CLOSE WINDOW

N1128: dpal ye shes thig le'i dka' 'grel gsang ba'i de kho na nyid ces bya ba
Wyliee-texts based on the ACIP/ALL Input

ནི་འབྲས་བུ་དགའ་བ་ཞེས་པ་ཐོབ་བོ། །གསང་པའི་དབང་བསྐུར་མགྲིན་པ་རུ། །མངོན་པར་དགའ་བ་བདག་ཉིད་མཆོག་།ཅེས་པ་ནི་དག་ཐམས་ཅད་སྐེ་ནས་འབྱུང་ལ། དེར་གསང་བའི་དབང་བསྐུར་བས་འབྲས་བུ་མཆོག་གི་དགའ་བ་ཐོབ་བོ། །ཤེས་རབ ་ཡེ་ཤེས་ཀྱི་ནི་དབང། །སྙིང་ག་རུ་ནི་ཆད་བདག་ཉིད་ཅེས་པ་ནི་རྒྱུ་ཡེ་ཤེས་ལས་འབྲས་བུ་ཆད་པའི་དགའ་བ་སྟེ། དེ་ཡང་གནས་སྙིང་ག་རུ་ཡེ་ཤེས་ཉམས་སུ་མྱོང་བས་རྟོགས་པ་ལ་སོགས་པས་གཟུང་འཛིན་ཐམས་ཅད་ཆད་ནས། ཡེ་ཤེས་ལ་གནས ་པའོ། །གསང་པའི་པདྨའི་ལྟེ་བ་རུ། །བཞི་པ་རང་བཞིན་ངོ་བོར་གྲགས། །ཞེས་པ་ནི་གསང་པར་སངས་རྒྱས་རིན་པོ་ཆེའི་སྣོད་ཀྱི་དབུས་སུ་དབང་བཞི་པ་བསྐུར་བའི་རང་བཞིན་དགའ་བའི་འབྲས་བུའོ། །དེ་ལྟར་དབང་ནི་བཞི་རུ་དབྱེ། ཞེས་པ་ནི་རྒྱུ་འབྲས་ལ ་སོགས་བའི་དབང་གི་དབྱེ་བ་མདོར་བསྡུས་བ་བཞི་རུ་དབྱེ་བ་ཡིན་ནོ། །བསྐྱེད་པའི་རིམ་པའི་ཕྱོགས་ཡིན་ནོ། །ཞེས་པ་ནི་དེ་ཡན་ཆད་ཀྱི་དབང་གཅུག་ནས་གཅིག་ཏུ་ཡེ་ཤེས་སྐྱེ་བས་བསྐྱེད་པའི་ཕྱོགས་སོ། །ཆུའི་དབང་ནི་མདོམས་སུ་སྟེ་ཤེས་པ་ནི་གོ་སླའོ། །འདིས ་འབྲས་བུ་ཙམ་བསྟན་ཏེ། སྣ་ཚོགས་འབྲས་བུ་སྦྱིན་པའི་ཞེས་ནི་འོ་དང་འཁྱུད་པ་ལ་སོགས་པའི་དགའ་བ་སྣ་ཚོགས་ཀྱི་འབྲས་བུ་དགའ་བ་དང་པོའི་ཞེས་བསྟན་ནོ། །རྣམ་པར་སྨིན་པའི་འབྲས་བུ་སྟེར་ཞེས་པ་ནི་གསང་བའི་དབང་གི་འབྲས་བུས་?་གྱིས་དགའ་ ་བར་གྱུར་པ་ལས་མཆོག་གི་དགའ་བའོ། །རྣམ་པར་འཇོམས་པའི་འབྲས་བུ་སྟེར། ཞེས་བྱ་བ་ནི་མཚན་མ་ལ་སོགས་པའི་དངོས་པོ་ཐམས་ཅད་བཅོམ་ནས་ཆད་པའི་དགའ་བར་འགྱུར་རོ། །དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ཡིན་ལ། དེ་དོར?་བའི་?་བྱང ་ཆུབ་ཀྱི་སེམས་གསུམ་ལ། གསལ་བ་འདི་རང་གི་ཤེས་རབ་མའི་མཁའ་ལ་འགྲོ་བ་ནི་འདི་སྐད་བརྗོད་དོ། །ཤེས་རབ་པདྨའི་ཡིད་འགྲོའི་ཕྱིར། །རླུང་མ་དང་ནི་གཉིས་སྐྱའི་རྩ། །གཉིས་ཀ?་རྒྱས་པ་ཡིས་ན་བར?། །གྱེན་གྱི་ཡིན་ནི་ལམ་གྱིས་བཟློག་། ་དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ་སློབ་དཔོན་ཨཱ་ཙརྱ་ཛྙཱ་ན་ས་ར་མ་ཡིས་མཛད་བ་བཞུགས་སོ།། །།*། །རྒྱ་གར་སྐད་དུ། ཤྲཱི་ཛྙཱ་ན་ཏི་ལེ་ཀ་པཉྩི་ཀ་ནཱ་མ་གུ་ཧཡ་ཏེ་ཏ?། བོད་སྐད་དུ། དཔལ་ཡེ་ཤེས་ཐིག་ལེའི་དཀའ་འཕྲེལ།?