CLOSE WINDOW

N1143: kye rdo rje'i dkyil 'khor gyi las kyi rim pa'i cho ga
Wyliee-texts based on the ACIP/ALL Input

དཔོན་པདྨས་མཛད་པ་རྫོགས་སོ།། །།ཀྱེ་རྡོ་རྗེའི་དཀྱིལ་འཁོར་གྱི་ལས་ཀྱི་རིམ་པའི་ཆོ་ག་བཞུགS་། *་།རྒྱ་གར་སྐད་དུ། ཧེ་བཛྲ་མཎྜ་ལ་ཀརྨ་ཀྲ་མ་བི་དྷི། བོད་སྐད་དུ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་གྱི་ལས་ཀྱི་རིམ་པའི་ཆོ་ག། དཔལ་ཀྱེ་རྡོ་རྗེ་ལ་ཕྱག་འཚལ་ལོ།། ་དང་པོར་སློབ་དཔོན་གྱིས་བླ་མ་ལས་དབང་ཐོབ་ཅིང། དམ་ཚིག་ལ་གནས། མཚན་ཉིད་ཐམས་ཅད་དང་ལྡན་པ་དེས། སློབ་མ་ལ་དབང་བསྐུར་བའི་དོན་དུ་དཀྱིལ་འཁོར་བྲི་པ་ནི། །དང་པོར་སློབ་མའི་མཚན་ཉིད་བརྟག་པར་བྱ་སྟེ། དེས་ཤིང་འཇམ་ལ་སྙན ་པར་སྒྲ་བ། སེམས་ཅན་ཐམས་ཅད་ལ་བྱམས་པའི་དང། སྙིང་རྗེའི་སེམས་དང་ལྡན་པ་ཐོས་བསམ་དང། ཀློག་པ་ལ་མངོན་པར་བརྩོན་པ་ཐབས་དང་ཤེས་རབ་ཟབ་མོའི་ཚུལ་གསང་བའི་ཆོས་ལ་ཤིན་ཏུ་དད་པ། བླ་མ་ལ་གུས་པ། བསྟན་བཅོས་ལ་འཇིགས་པ ་མེད་པ། །བཏོང་སེམས་ཆེ་བ་ལྡན་པའི་སློབ་མ་དེ་ཡོངས་སུ་གཟུང་བར་བྱའོ། །དེ་ལྟར་སློབ་མ་བརྟགས་པའི་རྗེས་?་དང་པོ་ལྷའི་བསྙེན་པ་བྱ་སྟེ། དེ་ལ་?་འཛབ་ནི་འབུཾ་བཟླས་པར་བྱའོ། །ལྷ་མོ་རྣམས་ཀྱི་?་ནི་སྟོང་བཟླས་པར་བྱའོ། །དེ་ལ་སློབ་དཔོན་ལ་ལ་དག ་ནི་ལྷ་མོ་རྣམས་ཀྱི་འཛབ་ནི། བྱའི་དགོས་ཏེ་ཅིའི་ཕྱིར་ཞེ་ན། དཔའ་བོའི་ཡན་ལག་ཏུ་འདུས་པས?། དཔའ་བོ་གཅིག་པུ་བྱའོ་ཞེས་ཟེར་དོ། དེ་ལྟར་བཟླས་པ་བྱས་པས། མཚན་མ་བྱུང་ན། དཀྱིལ་འཁོར་བྲི་བ་བརྩམ་པར་བྱ་སྟེ། དང་པོར་སེམས་དག་པ་སྔོན་དུ་བྱ ་སྟེ། ཀྱེ་རྡོ་རྗེའི་བརྒྱལ་དང་ལྡན་པར་ལྔ་རྣམས་མཉེས་པར་བྱས་ཤིང། དཀྱིལ་འཁོར་བྲི་བའི་ཕྱིར་ས་བཞི་ཡོངས་སུ་བརྟག་པར་བྱ་སྟེ། ནགས་ཚལ་ཤིན་ཏུ་དབེན་པའམ་བྱང་ཆུབ་སེམས་དཔའ་ཨི་?་མམ། རྒྱ་མཚོ་ཆེན་པོའི་འགྲམ་མ་མ། དུང་ཁྲོད་གྲུབ ་པའི་གནས་?་སྔོན་དུ་དཀྱིལ་འཁོར་བྱས་པའི་གནས་སམ། ཡང་ན་གནས་ཡིད་དུ་འོང་བའི་ས་ཕྱོགས་རང་གི་སེམས་འཇུག་པ་མཛེས་ཤིང་ཡིད་དུ་འོང་བ་སུ་དྲི་ཞིམ་པའི་ཆུས་གཏོར་ཏེ། མེ་ཏོག་སྣ་ཚོགས་པ་ཡང་དཀྲམ་མོ། གནས་གང་དུ་ཡང ་?་དད་བྱང་དུ་གཞོལ་ན་རྣལ་འབྱོར་པ་རྣམས་ཀྱི་དངོས་གྲུབ་ཏུ་འབྱུང་ངོ། །དབུས་མ་?་ཕྱག། རྒྱ་ཆེན་པོའི་རིགས་འཛིན་གྱི་ས་ཐོབ་པར་འགྱུར་རོ། བྱང་མཐོན་མཁའ་འགྲོ་མ་རྣམས་ཀྱི་རྗེས་སུ་འབྲང་བར་འགྱུར་རོ། །ཤར་མཐོ་ན་རིགས་བཞི ་དང་ལྔ་ལ་སོགས་པར་རྟོག་པ་ཟད་པར་བྱས་པར་འགྱུར་རོ། །ས་གཞི་དབུས་དམའ་ན། སྔགས་པ་འཇིགས་པ་དང་བཅས་པར་འགྱུར་རོ། །དེ་ལྟར་མཚན་ཉིད་དང་ལྡན་པའི་གནས་དེར་བསྒྲུབས་ན། ཇི་ལྟར་འདོད་པའི་དངོས་གྲུབ་ཏུ་འགྱུར་རོ། །ས་བརྟག་པའི་རིམ་པའོ། །དེ་ལྟར་བརྟགས་? ་དབུས་སུ་ཀྱེ་རྡོ་རྗེ་དང་ལྡན་པར་འདུག་ལ་སའི་ལྷ་མོ་བསྐུལ་ཞིང་གསོལ་བ་གདབ་པར་བྱ་སྟེ། ལག་པ་གཉིས་སོར་མོ་ལན་གསུམ་དུ་ས་ལ་རྡེབ་པར་བྱའོ། །བརྡབས་པས་སའི་ནང་ནས་ཕྱིར་འཐོན་ཏེ། རྣལ་འབྱོར་པའི་མདུན་དུ་བཀུག་ནས་གནས་པར་བསམ་པར་བྱའོ། ་ལྷ་མོ་དེ་ཡང་བརྒྱན་ཐམས་ཅད་དང་ལྡན་པ། །མདོག་པ་སེར་པོར་གནས་པ། བཞིན་སྡུག་ལ་མཛེས་པ་ཕྱག་ན་བུམ་པ་བསྣམས་པ་སྟེ། བདག་གི་ཅི་བ་ཕྱི་བཀའ་སྩལ་འཚལ་ཞེས་སྨྲ་པར་བས་མོ། །དེ་ལྟར་བསམས་པའི་ལྷ་མོ་དེ་ལ་མཆོད་ཡིན་དང། ཞལ་བསིལ ་དང། མཆོད་པ་དང། གཏོར་མ་ཕུལ་ལ་འདི་སྐད་བརྗོད་པར་བྱའོ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་བྱང་བར་དང། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཤཱཀྱ་སེངྒེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག ་གིས་བདུད་ལས་ནི། རྒྱལ་བར་བྱས་ཏེ་དཀྱིལ་འཁོར་དྲི། །ཞེས་ལན་གསུམ་བརྗོད་པའི་རྗེས་ལ། སའི་ལྷ་མོ་དགའ་བའི་མདངས་ཀྱིས་ཁྱོད་སློབ་དཔོན་ཡིན་གྱིས། དཀྱིལ་འཁོར་བྲིས་ཤིག་ཅེས་ཟེར་ནས། །ས་ལ་ཐིམ་པར་བསམ་མོ། །དེ་ནི་ས་བསླང་བའི་རིམ་པའོ ་དེ་ནས་ས་ཕྱོགས་དེར་དྲི་ཞིམ་པའི་ཆུས་གཏེར་ཏེ་བདུད་རྩི་རྣམ་པ་ལྔའི་ཆག་ཆག་གདབ་བོ། །དེ་ནས་ལྟོ་འཕྱེའི་རིམ་པ་ཤེས་པར་བྱས་ལ་དངོས་གྲུབ་རབ་འབྲིང་གསུམ་གྱི་དོན་དུ། མགྲིན་པ་དང། ལྟེ་བ་དང་།པུས་མོ་ཡན་ཆོད་དུ་བརྐོ་བར་བྱའོ། །དེ་ནས་སའི ་རོ་རྗེ་བ་དང། བགལ་དུམ་དང། སོལ་བ་དང། རུས་པ་དང། གྱོ་མོ་དང། གསེག་མ་དང། བོང་བ་ལ་སོགས་པ་མེད་པར་བྱས་པའི། ས་གཞན་བཟང་པོ་?་པ་ལ་དྲི་ཞིམ་པོ་ཙན་དན་དང། གུར་ཀུམ་དང། ག་བུར་དང། གླ་རྩི་ལ་སོགས་པ་དང་བསྲེས་པས་དགོང?།། ་ཡང་ན་དྲི་ཞིམ་པོ་དང་ཆུབ་སྲེས་པའི་ཡི་གེ་ཧཱུཾ་བཟླས་པའི་ཆུ་དང་བསྲེས་ཤིང་བཤད་གཅིས་བཀང་ལ། འཐས་པར་བཅགས་ཏེ། རིན་པོ་ཆེ་ལ་སོགས་པའི་གཏེར་བཅུག་ལ་ལག་མཐིལ་ལྟར་མཉམ་པའི་སྟེང་དུ། ཡན་ལག་དྲུག་དང་ལྡན ་པའི་རྣལ་འབྱོར་ལ་འདུག་ལ། ཨོཾ་རཀྵ་རཀྵ་ཞེས་བརྗོད་པས། ས་གཞི་ཐམས་ཅད་རྡོ་རྗེའི་རང་བཞིན་དུ་བྱ་ཞིང། །ལོགས་དང་སྟེང་རྡོ་རྗེའི་གུར་དང། རྡོ་རྗེའི་བླ་རེར་བྱའོ། །དེ་ནས་ཨོཾ་བཛྲི་བྷ་བ་བཛྲ་བནདྷ་ཧཱུཾ་ཞེས་པས་ཐམས་ཅད་འོད་དང་ལྡན་པར་བྱའོ། །ཀྱེ་རྡོར་ཁྲོལ? ་མཆོད་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །རིན་ཆེན་སྣ་ཚོགས་ཕྱིར་བཏགས་བས། །བདག་གི་དོན་ཡོད་དཀྱིལ་འཁོར་བྲི། །ས་གཞི་བྱིན་གྱིས་བརླབ་ཅིང་སྟ་གོན་ལ་གནས་པའི་རིམ་པའོ། །དེ་ནས་ཡང་སློབ་དཔོན་ཡན་ལག་དྲུག་དང་ལྡན་པར་སྤྱི་གཙུག་གི་རྒྱ ་གྲམ་དང། མགུལ་རྒྱན་དང། རྣ་རྒྱན་དང། སྐ་རགས་དང། ཕྱག་གདུབ་དང། རྒྱན་ལྔར་ལྡན་པས་རྡོ་རྗེ་དང་དྲིལ་བུ་ཐོགས་ལ་གོང་དུ་སྣོས་པའི་མདུན་ལ་སོགས་པར་འདུག་པའི་ལྷ་མོ་གཽ་རཱི་ལ་སོགས་པ་བཞི་རིགས་བཞིའི་ཏིང་ངེ་འཛིན་ཅན་བཞི་ཕྱོགས ་བཞིར་འདུག་སྟེ། རྡོ་རྗེ་དང་དྲིལ་བུ་ཐོགས་ལ། མདོ་བསྐུལ་བར་བྱའོ། །དེ་ཡང་བསྐུལ་བའི་སྔོན་དུ་མཆོད་པ་བྱ་སྟེ། གཽ་རཱིའི་ཏིང་ངེ་འཛིན་ཅན་གྱིས། ཨོཾ་བཛྲ་པུཥབེ?་ཨཱ:ཧཱུཾ། ཨོཾ་བཛྲ་དཱ་པེ་ཨཱ:ཧཱུཾ། ཨོཾ་བཛྲ་དཱི་པེ་ཨཱ:ཧཱུཾ། ཨོཾ་བཛྲ་གནྡྲེ་ཨཱ(རྒྱུད་འགྲེལ་ཧཱུཾ། ཞེས་བྱ་བའི་ཉི་མཆོད་པ་ལྔས?་མཆོད་དེ། ཁྱོད་ནི་རྣལ་འབྱོར་མ་རྣམས་བསྐོར་ཞེས་བྱ་བ་ལ། སོགས་པས་བསྟོད་དེ། དེ་ནས་འདི་སྐད་ཅེས་བསྐུལ་ལོ། །དེ་བཞིན་གཤེགས་པ་ཀུན་ཞི་བ། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཀུན་འགྱུར་རྡོ་རྗེ ་?་ས་དཔའ་ཡིན?