CLOSE WINDOW

N1131: dgongs pa'i skad kyi 'grel pa
Wyliee-texts based on the ACIP/ALL Input

དགེ་སློང་བྱང་ཆུབ་འབྱུང་གནས་ཀྱིས་བསྒྱུར་བའོ།། །། *། །དགོངས་པའི་སྐད་ཀྱི་འགྲེལ་པ་བཞུགས། ། *། །རྒྱ་གར་སྐད་དུ། ས་མ་དྷི་བྷ་ཥ་ཏཱི་ཀཱ། བོད་སྐད་དུ། དགོངས་པའི་སྐད་ཀྱི་འགྲེལ་པ། དཔལ་རྡོ་རྗེ་སེམས་དཔའ་ ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང། །འཇིག་རྟེན་བྱ་བར་རབ་འཇུག་པ། །དེ་སྙེད་རྣམས་ལ་རྟག་ཕྱག་འཚལ། །བརྡའི་རྣམ་གྲངས་རྣམ་པ་བདུན་གྱི་བཤད་པ་བཤད ་པར་བྱའོ། །དེ་ལ་ཆང་ནི་ནམ་མཁའ་ཨི་བདུད་རྩི་ཡིན་ཏེ། དེ་རྒྱུན་མི་འཆད་པར་བཏུང་བར་བྱའོ། །སྟོབས་ནི་རླུང་ཡིན་ལ་དེ་བཟའ་བ་ནི་འགོགས་ཞེས་བྱ་བར་དགོངས་སོ། །མ་ལ་ཡི་ནི་འབྱུང་བ་དང་དབང་པོ་དང་རྣམ་པར་ཤེས་པ་རྣམས་གཅིག ་ཏུ་ཡང་དག་པར་འདུག་ནས་བསྒོམ་པར་བྱ་བ་ཡིན་ཏེ། ལྷན་ཅིག་སྐྱེས་པའི་དགའ་བས་ཞེས་བྱ་བར་དགོངས་སོ། །ཁེ་ཊ་ནི་རླུང་འགྲོ་བ་ཡིན་ཏེ། དེ་ཡང་རྣལ་འབྱོར་བཞི་དང་ལྡན་པས་མི་བཟུང་བར་བསྒོམ་པ་ཡིན་ཏེ། གཏང་ཞེས་བྱ་བའི ་དོན་ཏོ། །རོ་ནི་ལུས་ཀྱི་འཁྲུལ་འཁོར་འོད་དཔག་ཏུ་མེད་པ་ཡིན་ལ། འདུ་བ་དེར་དགོད་པར་བྱ་བ་ཡིན་ནོ། །ནི་རམ?་ཤུ་ནི་རང་གི་རུས་པ་འདི་དག་ཉིད་བདག་གི་རྒྱན་ཡིན་ནོ་ཞེས་མོས་པར་བྱའོ། །པྲོ་ཀྵྱ་ནཾ་ནི་རླུང་འཇུག་པ་ཡིན་ལ། ་དེ་ཡང་གང་བ་ཅན་ལ་སོགས་པའི་ལས་ཀྱི་སུ་འགོག་ཕས་བྱ་བ་ཡིན་ནོ། །ཀྲི་པཱི་ཏ་ནི་གཞོམ་པ་མེད་པའི་སྒྲ་ཡིན་ལ། དེ་ཡང་སྲོག་དང་རྩོལ་བ་འགོག་པས་བརྡུང་བས་བྱ་ཞིང། མཉམ་པར་བྱ་བ་ཡིན་ནོ། །ད་དྷུ་ར་ནི་རྣམ ་པར་རྟོག་པ་ཡིན་ལ། དེ་ཡང་དེར་གཞན་མ་ཡིན་པར་བརྗོད་དོ། །ཀཱ་ལིཉྫ་ར་ནི་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་ཏེ། དེ་ཡང་རླུང་འཇུག་པ་ཡིན་པས་མི་དོན་པར་བྱའོ། །ཞེས་བྱ་བར་དགོངས་སོ། །པདྨ་བྷཱ་ཛ་ནི་ནི་འཁོར་ལོ།། ་བཞི་ཡིན་ཏེ། སྤྱི་བོ་འམ་སྤྲུལ་པའི་འཁོར་ལོ་འམ། ཡང་ན་ལས་ཀྱི་ཕྱག་རྒྱའི་ཀཀྐོ་ལཱ་ཡིན་ནོ། །སྤྱི་བོར་ཆང་གིས་གང་བ་ནི་རང་བཞིན་གྱིས་གྲུབ་ནས་ཡོད་པ་སྟེ། དེས་ན་བཏུང་ཞེས་བྱ་བ་ནི་རྒྱུན་མི་འཆད་པས་གྲུབ་པ་ཡིན ་ལ་འཁོར་ལོ་བཞི་ནི་པདྨ་བྷ་ཛ་ནི་ཡིན་ནོ། །འཁོར་ལོ་བཞི་ནི་པདྨའི་སྣོད་ཡིན་ལ། གཞན་ཆོས་ལ་ནི་མི་བསྐྱོད་པ་ཡིན་ཞིང། གཞན་ཡང་ལོངས་སྤྱོད་ལ་ནི་འོད་དཔག་ཏུ་མེད་པ་སྟེ། བདེ་བ་ཆེན་པོ་ནི་བྱང་ཆུབ་ཀྱི་སེམས་བདུད་རྩི ་ཡིན་ནོ། །རིམ་པ་འདིས་བདག་ཆང་འཐུང་བ་ཡིན་ནོ་ཞེས་གནས་པར་བྱ་ཞིང་བདག་ཉིད་དེ་ལྟར་མོས་པར་བྱའོ། །ཡང་ན་ལས་ཀྱི་ཕྱག་རྒྱའི་ཀཀྐོ་ལཱ་ལས་བྱུང་བའི་ཆང་བཏུང་པ་ནི་ལྕེ་ཡི་བླང་བར་བྱ་བ་ཡིན་ནོ། །ཏྲི་པཱི ་ཏ་བསམ་གཏན་དེ་ཉིད་རྣལ་འབྱོར་པ་རྣམས་ཀྱིས་བཟའ་པར་བྱ་བ་ཡིན་ནོ། །མཱ་ལ་ཏྟརིནདཱ?