| Wylie | e-texts based on the ACIP/ALL Input |
རྒྱ་གར་གྱི་མཁན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་དང། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་བའོ།། །།རྒྱ་གར་སྐད་དུ། ཡོ་ག་ཡོ་གཱི་ནི་ནཱམཱ་ས?་ནཱ་ལོ་བ་དེ་ཤ་ནཱ་མ། བོད་སྐད་དུ། རྣལ་འབྱོར་བ ་དང་རྣལ་འབྱོར་མ་རྣམས་ལ་ཐུན་མོང་མ་ཡིན་པའི་དོན་ལ་གདམས་པ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། དུར་ཁྲོད་ཧ་ཧ་སྒྲོགས་པ་ཞེས་བྱ་བ་རུ། རྒྱལ་པོ་ས་མུནད་ཡ་ཞེས་བྱ་བས་ཡོན་བདག་བྱས་ཏེ། སློབ་དཔོན་ཌོམྦེ་ཧེ་རུ་ཀ་ལ་སོགས་པ་རྣལ་འབྱོར་བའི་ཚོགས ་དཔག་ཏུ་མེད་པ་འདུས་ཏེ་ཚོགས་ཀྱི་འཁོར་ལོ་བསྐོར་བ་ལས། བྲམ་ཟེ་མུ་པ་ཁང?་ཞེས་པས་སློབ་དཔོན་ལ་མ་ཞུས་པར་སྟན་ལས་ལངས་ནས་ཕྱིར་སོང་བ་ལས། རྣལ་འབྱོར་བ་རྣམས་ཀྱི་བག་དང་མི་ལྡན་བར་རྟོགས་ནས་ཕྱིར་འབྱུང་པའི་ལས་བྱས་ཏེ། ཚོགས་ཁང་དུ་མ་བཅུད་དོ། ་དེ་ནས་སློབ་དཔོན་ཌེམཔི?་ཧེ་རུ་ཀས་རྣལ་འབྱོར་པ་རྣམས་ལ་གདམས་པ། ཀྱེ་ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་ལམ་འདི་ལ་ཞུགས་ནས་དམ་ཚིག་དང་བརྟུལ་ཞུགས་དང་འགལ་བར་མི་བྱ་སྟེ། དེ་སྐད་དུ་ཡང་རྣལ་འབྱོར་ཀུན་ཏུ་སྤྱོད་པའི་རྒྱུད་ལས། དབང་ཐོབ་ནས་ནི་དམ་ཚིག་ཉམས ་མི་བྱ། །ཚོགས་ཀྱི་འཁོར་ལོ་མཐུན་བྱས་གནས་སུ་བསྐོར། །བྱ་བ་ཐམས་ཅད་ཧེ་རུ་ཀ་ཡི་བདག། ཚུལ་མ་ཡིན་པ་བྱེད་པ་ཚར་བཅད་དོ་ཞེས་འབྱུང་བས་སོ།། ཨེ་མ་ཧོ་རྣལ་འབྱོར་པ་རྣམས་ཀྱིས་རྩོད་པའི་དུས་སུ་ཀྱུང?་ན་ཡང་ཚེ་གཅིག་གི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་བར་བྱེད ་པའི་ཐབས་མཆོག་ཏུ་གྱུར་པ་ཚོགས་ཀྱི་འཁོར་ལོ་འདི་དག་ལ་ལོངས་སྤྱད་དུ་ཡོད་པ་འདི་ནི་ཐུན་མོང་མ་ཡིན་པའི་བསོད་ནམས་ཀྱི་མཐུ་ལས་གྲུབ་བས་ན། ཀྱེ་རྡོ་རྗེ་འཛིན་པ་རྣམས་དགའ་བར་བྱོས་ཤིག། འཁོར་ལོ་དམ་པ་འདི་དག་ཀྱང་ཕལ་པའི་གནས་དག་ཏུ་བསྐོར་བར་མི ་བྱ་སྟེ་།ཚོང་དུས་སྡང་བར་བྱའོ། གཡེང་བའི་གྲོད་དང་།བྲམ་ཟེའི་ཁྱིམ་དང། རྒྱལ་པོའི་ཕོ་བྲང་དང། རྗེ་རིགས་ཀྱི་ཁྱིམ་དང། དགེ་འདུན་གྱི་ཀུན་དཀའ་ར་དང། ཀླ་ཀློ་བག་མེད་པ་དག་སྤང་བར་བྱའོ། །མུ་སྟེགས་ཀྱི་གྲོང་དང། འབྲོག་དགོན་པ་དང། གཅན་ཟན་གདུག་པ་ཅན་རྒྱུ་བའི ་གནས་ཀྱང་སྤང་བར་བྱའོ། །མཁའ་འགྲོ་མ་རྒྱུ་བའི་གནས་དང། གྲོང་ཟད་པའི་མཛའ་དང། དགོན་པ་དང། ལྷ་ཁང་དང་།དུར་ཁྲོད་དང། ཕུག་སྟོང་དང། ཤིང་དྲུང་དང། ནགS་ཚལ་གྱི་མ་ཐོངས་དག་ཏུ་ཚོགས་ཀྱི་ཁང་བའི་རིམ་པ་གསུམ་དང་ལྡན ་པ་བརྩིགས་ཏེ། ཚོགས་ཀྱི་འཁོར་ལོ་འམ། དཔའ་བོའི་སྟོན་མོ་བྱའོ། །དེ་དག་ཏུ་བརྡ་དང་མི་ལྡན་པ་དག་འདུ་བར་མི་བྱའོ། །སློབ་དཔོན་ཀྱིS་མ་བསྒོ་བར་བརྡ་མི་བྱའོ། །གསོལ་བ་མ་བཏབ་པར་སྒོ་མི་དབྱེའོ། །བསང་གཏོར་མ་བྱས་པར་ནང་དུ་མི་འགྲོའོ། །མཆོད་ཡོན་མ ་གྲངས་པར་གཏམ་མི་བྱའོ། །སློབ་དཔོན་ལ་མེ་ཏོག་ཕ་ཡུལ་བར་ཐབས་འདུག་པར་མི་བྱའོ། །ལས་ཀྱི་སེམས་དཔའ་དང་སེམས་མས་མ་བསྐོས་པར་གྲལ་དུ་འདུག་པར་མི་བྱའོ། །གསོལ་བ་མ་བཏབ་པར་ཏིང་ངེ་འཛིན་ལ་མཉམ་པར་བཞག་པར་མི་བྱའོ། །ཐིག་ལེ ་མ་བཀོད་པར་རྣལ་འབྱོར་པ་ལ་མཆོད་པར་མི་བྱའོ། །བདུད་རྩིས་མ་བྲན་པར་ཁ་ཟས་བྱིན་གྱིས་བརླབས་པར་མི་བྱའོ། །འཇིགས་པ་དང་དོགས་པ་ངོ་ཚ་བ་མེད་པར་ལོངས་སྤྱད་པར་བྱའོ། །ཟས་ལ་ཞེན་པར་མི་བྱའོ། །རྣལ་འབྱོར་ཕོ་མོ་ལ་ཆགས་པར་མི་བྱའོ། །གཅེར་བུ་བའི ་ཆ?་བྱད་ཀྱིས་གནས་པར་བྱའོ། །དུར་ཁྲོད་ཀྱི་རྒྱན་བྱིན་གྱིས་མ་བརླབས་པར་བགོ་བར་མི་བྱའོ། །རྟོག་པ་དད་འཇོམ་པས་ཟོས་ན་དམྱལ་བ་ཆུ་བུར་ཅན་དུ་སྐྱའོ། །དེས་དགེ་སློང་ལ་སོགས་པ་རྟོག་པ་དང་ལྡན་པས་ཀྱང་འདིར་རྟོག་པར་མི་བྱའོ། །སྐྱིལ་ཀྲུང་གིS་གནས་པར ་བྱའོ། །རྒན་པོའི་རིམ་པ་?་?་ལ་འདུག་པར་བྱའོ། །སློབ་དཔོན་གྱིས་སྙོམས་པར་འཇུག་པར་མི་བྱའོ། །ཟམ་ལ་ལགས་གཉིས་ཀྱི་དྲང་ཞིང་གཉིས་ཀྱིས་བླང་བར་བྱའོ། །སློབ་དཔོན་ལམ?་ཞུས་པར་གླུ་དང་གར་དང་བག་ཡངས་པའི་སྤྱོད་པ་མི་བྱའོ། །ཤིང་ལ ་སོགས་པ་འོག་གཞི་མེད་པའི་ཕྱོགས་སུ་ཟས་བཞག་པར་མི་བྱའོ། །ཁྱིམ་པ་ལ་སོགས་པའི་བློ་ཆུང་བ་རྣམས་ཀྱང་མ་གུས་པ་དང་སྐུར་བ་འདེབས་པར་མི་བྱའོ། །བཏབ་ན་མནར་མང་པའི་སེམས་ཅན་དམྱལ་བར་སྐྱེ་བོ་ཞེས་རྒྱུད་ལས་གསུངས་སོ། །ེ་མའོ་རྣལ ་འབྱོར་པ་རྣམས་ཕ་རོལ་གྱི་སྐྱོན་རྟོག་པར་མ་བྱེད་ཅིག། འཚང་འབྲུ་བ་དང། རྩོད་པ་དང། ང་རྒྱལ་དུས་ཐམས་ཅད་དུ་སྤང་བར་བྱའོ། །བླ་མ་ལ་བ་ཞུས་བར་བྱ་བ་ལ་མ་འཇུག་ཅིག་རྣལ་འབྱོར་པ་རྣམས་ཀྱི་སྤྱོད་པའི་བརྟུལ་ཞུགས་ལ་མ་སྐྲ་གཅིག། གལ་ཏེ་སྐྲག་?