་དཀྱིལ་འཁོར་འདྲེན་པ་བཤད་དུ་གསོལ། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས་མཚན་མིན་ཐམས་ཅད་ཡང་དག་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག། དཀྱིལ་འཁོར་འདྲེན་པ་བཤད་དུ་གསོལ། །ཡང་དག་སངས ་རྒྱས་མཆོག་ཞི་བ། །ཡེ་ཤེས་སྤྱོད་པ་རྣམ་སྤྱོད་པ། །ཀུན་ཏུ་བཟང་པོ་གསུང་གི་མཆོག། དཀྱིལ་འཁོར་འདྲེན་པ་བཤད་དུ་གསོལ། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། །རྣམ་སྣང་མཛད་ཆེན་འབྱུང་བ་ཡི། །དཀྱིལ་འཁོར་འདྲེན་པ་བཤད ་གསོལ། །དེ་ནས་གོང་དུ་སྨོས་པའི་ཕྱག་རྒྱ་ལྔ་དང་ལྡན་པའི་ཀྱེ་རྡོ་རྗེ་བསྒོམ་པ་དེས། བགེགས་བསལ་བར་བྱ་སྟེ། རྐང་པ་གཉིས་སུ་ཡི་གེ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་བསམས་ལ། མིག་གཡས་སུ་མ་ལས་ཉི་མའི་དཀྱིལ་འཁོར། གཡོན་དུ་ཊ་ལས་ཟླ་བའི་དཀྱིལ་འཁོར ་བསམ་སྟེ་རྡོ་རྗེའི་བལྟ་བས་ཐམས་ཅད་དུ་བལྟས་ཏེ། དེ་ཡང་རབ་ཏུ་མྱུར་བར་གཡོས་པའི་མིག། མིག་གི་རྫི་མ་འདྲེན་པ་ནི། །འབར་བའི་བལྟ་བ་ཞེས་སུ་གསུངས། འགྲོ་བ་ཐམས་ཅད་དགུག་པར་རོ་ཞེས་པས། དེ་ལྟར་བལྟས་ལ། ལག་པ་གཡོན་གྱིས་དྲིལ་བུ་གཟུང་ཞིང ་གཡས་ཀྱིས་རྡོ་རྗེ་གསོར་ལ་སྟེང་འོག་ཏུ་ལེགས་པར་འཁྱུད་ནས། ས་ཕྱོགས་དེ་ན་གནས་པ་འདིས་བསྐྲད་པར་བྱའོ། །ས་ཕྱོགས་འདིར་ད་སེམས་ཅན་ཡི་དོན་རྩོམ་གྱིས། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང། འབྱུང་པོ་དང། ཤ་ཟ་མོ་དང། སྲིན་པོ་ལ་སོགས་པ་གང་དག ་གནས་པ་སའི་བདག་པོ་མྱུར་དུ་སོང་ཞིག། འདི་ལྟར་དཔལ་ཧེ་རུ་ཀའི་བཀའ་ཐོས་ནས་མྱུར་དུ་དེངས་ཤིག། གང་མི་འགྲོ་བདེ་དག་ལ་ངའི་ཡེ་ཤེས་ཀྱི་རྡོ་རྗེ་དང། །ཁ་ཊཝཾ་ག་འདིས་སྤྱི་བོ་རྣམ་པ་བརྒྱར་འགེས་པར་འགྱུར་རོ་ཞེས་ལན་གསུམ་དུ་བརྗོད་ལ། དབབ་ལྡན་གྱི་མཚཾS ་ནས་བརྩམས་ནས་ཧཱུཾ་མང་པོ་བརྗོད་ཅིང་ལན་གསུམ་དུ་བསྐོར་བར་བྱའོ། །བསྐལ་པའི་མེ་ལྟ་བུའི་འོད་ཟེར་མང་པོ་རྐང་པའི་འོག་ནས་བྱུང་པ་ཡིས། །གདུག་པ་ཅན་རྣམས་བསྲེགས་པར་དོགས་ནས། ཕན་ཚུན་འབྱེད་པར་བསམ་མོ། །དེ་ཡང་རོལ་པའི་གོམ་སྟབས་བརྒྱད ་པོས་གར་བྱས་ཏེ། །རྐེང་པ་བསྐྱོད་ནས་ལག་པ་བསྐྱོད། སྨིན་མ་འདེགས་དང་རབ་འདེགས་འབྲེང། །ཅུང་ཟད་ངོ་ཚ་ཟུར་མིག་དང། །པདྨ་རྒྱས་སྟན་ལ་འདུག་པ་དང། མིག་ཡངས་གར་ནི་བྱེད་འགྱུར་ཞིང། །ཁ་ཡི་པདྨ་འཛུམ་དང་བཅས། །ཅུང་ཟད་དམར་བའི་པ་ཆེ་བ ་འཆང། ཀུན་དེ་ལྟར་དཀར་སོ་ཡི་བྲེད། དཔལ་ལྡན་ཁྲག་འཐུར་རྣལ་འབྱོར་ཆེས། སེམས་ཅན་སྒྲོལ་མ་རྨད་དུ་བྱུང། །དེ་ལ་སོགས་པའི་གང་གྱིས་ནི། བགེགས་ལ་སོགས་པ་བསྐྲད་པར་བྱ། །དེ་ནས་སྔོན་དུ་གསུངས་པ་ཡི། རཀྵཱི་སྔགས་ཀྱིས་རྡོ་རྗེའི་ས་གཞི ་རང་གུར་དང་?་རེ་ལ་སོགས་བ་བྱའོ། དེ་ལྟར་བྱས་པས་དཀྱིལ་འཁོར་སའི་ཆ་ཉེས་པ་དང་ལྡན་པ་ཡང་ཉེས་པ་དག་མེད་པར་འགྱུར་ཏེ། བགེགས་བསལ་བའི་རིམ་པའོ།། །།དེ་ནས་པའི་རྣམ་པ་ལྔ་དང་ལྡན་པའི་དྲི་ཞིམ་པོའི་ཆུ་དང། བདུད་རྩི་ལྔས་བྱུགས་ལ། དེའི་?་དུ ་དྲིའི་ཐིག་ལེ་བྱའོ། །ཐིག་ལེ་དེའི་སྟེང་དུ་མེ་ཏོག་གཞག་ལ་སྣ་ཚོགས་པདྨར་བསམ་མོ། པདྨའི་སྟེང་དུ་ཨ་ལས་ཉི་མའི་དཀྱིལ་འཁོར་བསམས་ལ་དེའི་སྟེང་དུ་རང་རང་གི་སྔགས་ཧཱུཾ་གཾ་?་པཾ། གྷཾ་བཾ་པཾ། སཾ་ལཾ་ཌཾ། ཞེས་བྱ་བའི་སྦྱོར་བས་ལྷའི་དཀྱིལ་འཁོར་བསྐྱེད་པ་རང་རང་གི་གདན་དེ་ཉིད ་ལ་བཞུགས་བར་བསམ་མོ། དེ་ནས་ཡེ་ཤེས་སེམས་དཔའ་འཁོར་དང་བཅས་པ་སྤྱན་དྲང་བར་བྱད་ཏོ?། གཽ་རཱི་ཛཱ་ཞེས་བསྐུལ་བས། གཽ་རཱི་ལས་སྤྲུལ་པའི་གཽ་རཱི་ལྕགས་ཀྱུ་ཅན་མང་པོ་འཕྲོས་པས་རང་བཞིན་གྱིས་དཀྱིལ་འཁོར་ནས་གྱི་རྡོ་རྗེ་འཁོར་དང་བཅས་པ་སྤྱན་དྲངས་ནས། རྡོ་རྗེ་བླ་རེའི ་སྟེང་དུ་བཞུགས་པ་ལ། པྲོཀྵ་ནཾ་དང། ཨརྒྷཾ་དང། ཨཉྩ་མ་ནཾ་དང། བྷི་དྷི་དང། སྔོས་དང། མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་ཅིང། ལྷ་མོ་བརྒྱད་ཀྱིས་མཆོད་པས་མཆོད་དོ། །དེ་ནས་ཙོ་རཱི་ཧཱུཾ་ཞེས་པས། ཙཽ་རཱི་ཞགས་པ་ཅན་གྱིས། གཞལ་ལས་ཁང་གི་ནང་དུ་བཞག། པཏྟེ་ལཱི་བཾ་ཞེས་པས། ་དེ་བཞིན་དུ་བཅིངས་པ་དྷརྨ?་རཱི་?་ས་དབྱེས་པར་བྱས་ཏེ། ཡེ་ཤེས་ཀྱི་དཀྱིལ་འཁོར་ལོ་གཅིག་ཏུ་བྱའོ། དེ་ནས་ཡང་ཕྱིའི་མཆོད་པས་མཆོད་ཅིང། ནང་གི་མཆོད་པས་ཀྱང་མཆོད་ལ་སྤྲུལ་?་སྒྲ་དཀྲོལ་ཏེ། སྲིད་པ་རང་བཞིན་གྱིས་དག་ཕྱིར། ངོ་བོ་ཉིད་ཀྱིས་?་སྙེད་བྱས། རང ་བཞིན་དག་པར་སེམས་དཔའ་?་དམ་པའི་སྲིད་པ་བྱེད་པར་ཤོག་ཅེས་པ་དང། ཐམས་ཅད་དངོས་པོའི་རང་བཞིན་མཆོག། གདོད་ནས་ཐམས་ཅད་བདག་ཉིད་གནས། ཐབས་དགན་ཤེས་རབ་གཉིས་མེད་པ། ཀྱེ་རྡོ་རྗེ་བདག་ཕྱག་འཚལ་ཞེས་པ་ལ་སོགས་པའི་རྡོ་རྗེ་གླུའི་ཚིགས་གིས? ་བསྟོད་དོ། །དེ་ནས་བདུད་རྩིའི་མཆོད་པ་ཡང། དཔལ་ཀྱེ་རྡོ་རྗེ་འཁོར་དང་བཅས་པས་མྱང་བར་བྱའོ། །དེ་ནས་འདི་སྐད་ཙམ?་བརྗོད་པར་བྱའོ། གཉིས་མེད་ཡེ་ཤེས་ལས་བྱུང་བ། ཁྱབ་བདག་དངོས་གྲུབ་བདག་ཉིད་ཅན། སྟོན་པའི་གཙོ་བོ་ཁྲག་འཐུང་དཔལ། །བདག་མེད་མ་ཨང་ཡང་དག་ལྡན། །ཕྱོགས་མཚམས་རྣམས ་ཀྱི་མཁའ་འགྲོ་དང། །རིགས་པའི་ལྷ་མོ་རྫུ་འཕྲུལ་ཅན། བྱང་ཆུབ་སེམས་དཔའ་ལ་སོགས་ཀུན། །མ་ལུས་བདག་ལ་དགོངས་སུ་གསོལ། །སློབ་མ་ལ་ནི་ཕན་པ་དང། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། ཆེ་?་བདག་ནི་རྡོ་རྗེ་ཅི་ན་ནང་བར་དཀྱིལ་འཁོར་འདྲི་ལགས་ཀྱིས། །རྗེས་སུ ་བརྩེ་བར་ཉེར་དགོངས་ཏེ། བྱིན་གྱིས་བརླབས་པ་མཛད་དུ་གསོལ། །དེ་ནས་དྲི་ཞིམ་པོའི་མེ་ཏོག་གི་ཕྲེང་བ་དང། བདུད་རྩི་ལྔ་དང་སྤོས་ལ་སོགས་པ་དབུལ་བར་བྱའོ། །ལྷ་ལ་གསོལ་བ་གདབ་པའི་རིམ་པའོ། །དེ་ནས་སློབ་མའི་གཙོ་བོ་འཁོར་དང་བཅས་བ་ལྷག་པར་གནས་པར་བྱ་ཞིང། ་མཆོད་པར་བྱ་བ་འདི་བརྗོད་དོ། བུ་ཚུར་ཐེག་པ་ཆེན་པོ་ལ། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། གསང་སྔགས་སྤྱོད་ཚུལ་མཆོག་འདི། །ཁྱེད་ལ་ཡང་དག་བཤད་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང། །དེ་བཞིན་གང་དག་མ་བྱོན་དང། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས།། ་འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། དེ་དག་འུན?་གྱིས་གསང་སྔགས་ཀྱི། །ཆོད་ག་བཟང་པོའདི་མཁྱེན་ནས། དཔའ་བོས་བྱང་ཆུབ་ཤིང་དྲུང་དུ་ཐམས་ཅད་མཁྱེན་པའི་མཚན་མ་བརྙེས། གསང་སྔགས་སྦྱོར་བ་མཉམ་མེད་དེ། སྐྱོང་བ་དཔལ་ལྡན་ཧེ་རུ་ཀས། བདུད་སྡེ་ཤིན་ཏུ་མི ་བཟང་བ། བདུད་ཆེན་དག་ཀྱང་དེ་ཡིས་བཅོམ་།དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། བུ་ཡིས་བློ་གྲོས་འདི་གྱིས་ཤིག། སངས་རྒྱས་ཆོས་དང་དགེ་འདུན་ལ། རྟག་ཏུ་ཁྱོད་ནི་སྐྱབས་སུ་སོང། རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། འཁོར་ལོ་བཞུགས་པའི་བདག་ཉིད་ཅན། ཀུན ་ལ་རྟག་ཏུ་སྐྱབས་སོགས་དཔའ་བོ་དཔའ་མོ་དབང་ལྷ་མོ། བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། ཁྱད་པར་དུ་ཡང་སློབ་དཔོན་ལ། རྟག་པར་བདག་ནི་སྐྱབས་སུ་མཆིས་དཔལ་ལྡན་ཁྲག་འཐུང་སོགས་དཔའ་བོ། རྣལ་འབྱོར་མ་དང་སྣང་མཛད་སོགས། །བྱང་ཆུབ་སེམས་དཔའ་ ་དཔག་མེད་པ། །ཐམས་ཅད་རང་ལ་དགོངས་པར་གྱིས། །དུས་འདི་ནས་གཟུང་ཆེ་གེ་མོ། །ཇི་སྲིད་བདག་མེད་སར་གནས་པར། །དེ་ཡི་ཚངས་སྤྱོད་གཉིས་མེད་པར། །ཁྱོད་ཀྱིས་སྡོམ་པ་ལེགས་པར་གཟུང། །དེ་ནས་འོག་ནས་འབྱུང་བ་འདི་རྣམས་ཀྱིས ་སྡིག་པ་བཤགས་པ་ལ་སོགས་པ་བྱེད་དུ་གཞུག་སྟེ། བདག་གིས་སྡིག་པ་བགྱིས་པ་དང། །བགྱིད་དུ་སྩལ་དང་ཡི་རང་ག་སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །དེ་དག་ཐམས་ཅད་བཤགས་པར་བགྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །རང་རྒྱལ་དགྲ ་བཅོམ་འགྲོ་རྣམས་ཀྱི། །བསྒོམ་དང་བཟླས་བརྗོད་བསོད་ནམས་ཆོགས། །དེ་ལ་བདག་ནི་ཡི་རང་ངོ། །སེམས་བསྐྱེད་མངོན་པར་སངས་རྒྱས་དང། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང། །བྱང་ཆུབ་སེམས་དཔའ་ཨི་ཚོགས་སྤྱོད་ལ། །དེ་ལ་བདག་ནི་སྐྱབས་སུ་མཆི།། ་སངས་རྒྱས་འབྱུང་བ་ཇི་ལྟ་བར། །སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་སེམས་ནི་བསྐྱེད་པ་ལྟར། །དེ་རིང་ཉིད་དུ་སེམས་བསྐྱེད་དོ། །མགོན་པོ་བདག་ལ་དགོངས་སུ་གསོལ། །མ་ལུས་བཞུགས་པའི་སངས་རྒྱས་རྣམས། །དུས་འདི་ཉིད་ནས་སངས་རྒྱས་པར། ་བླ་མེད་བདག་ལ་གཟིགས་སུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་སྡོམ་པ་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང། ཡང་དག་ཉིད་དུ་གཟུང ་བར་བགྱི། སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིགས་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། པདྨའི་རིག་མཆོག་དག་པ་ལ། ཕྱི་དང་གསང་བའི་ཐེག ་པ་གསུམ། །དམ་པའི་ཆོས་ཀྱང་མ་ལུས་གཟུང། །ལས་ཀྱི་རིག་མཆོག་ཆེན་པོ་ལ། སྡོམ་པ་ཐམས་ཅད་ལྡན་པར་ནི། ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང། དགེ་བའི་ཆོས་ནི་སྡུད་པ་དང། སེམས་ཅན་དོན ་བྱེད་ཚུལ་ཁྲིམས་གསུམ། །དེ་བཞིན་བརྟན་པར་བཟུང་བར་བགྱི། །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་མི་རིང་སངས་རྒྱས་མྱུར་འགྲུབ་ནས། །སེམས་ཅན་འཁོར་བའི་རྒྱ་མཚོ་དབྱིང་བ་རྣམས། །བླ་མེད་བྱང་ཆུབ་ཉིད་དུ་འབྲལ་བར་དགྱི། །ཞེས་ཞུས་པ་དང། སློབ་དཔོན ་སློབ་མ་བསྲུང་པར་བྱ་སྟེ། སློབ་མ་རྣམས་ཀྱི་ལུས་ངག་ཡིད་གསུམ་དུ། །སྤྱི་བོར་འཁོར་ལོ། །མགྲིན་པར་པདྨ། །སྙིང་གར་རྡོ་རྗེ། དེ་གསུམ་གྱི་ལྟེ་བ་ལ་ཡང། །ོཾ་ཨཱ:ཧཱུཾ་གསུམ་བསམ་མོ། །དེ་ནས་སློབ་དཔོན་གྱིས་ལག་ཏུ་རྡོ་རྗེ་གཟུང་ལ། །སློབ་མའི་གནས། གསུམ་དུ་རྡོ་རྗེ་གསུམ་ཅིང། ་ཨོཾ་ཨཱ:ཧཱུཾ་ཞེས་བརྗོད་ཅིང། གནས་གསུམ་དུ་དིའི་ཆུས་ཕྱུག་གོ། །དེ་ནས་རིམ་པར་སློབ་མ་རྣམས་ཀྱིས་མགོ་ལ་མེ་ཏོག་བྱིན་ཏེ། མདུན་དུ་སྤོས་བྱིན་ལ། མར་མེ་དང་དྲི་སྙིང་གར་སྦྱིན་ནོ། །དེ་ནས་སོ་ཤིང་གི་ཆོ་བྱ་བ་ནི་འདིའོ། །ུ་དུམྦཱ་རི་ཨ་ཤྭད?་མེ་ཏོག་གཙང་ཞིང་དྲི་ཡིས་བྱང་ཆུབ། །སོར ་ནི་བཅུ་གཉིས་ཚད་དུ་བྱ། །མི་ཡོ་མ་གས་འདུས་མ་ཟོས། །ལྕི་བ་བ་ཡི་ཀོ་བཙམ། །ས་གཞི་མཎྜལ་བྱས་ནས་ནི། །སློབ་མ་དེ་ཡི་སྟེང་གཞག་ནས། མེ་ཏོག་ལ་སོགས་མཆོད་པ་བྱ། །སློབ་མའི་ཚོགས་ལ་སྤྱིན་པར་བཡཱོ།།དེ་ནས་ཤར་ཕྱོགས་ཁ་བལྟས་ཏེ། མི་སྨྲ་བར་ནི་སོ་ཤིང་བཅའ་ ་བཅའ་བགྲིན་ནས་མི་དགོས་ཤིང། །ཕན་ཚུན་ཡང་མི་འདོར་བར། །སོ་ཤིང་མདུན་དུ་དྲང་པོར་དོ?། དེ་ཡི་ཚེ་ན་མཚན་མོ་ནི། དེ་ཚེ་བདག་ལ་བལྟ་བ་དང། རྩེ་མོ་གྱེན་དུ་འགྲེད་གྱུར་ན། དེ་ཡི་དངོས་གྲུབ་མཆོག་ཅེས་བཤད་དོ། དེ་བཞིན་གཞན་དུ་ཁ་བལྟས་ན། དེ་ཡི་དངོས་གྲུབ་འབྲིད་དུ་བཤད། མཚམས? ་དང་བྱང་དུ་ཁ་བལྟས་ན། །འཇིག་རྟེན་པ་ཡི་དངོས་གྲུབ་འཐོབ། །སོ་ཤིང་དོར་བ་བརྒྱ་ལམ་ན་གལ་ཏེ་གྱུར?་དུ་ཁ་བལྟས་ན། །དེ་ནི་ངེས་པར?་འོག་གི། །དངོས་གྲུབ་དེ་ལ་ཐེ་ཚོམ་མེད། དེ་ནས་དྲི་ཆུ་ལག་པར་བླུགས་ཏེ། འཐོར་འཐུང་བྱའོ། །ོཾ་ཧྲཱི(རྒྱུད་འགྲེལ་ཧཱུཾ་ཞེས་པའི་སྔགས་བཟླས་པའི་ཆུ་ཏུ?་དུམ་འཐུང་དུ་གཞུག་གོ། དེའི་འོག་ཏུ་སློབ་མ་རྣམས་ལ་སེམས་དགའ་བར་བྱ་བའི་ཕྱིར་ཆོས་བཤད་པར་བྱ་སྟེ། འཇིག་རྟེན་ཁམས་ནི་ཐམས་ཅད། །ཐམས་མཁྱེན་པ་འབྱུང་མི་འགྱུར། ཨུ་དུམྦུ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་འབྱུང། དེ་ཕྱིར་ཕྲད་དཀའ་ ་འབྱུང་བ་ཡི། །གཉིས་མེད་ཟ་མོའི་སྤྱོད་ཚུལ་འདིས། །སེམས་ཅན་སངས་རྒྱས་བྱེད་པའོ། །བསྐལ་བ་གྲངས་མེད་མང་པོར་ནི། །སྔོན་དུ་བྱ་བའི་རྣམ་སྨིན་གང། །དེ་ཀུན་ཟད་པར་འགྱུར་བ་ནི། ཟབ་མོའི་དཀྱིལ་འཁོར་བས་སོ། །དེ་ནས་ཨོཾ་ཨཱ(རྒྱུད་འགྲེལ་བྱིན་གྱིས་བརླབས་ལ་སྔས་སུ་ཡང་གཞུག་པར་བྱ་ཞིང་སྟན་དུ་ཡང་གདིང་བར་བྱའོ། །དེ་ནས་སྲུང་སྐུད་གདགས་ཏེ། སྲུང་སྐུད་དམར་པོ་ལ་མདུད་པ་གྲངས་དྲུག་པོར་ལ། དཔུང་པ་གཡོན་པར་སྲུང་པའི་ཕྱིར་བཅིང་ངོ། །དེ་ནས་མཆོད་པ་བྱ་སྟེ། གཏོར་མ་བཏང་ལ། སློབ་དཔོན་ནང་དུ་ཞུགས ་ལ། དཀྱིལ་འཁོར་གྱི་ལྷ་ལ་ཕྱིན་ནང་གི་མཆོད་བས་ཡང་དག་པར་མཆོད་དོ། །སློབ་མ་རྣམས་ནི་སྟ་གོན་གྱི་གནས་དེ་ཉིད་དུ་ཀུ་ཤའི་སྟན་ལ། སེངྒེའི་ཉལ་ཐབས་སུ་འདུག་ལ། རྨི་ལམ་གྱི་མཚན་མ་བལྟ་བའི་ཕྱིར། །མི་སྨྲ་བར་ཀྱེ་རྡོ་རྗེ་ཡིད་ལ་བྱས་ལ་བསམ་གཏན་གྱི་སེམས་ཀྱིས་ཉལ་བར ་བྱའོ། །དེ་ནས་མཚན་མོའི་མཐར་རྨི་ལམ་བར་དང་གང་མཐོང་འདྲི་བར་བྱའོ། །དྲིས་པ་ཐོས་ནས་རྨི་ལམ་བཟང་ངན་ཐོགས་བ་མེད་པར་བརྗོད་བར་བྱའོ། །དེ་ནས་རྨི་ལམ་བཟང་པོ་མཐོང་བ་ན། སློབ་མ་ལ་རྗེས་སུ་ཡི་རང་བར་བྱ་སྟེ། དངོས་གྲུབ་རབ་འབྲིང་ཐ་མ་བསྟན་པར་བྱའོ། །ངན་པ་མཐོར་ན་བ ་བྱུང?་རྣམ་པ་ལྔ་འཐུང་བཅུག་སྟེ་དྲག་པོའི་སྦྱིན་སྲེག་བྱས་ན། དེས་རྟོག་བཞི་བར་འགྱུར་རོ། །སློབ་མ་ལྷག་པར་གནས་པའི་རིམ་པའོ། །དེ་ནས་གསེར་རམ་དངུལ་ལམ་ཟངས་ལས་རྣམ་པར་རྒྱལ་བའི་བུམ་པ་བྱས་ཏེ་དེ་རྣམས་མ་འབྱོར་ན་ཁམས་ལས་བྱའོ། །བུམ་པ་གཞན་རྣམས་ཀྱང་རིན ་མཆེའི་རྣམ་གྲངས་མ་ར?་ཁམས་ལ་བྱའོ། །ཀུན་ཀྱང་དྲི་ཞེས་པོ་དང་ས་དཀར་པོས་ཕྱག་ལ། པདྨའི་ལྟེ་བ་ལ་ཕྱག་མཚན་བཀོད་ལ་བཞག་གོ། དེ་ནས་བུམ་པ་རྣམས་རང་བཞིན་མེད་པར་བསམས་ལ། དེ་ལས་ཡི་གེ་ཁཾ་དཀར་པོར་གྱུར་ཁཾ་དཀར་པོ་འོད་དུ་ཞུ་བ་བ་མཆུ་འཕྱང་བ་བསྒོམས་ལ། དེའི་སྟེང་དུ་བཾ?་དམའ་པོ་ལས ་པོ་རིགས་?་?་མེད་?་དཀར་པོའི་དུག་པ་མགྲིན་པ་རིང་པ་ལྟོ་བ་ཚ་བ་མཆུ་འཕྱང་བ་བསྒོམས་ལ། དེའི་སྟེང་དུ་བཾ?་དམའ་པོ་ལས་པདྨར་གྱུར་བའི་སྟེང་དུ་ཨ་ལས་ཉི་མའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཧཱུཾ། བཾ་ཙཾ་བཾ། གྷཾ། བཾ། སཾ། ལཾ། ཌཾ། དེ་རྣམས་ཡོངས་གྱུར་པ་ལས། ལྷའི་འཁོར་ལོ་རྫོགས་པར ་བསྐྱེད་དོ། །དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་ལ་སོགས་པ་བྱ་སྟེ། གཽ་རཱི་ཛ(རྒྱུད་འགྲེལ་བསྟོད་པ་རྣམས་བྱའོ། །དེ་ནས་འཛབ་བརྒྱ་རྩ་བརྒྱད་དམ། སྟོང་རྩ་བརྒྱད་བཟླས་ལ་བཞག་པར་བྱའོ། །དེ་ནས་སྤོས་ཀྱིས་བདུག་པ་ལ་སོགས་པ་བྱས་ལ། མེ་ཏོག་དཀར་པོ་ཆལ་པར་གཏོར་བ་ལ་སོགས་པ་བྱའོ། །དེ་ནས་ལྷ་དེ་རྣམས་འོད་དུ་ཞུ་བ་ལས། བྱང་ཆུབ་སིད?་པའི་དཀར་དམར་གྱིས་གང་བར ་བསམ་མོ། །དེ་ནས་དྲི་ཆབ་བཟང་པོས་གང་བར་བླུགས་ལ། སྨན་ལ་སོགས་པ་ང?