| Wylie | e-texts based on the ACIP/ALL Input |
མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀཱ་མ་ལ་ཤཱི་དང། དགེ་སློང་ཤེས་རབ་སྐྱབས་གྱིས་བསྒྱུར།། །།རྒྱ་གར་སྐད་དུ། ད་ཤ་ཏཏྟ། བོད་སྐད་དུ། དེ་ཁོ་ན་ཉིད་བཅུ་པ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུ་འབྱུང་བ་ལ་ཕྱག ་འཚལ་ལོ། །དཔལ་ལྡན་ཧེ་རུ་ཀ་དང་བླ་མ་ལ། །གུས་པས་ཕྱག་བྱས་དཀྱེས?་པའི་རྡོ་རྗེ་ལས། །གསུངས་པའི་དེ་ཁོ་ན་ཉིད་བཅུ་བ་ལས། །རྣམ་པ་ངེས་པ་མདོར་བསྡུས་ནས་བཤད་བྱ། བསྲུང་བ་དང་བསྐུར་གཏོར་མ་བཟླས་དགར་དང། །ཕྱིར་ཟློག་པ་དང་དཀྱིལ་འཁོར་བསྒྲུབ ་པ་དང། །བསྡིགས་སྦྱོར་བ་དང་གཤེགས་སུ་གསོལ་པ་སྟེ། །དེ་ཉིད་བཅུ་ཞེས་སངས་རྒྱས་རྣམས་ཀྱིས་གསུངས། །དེ་ལ་དོན་ནི་འདི་ཡིན་ཏེ། བསྲུང་བའི་འཁོར་ལོ་ཞེས་བྱ་བ་ནི་ཡི་གེ་བཾ?་སེར་པོའི་ས་བོན་ལས་བྱུང་བའི་སྣ་ཚོགས་པདྨ་ལ། ཡི་གའི་ལས་སྐྱེས་པའི་ཉི་མ་ལ་གནས ་པའི་ས་བོན་ཧཱུཾ་ལས?་བ་དེ་ཡོངས་སུ་གྱུར་པའི་འཁོར་ལོ་རྩིབས་བཅུ་པའོ། །དེའི་དབུས་ཀྱི་ལྟ་བ་ལ་གནས་པའི་ཡི་གེ་ཧཱུཾ་སྔོན་པོ་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཧཱུཾ་མཛད་དང། ཆོ་ག་བཞིན་དུ་ས་བོན་གྱི་ཡི་གེ་ཧཱུཾ་བཅུ་རྩིབས་བཅུ་ལ་གནས་པ་དེ་ལས་སྐྱེས་པའི་ཁྲོ་བོ་བཅུ ་བོ་ཡིན་ནོ། །དེ?་བཤར་གྱི་རྩིབས་ལ་གཤི། རྗེ་གཤེད་སྔོན་པོའི་བབ་སྣམས་པའོ། །ལྷོའི་རྩིབས་ལ་ཤེས་རབ་མཐར་བྱེད་དཀར་པོ་བེ་ཅོན་དཀར་པོ་འཆད་པའོ། །ནུབ་ཀྱི་?་བས་ལ་པདྨ་མཐར་བྱེད་དམར་པོ་པདྨ་དམར་པོ་འཛིན་པའི། །བྱང་གི་རྩིབས་ལ་བགེགས ་མཐར་བྱེད་རྡོ་རྗེ་ནག་པོ་འཛིན་པའོ། །དབང་ལྡན་གྱི་རྩིབས་ལ་བདེད་པའི་རྒྱལ་པོ་ནག་པོ་ལྕགས་ཀྱུ་འཆང་བའོ། །མོའི་རྩིབས་ལ་དབྱུག་བ་སྔོན་བོ་ཕྱག་ན་དབྱུག་པ་ནག་པོ་འཛིན་པའོ། །བདེན་བྲལ་གྱི་རྩིབས་ལ་སྟོབས་པོ་ཆེ་ཕྱག་ན་རྩེ་གསུམ་པ་བསྣམས་པའོ། །རླུང་གི་རྩིབས ་ལ་མི་གཡོ་བ་རལ་གྲི་ནག་པོ་འཆང་བའོ། །སྟེང་གི་རྩིབས་ལ་གཙུག་ཏོར་འཁོར་ལོས་བ་སྦྱར་བ་རྣམ་པར་སྣང་མཛད་ཀྱི་ཅོད་པན་ཅན་འཁོར་ལོ་སེར་པོ་བསྣམས་པའོ། །འོག་གི་རྩིབས་ལ་གནོད་མཛེས་རྒྱལ་པོ་མི་བསྐྱོད་པའི་ཅོད་པན་ཅན་ཕྱག་ན་རྡོ་རྗེ་ནག་པོ་? ་རྡོ་རྗེ་ཧཱུཾ་མཛད་དབུ་མི་བསྐྱོད་པས་གནོན་པ་རྡོ་རྗེ་ནག་པོ་འཆང་བའོ། །ཤར་ལ་སོགས་པའི་ཁྲོ་བོ་བཞི་པོ་གཤིན་རྗེ་གཤེད་དང། ཤེས་རབ་མཐར་བྱེད་དང། པདྨ་མཐར་བྱེད་དང། བགེགས་མཐར་བྱེད་དང་ནི་མི་བསྐྱོད་པ་དང། རྣམ་པར་སྣང་མཛད་དང་འོད་དཔག་མེད་? ་གྲུབ་པའི་ཅོད་པན་དག་ཡིན་ནོ། །རིམ་པ་དེ་བཞིན་དུ་དབང་ལྡན་ལ་སོགས་བ་ན་བཞུགས་པའི་འདོད་པའི་རྒྱལ་པོ་དང། དབྱིག་པ་སྔོན་པོ་དང་སྟོབས་པོ་ཆེ་དང། མི་གསོ་བ་དག་ནི་མི་བསྐྱེད་པ་དང། རྣམ་པར་སྣང་མཛད་དང། འོད་དཔག་མེད་དང། དོན་ཡོད་གྲུབ་པའི་ཅོད ་པར་དག་ཡིན་?། །ཁྲོ་བོ་ཐམས་ཅད་ཞལ་ཅིག་ཕྱག་གཉིས་པ་སྟེ། གཡོན་གྱི་མཛུབ་མོ་དག་ནི་སྡིགས་མཛུབ་དང་བཅས་པ། གཡས་རྣམས་ནི་རང་གི་ཕྱག་མཚན་འཆར་བ་ཁྲོ་བོ་དང་བཅས་པའི་ཞལ་གདོང་ཟླུམ་ལ་དམར་བ་སྐྲ་སེར་པོ་གྱན་དུ་བརྫེས་པ། གཟུགས་? ་པས་བདུད་རྣམས་བསྡིགས་པར་མཛད་པ། ཉི་མ་ལ་བཞུགས་ཤིང་ཉི་མའི་དཀྱིལ་འཁོར་གྱི་འོད་ཅན་དག་གོ། གཤིན་རྗེ་མཐར་བྱེད་དང། ཤེས་རབ་མཐར་བྱེད་དང། པདྨ་མཐར་བྱེད་དང། བགེགས་མཐར་བྱེད་པ་དག་ནི་སྡོམ་ལ་གསུམ་པ་འཕྱང་བ་སྤྲུལ་གྱིས ་བརྒྱན་པ། སྨིན་མ་སེར་དགྱེན་དུ་བརྗེས?་པ་ཡིན་ལ། གཞན་རྣམས་རོལ་པའི་སྐུ་ཅན་ཡིན་ནོ་ཞེས་བྱ་ནི་དེ་ཁོ་ན་ཉིད་དང་བོའོ། །ད་ནི་དབང་བསྐུར་བ་བརྗོད་པར་བྱའོ། །གོ་རིམས་བཞིན་དུ་དཀྱིལ་འཁོར་གྱི་གནས་སུ་དཀྱིལ་འཁོར་བྱས་ལ། དཀྱིལ་འཁོར་ལ་བཅུ? ་*། པའི་ཆོ་གས་དཀྱིལ་འཁོར་ལ་བཅུག་པ། རྒྱགས་པ་དང། ང་རྒྱལ་དང། དྲེགས་པ་ཆུང་ཟད་མེད་པ། ཤིན་ཏུ་དད་པས་བལྟ་བ། །ཆུ་དང། ཅོད་པན་དང། རྡོ་རྗེ་དང། བདག་པོ་ལ་སོགས་པ་བདུན་པོས་དབང་བསྐུར་བའི་སློབ་མ་ལ་ཆོ་ག་བཞིན་དུ་གསང་བའི ་དབང་སྦྱིན་པར་བྱའོ། །དེའི་རྗེས་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་གྱི་ཆོ་ག་དང་ལྡན་པ་བདུན་པ་དང། གསང་བའི་དབང་བསྐུར་བ་ཐོབ་པ་ཤེས་རབ་ཡེ་ཤེས་ལ་སེམས་རབ་ཏུ་དགའ་བ། ཤེས་རབ་དང་སྦྱོར་བ་བདེ་བའི་བརྡས་བསྟན་པ་ལ་ཤེས་རང་ཡང་དག་པར་གཏད ་པའི་ཚོགས་ལུང་ལས་གསུངས་པ་བཞིན་ཤེས་རབ་གཏད་པར་བྱའོ། །ཤེས་རབ་ཡང་དག་པར་གཏད་བ་བླངས་པའི་བདེ་བའི་བརྡ་གང་ཡིན་པ་དེ་ནི་ཤེས་རབ་ཡེ་ཤེས་ཀྱིས་དབང་བསྐུར་རོ། །དེ་ནས་ཀྱང་འོག་ཏུ་བླ་མ་དམ་པས་བསྟན་པས་རེག་པར་བྱ་བ་དེ་ནི་དབང་བསྐུར་བ ་ཡིན་ནོ། །དེ་ཁོ་ན་ཉིད་གཉིས་པའོ། །ད་ནི་གཏོར་མ་བཤད་པར་བྱ་སྟེ། གསང་སྔགས་ཧཱུཾ་བརྗོད་ནས་བདག་ཉིད་དཔལ་ཧེ་རུ་ཀའི་རྣམ་པར་གྱུར་པ་དང། ཐམས་ཅད་བསྲུངས་པ་དེའི་གནས་དང། དཀྱིལ་འཁོར་མདུན་ད་བསམ་མོ། །གོང་མ་གོང་མའི་རིམ་པས་ཆོས ་འབྱུང་སུམ་བརྒྱུད?་ཀྱི་དབུས་སུ་ཆུད་པ་པདྨ་དམར་པོ་འདབ་མ་བརྒྱད་པ་བལྟས་ལ། །དེ་ལས་སྟེང་དུ་གཽ་རཱི་ལ་སོགས་པས་དཔག་ཏུ་མེད་པའི་འཇིག་རྟེན་ན་གནས་པའི་ཁྱབ་འཇུག་དང། ལྷ་ཆེན་པོ་དང་དབང་ཕྱུག་ཆེན་པོ་དང། ཉི་མ་དང། ཟླ་བ་ལ་སོགས་པའི་ལྷའི ་སྐྱེ་གནས་ལ་འཁོར་དང་བཅས་པ་ཐམས་ཅད་དྲངས་ལ། ས་བོན་གྱི་ཡི་གེ་ཨོཾ་ཡོངས་སུ་གྱུར་པ་ལས་གཉིས་པ་རྡོ་རྗེ་དྲིལ་བུ་བསྣམས་པ། སྐུ་མདོག་དཀར་པོ་རང་གི་ཤེས་རབ་ཀྱིས་འཁྱུད་པའི་ལུས་ཅན། གཡས་བརྐྱང་བས་བཞུགས་པ། ཡན་ལག་བཞིས་བྱིན་གྱིས ་བརླབས་པ། རྣམ་པར་སྣང་མཛད་ཀྱི་ཅོད་པན་ཅན་ཨརྒྷ་དང། བཏུང་བ་ལ་སོགས་པ་བསྟབས་པ། ཟས་ལ་ཆགས་པ་མེད་པའི་སེམས་ཀྱིས་བསྒོམ་པར་བྱའོ། །དབུས་སུ་ཕྱོགས་སྐྱོང་རང་རང་གི་ཕྱོགས་སུ་གྱུར་པའི་འདབ་མར་ཆུད་པ་རྣམས་ས་བོན་གྱི་ཡི་གེ་ཧཱུཾ་ཡོངས་སུ? ་གྱུར་པ་ལས་ནག་པོ་ཆེན་པོ་མི་བསྐྱོད་པའི་ཅོད་བན་ཅན་ནོ། །འོག་ཏུ་སྟོབས་ཀྱི་རྒྱུ་དང། མཛའ་མེད་དང། ནོར་རྒྱས་ཀྱི་བུ་དང། འཇོག་པོ་དང། རིགས་སྦྱིན་དང། དུར་དང། པདྨ་དང། པདྨ་ཆེན་པོ་རང་གི་ཕྱོགས་ཀྱི་འདབ་མར་ཆུད་པ། ལྷ་མ་ཡིན་དང་བཅས་པ་ས་བོན་གྱི་ཡི ་གེ་ཨ་ཡོངས་སུ་གྱུར་པ་ལས་མདོག་དམར་པོ་སྣང་བ་མཛའ་ཡས་ཀྱི་ཅོད་པན་ཅན་ཡིན་ལ་ཕྱི་མ་སྔ་མ་བཞིན་ནོ། །དེའི་འོག་ཏུ་བཟའ་བ་དང། བཏུད་པ་དང། བདུད་རྩི་ལ་སོགས་པ་བདུད་རྩི་ཉིད་དུ་བསྒྲུབ་པར་བྱའོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ། ཡཾ་ལས་གྱུར་པའི་རླུང་གི ་དཀྱིལ་འཁོར་དུ་བའི་མདོག་ཅན་གཞུའི་དབྱིབས་ལྟ་བུ་དང། དེའི་སྟེང་དུ་རཾ་ལས་གྱུར་པའི་མེའི་དཀྱིལ་འཁོར་མདོག་དམར་པོ། དེའི་སྟེང་དུ་ཡི་གེ་ཨ་ཡོངས་སུ་གྱུར་པའི་པདྨའི་སྣོད་བཟའ་བ་ལ་སོགས་པས་བཀང་བ། ས་བོན་སྦས་བྱིན་གྱིས་བརླབས་པ། འབར་བ་དང ་དྲོས་པ་དག་གིས་ཞུ་བར་གྱུར་པ། དེའི་སྟེང་དུ་ས་བོན་གྱི་ཡི་གེ་ཨོཾ་ཡོངས་སུ་གྱུར་པའི་ཟླ་བ་ཞུ་བ་བདུད་རྩིར་བྱས་ལ་དྲི་དང་མེ་ཏོག་དང་སྦོས་དང། རྒྱལ་མཚན་དང། གདུགས་དང། གོས་ལ་སོཌ་པ་དང་བཏུང་བ་ལ་སོཌ་པ་དང་བཅས་བ་སློབ་དཔོན་དྲིལ་བུ་བདུད་པ་ལ་ཕྱོཌ་པ། ཨོཾ ་ཨིནད་ཡ་མནྫ?་ལ་ཡཀྵ་ཞེས་བྱ་བ་ལ་སོགས་པས་གཏོརྨ་སྦྱིན་པར་བྱ་ཞིང། དེ་ནས་རང་གི་སྙིང་གའི་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་ས་བོན་ལས་བྱུང་བའི་གཽ་རཱི་ལ་སོགས་པའི་ཕྱག་ན་མཆོད་པ་སྣ་ཚོགས་ཐོགས་པ་ལ་སོགས་པས་མཆོད་པ་བྱ་ཞིང། དེའི ་འོག་ཏུ་མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་བསྟོད་པར་བྱ། །བསྟོད་མ་ཐག་ཏུ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ། ཏྭེ་ནོ་པ་ཏིཥྛ་།དྲི་ཌཧོ་མེ་བྷ་བ། སུ་ཏེ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ། སརྦ ་སིདྡྷི་དྷཾ། མེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡ:ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོ་བྷ་ག་བཱན་སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྫ་མཧཱ་ས་མ་ཡ་སཏྭ་ཨཱ:མུ:ཞེས་བྱ་བའི་སྔགས་ཀྱིས་གཤེགས་སུ་གསོལ་བར་བྱ་སྟེ། གཏོར་མ་རྒྱས་པའོ། །ད་ནི་གཏོར་མ་མདོར་བསྡུས་པ་ ་བསྟན་པར་བྱ་སྟེ། ལྷའི་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་བ་དྲིལ་བུ་བརྡུང་བ་ལ་གཞོལ་བས་ཆོས་འབྱུང་གསུམ་གྱི་དབུས?་ཀྱིས་པདྨ་དམར་པོ་ལ་གོང་དུ་སྨོས་པའི་ལྷའི་དེ་ཉིད་གོ་རིམས་བཞིན་གཽ་རཱི་ལ་སོགས་པས་བཀུག་ལ་?་ཙམ་གྱིས ་སྔར་བསྒྲུབས་པའི་གཏོར་མ་དང་དབང་པོ་ལ་སོགས་པའི་སྔགས་གྱིས?་ཚིམ་པར་བྱས་པ་ཡིན་ཏེ། ཕྱི་མ་སྔ་མ་བཞིན་ནོ། །མདོར་བསྡུས་པའི་གཏོར་མ་སྟེ་དེ་ཁོ་ན་ཉིད་གསུམ་པའོ།། །།ད་ནི་བཟླས་པ་བསྟན་པར་བྱ་སྟེ། ཏིང་ངེ་འཛིན་གསུམ་སྔོན ་དུ་སོབ?