CLOSE WINDOW

N1135: dbyig gu drug cu rtsa bzhi'i mtshan nyid
Wyliee-texts based on the ACIP/ALL Input

སྦོམ་པོའོ། །འཕོ་བ་བཅུ་དྲུག་ནི་ལུག་དང་བ་གླང་དང། འཁྲིག་པ་དང། ཀརྐ་ཊ་དང། སེང་གེ་དང། བུ་མོ་དང་སྲང་དང། སྡིག་པ་དང། གཞུ་དང། ཆུ་སྲིན་དང། བུམ་པ་དང། ཉ་དང། ཟླ་བ་གཟས་ཟིན ་པ་དང། ཉི་མ་གཟས་ཟིན་བ་དང། ཐིག་ལེ་འགོག་པ་དང། ནམ་མཁའ་འགོག་བ་སྟེ། དེ་རྣམས་ནི་འཕོ་བ་བཅུ་དྲུག་ལ་སོགས་པ་སྦོམ་པོའོ། །ཡང་ན་ཁུ་བའི་གཡོན་བསྐོར་དང། གཡས་བསྐོར་གྱི་དབྱེ་བས་གནས ་བཅུ་དྲུག་ཏུ་འཕོ་བ་འཕོ་བར་གྱུར་པའོ། །མཐེ་བོང་ལ་ཚེས་གཅིག་ལ་ཨའི་རྣམ་པ་དང། བྱིན་པ་གཉིས་ལ་ཨའི་རྣམ་པ། བརླ་བ་གསུམ་ལ་ཨིའི་རྣམ་པ། སྐྱེ་གནས་སུ་བཞི་ལ་ཨའིའི་རྣམ་པ། ལྟེ་བར་ལྔ ་ལ་ཨུའི་རྣམ་པ། སྙིང་ལ་དྲུག་ལ་ཨུའི་རྣམ་བ། ནུ་མ་ལ་བདུན་ལ་རིའི་རྣམ་པ། ལྐོག་མ་ལ་བརྒྱད་ལ་རཱིའི་རྣམ་པ། ལག་བའི་རྩེ་མོར་དགུ་ལ་ལིའི་རྣམ་པ། མཁུར་ཚོས་ལ་བཅུ་ལ་ལཱིའི་རྣམ་པ། མིག་ཏུ་བཅུ ་གཅིག་ལ་ཨེའི་རྣམ་པ། རྣ་བའི་རྩ་བར་བཅུ་གཉིས་ལ་ཨིའི་རྣམ་པ། བཅུ་གསུམ་ལ་དཔྲལ་བར་ཨོཾ་རྣམ་པ། སྤྱི་བོར་བཅུ་བཞི་ལ་ཨཽའི་རྣམ་པ། ཆང་གི་གཡོན་དང་གཡས་སུ་གང་བ་ལ་ཨཾ་ཨ(རྒྱུད་འགྲེལ་ཆང་གི་ཤིན་ཏུ་ཕྲ་བའི་རྣམ་པས་འཕོ་བ་འཕོ་བར་གྱུར་པའོ། །དབྱིག་གུ་དྲུག་ཅུ་རྩ་བཞི་ནི་དུས་ཀྱི་རྣམ་པའི་ཆ་ལ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང། ཉིན་པར་བཅོ་ལྔ་དང། གཟའ་དགུ་དང། ཆ་བཅུ་གཉིས་དུས ་ཀྱི་རྣམ་པའི་ཆ་ཡིས་དབྱིག་གུ་བླང་བར་བྱའོ། །མཚན་མོ་དང། ཉིན་བར་དག་ལ། སྤུ་གུ་ཅན་དྲུག་ཅུ་དང། དེ་དག་ཉིད་ལ་ཟང?