་ཡང་དག་པར་བྱ་སྟེ། ཤྭེ་ཏཔྲེ་ཧ་ཏི་དང། ཨ་པ་ར་ཙ་ཏི་དནད་ཨུཏཔལ་དང། ཀཎྜ་ཀ་རི་དང། ཧ་ས་དེ་བ་ལ་སོགས་པཱི་ཙ་བ་ལས་བྱ་སྟེ་འདི་དག་དཀྱིལ་འཁོར་གྱི་བྱང་ཆུབ་ཀྱི་སེམས་ཀྱི་རྟགས་སུ་བྱས་པའོ། །འབྲས་སོ་བ་དང། སྨན་གྲེའུ? ་དང་།ནས་དང། ཏིལ་དང། གྲོ་འདི་རྣམས་ནི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཐུགས་ཀྱི་རང་བཞིན་ནོ།།ཤེལ་དང་དངུལ་དང། མུ་ཏིག་དང། དུང་དང་བྱི་རུ་ནི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྐུའི་རྟགས་སུ་བྱས་པའོ།།གཞན་ཡང་ཟླ་བ་དང་ཉི་མ་དང། ཆུ་དང་སྨན་དང་དྲི་དང་བུ་རམ་དང་ཁ་ར་དང་བཟའ་ ་བ་རྣམས་གཞུག་གོ། །བུམ་པ་ལ་བདག་པོའི་མཚན་མ་རྣམ་པ་ལྔ་དང་ལྡན་པ་བྱ་ཞིང། སྔོན་པོ་དང། དཀར་པོ་དང། སེར་པོ་དང། དམར་པོ་དང། ལྗང་གུའི་རས་རྣམས་ཀྱིས་མཆུལ?་པར?་ཅིང་བར་བྱའོ། །མ་འབྱོར་ན་རས་ཡུག་གཅིག་གིས་སྦྱིར་བྱའོ། །ཤིང་འོ་མ་ཅན་གྱི་རིགས ་བཟང་པོ་འབྲས་བུ་དང། ལོ་མ་དང་ཡལ་གར་བཅས་པས་ཁ་རྒྱན་བྱའོ། །བུམ་པ་གཞན་རྣམས་སུ་ནི་སྨན་ལ་སོགས་པ་མི་གཞུག་པར་ལྷ་རེ་རེ་འོད་དུ་ཞུ་བར་བྱའོ། །བསྟོད་པ་དང་མཆོད་པ་དང། བཟླས་པ་ནི་ཀུན་བྱའོ། །དེ་ནས་བུམ་པ་རྣམས་པས་བཏིང་བའི་སྟེང་དུ་མེ་ཏོག་དཀར་པོ ་ཆལ་པར་བཀྲམ་བའི་སྟེང་དུ་བཞུགས་སུ་གསོལ་ལོ། །དེའི་དུས་སུ་གར་གྱིས་མཆོད་པ་རྣམས་ཀྱང་དབུལ་ལོ། །ལས་ཐོད་པའི་བུཾ་པ་ནི་སྣ་ཚོགས་རྡོ་རྗེས་མཚན་ཏེ། དེ་ལ་མཆོད་པ་བྱས་ལ། ཕྱི་རོལ་གྱི་བྱང་ཤར་མཚམས་སུ་བཞུགས་སུ་གསོལ་ཏེ། བགེགས་མ་རུངས་པ་རྣམས་ལས་མགྲུབ་ཀྱི་བར་དུ་བསྲུང་དུ་གསོལ་ལོ ་ཞེས་གཞོལ་ལོ། །གཏོར་མ་དགུ་དང། མར་མེ་དགུ་དང་ལྷ་བཤོ?་དགུ་དང་སྤོས་དགུད་བདེ་རྣམས་ནི་བུམ་པ་ལྷག་པར་གནས་པའི་རིམ་པའོ། །ས་སྟ་གོན་གྱི་ཕྱི་དེ་ཉིན་པར་སྐྱེས་པའི་སྦྱིན་སྲེག་བྱའོ། །སློབ་དཔོན་མཚན་ཉིད་བཟང་པོ་དང་ལྡན་པ?་ཡང་དག་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ཤེས་ཤིང ་ཁྲོ་བ་མེད་པ་ཕྱག་རྒྱ་ལྔ་དང་ལྡན་པའི་ཤེས་རབ་ཅན་གྱིས་དཀྱིལ་འཁོར་གྱི་ལྷ་རྣམས་མདུན་གྱི་ནམ་མཁའ་ལ་གཤེགས་སུ་གསོལ་ལ། ཐིག་གདབ་པའི་ལས་བརྩམ་པར་བྱའོ། །དེ་ཡང་རས་བལ་ལས་ཤེས་རབ་མ་མཚན་དང་ལྡན་པས་འཇུག་མདུད་ལ་སོགས་པ་མེད་པར་རིང་ཐུང་ཉིས་འགྱུར ་ལ་སྦོམ་གྲ་སྒོའི་ཉི་ཤུ་ཆར་གྱུར་བར་བཀལ་ཏེ། སྲང་བུ་སོ་སོར་སྡོམ་ལ། པདྨའི་སྣོད་དྲི་ཞིམ་པོས་བྱུགས་པའི་ནང་དུ་སོ་སོར་བཞག་ལ། དང་ལ་སྲང་བུ་རང་བཞིན་མེད་པར་བསྒོམ་མོ། །དེ་ལས་སོ་སོའི་ཡིག་འབྲུར་གྱུར་ཏེ། ཡིག་འབྲུ་ཡོངས་སུ་གྱུར་བ་ལས། སྲང་བུ་བྱུང་བར་བསམ་མོ། །དེ་ནས་ཡེ་ཤེས ་ཀྱི་ཐུགས་ཁ་ནས། ཡེ་ཤེས་ཀྱི་སྐད་པ་ཡོད་པ་ལ། རྣལ་འབྱོར་པའི་ཉི་ཟླ་འབར་བའི་མིག་གིས་ལྕགས་ཀྱུས། །གཙོ་བོ་ཀྱེ་རྡོ་རྗེ་དང། སངས་རྒྱས་ཀུན་གྱི་མཁའ་འགྲོ་མ། གཙོ་བོ་སྔགས་དང་གཉིས་མེད་རྣམས། །སྤྱན་དྲངས་ནས་ནི་དེ་ལ་བསྟིམ། །དེ་ལྟར་ཡེ་ཤེས་ཀྱི་ཐིག་སྐུད་བསྐྱེད་ནས། སྲད་བུ་ལྔ་ལ ་གཙོ་བོའི་སྔགས་བརྗོད། །གཅིག་ཏུ་བསྒྲིལ་ལོ། །ོཾ་བཛྲ་ས་མ་ཡ་སཱུ་ཏྲི་མ་ཏི་ཀྲ་མ་ཧཱུཾ་ཞེས་བརྒྱ་རྩ་བརྒྱད་བཟླ་བར་བྱའོ། །ོཾ་ཨཱ:ཧཱུཾ་གསུམ་མཛའ་གཉིས་དབུས་དང་གསུམ་དུ་བཀོད་ལ་བྱིན་གྱིས་བརླབས་ཏེ། དེ་ལ་མཆོད་པ་དབུལ་ལོ། །དེ་ལ་གཙོ་བོའི་ཐུགས་ཀ་ནས། སྲང་བུ་འཛིན་པའི ་གྲོགས་པོ་སྤྲུལ་ལ་?ཉྫ(རྒྱུད་འགྲེལ་སྟེ་སློབ་དཔོན་ཆུབ་དག་ཏུ་འདུག་སྟེ། སློབ་མ་བརྒྱ་བྱིན་?་དྲུག་ལ་ཚངས་ཐིག་བདག་སློབ་དཔོན་གཤིན་རྗེའི་ཕྱོགས་སུ་འདུག་ལ་སློབ་མ་གནོད་སྦྱིན་དུ་འདུག་སྟེ། ཚངས་ཐིག་གཉིས་པ་གདབ་བོ། །སློབ་དཔོན་བྱིན་ཟར་འདུག་ལ། སློབ་མ་དབང་ལྡན་དུ་འདུག་སྟེ། ཤར་གདོག་སློབ་དཔོན་རླུང་ལྷའི་ཕྱོགས་སུ་འདུག་ལ། སློབ ་མ་བདེན་བྲལ་བུ་འདུག་སྟེ། ནུབ་གད་བོ། །སློབ་དཔོན་དེ་ཉིད་དུ་འདུག་ལ་སློབ་མ་དབང་ལྡན་དུ་འདུག་སྟེ། བྱང་གདབ་བོ། །སློབ་དཔོན་བྱིན་ཟར་འདུག་ལ། སློབ་མ་བདེན་བྲལ་དུ་འདུག་སྟེ། ལྷོར་གདབ་པར་བྱའོ། །སྲང་བུས་ཡོངས་སུ་ཐིག་གདབ་བྱ། སྲང་བུས་གཞལ་བར་མི་བྱ་སྟེ་འཕེལ་འགྲིབ་གཉིས་ཀྱི་ཉེན་ཡང་པས་ཨཱ་བས་རབ་ཏུ ་གཞལ་བར་བྱ། ཞེས་འབྱུང་བས། །སྔ་ལ་སོགས་པ་དྲང་ཤིང་སྲ་བ་ལ་ཁ་ཏི་ཀ་བྱས་ལ། ཐིག་རྐང་བཞི་བཅུ་རྩ་གཉིས་ཕྱོགས་དེར་གདབ་བར་བྱའོ། །དེ་ལྟར་བཞི་བཅུ་རྩ་གཉིས་བཏབ་པ་ལས། སྒོ་ཁྱུད་ཀྱི་ཐིག་ཚུན་ཆད་ཀྱིས་ནི་པདྨའི་ལྟེ་བར་བསྐོར་བར་བྱའོ། །པདྨའི་ཟེ་བ་བསྐོར་བ་ནི། ལྷའི་སྣམ་བུ་ལས་ཛི་ཙ་རན?་པ ་བསྐོར་བར་བྱའོ། །དཀྱིལ་འཁོར་གྱི་མཐར་རྡོ་རྗེར་བ་དང། མེ་རི་གཉིས་ལན?་རེར་བསྐོར་རོ། །རྟ་བབས་ཀྱི་སྣམ་བུ་བཞིའི་ཕྱོགས་སྟེར་ན། །ཆ་བཞི་ལ་ཕྱེད་ཀྱི་?་གཅིག་ལ་དྷརྨཱ་ཙ་ཀྲའོ། །གཅིག་ལ་རྡོ་རྗེ་རྐྱ་གྲམ་གྱི་རྭ་དབུ་མ། །དེའི་སྣ་ལ་པདྨའི་སྡོང་པོའི་སྣ་གཏད་པར་བྱའོ། །དེ་ནས་བླ་མས་དཀྱིལ་འཁོར་དབུས་སུ་འདུག་ལ། མིག ་གཉིས་སུ་ཉི་མ་དང་ཟླ་བའི་དཀྱིལ་འཁོར་བསམས་ལ། བཟློག་ལ་བལྟ་ཞིང་ཧི་ཧི་ཞེས་པས་སྒྲོ་དབྱེ་བར་བསམ། དེ་ནས་བཛྲ་བ་གཱ་ཀྲམ་ཞེས་བརྗོད་ལ་ཕྱིར་འབྱུང་ངོ། །དེ་ལྟར་ཐིག་གདབ་པའི་རིམ་པ་ཟིན་ནས། ཡེ་ཤེས་ཀྱི་སྐུ་དཔལ་མཆོད་པས་མཆོད་ལ། སྭཱཧཱ་ཙཏྟ་བར་མཱ་རྩ་ཉྫཱ་ཏི་ཏ་གཙྪ་ཞེས་བརྗོད་ལ་ལྷ་གཤེགས་སུ་གསོལ་ལོ། །ཡེ ་ཤེས་ཀྱི་ཐིག་གདབ་པའི་རིམ་པའོ། དེ་ནས་འབྲས་ལ་ཁ་དོག་ལེགས་པར་བསྒྱུར་བའི་ཚོན་རིམ་པར་བཞག་སྟེ། དེ་རང་བཞིན་མེད་པར་བསྒོམས་ལ། བྷྲུཾ་ཨོཾ་ཛྲི། ཁཾ། ཧཱུཾ་ལྔར་གྱུར་པར་བསམ་མོ། །དེ་ཡོངས་སུ་གྱུར་བ་ལས་ཆེན་སྣ་ཚོགས་འབྱུང་བར་བསམ། །དེ་ནས་རྣལ་འབྱོར་བའི་ཉི་ཟླ་འབར་བའི་མིག་གི་ལྕགས་ཀྱུས་རྡོ་རྗེ ་མཁའ་འགྲོ་མའི་འཁོར་དང་བཅས་པ་རྣམས་སྤྱན་དྲངས་ནས་ས་ཚོན་ལ་ཐིམ་པར་བསམ་སྟེ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་མང་དུ་བཟླས་ལཾ། ས་ཚོན་ལ་མཚད་པ་དབུལ་ལོ་དེ་ནས་བྱང་ཤར་མཚམས་ནས། བླ་མས་རིམ་པ་བཞིན་དུ། ནས་པོ་དང་དཀར་པོ་དང་སེར་པོ་དང་དམར་པོ་དང། ལྗང་གུའི་དེ ་ཁཱ་ལྔ་མཉམ་པོར་མཐོ་གང་དུ་རྒངས་ལ་མཚོར་པ་དབུལ་ཞིང། རེ་ཁཱ་ལ་མེ་ཏོག་སིལ་མ་གཏོར་རོ། །དེ་ལྟར་རེ་ཁཱ་འདྲེན་ཀར་བླ་མས་འདི་སྐད་བརྗོད་དོ། །འདི་ནི་ཆོས་དབྱིངས་དག་པ་སྟེ། སེམས་ཅན་ཁམས་ནི་སྒྲོལ་བྱེད་པ། དཔལ་ལྡན་ཁྲག་འཐུང་རྒྱལ་པོ་ཉིད། དེ་བཞིན་གཤེགས་པ་ཀུན་གྱི་གནས་ཞེའོ? ་ཉེས་བ་ཀུན་ལས་རྣམ་གྲོལ་པས། །ཚོན་གྱི་ལས་ནི་ཡང་དག་བརྩམ། །སློབ་དཔོན་གྱིས་ནི་བྲང་པོར་དགྱེ། །ཕྱི་ནས་ཀུན་ནས་སློབ་མས་སོ་ཞེས་འབྱུང་ངོ། །མཐེའུ་ཆུང་དང། མཐེ་བོ་སྤངས། དྲང་ལ་མཐོ་གང་ཡང་ངག་བྲི? ་གལ་ཏེ་རི་མོ་མི་མཉམ་དང། །?་ཞིང་དམའ་དང་བཅས་པ་ན། །རི་མོ་དམར་བསམ་མི་འགྲུབ་བོ། །ཡོན་པོ་ས་གདུང་བ་སྐྱེད་བྱེད་ལ། །ཆད་པས་སློབ་དཔོན་སློབ་མ་དག?་གཉིག་འཆི་བར་ཤེས་པར་བྱ། །ཞེས་འབྱུང་བས་ཤིན་ཏུ་གཟབ་པར་བྱའོ། ་དེ་ནས་གཞུད་མཐུན་བར་ཚུལ་བཞིན་དུ་དཀྱིལ་འཁོར་བྲི་བར་བྱའོ། །དེ་ནི་ཚོན་དགྱེ་བའི་རིམ་བའོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས། །ད་ནི་ཕྱག་རྒྱ་དགོད་པར་བྱ་སྟེ། དབུས་ཀྱི་པདྨའི་ལྟེ་བ་ལ་བདུད་བཞི་བ་སྣོལ་བ་དང། ཉི་མའི་དཀྱིལ་འཁོར་གྱི ་སྟེང་དུ་ན་?