་གསང་པའི་དེ་ཁོ་ན་ཉིད ་ཅེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་ཉིད་ལྔ་བརྒྱད་དྲུག་གི་བྱེ་བྲག་དེ་ཁོ་ན་ཉིད་ཤར། །རྡོ་རྗེ་སྙིང་པོ་བྷ་གར་སྤས་པ་དམ་པའི་བདེ་བ་ཆེ། །སྐུ་གསུམ་ཡེ་ཤེས་ལྔ་རྫོགས་བདེ་གཤེགས་ཀུན་གྱི་ཐུགས་རང་བཞིན། ་དཔལ་ལྡན་ཡེ་ཤེས་ཐིག་ལེ་ཁྱེད་ལ་སྒོ་གསུམ་དང་བས་འདུད། །ཐམས་ཅད་མཁྱེན་པས་གསུངས་པ་ལ། །བདག་བློ་གོ་སྐབས་མེད་མོད་ཀྱི། །གཞན་གྱིས་འདིར་ནི་བསྐུལ་བའི་ཕྱིར། །གསང་བའི་དེ་ཉིད་དཀའ་འགྲེལ་བརྩམ། །ཤེས་རབ་ཆུང་བའི ་སེམས་ཅན་རྣམས། །རིགས་པ་ངན་པ་ཆོས་ཀྱི་བློས། །ཇི་ལྟར་གསུངས་ལ་མ་གསུངས་སྨྲ། །དེ་བཞིན་འདིར་ཡང་གསུངས་མོད་ཀྱང། །སེམས་ཅན་བསམ་པའི་ཁྱད་པར་གྱིས། །ཞལ་ནས་གསུངས་པའི་ཆོས་ལ་ཡང། །དགའ་ཞིང་དད་པའི ་ཕྱོགས་སུ་འཇུག་།དེ་བཞིན་འདི་ལ་ཡང་འཇུག་གོ་།དེ་བས་ཉོན་མོངས་དབང་བྱུང་པའི། །འདི་འདོད་སེམས་ཅན་རྣམས་ལ་ནི། །བརྩེ་བའི་དབང་གིས་གསང་བ་ཡི། །དེ་ཁོ་ན་ཉིད་བཤད་པར་བྱ། །འདིར་རྒྱུད་ཀྱི་དོན་དེ་ཡང་དགོས་འགྲེལ་རྣམ ་པ་ལྔས་བསྟན་ཏེ། ཅིའི་ཕྱིར་ཞེ་ན། ཆོས་ཀྱི་རྗེས་སུ་འབྲང་བའི་གང་ཟག་དང། གང་ཟག་གི་རྗེས་སུ་འབྲང་བ་གཉིས་ལས། སྔན?་མ་འཇུག་པར་བྱ་བའི་ཕྱིར། དེ་རྣམས་བསྟན་པར་བྱའོ། །དེ་ལ་རྒྱུད་འདི་དབུ་ནས་ཞབས་ཀྱི་བར་གྱི། ཚིག་དང ་ཡི་གེའི་ཚོགས་ནི་རྗོད་པར་བྱེད་པའོ། །བཅོམ་ལྡན་འདས་དཔལ་ཡེ་ཤེས་ཐིག་ལེ་སྐུ་གསུམ་དང། ཡེ་ཤེས་ལྔའི་བདག་ཉིད་རྣམས་བརྗོད་པར་བྱའོ། །དེ་རྣམས་བརྗོད་པར་བྱ་བ་དང། །རྫོད་པར་བྱེད་?་བྲེལ་བའོ། །དེར་གདུལ་བྱ་རྣམས་ལ་བསྐྱེད ་རིམས་ལ་སོགས་པའི་ཐབས་བསྟན་པས་དགའ་པར་བྱས་ཤིང་འཇུག་དགོས་ནི་དགོས་པའོ། །ཡང་ཞུགས་ནས་གྲུབ་པའི་མཐར་ཕྱིན་པ་འདི་ནི་དགོས་པའི་ཡང་དགོས་པའོ། །འདི་སྐད་བདག་གི་ཞེས་བྱ་བ་ལ་སོགས་པ་ལ། འདི་སྐད་ཅེས་བྱ ་བ་ནི་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པའི་དོན་དེ་ཡང་དག་པར་སྟོན་པའི་ཚིག་གིས་སོ། །བདག་གིས་བྱ་བ་ནི། སྡུད་པ་པོ་ལྷའི་དབང་ཕྱུག་གིས་ཞེས་འབྲེལ་བའོ། །དེའི་དོན་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་སྡུད་པོ ་པོས། །ཇི་ལྟ་བ་བཞིན་དུ་མངོན་སུམ་དུ་ཐོབ་པ་ནི། འདི་སྐད་བདག་གིས་ཐོས་པའི་དོན་ཏོ། །དུས་གཅིག་ན་ཞེས་བྱ་བ་ནི། འདས་པ་ལ་སོགས་པའི་དུས་བཀལ་པ་ཡིན་ཏེ། །རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་བདག་ཉིད ་བཙུན་མོའི་བྷ་ག་ལ་བཞུགས་པའི་དུས་ནའོ། །དེ་ཡང་དྲང་བའི་དོན་གྱིས་རྒྱུད་འདི་འབྱུང་བར་དཀའ་བ་དང། སྡུད་པ་པོ་ཤེས་རབ་ཆེ་བ་ལ་སོགས་པར་བསྟན་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི། བདུད་རྣམ་པ་བཞི་བཅོམ་པ་དང་དབང་ཕྱུག་ལ ་སོགས་པའི་ལེགས་པའི་ཡོན་ཏན་རྣམས་དང་ལྡན་པ་ཡིན་ནོ། །ཇི་སྐད་དུ་དབང་ཕྱུག་དང་ནི་གཟུགས་བཟང་དང། །དཔལ་དང་གྲགས་དང་ཡེ་ཤེས་དང། །བརྩོན་འགྲུས་ཕུན་ཚོགས་བཅོམ་ལྡན་འདས། །ཡང་ན་མི་མཐུན་པའི་བདུད་དེ་ཀུན ་བཅོམ་ནས། བཅོམ་ལྡན་འདས་ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀྱི་དབང་གིས་འཁོར་བ་དང། མྱ་ངན་ལས་འདས་པའི་སྐྱོན་གྱིས་མ་གོས་པར་གཤེགས་པའི་རྣམ་པར ་སྣད་མཛད་ལ་སོགས་པའི་སངས་རྒྱས་རྣམས་སོ། །ཐམས་ཅད་ཅེས་བྱ་བ་ནི། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མངའ་བརྙེས་པའི་དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་ཀྱི། སྐུ་དང། གསུང་དང། ཐུགས་ཀྱི་ཡེ་ཤེས་ཀྱི ་རང་བཞིན། བཅོམ་ལྡན་འདས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་སོ། །དབྱེར་མེད་པའི་ཕྱིར་རྡོ་རྗེའི་མཚན་ཉིད་འཛིན་པའི་སྐུ་བདེ་བ་ཆེན་པོ་ཉིད་དོ། །ཇི་སྐད་དུ། དེ་བཞིན་གཤེགས་ཉིད་དཔལ་དང་ལྡན། །དེ་བཞིན་གཤེགས་ཤིང་བྱོན་པའོ?། ་རིགས་ལྔའི་བདག་ཉིད་སངས་རྒྱས་རྣམས། །ཐམས་ཅད་དེ་བཞིན་གཤེགས་པའོ། །ཞེས་གསུངས་སོ། །དཔའ་བོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་བདུད་དང་མུ་སྟེགས་ལ་སོགས་པའི་ཕྱིར་རྒོལ་བའི་ཚོགས་ཐམས ་ཅད་བཅོམ་ཞིང་ཞི་བར་བྱེད་པའི་ཕྱིར་ན་དཔའ་བོའོ། །འདི་སྐད་དུ། ཕྱིར་ལ་རྒོལ་བཅོམ་དཔའ་བོ་སྟེ། །དེ་བཞིན་སྐྱེ་རྒ་ན་འཆི་ཡི། །སྡུག་བསྔལ་ཞི་བར་བྱེད་པས་ན། བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཞེས་གསུངས་སོ། །དཔའ་མོ་ཞེས་བྱ་བ་ནི་དེ ་བཞིན་དུ་འདིར་ནུ་མ་དང། མཚན་མ་ལ་སོགས་པའི་ཁྱད་པར་བྱས་པའི་བུད་མེད་ཀྱི་གཟུགས་ཀྱིས་བཞུགས་པ་སྟེ། ཟླ་མ་ལ་སོགས་པའི་དཔའ་མོ་རྣམས་སོ། །ཐབས་དང་ཤེས་རབ་ཀྱི་རྣམ་པའི་གཟུགས་འཛིན་པའི་དཔའ་བོ་ཆེན་པོ་དང། དཔའ་ ་མོའི་དབང་ཕྱུག་མས། བཅོམ་ལྡན་འདས་ལ་རྣམ་པར་བསྐོར་ནས་བཞུགས་སོ། །བཙུན་མོ་ནི་རྡོ་རྗེ་བཙུན་མོ་རྣམས་ཏེ། སངས་རྒྱས་སྤྱན་དང་མཱ་མ་ཀཱི་ལ་སོགས་པ་རྣམས་སོ་བཙུན་མོ་དང་བྷ་ག་དང། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་སྐུ་དང་གསུང་དང་ཐུགས་སྙིང་པོ་རྡོ་རྗེ་ཉིད་ཅེས་བྱ་སྟེ། ཁྱད་པར་གྱི་བསྡུ་བའོ། །བཞུགས་ཞེས་བྱ་བ་ནི། བཅོམ་ལྡན་འདས་དང། འཁོར་ཁྱད་པར་དུ་གྱུར་པ་དཔའ་བོ་ལ་སོགས་པ་རྣམས་དང་ལྷན་ཅིག་ཆོས་ཀྱི་འབྱུང་གནས་གྲུ་གསུམ་དཀར ་པོ་ནང་སྟོང་པ། འོག་ཕྲ་ལ་སྟེང་ཡོངས་སུ་རྒྱས་པའི་ནང་གི་གཞལ་ཡས་ཁང་ན་བཞུགས་སོ། །ཡང་ན་འདི་སྐད་བདག་གིས་དེ་ཉིད་གསུམ། །བདག་ཉིད་དང་ནི་བཅས་པ་སྟེ། །རང་བཞིན་བཞི་ཡི་རྣམ་པར་ནི། །དོན་དམ་པར་ནི་ཤེས་པར་བྱའོ། །ཐོས ་བའི་?་བདེ་མཆོག་དེ་ནི་ནམ་བཞིན་དུ་མཆོག་གཅིག་ཅེས་བྱ་བ་གཞན་མཆོག་གོ་།སྲིད་དང་མྱ་ངན་འདས་དང་བྲལ། །དུས་ནི་ཕྱག་རྒྱ་ཆེན་པོར་བཤད། །བསྐྱེད་པ་དང་ནི་རྫོགས་པ་སྤངས། །བཅོམ་ལྡན་འདས་ནི་མཛའ་ཞེས་བསྟན། །དང་?། ཉམས་སུ་མྱོང་བའི ་དངོས། །ཐམས་ཅད་བསྟོད་པ་ཡེ་ཤེས་གསུམ། །དེ་ཉིད་ཀྱིས་ནི་སྤངས་པའོ། །དེ་བཞིན་གཤེགས་ནི་རྣམ་འབྱེད་གྲགས། །དང་པོའི་གནས་ནི་གྲུབ་པར་བྱེད། །སྐུ་ནི་དགའ་བའི་དངོས་པོར?་གྲགས། །དབང་པོ་གཉིས་བྱུང་དང་པྲལ་བའོ། ། ་གསུང་ནི་མཆོག་གི་དགའ་བར་བསྟན། །དམ་ཚིག་ལས་བྱུང་གིས་ནི་སྤངས། །ཐུགས་ནི་ཆད་པས་དགའ་བ་སྟེ། །ཡེ་ཤེས་ལས་བྱུང་གིས་ནི་སྤངས། །རྡོ་རྗེ་དང་ནི་རང་བཞིན་དགའ་། །རང་བཞིན་གྱིས་ནི་རྟོག་པ ་བྲལ། །དཔའ་བོ་ཆེན་པོ་ཟླ་བའི་དངོས། །ཞུ་བ་ཆད་པ་སྤངས་པའི་གཟུགས། །དཔའ་མོ་དབང་ཕྱུག་མ་བདེ་བསྟེན། །དང་པོའི་བདུད་རྩི་ལས་སྐྱེས་པའོ། །རྣམ་སྐོར་ཡན་ལག་ཐམས་ཅད་ཀྱིས། །ཁྱབ་པ་ཆུ་ཡི་པདྨ་བཞིན། །ཤེས ་རབ་དེ་ནི་ཚངས་པའི་གནས། །ཚངས་པ་ཡེ་ཤེས་འཛིན་པའི་ཕྱིར། །བྷ་ག་བདུད་ནི་འཇོམས་པའི་ཕྱིར། །ཡང་ན་ལོངས་སྤྱོད་མྱོང་བས་སོ། །བཞུགས་པ་ཉིད་ཀྱི་མཚན་ཉིད་དེ། །དེ་བཞིན་གནས་པ་ཡང་ན་གཤེགས། །དེ་ལྟ་བུ་ཡི ་དོན་དུ་ནི། །འདི་སྐད་བདག་གིས་སོགས་པར་བསྟན། །ཅེས་གསུངས་སོ། །གཞན་ནི་འདི་སྐད་བདག་གིས་ལ་སོགས་པའི་དོན་ནི། ཕྱི་དང་ནང་གསང་བ་དེ་ཁོ་ན་ཉིད་བཞིར་ཕྱེ་ནས་བསྟན་ཏེ། དེ་སྐད་དུ། ཕྱི་དང་ནང་དང་དེ་བཞིན་གསང།། ་དེ་ཉིད་དོན་དང་རྣམ་པ་བཞིར། །དཀྱིལ་འཁོར་དང་ནི་ལུས་དང་ཡང། །ལས་ནི་ཕྱག་རྒྱ་རང་བཞིན་མེད། །ཅེས་གསུངས་པ་བཞིན་བཤད་ཟེར་རོ། །ཡང་གཞན་དག་ནི། འདི་སྐད་བདག་གིས་ལ་སོགས་པ་ཞེས་བྱ་བ་ནི། ཕྱི་ལ་སོགས ་པའི་དོན་འདི་སྐད་བསྟན་དགོས་པ་གསལ་བར་གསུངས་ཏེ། ཨེ་ཡི་ཡི་གེ་ས་ཞེས་བྱ། །ལས་ཀྱི་ཕྱག་རྒྱས་སངས་རྒྱས་སྤྱན། །སྙིང་རྗེ་ཆེན་པོ་དང་ནི་ཐབས། །སྣ་ཚོགས་དངོས་དང་སྣ་ཚོགས་སྤྱོད། །ལྟེ་བར་སྣ་ཚོགས་ཆུ་སྐྱེས་ཀྱི།། ་སྤྲུལ་པའི་འཁོར་ལོ་ལ་གནས་པའོ། །ཡི?