| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། གཱི་ཏཱི་ཏྲཏད?་ནཱ་མ། བོད་སྐད་དུ། གླུའི་དེ་ཁོ་ན་ཉིད་ཅེས་བྱ་བ། དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཀོ་ལླ་ཨི་རེ་ཞེས་བྱ་བ་ནི་མགོ་བོའོ། །ཐི?་ཨ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་མ་བཅོས་པའོ། །བོ་ལཱ ་མུམམུ་ཎི་ཞེས་བྱ་བ་ནི་ལྟེ་བར་གནས་པ་ཐིག་ལེའི་རང་བཞིན་ཅན་གཏུམ་མོ་སྤྲོ་བ་དང། བསྡུ་བ་ཀཀྐོ་ལཱའོ། །རེ་ནི་བོད་པའོ། །དེ་དག་འདུས་པས་གྷ་ཎེ་ནི་རྒྱུན་དུའོ། །བརྡུང་པས་ཀྲི་པཱིཊཋ་ཅད་ཏེའུ་དང། །རྔ་ནི་བཛཛ་ཨིའོ། །ཧོ་ནི་ཡང་བོད ་པའི། །ཀ་རུ་ཎས་ཚངས་པའི་གནས་བཞིའོ། །གཟུགས་ལྷ་མོའི་ཚོགས་ལ་ཀི་ཨ་ཨི། རོ་ལ་ནི་གཡུལ་ཏེ་ན་རོལ?། བ་ལ་ནི་དགའ་བ་སྟེ། ཏ་ཧི་ཁཛཛ་ཨིའོ། །གཱ་ཌེ་ཎི་ཁོང་དུ་ཆུད་པའོ། །མ་ཨཱ་ཎཱ་ནི་མཆོག་ཏུ་དགའ་བའི་རང་བཞིན ་ཅན་སྙིང་རྗེ་པིཛཛ?་ཨི་ཨ་ཨི། ཧ་ལེ་ནི་ཡང་བོད་པའོ། །ཀཱ་ལིཉྫ་ར་ནི་ཆུ་ཡང་དང་ཡང་དུ་པ་ཎི་ཨ་ཨིའོ། །དུ་དུ་ར་ནི་སྐད་ཅིག་མེད་པའི་སྐད་ཅིག་བིཛཛ་ཨ་ཨིའོ། །ཙ་ཨུ་ས་མ་ཀཙྪུ་རི། །སིཧམ?་ཀཔྤཱུ་ར ་ནི་ཕུང་བོའི་རང་བཞིན་དེ་བཞིན་གཤེགས་པ་ལཱ་ཨི་ཨ་ཨིའོ། །མཱ་ལ་ཨི་ནི་བྱིན་ཟའོ། །ིནདྷ་ན་ནི་ཕུང་པོའོ། །སཱ་ལིཉྫ་ནི་མཆོག་གོ་།ཏ་ཧི་བྷཾ་རུ་ནི་མང་པོའོ། །བཱ་ཨི་ཨ་ཨིའོ། །ཕྲེཾ་ཁ་ན་ཎི་སྡུག་པའོ། །ཁེ ་ཊ་ནི་རྩེ་བ་ཀ་རནྟཾ་སྙིང་རྗེས། ཤུདྡྷ་ཤུདྡྷ་ན་མུ་ན་ཨིའོ། །ནི་རཾ་ཤུ་ཨཾ་ག་ནི་ཟླ་བའི་འོད་ཟེར་ཙ་ཌཱ་ཝཱིའོ། །ཏ་ཧཾ་ཛ་ས་རཱ་པཾ་ཨ་པ་ཎི་ཨ་ཨའི། མ་ལ་ཨ་ཛ་ནི་ཡང་གཅིག་ཏུ་འགྱུར་རོ། །ཀུན་དུ་རུ་ནི་རྒྱུན་མི་འཆད་པར ་པ་ཊ་ཨིའོ། །ཌཎྜི?