་ནཾ་ནི་འབྱུང་བ་བཞིར་བརྟགས་པ་དེ་བཟའ་བར་བྱའོ། །གཞི་མཉམ་ནི་རྣམ་པར་སྣང་མཛད་ཡིན་ཞིང་དེས་ལུས་བྱུགས་ནས་ཡོད་པའོ། །གླ ་རྩི་ནི་མི་བསྐྱོད་པ་ཡིན་ཞིང། སིཧལ་ནི་རིན་ཆེན་འབྱུང་ལྡན་ཡིན་ནོ། །ཀ་པཱུ་ར་ནི་འོད་དཔག་མེད་ཡིན་པས་རྣལ་འབྱོར་པ་རྣམས་ལ་ངོ་བོ་ཉིད་ཀྱིས་འདི་རྣམས་ཀྱིས་བྱུགས་ནས་ཡོད་དོ། །ཤཱ་ལི་ཛཾ་དོན་ཡོད་གྲུབ་པ་སྟེ་དེ་ཉིད་ཀྱང ་ཡོད་པ་ཡིན་ནོ། །ཀུནདཱ?་རུ(རྒྱུད་འགྲེལ་རོལ་ཏུ་གསང་བ་ཤེས་རབ་ཡིན་པས་འདི་དག་གིས་རྣལ་འབྱོར་དུ་བྱའོ། །བཤད་པའི་རྣམ་གྲངས་གཅིག་གོ་།ཤེས་རབ་ལ་བལྟས་པའི་དགའ་བ་ནི་ཆང་ཡིན་ནོ། །ཤ་ནི་ཤེས་རབ་ཀྱི་མ་མཆུ་གཞིབས་པ་ལས་མཆོག་ཏུ ་དགའ་བའི་མཐར་ཐུག་པའོ། །འདུ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་ཡིན་ཞིང། འགྲོ་བ་ནི་བྱང་ཆུབ་ཀི་སེམས་འཕྲོ་བས་དགའ་བྲལ་ལོ། །རོ་ནི་གན་ཡིས་ཀའི་བྱང་ཆུབ་ཀྱི་སེམས་ཡོངས་སུ་སྤངས་པའི་ལུས་སོ་།རུས ་པའི་རྒྱན་ནི་རྣམ་པར་མི་རྟོག་པ་སྒྲིབ་པ་མེད་ཅིང་ཤིན་ཏུ་རྣམ་པར་དག་པའི་རྣམ་པར་ཤེས་པའོ། །འོང་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་ཞུགས་པའོ། །ཅང་ཏེའུ་ནི་རྡོ་རྗེ་པདྨའི་སྒྲ་ཡིན་ལ། སྐལ་མེད་ནི་ས་བོན ་གཉིས་ཡིན་ཞིང། སྐལ་ལྡན་ནི་རྡོ་རྗེ་ཡིན་ནོ། །རེག་མིན་ནི་པདྨའི་ནམ་མཁའ་ཨི་ཁམས་ལ། ཐོད་པ་ནི་ཤེས་རབ་ཀྱི་གསང་བའོ། །བཟའ་བ་ནི་དེར་ཤུཀྲའོ། །ཚོད་མ་ནི་རང་བྱུང་གི་མེ་ཏོག་ཡིན་ནོ། །བཤད་བ་ནི་ཤེས་རབ་ཀྱི་དྲི་ཆེན་ནོ། །གཅི་བ་ནི ་ཤེས་རབ་ཀྱི་རྗེས་ཐོགས་སུ་གཅི་བ་གཅི་བའོ། །རང་འབྱུང་ནི་ཤེས་རབ་ཀྱི་རིན་པོ་ཆེ་ཡིན་ལ། ?་ར་ནི་གཉི་གའི་ཤུཀྲའོ། །ཤ་ཆེན་ནི་རྡོ་རྗེ་དང་ཀཀྐོ་ལ་གཞིབས་པའོ། །དབང་པོ་གཉིས་སྦྱོར་ནི་རྣལ་འབྱོར་གྱིས་སྦྱར་བའོ། །རྡོ་རྗེ་ནི་ནོར་བུ ་ཡིན་ལ་ཀཀྐོ་ལ་ནི་ལྟེ་བའོ། །བཤད་པའི་རྣམ་གྲངས་གཉིས་པའོ།། །།ཆང་ནི་དེ་བཞིན་ཉིད་དོ། །སྟོབས་ནི་དྲེགས་པ་སྟེ་ང་རྒྱལ་ལོ། །མཱ་ལ་ཡ་ཛ་ནི་འབྱུང་པོ་ཐམས་ཅད་རྗེས་སུ་མི་དམིགས་པ་ཉིད་དོ། །ཁེ་ཊ:ནི་ལམ་དེ་ལ ་གཞོལ་བའོ། །ཤྲ་བ་སྲ་ནི་བདག་མེད་པ་ལ་མོས་པར་བྱེད་པའོ། །ནི་རཾ་ཤུ་ནི་བདག་ཉིད་སྟོན་ཀའི་མཁའ་དྲི་མ་མེད་པའི་འོད་ལྟར་རང་བཞིན་གྱིས་བསམ་པར་བྱའོ། །བྲོ་ཀྵྱ་ནཾ་ནི་རྒྱུན་མི་འཆད་པ་སྙིང་རྗེ་ལ་སྤྱོད་ཅིང་མོས་པར་བྱའོ། །ཀྲི་པི་ཊ ་ནི་འབྱུང་པོ་རྣམས་སྐུལ་བར་བྱེད་པའོ། །དུ་གྱུར་ནི་དེ་བཞིན་ཉིད་དུ་རྟོག་པའོ། །ཀཱ་ལིཉྫ་ར་ནི་རྣམ་པར་མི་རྟོག་པའི་དེ་བཞིན་ཉིད་ལ་དམིགས་པའོ། །ཌདིཎྜི་མཾ་ནི་ཆོས་ཀྱི་སྐུ་དང་བདེ་བ་ཆེན་པོའི་སྐུ་གཅིག་པ་ཉིད་དོ། །པདྨ་བྷཱ་ཛ་ནི་ནམ་མཁའ་ཨོ། ། ་ཏྲི་པི་ཏ་ནི་དེ་བཞིན་ཉིད་པ་སྦོམ་པར་བྱེད་པའོ། །མཱ་ལ་ཏཱི་ནདཱ་ནཾ་ནི་བདེ་བ་ཆེན་པོ་རྗེས་སུ་མྱོང་པའོ། །ཙ་ཏུ:ས་མཾ་ནི་འབྱུང་པ་བཞི་མཉམ་པ་ཉིད་དོ། །ཀསྟུ་རི་ནི་མི་བསྐྱོད་པའི་རང་བཞིན་དུ་བསམ་པར་བྱའོ། །སིཧལ་ནི་བསམ་གཏན་དེའི་ཡེ་ ་ཤེས་ཀྱི་འོད་འབྱུང་པའོ། །ཀཔྤུ་ར་ནི་ཟླ་བའི་འོད་ཟེར་སྟོན་པར་བྱེད་པའོ། །ཀུནདུ?་རུ་ནི་ཤེས་རབ་དང་དེའི་བདག་ཉིད་ཐབས་སུ་རྣམ་པར་བརྟག་པར་བྱའོ། །བོ་ལཱ་ནི་དབྱེར་མེད་པའི་སྟོང་པ་ཉིད་ཡེ་ཤེས་སོ། །ཀཀྐོ་ལཱ་ནི་ཆོས་ཀྱི་འབྱུང་གནས ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །བཤད་པའི་རྣམ་གྲངས་གསུམ་པའོ། །ལ་ཞེས་བྱ་བ་ནི་ཡོད་དོ། །ད་ཞེས་བྱ་བ་ནི་འདུལ་བའོ། །ཡ་ཞེས་བྱ་བ་རླུང་ངོ། །གང་དུ་ཞེ་ན། རྗེས་འགྲོའི་དབྱངས་ཀྱི་ཐིག ་ལེའི་མ་ཞེས་བྱ་བ་ཚངས་བའི་བུ་གང་རོ། །ཾ་ས་ཞེས་བྱ་བ་ནི་སྒྲ་ཡིན་ཏེ་སྔགས་ཀྱི་སྒྲའི?། །འདི་གཉིས་ཀྱི་དབུས་སུ་ཡོད་དང་རླུང་འདུལ་ཞེས་བྱ་བ་སྟེ། རྣལ་འབྱོར་མའི་བརྡའ་ཉིད་དོ། །ལ་ཞེས་བྱ་བ་ནི་སྤྱི་བོ་ཡིན་ལ། ཨོཾ?་ཞེས ་བྱ་བ་ནི་དབང་ཕྱུག་སྟེ། དེ་ཉིད་དུ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའོ། །ལ་ཞེས་བྱ་བ་ནི་དེ་ཉིད་དུ་སྔགས་ཀྱི་སྒྲས་ཐིམ་པར་བྱའོ། །འདིས་ནན་ཞེས་བྱ་བས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བའོ། །ག་ཞེས་བྱ་བ་ནི་མགྲིན་པ ་ཡིན་ལ། ཏ་ཞེས་བྱ་བ་ནི་གདོན་པར་བྱ་བ་ཡིན་ཞིང། ཨི་ཞེས་བྱ་བ་ནི་སོང་བའི་དོན་ཏེ་མྱ་ངན་ལས་འདས་ཞེས་བྱ་བའི་དོན་ཏོ། །པ་ཞེས་བྱ་བ་ནི་དེ་བསྒྲུབ་པར་བྱ་བ་ཡིན་ཞིང། བ་ཞེས་བྱ་བ་ནི་ཁྱེད་རྣམས་ཀྱིས་སོ། ། ཞེས་བྱ་བ་ནི ་འོག་མིན་གྱི་གནས་ཀྱི་བདེ་བ་ཆེན་པོ་སྟེ། ས་ཞེས་བྱ་བ་ནི་རྣལ་འབྱོར་པའོ། །གང་གིས་དེ་ལྟར་བྱས་པ། དེས་ན་ཐི་ཞེས་བྱ་བས་གནས་པ་ཡིན་ནོ། ། ཞེས་བྱ་བ་ནི་སྒྲིབ་པ་ཡིན་ལ། བ་ཞེས་བྱ་བས་བཅོམ་པ་ཡིན་ནོ། །ར ་ཞེས་བྱ་བ་ནི་གང་གིས་ཞེས་པ་ཡིན་ལ། ན་ཞེས་བྱ་བ་འགག་པའི་ཚིག་ཡིན་ཞིང་ཞེན་པ་ཡིན་ཡང་ཇི་ལྟར་ཞེན་པ་མིན་པར་འགྱུར་བའོ། །ཞེས་བྱ་བའི་དོན་ཏོ། །དོན་དེ་མེད་པ་ལས་སྒྲིབ་པ་དང་བྲལ་བར་གྱུར་པའོ། ། ཞེས ་བྱ་བ་ནི་དམིགས་པའོ། །ག་ཞེས་བྱ་བ་ནམ་མཁའ་ལ་ཡིན་ཞིང། ཏ་ཞེས་བྱ་བ་ཡེ་ཤེས་ཀྱི་མེས་གདུང་བས་ཨི་ཞེས་བྱ་བས་བགྲོད་པ་ཉམས་པའོ། །ད་ཞེས་བྱ་བ་ནི་མཁའ་འགྲོ་མ་ཡིན་ལ། མ་ཞེས་བྱ་བ་ནི་ཕྱག་རྒྱའི ་མཁའ་འགྲོ་མའོ་ཞེས་བྱ་བ་འདི་གཉིས་ཀྱི་བདེ་བ་ཡིན་ཞིང་དབྱེར་མེད་པར་ཉེ་བར་སྦྱར་བའི་ཚུལ་ཉིད་དོ། །འདི་དག་གིས་བདག་ཉིད་བསྒོམ་པས་རྫོགས་པར་བྱས་ལ། ཨོཾ་ཧཱུཾ་གི་སྔགས་ཀྱི་སྒྲས་མགྲིན་པ་ལས་བརྗོད་ནས་སྤྱི་བོ་ཚངས ་པའི་སྒོར་བཅུག་ལ་ཐིམ་པར་བྱའོ་ཞེས་བྱ་བའི་བར་དུའོ། །ཀ་ཞེས་བྱ་བ་ནི་བྱེད་པའོ། ། ཞེས་བྱ་བ་ནི་རྣམ་པར་མ་དག་པ་སྟེ། བྷ་ཞེས་བྱ་བ་འཁོར་བ་ཡིན་ལ། པ་ནི་རྣམ་པར་དཔྱད་པས་རྣམ་པར་ཤེས་པ་ཡིན་ཞིང། ཡ་ཞེས་བྱ་བ་རྣལ ་འབྱོར་པས་རིམ་པ་འདིས་ནན་ཏན་དུ་བྱའོ། །བྷ་ཞེས་བྱ་བ་ལ་འཁྲུལ་པ་ཡིན་ཏེ། བ་ཞེས་བྱ་བ་རྣམ་པར་ཤེས་པའོ། །ཡ་ཞེས་བྱ་བ་རྣལ་འབྱོར་པས་རིམ་པ་འདིས་ནན་ཏན་དུ་བྱའོ། ། ཞེས་བྱ་བ་ནི་མ་རིག་པའོ། །བྷ་ཞེས་བྱ་བ་ནི ་འཁྲུག་པའོ། །པ་ཞེས་བྱ་བ་ནི་རྣམ་པར་རིག་བཙམ་དུ་བདེན་པའོ། །ཡ་ཞེས་བྱ་བ་ནི་རྣལ་འབྱོར་པས་རིམ་པ་འདིས་ནན་ཏན་དུ་བྱའོ། ། ཞེས་བྱ་བ་ནི་བཅོམ་ལྡན་འདས་མ་བདག་མེད་པའོ། །བྷ་ཞེས་བྱ་བ་ནི་བཅོམ་ལྡན་འདས ་སྲིད་པའི་ཆའོ། །བ་ཞེས་བྱ་བ་ནི་རྣམ་པར་རིག་པ་ཙམ་མོ། །ཡ་ཞེས་བྱ་བ་ནི་རྣལ་འབྱོར་པས་རིམ་པ་འདིས་ནན་ཏན་དུ་བྱའོ། །བྷ་ཞེས་བྱ་བ་ནི་འབྱུང་བ་ཡིན་ལ། བ་ཞེས་བྱ་བ་ནི་རྣམ་པར་རིག་པར་རང་བཞིན་ནོ། །ཡ་ཞེས་བྱ་བ ་ནི་རྣལ་འབྱོར་པས་རིམ་པ་འདིས་ནན་ཏན་དུ་བྱའོ། ། ཞེས་བྱ་བ་ནི་ཨའི་ཡི་གེ་སྟེ། ཨ་ལ་ལ་ལ་ལའོ། །ས་ཞེས་བྱ་བ་ནི་ཐམས་ཅད་དོ། །བ་ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་སུའོ། །ཤ་ཞེས་བྱ་བ་ནི་དེ་ལ་བརྟེན་པའོ། ་ར་ཞེས་བྱ་བ་ནི་བདེ་བའི་གནས་ཡིན་པའི་ཕྱིར་རོ། །དེ་བས་ན་བཅོམ་ལྡན་འདས་མས་བཅོམ་ལྡན་འདས་ལ་བརྟེན་པའོ། །ཀ་ཞེས་བྱ་བ་ནི་གང་གིས་ཏེ། པ་ཞེས་བྱ་བ་ནི་སྐྱོང་བ་ཡིན་ལ། ལ་ཞེས་བྱ་བ་ནི་གནས་ཡིན་ཏེ། ཆོས ་ཀྱི་འབྱུང་གནས་ཞེས་བྱ་ཞིང་འགྲོ་བ་འདི་དག་ལྷག་པར་སྡུད་པའོ། །བྷ་ཞེས་བྱ་བ་ནི་ཉི་མའོ། །ཀ་ཞེས་བྱ་བ་ནི་ཟླ་བ་ཡིན་པས་བཅོམ་ལྡན་འདས་ནི་ཉི་མའོ། །བཅོམ་ལྡན་འདས་མ་ནི་ཟླ་བ་ཡིན་ཏེ། རང་རང་གི་ས་བོན ་གྱིས་མཚན་ཞིང་ཡི་གེ་གཉིས་པོས་ངེས་ངེས་པར་སྦྱར་བར་བྱའོ། །ཏ་ཞེས་བྱ་བ་ནི་སྒྲ་གདོན་པར་བྱ་བའོ། ཁ་ཞེས་བྱ་བ་ནི་སོ་སོར་བྱས་ལ་ཐ་དད་པར་བྱས་ཏེ་གཉིས་ཀར་བརྗོད་པར་བྱ་ལ། གཅིག་ཐིམ་ནས་གཉིས་པ་ཉེ་བར་བརྗོད ་པར་བྱ་བ་ཡིན་ནོ། །ཡ་ཞེས་བྱ་བ་ནི་གྲིམས་པས་ཡིན་པ་འམ། ལྷོད་པས་ཡིན་པའམ། ཡཾ་ནི་རླུང་གི་སྒྲར་གཏོགས་པར་བྱས་ལ་ཚངས་པའི་སྒོར་རབ་ཏུ་གཞུག་ཅིང་ཐིམ་པར་བྱའོ། །ཛ་ཞེས་བྱ་བ་ནི་ཆུ་ཡིན་ཅིང། ན་ཞེས་བྱ་བ་ནི ་རྩའི་སྒོས་བཏུད་བར་བྱ་བ་ཡིན་ཏེ། དུབ་པ་ཞི་བར་བྱ་བའི་དོན་ཏོ། །ག་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའི་ཡོན་ཏན་ནོ། །ུ་ཞེས་བྱ་བ་ནི་རྣལ་འབྱོར་པས་དེས་དེ་ལྟར་གྱུར་པའོ། །ཐ་ཞེས་བྱ་བ་ནི་ཐ་ནུ་སྟེ། འོད་དཔག་མེད་དང་མཚུངས ་ཤིང་དེ་ལྟར་འགྱུར་ཞེས་བྱ་བའི་དོན་ཏོ། །མ་ཞེས་བྱ་བ་ནི་ཕྱག་རྒྱ་ཡིན་ནོ། །ུ་ཞེས་བྱ་བ་ནི་ཐབས་ཡིན་ལ། ཏཱ་ཞེས་བྱ་བ་ནི་སྐྱོབ་པ་སྟེ། བདེ་བ་བྱེད་བཞིན་པའི་ཐབས་ལ་བདེ་བ་བསྲུང་བའོ། །སྭ་ཞེས་བྱ་བ་ནི་སེམས་ཡིན ་ནོ། །ཡེ་ཞེས་བྱ་བ་ནི་རླུང་ངོ། །བྷ་ཞེས་བྱ་བ་ནི་ཐ་དད་པས་སོ། །ུ་ཞེས་བྱ་བ་ནི་ཉེ་བར་ཞི་བར་གྱུར་པ་སྟེ། མྱ་ངན་ལས་འདས་པར?་ཉེ་བར་གྱུར་ཅེས་བྱ་བའི་དོན་ཏོ། །སྭ་ཞེས་བྱ་བ་ནི་སེམས་ཡིན་ཞིང། ཡ་ནི་རླུང་ཡིན ་ལ། བྷུ་ཞེས་བྱ་བ་ནི་ལུས་ཡིན་ཞིང་གསུམ་ཅར་ཉེ་བར་ཞི་བར་གྱུར་པའོ། །ས་ཞེས་བྱ་བ་ནི་བདེ་བ་ཡིན་ལ། བྷ་ཞེས་བྱ་བ་ནི་བྱེ་བྲག་ཡིན་ནོ། །ཡ་ཞེས་བྱ་བ་ནི་རྩོལ་བ་དང་ལྡན་པ་ཡིན་ཏེ། ཁྱད་པར་གཞན་མེད་ཅེས། ་བྱ་བའི་དོན་ཏོ། །མྱ་ངན་ལས་འདས་པའི་ཁྱད་པར་ཏུ་མི་བསམ་མོ། །བྷ་ཞེས་བྱ་བ་ནི་སྲིང་བ་ཡིན་པས་ཨུ་ཞེས་བྱ་བ་དང་འདི་དག་གིས་ཉེ་བར་ཞི་བར་གྱུར་པའོ། །ས་ཞེས་བྱ་བ་ནི་བདེ་བ་དམ་པའོ། །ུ་ཞེས་བྱ་བ་ནི་བདེ་བར ་ཤར་པའོ། །ཀྲི་ཞེས་བྱ་བ་ནི་རིམ་པར་གྱུར་པ་དེ་གོམས་པས་ཐིམ་པ་ལས་སོ། །ཀ་ཞེས་བྱ་བ་ནི་ཆ་ལས་འདས་པ་སྟེ། ཆ་མེད་ཅེས་བྱ་བའི་དོན་ཏེ། །དེའི་རྗེས་ཐོགས་སུ་ར་ཞེས་བྱ་བ་ཉི་མའི་ཡེ་ཤེས་ཀྱི་འོད་དེ་ཤར་བའོ། །མ ་ཞེས་བྱ་བ་ནི་རླུང་ཡིན་ཞིང། ཧ་ཞེས་བྱ་བ་ནི་བཅོམ་པ་སྟེ་ཐིམ་པ་དང་ཨ་ཞེས་བྱ་བ་ནི་ཡིད་རླུང་གི་རྟེན་ཏོ། །ལ་ཞེས་བྱ་བ་ནི་ཡིད་དོ། ། ཞེས་བྱ་བ་ནི་ཡིད་ཀྱི་དམིགས་པ་སྟེ་ཐིག་ལེ་ཙམ་མོ། །ས་ཞེས་བྱ་བ་ནི ་ཐིག་ལེ་ཡིན་ནོ། །མ་ཞེས་བྱ་བ་ནི་ནོར་བུ་སྟེ་རྡོ་རྗེ་ཡིན་ལ། །དེ་ནི་ཧའི་ཡི་གེ་ཡོངས་སུ་གྱུར་པ་ཉིད་དོ། །ཡང་ནོར་བུ་དེར་ཧའི་ཡི་གེ་སྦྱར་བར་བྱས་ལ། དེ་ནི་གང་ཞིག་གནས་པ་ནི་བྱང་ཆུབ་ཀྱི་སེམས་ཡིན་ནོ། །ཱ ་ཞེས་བྱ་བ་ནི་པདྨའོ། །མ་ཞེས་བྱ་བ་ནི་དེའི་ལྟེ་བའི་ནོར་བུའོ། །དེ་རུ་གང་ཞིག་ཏུ་གྱུར་པ་དེ་དག་གི་ཁུ་བའོ། དེ་དག་གིས་ཐིག་ལེ་ཙམ་ནི་རང་གི་རིག་པའོ་ཞེས་བྱ་བའོ། །ས་ཞེས་བྱ་བ་ནི་ཐམས་ཅད་དུ་ཁྱབ་པའོ། །ད་ཞེས་བྱ་བ་ནི ་འཁོར་ལོ་བཞི་རྣམས་ཀྱི་འདབ་མའོ། །བ་ཞེས་བྱ་བ་ནི་ལྟེ་བ་ཡིན་ལ། འཁོར་ལོ་བཞིའི་ས་བོན་གྱི་ཡི་གེ་སྟེ། ཨོཾ་ཨཱ:ཧཱུཾ། ཨོཾ་གྱི་ཡི་གེ་བཞིའི་སྒྲ་ཐིམ་པར་བྱ་ཞིང་ཨེ་ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་སྤྲུལ ་པའི་འཁོར་ལོར་དེའི་ཐིག་ལེའོ། །ད་ཞེས་བྱ་བ་ནི་འདིས་བཏུལ་བའོ། །གཞན་ཡང་ར་ཞེས་བྱ་བ་ནི་མེའི་ས་བོན་ཡིན་ནོ། །ཡང་ན་ཅིག་ཤོས་གཞན་ཡང་ངོ། །ཡ་ཞེས་བྱ་བ་ནི་ཡི་དམ་རྣལ་འབྱོར་བཞིའི ་ས་བོན་ནི། །ོ་ཞེས་བྱ་བ་ནི་ཨོཾ་འམ་ཚངས་པའི་ས་བོན་ནོ། །ག་ཞེས་བྱ་བ་ནི་གཽ་རཱི་ལ་སོགས་པ་རྣམས་ཀྱི་ས་བོན་ཏེ། གཾ་ཙཾ་བཾ་གཾ་བཾ་སཾ་ལཾ་ཌཾ་ཨཾ་ཨཱ་ལ་སོགས་པའི་ཡི་གེ་བཅུ་བཞི་ས་བོན་ཏེ། སྦྱོར་བ ་འདིས་འདི་ལྟར་རྣམ་པར་བསམ་ན་རྣལ་འབྱོར་པས་རང་གི་འདོད་པ་རྙེད་པར་འགྱུར་ཏེ། རྡོ་རྗེ་སྒྲོལ་མཛད་ཀྱི་བཀའ་དྲིན་གྱིས་སོ། །བ་ཞེས་བྱ་བ་ནི་མཆོག་གི་ཡི་གེ་འདིའོ། །ཛ་ཞེས་བྱ་བ་ནི་འགྲོ་བ་རྣམས་ཀྱིས་སོ། །ར་ཞེས ་བྱ་བ་ནི་འདི་ཉིད་ཀྱིས་འགྲོ་རྣམས་ཀྱིས་བསྲུང་བའོ། །ག་ཞེས་བྱ་བ་ནི་གང་གིས་སོ། །ཀ་ཞེས་བྱ་བ་ནི་གང་ལ་ཀ་ཞེས་བྱ་བ་ནི་ཇི་ལྟར་ཏེ། ཨོཾ་ཞེས་བྱ་བ་ནི་ཨོཾ་ལིས་ཨོ་ལི་ལ། ཇི་ལྟར་ཨོ་ལི་ལ་ཨོ་ལིའི་སྒྲས་ནི་ཡང ་དག་པའི་རིམ་པས་ཞེས་བྱ་བ་དང། ཡང་དག་པའི་རིམ་པ་ལ་ཡང་དག་པའི་རིམ་པར་འཐོབ་པོ་ཞེས་བྱ་བ་སྟེ་ལྷག་པར་སྡུད་པའོ། །ལ་ཞེས་བྱ་བ་ནི་ཐིམ་པ་ཡིན་ལ། པདྨ་དང་རྡོ་རྗེ་དང་ཀུནདུ་རྣམས་སུའོ། །པདྨ་ནི ་སྤྲུལ་པ་ཡིན་ལ་དེར་ཐིམ་པའོ། །རྡོ་རྗེ་ནི་སྣ་རྩེ་ཡིན་པས་དེར་ཐིམ་པ་ཡིན་པ། ཉུངས་ཀར་དཀར་པོ་ཕྲ་བའི་ཐིག་ལེར་རྣམ་པར་བསམ་པའོ། །ཀུནདུ་རུཾ་ནི་འགྲོ་བ་དང་འོད་བ་སྟེ། དེར་ཐམ་པར་ཡིན་ཞིང་སེམས་བཞག ་ལ་འགྲོ་འོང་བྱ་བ་ཡིན་ནོ། །གཞན་ཡང་ཀ་ཡིག་གསུམ་གྱིས་ལུས་དང་དག་ཡིད་གསུམ་ངེས་པར་བསྟན་ལ། དེ་རྣམས་གཅིག་པ་ནི་བྱང་ཆུབ་ཀྱི་སེམས་ཞུ་བ་ཡིན་ཏེ། དེ་ཡང་ཨོའི་ཡི་གེས་རྡོ་རྗེའི་སྒོ་གང་དུ་གྱུར ་པ་དེ་ལྟ་ནི་ན་ཐིམ་པ་ཡིན་ནོ། །བཤད་པའི་རྣམ་གྲངས་བཞི་པའོ།། །།ཆང་ནི་བསྒོམ་པ་སྟེ་ཤེས་རབ་ནི་བཏུད་པའོ། །སྟོབས་ན་ཤེས་རབ་དེའི་སྟོབས་སོ། །མོ་ལ་ཡ་ཛཾ?