| Wylie | e-texts based on the ACIP/ALL Input |
རྫོགས་སོ།། །།རྣལ་འབྱོར་པ་བསོད་སྙོམས་བ་བྲཛྙཱ་ཤྲཱི་ཛྙཱ་ནས་བསྡུས་བའོ།། །།རྒྱ་གར་སྐད་དུ། ག་ན་ཙཀྲ་བིདྡྷི?་ནཱ་མ། བདེ་སྐད་དུ། ཚོགས་ཀྱི་འཁོར་ལོའི་ཆོག་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོལ་ཕྱག་འཚལ་ལོ། །ནམ་མཁའ་ཨི ་མདོག་ལ་དྲི་མེད་རྒྱས་བ་སྦྱོར་བས་རྣམ་པར་རོལ། །བདུད་བཞི་ཞབས་ཀྱི་རྣམ་པར་མནན་པས་འཇིག་རྟེན་ལེགས་པར་སྦྱོང། །མཁའ་འགྲོ་མ་ཡེ་གཙོ་བཟད་འཇིགས་པ་ད་ལ་ཕྱག་འཚལ་ཏེ། འགྲོ་བ་རྣམས་ཀྱི་བསོད་ནམས་ཚོགས་ནི་རབ་ཏུ་བསགས་པའི་ཕྱིར། །རྒྱུད ་རྣམས་ཀུན་གྱི་མཆོག་ཏུ་བསྔགས་པའི་ཚོགས་ཆེན་ཉོན་མོངས་བསྲེག། ཐབས་དང་ཤེས་རབ་རོལ་པས་ཆོག་བསྡུས་པ་བཤད་པར་བྱ། །དེ་ལ་དང་པོར་?་འདོད་པས། །རིག་པ་ཡིས་ནི་རྗེས་འབྲངས་ནས། །ཡོངས་སུ་དང་པའི་དང་པ་ཡིས། །བླ་མ་དང་ནི ་འདོད་ལྷ་གཟུང། །དེ་ལ་སངས་རྒྱས་ཐོབ་པའི་རྒྱ། །བསོད་ནམས་ཡེ་ཤེས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །དེ་ཕྱིར་རྟག་ཏུ་ཚོགས་བསབ་བྱ། །ཡེ་ཤེས་མངོན་པར་པར་རྟོག་པ་སྟེ་བསོད་ནམས་རྣམ་པ་མང་ཡོད་ཀྱང། །རང་གི་ལྷ་ཡི་འཁོར་ལོ་ཡིས།། ་འདོད་ཡོན་ལྔ?་སྦྱོར་བླ་ན་མེད། །དེ་ཕྱིར་དེ་ཡི་ཆོག་ནི། །ཡར་དོའི་བརྒྱད་དང་བཅུ་བཞི་དང། །བཅོ་ལྔ་དག་ནི་རབ་ཏུ་བསྔགས། །ད་བཞིན་མར་ངའི་བརྒྱད་དང་ནི། །བཅུ་བཞི་དང་ནི་བཅོ་ལྔ་ལ། །མཁས་པ་ཡིས་ནི་འཁོར་ལོ་བསྐོར། །དུར་ཁྲོད་དམ་ནི་ཤིང་གཅིག་གམ། །སྐྱེད ་མོས་ཚལ་དང་ཀུན་དགའ་དང། །དེ་བཞིན་དང་?་ཁྱིལ?་དང་ནི། །གཞན་ཡང་དབེན་པའི་ཁྱིམ་རྣམས་སུ། །ས་བཞི་པ་ཡི་ལྔ་ཕྱུགས་ལ་མེ་?