CLOSE WINDOW

N1137: dur khrod brgyad ces bya ba
Wyliee-texts based on the ACIP/ALL Input

གཉིས་ནི་པུཀྐ་སཱི་རུ་བརྗོད། །མ་མོ་དང་ནི་མཚན་མོ་དང། །རི་ཁྲོད་མར་ནི་རབ་ཏུ་གྲགས། །བསིལ་སྦྱིན་མ་དང་ཚ་བ་མ། །གདོལ་བ་མོར་ཡང་བརྗོད་པ་ཉིད། །གཞོལ་མ་དང་ནི་རངས་མའི་གདོང། ། ་འདི་གཉིས་གཡུང་མོར་བརྗོད་པ་ཉིད། །ཤིན་ཏུ་གཟུགས་ཅན་སྤྱི་མ་གཉིས། །གོ་རཱི་སྒོ་ནི་སྐྱོང་བ་མོ། །རྒྱུ་སྦྱིན་མ་དང་སྦྱོར་བྲལ་མ། །ཆོམ་རྐུན་མ་རུ་ཐུབ་པས་གསུངས། །སྡུག་གུ་མ་དང་གྲུབ་མ་ཡང། །རོ་ལངས ་མ་ནི་མངོན་པར་བརྗོད། །མཚེད་མ་དང་ནི་ཡིད་བཟངས་མ། །གྷ་སླ་རཱི་རུ་དྲན་པར་བྱ། །གསུམ་བསྐོར་མ་དང་འདོད་མ་ཉིད། །གཉིས་ནི་ས་སྤྱོད་པ་རུ་བརྗོད། །ཁྱིམ་པ་གཏུམ་མོ་བདུད་འདྲལ་མ། །རྩ་རྣམས་གསུམ ་ནི་མཁའ་སྤྱོད་མ། །མཁའ་འགྲོ་མར་ནི་འདོད་པ་ཡི། །བཅོ་ལྔས་ཐམས་ཅད་བསྡུས་པ་ཉིད། །ཀྱེའི། རྡོ་རྗེའི་དེ་ཁོ་ན་ཉིད་རྣམ་པར་ཕྱེ་བ་དང། ཀྱེའི་རྡོ་རྗེའི་བཤད་པའི་རྒྱུད་ཡང་དག་པར་སྦྱོར་བས། རྡོ་རྗེའི་མཁའ་ ་འགྲོ་ལ། རྩའི་འཁོར་ལོའི་སྐབས། དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཨཥྚ་ཤམ?་ཤཱ་ན་ནཱ་མ། བོད་སྐད་དུ། དུར་ཁྲོད་བརྒྱད་ཅེས་བྱ་བ། ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། ། ་ཞིང་བརྒྱད་ལ་སོགས་པ་རྣམས་ལ་འཇིག་རྟེན་སྐྱོང?་བ་བརྒྱད་པོ་དང། ཀླུའི་རྒྱལ་པོ་རིགས་བརྒྱད་དང། ཞིང་གི་བདག་པོའི་ལྷ་དང། ཤིང་དང་ཆར་སྤྲིན་རིམ་པ་ཇི་ལྟ་བ་བཞིན་བལྟ་བར་བྱའོ། །དང་པོར་རེ ་ཞིག་ཤར་དུ་ནཱ་ག་པུཥ་པའི་ཤིང་དང། ཨཥྚ?་ཧ་ས་དང། དབང་པོ་དང། ཀླུའི་རྒྱལ་པོ་པདྨ་ཆེན་པོ་དང། ཆང་སྒྲིན་གྷོ་ར་ཞེས་བྱ་བ་གུར་གུམ་གྱི་མདོག་ལྟ་བུའོ། །ལྷོ་རུ་ཨ་མྲའི་ཤིང་དང། ཙ་རི་ཏྲ་དང། ་གཤིན་རྗེ་དང། ཀླུའི་རྒྱལ་པོ་རིགས་ལྡན་དང། ཆར་སྤྲིན་ཙཎྜ་ཞེས་བྱ་བ་སྔོན་པོའོ། །ནུབ་ཏུ་ཤིང་ཨ་ཤྭཏྠ་དང། ཀོ་ལ་གི་རི་དང། ཆུ་བདག་དང། ཀླུའི་རྒྱལ་པོ་སྟོབས་ཀྱི་རྒྱུ་དང། ཆར་སྤྲིན་གྷ་ན་ཞེས་བྱ་བ་མདོག་དཀར ་པའོ། །བྱང་དུ་ཤིང་པུནྣཱ་གར་དང། ཛ་ཡནཊི་དང། ལུས་ངན་པོ་དང། ཀླུའི་རྒྱལ་བོ་དུང་སྐྱོང་དང། ཆར་སྤྲིན་ཨ་བརྟོ་ཞེས་བྱ་བ་ཁ་དོག་སེར་པོའོ། །དབང་ལྡན་དུ་ཤིང་ནྱ་གྲོ་དྷ་དང། ཨུཏཛ་ཡ་ནི་དང། དྲག་པོ་དང། ་ཀླུའི་རྒྱལ་པོ་འཇོག་པོ་དང། ཆར་སྤྲིན་ག་རྫི་ཏ་ཞེས་བྱ་བ་ཁ་དོག་ནག་པོའོ། །མེ་རུ་ཤིང་ཀར་ཉྫ་དང། པྲ་ཡཱ་ཀ་དང་མེ་དང། ཀླུའི་རྒྱལ་པོ་པདྨ་ཞེས་བྱ་བ་དང། ཆར་སྤྲིན་གྷརྨ་ཏ་ཞེས་བྱ་བ་ཁ་དོག་སྣ་ཚོགས་སོ། ། ་བདེན་བྲལ་དུ་ལ་ཧ་ཛ་ཏའི་ཤིང་དང། རྣ་འཆུས་ས་མ་དང། སྲིན་པོ་དང། ཀླུའི་རྒྱལ་པོ་མཛའ་ཡས་དང། ཆར་སྤྲིན་འབབ་བ་ཞེས་བྱ་བ་ནག་པོའོ། །རླུང་དུ་ཤིང་ཨུ་དུམྦ་ར་དང། ལྷ་མོའི་མཁར་དང། རླུང་དང། ་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་དང། ཆར་སྤྲིན་བུ་རཱ་ན་ཞེས་བྱ་བ་དཀར་ནག་གི་མདོག་གོ་ཞེས་བྱ་བ་ལ་སོགས་པའི་ཞིང་རིམ་པ་ཇི་ལྟ་བས་ཤེས་པའོ།། །།རྒྱ་གར་གྱི་མཁན་བོ་རཏན་ཤྲཱི་མི་ཏྲ་དང། དགེ་སློང ་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། །།*། །རྒྱ་གར་སྐད་དུ། ཨཥྚ་ཤམ་ཤ་ན་ནཱ་མ། བོད་སྐད་དུ། དུར་ཁྲོད་བརྒྱད་ཅེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་དཔལ་དཔའ་བོ་ནི། ། ་ལྷན་ཅིག་སྐྱེས་དགའ་མཛེས་པ་དང། །བཟའ་དང་གྲོལ་བའི་འབྲས་རབ་སྩོལ། །བླ་མའི་ཞབས་པང་ཕྱག་འཚལ་ནས། །དུས་ཁྲོད་ཤིང་དང་ཕྱོགས་སྐྱོང་དང། །ཀླུ་བདག་ཆུ་འདོར་རྣམས་ཀྱིས་ནི། །མིང་དང ་