་ཀ་བཱ་ལ་རྡོ་རྗེ་རྒྱ་གྲན་དང་བཅས་པ་དཀར་པོར་བྲིའོ། །ཤར་དུ་གྲི་གུག་ནག་པོ། །ལྷོ་རུ་ཌ་མ་རུ་དམར་?་ནུབ་ཏུ་རུ་སྦལ་དམར་སེར། བྱང་དུ་སྤྲུལ་ལྗང་གུ?། བྱང་ཤར་དུ་སེང་གེ་དམར་སྔོན། ཤར་ལྷོར་དགེ་སློབ་དཀར་པོ། ལྷོ་ནུབ་དུ་འཁོར ་ལོ་ལྗང་སྔོན། །ནུབ་བྱང་དུ་ཁྲོ་བོའི་?་རྣམས་དགོད་དེ། ལྟར་ཕྱག་རྒྱ་དགོད་པ་ན་ཡང། ལྷ་སོ་སོ་རང་རང་གི་སྙིང་པོ་བརྗོད་ཅིང་དགོད་དོ།། བུམ་པ་རྣམ་པ་བརྒྱད་ཀྱང་ཤར་ལ་སོགས་པའི་གནས་སུ་བྲི་པའམ་དགོད་པར་བྱའོ། །ཕྱག་རྒྱ་དགོད་པའི ་རིམ་པའོ། །དེ་ནས་བླ་རེ་དམ་པ་བྲི་བ་དང། གཞན་ཡང་རྒྱན་ཐམས་ཅད་བྲི་ཞིང་དགྲམ་པར་བྱ་སྟེ། ཕྱི་རོལ་ཏུ་ཕྱོགས་སྐྱོང་གི་ཐེ་རྣམས་བཙུགས་ལ། ཕྱོགས་སྐྱོང་སོ་སོར་བསྐྱེད་དོ། །དེ་ལ་སྤྱན་དྲངས་ལ་བསྟིམ་ལ་བཞག་གོ། དེ་ནས་བུམ་པ་རྣམས ་ཐོགས་ལ་སྤོས་ཀྱི་སྣ་དྲངས་ཏེ། རོལ་མོའི་ཆ་བྱད་རྣམ་པ་སྣ་ཚོགས་ཐོགས་ནས། དཀྱིལ་འཁོར་ལན་གསུམ་དུ་བསྐོར་ལ། ཚུལ་བཞིན་དུ་དགོད་ལས་ཐམས་ཅད་པ་བྱང་ཤར་མཚམས་སུ་དགོད། དེ་ནས་རྒོངས་མོའི་དུས་སུ་བླ་མས་རྒྱན ་ཆ་བགོས་ལ་ཁྲུས་བྱ་སྟེ། ལུས་དྲི་ཞིམ་པོས་བསྐུས་ལ་དཀྱིལ་འཁོར་གྱི་འགྲམ་དུཆག་ཆག་གདབ་པོ།།དེ་ནས་ལྟན་?་ལ་འདུག་ལ། ཙཎྜ་ལཱི་དང་ལྷན་ཅིག་ཏུ་བསྒྲུབ་པར་བྱའོ། །མེད་ན་ཏིང་ངེ་འཛིན་གྱིས་བྱའོ། །དེ་ནས་བླ་མ་ཡན་ལག་དྲུག་དང་ལྡན་པས་ལྷའི་འཁོ? ་ལོ་རྫོགས་པར་ཚུལ་བཞིན་དུ་བསྐྱེད་ལ། དེ་ནས་གཽ་རཱི་ལ་བཀའ་བསྒོ་ལ་ལྷ་རྣམས་སྤྱན་དྲང་ངོ། །སྤྱན་དྲངས་པ་དེ་ལ་མཆོད་པ་རྣམ་པ་ལྔ་དབུལ་ལོ། །དེ་ནས་དགག་པ་དང་གཞུག་པ་དང་བཅིང་པ་དང་དགྱེས་པ་བསྐྱེད་པ་རྣམས་བྱས་ལ་གཉིས་སུ་མེད་པར ་བསྟིམ་ལ། དེ་ལ་མཆོད་པ་རྣམས་དབུལ་བར་བྱ་སྟེ། བྲ་ཀྵ་ཎཾ་དང། ཨརྒྷ་དང། ཨཉྩ་མནཾ་དང། བི་དྷ་དང། སྤོས་དང། མེ་ཏོག་ལ་སོགས་པ་དང། ལྷ་མོ་བརྒྱད་ཀྱི་མཆོད་བླ་མཆོད་ལ། ཙནདན་དང་གུར་གུམ་ཆར?་དུ་ད?་པ་དང། སྣ་ཚོགས་པའི་མཚར་? ་མཆོད་དོ། །དེ་ནས་བདུད་རྩིའི་མཆོད་པས་ཀྱང་རིམ་པ་བཞིན་དུ་མཆོད་ལ། དེ་ནས་བསྟོད་པ་ཉི་ཤུ་བས་ལྷ་རྣམས་ལ་བསྟོད་པ་བྱའོ། །སྣ་ཚོགས་པའི་གླུ་དང་བཀྲ་ཤིས་ཀྱི་གླུའི་ཁྱད་པར་གྱིས་ཀྱང་མཆོད་དེ་ཚོགས་ཀྱི་འཁོར་ལོ་ཆེན་པོ་བསྐོར་ནས། ? ་ལམ་གྱི་ཚིག་བརྗོད་ལ། བསྐོར་?་གསུམ་བྱ་སྟེ། གཏོར་མ་དགུ་ཡང་དབུལ་ལོ། །དེ་ནས་དབང་བསྐུར་བ་ལ་འཇུག་པར་བྱ་སྟེ། སློབ?་མ་འཇུག་པའི་རིམ་པ་བཞིན་དུ། སློབ་དཔོན་རང་ཉིད་ག་དང་ལ་འཇུག་པར་བྱའོ། །དེ་ནས་སྔོན་དུ་བརྟགས་པའི ་སློབ་མ་མཚན་ཉིད་དང་ལྡན་བས། འདི་སྐད་བརྗོད་དོ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །?་ཙོ་བླཧ་མོར་བཅས་པ་ཡི་།།ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ། ཐར་བ་ཆེན་པོའི་གྲོང་མཆོག་ཧཱུཾ། མགོན་པོ? ་བདག་ནི་འཇུག་ཏུ་གསོལ། ཞེས་སློབ་དཔོན་ལ་གསོལ་བ་གདབ?་པར་བྱའོ། །དེ་ནས་སློབ་དཔོན་ཀྱིས་འདི་སྐད་བརྗོད་དེ། དེ་བཞིན་གཤེགས་པ་ཀུན་གྱིས་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག། སྙིང་པོའི་དཀྱིལ་འཁོར་བའི?་རུ་ནི། །བདག ་གིས་སློབ་མ་གཞུག་པར་བཀྱི་?་དཀྱིལ་འཁོར་གྱི་ལྷ་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཕྱག་འཚལ་བ་བྱ་སྟེ། ཨོཾ་ན་མ(རྒྱུད་འགྲེལ་སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང། །འདི་ནི་སངས་རྒྱས་རིགས་ཡིད་འོང། །སྡོམ་པ་བརྟན་པར་གྱུར་བའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ནི། །སློབ་མ་ཁྱོད་ཀྱིས་གཟུང་བར་བྱ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ།། ་ཤེས་རབ་དྲིལ་བུ་ཞེས་སུ་གསུངས་།སློབ་དཔོན་དག་ཀྱང་གཟུང་བར་བགྱི། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེ་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་བཤད། །རིན་ཆེན་རིགས་ལ་རྟག་ཏུ་ནི། །ཉིན་རེ་བཞིན་ཡང་ལན ་དྲུག་ཏུ། །ཆོས་དང་ཟང་ཟིང་མི་འཇིགས་སྦྱིན། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་དང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་མ་ལུས་གཟུང། འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་ཡིད་དུ་འོང་བའོ། །ལས་ཀྱི་རིགས་མཆོག་ཆེན ་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །སྡོམ་པ་གཟུང་བའོ། །དིང་ཁྱོད་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ནང་དུ་ཞུགས་ཀྱིས། ངས་ཁྱོད་ལ་དཔལ་ཧེ་རུ་ཀའི་ཡེ ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་དག་ལྟ་ཅི་སྨོས་ཀྱིས་ཁྱོད་ཀྱིས་དཀྱིལ་འཁོར་མ ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་ནི་བྱ་སྟེ། དམ་ཚིག་ཉམས་པར་གྱུར་ཏ་ཏེ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱིས་སྙིང་ལ་ཡང་དག་ཞུགས་པ་ནི། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་?་དྲལ་ཏེ་གཤེགས། །དེ་ནས་ཀ་པཱ་ལའི་ནང་དུ་བདུད་རྩི་ལྔ་དང ་ལྡན་པས་དམ་ཚིག་གི་ཆུ་བླུད་དེ། ཀྱེ་རྡོ་རྗེ་དང་ལྡན་པའི་གཟི་མདངས་དང་ལྡན་པས་འདི་སྐད་བརྗོད་དོ། །འདི་ནི་ཁྱོད་ཀྱིས་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེ། །རྡོ་རྗེ་བདུད་རྩིའི་ཆུ་འདི་འཐུང། །ོཾ་སརྦ ་པཉྩ་ཨ་མྲི་ཏ་ཨུ་ད་ཀ་ཋ(རྒྱུད་འགྲེལ་མི་བདེ་བ་མ་སྤངས་པར་ཚེའི་དུས་བྱས་ནས་དམྱལ་བར་ལྟང་བར་གྱུར་ཏ་ར། དེ་ནས་དཔའ་བོ་དང། རྣལ་འབྱོར་མ་ཐམས་ཅད་ཀྱི་བྱིན་གྱིས་རློབས་ལ། དཔལ་ཧེ་རུ་ཀ་བདག་ལ་?་པར་མཛོད་ཅིག་ཅེས་བརྗོད་དུ་གཞུག་ཅིང། །སློབ་མ་ལ་བདུད་རྩི ་རྣམ་པ་ལྔ་བླུད་དེ། བླ་མ་བགྱིད་བག་དང་བཅས་པ?་གོ་ཆེ་བ་གོས་ལ། རང་གི་སྙིང་གའི་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གཙོ་བོ་དང་རྣལ་འབྱོར་མར་བཅས་པ་རྣམས་བཀུག་ནས། སློབ་མའི་སྙིང་གར་གཞུག་སྡེ། བཅུག ་བས་སྨྲ?་ནུས་པར་འགྱུར་རོ། ལས་རྣམ་བཞི་ཡི་ཁ་དོག་གང་དང་གང་མཐོང་བ་དེ་དང་མཐུན་པར་དེ་ལ་བསྟན་ནོ། །དེ་ནས་མེ་ཏོག་གི་ཕྲེང་བ་ཐོགས་ལ། པྲཏཱི་ཙྪ་བཛྲ་ཧོ། ཞེས་བརྗོད་ལ་དཀྱིལ་འཁོར་དུ་གཏོར་ལ། དེ་ནས་སློབ་མའི་མགོ་ལ་བཅིང་བར ་བྱའོ། །དེ་ནས་སློབ་མའི་ལག་པ་ནས་གཟུང་ལ་མིག་དབྱེ་བར་བྱ་སྟེ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱིས། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་བར་བྱེད། །རྡོ་རྗེའི་མིག་ནི་བླ་ན་མེད། །ོཾ་བཛྲ་ནཻ་ཏྱ?