བག ་ཆགས་གོམས་པ་ལྡོག་པའི་དོན་དུ་རྣལ་འབྱོར་པའི་བསམ་གཏན་གྱི་སྦྱོར་བས་བདུད་རྩི་ཉེ་བར་ལོངས་སྤྱོད་པ་གསུངས་པ། བདུད་རྩི་མྱང་བ་བྱས་ནས་ནི་ཞེས་པ་ལ་སོགས་པའོ། །དེ་ལ་ཆོ་ག་ནི་འདི་ཡིན་ཏེ། མདུན་དུ་ཡི་ཡིག་ཡོངས་སུ་གྱུར་པའི་རླུང་གི་དཀྱིལ་འཁོར ་རྣམ་པར་བསྒོམས་ནས། དེའི་སྟེང་དུ་རེ་པས་མེ་འབར་བའོ། །འབར་བའི་སྟེང་དུ་ཨ་ཡིག་ལས་སྐྱེས་པའི་པདྨའི་སྣོད་དེ། དེའི་ནང་དུ་བཞི་མཉམ་དང། གླ་རྩི་དང། ག་པུར་དག་མཆོག་གི་དབུགས་དང་ལྡན་པ་ནི། རང་གི་སྐུ་དང། གསུང་དང་ཐུགས ་རྣམས་ཀྱིས་སོ། །ཡི་གེ་གསུམ་པོ་བྱུང་བའི་རིམ་པས་སྦྱང་བ་ལ་སོགས་པ་བྱ་སྟེ། ཧཱུཾ་གིས་སྦྱོང་བ་དང། ཨཱ:ཡིས། སད་པ་དང། ཨོཾ་གྱིས་འབར་བར་བྱས་ནས་སླར་ཡང་ཡི་གེ་གསུམ་པོ་དེ་རྣམས་ཁོ་ནས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་རབ? ་གི་སྙིང་ཁའི་ཡེ་ཤེས་སེམས་དཔའ་ཨི་ས་བོན་ལས་སྔར་བཤད་པའི་ལྷ་མོ་བརྒྱད་པོ་སྤྲོས་ལ་དེ་རྣམས་ཀྱིས་བདུད་རྩིའི་སྣོད་དེ་བླངས་ནས། རང་གི་སྙིང་གར་སྔར་བཤད་པའི་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་པར་བསམས་ཏེ། །?་རྡོ་རྗེས ་རྩེས་བདུད་རྩི་མྱང་བར་བྱའི་ཞེས་པ་ནི་ཆོ་གའོ། །དེ་ལྟར་ཡང་གསུངས་པ། དེ་ནས་རླུང་དང་མེ་ལ་གནས་པའི་པདྨའི་སྣོད་དུ་།རང་བྱུང་དང་བཞི་མཉམ་དང། གླ་རྩི་དང། ག་བུར་དག་མཆོག་གི་དབུགས་དང་ལྡན་པ་ཧཱུཾ་དང་རྡོ་རྗེ་དཀར་པོ་ནི་སྤྱོད་པ་དང། ཨོཾ: ་ཡིག་གིས་རབ་ཏུ་སད་པ་དང། བྲན་བས་འབར་བའི་སྣང་བ་ཅན་དུ་བྱིན་གྱིས་བརླབས་ཤིང་བསྔགས་སོ། །རང་གི་ལྕེའི་པདྨའི་འདབ་མ་དེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོ་དེས་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་གཟུགས་རབ་ཏུ་ཚིམ་པར་བྱའོ། །ཞེས་སོ།། ་བཤད་པའི་རྒྱུད་དུ་ཡང་གསུངས་པ། དབུགས་དང་འབར་བ་དང་ཐོད་པ་ལ་སོར་མོ་ལྔའི་ས་བོན་ལྔ་ལས་ཡང་དག་པར་བྱུང་བའི་ལྕེ་ཡིས་བདུད་རྩི་མྱང་བར་བྱ་སྟེ། དཔལ་རྡོ་རྗེ་ཧེ་རུ་ཀས་སོ། །ོཾ་སརྦབ་ཏ་ཐཱ་ག་ཏཱ་མྲི་ཏ་སྭཱ་ད་ནཱ་བཛྲ་སྭཱ་བྷཱ་ཝཱཏྨ་ཀོ་ཧཾ། འདི་ལྟར ་བདུད་རྩི་མྱང་བའི་མཐར་ཐུག་པའི་ཡན་ལག་དྲུག་བསྒོམ་པར་བསྟན་པ་ཡིན་ཏེ། དེ་ལྟར་ཡང་གུར་གྱི་རྒྱུད་དུ་གསུངས་པ། རྡོ་རྗེ་རྗེས་སུ་ཆགས་པར་བྱ། །སངས་རྒྱས་གནས་ནི་རྣམ་པར་བསྒོམ། །དབང་བསྐུར་བ་དང་བདུད་རྩི་མྱང། །མཆོད་བསྟོད ་ཡན་ལག་དྲུག་ཉིད་དོ། །མྱུར་དུ་?