་ནི་དམ་ཚིག་སེམས་དཔལ་? ་ཡེ་ཤེས་སེམས་དཔའ་གཅིག་ཏུ་བྱའོ། །ཁེ་ཊ(རྒྱུད་འགྲེལ་རུས་པའི་རྒྱན་ནོ། །ཀི་པཱི་ཊ་ནི་སྔགས་ཀྱི་བརྡའོ། །དུ་དྷུ་ར་ནི་ང་རྒྱལ་ཕལ་པའོ། །ཀཱ་ལིཉྫ་ར་ནི་ལྷའི་ང་རྒྱལ་བྱས་པའོ། །ཌིཎྜི་མཾ་ནི་བཅོམ་ལྡན་འདས་མའི་ཆོས་ཀྱི་འབྱུང་གནས་ཀྱི་མཛའ་ཨི་བུག་པའོ། །པདྨ་བྷཱ་ཛ་ནི་ནི ་བཅོམ་ལྡན་འདས་ཀྱི་ཐོད་པ་བཅུ་དྲུག་ཡིན་པ། བཅོམ་ལྡན་འདས་མའི་ཐོད་པ་གཅིག་པོ་འམ་བྷ་ག་ཉིད་དོ། །ཏྲི་པི་ཏ་ག་རི་ནི་ཟུང་འཇུག་དུ་ཡང་དག་པར་སྦྱོར་བའི་སྦྱོར་པ་འམ། བཅོམ་ལྡན་འདས་མའི་ཁུ་པའོ། །མ ་ལ་ཏིནདྷ་ནཾ་ནི་དཀྱིལ་འཁོར་གྱི་དབང་ཕྱུག་དང། དཀྱིལ་འཁོར་བ་ཐ་དང་དུ་ངེས་པར་བལྟ་བའོ། །བཞི་མཉམ་ནི་འབྱུང་བ་བཞི་མཉམ་པ་ཉིད་ལས་ཡོངས་སུ་གྲུབ་པའི་ཁང་བུའོ། །གླ་རྩི་ནི་ཞུ་བར་གྱུར་པའོ། །སིཧཱ་ནི ་བཅོམ་ལྡན་འདས་མའི་ས་བོན་ཨཾ་དོ། །ཀཔྤཱུ?་ནི་བཅོམ་ལྡན་འདས་ཀྱི་ས་བོན་ཧཱུཾ་དོ། །ས་ལི་ཛེཾ་ནི་སླར་བཞིན་གཉི་གའི་གཟུགས་རྫོགས་པའོ། །ཀུནདུ་རུ་ནི་མཁའ་འགྲོ་དང་མཁའ་འགྲོ་མའི་གསང་བ་གཉིས་སྦྱོར ་བཞིན་པའོ། །བོ་ལཱ་ནི་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པས་རྒྱས་བཏུབ་པའོ། །རིམ་པ་འདིས་འགྲོ་བའི་རྟེན་གྱི་གནས་བདེ་བ་ཆེན་པོ་བསྲུང་བ་བཅོམ་ལྡན་འདས་ཀྱིས་སྤྲུལ་པའི་སྐུ་སྟོང་པའི་རང ་བཞིན་བདེ་པ་ཅན་ཞེས་བྱ་བ་ཀཀྐོ་ལཱ་ཞེས་བྱ་བའི་བརྡས་སོ། །བཤང་པའི་རྣམ་གྲངས་ལྔ་པའོ།། །།ཆང་ནི་མ་རིག་པས་མྱོས་པ་ཡིན་ལ། བཏུད་པ་ནི་གཞོམ་པའོ། །ཤ་ནི་ང་རྒྱལ་པ་ལ་པས་དྲེགས ་བ་སྟེ། དེ་ཡང་བཟའ་ཞིང་ལྡང་བར་བྱ་བའོ། །བསྡུ་བ་ནི་དམ་པ་རྣམས་དང་འཚོག་པའོ། །འགྲོ་བ་ནི་བདེ་འགྲོའི་བྱ་བའོ། །རོ་ནི་བདག་མེད་པའི་ཆོས་རྟོགས་པའི་བྱ་བའོ། །རུས་པའི་རྒྱན་ནི་དཀའ་བའི་སྤྱོད་པས ་ལུས་རུས་པའི་དྲ་བ་ཙམ་འབའ་ཞིག་ཏུ་བྱེད་པའོ། །འོང་བ་ནི་ཡུལ་ལ་མི་བལྟོས་པའོ། །རྡེའུ་ཆུང་ནི་འགྲོ་བ་འདི་དག་སྒྲ་བརྙན་ལྟ་བུར་མོས་པར་བྱ་བའོ། །སྐལ་མིན་ནི་མི་དགེ་པ་བཅུའོ། །སྐལ་ལྡན་ནི་དགེ་བ་ཡིན་ནོ། །རེག་མིན་ནི ་སྟོང་པ་ཉིད་ཀྱི་བསམ་གཏན་ནོ། །ཀ་པཱ་ལ་ནི་སྐུ་གཉིས་སྐྱོང་བ་ཡིན་ཏེ། ཆོས་དང་བདེ་བ་བསྲུང་བ་ཞེས་བྱ་བའོ། །བཟའ་བ་ནི་བླ་མ་ལ་གུས་པས་བསྟེན་པའོ། །ཆོད་མ་ནི་གཅིག་དང་དུ་མའི་ཆང་རང་གི་སེམས་ཡོངས་སུ་སྨིན་པའོ།། ་དྲི་ཆེན་ནི་རྣམ་པར་སྣང་མཛད་དོ། །གཅི་བ་ནི་མི་བསྐྱོད་པའོ། །རང་བྱུང་ནི་རིན་ཆེན་འབྱུང་ལྡན་ནོ། །ཀཔྤཱུ?