་གི་ཡི་གེ་ཆུར་ཤེས་བྱ། །ཆོས་ཀྱི་ཕྱག་རྒྱ་མཱ་མ་ཀཱི། །བྱམས་པ་ཆེན་པོ་སྨོན་ལམ་ལས། །རྡོ་རྗེ་རིགས་ཀྱི་ལྷ་མོ་ཏེ། །སྙིང་གར་ཆུ་སྐྱེས་འདབ་མ་བརྒྱད། །ཆོས་ཀྱིས་འཁོར་ལོའི ་དབུས་ན་གནས། མ་ཡིག་མེ་རུ་བརྗོད་པའོ། །ཕྱག་རྒྱ་ཆེན་པོ་གོས་དཀར་མོ། །དགའ་བ་དང་ནི་སྟོབས་རང་བཞིན། །ལྷ་མོ་པདྨའི་རིགས་སུ་འབྱུང། །མགྲིན་བར་ཆུ་སྐྱེས་བཅུ་དྲུག་འདབ། །ལོངས་སྤྱོད་འཁོར་ལོའི་དབུས་གནས་པའོ། །ཡ་ཡིག་རླུང་དུ་ཤེས ་པར་བྱ། །དམ་ཚིག་ཕྱག་རྒྱ་དམ་ཚིག་སྒྲོལ། །བཏང་སྙོམས་ཡེ་ཤེས་སྦྱོར་བ་ལས། །ལས་ཀྱི་རིགས་ཀྱི་ལྷ་མོ་གཙོ། །སྤྱི་བོར་འདམ་སྐྱེས་སུམ་ཅུ་གཉིས། །བདེ་ཆེན་འཁོར་ལོ་ལ་གནས་པའི། །ཉོན་མོངས་ཐམས་ཅད་འཇོམས་མཛད་པ། །འཁོར་བ ་ལས་སྒྲོལ་སྒྲོལ་མར་བཤད། །ཅེས་བྱ་བ་དང། དེ་བཞིན་དུ་ཡང་རིགས་ཀྱི་བུ་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བའི་ཡི་གེ་འདི་དག་ཆོས་ཐམས་ཅད་ཀྱི་ཐོག་མར་བརྗོད་པ་ནི། རྟག་ཏུ་དག་པའི་ཕྱིར་ཡི་གེ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱུས་སྐྱེས་པ ་པོར་བྱེད་པ་གྲུབ་ཡིན་ནོ་ཞེས་གསུངས་སོ། །དེའི་ཕྱིར་ན་འདི་སྐད་བདག་གིས་ཐོས་པ་ལ་སོགས་པའི་དོན་རྒྱས་པར་བཤད་དགོས་ཟེར་རོ། །ཡང་གཞན་ཁ་ཅིག་ན་རེ་འདི་སྐད་བདག་གིས་ཐོས་པ་ལ་སོགས་པའི་དོན་དབྱེ་བར་མི་བྱ་སྟེ། དེ་རང་གི་དོན་ཇི་ལྟ་བ་བཞིན ་བསྟན་པ་ཡིན་གྱི། དེ་ཅིའི་ཕྱིར་ཞེ་ན། ལེའུ་དང་པོ་འདི་དང་གཉིས་པའི་སྣོད་དྲང་བ་དང་ངེས་པར་མ་ཕྱེ་བའི་ཕྱིར་ན། རྒྱུད་ཀྱི་དོན་ཇི་ལྟ་བ་བཞིན་དུ་བཤད་པར་བྱ་སྟེ། དེ་ཡང་སྟོན་པ་བཅོམ་ལྡན་འདས་ནི་རྟོགས་ཤིང་མཁྱེན་པ་དང་ལྡན་པའོ། །འཁོར་དང་སྡུས ་པ་པོར་བཅས་པ་རྣམས་ནི། ཉན་ཅིང་ཤེས་པར་འདོད་པའི་བསམ་པ་?་ཡིན་ནོ། །དེའི་ཕྱིར་འདི་སྐད་བདག་གིས་ཐོས་པ་ལ་སོགས་པའི་བདག་ཉིད་ཀྱི་དོན་ལ། དེ་མ་ཐག་ཏུ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་དབང ་ཕྱུག་ལ་བོས་ནས། དེ་ཁོ་ན་ཉིད་གསུམ་ལ་སོགས་པའི་ངོ་བོ་ལ་སོགས་པའི་གླེང་བསླང་བ་ཡིན་ཟེར་རོ། །དེ་དག་གིས་གཞུང་ལ་བདག་གི་ནི་ཡིད་ཆེས་པར་མི་བྱེད་དོ། །འོན་ཀྱང་གཞན་དད་པ་སྲིད་པས་དོར་བ་ཡང་མ་ཡིན་ནོ། །སློབ་དཔོན་ཆེན་པོ་ཨིནྡྲ་བྷཱུ་ཏི ་མན་ངག་གིས་གསུངས་པ་བཞིན་བདག་འཛིན་ཏེ། དེ་ཡང་དྲང་བའི་དོན་དང་ངེས་པའི་དོན་དུ་དབྱེའོ། །དེ་སྐད་དུ། ངེས་དང་དྲང་དོན་བྱེ་བྲག་ཏུ། །འདི་སྐད་བདག་གིས་ལ་སོགས་བཤད། །ཅེས་རྒྱུད་ལས་གསུངས་སོ། །དེར་དཔལ ་ནམ་མཁའ་དྲི་མེད་ཅེས་བྱ་བ་ནི་ཡང་དག་འོད་རབ་ཉིད་ལས་སྟོན་པ་དང། འཁོར་གྱི་བྱེ་བྲག་གི་གཟུགས་ཀྱིས་སྤྲུལ་ནས། སེམས་ཅན་གྱི་དོན་མཛད་པ་དང། དེ་བཞིན་དུ་ཡང་གདུལ་བྱ་ལ་དགོངས་ནས། རྩའི་དབུས་སྟོང་པའི་ནམ་མཁས་ཀྱང། ་བསྟན་པ་ནི། དེར་དཔའ་བོ་ཆེན་པོ་དང། །དཔའ་མོར་བཅས་པའི་བཞུགས་གནས་དེ་རུའོ། །དེ་དཔའ་བོ་ཆེན་པོ་བྱང་ཆུབ་སེམས་དཔའ་ནམ་མཁའ་དྲི་མེད་དང་ཞེས་བྱ་བ་ལ་སོགས་པའི་འཁོར་མཆོག་ཏུ་གྱུར་པ་དཔའ་བོ་དང། དཔའ་མོ་རྣམས ་ཀྱང་ཚུལ་ཇི་ལྟ་བ་བཞིན་བཞུགས་ཞེས་བྱ་བའི་ཐ་ཚིག་གོ་།འདིར་དེ་རྣམས་ཀྱི་མཚན་དང་གྲངས་བཤད་པ། དཔལ་ནམ་མཁའ་ཨི་དྲི་མེད་དང། ཤིན་ཏུ་རྩལ་ཆེ་དང་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ཁ་དོག་དང་དབྱིབས་ལ་སོགས་པའི་རྡོ་རྗེ ་འདི་རྣམས་འོག་ནས་གསུངས་པས་འདིར་རྣམ་པར་བཤད་པ་གསལ་བར་མ་བྱས་སོ། །དེ་ལྟ་བུའི་ཞེས་བྱ་བ་ནི། མཚན་དང་གྲངས་བསྟན་པ་སྟེ་དེ་རྣམས་སོ། །རབ་ཞལ་ལ་སོགས་པ་ནི། དཔལ་ནམ་མཁའ་དྲི་མེད་ལ་སོགས་པའི་དབང་པོ ་བཅུ་དྲུག་པོ་རྣམས་དང། དཔའ་བོ་སུམ་ཅུ་གཉིས་པོ་ཀུན་ནོ། །དེ་རྣམས་ཀྱི་རྣམ་པར་དག་པ་ནི། འཁོར་ལོ་བཞི་པ་རྣམས་སོ། །ཡང་ན་དགའ་བཅུ་དྲུག་པོ་རྣམས་སོ། །ཕྱི་རིམ་གྱི་དཔའ་མོ་བཅུ་དྲུག་པོའི་རྣམ་པར་དག་པ་ནི་ཡུམ་ལྔ་དང། ་འབྱུང་བ་ལྔ་དང་ཡེ་ཤེས་དང། ཆོས་ཀྱི་དབྱིངས་དང། འདོད་ཆགས་དང། བྲག་དོག་དང། ང་རྒྱལ་དང། གཏི་མུག་དང། དེ་རྣམས་རྣམ་པར་དག་པའོ། །མ་མོའི་བཙུན་མོ་ཞེས་བྱ་བའི་སྔས་ནི་མ་མོ་མཁའ་འགྲོ་མའི་གཟུགས་སོ། །བཙུན ་མོ་ཡང་ཡིན་ཏེ། བཅོམ་ལྡན་འདས་དང། དཔའ་བོ་རྣམས་ཀྱིས་རོལ་ཅིང་སྤྱད་པའི་གནས་སུ་གྱུར་པའི་བདག་ཉིད་དོ། །བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ཤེས་བྱ་བ་ནི། རྩ་ཕྲ་མོ་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་རྣམ་པར་དག་པའི་ཚུལ་དེ་བཞིན་དུ་འདིར་ཡང ་གསུངས་པ་ཡིན་ནོ། །རྩ་རྣམས་ཀྱི་དོན་དེ་རྣམས་ཀུན་གྱི་འཁོར་ནི། བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ཀྱི་མ་མོའི་བཙུན་མོ་མཁའ་འགྲོ་མའི་གྲངས་རྣམས་སོ། །དབུས་ནི་མཛའ་གསལ་བའོ། །ལེགས་དགྱེས་ཆེན་མོའི་སྦྱོར་བས་བཞུགས་པ་ཞེས་བྱ་བ་ནི། ཤེས ་རབ་དང་ཐབས་ཀྱི་སྦྱོང་བས་མཉེས་པ་སྟེ། ཡུམ་ཕྱག་རྒྱ་ཆེན་པོ་ནི་མཚུངས་པ་གཞན་དང་མི་མཚུངས་པའོ། །དེ་དག་ཡང་དག་པར་སྦྱོར་ཞིང་རོལ་པས་མཉེས་པ་ནི། ལེགས་དགྱེས་ཀྱི་བདེ་བས་མྱོས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་ལྷའི་དབང་ཕྱུག་ལ་བཀའ་སྩལ་པས་ནི། བཅོམ་ལྡན་འདས་ཀྱིས་ཞེས་པའོ། །བྱང་ཆུབ་སེམས་དཔའ་ནི་གཉིས་སུ་མེད་པའི་ཡང་དག་བ་བླ་ན་མེད་པའི་བྱང་ཆུབ་ལ་སྐྱོན་སྤངས་པའོ། །དེ་ཉིད་དོན་བྱང་ཆུབ་ཏུ་ཐོབ་པ་ལ་སེམས་པ་ནི། བྱང་ཆུབ་སེམས་ནི? ་གཏོང་བར་སེམས་ཤིང་ཡང་དང་ཡང་སུ་བྱང་ཆུབ་སེམས་དཔའ་སྟེ། བྱང་ཆུབ་སེམས་དཔའ་ཨོ། །འགྲོ་བའི་བསམ་པ་ཇི་བཞིན་དུ་དོན་སྤྱོད་ནུས་ཤིང་མཛད་པ་ནི་སེམས་དཔའ་ཆེན་པོའོ། །བྱང་ཆུབ་ཀྱི་སེམས་ཉིད་ལྷ་ཡིན་ལ། དེ་ཉིད་ལ་མངའ་བས་ན ་ལྷ་དབང་ཕྱུག་བོ། །འདི་སྐད་དུ། བྱང་ཆུབ་གཉིས་མེད་ཡེ་ཤེས་ཏེ། དེ་རང་སེམས་མི་གཏོང་སེམས་དཔའ་ཨོ། །གང་དེར་འགྲོ་བའི་དོན་བྱེད་པ། །རིན་པོ་ཆེ་བཞིན་ཆེན་པོས་མཛད་ཅེས་རྒྱུད་ལས་གསུངས་སོ། །ངེས་ན་འདིར་?་བྱང་ཆུབ་སེམས་དཔའ་? ་དཔའ་ཆེན་པོ་ལྷའི་དབང་ཕྱུག་ཅེས་པོས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དོ་ཅིའི་ཕྱིར་ཞེ་ན། འགྲོ་བ་གདུལ་བྱའི་བསམ་པ་ལ་དགོངས་ནས་གསུངས་སོ། །དེ་ཁོ་ན་ཉིད་གསུམ་གྱི་བདག་ཉིད་ཀྱི་དང། ཟླ་བ་བདེ་བ་མཆོག་གི་དང། ཕྱག་རྒྱ? ་ཆེན་པོའི་དང། མཛའ་ཨི་སྟེ། དེ་ལ་རང་གི་ངོ་བོ་དང། རྣམ་པ་དང་ཚད་དང། དཔལ་ཡེ་ཤེས་ཐིག་ལེར་གྲགས་པ་ཉོན་ཅིག་།ཅེས་གསུངས་པ་ལ། དེ་ལྟར་དུས་ཀྱི་སོ་སོ་སྐྱེ་བོ་བྱིས་པ་ནམས་ཡང་དག་གའི་དོན་ནི་མ་རྟོགས ་ཤིང་རིགས་པ་ངན་པས་སྒྲོ་འདོགས་པ་དང། སྐུར་བ་འདེབས་པ་ལ་ནི་དགའ་། ཁ་ཅིག་ནི་འགྲེལ་པ་མེད་པར་རྒྱུད་ལ་སོགས་པའི་དོན་བཤད་པར་ཡང་བྱེད། དེ་བཞིན་ཡང་ཁ་ཅིག་ནི་ཕྱིན་ཅི་ལོག་གི་རྟོག་པ་དང། སྒྲ་དང་རིགས་པ་དང། ་ང་རྒྱལ་གྱིས་རྒྱུད་ལ་སོགས་པའི་འགྲེལ་པ་རྩོམ་པར་བྱེད་ཅིང་གྲུབ་པ་ལ་སོགས་པའི་ཡོན་ཏན་དང་མི་ལྡན་པས་དམྱལ་བར་འགྲོའོ། །དེས་ན་ཁོ་བོས་དེ་རྣམས་ལ་བསམས་ཏེ། འདིར་ཁ་ཅིག་གིས་གཞུང་བཀོད་པ་ནི། དོན་ནི་བཞིན་དུ ་བདག་གིས་བཤད་པར་བྱའོ། །དེ་སྐད་དུ། འགྲེལ་བཤད་མེད་བར་མདོར་བསྡུས་རྒྱུད། །རིགས་པ་ངན་པས་འཆད་པར་བྱེད། །གཞན་གྱི་ཆུད་མ་ནོར་ཟས་ལ། །སྲེད་བསྐྱེད་ནས་ནི་དམྱལ་བར་འགྲོ། །དེ་བཞིན་དུ་ཡང། གྲུབ་དང ་ཡོན་ཏན་མེད་པར་ནི། །ཁ་ཅིག་འགྲེལ་བཤད?