་པའི་རང་ལྷའི་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་པས་ལྷན་ཅིག་སྐྱེས་པ་བསྒོམ་པའི་དེ་མ་ཐག་རང་གི་ལྷ་ཉིད་ཀྱི་གསང་སྔགས་བཟླས་པ་བྱས་ཤིང་མཆོད་པ་ལ་སོགས་པ་བྱས་ཤིང་ལྡང་བར་བྱའོ།། གསང་སྔགས་བཟླས?་པ་སྟེ། དེ་ཁོ་ན་ཉིད་རིན་པའོ། །དགར ་བ་ཡང་བརྗོད་པར་བྱ་སྟེ། བསྟན་པ་ལ་གནོད་པར་བྱེད་པ་དང། བླ་མ་དང་སངས་རྒྱས་བསླུས་པ་དང། པ་དང་མ་བསོད་པ་ལ་འཆེལ་བ་མཐོང་ན་གཞན་གྱི་ལས་དགེ་བ་དང་མི་དགེ་བ་མངོན་པར་ཤེས་པའི་མངོན་པར་ཤེས་པ་ཡོད་པའི་རྣལ་འབྱོར་པས་སྙིང་བརྩེ་བ་དང ་ལྡན་པའི་སེམས་ཀྱིས་སྦྱིན་པ་དང་གུས་ལ་སོགས་པས་དོན་དུ་གཉེར་བ་ན་བདག་ཉིད་ངན་བ་མི་བྱེད་ན་ཡང་དེ་བཞིན་དུ་ལས་བྱེད་ན་ཡང་དང་ཡང་དུ་གཉེར་བར་བྱའོ།། གལ་ཏེ་ཚིག་མི་ཉན་ན་།དེའི་ཚེ་བརྩེ་བ་དང་ལྡན་པའི་སེམས་ཀྱིས་དཔལ་དགྱེས་པའི་རྡོ་རྗེ་ལས ་གསུངས་པའི་ཆོག་དྲག་པོའི་ལས་བྱ་སྟེ། དེ་ལ་རིམ་པ་ནི་འདི་ཡིན་ཏེ། དུས་མཚམས་སུ་ཏིང་ངེ་འཛིན་གསུམ་གྱི་སྦྱོར་བ་དང་ལྡན་པས་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་བས་སངས་རྒྱས་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་དེ་རྣམས་ཀྱི་སྤྱན ་སྔར་དེ་ལྟ་བུའི་ལས་བྱེད་པའི་བསྒྲུབ་བྱ་ལ་བལྟས་ནས་སངས་རྒྱས་རྣམS་ལ་བསྒྲགས་པར་བྱའོ། །དེའི་འོག་ཏུ་དཀྱིལ་འཁོར་པ་དང་བཅས་པ་སྤྱན་དྲངས་ལ། མཆོད་པ་དང་བསྟོད་པ་དང། བདུད་རྩི་མྱང་བར་བྱས་ནས་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་ས་བོན་ཀྱིས ་འོད་གཟེར་གྱིས་རང་གི་འཁོར་ལོའི་གཙོ་བོ་སྤྱན་དྲངས་ལ། རྡོ་རྗེ་ལམ་ལས་པདྨར་ཞུ་བར་གྱུར་པ་ལས་ཞགས་པ་དང་ལྕགས་ཀྱུ་དང་?་ཐོགས་པའི་གཽ་རཱི་གཟུགས་སུ་འབྱུང་བར་བལྟའོ། །གཽ་རཱི་དེ་རང་གི་འོད་ཟེར་རྡོ་རྗེའི་གཟུགས་སུ་སྤྲོས་པས་བསྒྲུབ་བྱ་དེའི་སྔགས་དང ་ཕྱག་རྒྱ་ལ་སོགས་པ་གསལ་ནས་ཞགས་པས་བཅིངས་ཤིང་ལྕགས་ཀྱུས་དྲངས་ནས་འཁོར་ལོའི་མདུན་དུ་བཀུག་ལ། རྣལ་འབྱོར་པ་དེས་ཡེ་ཤེས་སེམས་དཔའ་དེ་ལ་།བདག་ནི་?་?་དབང་དང་ནི། །མི་བསྐྱོད?་ངོ་བོ་ལ་ཆགས་པས། །སྨད་པའི་ལས་རྣམས་ཀུན་འབྱུང ་བའི། །ལུས་འདི་ཁྱོད་ཀྱི་སྤང་བྱ་ཞེས། །དོན་དུ་གཉེར་བ?་བྱས་ནས་ནི། གཽ་རཱིའི་ལྕགས་ཀྱུ་ཞགས་པ་ཡིས། །ཡེ་ཤེས་སེམས་དཔའ་དེས་འཕུང་ནས། །གཽ་རཱིའི་ལག་པའི་ལྕགས་ཀྱུ་ཡིས། །བསྒྲུབ་བྱའི་ལྷ་བའི་རྩ་བ་ནས། །རྒྱུ་མ་མ་ལུས་དྲངས་ནས་ནི། །དཀའ་ཐུབ ་ཅན་གྱི་དེ་མ་ཐག་།དྲག་པོའི་ལས་ལ་སྦྱར་བར་བྱ། །ཡང་ན་དུད་འགྲོའི་གཟུགས་སུ་བལྟས་ནས་ནི། །སྤྱི་འགྲེང་ཁ་ནས་ཁྲག་སྐྱུག་པ། །འདར་བ་སྐྱབས་མེད་པ་གཏིལ་མར་གྱིས་བྱུགས་བ། །གོས་མེད་པ། སྐྲ་?་དུ་བརྫེས་པ་དེའི་ལམ་ལ་ཁབ་མིའི་གཟུགས ་ཅན་རབ་ཏུ་ཞུགས་པར་བསམས་ལ། སྙིང་གར་མའི་ས་བོན་བསམས་ནས་དེ་ཐག་ཏུ་བསྒྲལ་བར་བྱའོ། །ཡེ་ཤེས་སེམས་དཔའ་ཡང་མི་བསྐྱོད་པར་བསྒྲུབས་ལ་ཆོ་གའི་རིམ་པ་ཇི་ལྟ་བ་བཞིན་དུ་མཆོད་པ་དང། བསྟོད་པ་དང་བདུད་རྩི་མྱང་བ་བྱས་ནས་མི་བསྐྱེད? ་པའི་སངས་རྒྱས་ཀྱི་ཞིང་དུ་བལྟ་བར་བྱའོ། །དགར་བའི་དེ་ཁོ་ན་ཉིད་དེ་ལྔ་པའོ།། །།ད་ནི་བསྒོམ་བའི་ཕྱིར་བཟློག་པ་བསྟན་པར་བྱ་སྟེ།?་གཙོ་བོ་གཙུག་ཏོར་འཁོར་ལོས་བསྒྱུར་བའི་འཁོར་ལོ་ཕྱག་གཉིས་རང་གི་ཕྱག་མཚན་དང། སྡིགས ་མཛུབ་ཅན། །ཁྲོ་བོ་དང་བཅས་པ་ཉི་མའི་གདན་ལ་གཡས་བརྐྱང་བS་བཞུགས་པ། ?་བའི་གཟུགས་ཅན་དབང་?་བ་ལ་སོགས་པ་?་ལ། དགྲ་བོའི་ཚོགས་ལ་བསྡིགས་པ། གཡོན་དུ་འཁོར་བས་གཡོ་བ་རྣམ་པར་བསམས་ལ། མ་ན་ས་མནྟ་བུདྡྷཱ ་ནཱཾ?་ན་མ་ས་མནྟ་དྷ་རཥ?་ནཱཾ་ན་མ་ས་མནྟ་སཾ་གྷ་ནཱཾ། ཨོཾ་སི་ཏཱ་ཏ་པ་ཏྲེ་ཨོཾ་བི་མ་ལ་ཨོ་ཤི་གར། ཨོཾ་པྲ་ཏྱཾ་གི་ར་ཨ་?་ཥ། ཙཀྲ་བརྟི་སརྦ་ཡནྟྲ་མཧཱ་ཏནཱ་མུ་ལ་ཀརྨ་བནདྷ་ནཱཾ། ཏཱ་རྫ་ནཱི་ཀཱི་ལ་ནཾ་བླ་མ་མ་ཀྲི་ཏཾ་ཡེ་ན་ཀེ་ན། ཙི་ཏྠཾ་ཏཾ་ཏ་ཏ་སརྦ་ནཱུ། ཚིནད་ཚིནད། བྷིནད་བྷིནད། ཙི་རི ་ཙིའི?། གི་རི་གི་རི། མ་ར་མ་ར། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་?་ཉལ་བའི་དུས་སུ་ལན་བདུན་བཟླས་ནས་བསྒོམ་པར་བྱའོ། །བསྒོམ་པའི་ཕྱིར་བཟློག་པའི་དེ་ཁོ་ན་ཉིད་སྡེ་དྲུག་པའོ།། །།གྲོང་ལ་སོགས་པའི་རྩིབས་བཅུ་པའི་འཁོར་ལོ ་བྲིས་ལ། ཙིབས?་དང་པོ་ལ། ནམ(རྒྱུད་འགྲེལ་ནུབ་ཀྱི་རྩིབས་ལ་ན་མ(རྒྱུད་འགྲེལ་ན་མ(རྒྱུད་འགྲེལ་ཏ་ཡ་བྷཱ་ཏ་ཡ། ཆེ་གེ་མོ་རཀྵ་ཀུ་རུ་ཧཱུཾ་ཕཊ། རླུང་གི་ཕྱོགས་ལ་ན་མ(རྒྱུད་འགྲེལ་ཨ་ནཱ་མ?་ཧོ། ?་ག་ཏཱ་ན་?