་ཡ་ཨ་པ་ཧ་ར་ཕཊ་ལཾ་ཧྲི(རྒྱུད་འགྲེལ་བརྗོད་དེ། གདོང་གཡོགས་ཕུད་ལ། འདི་སྐད་ཅེས་བརྗོད་དེ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། འགྲོ་བ་ཕུན་སུམ་ཚོགས་ཀུན་དང། ་དངོས་གྲུབ་ཀུན་ཁྱོད་མངོན་དུ་འགྱུར། །དམ་ཚིག་ཐམས་ཅད་བསྐྱང་བ་དང། །གསང་སྔགས་ལ་ཡང་བརྩོན་པར་བགྱི་ས་ཞེས་བརྗོད་ལ། མེ་ཏོག་གང་དུ་ལྷུང་བའི་ལྷ་ངོ་བསྟན་ཅིང་ལྷ་གཞན་ཡང་བསྟན་ཏེ། སྐུ་མདོག་དང་ཕྱག ་མཚན་ནི་དགོད་པའི་སྐབས་ཀྱི་ཕྱག་མཚན་གྱི་ཁ་དོག་ལས་ཤེས་པར་བྱས་ལ་བསྟན་ཅིང། ཕྱག་མཚན་ཡང་ཚུལ་བཞིན་དུ་བསྟན་ནོ། །སློབ་མ་དཀྱིལ་འཁོར་དུ་གཞུག་པའི་རིམ་པའོ། །དེ་ལས་གཞལ་ཡས་ཁང་གྲུ་བཞིར་བྱུང་བ་ནི་ཚད་མེད ་པ་བཞི་རྣམ་པར་དག་བའི་རང་བཞིན་ནོ། །སྒོ་བཞི་དྲན་པ་ཉེ་བར་བཞག་པ་བཞི་རྣམ་པར་དག་པའི་རང་བཞིན་ནོ། །རྟ་བབས་བཞི་ནི། ཡང་དག་པར་སྤོང་བ་བཞི་རྣམ་པར་དག་པའི་རང་བཞིན་ནོ། །དྲ་བ་ཕྱེད་པ་ནི་ཉོན་མོངས་པ་ཆེན་པོ་རྣམ་པར་དག ་པའོ། །དྲ་བ་ནི་ཉོན་མོངས་ཆུང་དུ་རྣམ་པར་དག་པའོ། །ཀ་བ་བརྒྱད་ནི་འཕགས་པའི་ལམ་ཡན་ལག་བརྒྱད་རྣམ་པར་དག་པའོ། །རིན་པོ་ཆེ་ཕ་གུ་ལ་སོགས་པའི་རྒྱན་རྣམས་ཚུལ་ཁྲིམས་རྣམ་པར་དག་པའི་མཚན་ཉིད་དོ། །འདོད་པའི་ཡོན་ཏན་ལྔ ་རྣམས་ནི། གཟུགས་སྒྲ་ལ་སོགས་པ་རྣམ་པར་དག་པའོ། །རྡོ་རྗེ་ར་བ་ནི་ཟབ་མོའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟགས་སོ། །མེ་འོད་ནི་ཕྱིན་ཅི་ལོག་གི་བགེགས་ལ་སོགས་པས་མི་ཚུགས་པའི་རྟགས་སོ། །བུམ་པ་བརྒྱད་ནི་ཆེ་བའི་ཡོན་ཏན་གྱིས ་རྒྱས་ཤིང་ཐུགས་རྗེ་ཆེན་པོའི་ངོས་ཡོངས་སུ་གང་བའི་རྟགས་སོ། །དེ་ནི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དོ།། །།བཅོམ་ལྡན་འདས་ཀྱི་རྡོ་རྗེ་ནི་རྣམ་པར་ཤེས་པའི་ཕུང་པོ་དང་ཞེ་སྡང་རྣམ་པར་དག་པའི་རང་བཞིན་ནོ། །གཽ་རཱི་ནི་ཞེ་སྡང་དང་གཟུགས ་རྣམ་པར་དག་པོའི་རང་བཞིན་ནོ། །ཆོམ་རྐུན་མིན་གཏི་མུག་དང་སྒྲ?་རྣམ་པར་དག་པའི་རང་བཞིན་ནོ། །རོ་ལངS་པ་ནི་ང་རྒྱལ་དང་དྲི་རྣམ་པར་དག་བའི་རང་བཞིན་ནོ། །གྷསྨ་རཱི་ནི་འདོད་ཆགས་དང་ར་རྣམ་པར་དག་པའི་རང་བཞིན་ནོ། །པུཀྐ་སཱི་ནི་ཞི་སྡང་དང་ས ་རྣམ་པར་དག་པའི་རང་བཞིན་ནོ། །རི་ཁྲོད་མ་ནི་གཏི་མུག་དང་ཆུ་རྣམ་པར་དག་པའི་རང་བཞིན་ནོ། །གཏུམ་མོ་ནི་ང་རྒྱལ་དང་མེ་རྣམ་པར་དག་པའི་རང་བཞིན་ནོ། །གཡུང་མོ་ནི་འདོད་ཆགས་དང་རླུང་རྣམ་པར་དག་པའི་རང་བཞིན་ནོ། །བདག་མེད་རྣལ་འབྱོར་མ་ནི་ཡབ ་དང་མཐུན། དེ་ནི་ལྷའི་དེ་ཁོ་ན་ཉིད་དོ། །དེ་ནས་སློབ་མས་བླ་མའི་ཞབས་ལ་དད་པས་ཕྱག་བཙལ་ལ། ཡོན་གྱི་མཆོག་རྣམས་ཐོགས་ཏེ། བླ་མ་ལ་ཕུལ་ནས་དབང་ནོད་པའི་དོན་དུ་བླ་མ་ལ་གསོལ་བ་གདབ་པར་བྱའོ། །ཧེ་རུ་ཀ་དཔལ་དབང་བསྐུར་བ། །འགྲོ་བ་བསྐྱབ ་ཕྱིར་གཟི་བརྗིད་ཅན། །དེ་ལྟར་ཡོན་ཏན་འབྱུང་གནས་སོགས། །དེ་བཞིན་བདག་ལ་དེ་སྩོལ་ཅིག། དཔའ་བོ་ཆེན་པོ་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་སྩོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་བགྱིད། །ཅེས་སློབ་དཔོན་ལ་གསོལ་བ ་གདབ་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་འཇུག་བའི་ཤར་སྒོའི་ལྷོ་ཕྱོགས་སུ་པདྨ་འདབ་མ་བརྒྱད་བྲིས་པའི་སྟེང་དུ་སྟེང་གེའི་ཁྲི་བཤམས་ལ། དེའི་སྟེང་དུ་སྣ་ཚོགས་པདྨའི་གདན་གཏིང་ལ། གཉིས་སུ་མེད་པའི་བློ་དང་ལྡན་པའི་སློབ་མ། བླ་མ་ལ་གུས་ཤིང་གཏོར་སེམས ་ཆེ་བདེ་བཞག་པར་བྱའོ། །དཀྱིལ་འཁོར་གྱི་ལྷ་ལ་འབད་དེ་ཅི་ནུས་བས་མཆོད་ནས། སློབ་མའི་སྟེང་དུ་གདུགས་དཀར་པོ་གཟུང་ལ། མེ་ཏོག་ཕྲེང་བ་དང་ཆུ་ལ་སོགས་པའི་དབང་བསྐུར་བ་བརྩམ་པར་བྱའོ། །དེ་ཡང་དང་ལ་ཡུངས་ཀར་དང་བདུད་རྩི་རྣམ་པ་ལྔའི་ཆུས་བདག་ཉིད ་གཟི་བརྗིད་དང་བཅས་པས་གཏོར་ཞིང་སྔགས་བརྗོད་དེ། དབང་བསྐུར་བའི་བར་དུ་གཅོད་པའི་བགེགས་བསྐྲུད་པར་བྱས་ལ། རུབ་དང་དྲ་བ་དང་གུར་ལ་སོགས་པ་ཡང་བྱའོ། །དེ་ནས་སློབ་མ་ཁྲུས་བྱས་ལ། གོས་བཟང་པོ་བསྐོན་ནས། ཁྲི་ལ་གཞག་སྟེ། སྙིམ་པ་མེ་ཏོག་གིS ་བཀང་ལ། དཀྱིལ་འཁོར་དུ་འཐོར་དུ་གཞུག་པར་བྱའོ། །སྔགས་ནི་ཨོཾ་པྲ་ཏཱིཙྪ་བཛྲ་ཧོ་ཞེས་བརྗོད་ལ་གཏོར་རོ། །དེ་ནས་མེ་ཏོག་ལྷུང་བ་བླངས་ཏེ་སློབ་མའི་མགོ་ལ་བཅིངས་ལ། ཨོཾ་དྷརྨཱ་ཀུཎྜ་ཨ་བྷི་ཥཱཉྩི་ཞེས་བརྗོད་དོ། །དེ་ནས་པདྨའི་ལག་པ་གཉིས་ཀྱིས་སྔགས་པས་བུམ་པ་རྣམS ་བཏེག་གནS། སློབ་མའི་མགོ་ལ་གཏུགས་ཏེ། ཨོཾ་བཛྲ་ཨ་བྷི་ཤཱིཉྩ་མི་ཏྭཾ་ཞེས་བརྗོད། སྔགས་ལ་དབང་བསྐུར་རོ། །དེ་ནས་རྣམ་པར་རྒྱལ་བའི་བུམ་པ་བཏེགས་ལ། དྲིལ་བུའི་སྒྲ་དཀྲོལ་ཏེ་གླུའི་རྣམ་པ་བླངས་ཤིང་ཆུའི་དབང་བསྐུར་ཏེ་སྔགས་གོང་མ ་བརྗོད་དོ། །དེ་ལྟར་ཆུའི་དབང་བསྐུར་བས་རྣམ་པར་རྟོག་པའི་སྡིག་སྒྲིབ་ཐམས་ཅད་དག་པར་བསམ་མོ། །གསེར་ལ་སོགས་པ་ལ་བརྡུངས་པའམ། བསོལ་འབུར་དུ་བརྐོས་པ་འམ། རས་ལ་སོགས་པ་ལ་རི་མོར་བྲིས་པ་འམ། གོས་ཀྱི་རྣམ་པ་ལ་སོགས་པ་གང ་ཡང་རུང་བ་ལ་དེ་ཉིད་མི་དམིགས་པར་བྱས་པ་ལས། ཨཾ་ལས་རིན་ཆེན་འབྱུང་ལྡན་བསམས་ཏེ། དེ་ལ་ཡེ་ཤེས་སེམས་དཔའ་དགུག་པ་དང། གཞུག་པ་དང། བཅིང་བ་དང། དགྱེས་པར་བྱས་ཏེ་བསྟིམ་མོ། །དེ་ལ་མཆོད་པ་ཕུལ་ཏེ། བཟླས་པ་ནུས་ཆད་བྱས་ལ། དེ་ནག ་བསྟོད་པ་བྱས་ནས། སྲིད་པ་རང་བཞིན་གྱིས་དག་བ། ཞེས་པ་ལ་སོགས་པའི་ཚིག་བརྗོད་དོ། །དེ་ལྟར་གཞན་ལ་ཡང་བསྐྱེད་པ་དང། བསྟིམ་པ་དང། མཆོད་པ་དང། བཟླས་པ་དང། བསྟེད་པ་དང། སྲིད་པ་རང་བཞིན་གྱིས་དག་ཞེས་པའི་ཚིག་བརྗོད་པ་དང། ཀུན་ཚིག་དེས ་འདྲེ་སྟེ་ཀུན་ལ་བྱའོ། །དེ་ནས་ཅོད་པན་གྱི་གཟུགས་སུ་གྱུར་པ། དར་དབྱངས་གཉིས་ཐོགས་ལ་འདི་སྐད་བརྗོད་དེ་སྦྱིན་བར་བྱའོ། །ཐོར་ཚུགས་ཅོད་པན་གྱི་བརྒྱན་པ། །སངས་རྒྱས་ཀུན་གྱིས་བསྡགས་པ་ཡི། །རིན་ཆེན་དག་གི་དབུ་རྒྱན་དང། །དར་དབྱངས་དབང ་བསྐུར་སྦྱིན་པར་བྱ། །ོཾ་བཛྲ་བར་ཏ་ཀ་བཛྲཱ་ར་ལི་ཧོ་ཞེས་བརྗོད་དེ་སྦྱིན་པར་བྱའོ། །དེ་ནས་རྡོ་རྗེ་མདུན་དུ་གཞག་ལ་དེ་ཉིད་མི་དམིགས་པ་ལས། ཛྲིཾ་ལས་པདྨར་བྱུར་པ་ལས། སྣང་བ་མཛའ་ཡས་སུ་བསྐྱེད་ལ། དེ་ཡོངས་སུ་གྱུར་པ་ལས་བྱུང་བའི་རྡོ་རྗེ་སློབ་མའི་སྙིང་གར ་བཞག་ལོ། འདི་སྐད་བརྗོད་དོ། །འདི་ནི་སངས་རྒྱས་ཐམས་ཅད་ཉིད། ཧེ་རུ་ཀ་དཔལ་རྒྱལ་པོ་དང། །མཁའ་འགྲོ་རྣམས་ཀྱི་དབང་མཆོག་སྟེ། །དེ་རིང་ཁྱོད་ལ་དབང་བསྐུར་བྱའོ། །ོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏིསྟཝཾ་ཨ་བྷི་ཥིཉྩ་ཏིཥྛ་པཱིར་ས་མ་ཡསྟཝཾ་ཞེས་ཏེ། ཐོག་མཛའ་མེད ་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག། ཅེས་བརྗོད་ལ་ལག་པ་གཡས་པར་སྦྱིན་ནོ། །རྡོ་རྗེས་དབང་བསྐུར་བའོ། །དེ་ནས་དྲིལ་བུ་མདུན་དུ་བཞག་ལ། དེ་ཉིད་མི་དམིགས་པ་ལས་ཁམ་དང་རལ་གྲི ་དང་དོན་ཡོད་གྲུབ་པ་རྣམས་ལས་བྱུང་བའི་དྲིལ་བུ་ལག་པ་གཡོན་པར་སྦྱིན་ཞིང་འདི་སྐད་བརྗོད་དོ། །འདི་ནི་རྣལ་འབྱོར་མ་ཀུན་གྱིས། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱེད་ཀྱིས་ཀྱང་ནི་རྟག་ཏུ་བཅང། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །སྲིད་པ་ངོ་བོ་ཉིད་ཀྱིས་དག། ་ངོ་བོ་ཉིད་ཀྱིས་དངོས་མེད་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པ་དམ་པ་བྱེད་པར་འགྱུར། །ོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏིསྟཝཾ་ཨ་བྷི་ཥིཉྩ་ཏིཥྛ་བཱིར་ས་མ་ཡ་སྟཾ་ཞེས་བརྗོད་ལ། ལག་པ་གཡོན་པར་དྲིལ་བུ་སྦྱིན་ནོ། །དྲིལ་བུས་དབང་བསྐུར་བའོ།། །།དེ ་ལྟར་རྡོ་རྗེ་དང་དྲིལ་བུ་བྱིན་ལ། ཕྱག་རྒྱ་ཆེན་པོ་དང་ལྡན་པར་བསམས་ལ། དེ་ལ་སྔགས་ཀྱིས་དབང་བསྐུར་ལ། མིང་གདགས་པར་བྱ་སྟེ། ཨོཾ་ཤྲཱི་ཧེ་རུ་ཀ་ཨདྷི་པ་ཏིསྟཝཾ་ཨཾ་བྷི་ཥིཉྩ་མི་ཤྲཱི་ཧེ་རུ་ཀ་ནཱ་མ། ཨ་བྷི་ཥེ་ཀ་དྭཾ་ཞེས་བརྗོད་ལ། དཔལ་གྱི་སྒྲ་དང་བཅས་པ་པདྨའི་མཐར ་ཐུགས་པས་མིང་གི་དབང་བསྐུར་རོ། །འདི་ནི་སངས་རྒྱས་ཐམས་ཅད་ཉིད། །ཧེ་རུ་ཀ་དཔལ་ཕྱག་ན་སྣམས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང། །ཧེ་རུ་ཀ་དཔལ་བརྟུལ་?