་རྡོ་རྗེའི ་དམྱལ་བར་སྐྱེ་བར་འགྱུར་རོ། །དཔའ་བོ་དང་མི་ལྡན་པའི་དཔའ་མོ་དང། དཔའ་མོ་དང་མི་ལྡན་པའི་དཔའ་བོ་དག་གིས་ཚོགས་ཀྱི་འཁོར་ལོ་བསྐོར་བར་མི་བྱའོ། །དཀྱིལ་འཁོར་དང་མི་ལྡན་པར་དཔའ་བོའི་སྟོན་མོ་དག་ཀྱང་མི་བྱའོ། །ཀྱེ་མ་རྣལ་འབྱོར་རྣམས་ཟས་ལ་?་པ ་དང། ཆགས་པ་དང། ལུས་ཀྱི་ཆེད་དང། སྟོབས་ཀྱི་ཕྱིར་མི་བཟའ་སྟེ། གལ་ཏེ་ཟོས་ན་ཡི་དགས་རྒྱུ་བཅིངས་སུ་སྐྱེ་བར་འགྱུར་རོ། །ཀྱེ་མ་རྣལ་འབྱོར་པ་རྣམས་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་དང། ང་རྒྱལ་དང། ཕྲ་དོག་གིས་གནས་པར་མ་བྱེད་ཅེས?། སྒྱུ་མ་མཁན ་གྱི་གཏམ་དང། རོལ་མོ་མཁན་དང་།རྒྱལ་པོའི་དང། དམག་དང། ཆོད་དང། སྨན་དང། བཟོ་དང། དོན་མེད་པའི་བསྟན་ཆོས་དང། ཉན་ཐོས་ཀྱི་བསླབ་པར་བྱ་བ་དང། རིག་ངན་པ་དང། སྨད་འཚོད་མ་ལ་སོགས་པའི་གཏམ་སྨྲ་བར་མ་བྱེད་ཅིག། རྐང་པ་?་པ་ལ ་སོགས་པའི་འདུག་སྟངས?་ཀྱིས་ལུས་མ་བསྔམས་པར་འདུག་པར་མི་བྱའོ། །ལས་དང་པོ་པ་ལ་རྟོགས་པ་དང་མི་ལྡན་པ་དག་གིས་ཀྱང་སྤྱོད་པ་དམ་པ་དག་གིས་ཉེ་སར་ཞོག་ཅིག། སྤྱོད་པ་གང་ལ་ཡང་མི་དད་པར་མ་བྱེད་ཅིག། ཟས་མང་དུ་བཟའ་བར་བྱའོ། །ཟས་ལ་དབྱ ་བར་མི་བྱའོ། །?་ཉེ་བར་མི་བྱའོ། །སྒོམ་ཅི་རྙེད་པ་བཏུང་བར་བྱའོ། །བླ་མས་བཀའ་སྩལ་པ་དག་གི་ཐམས་ཅད་བྱའོ། །ཟས་ཀྱི་ལུས་མ་འཕོངས་པའི་ཕྱིར་འབྱུང་པར་མི་བྱའོ། །གཏོར་མ་མ་གཏང་བའི་ཕྱིར་འབྱུང་བར་མི་བྱའོ། །མ་ཞུས་པ་དང། བསྡོ་བ་མ་བྱས ་བ་དང། སྨོན་ལམ་མ་བཏབ་པར་ཉལ་བར་མི་བྱའོ། །ཀྱེ་རྣལ་འབྱོར་པ་རྣམས་དོན་ཆེན་པོ་དང་ལྡན་པར་གོ་བར་གྱིས་ཤིག། དགའ་བ་དང། སྤྲོ་བ་དང། སེམས་དེ་?་མཐོ་བར་གྱིས་ཤིག། ཚུལ་འདི་དག་གཞན་དུ་སྨྲ་བར་མ་བྱེད་ཅིག། གལ་ཏེ་སྨྲས་ན་མཁའ་འགྲོ ་?་རྣམས་ཀྱིས་མགོ་འགས་བར་བྱེད་ཅིང། དངོས་གྲུབ་ཀྱང་འཇིག་པར་བྱེད་དོ། །དེ་བས་ར་འདི་དག་ལས་མ་ཉམས་པར་བྱའོ་ཞེས་གདམས་དག?་གསུངས་པའོ། །སློབ་དཔོན་ཌ?་མི་སྡེ་ཉེ་རུ་ཀས་ཐུན་མོངས་པ་ཡིན་པའི་དོན་གྱི་གདམས་ངག་བརྗོད་པ ་རྫོགས་སོ།། །།རྣལ་འབྱོར་པ་བསོད་སྙོམས་བ་བྲཛྙཱ་ཤྲཱི་ཛྙཱ་ནས་བསྡུས་བའོ།། །།རྒྱ་གར་སྐད་དུ། ག་ན་ཙཀྲ་བིདྡྷི?་ནཱ་མ། བདེ་སྐད་དུ། ཚོགས་ཀྱི་འཁོར་ལོའི་ཆོག་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོལ་ཕྱག་འཚལ་ལོ། །ནམ་མཁའ་ཨི ་