་རཱ་ཛ། ཆེ་གེ་མོ་རཀྵ་ཀུ་རུ་ཧཱུཾ་ཕཊ་སྭཱཧཱ། འཁོར་ལོའི་མོ་འཁྱུད་ལ་སྔགས་འདི་བྲི་བར་བྱ་སྟེ། ན་མ(རྒྱུད་འགྲེལ་ཙཀྲ་?་སརྦ་ཡཎྟཱ?་མནྟ། མུ་ལ་ཀརྨ། བནདྷ་ནཱཾ་ཏཱ་རཱ་ཧཱཾ། ཀཱ་ལ་ཧཱཾ་?་མ་ཀྲི་ཏ། ཡེ་ན་ཀེ་ན། ཙོཏྟཾ་ཏཾ་ཏ་སནནད་??་ཙམ་བྷཱི་??། ཙི་ར་ཙི་རི། གི་རི་གི་རི། མ་ར་མ་ར། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭ?། བསུང་བའི་སྦྱོར་བ་འདིས་འཁྲུལ་འཁོ་དང་སྔགས་ལ་སོགས་པ་འཇིག་པར་བྱེད་པ་ཡིན་ཏེ། ་འཕྱུང་བའི་འཁོར་ལོ་བྱིས་པ་དཔུང་ལ་བཏགས་ན་ཁམས་གསུམ་པོས་ཟིལ་གྱིས་གནོན་པར་མི་འགྱུར་ཁྲིས་པའི་ཕྱིར་བཟློག་པ་སྟེ། དེ་ཁོ་ན་ཉིད་བདུན་པའི། །དེ་མ་ཐག་ཏུ་དཀྱིལ་འཁོར་གྱི་སྒྲུབ་པ་བརྗོད་པར་བྱ་སྟེ། སྔགས་བ་ནུབ་ཏུ་ཁ་བལྟས་ཏེ། དཀྱིལ་འཁོར་གྱི་སྒྲུབ་པ་བརྩམས་བར ་བྱའོ། །ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་ས་བོན་ཀྱི་འོད་ཟེར་གྱིས་ནམ་མཁའ་ལ་གནས་པའི་དཀྱིལ་འཁོར་དྲངས་ནས་རང་གི་རིག་མའི་པདྨ་ལ་ཞུགས་པར་གྱུར་པར་བསམ་མོ། །ཞུ་བ་དེ་ལས་རང་གི་ས་བོན་གྱི་མཚོན་གྱི་དཀྱིལ་འཁོར་དུ་འཁོར་ལོའི་གཙོ་བོ་ལ་སོགས་པ་གོ་རིམས་བཞིན་དུ ་སྤྲོ་བར་བྱའོ། །དེའི་འོག་ཏུ་མིག་ལ་སོགས་པ་བྱིན་གྱིས་བརླབས་པ་ལ་མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བའི་བར་དུ་བྱའོ། །དཀྱིལ་འཁོར་གྱི་སྒྲུབ་པ་སྟེ། དེ་ཁོ་ན་ཉིད་བརྒྱད་པའོ།། །།ད་ནི་སྡིག་པའི་སྦྱོར་བ་བརྗོད་པར་བྱ་སྟེ། རྣལ་འབྱོར་པའི་སེམས་བསྒོམ་པ ་ལ་ཅུང?་ཞིག་།བརྟན་པོར་གྱུར་ཅིང་མཚན་མ་ཅུང་ཞིབ་རྙེད་པར་གྱུར་པས་ཟླ་བ་དྲུག་གི་བར་དུ་བསྒོམ་བར་བྱའོ། །དེ་ལྟར་ན་ཡང་གལ་ཏེན་གྲུབ་ན་དེའི་ཚེ་རང་གི་འདོད་པའི་ལྷ་ཉིད་ཀྱི་རྣལ་འབྱོར་སྔོན་དུ་འགྲོ་བ་ཅན་གྱི་ཇི་སྐད་བརྗོད་པའི་ཆོ་ག་དམ་ཚིག་ལ་སོགས་པ་སྔོན་དུ ་འགྲོ་བས་ཟླ་བ་བཅོ་བརྒྱད་བསྒོམ་པར་བྱའོ། །དེ་ལྟ་ན་ཡང་གྲུབ་པར་མ་གྱུར་ཏོ་ཞེ་ན། དེའི་ཚེ་ཐུན་མཚམས་རྣམས་སུ་བསྡིགས་པའི་སྦྱོར་བ་བརྩམ་པར་བྱ་སྟེ། དེ་ལ་རིམ་པ་ནི་འདི་ཡིན་ནོ། །མི་བསྐྱོད་པའི་སྦྱོར་བ་དང་ལྡན་པའི་རྣལ་འབྱོར་པ་ཏིང་ངེ་འཛིན་གསུམ་དང་ལྡན་པ། དཀྱིལ ་འཁོར་པ་ནག་པོ་ཡོངས་སུ་བསྐོར་བ། གཞལ་ཡས་ཁང་སྤྱན་ནག་པོར་བསྒྲུབས་པ་བསྒོམ་མོ། །དེའི་འོག་ཏུ་མཆོད་པ་དང། བསྟོད་པ་དང། བདུད་རྩི་?