་དྲི་ཞིམ་སྣ་ཚོགས་དགྲམ། །དེ་ལ་དང་པོར་ཚོགས་འདོད་པས། །ཚོགས་ཀྱི་སློབ་དཔོན་དགེ་སློང་ལ། །རྒྱུད་རྣམས ་མང་པོ་ཤས་གྱུར་པ། །རྣལ་འབྱོར་བརྩོན་ལ་རྟོག་པ་སྤངས། །དེ་ཉིད་བཅུ་ཤེས་སྙིང་རྗེ་ཆེ། །དམ་ཚིག་ལྡན་པ་འདོད་བ་ཆུང། །ཡང་ན་དེ་འདྲའི་སློབ་དཔོན་ལ། །སེམས་བསྐྱེད་པ་ནས་སྙན་གསད་དབབ། །དེ་ནས་གཞན་ཡང་དམ་ཚིག་ལྡན། །བླ་མ་ལ་གུས་རྟོག་པ་ཆུང།། ་འཁོན་བཅུགས་མེད་ཅིང་རང་དང་པའི། །ལྷ་བྲངས?་མི་ལ་གསོལ་བ་གདབ། །མགྲོན་རྣམས་དགའ་བར་བྱ་བའི་ཕྱིར། །དེ་ལ་ཤ་དང་ཆད་དག་དང། །འབྲས་ཆན་ལ་དུ་ཁུར་བ་དང། །དེ་བཞིན་བཟའ་དང་བཅའ་བ་དང། །བཏུང?་དང་དེ་བཞིན་བལྡོག་དང་མྱང། །འཇིག་རྟེན ་པ་ཡི་འབྱོར་བ་ཡིས། །ཚོགས་ནི་འབྱོར་ཚད་སྟ་གོན་བྱ། །དེ་བཞིན་སྤོས་དང་བྱུག་པ་དང། །དྲི་དང་མེ་ཏོག་ཕྲེད་མཆོག་དང། །མར་མེད་དུག་པ་སྣ་ཚོགས་བཞག། དེ་ནས་སློབ་དཔོན་སྟན་བཟང་ལ། །དབུས་ཕྱོགས་སུ་ནི་ཡང་དག་བཞུགས། །དེ་བཞིན་སྟན་ནི་བཟང ་པོ་ལ། །རྣལ་འབྱོར་པ་ཡི་འཁོར་ལོ་གཡས། །རྣལ་འབྱོར་མ་ཡིས་གཡོན་དུ་བཤམ། །དེ་ནས་སློབ་དཔོན་བདག་ཉིད་ཀྱིས། །རྡོ་རྗེ་དང་གབཅས་ཅིག་ལེ་ཡིས། །ལུས་ངག་ཡིད་ཀྱི་གནས་གསུམ་དུ། །ཀུན་ལ་བྱིན་གྱིས་བརླབ་པར་བྱ། །དེ་བཞིན་མེ་ཏོག་ཕྲེད་མཆོག་གིས།། ་ཐོད་དང་གཤར་རྣམ་པར་བརྒྱན?། །དེས་ན་བདུད་རྩི་བཟང་པོའི་ཆུས། །ཁ?་ཟས་ཀུན་ལ་བསྲེ་བར་བྱ། །གཙོ་བོ་དེ་ཡི་བྱ་བའི་ལས།།སྣོད་རྣམས་ཨ་ལས་ཐོད་པར་བསམ། །དེ་ནས་བདུད་རྩི་ལྔ་བསམས་ཏེ། །ཡང་ནི་ཧཱུཾ་ལལས་རྡོ་རྗེ་བསྒོམ། །དེ་འོག་ལས་ཀྱི་རླུང་དན་མེ། །སྦར་ནས ་ཐོགས་ནས་རྡོ་རྗེ་ལྷུང། །དེ་ཡིས་ལྷ་ཡིས་བདུད་རྩིར་?། །བདུད་རྩི་བྱུང་ནས་སྔགས་ཀྱང་བརྗོད། །ཡང་ན་རྡོ་རྗེ་ལས་ཀྱང་ནི། །འོད་ཟེར་འཕྲོས་བས་ཡེ་ཤེས་ཀྱི། །བདུད་རྩི་བཀུག་ནས་ཡེ་ཤེས་དང། །རོ་གཅིག་ཏུ་ནི་གསུམ་བསྲེས་པས། །རྡོ་རྗེ་བདུད་རྩི་ཞེས་བྱ་སྟེ། །རང ་བཞིན་དག་པའི་སྔགས་ཀྱང་བརྗོད། །དེ་དག་ཚོགས་ཀྱི་ཁོར་ལོ་ཡིས། །ཆ་ནི་དང་པོ་ཡིན་པར་འདོད། །དེ་ནས་རྣལ་འབྱོར་པ་རྣམས་ཀྱིས། །ཆུ་གནས་སུ་ནི་རཾ་ལས་ཀྱང། །འབར་བའི་ཁུང་བུ་འོད་གསལ་བསམ། །དེ་དབུས་པ་ལས་པདྨ་བརྒྱད། །དེ་སྟེར་ལྷ་ཡི་འཁོར ་ལོ་བསམ། །ལ་ནི་ཧོཾ་ཁུང་རབ་བསམ་སྟེ། །ལག་གཉིས་ཧཱུཾ་ལས་རྡོ་རྗེ་ཡི། །གཟར་བུ་གཉིས་ནི་ཡང་དག་བསྒོམ། །རང་རང་སོ་སོའི་ལྷ་རུ་བསམ། །རྡོ་རྗེའི་བཟླས་པའི་ཚུལ་གྱིས་ནི། །མི་རྟོག་སེམས་ཀྱིས་གསང་སྔགས་བཟླས། །ནང་གི་རྣལ་འབྱོར ་ངེས་པ་ནི། །ཐུགས་ཀྱི་འཁོར་ལོ་ཞེས་བྱར་བརྗོད། །དེས་ནི་ཚོགས་ཀྱི་འཁོར་ལོ་ཡི། །ཆ་ནི་གཉིས་པ་ཡིན་པར་འདོད། །དེ་ནས་ཡོན་གྱི་བདག་པོ་ཡིས། །སོ་སོའི་མདུན་དུ་མཎྜལ་བྱ། །དེ་རྗེས་ཀུན་ལ་མཆོད་པའི་ཚོགས། །ཡོངས་སུ་དག་པ་མདུན་དུ་བཞག། མེ་ཏོག་ཐོགས ་ཏེ་མདུན་གནས་ནས། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །རྡོ་རྗེ་འཛིན་སོགས་དགོངས་སུ་གསོལ། །བདག་གི་ཚོགས་ཀྱི་ཁྱད་པར་འདི། །དད་པའི་སེམས་ཀྱིས་དབུལ་ལེགས་ན། །ཅི་བདེར་བར་ཡང་བཞེས་སུ་གསོལ། །དེ་འདྲའི་ཚིག་གིས་གསོལ་བཏབ་ནས། །མེ་ཏོག ་དག་ནི་གཏོར་བར་བྱ། །དེ་ནས་གཙོ་བོས་ལྷ་རྣམས་ལ། །ེ་མའོ་ཡེ་ཤེས་ཆེན་བོ་རྣམས། །ཚོགས་ཆེན་འབར་བས་ཉོན་མོངས་བསྲེག། འདི་འདྲའི་བདེ་བ་ཐོབ་ནས་ནི། །ཀུན་གྱིས་ཨ་ཧོ་སུ་ཀ་བརྗོད། །དེ་ནས་ཀུན་གྱིས་མགྲིན་གཅིག་ཏུ། །སྔགས་འདི་དག་ནི ་བརྗོད་པར་བྱ། ། ཧོ་སུ་ཁ་བྷ་ཀྵ་ནཱཾ། ། ཧོ་སུ་ཁ་པྲཱ་ཡ་ནཱཾ། །མ་ད་མུ་དྲ་སིདྡྷ?་ན་པྲ་ས་བ་ཏ་ནི་རྟེན། །ཧཱུཾ་ཧ་ཧ་ཧོ། །དེ་ནས་དང་པོའི་རྣལ་འབྱོར་ལས། །ཧཱུཾ་གི་སྟཝ་དང་རབ་ལྡན་ཞིང། །ཕྱག་རྒྱ་སྔགས་དང་རབ་ལྡན་པས། །གཟར་བུས་བདུད་རྩི་བླབས་ནས་ནི། །འབར་བའི ་ནང་དུ་བསྲེག་པར་བྱ། །ཐོད?་པ་དུ?་པ་བུ་གཅིག་པའི་ནང། བདུད་རྩི་ཡིས་ནི་བཀང་ནས་ཀྱང། །གཙོ་བོ་ལ་ནི་རྣལ་འབྱོར་མས། །པདྨའི་ཕྱག་རྒྱས་དྲང་བར་བྱ། །དེ་བཞིན་གཅིག་ནS་གཅིག་ཏུ་མི་བསྐོར་བ་ཕྱག་རྒྱའི་འཁོར་ལོ་སྟེ། །དེ་དག་ཚོགས་ཀྱི་འཁོར་ལོ་ཡི། །ཆ་ནི་གསུམ ་པ་ཡིན་པར་འདོད། །དེ་ནས་གཙོ་བོས་ཟབ་མོའི་ཆོས། །མཉམ་པར་བཞག་པས་བསྒྲག་པར་བྱ། །རྡོ་རྗེ་དེ་ཡིས་བདེ་བསྐུལ་བྱ། །བདེ་བ་ཆེན་པོའི་ཚོགས་རྣམས་ཀྱིས། །ཡོན་བདག་ཚོགས་ནི་བསག་པའི་ཕྱིར། །ཟབ་མོའི་ཆོས་ནི་སྒྲོགས་ཞེས་བྱ། །དེ་ལྟར ་ཐབས་དང་ཤེས་རབ་ཚོགས། །གོ་རིམས་བཞིན་དུ་ཆོས་སྨྲ་བ། །དམ་ཆོས་གསུང་གི་འཁོར་ལོ་ཡིན། །དེ་ནས་གཙོ་བོས་བསྐུལ་ནས་ནི། །རྣམ་བར་རྟོག་བྲལ་རོལ་པ་ཡིས། །ཐབས་ཀྱི་གར་ཏེ་ཤེས་རབ་གླུ། །ཡང་ན་དེ་ལས་བཟློག་བྱ་བ། །དེ་དག་གོ་རིམS་ཇི་བཞིན་དུ། །ཀུན་གྱིས་འཁོར ་ལོ་བསྐོར་བར་བྱ། །དེ་ནས་ཕན་ཚུན་རིམ་པ་ལ། །དེ་འང་ཡོན་གྱི་བདག་པོས་ནི། །མཆོད་ཕྱིར་རང་གི་ཆུང་མ་འམ། །དེ་ལ་སོགས་པའི་བུད་མེད་ནི། །མཛེས་མ་དག་ནི་དབུལ་བ་འམ། །བསོད་རྣམས་འདོད་པའི་རྣལ་འབྱོར་པས། །གཙོ་བོ་ལ་ནི་གསོལ་བ་གདབ། །དེ་ཞེས་གཙོ་བོས ་ལྷ་རྣམས་ཀུན། །དམ་ཚིག་ལ་ནི་གནས་བྱའི་ཕྱིར། །བདེ་བ་ཆེན་པོའི་རྣལ་འབྱོར་གྱིས། །ཡོལ་པའི་ནད་དུ་དམ་འཁྱུད་དེ། །སྟན་བདེ་བ་ལ་སྙོམས་ཞུགས་ཏེ། །ཇི་སྲིད་བདེ་བར་གནས་ཀྱི་བར། །དེ་སྲིད་ཁམས་གསུམ་པོ་རྣམས་སྟོང། །ཡིད་ཀྱིས་གཅིག་ཏུ་བྱས་ནས་ནི། །ག ་བུར་ལྕེ་ཡི་བླངས་ནས་ཀྱང། །ལྷ་རྣམས་ཀུན་ལ་ཐིག་ལེ་དག། གདོང་གི་པདྨའི་ནང་དུ་བཏང། །དེ་ནི་ཡེ་ཤེས་བདེ་བ་སྟེ། །ལོངས་སྤྱོད་འཁོར་ལོར་ཞུགས་པར་བྱ། །དེ་ལྟར་རིམ་པ་ཇི་ལྟ་བར། །དེར་ནི་ལྷ་རྣམས་མ་ལུས་ཀུན། །བདག་བྱིན་བརླབ་པའི་རིམ་པ་ཡིས། །སྟན་བདེ་བ་ལ ་སྙོམས་ཞུགས་ནས། །རང་གི་བདུད་རྩི་རང་གི་?། །དེ་བདེ་ཐབས་ཀྱིས་ཡང་དག་མཁྱེན། །སེམས་ཀྱི་བདེ་བ་གང་སྐྱེས་པས། །ཐུགས་ཀྱི་འཁོར་ལོ་ཡིན་པར་འདོད། །དེ་དག་ཡོངས་སུ་མ་གྲུབ་ན། སྨན་དང་མར་གྱིས་ཁུབ་ཡིས། །སྙིང་ག་རུ?་ནི་བྱུགས་ནས་ཀྱང། །དལ་གྱིS་ཅུང ་ཟད་མཉེ?