་པ་དང། འཕེལ་བས་བཞིའོ། །དེ་ཉིད་ཀྱི་ཕྱིར་དུས་ཀྱི་དབྱིག་གུ་དྲུག་ཅུ་རྩ་བཞི་བཟུང ་བར་བྱའོ། །ཡང་ན་ཤེས་རབ་དང། ཐབས་དག་ལ་དོན་དམ་པ་དང། ཀུན་རྫོབ་ཀྱི་དབྱེ་བས་དེ་དང་དེ་ལ་གནས་ཉིང་དུ་རྣམ་པར་དག་བ་འཕོ་བ་བཅུ་དྲུག་གི་མྱོས་བྱེད་ཀྱིས་དབྱེ་བས་དབྱིག་གུ་གཟུང་ངོ། །དེ་རྣམས་ཀྱི་རྩ ་སུམ་ཅུ་རྩ་གཉིས་རྣམས་སོ། །དེ་རྣམས་ཐམས་ཅད་ནི་འཁོར་ལོ་བཞི་ལ་བསྡུ་བ་རྣམས་སོ། །ཡང་གཞི་ནི་ལྟེ་བར་གཏུམ་མོ་འབར་བ་ཞེས་བྱ་བ་ཕྱག་རྒྱ་ཆེན་པོར་ཐིམ་མོ། །མངོན་པར་རྟོགས་པའི་རིམ ་པ་རྫོགས་སོ།། །།དབྱིག་གུ་དྲུག་ཅུ་རྩ་བཞིའི་མཚན་ཉིད་ནི་ཉི་མ་ཕྱེད་ཀྱིས་དབུགས་ཀྱི་གྲངས་ལྔ་སྟོང་དང་བཞི་བརྒྱའོ། །དེ་ལྟར་གྲངས་བགྲངས་པས་ཉིན་དང་མཚན་མོ་སྟོང་ཕྲག་ཉི་ཤུ་རྩ་གཅིག་དང ་ལྷག་པ་བརྒྱ་སྟེ། ཇི་ལྟར་གྲངས་ཀྱི་བགྲངས་པ་ཤེས་པར་བྱའོ། །ཆུ་ཚོད་གཅིག་ལ་དབུགས་སུམ་རྒྱ་དང་དྲུག་ཅུའོ། །དབྱིག་གུ་དྲུག་ཅུ་རྩ་བཞིའི་མཚན་ཉིད་བརྗོད་དོ། །ཆུ་ཚོད་ནི་ཉིན་མོ་དང་མཚན་མོ་བཅུ ་དྲུག་དང། དེ་ཉིད་ཀྱི་འཕེལ་བ་དང་འགྲིབ?་པ་བཞི་སྟེ། དེ་ལྟར་དྲུག་ཅུ་རྩ་བཞི་བླང་བར་བྱའོ་ཟེར། ཟངས་སྲང་བཅུ་གཉིས་ལ་བརྡུངས་པ་བརྒྱར་སོར་བཅུ་གཉིས་ཁ་དང་དབངས་སུ་སོར་བརྒྱད་པ་ལ། ་གསེར་མན་ཆ་གསུམ་ལ་བརྡུངས་པའི་མགོ་འཇུག་མཉམ་པ་སོར་དྲུག་པས་ཕུག་པའི་བུག་པ་ཅན་ཆུའི་ཁ་རུ་བཞག་པའི་བུ་ག་ནས་བྱུང་བའི་ཆུས་ཁེངས་ནས་གཏིང་དུ་ནུབ་པ་ཆུ་ཚོད་དོ། །དབྱིག་གུ་ཡང ་དེ་དང་འདྲའོ། །རྒྱ་གར་གྱི་མཁན་པོ་རཏན་བཛྲ?་དང། དགེ་སློང་ཤཱཀྱ་ཡེ་ཤེས་ཀྱི་བསྒྱུར་བའོ།། །།ཀྱེའ་རྡོ་རྗེའི་དེ་ཁོ་ན་ཉིད་རྣམ་པར་ཕྱེ་བ་ལས་གསུངས་པ། དེ་བཞིན་སྟོང་པ་བཅུ་དྲུག་ནི། ། ་