་བ་བྱས་ནS་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པའི་འཁོར་ལོ་དྲངས་ཏེ ་པདྨའི་དཀྱིལ་འཁོར་དུ་ལྟུང་བར་གྱུར་བ་མེའི་དཀྱིལ་འཁོར་གྱིས་ཡོངས་སུ་བསྐོར་བ། འཇིགས་ཤིང་སྐྲག་ལ་རབ་ཏུ་འདར་བར་གྱུར་པ་བལྟས་ལ། དེའི་ས་བོན་གྱིས་འོད་ཟེར་གྱིས་དེ་བཞིན་གཤེགས་པའི་ཆོགས་ཤེས་རབ་ཆགས་པས་ཞུ་བར་གྱུར་བ་རྡོ་རྗེའི ་ལམ་ནས་བྱུང་བ་ཡོངས་སུ་གྱུར་བ་ལས། གཤིན་རྗེ་གཤེད་ཕྱག་གཉིས་པས་ཕྱོགས་བརྒྱད་ནས། ཨོཾ་ཨཱ(རྒྱུད་འགྲེལ་པར་བྱེད་དོག་འདེབས་པར་བྱེད་པར་མངོན་པར་ཞེན་པ་མེད་པས་བྱས་ན། འགྲུབ་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །བསྡིགས་པའི་སྒྲུབ་པ་སྟེ་དེ་ཁོ་ན་ཉིད་ད?་བའོ། །དེའི་འོག་ཏུ་གཤེགས་སུ་གསོལ་བ་བསྟན་པར་བྱ་སྟེ། །དེ་ལ་རིམ་པ་ནི་འདི་ཡིན་ནོ། །དཀྱིལ་འཁོར ་གྱི་ཁང་པ?་ལས་བྱུང་ལ་ཞི་བའི་སྦྱིན?་བསྲེགས་བྱས་ནས་ཡང་དཀྱིལ་འཁོར་གྱི་ཁང་བར་ཞུགས་ནས་མཆོད་པ་སྣ་ཚོགས་པས་དཀྱིལ་འཁོར་མཆོད་པ་བྱས་ནས་སྔོས་དང་བཅས་པའི་དྲིལ་བུ་དཀྲོལ་ལ། ཨོཾ་ཁྱེད་ཀྱི་འགྲོ་བའི་དོན་མཛད་ཀུན། རྫས་སུ་མཐུན་པར་དངོས་གྲུབ་སྩོལ ་སངས་རྒྱས་ཡུལ་དུ་གྷསེགས་ནས་ནི། སླར་ཡང་འབྱོན་བར་མཛད་དུ་གསོལ། །མུ(རྒྱུད་འགྲེལ་གེ་གསུམ་?་མཛའ་ཅན་གྱིས་དཀྱིལ་འཁོར་གྱིས་ཚོན་ཕྱག་ལ་དྲི་ཞིམ་པོའི་སྣོད་དུ་བཅུག་ལ། རྒྱ་མཚོར་འབབ་པའི་ཆུ་བོ་ལ་ངོར་བར་བྱའོ། །དཀྱིལ་འཁོར་གྱིས་བ་བྱུང་གིས་བྱུགས་ཤིང་ཡི་གེ་?(རྒྱུད་འགྲེལ་གསོལ་པའི་དེ་?་ཉིད་དུ་བཅུ་བའི། །དེ་ཉིད་བཅུ་པ་ངེས་བྱས་ལས། །བདག་གིས་བསོད་ནམས་གང་བསགས་པ། །དེས་ནི་འགྲོ་བ་མི་ཤེས་པའི། །རབ་རིབ་རྣམས་ནི་ཞི་འགྱུར་ཤོག། །སློབ་དཔོན་ཌོབབྷཱི་བས་མཛད་པའི་དེ་ཉིད་བུ་པ་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་དང། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་བའོ།། །།རྒྱ་གར་སྐད་དུ། ཡོ་ག་ཡོ་གཱི་ནི་ནཱམཱ་ས?་ནཱ་ལོ་བ་དེ་ཤ་ནཱ་མ། བོད་སྐད་དུ། རྣལ་འབྱོར་བ ་