་བརྟེན། །རྡོ་རྗེའི་རྩེ་མོ་ནས་སློབ་མ་འཛིན་དུ་བཅུག་ལ། སྔགས་འདི་བརྗོད་དོ། །ོམ་སརྦ་ཏ་ཐཱ་ག་ཏ་ཏིཥྛ ་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟཝཾ་དྷར་ཡ་མི་ཧཱུཾ་ཧ་ཧ་ཧ་ཧ་ཧོ:ཞེས་བརྗོད་ལ། ལག་པ་གཡས་པར་རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་སྦྱིན་ནོ། ། ལས་བནདྷར་གྱུར་པར་བསྒོམས་ཏེ། ཨོཾ་ལས་གྲི་གུག་ཏུ་གྱུར་པར་བསྒོམས་ལ། འདི་སྐད་བརྗོད་དེ། ཧེ་རུ་ཀ་དཔལ་ཧེ་རུ་ཀ། རྣལ ་འབྱོར་མ་ནེ་ཌ་མ་རུ། །རྡོ་རྗེ་ཁ་ཊཝཱཾ་རྡོ་རྗེར་བཅས། །དྲིལ་བུ་སིལ་སིལ་སྒྲ་སྒྲོགས་ཤད། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་བདག། གྲི་གུག་དང་ནི་ཀི་པཱ་ལ། །དཔའ་བོ་ཆེན་པོས་བླང་བར་གྱིས། །གྲི་གུག་དང་ནི་ཐོད་པའི་དབང་བསྐུར་བའོ། །དེ་རྣམས་དང་ལྡན་པས ་སློབ་མ་ལ་ཞི་བ་དང། རྒྱས་པ་དང། དབང་དང། དྲག་པོ་དང། རེངས་པ་དང། བསྐྲད་པ་དང། རྨོངས་བར་བྱ་བ་དང། གསང་བ་ལ་སོགས་པ་དེ་རྣམས་ལ་ཐོགས་པ་མེད་པར་བསྒྲུབ་པར་བྱོས་ཤིག་ཅེས་པ་དང། མཆིལ་ལམ་བགོ་བ་དང ་ཆར་དབབ་པ་དང། ཉི་ཟླ་གཟུང་བ་ལ་སོགས་པ་མཁའ་འགྲོ་མའི་དངོས་གྲུབ་ཐམས་ཅད་ཅི་དགའ་བར་སྒྲུབ་པར་གྱིས་ཤིག་ཅེས་བརྗོད་པ་དེ་ནི་རྗེས་སུ་གནང་བ་སྦྱིན་པའོ། །མེ་ཏོག་ལ་སོགས་པ་ནས་གྲི་གུག་དང་ཐོད་པའི་དབང་བསྐུར་བ་ཡན་ཆད་ཀྱིས་ནི་ལུས ་དག་པར་བྱེད་པ་ཡིན་པས་ན་སྐུའི་དབང་ཞེས་བྱའོ། །འབྲས་བུ་ནི་གང་དང་སྐལ་བ་མཉམ་པ་ཡིན་ཞེ་ན། ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་དང་སྐལ་པ་མཉམ་པ་ཡིན་ནོ། །དེ་ནས་མེ་ཏོག་ལ་སོགས་པའི་དབང་རྣམས་ཐོབ་པ་ལ་བླ་མས་དབང་བསྐུར་བ ་སྒྲུབ་སྟེ། གནས་དེ་ཉིད་དུ་མེད་ཅིང་དབེན་པར་བྱས་ནས། ཡོལ་བས་བར་དུ་བཅད་དེ། མཎྜལ་གྲུ་བཞི་པ་བྱས་ལ། དེ་དྲི་ཞིམ་པོ་དང་བདུད་རྩི་ལྔའི་ཆག་ཆག་གདབ་བོ། །དེར་མེ་ཏོག་ཆལ་མར་བཀྲམ་ཏེ། གདན་སྣ་ཚོགས་པ་བཟང་པོ་བཏིང་ནས། སློབ་དཔོན? ་མས་ཤེས་རབ་མ་མཚན་དང་ལྡན་པ་བླ་མ་ལ་ཕུལ་ལ། འདི་སྐད་ཅེས་གསོལ་བ་གདབ་པར་བྱའོ། །ཁྱོད་ནི་ཧེ་རུ་ཀ་དཔལ་ཏེ། བདེ་གཤེགས་རྣམས་ཀྱིས་བདེ་སྡེལ་མཛད། བྱང་ཆུབ་སེམས་དཔའ་ཆེ་རྣམས་ཀྱིས། །ཡང་དག་དོན་མཆོག་རྣམ་དག་པ ་ཇི་ལྟར་དེ་ཉིད་བདུད་རྩི་ཡི། །མཆོག་གི་དབང་ནི་བསྐུར་བ་བཞིན། །དེ་བཞིན་བདག་ལ་འཁོར་བ་ཡི། །སྡུག་བསྔལ་རྣམས་ནི་སེལ་བར་མཛོད། །རྣལ་འབྱོར་བདུད་རྩི་དྲི་མེད་མཆོག། མི་རིག་ཉེས་པའི་རབ་རིབ་འཇོམས། །གང་ཕྱིར་བྱང་ཆུབ་བླ་མེད་པ། །དེ ་རིང་བདག་གིས་ཐོབ་པར་མཛོད། །ཅེས་བརྗོད་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་བླ་མས་ཤེས་རབ་མ་བདག་མེད་མར་བསྐྱེད་ལ། དེ་ལ་ཆོ་ག་བྱ་བ་དང། གནས་གསུམ་དུ་ཡང་ལྷ་གསུམ་བསྐྱེད་ལ། ཡེ་ཤེས་སེམས་དཔའ་དགུག་པ་དང། གཞུག་པ ་དང། བཅིང་བ་དང། རྗེས་སུ་དགྱེས་པར་བྱ་སྟེ། བསྟིམ་ལ། མི་བསྐྱོང་པས་དབུ་བརྒྱན་ཏེ་མཁའ་གསང་བྱིན་གྱིས་བརླབ་པ་འདི་སྐད་དོ། །ོཾ་པདྨ་སུ་ཁ་དྷར་མཧཱ་རཱ་ག་སུ་ཁཾ་དཏྟ་ཙ་ཏུཾ་རཱ་ནནད་བྷ་ག་བི་ཧཱུཾ་ཧཱུཾ་ཧཱུཾ་ཀ་དྱཾ་ཀུ་རུ་?་མ། ཨོཾ་བཛྲ་མ་ཧཱ་དྭེ་ཥ་ཙ་ཏུ་རཱ་ནནད་ད་ཡ་ཀ་ཁ་ག་མུ་ཁཻ་ཀ་རཱ་སོ་ནཱ ་ཐ་ཧཱུཾ་ཧཱུཾ་ཧཱུཾ་ཀརྱཾ་ཀུ་རུ་?་མེ་ཞེས་བརྗོད་བས་ཉེས་པ་མེད་པར་རྣམ་པར་དག་བར་བསམ་མོ། །དེ་ནས་སྙོམས་པར་འཇུག་པར་བྱ་སྟེ། བསྐྱོད་པ་མཛད་ཅིང་རང་གི་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་མཚན་མའི་ལྟེ་བའི་ཧཱུཾ་ལས་འོད་འཕྲོས་པས་ཕྱོགས་བཅུ་ན་བཞུགས་པའི ་དཔའ་བོ་དང་རྣལ་འབྱོར་མ་རྣམས་སྤྱན་དྲངས་ནས་ཐུགས་ཀར་ཐིམ་པ་ལ་སོགས་པ་བྱ་སྟེ། བྱང་ཆུབ་སེམས་ནོར་བུའི་སྐེ་རུ་ཕྱིན་པ་དང། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་བརྗོད་ལ་རྗེས་སུ་ཆགས་པ་རྡོ་རྗེའི་རང་བཞིན་ང་ཡིན་ནོ་བར ་ང་རྒྱལ་བྱའོ། །དེ་ནས་བྱང་ཆུབ་ཀྱི་སེམས་བོ་ལའི་ཁ་སྐོར་མཐེབ་སྲིན་གྱིས་མནན་ལ་སློབ་མའི་ཁར་དྲང་བར་བྱའོ། །དེ་ནས་སློབ་དཔོན་གྱིས་ཉེ་བར་ལོངས་སྤྱོད་ལ། བདེ་བར་མནོས་ཤིག་ཅེས་སྒོའོ། །དེས་ཨེ་མ་རེ་བདེ་ཞེས་བརྗོད་དེ། དབང་བསྐུར་ནས་འཐུངས་པའི་རྗེས་ལ། ་བདེ་བ་ཆེན་པོ་དཔལ་ཧེ་རུ་ཀའི་བདག་ཉིད་ནི་བདག་ཅེས་སློབ་མས་བརྗོད་དོ། །དེ་ནི་རྡོ་རྗེ་དཔལ་གྱིས་རེག་པ་དེས་ནི་ངག་གི་རྣམ་པར་རྟོག་པའི་ཉེས་པ་དག་པར་བྱེད་པས་གསུང་གི་དབང་ཞེས་བྱའོ། །དེས་འབྲས་བུ་གང་དང་སྐལ་བ་མཉམ་པར་འགྱུར་ན། ས་བཅུ་པའི ་བྱང་ཆུབ་སེམས་དཔའ་དང་སྐལ་པ་མཉམ་པར་འགྱུར་རོ། །ས་བཅུ་པ་དང་སྐལ་པ་མཉམ་པ་དེ་ལ་ལུང་བསྟན་པར་བྱ་སྟེ། བླ་མས་ཆོས་གོས་གྱོན་ཏེ་ལག་པ་གཡས་པས་ཆོས་གོས་ཀྱི་མཛའ་མ་ལག་པར་གཟུང་ལ། འདི་སྐད་བརྗོད་དོ། །འདི་ལྟར་ང་ཡིས ་ལུང་བསྟན་ཏེ། །ཧེ་རུ་ཀ་དཔལ་དེ་བཞིན་གཤེགས། །དངོས་པོ་མཆོག་ཏུ་སྒྲུབ་པའི་ཕྱིར། །སྲིད་པ་དོན་འགྲོ་རྣམས་ལ་བཏོན། །ཤྲཱི(རྒྱུད་འགྲེལ་དུས་གསུམ་གྱི་རྒྱལ་བསླས?་དང་བཅས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་ལུང་སྟོན་པར་མཛད་དོ། །ལུང་བསྟན་པའོ།། །།ཁམས་གསུམ་བདག་པོར་གྱུར་ཅིང། རྒྱལ་བ་རྣམས་ཀྱི་བདག་པོར་འགྱུར་བ་དང། ཕྱིན་ཅི་ལོག་གི་བདུད ་དང་མུ་སྟེགས་ལ་སོགས་པ་ལས་རྒྱལ་བ་དང། མྱ་ངན་ལས་འདས་པའི་གྲོང་ཁྱེར་དམ་པར་འཇུག་ཅིང། འདི་ཉིད་ལས་སངས་རྒྱས་ཉིད་ཐོབ་པར་འགྱུར་གྱིས། ཐེ་ཚོམ་དང་ཡིད་གཉིས་ལ་སོགས་པ་མ་བྱེད་ཅིང། གཞན་ཡང་བླ་མ་དམ་པས་དབང་བསྐུར་བ་ཙམ ་གྱིས་ཇི་ལྟར་བསམས་པ་ལྟར་སློབ་མ་རྣམས་ཀྱིས་གྲུབ་པར་འགྱུར་རོ། །དེ་ནི་དབུགས་དབྱུང་བའོ། །དེ་ནས་ཤེས་རབ་མ་དང་ཡེ་ཤེས་ཀྱི་དབང་བསྐུར་བ་བརྩམ་པར་བྱའོ། །དེ་ལ་ཡང་གཉིས་ཏེ། ཤེས་རབ་ཀྱི་དབང་དང་ཡེ་ཤེས་ཀྱི་དབང་ངོ། །དེ་ཡེ་ཤེས་རབ ་ཡེ་ཤེས་ཀྱི་དབང་ནི་གཞུང་དང་མཐུན་པར་མིའི་བུ་མོ་ལོ་གྲངས་གོང་མ་དང་མཐུན་པ་བླ་མ་ལ་ཕུལ་ལ། མཎྜལ་དང་ཆག་ཆག་ལ་སོགས་པ་གོང་མ་དང་མཐུན་བར་བྱའོ། །དེ་ནས་བླ་མས་ཤེས་རབ་མ་བྱིན་གྱིས་བརླབ་པ་གོང་མ་དང་མཐུན་པར་བྱས་ལ། ་བླ་མས་ཤེས་རབ་མ་དང་སློབ་མ་ལ་བཀའ་བསྒོ་བར་བྱས་ཏེ། ཁྱོད་ཀྱིས་འདོད་ཆགས་སྤང་དུ་མི་རུང་གིས། དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ཀྱིས་ཀྱང། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རོལ་བ་མཛད་པ་ལས་ཡེ་ཤེས་ཆེར་སྐྱེས་ཏེ། མངོན ་བར་རྫོགས་པར་སངས་རྒྱས་པ་ཡིན་པས་ཁྱོད་ཀྱིས་ཀྱང་འདོད་ཆགས་སྤང་དུ་མི་རུང་སྟེ། གཉིས་སུ་མེད་པའི་རོལ་པར་བྱོས་ཤིག། ཡེ་ཤེས་སྐྱེ་བར་འགྱུར་གྱིས་ཤེས་བརྗོད་དེ། བསྒོ་བར་བྱའོ། །བླ་མས་ཀྱང་འདི་སྐད་བརྗོད་དུ་གཞུག་གོ། ཁྱོད་ཀྱིས་ནུས་སཾ ་རྡོ་རྗེ་ཅན། །དྲི་ཆེན་དྲི་ཆུའི་བཟའ་བཏུང་དང། རགཏེ?