་པར་བྱ། །དེ་ཡང་སེམས་ཀྱི་བདེ་བ་ཆེ། །ཐུགས་ཀྱི་འཁོར་ལོ་ངེས་པར་ཡིན། །དེ་ལྟར་ཡོངས་སུ་སྐྱོར་བའི་ཚོགས། །རང་རང་ལྷའི་རྣལ་འབྱོར་གྱིས། །ལོང་སྤྱོད་རྣམས་ནི་ཡོན་ཕུལ་ནས། །གསེར་དང་རིན་ཆེན་ལ་སོགས་དང། །དར་དང་ངས་དང་ཡང་ན་སྨན། །གཙོ་བོ་དང ་??། །ཤེས་རབ་ཏུ་མི་མཉམ་པ་སྨེ?། དེ་དག་གཞན་ལས་ཉིས་འགྱུར་ཚད། །གཞན་ལ་དེ་ཡི་བྱེད་ཕུལ་ནས། །ཡོན་གྱི་བདག་པོས་དགེ་བསྐུལ་བྱ། །དཀྱིལ་འཁོར་མེ་ཏོག་བཅས་ལྡན་དང། །ལག་པར་མེ་ཏོག་ཐོགས་ནས་ནི། །ཆིག་ནི་འདི་སྐད་བརྗོད་པར་བྱ། །རྡོ་རྗེ ་འཛིན་སོགས་དགོངས་སུ་གསོལ། །ཁྱེད་ལ་རབ་ཏུ་དད་པ་ཡིས། །མཆོད་པའི་ཚོགས་ནི་?་ཕུལ་བས། །འདས་མཛའ་སེམས་ཅན་མ་ལུས་རྣམས། །འཁོར་བའི་སྡུག་བསྔལ་སྤངས?་ནས་ནི། །བདེ་ཆེན་རྡོ་རྗེ་འཛིན་རྒྱལ་ཤོག། དེ་ནས་དེ་ཡི་སྤྱི་སྦྱོང་ཕྱིར། །གཙོ་བོས? ་ཚིག་འདི་བརྗོད་པར་བྱ། །ེ་མའོ་སེམས་ཅན་ཆེན་པོ་ཁྱོད། །སངས་རྒྱས་རྣམས་ཀྱིས་དེ་རིང་ནི། །ཁྱོད་ལ་རབ་ཏུ་དགོངས་འགྱུར་ཏེ། །སངས་རྒྱས་ཉིད་དུ་འགྱུར་བས་ན། །འབྲས་བུ་ཆེན་པོ་མཐོང་བ་སྟེ། །ཡིད་ཆེས་པ་ཡིས་བརྩོན་པར་བྱ། །དེ་ནས་བསང་ནམས་ཀྱི་གཞོར་རོ། ་དེ་ནས་ལྷག་དང་ཕུད་བསྲེས་ཏེ། །འབྱུང་པོ་ཀུན་ལ་གཏོར་མ་ནི། །རྣལ་འབྱོར་ཕུན་སུམ་ཚོགས་པས་བཏང། །མེ་ཏོག་ལ་སོགས་བསྡུས་ནས་ནི། །ཐིག་ལེ་དག་ནི་དབྱི་བར་བྱ། །?་རང་ལྷ་ཡི་རྣལ་འབྱོར་ནི། །ཏིང་འཛིན་སྔགས་དང་ཕྱག་རྒྱ་དང?། །འགྲོ་བའི་དོན་དུ་?་? ་གསོལ་གདེད?། །དེ་ནས་གཙོ་བོས་ལྷ་ཚོགས་པ། །དམ་ཚིག་བསྟན་པར་བྱ་བའི་ཕྱིར། །དམྱལ་སོགས་སྡུག་བསྔལ་མཐོང་ནས་ནི། །བདག་གིས་ཚོགས་བསྒྲུབ་དོན་བྱས་པས། །དགེ་བ་དྲི་མེད་གང་ཐོབ་དེས། །ཚོགས་གཉིས་ཚོགས་ནི་བསག་?་གྱུར། འགྲོ་?་རྡོ་རྗེ་འཛིན ་ཐོབ་ཤོག། ཚོགས་ཀྱི་འཁོར་ལོའི་ཆོག། སློབ་དཔོན་དོམྦི?་ཧེ་རུ་ཀའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛྙཱ་ནཱ་ཀ་ར་དང། ལོ་ཙཱ་བ་མར་པ་བློ་གྲོས་ཀྱིས་བསྒྱུར་བའོ།། །།ཀྱེའུ་?་རྗེའུ་?་ཐབས་?་?། །རྒྱ་གར ་