CLOSE WINDOW

N1146: kye rdo rje'i bstod pa
Wyliee-texts based on the ACIP/ALL Input

རྗེ་ཆེན་པོ་དང་ལྡན་པའི་ཁམས་གསུམ་བདེ་བ་ཆེན་པོར་རྣམ་ལ་?་གཅིག་པའི་སངས་རྒྱས་དགྱེས་མཛད་རྡོ་རྗེ་དང། དེས་གསུངས་པའི་སྔགས་དང་ཕྱག་རྒྱ་དང་ཐག་པ་ཆེན་པོའི་ཆོས་མ་ལུས་པ་དང་།དཀྱིལ་འཁོར་ལ་སོགས་པའི་ཆོས་དང། ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་དང་།དེའི་འཁོར་ལོ་ལ་འཁོར་བར་གནས་པའི་ལྷ་མོའི་ཚོགས་ལ་བདག་སྐྱབས་སུ་མཆིའོ། །བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་ཐམས ་ཅད་ལས་ན་པ་དང་།བདེ་བ་བསྒྲུབས་པ་དང། འདི་དག་ཇི་སྲིད་མཐར་ཐུག་པའི་མྱ་ངན་ལས་འདས་པའི་སངས་རྒྱས་ཀྱི་བྱང་ཆུབ་ལ་དགོད་པའི་ཕྱིར་བླ་ན་མེད་བ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །དཀོན་མཆོག་གསུམ་ལ ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འཕྲོ་བའི་དགེ་ལ་ཡི་རང་སྟེ། །སངས་རྒྱས་བྱང་ཆུབ་འདི་ཀྱིས་གཟུང། །ཞེས་སེམས་བསྐྱེད་ལ། དེ་ནས་བླ་ན་མེད་པའི་ཐེག་པ་ཆེན་པོའི་ལམ་འདི་ཉིད་ལ་བརྟེན་པར་བྱའོ། །བདག་ཉིད་ཀྱང་སངས་རྒྱས ་པར་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ལུས་འབུལ་ལགས་ཀྱིས་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་བཞེས་སུ་གསོལ་ནས་ལུས་འབུལ་ཏི། དེ་ནས་སྨོན་ལམ་གདབ་པར་བྱ་སྟེ་།རིགས་སྐྱེས་རྗེས་སུ་མ་ཉམས་ཤིང། །སེམས་ཅན་ཀུན ་སྙིང་རྗེའི་ལྡན་ཞིང་བླ་མར་གུས། །སྐྱེ་ཞིང་སྐྱེ་བར་བདག་གྱུར་ཅིག། ལག་ནི་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་འདོན་པ་དང་།བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་བདག་གྱུར་ཅིག་།ཧེ་རུ་ཀ་དཔལ་བདག་གྱུར་ནས་།སེམས་ཅན་ཀུན ་?་དོན་ཡང་བྱེད། །ཧེ་རུ་ཀའི་ཡི་གོ་འཕང་མཆོག་?་ནས། །སེམས་ཅན་མ་ལུས་འདི་ལ་འདོད་ཅིང་འཇོག་པར་ཤོག་།དེ་ལྟར་བསྟོད་པའི་མཆོད་སྦྱིན་ལས་ནི་རྡོ་རྗེ་རིགས་མཆོག་ཏུ་ནི་བདག་མྱུར་སྐྱེ་གྱུར་ཅིག་།སེམས་ཅན་ཕན་ཕྱིར་ཡང་དག་ཐབས་ཀྱི་ཡོན ་ཏན་དང་ལྡན་འཇམ་པའི་དབྱངས་བཞིན་བདག་གྱུར་ཅིག། །རྣལ་འབྱོར་མ་ཀུན་ལ་ནི་དཔེ་མེད་བདེ་སྡེར་རྡོ་རྗེ་སེམས་དཔའ་བཞིན་དུ་བདག་བྱུང་ཅིག་།ཕྱག་རྒྱ་དྲུག་གིས་བདག་བརྒྱན་དུར་ཁྲེད་གནས་སུ་ཆངས་པར་སྤྱོད་དང་ལྡན་པར་བདག་གྱུར་ཅིང། །དེའི་འོག་ཏུ་ཡི་གེ ་བརྒྱ་པས་ཆོ་ག་ཁ་བསྐང་ཞིང་བཤགས་པ་བྱ་སྟེ། ཨོཾ་བཛྲ་ཧེ་རུ་ཀ་ས་མ་ཡ་།མ་ནུ་པཱ་ལ་ཡ་།ཧེ་རུ་ཀ་ཏྭེ་ནོ་པ་ཏིཥཏ། དྲི་ཌཧོ?་མི་བྷ་བ། སུ་ཏོ་ཥྱོ?་མེ་བྷ་བ། ཨ་ནུ་?་མེ་བྷ་གསུང་ཥྱོ?་མེ་བྷ་བ?། སརྦ་སིདྡྷིམམེ?་པྲ་ཡཙྪ་སརྦ་ཀརྨཱ་སུ་ཙམ། ཙིཏ་ཏི་ཤྲེ་ཡ(རྒྱུད་འགྲེལ་ལྷག་ཐན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་?་བཛྲ?་བྷ་བ་།མཧཱ་ས་མ་ཡ་སཏྭ་ཨཱ(རྒྱུད་འགྲེལ་བསྡུས་ནས། ཨོཾ་ཨཱ(རྒྱུད་འགྲེལ་གྱི་བདག་ཉིད་ཅན། །ཀྱི་རྡོ་རྗེ་ཕྱག་འཚལ་བསྟོད། །སྔོན་པོ་ཆོས་ཉིད་མི་འགྱུར་བ། །?་པོ་ཐུགས་རྗེ་རྒྱུན་མི་འཆང། གྱེན་རྗེ་འགྲོ་བ་འདྲེན་?་ཏེ་དུ་ཀལ་ཕྱག་འཚལ་?། །སྤྱན་གསུམ་རྣམ་པར་ཐར་པ་གསུམ། །དམར་བ་ཆོས་ཉིད་ཆགས་པའི་དོན། ཧཱུཾ་སྒྲོགས་སྐྱེ་བ་མེད་པ་སྟེ ་ཀུན་གྱི་གཅོད?་བ་འཚལ་?་གཡས་ན་གདུག་འཇོམས་རྡོ་རྗེ་སྟེ་གཡོན་ན་བདེ་སྦྱོང་ཀ་པཱ་ལ། ཤེས་རབ་མཚོན་པ་?་ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་བསྟོད། །ཐོད་པ་ཡེ་ཤེས་ལྔ་ཡི་དངོས་ཕྱག་རྒྱ་ལྔ་ནི་རིགས་ལྔ་སྟེ། །དོ་ཤལ་ཕྲེང་བ་འདུ་བྱེད་སྤངས། །སྤྲུལ ་སྐུ་ཁྱོད་ལ་?་མ་གོས་?་བའི་གདན། རྣམ་རྟོག་མི་?་ཚངས་པའི་རོ། མ་རིག་བསྲེག་པའི་ཉི་མ་སྟེ། །གོས་མེད་སྐུ་ལ་ཕྱག་འཚལ་བསྟོད། །རྫོགས་སོ། །རྒྱ་གར་སྐད་དུ། ཧོ?་མི་བི་ཌཧི?། བོད་སྐད་དུ། སྦྱིན་སྲེག་གི་ཆོག? ་