་མ་ཏི་ཧཾ་ཎ་ནི་ཀྱ་ཀུནབྷར་མིའི་རྔ་བརྡུང་བ་བཛཛི་ཨཾ་ཨའིའོ། །གཞན་ཡང་ཀོལླ་ཨི་རོ་ནི་སྤྱི་བོར་རང་གི་གཡམ་པའི་གཡས་པ་དང། ཀཱ་ལི་དང། ཉི་མ་དང། མ་བཅོམ་པ་དང། འོག་དུ་ཁ་དང། དག ་གི་རྡོ་རྗེའི་རྒྱུན་དང། ཐབས་དང་པདྨ་འབར་བའི་གཟུགས་ཀྱིས་རོ་མ་གནས་པ་ནི་བོ་ལཱ་ཞེས་ཟེར་རོ། །མུམམ་ནི་ཏེ་པ་ཏེ་དེ་ལས་གཞན་པ་གཡོན་པ་དང། ཨཱ་ལི་དང་ཟླ་བ་དང། སྤྲོ་བ་དང་བསྡུ་བ་བྱེད་པ ་ཅན་དང། ཐིག་ལེ་དང། སྐུའི་རྡོ་རྗེ་མ་དང། སྟེང་གི་ཁ་དང་རྡོ་རྗེ་ཁུ་པར་བྱེད་པ་པའི་རང་བཞིན་གྱིས་བརྐྱང་མ་གནས་པ་ནི་ཀཀྐོ་ལཱ་ཞེས་བརྗོད་དོ། །དེ་དང་གི་ཐ་སྙད་ཅིག་ཏུ་འགྱུར་པར་བྱེད་པ་སེམས ་ཀྱི་རྡོ་རྗེའི་ཚུལ་གྱིས་ཀུནདྷར་མ་ནི་ལག་པའོ། །དེའི་ཡང་གང་ཞིག་ཐུ་པོ་དང། གང་ཞིག་སྲིན་ལག་དེ་དག་དང། རོ་མ་བརྐྱང་མ་དག་དང། འཕེལ་བ་དང་འགྲི་བ་དང། ཐབས་དང་བདག་མེད་མའི ་རྣལ་འབྱོར་མ་དག་དང། །ཀུན་རྫོབ་དང་དོན་དམ་པའི་རླབས་དག་གིས་བཅིར་བ་ཞེས་བྱ་བ་ནི་བཙིར་བ་དང་འོ་དང་འཁྱུང་པ་ལ་སོགས་པ་རྣལ་འབྱོར་པ་སྦྱོར་པ་རོ་མཉམ་པར་བྱེད་པ་ལོངས་སྤྱོད་པ་ལ་རླབས་གཉིས་ནི་བཟང་པའོ། ། ་འདི་ལོངས་སྤྱོད་རྫོགས་པར་བཤད་དོ། །དེ་ནས་ཡེ་ཤེས་སྐྱེ་བར་འགྱུར་ཞེས་བྱ་བ་ནི་མཆོག་གི་གནས་སོ། །གཞོན་ནུའི་དགའ་བ་ཇི་ལྟ་བ་འམ། དུས་གཉིས་སྤངས་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་བོ་ལཱའི་ཀོལླ་ཨི་རེ་ནོར ་བུར་གནས་པ་ནི་པོ་ལཱ་སྟེ་རོ་མ་དང་གསང་བའི་རྡོ་རྗེའོ། །ཀཀྐོ་ལཱའི་མུམམུ་ཎི་ལྟེ་བར་གནས་པ་ཀཀྐོ་ལཱ་དང་བརྐྱང་མ་གསང་བའི་པདྨའོ། །དེ་དག་ཉིད་པོ་ལཱ་ཀོ་ལ་ཨི་རེཾ། ཀཀྐོ་ལཱ་མུམམུ་ནི་ཞེས་བྱ་བ་ཡང་དེ་དག་ཉིད་རོ་མཉམ་པར ་འགྱུར་བ་ཡང་ཀུནདྷར?་མར་གྱུར་པ་སྟེ། པོ་ལཱ་ཀོ་ལླ་ཨི་རེཾ་ཀཀྐོ་ལཱ་མུམམུ་ཎི་མར་ལ་མར་ཇི་ལྟ་བའོ། །གང་ཡང་ཀུནདྷར་མར་ལོངས་སྤྱོད་རྫོགས་པ་དང། སྤྲུལ་པའི་སྐུ་ཅན་མ་དེ་ཡང་བཅོམ་པ་དང། ཕྱིན་པ་གང་གིས་དགའ་བྲལ? ་གྱི་མཛའ་དེས་དགའ་བྲལ་གྱི་དང་པོ་དེས་བདག་མེད་པ་དེ་ཡང་ཕྱག་རྒྱ་ཆེན་པོར་ངེས་ཏེ། ཕྱག་རྒྱ་ཆེན་པོ་ནི་པོལླ་ཀོལླ་ཨི་རེཾ་ཀཀྐོ་ལཱ་མུམམུ་ཎི་ཞེས་ཟེར་རོ། །རང་བཞིན་གྱི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ཞེས་བྱ་བའི་དོན ་ཏོ། །དེ་དང་ལྷན་ཅིག་རྟག་ཏུ་ཀུན་ཏུ་དེའི་རང་བཞིན་ཡང་དང་ཡང་དུ་བསམས་ནས། གང་གིས་འདི་མྱུར་དུ་ངེས་པར་ཐོབ་པར་འགྱུར་བ་དང། རྒྱལ་བའི་ཚོགས་ཀྱི་གཙོ་བོར་འགྱུར་བ་དང། རང་རིག་པར་བྱ་བ་དང། རང ་རིག་པ་པོ་དང། རང་རིག་པ་དག་གི་ལམ་གྱི་སྤྱོད་ཡུལ་ལས་འདས་པ་དེའི་རང་བཞིན་གྱིས་ཡེ་ཤེས་ཀྱི་ཀུན་གྱི་དེ་ཁོ་ན་ཤེས་པར་འགྱུར་རོ། །ཡང་ན་ཀཀྐོ་ལཱ་མུམམུ་ནི་ལྟེ་བར་གནས་པ་དང། པོ་ལཱ་ཀོལླ་ཨི་རེཾ་ནོར་བུའི ་རྩེ་མོར་འདོད་ཆགས་དང། འདོད་ཆགས་མེད་པ་རྣམ་པར་སྤངས་པ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ཟླ་བ་དང་ཉི་མ་དང་བྲལ་བ་བདག་མེད་པ་རྡོ་རྗེའི་གནས་མཆོག་མཚུངས་པ་མེད་པ་བདེ་བའི་དགའ་ ་བ་མེད་པ་ནི་ཀཀྐོ?་ལ་མུནམུ་ནི་བོ་ལཱ་ཀོ་ལླ་ཨི་རེཾ། འདོད་ཆགས་དང་འདོད་ཆགས་དང་བྲལ་བར་རོ་མཉམ་པར་གྱུར་པའོ། །དེ་བཞིན་དུ་ཡང་གསུངས་པ། གང་ཕྱིར་ཐབས་ནི་འབྱུང་བ་ཉིད། །འཇིགས་པ་ཤེས་རབ་སྲིད་མཐར ་བྱེད། །དེས་ན་རབ་འཇིགས་ཡོད་མ་ཡིན། །དེ་ཉིད་ལ་ནི་ཆགས་པ་མེད། །ལ་ལ་འཇིག་པས་འཇིག་པར་འགྱུར། །འཇིག་པའི་དངོས་མེད་ཟད་པ་མེད་ཅེའོ། །འདི་དག་ཐམས་ཅད་མེད་པས་དེ་མེད་པར་འགྱུར་བ་དང། ་དེ་མེད་པས་ཐམས་ཅད་མེད་པར་འགྱུར་རོ། །དེ་བཞིན་དུ་ཡང་ཇི་ལྟར་གཙོ་བོ་དེ་ནི་ཇི་ལྟར་སེམས་ཀྱི་རྡོ་རྗེ་ཕྱི་རོལ་ཏུ་གྱུར་བ་དབང་པོའི་དོན་གྱི་རང་བཞིན་གཟུགས་ལ་སོགས་པ་སོ་སོར་སྣང་བས་སེམས་ཉིད་ཀྱི་ཕྱི་རོལ ་དུ་སྣང་བའོ། །ཇི་ལྟར་ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་བ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཇི་ལྟར་སེམས་སྤངས་ནས་ནི་ལུས་ཀྱིས་ནི། ། ་གནས་པ་གཞན་དུ་མཐོང་མི་འགྱུར། །ལུས་སྤངས་ནས་ནི་སེམས་ཀྱིས་ནི། །སྒེག་པ་ཙམ་དུ་མི་འགྱུར་ཏེ། །མཆོག་ཏུ་གནས་པ་དེ་ཉིད་དོ། །ཇི་ལྟར་འཇིག་རྟེན་ཁམས་ནི་གང་དུ་ཡང། །སངས་རྒྱས་གཞན་དུ་རྙེད་མི ་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་བསྟན་དུ་མེད། །ཅེས་བྱ་བ་ལ་སོགས་པས་འདི་རེ་ཞིག་ངེས་སོ། །དེ་ཡང་དབྱེ་བ་ཙམ་སྟེ། འདི་ལྟར་སངས་རྒྱས་ཀྱི་སྲས་པོ་རྣམས་འཇུག་པའི ་ཕྱིར་ཐམས་ཅད་ཕྱེ་བ་སྟེ། དོན་དམ་པ་ལ་འབྱེད་པ་པོ་དང། དབྱེ་བ་དང། དབྱེ་བར་བྱ་བ་ཉིད་ཡོད་པ་མ་ཡིན་ནོ། །ཇི་ལྟར་ན་སྒོམ་པ་པོ་དང། བསྒོམ་པ་དང། བསྒོམ་པར་བྱ་བ་དེ་ཉིད་དུ་ཡང་བསྟན་ཏོ། །གང་བྱང་ཆུབ་ཀྱི་སེམས ་ཆེན་པོ་དེ་ཉིད་ལ་གྲོལ་བ་རྣམས་དང། གནས་རྣམས་འབྱུང་བ་དང། དེ་ཉིད་ཡོངས་སུ་མྱ་ངན་ལས་འདས་པ་རྣམས་སོ། །དེའི་ཕྱིར་དང་པོའི་སངས་རྒྱས་མཆོག་ཏུ་བདེ་བ་ངེས་ན་ཁོ་ན་དང། རང་རང་རིག་པས་རང་རིག་པ ་དང། རང་རིག་པར་བྱ་བས། རང་རིག་པར་བྱ་བ་དང། དེའི་རང་བཞིན་གྱིས་དེའི་རང་བཞིན་དང། དེ་ཉིད་ཀྱི་གནས་ཀྱིས་དེའི་གནས་ཕྱག་རྒྱ་ཆེན་པོ་དང་བདག་ཉིད་ཅན་བདག་གིས་ཐོགས་པ་མེད་པའི་རྡོ་རྗེའི་རྣམ་པར་ཤེས ་ཏེ། བདག་དང་གཞན་དང། གང་ཟག་དང། བུམ་པ་དང། གོས་དང་བཟའ་བ་དང། བཏུང་བ་དང། ཁྲུས་ལ་སོགས་པ་སྲིད་བའི་གཟུགས་ཀུན་དེ་དང་མཉམ་པར་བྱས་པ་ཇི་ལྟ་བ་དེ་ལྟར་འགོ་བ་དང་འོང་བ་ལ་སོགས་པའི་བྱ་བ ་བྱེད་པ་ཡང་དང་ཡང་དུ་རྣམ་པར་ཤེས་པ་ཅན་བསྐུལ་བ་དང། བསྒོམ་པ་ཞེས་བྱ་བའི་དོན་ཏོ། །གང་ལ་དེ་ལ་ཞེས་བྱ་བ་ནི་གནས་དེས་པའམ། གནས་མ་ངེས་པའོ། །ཇི་ལྟར་དེ་ལྟར་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱས་སམ། གཅིག ་བུས་སམ། དེ་ལྟར་སློང་མེས་སམ། སློངས་མོ་མ་ཡིན་པས་སོ། །འདིས་ཅི་བསྟན་ཅེ་ན། གཅེར་བུ་འམ། གལ་ཏེ་གཅེར་བུ་མ་ཡིན་པར་ཇི་ལྟར་འདོད་པར་བྱ་བ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་དེ་ལྟར་དེ་ཁོ་ན་ཉིད་པའི་རྣལ་འབྱོར ་པ་ནི། བསྐལ་པ་བྱེ་བ་ཕྲག་བརྒྱས་ཀྱང་འགྲུབ་པར་མི་འགྱུར་རོ། །འདི་ལྟར་གང་ཕྱིར་ཡིད་ཀྱིས་མི་སྒོམ་པར། འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །ཐམས་ཅད་ཆོས་ནི་ཡོངས་ཤེས་ན། །བསྒོམ་པ་ཉིད་ནི་བསྒོམ་པ་མིན་ཞེའོ།། ་དེའི་ཕྱིར། དམན་པ་འབྲིང་དང་མཆོག་རྣམས་དང། །གཞན་དང་གང་རྣམས་དེར་རྣམས་ཀྱང། །རོ་མཉམ་དེ་ཉིད་བསྒོམ་པ་ཡིས། །འདི་ཀུན་མཉམ་པ་ཉིད་དུ་བལྟ་ཞེའོ། །འདིས་ནི་དེ་ལས་འགྲོ་བ་ཐམས་ཅད ་འབྱུང། །ང་ལས་གནས་གསུམ་པོ་ཡང་འགྱུར། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་ན་མཐོང། །དེ་ལྟར་རྣལ་འབྱོར་པས་ཤེས་ནས། །ཤིན་ཏུ་མཉམ་གཞག་གང་གོམས་པ། །བསོད་ནམས་ཆུང ་བའི་མི་ཡིས་ཀྱང། །དེ་ནི་འགྲུབ་པར་ཐེ་ཚོམ་མེད་ཅེའོ། །དེའི་ཕྱིར་འབད་པས་དེ་ཁོ་ན་ཉིད་ཤེས་ནས་ཀཀྐོ?་ལཱ་མུམམུ་ཎི་ལྟེ་བར་གནས་པ་དང། བོ་ལཱ་ཀོ་ལླ་ཨི་རེཾ་ནི་ནོར་བུ་ཇི་ལྟར་ནུས་པ་མཆོག་ཏུ་དགའ་བའི་ཚུལ་གྱིས་བདེ་བ ་རྣམ་པར་གཟུང་སྟེ། བླུའི་དེ་ཁོ་ན་ཉིད་བསྒོམ་ཞིང་གནས་ཏེ་འགྱུར་བར་མི་བྱའོ། །བྱང་ཆུབ་ཀྱི་སེམས་ལྟུང་བར་གྱུར་ནས་གང་ལས་གྲུབ་པ་དང། གང་ལས་རྫུ་འཕྲུལ་དང། གང་ལས་བསྒོམ་པར་འགྱུར་ཞེའོ། །གླུའི་དེ་ཁོ་ན ་ཉིད་ཅེས་བྱ་བ་སློབ་དཔོན་མཁས་པ་དཔལ་མཚོ་སྐྱེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་རཏན་བཛྲ་དང། དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། །། ་རྡོ་རྗེ་བྷུའི?་བཤད་པ་བཞུགས། *། །རྒྱ་གར་སྐད་དུ། བཛྲ་གཱི་ཏི་དྷ་ཥྱཾ་ནཱ་མ། བོད་སྐད་དུ། རྡོ་རྗེའི་གླུ་བཤད་པ་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །རྣལ་འབྱོར་སྤྱོད་ལའི་དཔྱོད་ལ་སྙིང་པོའི་འབྲས་གསོལ ་