་པ་བཅས་ཐོབ་བྱ། །ཡན་ལག་དྲུག་བསྒོམ་རྣལ་འབྱོར་པའོ། །ཁང་རྩེགས་སངས་རྒྱས་རྣམ་སྣང་མཛད། །དབང་བསྐུར་མི་བསྐྱོད་དེ་བཞིན་གཤེགས། །བདུད་རྩི་མྱང་བ་འོད་དཔག་མེད། །བསྟེད་པར་ནི ་ཆེན་འབྱུང་དཔལ་ལོ། །མཆོད་པ་དོན་ཡོད་རྟག་ཏུ་བཤད། །རྗེས་ཆགས་རྡོ་རྗེ་སེམས་དཔའ་ཨོ། །དེ་ལྟར་ཡན་ལག་དྲུག་ལ་དགོད་པ་ཡང་ཁོང་དུ་ཆུད་པར་བྱ་སྟེ། དང་པོར་ནག་པོ་བསྒོམ་པར་བྱ། །གཉིས་པར་དམར་པོ་རྣམ་པར་བསྒོམ། །གསུམ ་པོར་སེར་པོ་བསྒོམ་པར་བྱ། །བཞི་པ་ལྗང་ཁུ་དེ་བཞིན་ནོ། །ལྔ་པ་ལ་ནི་སྔོན་པོའི་མདོག། དྲུག་པར་ཡང་ནི་དཀར་པོའི་ལུས། །རྣལ་འབྱོར་པའི་ཡན་ལག་དྲུག་།བསྒོམ་བྱ་དགའ་བྲལ་མཐར་དེ་བཞིན། །དེ་ལྟར་ཡན་ལག་དྲུག་བསྒོམས་པ་ཉིད་ཀྱིས་བསྐྱེད་པའི་རིམ ་པ་རྣམ་པར་བསྒོམས་ནས། དེ་མ་ཐག་ཏུ་རྫོགས་པའི་རིམ་པས་ཡེ་ཤེས་ཀྱི་མཚན་མ་ལ་ཉེ་བར་དམིགས་པར་བྱ་སྟེ། སྤྲོས་པ་ཐམས་ཅད་དང་བྲལ་བའི་དོན་དམ་པ་ལ་འཇོག་གོ། དེ་ལྟར་ཡང་བཤད་པའི་རྒྱུད་ལས་གསུངས་པ། ཡན་ལག་དྲུག་པོ་ཉེར་སྐྱེད་བྱེད། །དེ ་འདི་ཉེ་བར་གྲུབ་བ་ན། །དང་པོར་སྤྲིན་དང་འདྲ་བར་སྣང། །གཉིས་པར་དུ་བ་ལྟ་བུའོ། །གསུམ་པར་མཁའ་སྣང་རྣམ་པ་སྟེ། །བཞི་པར་སྒྲོན་མ་འབར་བ་ཡིན། །སྤྲིན་མེད་ནམ་མཁའ་ལྟ་བུར་ནི། །རྟག་ཏུ་སྣང་བ་ལྔ་བ་ལ། །ཕྱི་ནས་སྒྱུ་ལྟའི་རྣམ་པ་དང། །རྨི་ལམ་རྣམ་པར ་སྐད་གཅིག་འགྱུར། །ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་རྣམས་བསྲེག། སྤྱན་ལ་སོགས་པ་ཡང་བསྲེག་སྟེ། །རི་བོང་ཅན་ཧཱུཾ་འཛག་པ་བསྲེག། ཅེས་སོ། །འདིར་དེ་ཁོ་ན་ཉིད་བསྒོམས་པས་དུབ་པ་ན་ཅི་ཞིག་བྱ་ཞེ་ན། སྤྲོ་དང་བསྡུ་བ་སྔོན་མ ་ཅན། །ཞེས་པ་ལ་སོགས་པ་གསུངས་ཏེ། སྤྲོ་བ་དང་བསྡུ་བ་སྔོན་མ་ཅན་གྱི་སྔགས་ཀྱི་བཟླས་པ་བྱ་སྟེ། །སྐུ་དང་གསུང་དང་ཐུགས་ཀྱི་ཡི་གེ་གསུམ་པོ་རྣམས་ལས་དེ་བཞིན་གཤེགས་པ་རྣམས་དཔལ་ཧེ་རུ་ཀའི་གཟུགས་སུ་ཕྱི་རོལ་ཏུ་སྤྲ་ཞིང་སྤྲོས?