CLOSE WINDOW

N1150: dpal dpa' bo gcig pa zhes bya ba'i sgrub pa'i thabs
Wyliee-texts based on the ACIP/ALL Input

བ། །རྒྱ་གར་སྐད་དུ་?་ཀ་རཱི་ར་སཱ་དྷ་ནཾ་ན་མ། ?་དུ། དཔལ་དཔའ་བོ་གཅིག་པ་ཞེས་བྱ་བའི་སྒྲུབ་བའི་ཐབས། །ཀྱེ་རྡོ་རྗེ་ལ་ཕྱག་འཚལ་ལོ། །སྙིང་རྗེ་ཤེས་རབ་གཉིས་མེད་བདག་།ཧེ་རུ་ཀ་དང་བདག་མེད་དང། །རྡོ་རྗེ་སློབ་དཔོན་ཞབས་པདྨ། །།? ་ཕྱག་འཚལ་དཔའ་?་བོ་གཅིག་པ་བྲི། །བྱ་མིང་རྒན་པོ་བློ་དམན་པས། །དངོས་གྲུབ་ཐོབ་ཕྱིར་རབ་ཏུ་བསྡུས། །དང་པོ་ཁོ་ནང་རྣལ་འབྱོར་པས། །རྡོ་སློབ་དཔོན་ཡང་དག་པ་ལ་ཀྱེ་རྡོ་རྗེ་ལས་གསུངས་པའི་རིམ་པས་སེམས་ལེགས་པར་སྦྱངས་ལས་ཇི ་སྐད་གསུངས་པའི་གསུངས་ཉམས་དགའ་བར་ལེགས་པར་སྦྱངས་པའི་ཤེས་རབ་དང། །འདོད་པའི་ལོངས་སྤྱོད་ཀྱིས་བདེ་བར་གནས་པར་བྱའོ། །དེ་ནས་ཕྱི་ནང་གི་ཁྲུས་དང་མཆོད་པ་དང་གཏོར་མ་ཚོགས་པ་དང། རང་གི་སྙིང་གར་ཉི་མ་ལ་ཧཱུཾ་དཀར་པོ་འོད ་ཟེར་ལྔ་དང་ལྡན་པའི་འོད་ཀྱི་སྣང་བས་ནམ་མཁའ་ལ་བླ་མ་དང་སངས་རྒྱས་ཡང་དག་པར་གསལ་བ་ཡ། །ལྷ་མོ་བརྒྱད་ཀྱི་ཕྱག་ན་བདུད་རྩི་ལྔ་དང། །རོའི་བཅུད་དང། ཅང་ཏེའུ་དང། འབྱུང་པས་མཆོད་པ་དང། དེའི་མདུན་ན་སྡིག་པ་བཤགས་པ་དང། བྱེད་པ་སྡོམ་པ་དང། རྗེས་སུ ་ཡི་རང་བ་དང། བསྔོ་བ་དང། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང། སེམས་བསྐྱེད་པ་དང། ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །དེ་ནས་སྣང་བཅུད་ཐམས་ཅད་སྙིང་ཀའི་འོད་ཟེར་གྱིས་བསྲེགས་ལ་ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཉཀོཧཾ། ཞེས་བརྗོད ་པས་མི་དམིགས་པར་བསྒོམ་དེ་ནས་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་ནམ་མཁའ་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་དབུས་ཧཱུཾ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེར་གྱུར། དེ་ལས་འོད་འཕྲོས་འདུས་པ་ལས་རྡོ་རྗེར་བ་དང། གུར་དང། ས་བཞི་ལ་སོགས་བ་རྒྱས་པར་བསྒོ ་པའི་དབུས་སུ?