་ག་པུར་མཾ་ས་དང། །བུད་མེད་མོས་པས་དད་ནུས་སམ། །བྷ་གར་ངོ་བྱེད་མི་རྟོག་གམ། །སྨོས་ཤིག་རྡོ་རྗེ་བདེ་བ་ཅན། །དེ་ནས་ཡང་སློབ་མས། ཤེས་རབ་མ་ལ་ནུས་པའི་ཚིག་འདི་སྐད་བརྗོད་དུ་གཞུག་གོ ་ལྷ་མོ་ཅི་ཕྱིར་བདག་མི་ཐེག་།དྲི་ཆེན་ས་བོན་སོགས་ཟ་ཞིང། །ཤེས་རབ་ཡང་དག་དད་པར་བགྱིད། །བྷ་ག་ལ་ཡང་འོ་བགྱིད་དོ། །ཞེས་བརྗོད་དོ། །དེ་ནས་ཤེས་རབ་མེ་གཅེར་བུར་ཕྱུང་ལ། ཁྲུས་བྱས་ནས་དྲི་ཞིམ་པོས་བྱུགས་ཏེ། མེ་ཏོག་གི་ཕྲེང་བ་མགོ་ལ་བཅིངས་ལ། ལག་པ ་གཉིས་ཀྱིས་དྲིལ་བུ་གཉིས་ནས་གཟུང་སྟེ་ཁ་ཕྱེ་ལ། ཤེས་རབ་མས་འདི་སྐད་བརྗོད་དོ། །རྨད་འབྱུང་ང་ཡི་པདྨ་འདི། །ཐམས་ཅད་བདེ་བ་ཡང་དག་ལྡན། །རྟག་ཏུ་རིམ་བཞིན་འདི་ལ་སྤྱོད། །འདི་དང་ནམ་ཡང་མི་འབྲལ་ལོ། །ཆོས་དབྱིངས་འདི་ནི་རྣམ་པར་དག། སེམས་ཅན ་ཁམས་ནི་རྣམ་པར་གྲོལ། །ཁྲག་འཐུང་རྒྱལ་པོ་འདི་ཉིད་ནི། །རང་བཞིན་ཐམས་ཅད་འདི་ལ་གནས། །ནང་གི་རྩ་ཡི་འཁོར་ལོ་ལ། །པདྨ་ལ་བཞུགས་རབ་ཏུ་གསུངས། །བྷ་གའི་ནང་དུ་ནམ་མཁའ་བཞིན། །འབྱུང་བ་ལྔ་པོ་རྒྱས་ཤིང་འཆང། །ལྟེ་བ་ལ་ནི་གེ་སར་བཅས། །འདར ་མ་བརྒྱད་ཀྱིས་རྣམ་པར་བརྒྱན། །དེ་ཡི་དབུས་ནས་འབྱུང་བ་ཡིན། །དེ་ཉིད་བདུད་རྩི་ཤུ་ཀྲའི་གཟུགས། །བྷ་ག་མོ་ཀྵ་ཧོ(རྒྱུད་འགྲེལ་འདིས་ཁྱོད་ཀྱིས་ཡེ་ཤེས་སྐྱེད་པར་བྱེད་པ་ཡིན་པས། འདི་དང་ཁྱོད་དུས་རྟག་ཏུ་མི་འབྲལ་བར་འགྲོགས་ཤིག་ཅེས་བརྗོད་ལ། གཏད་པ་དེ་ཉིད་ནི་ཤེས་རབ་ཀྱི་དབང་ཡིན་ནོ། །དེ་ནས་སློབ་མས་ཡོལ་བའི་ནང་དུ་ཤེས་རབ་མ་དང་གཉིས་འདུག་ལ། ཤེས་རབ་ཡེ་ཤེས་ཀྱི ་དབང་ནོད་བར་བྱའོ། །དེ་ནས་ཤེས་རབ་མ་དེ་ལ། སློབ་མས་གློ་གཡོན་པས་ལ་ཕབ་སྟེ་ཉལ་ལ་དགའ་བའི་གཏམ་བྱ། གནས་དགུར་རུ་སེན་མོ་གདབ་པར་བྱ་བ?་གཡོན་པའི་ལག་པ་གཡོན་པའི་གློ་རུ་འདུག་པས་པདྨའི་ནང་གི་རྩ་བྱའི་མགོ་འདྲ་བ་ལ། གླང་པོ་ཆེའི ་མཛུབ་མོའི་ལག་པས་བྲུད?་པ་ལ་སོགས་པ་བྱའོ། །དེ་ནས་ལྕེས་ཀྱང་རོལ་མོ་ཡང་དང་ཡང་དུ་བྱས་པས་པདྨ་རྒྱས་སུ་བཅུག་ལ། དེ་ནས་ཤེས་རབ་མ་དང་གཉིས་སྦྱོར་བ་བྱ་སྟེ། དལ་ནས་དལ་ནས་བསྐྱོད་པ་ལས། བྱང་ཆུབ་ཀྱི་སེམས་པོ་ལའི་སྐྱེར?་ཕྱིན་པ་ལས ་མི་རྟོག་པའི་ཡེ་ཤེས་སྐྱེ་བས་།ཇི་ལྟར་གནས་ཀྱི་བར་དུ་བསྒོམ་མོ། །དེས་མ་ཐུབ་?ཀཀྐོ་ལར་ཕྱུང་བ་དེ་ཉིད་ཀྱི་རྡོ་རྗེའི་རང་བཞིན་ཡིན་པས་ལྕེས་བླང་ངོ། །དེ་ཡང་རྒྱུད་ལས་ལག་པས་བླང་བར་མི་བྱ་ཞིང། །ཉ་ཕྱིས་ཀྱིས་ཀྱང་མི་བླ་སྟེ། ། ་དུང་ལའང་བཞག་བར་མི་བྱའོ། །བདུད་རྩི་ལྕེ་ཡིས་བླང་བར་བྱ་ཞེས་འབྱུང་བས། ཀྐྐོ་ལ་ནས་ལྕེ་ཁོ་ནས་བླང་བར་བྱའོ། །དེ་ནི་ཤེས་རབ་མའི་ཀྐྐོ་ལ་ནས་ཡེ་ཤེས་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་བླང་སྟེ་ཟོས་བས་ན་ཤེས་རབ་ཡེ་ཤེས་ཀྱི་དབང་ཞེས་བྱའོ། ། ་དེ་ལ་དགའ་བ་རྣམ་པ་བཞིན། དགའ་བ་དང། ཡང་དག་པའི་དགའ་བ་དང། རང་བཞིན་གྱིས་དགའ་བ་དང། ཁྱད་པར་གྱིས་དགའ་བ་དང་བཞིའོ། །དེ་ལ་དགའ་བ་ནི་བི་ཙ་ཡན་བྱ་བ་ནས་བོ་ལའི་རྩར་ཕྱིན་པའི་བར་རོ། །ཡང་དག་བའི་དགའ་བ་ནི་དཀྱིལ ་དུ་ཕྱིན་བ་ཙམ་མོ། །རང་བཞིན་གྱི་དགའ་བ་ནི་བོ་ལའི་སྐོར་ཕྱིན་པ་ལ་བྱ་སྟེ། དེ་ནི་མི་རྟོག་པ་སྐྱེ་བར་བྱེད་པའོ། །ཡོན?་དེར་གར་རྟོགས་པ་ཡིན་ཞེ་ན་སྤྲུལ་པ་འཁོར་ལོ་བཞིའི་རང་བཞིན་དང་མཉམ་པར་བྱ་བར་རོ། །འོ་ན་ཆད་པ་དགའ་བའི་གྲངས་སུ་མི་འགྲོ་ན། ་དགའ་བ་ནི་གསུམ་ལས་མེད་པས་འཁོར་ལོ་བཞི་དང་།དགའ་བ་བཞི་ཇི་ལྟར་སྦྱར་ཞེ་ན། སྨྲས་པ། ཆད་པ་ཡང་དགའ་བའི་གྲངས་སུ་འགྲོ་སྟེ་།གང་གི་ཕྱིར་དགའ་བ་ཆེན་པོ་མེད་ཀྱང་སྐད་ཅིག་མའི་དགའ་བའི་གྲངས་ཙམ་ཡོད་པས་ཀྱང་མི་འགལ་ལོ། །རྒྱུད་མའི་དགའ་བའི་གྲངས་ཙམ་ཡོད་པས་ཀྱང་མི་འགལ་ལོ། །རྒྱུད ་བ་མི་འགལ་ལོ་ཞེས་བྱ་བ་ལ་སོགས་པས་ནི། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཡིན་ནོ། །དེས་ནི་ཡིད་ཀྱི་ཉེས་པ་ཐམས་ཅད་དག་པར་བྱེད་པས་ཐུགས་ཀྱི་དབང་ཞེས་བྱའོ། །དེ་འབྲས ་དུ་དང་དང་སྐལ་བ་མཉམ་པར་འགྱུར་ཞེ་ན་དེ་ལྟ་བུ་དབང་ཐོབ་པའི་རྣལ་འབྱོར་པ་ནི་རིགས་ལྔའི་སངས་རྒྱས་དང་སྐལ་བ་མཉམ་པར་འབྱུང་རོ། །དེ་ནས་དེའི་དམ་ཚིག་རྣམས་དབོག་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་ཞི་བའི་སྦྱིན་སྲེག་བྱ་སྟེ། ་དེ་ནི་གཞན་ལས་ཤེས་བར་བྱ་བས་འདིར་མ་བཀོད་དོ། །དེ་ནས་གསེར་དང་དངུལ་དང་ནོར་བུ་རིན་པོ་ཆེ་དང། བྱུ་རུ་དང་མྱུ?་ཧི་ག་དང་།ཀརཱ་པ་ཎ་དང། གླང་པོ་ཆེ་དང། མ་ཧེ་དང། ཤིང་རྟ་ནོར་དང་བཅས་པ་དང། ཡིད་ལ་གཅེས་པའི་ནོར་གྱི་མཆོག་རྣམས་བླངས ་ནས། བླ་མའི་ཞབས་ལ་ཕྱག་བྱས་ཏེ་དབུལ་བར་བྱའོ། །དེང་ནས་བརྩམས་ཏེ་བླ་མའི་བྲན་དུ་བདག་མཆི་སྟེ། བདག་གི་ལུས་ཀྱང་བཞེས་སུ་གསོལ་ཞེས་བརྗོད་དོ། །སློབ་དཔོན་གྱིས་ཀྱང་རང་གི་སློབ་མ་བྱང་ཆུབ་བསྒྲུབ་བ་ལ་དགའ་བའི་ཕྱིར། མོ? ་བ་དང་འབྱོར་པའི་ཚོགས་ཆེ་ཞེས་ལེགས་པའི་ཚིག་སྦྱིན་ནོ། །མོས་པ་ཆེ་བའི་སློབ་མ་ཡིས། །དང་པོར་ཡོན་ནི་དབུལ་བར་བྱ། །དད་མོས་མེད་པའི་སློབ་མ་ཡིས། །དངོས་གྲུབ་ཐོབ་བར་མི་འགྱུར་རོ། །སློབ་དཔོན་གྱི་ཡོན་དབུལ་བའི་རིམ་བའོ། །དེ་ནས་དཀྱིལ ་འཁོར་ལ་གླུ་དང་གང་ལ་སོགས་པ་དང། རོལ་མོའི་ཆ་བྱད་མང་པོ་ཐགས་ལ་།བསྐོར་བ་ལན་གསུམ་དང་ཕྱག་པ། ཕྱོགས་སྐྱོང་ལ་གཏོར་མ་བཏང་སྟེ། སྨོན་ལམ་གྱི་ཚིག་བརྗོད་དོ། །དེ་ནས་ཚོན་ལ་སོགས་པ་སྣ་ཚོགས་པའི་དངོས་པོ་རྣམས་ནང་པར་ཐོ་རངས ་ལངས་ལ་བསྡུ་བར་བྱའོ། །བསྡུས་ནས་གསེར་གྱི་བུམ་བར་བླུགས་ལ་ཆུ་བོ་ཆེན་པོར་དོར་བར་བྱའོ། །བུམ་པ་ཐམས་ཅད་ཀྱང་བསྡུས་ལ། ཆུ་བོ་ཆེན་པོར་ཁྱེར་ཏེ་བཀྲུས་ལ་སྔོན་བཞིན་དུ་ཚོགས་ཀྱི་འཁོར་ལོ་ཆེན་པོ་བསྐོར་།གླུ་དང་གར་གྱིས་རྣམ་པར་བརྗོད་།དེ་ནས ་བདུད་རྩི་ལྔ་དང། རིན?་དན་དང། གུར་གུམ་དང་།བ་ཡི་ལྕི་བ་རྣམས་སྦྱར་བས་སལ་བྱུག་བ་བྱས་ལ། ཚེན་དང་ཐིག་མི་མདོན་བར་བྱའོ། །བཅོམ་ལྡན་འདས་ཀྱི་རྡོ་རྗེའི་དཀྱིལ་འཁོར་གྱི་ལས་ཀྱི་རིམ་པའི་ཚིག?་རྒྱས་པ། སློབ་དཔོན་པདྨ་བཛྲས་མཛད་པ་རྫོགས་སོ།། །། ་དགེ་སློང?་ཤཱཀྱ་བརྩོན་འབྲུས་ཀྱིས་བཅོས་པ་ལེགས་སོ།། །།?་རྡོ་རྗེའི་?་མར་རྩེ་མོ་ལྟ་བུའི་གདབ་བ་བཞུགས། །*། རྒྱ་གར་སྐད་དུ། ཤཱུ?་ཏེ་བཛྲ་བྲ་དཱི་བ་ཤཱུ་ལོ་པ་མ་བ་ཤད?་མ། བོད་སྦྱད་དུ་སྐབས?་ཀྱེའི་རྡོ་རྗེ་དབང་མའི་གདམས་བ་ཞེས་བྱ་བ། ་