་ནས་ཡང ་དག་པར་མཆོད་དེ། ཡི་གེ་གསུམ་གྱི་སྔས་ཀྱི་སྐུའི་གཟུགས་ཀྱིས་ཡོངས་སུ་གྱུར་བ་དེ་རྣམས་སླར་ནང་དུ། རང་གི་སྐུ་དང་གསུང་ཐུགས་རྡོ་རྗེ་རྣམས་ལ་རབ་ཏུ་གཞུག་བར་བྱའོ། །དེ་ལྟར་སྤྲོ་བ་དང་བསྡུ་བ་བྱས་ནས་སྔགས་བཟླས་ཏ་ཡི་གེ་གསུམ་གྱི་སྔགས ་བཟླའོ། །རབ་ཏུ་བྱ་ནི། རབ་ཏུ་གྱིས་ཤིག་སྟེ་འཇུག་པ་དང། གནས་པ་དང། ལྡང་བའི་རིམ་པས་བརྟེན་པ་སྟེ་ཉིན་མཚན་རྟག་ཏུའོ། །རྩེ་གཅིག་སེམས་ཀྱིས་ཤེས་པ་འདིས་ནི། ནང་གི་ཐུན་མཚམས་དྲན་པ་དང་བྲལ་བ་?་ཕྲག་གཉིས་ལ་སོགས་པའི་གྲངས ་ཀྱི?་རིམ་པ་བཤད་པ་ཡིན་ནོ་ཞེས་པ་ནི་སྔགས་བཟླས་པའོ། །ཡེ་ཤེས་སེམས་དཔའ་ཨི་སྙིང་ཟླར་གནས། ཤེས་པ་ལ་སོགས་པ་ལ། རྣལ་འབྱོར་བའི་བྲང་ལ་གནས་པའི་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་ཐིག་ལེ་གང་ཡིན་པ་འདིའོ།། ་དེ་ལ་ས་བོན་ནི་ཧེ་རུ་ཀར་བཤད་དེ། ཐིག་ལེ་དེར་སོང་བ་དེ་ཞུགས་པས་གནས་པའོ། །སྔར་བཤད་པའི་ཡི་གེ་གསུམ་གྱི་སྔགས་སུ་ལྡང་བས་སླར་སྒྲོ་བར་བྱ་ཞེས་དགོངས་པ་ཡིན་ནོ། །འདིར་མན་ངག་ནི། དཔྲལ་བ་དང། མགྲིན་པ་དང། སྙིང་གར་གནས་བའི? ་ཨོཾ་ཨཱ(རྒྱུད་འགྲེལ་ཡིག་ནི་ཨཱ(རྒྱུད་འགྲེལ་བཞིན་ཐིག་ལེ་?། །ཞེས་པ་?་ལ་འབའ་ཞིག་གི་ཚེ་རང་བཞིན་?་འོད་གསལ་བ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་ཆོས་ཀྱི་སྤུར་རྣམ་པར་བསྒོམས་ནས། སླར་ཡང་ཐིག་ལེ་ཙམ་དེ་ལས་འགྲོ་བའི་དོན་བྱེད་པའི་སླད་དུ་རིམ་གྱིས་སྣང་བརྙན་ཙམ་གྱི ་ཐུགས་དང་གསུང་དང་སྐུར་སྣང་བའི་གནམ་?་འདས?་ཀྱི་སྡུས་སྤྲོ་བར་བྱ་ཞེས་པའོ། །རང་བཞིན་ལས་ཏེ་ངོ་བོ་ཉིད་དྲན་པ་ལས་རང་བཞིན་གྱི་བཟླས་པ་ཁོར་དུ་ཆུད་པར་བྱའོ། །སྔགས་པར་ཞེས་པ་ལ་སོགས་པ་ལ། དགོངས་པ་ནི་འདི་ཡིན་ཏེ། རང ་གི་?་ཡེ་ཤེས་?་དཔའ་བོད་ཀྱི་?་ནམ་རྣམས་ཀྱི?་རྣམ་པར་ཁྱབ་པར་བྱས་པས་ཀྱང། སེམས་ཅན་གྱི་ཁམས་མ་ལུས་པ། མ་ལུས་པའི་ཉོན་མོངས་པས་?་པར་མཐོང་ནས། རང་གི་སྙིང་ཁའི་ས་བོན་ལས་སྦྲོས་པའི་སྔགས་ཀྱི ་ཕྲེང་བའི་ནང་དུ་འོད་གསལ་བའི་ཡེ་ཤེས་ཀྱི་ཡོན་ཏན་གྱི་འབར་བའི་ཨོཾ་དེ་ཝ་པི་ཙུ་བཛྲ་ཞེས་པ་ལ་སོགས་པའི་ཡི་གེའི་ཕྲེང་བ་ཞི་བ་ལ་སོགས་པའི་ལས་རབ་འབྱམ་གྱི་གཟུགས་དང་ཁ་དོག་གོ། འདི་རྣམས་ཉིད་སེམས་ཅན་ཀུན་གྱི་དོན་བྱེད་པ་?