་ལོའི་དབྱིབས་འདྲ་བ་བསྒོམ་མོ། །དེར་ཡི། བཾ་གི། ལཾ། རྣམས་ལས། རླུང་དང། མེ་དག་ཆུ་དང། སའི་དཀྱིལ་འཁོར་ཟླ་ཁམ་དང། གྲུ་གསུམ་དང། ཟླུམ་པོ་དང། གྲུ་བཞི་རྣམས་དང། བདག་ཉིད་གཅིག་ཏུ་གྱུར་པ་ལས་གཞལ་ཡས་ཁང་གྲུ་བཞི་རྟ་བབS ་བཞི་པ། ཀ་བ་བརྒྱད་པ། དྲ་བ་དྲ་ཕྱེད་དང། ཉི་ཟླ་དང་སྣ་ཚོགས་པའི་དར་དང། མེ་ཏོག་ལ་སོགས་པ་འདོད་པའི་ཡོན་ཏན་ལྔས་བརྒྱན་བ་དུར་ཁྲོད་བརྒྱད་ཀྱི་དབུས་སུ་བསྒོམ་མོ། །དེའི་དབུས་སུ་པདྨ་དམར་པོ་དང། ཉི་མའི་དབུས་སུ་ཚངས་པ་དང་དབང་པོ་ཁྱབ་འཇུག ་དང། དྲུག་པོའི་སྙིང་གར་དབྱངས་དང་གསལ་བྱེད་གཉིས་ཡོངས་སུ་གྱུར་པ་ལས། ཟླ་བ་དང་ཉི་མ། དེའི་དབུས་སུ་ཨཾ་དང་ཧཱུཾ་ལས་བྲི་གུག་དང་ཐོད་པ། ཨཾ་ཧཱུཾ་གིས་མཚན་པ་སྤྲོ་བ་དང་བསྡུ་པའི་མཚན་ཉིད་ཅན་བསམ་མོ། །ཐམས་ཅད་གཅིག་ཏུ་གྱུར་པ་ལས། བདག་ཉིད་དཔལ་ཀྱེ་རྡོ་རྗེ ་བདག་མེད་པ་མ་དང་བདེ་བ་སྡོམ་པ། ཞལ་བརྒྱད་པ། ཕྱག་བཅུ་དྲུག་པ་ཞབས་བཞི་པ། སྐུ་མདོག་ཟླ་བ་དང་ཤེལ་ལྟ་བུ་དང། རྩ་བའི་ཞལ་སྐུ་ལྟ་བུ་གཡས་སྔོན་པོ། གཡོན་དམར་པོ་གཞན་བུང་བ་ལྟ་བུ་གཙིགས་པ། ཕྱག་གཡས་པའི་ཐོད་པ་བརྒྱད་ན། རིམ་པར་གླང་པོ་དང། རྟ་དང། བུང་བུ ་དང། གླང་དང། ?་མོ་དང། མི་དང། སེང་གེ་དང། བྱི་ལ་བསྣམས་པ། དེ་བཞིན་དུ་གཡོན་པ་བརྒྱད་ན། ས་དང། ཆུ་དང། རླུང?་དང་མེ་དང། ཟླ་བ་དང། ཉི་མ་དང། གཤིན་རྗེ་དང། གནོད་སྦྱིན་བསྣམས་བ། ཐོད་བའི་དབུ་རྒྱན་དང། དོ་ཤལ་དང། ཕྱག་རྒྱ་ལྔ་དང། སྟག་ལྤགས་ཀྱི་ཤམ ་ཐབས་དང་།ཐལ་བ་དང། ཚངས་སྐུད་དང་ལྡན་པ། སྐུ་སེར་པོ་གྱེན་དུ་འབང་པལ?། སྣ་ཚོགས་རྡོ་རྗེས་མཚན་པ། སྤྱན་ཉི་ཤུ་རྩ་བཞིས་བྱུག་པ། ཕྱེད་ཀྲུང་བཅས་པས་བདུད་ཀྱི་སྟེང་ན་?་པ། བདག་མེད་མ་ནག་མོ་ཞལ་ཅིག་ཕྱག་གཉིས་མ། །སྐྲ་སེར་པོ་གྱེན་དུ་འབང་པ། འཁོར་ལོ ་དང། །རྣ་ཆ་དང། མགུལ་རྒྱན་དང། ལག་བདུད་བ་དང་བསྐ་རགས་ཀྱིས་བརྒྱན་པ། སྟ?་ལྤགས་ཀྱི་ཤམ་ཐབས་ཅན། དྲི་ཕུབ་དང་ཐོད་པ་འཛིན་པའི་ཕྱག་གིས་གཙོ་བོའི་མགུ་གནས?་འཁྱུད་པ། གཉིས་སུ་མེད་པའི་མན་ངག་གིས་གནས་པར་བྱའོ། །དེ་ནས་སྙིང་གའི་ས་བོན་ལས ་འོད་ཟེར་ལྕགས་གྱུའི་གཟུགས་ཀྱིS་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། མཆོད་པ་དང། བསྟོད་པ་བྱས་ལ། གཉིས་སུ་མེད་པར་བསྟིམ་པར་བྱའོ། །ོཾ་ཧཱུཾ་ཏྲཾ་ཏྲིཾ་ཁཾ་ཧཱུཾ། མིག་དང་རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་དང། གཏི་མུག་རྡོ་རྗེ་ལ་སོགས་པ། དཀར་པོ ་སྔོན་པོ། །སེར་པོ། དམར་པོ། ལྗང་གུ་ནག་པོ་དང། གྲི་གུག་དང། ཐིར་པ་དང། ཁ་ཊཱཾ་ག་བསྣམས་པར་བསྒོམ་པར་བྱའོ། །དེ་ནས་ཐུགས་ཀའི་འོད་ཟེར་གྱི་ལྕགས་ཀྱུས་དེ་བཞིན་གཤེགས་པ་སྤྱན་དྲངས་ལ་མཆོད་པ་བྱ་སྟེ། ཨ་བྷི་ཥིཉྩ་ཏུ་མི་སརྦ་ཏ་ཐཱ་ག་ཏ་ཞེས ་གསོལ་བ་བཏབ་པས་བདེ་དག་ཧེ་རུ་ཀའི་གཟུགས་སུ་གྱུར་པས། བདུད་རྩིའི་བུམ་པས་དབང་བསྐུར་པས། །རིགས་ཀྱི་བདག་པོས་སྤྱི་བོར་མཚན་པར་བསམ་མོ། །དེ་ནས་གཏུམ་མོའི་རྣལ་འབྱོར་བླ་མའི་མན་ངག་གིས་བསྒོམས་པས། བརྟགས་པའི ་མཚན་མ་ལ་སོགས་པའི་རིམ་པས་དངོས་གྲུབ་ཐོབ་བོ། །བསྐྱེད་པའི་རིམ་ལ་དགའ་བ་ཡིས། །རྩ་སོགས་གསང་སྔགས་བཏུ་བཟླས་ནས། །འབྱུང་པོ་ཆེ་ལ་གཏོར་མ་བྱིན། །དཀྱིལ་འཁོར་ལ་སོགས་པS་རྣམས་བྱ། །ཀོ་ལ་རི་གཱུ?་བླང་འདོད་ལོངས་སྤྱོད།། ་དཀའ་ཐུབ་མི་སྤྱན་བདེ་བས་བསླུག?་།བདུད་རྩི་ལྔ་བོ་རྟག་ཏུ་བཟའ་། །ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད། །བཅུ་དྲུག་ཕྱག་ནི་སྟོང་པ་སྟེ། །ཞབས་བཞི་བསྡུ་པའི་དངོས་པོ་བཞི། །སྤྱན་གསུམ་པོ་ནི་སྐུ་གསུམ་ཡིན། །སྙིང་རྗེ་སྤྱན་ནི་དམར་པོ་སྟེ། །ཡན་ལག་ནག ་པོ་བྱམས?་པའི་སེམས། །གུག་གྱེན་རྣམ་དག་སངས་རྒྱས་ལྔ། །ཁྲོ་བོ་གདུག་པ་འདུལ་བ་པོ། །ཕུང་པོ་ལྔ་ནི་མདོར་བསྡུས་ན། །རྡོ་རྗེ་མ་སོགས་ལྷ་མོ་ལྔ། །ཁམས་བཞི?་དག་པས་ལྷ་མོ་བཞི། །མིག་སོགས་གཏི་མུག་རྡོ་རྗེ་སོགས། །ཡུལ་སོགས་དག ་པ་སྔོ?་?་ཡང་དག་པར་ནི་རང་བཞིན་མེད། །དག་པས་དུག་མེད་བྱས་ནས་ནི། །བསྟེན་བྱ་འདི་དག་བསྟེན་པར་བྱ། །སྤྱོད་ལམ་དག་ནི་ཅི་སྤྱང་དང། རྟག་ཏུ་དེ་ཉིད་དྲན་བྱས་ན། །འགྲུབ་འགྱུར་འདི་ལ་ཐེ་ཚིམ་མེད། ཤེས་རབ་རྒྱན་ཀྱི་?་པོ་ཀྱེ་རྡོ་རྗེ་རྒྱ ་ཆེན?་?་ཉིད་བསྡུས་པ་དཔའ་བོ་གཅིག་པའི་སྒྲུབ་པའི་ཐབས། །གསལ་པར་བྱས་པའི་དགེ་བ་གང་ཡིན་དེས་སོ། །འགྲོ་བ་མ་ལུས་དངོས་གྲུབ་ཐོབ་པར་ཤོག། དཔལ་དཔའ་བོ་གཅིག་པ་ཞེས་བྱ་བའི་སྒྲུབ་པའི་ཐབས། སློབ་དཔོན་རྡོ་རྗེ་དྲིལ ་བུ་?་རྫོགས་སོ། །།རྒྱ་གར་ཀྱི་མཁན་པོ་ག་ཡ་དྷ་ར་དང། དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྲ་ནཱ་མ་སཱ་དྷ་ནཾ། བོད་སྐད་དུ། དཔལ་ཀྱེ་རྡོ་རྗེ་ཞེས་བྱ་བའི་སྒྲུབ ་