་ར་ནི་འོད་དཔག་མེད་དོ། །ཤ་ཆེན་ནི་དོན་ཡོད་གྲུབ་པའོ། །འདི་རྣམས་གཅིག་ཏུ་གྱུར་པའི་དངོས་པོ་ལ་བདག་ཉིད ་དའི་བདག་ཉིད་ཡིན་ནོ་ཞེས་མོས་པར་བྱ་བ་སྟེ། འདི་དབ་སྙོམས་པར་ཞུགས་པར་བྱའོ། །བདུད་རྩི་བཟའ་བ་ཡང་འདི་ཉིད་ཁོ་ནིའོ། །དབང་པོ་གཉིས་སྦྱོར་ནི་དབང་པོ་རྣམས་ཡིད་ཙམ་མོ་ཞེས་སྦྱར་བར་བྱའོ། །རྡོ ་རྗེ་ནི་སྒྲིབ་པ་ཐམས་ཅད་ཀྱི་ངོ་བོའི་ཕྱོགས་སྟོང་པ་ཉིད་ཀྱིས་གཅོད་པའོ། །པདྨ་ནི་འཁོར་ལོ་བཞི་ལ་ཀུན་ནས་བལྟ་བ་ཡིན་ཏེ། བདག་ནི་རང་བཞིན་གྱིས་སྤྲུལ་པ་ཡིན་ནོ། །ཞེས་པ་ནི་སྤྲུལ་པ་ཀུན་ནས་བལྟ་བའོ། །བདག ་ནི་རང་བཞིན་གྱིས་ཆོས་སོ་ཞེས་པ་ནི་ཆོས་ལ་ཀུན་ནས་བལྟ་བའོ། །བདག་ནི་རང་བཞིན་གྱིས་ལོངས་སྤྱོད་རྫོགས་པའོ་ཞེས་པ་ནི་ལོངས་སྤྱོད་རྫོགས་པ་ལ་ཀུན་ནས་བལྟ་པའོ། །བདག་ནི་རང་བཞིན་གྱིས་བདེ་བ་ཆེན་པོའི ་ཞེས་པ་ནི་བདེ་བ་ཆེན་པོ་ནི་ཀུན་ནས་བལྟ་བ་ཡིན་པས་འཁོར་ལོ་བཞི་ལ་ཀུན་ནས་བལྟ་བ་སྟེ། ཀུན་ནས་བལྟ་བ་འདིས་རྣལ་འབྱོར་པ་རྣམས་གནས་པར་བྱའོ་ཞེས་པ་ནི་བཤད་པའི་རྣམ་གྲངས་དྲུག་པ་ཡིན་ལ། གཞུང་དུ་བཤད་པ་ནི་བཤད ་པའི་རྣམ་གྲངས་བདུན་པའོ། །དགོངས་བཤད་རྣམ་གྲངས་བདུན་པ་ནི། །ཡན་ལག་བདུན་གྱིས་དག་སྟེར་བ། །མུ་ཏིག་ཕྲེང་བཞིན་མགྲིན་པ་ལ། །སྐྱེས་མཆོག་རྣམས་ཀྱིས་དོན་གཞོལ་བྱ། །མཁའ་འགྲོའི་དགོངས་པ་བསྟན་པ་ལ། ། ་མཁས་པ་གང་ཞིག་ང་རྒྱལ་གྱིས། །རྨོངས་ནས་སུན་ནི་འདུན་བྱེད་པ། །དེས་སྨད་མཁའ་འགྲོ་མཁའ་འགྲོ་མ། །རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས་བཤད་པ་རྣམ་གྲངས་བདུན་གྱི་ལེའུ་སློབ་དཔོན་འཕགས་པ་ཀླུ་གྲུབ་ཀྱི་མཛད ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མཉྫུ་གྷོ་ཥ་དང། བོད་ཀྱི་ལོཙྪ་བ་དགེ་སློང་ཤེས་རབ་གྲགས་ཀྱིས་ཡེར་པའི་དབེན་གནས་སུ་བསྒྱུར་བའོ།། །། *་།གླུའི?་དེ་ཁོ་ན་ཉིད་ཞེས་བྱ་བ་བཞུགས། ། ་དངོས་པོ་སུམ?་རྙེད་པར་ནུས། དེ་བས་ན་མཆོག་གི་དགའ་བའི་མར་མེ་དགོས་སོ། །གང་གི་ཕྲ་མོའི་དངོས་པོ་རང་བཞིན་དགའ་བ་རྙེད་པ་ཞེས་བདག་གིས་དགོས་པའོ། །ཇི་ལྟར་རྙེད ་པའི་མན་ངག་གི་དོན་བདག་གིས་བཤད་དེ། དང་པོ་སྲུབ་དང་བསྲུབ་ཐབས་ཀྱི་གཏུམ་མོའི་སྦྱོར་བ་ལས་རྡོ་རྗེ་རྩ་བར་དགའ་བ་ཚོར་བར་བྱའོ། །རྩ་བ་ལས་སྐེ་རུ་མཆོག་གི་དགའ་བ་སྐེ ་