་དེ ་ཕྱི་རོལ་ཏུ་སྤྲོས་ནས་སེམས་ཅན་གྱི་བྱ་བ་བྱའོ་ཞེས་པ་རྒྱུ་འདིས་ཕྱི་རོལ་ཏུ་འགྲོ་བ་སྟེ་སོང་བའོ། །སྡུགས་ཀྱིས་དོན་རྣམ་པ་བཞི་ཤེས་པའི་རྣལ་འབྱོར་བས་སྲོག་དང་ཐུར་སེལ་གྱི་རླུང་དག་ཤིན་ཏུ་བསྡམ་པ་སྟེ། བཅིང་བར་བྱས་ནས་སླར་སྒྲོ་བར་བྱ་ཞིང་རང་གི་སྙིང་ཁར ་གཞུག་པར་བྱའོ་ཞེས་པའི་དོན་ཏོ། །རྣམ་པ་གཞན་དུ་ན་རྣལ་འབྱོར་པ་འཆི་བར་འགྱུར་རོ་ཞེས་པ་དམ་ཚིག་གིས་བཟླས་པར་ཁོང་དུ་ཆུད་པར་བྱའོ། །བཟླས་པ་བྱས་ནས་ཤེས་པ་ལ་སོགས་པ་ལ། དེ་ལྟར་བཟླས་པའི་རྣམ་པ་རྣམ་པ་གསུམ་བྱས་ནས་བསོད་ནམས ་བསགས་པར་གྱར?་པ། ?་ཡིན་པ་དེ་ཐམས་ཅད་སེམས་ཅན་རྣམས་ཀྱིས་བླ་ན་མེད་པའི་འབྲས་བུ་ཐོབ་པའི་ཕྱིར་དུ་ཡོངས་སུ་བསྔོ་བར་བྱ་ཞིང་བཏང་བར་བྱའོ། །ཏིང་ངེ་འཛིན་ལས་ལངས་པ་ན་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཚེ་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱིས་དུབ ་པ་དེའི་ཚེ་བསམ་གཏད་ལས་ལྡང་བ་ན་ཡར་གཞན་དུ་གཡེང་པ་ཡོངས་སུ་སྦྱངས་ནས། སངས་རྒྱས་ཉིད་ཐོབ་པར་བྱེད་པའི་སྨོན་ལམ་འཆད་པར་འགྱུར་བ་འདི་ནི་གླག་པ་སྟེ་གདོན་པར་བྱའོ། །རིགས་སུ་སྐྱེ་དང་ཞེས་པ་ལ་སོགས་པ་ལ། དེ་ཡང་རིགས་སུ་སྟེ་བྱང ་ཆུབ་སེམས་དཔའ་ཨི་རིགས་སུ་སྐྱེའོ?། །དེ་བཞིན་དུ་སྨྱོན?་ནི་བག་ཡོད་པར་སྤྱོད་པ་ཅན་ནོ། །དམ་ཚིག་ཅན་ནི་དམ་ཚིག་གི་བསྙེན་པ་ཅན་ཏེ། རང་གཞན་གི་དོན་བྱེད་པའི་རྒྱུར་བྱང་ཆུབ་ཀྱི་སེམས་ཡོངས་སུ་སྦྱོང་བར་བྱེད་པའོ། །ཀྱེ་ཡི་རྡོ་རྗེ་སྟོན་ནི་ཤེས་རབ་དང་ཐབས ་གཉིས་སུ་མེད་པ་?་མཛད་པའི་ཆོས་ཉིད་ཀྱི་ལམ་སྟོན་པར་བྱེད་པའོ། །བརྩེར་ལྡན་ནི། སྡུག་བསྔལ་གསུམ་གྱིས་གདུད་པའི་འགྲོ་བ་རྣམས་ལ་སྙིང་རྗེས་རླན་པའི་ཐུགས་སོ། །བླ་མར་གུས་པ་ནི་དེ་རྡོ་རྗེ་འཛིན་པ་མངོན་སུམ་དུ་འཛིན་བའོ། །ཡང་གི་སྒྲ་ལས ་དགེ་བའི་བཤེས་གཉེན་བསྐུར་བར་བྱེད་པའོ། །སྐྱེ་གནས་སྐྱེ་བ་ནི། །སྐྱེ་བ་ཐམས་ཅད་དུ་སྟེ། གང་བྱང་ཆུབ་ཀྱི་སྙིང་པོ་ཇི་སྲིད་པའི་བར་དུ་གྱུར་ཅིག་བའོ། །ལག་པས་རྡོ་རྗེ་དྲིལ་བུ་ཞེས་པ་ལ་སོགས་པ་ལ། རྡོ་རྗེ་ནི་བྱང་ཆུབ ་ཀྱི་སེམས་ཉེ་བར་མཚོན་པར་བྱེད་པའོ། །དྲིལ་བུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཏེ། སྙིང་རྗེ་དང་ཤེས་རབ་དེ་དག་གིས་མཚན་པའི་ལག་པ་གང་གི། ཡིན་པ་དེ་དེ་སྐད་དུ་བཤད་ལ། གཞན་དག་གི་འབྲོལ?་ཞེས་འདོན་ཏེ། ཟབ་མོའི་ཆོས་གློག ་པ་ཡང་ངོ། །བཙུན་མོ་ནི་སྟོང?་པ་ཉིད་ཡིན་ལ། །དེའི་ཁུ་བ་ནི་བྱང་ཆུབ་ཀྱི་ས་བོན་འབྱུང་བ་ཀུན་ཏུ་བསྲུང་པའོ། །དེ་ཡང་དག་པར་འཐུང་བ་ནི་ཡོངས་སུ་ཟ་བ་སྟེ་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཐ་ཚིག་གོ་།གང་གིས་སྐྱེ་གནས་སྐྱེ་བར་རྣམ་པ་དེ་ལྟ་བུར་གྱུར་ཅིག ་པའོ། །དེ་ནས་གཏོར་སོགས་ཆོག་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ནི་དེ་མ་ཐག་ཏུ་འདོད་པའི་དོན་གྲུབ་པའི་ཕྱིར་དང། །བགེགས་ཉེ་བར་ཞི་བའི་དོན་དུ་འབྱུང་པོ་ཐམས་ཅད་ལ་གཏོར་མ་བྱའོ། །སོགས་པའི་སྒྲས་ནི་སྦྱིན་སྲེག་དང་དཀྱིལ་འཁོར་མཆོད ་པ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་བཤད་པའི་རྒྱུད་ཀྱི་རིམ་པས་གཏོར་མ་བརྗོད་པར་བྱ་སྟེ། ནམ་མཁའ་ཨི་ཕྱོགས་ཀྱི་དབུས་གནས་པར། འདབ་བརྒྱད་པདྨ་བསྒོམ་པར་བྱ། །དབང་པོ་ཤར་གྱི་འདབ་མ་ལ། །བསམས་ནས་མཐར་བྱེད་ལྷོ་རུ་དགོད། །ནུབ? ་ཀྱི་འདབ་མང་ཆུ་ལྷ་སྟེ། །དེ་བཞིན་བྱང་དུ་ནོར་སྦྱིན་ནོ། །མིང་ནི་མེ་ལྷ་ཆེ་དེ་བཞིན། །བདེན་བྲལ་དུ་ནི་རོ?་ཟན་ནོ། །རླུང་དུ་རླུང་ལྷ་བསམ་བྱས་ནས། །དབང་ལྡན་དུ་ནི་འབྱུང་པོའི་གཙོ། །ཟླ་བ་ཉི་མ་ཚངས་ལྷ་སོགས། །མཆོག་གི་ཚངས་པའི་གཙོ་བོ ་དང། །ཚངས་པའི་མདུན་ན་འདོན་དང་ནི། །དགའ་ལྡན་དང་ནི་འཐབ་བྲལ་གནས། །རྒྱལ་པོ་ཆེ་ལས་བྱུང་བ་རྣམས། །གཞན་གྱིས་སྦྲུལ་པ་འཇུག་པ་དང། །འཕྲུལ་དཀའ་ཡི་ནི་ལྷ་རྣམས་དང། །གནས་གཙང་མན་གང་གནས་དང། །བདེ་བ ་ཅན་བདེ་བར་གནས། །འོག་མིན་ན་ནི་གནས་པ་དང། །དེ་རྣམས་ཐམས་ཅད་སྟེང་དུ་ནི། །བསམ་བྱ་ཆོས་འབྱུང་དབུས་སོན་པ། །སྟོབས་ཀྱི་རྒྱུ་དང་དུད་སྐྱོད་དང། །དེ་བཞིན་མཛའ་ཡས་ནོར་རྒྱས་ཏེ། །འཇོག་པོ་དང་ནི་རིགས་ལྡན་ཉིད། །བདེ་ཆེན་པདྨ ་བཟང་པོའོ། །འོག་གི་ཆོས་འབྱུང་རྣམས་སུ་ཡང། །ལྷ་མིན་དམྱལ་བའི་སེམས་ཅན་རྣམས། །ེཾ་ལས་ཚངས་ལྷ་ལ་སོགས་ཏེ། །ཧཱུཾ་ལས་དུམ་བུས་བླངས་ལ་སོགས། །ཱ(རྒྱུད་འགྲེལ་སྟེང་གི་ལྷ་རྣམས་དཀར་པོ་སྟེ། །ཚངས་པ་ལ་སོགས་ནག་པོར་སྣང། །སྟོབས་ཀྱི་རྒྱུ་སོགས་ཚེར་དམར་བ། །རང་འདྲའི་རིགས་མ་རྣམས་ཀྱིས་འཁྱུད། །རྡོ་རྗེ་དྲིལ་བུ་ལག་ན་འཛིན། །གཡས་བརྐྱང་གིས་ནི་སྟང་ལ་གནས། །ཚངས་སོགས་རྟག་པས་རྒྱས ་གདབ་སྟེ། །མཆོད་སྦྱིན་བརྒྱ་སོགས་རྡོ་རྗེ་ཅན། །སྟོབས་ཀྱི་རྒྱུ་སོགས་མཛའ་ཡས་དབང། །ཐམས་ཅད་རིགས་གསུམ་ལས་སྐྱེས་བའོ། །གཽ་རཱི་ཡིས་ནི་དགུག་པ་སྟེ། །ཆོམ་རྐུན་མས་ཀྱང་གཞུག་པར་བྱ། །རེ་ལངས་ལྕགས་སྒྲོག་གིས་བཅིང?་སྟེ། །?་ནུས་སིལ? ་སྙན་དྲིལ་བུ་བྱ། མཚོར་ཡོན་ཞབས་བསིལ་ཕུལ་དེ་ནས། །སྣ་ཚོགས་གཏོང་མ་འདི་བསྡུབ?་བྱ། །རླུང་མེའི་དཀྱིལ་འཁོར་བསམ་བྱ་པདྨ་ནི། །ཱ:ལས་བྱུང་བ་འབར་བས་གདུངས་པ་དེར། །བདུད་རྩེ་ལྔ་ཡི་ཆ་ཤས་འདི་འདི་བསྒྲད?། །བསམས་མ་པྲ་ཎ་བ་ཡིས ་བྱིན་བརླབས་པའོ། །ིནྡྲ་ཛམ་ཛལ་ཛ་?་བཧྣི?(རྒྱུད་འགྲེལ་ཕཊ་སྭཱཧཱ། དེ་ནས་གཤེགས་སུ་གསོལ་བ་ནི། ཨོཾ་བཛྲ་སཝ?་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་བ་ཏིཥྛ་ཌི་ཌཧ་མཻ་བྷ་ཝ་སུ་ཥྱོ་མ་བྷ་ཝ་ཤཱ་ཤ་ཏ་མེ་བྷ་ཝ། ཨ་ནུ་ད་ཁོ་མ་བྷ་བ། །ཧྲི་ད་ཡཾ་ཨོཾ་ཨ་དྷི་ཏི?་སད?་སིདྡྷཾ་མེ་རུ་པྲ་ཡཙྪ། སརྦབ་ཀཨཱ་རྱ་?་?་མེ་ཤྲེ་ཡི(རྒྱུད་འགྲེལ་ཧ་ཧ་ཧོ(རྒྱུད་འགྲེལ་ངལ་གསོའི་དོན་དུ་སྟེ་།ཕྱི་རོལ་གྱི་རྣམ་པར་རྟོག་པའི་དྲ་བ་ལས་ལྡོག་པའི་ཕྱིར་དུ་སྔར་དང་འདྲ་བར་གོང་དུ་གསུངས་པའི་ཚུལ་གྱིས་བཟླས་པ་རྣམ་པ་གསུམ་པོ་ཐམས་ཅད་དེ། དཀྱིལ་འཁོར་པའི་སྔགས་དང་ལྡན་པའོ། །ཆོ་ག་བཞིན་ནི་མི་ཕྱེད་པའི་ཡན་ལག ་ལ་སོགས་པའི་ཁྱད་པར་རྣམས་ཀྱིས་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་སྐུ་གཉིས་ཉིན་མོའི་རང་བཞིན་གྱིས་རྫོགས་པར་ཉེ་བར་བསྟན་ཏོ། །ད་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་སྐུར་བཤད་པ། ཆ་ཤས་མེད་པའི་སྟོང་པ་ཉིད ་སྣང་བ་མེད་པའི་མཚན་ཉིད། ཐོག་མ་དང་ཐ་མར་དམིགས་པ་མེད་པ། ཤེས་རབ་ཀྱི་རང་བཞིན་མཚན་མོའི་བརྡའ་ཡིས་གསུངས་པ་རྣམ་པར་བསྒོམ་པར་བྱ་བའི་ཕྱིར། ཐུགས་ཀའི་འཁོར་ལོར་འཇུག་པའི་མཐར་ཞེས་བྱ་བ་གསུངས་ཏེ། ཐུགས་ཀ་ནི་ཡེ ་ཤེས་སེམས་དཔའ་ཨི་ཐིག་ལེའོ། །འཁོར་ལོ་ནི་ཉི་མར་སྤྲོས་པ་སྟེ་དཀྱིལ་འཁོར་གྱི་འཁོར་ལོའོ། །འཇུག་པ་ནི་རབ་ཏུ་གཞུག་པར་བྱ་བའོ། །མཐར་ནི་ཉིན་མོའི་མཇུག་ཐོགས་སུ་སྟེ། མཚན་མ་ཤེས་རབ་དང་ཐབས་གཉིས་སུ་མེད་ཅིང་རོ་གཅིག་པའི ་བདག་ཉིད་ཉིད་ཀྱིས་ཉལ་བར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་ཤུགས་ཀྱིས་བླང་བར་བྱའོ། །ཤེས་རབ་ཐབས་བདག་ཅེས་པ་ནི། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་ཁྱད་པར་རོ། །བདེ་བ་ཆེན་པོའི་རྒྱུ་ཉིད་ཀྱི་ཕྱིར་བདེ་བ་སྟེ། ་མ་ར་ལ་ཚེ་ཞེས་པ་འདིར་ཚེའི་རྒྱུ་ཉིད་ལས་འབྲས་བུ་ལ་ཉ་བར་བརྟགས་པ་ཡིན་ནོ། །ཤེས་རབ་ཐབས་བདག་ཀྱང་དེ་ཡིན་ལ། བདེ་བ་ཡང་ངོ་ཞེས་པ་ལས་འཛིན་པའི་བསྡུ་བའོ། །ཡང་ན། རང་རིག་པའི་བདེ་བ་འབྱུང་བ་ཉིད་ཀྱི་ཕྱིར་ན་དཀྱིལ་འཁོར ་ཡང་བདེ་བ་སྟེ། དེ་ལྟར་གསུངས་པ། ཕྱག་རྒྱ་ཆེན་པོའི་དབང་བསྐུར་བ། །ཇི་བཞིན་ཡེ་ཤེས་བདེ་ཆེན་ཏེ། །དེ་ཉིད་དེ་ལས་རབ་འབྱུང་ཕྱིར། །གཞན་ལས་དཀྱིལ་འཁོར་འབྱུང་མ་ཡིན། །བདེ་བ་དམར་ཞིང་བདེ་བསེར། །བདེ་བ་ལྗང་ཞིང་བདེ་བ་ཞེས་བྱ་བ་ལ་སོགས ་པས་དཀྱིལ་འཁོར་གྱི་འཁོར་ལོའི་རང་རིག་པའི་རང་བཞིན་ཉིད་རིག་པར་བྱས་སོ་ཞེས་པ་ཉལ་བའི་ཆོ་གའོ། །དོན་དམ་པ་ལ་མངོན་པར་འཇུག་པ་ལས་ལྡོག་པ་སྟོན་པར་བྱེད་པ། གླུ་རྣམས་ཀྱིས་བསྐུལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། པུཀྐ་སཱི་ལ་སོགས་པའི ་ཀླུ་རྣམས་ཀྱིས་བསྐུལ་བ་ལས་རབ་ཏུ་སད་དེ། སྔ་བར་སྐྱ་རེང་ཤར་བའི་དུས་སུ་བཤད་པའི་ཆོ་ག་ལས་ཏེ་སྔར་གསུངས་པའི་རྣམ་པ་ལྔས་མངོན་བར་རྫོགས་པར་བྱང་ཆུབ་པའི་རིམ་པས་སྟོང་པ་ཉིད་ཀྱི་མཚན་ཉིད་རབ་ཏུ་གསལ་བར་ཞུ་བའི་གཟུགས་ལས། ལོངས ་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གཉིས་ཀྱི་རང་བཞིན་ཉིད་ཀྱིས་ལངས་པའི་ཀུན་ཏུ་སྦྱོད་པས་གནས་པར་བྱ་ཞེས་པའི་དོན་ཏོ། །ནུས་པ་རྙེད་པ་ན་ཞེས་པ་ནི་བསྒོམ་པའི་སྟོབས་ཐོབ་པའོ། །རྫོགས་པར་ནི། ཕྱིར་མི་ལྡོག་ཅིང་ཁ་ནས་མཐོ་བ་མེད་པར་སེམས་ཅན ་གྱི་དོན་བརྩམ་པ་སྟེ་བྱ་རོ་ཞེས་པ་བྱས་ནས་དགེ་ཞིང་ཞེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནི་རབ་ཏུ་བྱེད་པ་སྟེ། འདིས་སོ། །དགེ་བ་ནི་མྱ་ངན་ལས་འདས་པའི་རྒྱུའོ། །བདེ་བའི་སྒྲུབ་ཐབས་ནི་དཀར་བ་མེད་པར་ཡོངས་སུ་བརྟགས་པས་སོ། །བྱང་ཆུབ་སྒྲུབ ་པའི་ཐབས་ནི་དེ་ལྟ་བུ་སྙེ?། མ་ལུས་པའི་སེམས་ཅན་གྱི་བདེ་བ་ཆེན་པོ་སྒྲུབ་པར་བྱེད་པ་སྟེ་རང་རིག་པའི་ཡེ་ཤེས་སྒྲུབ་པར་བྱེད་པའོ། །སྒྲུབ་ཐབས་འདི་བྱས་ནས་ཏེ་བགྱིས་ནས་དྲི་མ་མེད་ཅིང་དྲི་མ་དང་བྲལ་བ་ཁ་ན་མ་ཐོ་བ་མེད་པའི་དགེ་བ་གང་ཞིག་ཉེ ་བར་བསགས་པའི་དགེ་བ་?་ཡིས་འགྲོ་བ་སྟེ་ཁམས་གསུམ་པས་ནམ་མཁའ་སྟེ་ཀུན་ཏུ་གསལ་བ་ཐོབ་པར་གྱུར་ཅིག། ཅེས་པ། མཁའ་ལ་སྤྱོད་པའི་གྲུབ་པ་ཐོབ་པར་གྱུར་ཅིག་ཅེས་པའི་དོན་ཏོ། །ཡེ་ཤེས་སྒྲོན་མ་བྲིས་ལས་བདག་གིས་ཉེར་བསགས་དགེ ་བ་གང་ཡིན་པ། །བསོད་ནམས་དེ་ཡིས་སེམས་ཅན་ཡེ་ཤེས་སྒྲོན་མ་རབ་ཏུ་འབར་གྱུར་ཅིག་རྒྱལ་པོ་བྱང་ཆུབ་འོད་ཀྱི་རྗེས་མཐུན་ཁོ་ནར་བདག་གིས་བགྱིས་པ་སྟེ། དཀའ་འགྲེལ་འདི་ནི་བློ་ཞན་རྟོགས་པའི་རྒྱུ་ནི་ཅི་ཞིག་མིན་པ ་ཉིད། རྡོ་རྗེའི་སྒྲུབ་པའི་ཐབས་ཀྱི་རྣམ་འགྲེལ་ཁ་ཆེ་དངུལ་གྱི་བུམ་པས་མཛད་པ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ། གནས་བརྟན་བྱང་ཆུབ་སེམས་དཔའ་ནགས་ཀྱིS་རིན་ཆེན་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ ་རྣལ་འབྱོར་མའི་ཞབས་ཀྱི་རྡུལ་ལ་ཡང་དག་པར་རེག་པའི་ཞལ་སྔ་ནས་དང། ལོ་ཙ་བ་གཞོན་ནུ་དཔལ་གྱིས་བསྒྱུར་བའོ། །ལེགས་པར་སྦྱར་ལ་རིང་དུ་མ་འདྲིས་པ། །དེ་ལྟ་ན་ཡང་སྔོན་གྱི་དམ་པའི་སྲོལ། །གསོ་ཕྱིར་འདི་ལྟ་བུ་དག་བགྱིས་པ་ལ ་དེང་དུས་མཁས་པའི་སྐྱེ་བོས་བཟོད་བར་མཛོད།། །།*། །ཌོམྦི?་པའི་སློངས་ཚའི་འགྲེལ་པ་བཞུགས། རྒྱ་གར་སྐད་དུ། བྷིཀྵཱ་དྲིཐི་ནཱ་མ་།བོད་སྐད་དུ། སློང་མོའི་འགྲེལ་པ་ཞེས་བྱ་བ་།འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། ་