་སོགས་བྱེད་ཅིང། །སྒྲ་དང་རྟོག་གང་རྒྱལ་གྱིས། །རྣལ་འབྱོར་སྦྱོར་ལས་ཉམས་པར་བྱེད། །ཅེས་གསུངས་སོ། །དེ་ལ་གཞན་དག་ནི། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ་བཅོམ་ལྡན་འདས་ཞེས་གསུངས་པ་དང། དེ་ཁོ་ན་ཉིད་གསུམ་ལ་སོགས་པར་སྦྱར་ཏེ། དེ་ཁོ་ན་ཉིད་གསུམ་གྱི་བདག་ཉིད་ནི། ཨེ་བཾ་མ་ཡ་ཞེས་བྱ་བས་བསྟན་ཏེ། རྒྱུད་དང་སྡུད་པ་པོར་འབྲེལ་པས་ནའོ། །ཡང་ན་འདིར་མཐུན་པར་ཨེ ་ཝཾ་མ་ཡེ་ཞེས་བྱའོ། །ཐོས་པ་ནི་ཟླ་བ་བདེ་མཆོག་གོ་།ཐོས་པ་ནི་སྡུད་པ་པོའི་མྱོང་བའི་མཚན་ཉིད་ཅན་ནོ། །ད་བཞིན་དུ་ཟླ་བ་བདེ་མཆོག་ཀྱང་བསྟན་ནོ། །དུས་ནི་ཕྱག་རྒྱ་ཆེན་པོའི་བདག་ཉིད་དེ། མཚན་མའི་དངོས་པོ་ཐམས་ཅད་དང་བྲལ ་པ་བསམ་བུ་མེད་པའི་དུས་ཕྱག་རྒྱ་ཆེན་པོའི་བདག་ཉིད་དོ། །དེ་གཉིས་དབྱེར་མེད་པར་གཅིག་པའོ། །མཛའ་ཞེས་བྱ་བ་ནི་བཅོམ་ལྡན་འདས་སོ། །སྤྲོས་པའི་མཚན་མ་ཐམས་ཅད་ལས་རིང་དུ་སོང་བས་ན། མཛའ་དང་དབྱེར་མེད་པའོ། །ཇི་སྐད་དུ། ་འདི་སྐད་བདག་གིས་དེ་ཉིད་གསུམ། །བདག་ཉིད་ངང་ཡང་བཅས་པ་སྟེ། ཐོས་པའི་དོན་ནི་ཟླ་བདེ་མཆོག་།དུས་ནིཕྱག་གྱོ་ཆེན་པོ་སྟེ། །བཅོམ་ལྡན་འདས་ནི་མཛའ་ཞེས་བྱ། །ཞེས་གསུངས་པ་དང། དེ་བས་ན་དེ་ཁོ་ན་ཉིད་གསུམ་ལ་སོགས་པ་དང། ་དཔལ་ཡེ་ཤེས་ཐིག་ལེར་གྲགས་པ་ཉོན་ཅིག་།ཅེས་འགྲེལ་པས་དོན་དེ་བཞིན་བཤད་ཟེར་རོ། །ཁ་ཅིག་ནི་དེ་ལ་དེ་ཁོ་ན་ཉིད་གསུམ་ལ་སོགས་པ་བྱ་བ་ནི། ཆ་ལ་སོགས་པའི་སྦྱོར་བ་དྲུག་དང་གཅིག་པ་ཉིད་ཡན་ལག་སྦྱོར་བ་དྲུག་པོ་ནི། དཔལ་ཡེ ་ཤེས་ཐིག་ལེར་བཤད་དོ། །ཡང་ཇི་སྐད་དུ། ཆ་དང་ཐིག་ལེ་དང་ནི་ཚུལ། །དེ་ཉིད་གསུམ་བདག་བསྟན་པ་ཚུལ་ཙམ་ཟླ་བ་བདེ་བ་མཆོག་།ཕྱག་རྒྱ་ཆེན་པོ་འདིར་ནི་མཆོག་།དེ་ཡི་མཛའ་ན་མཆོག་བཞིན་ནོ། །ཞེས་གསུངས་པ་དང། ཡང་ལེའུ ་གཞན་ལས། ཤྲཱི་ནི་གཞན་མིན་འདིར་ནི་ཆ། །ཛྙཱ་ཞེས་བྱ་བ་ཐིག་ལེར་བསྟན། །ན་ཡི་ཡིག་འབྲུ་ཚུལ་ཡིན་ཏེ། །ཏ་ཡི་ཡིག་འབྲུ་ཚུལ་ཙམ་མོ། །ལ་ཡི་ཡིག་འབྲུ་མཆོག་ཏུ་བཤད། །ཀ་ཡི་མཆོག་གཞན་ཤེས་པའོ། །ཞེས་གསུངས་པའོ། །དེ ་ཁོ་ན་ཉིད་གསུམ་ཞེས་བྱ་བ་ལ་སོགས་པ་རྣམ། དཔལ་ཡེ་ཤེས་ཐིག་ལེར་གྲགས་པ་ཉོན་ཐིག་ཅེས་བྱ་བ་ནི། དེ་བཞིན་བཤད་དགོས་ཟེར་རོ། །ཡང་ཁ་ཅིག་ན་རེ། རྒྱུད་འདི་དབུ་ཞབས་ཀྱི་དོན་གྱི་སྙིང་པོ་ནི་དེ་ཁོ་ན་ཉིད་བཅུ་ཡིན་ལ། འདི་རྣམས་སྦྱོར ་བ་དྲུག་དུ་འདུས་ལ། ད་རྣམས་ནི་བ་སྤྱོད་པའོ། །བརྗོད་པ་ལས་བརྗོད་པར་བྱ་བ་རྙེད་པར་འགྱུར?། དེ་བས་ན་དེ་ཁོ་ན་ཉིད་གསུམ་ལ་སོགས་པ་དང། དཔལ་ཡེ་ཤེས་ཐིག་ལེར་གྲགས་པ་ཉོན་ཅིག་ཅེས་པ་འགྲེལ་དེ་སྐད་དུ་ཡང་དེ་ཉིད་སུམ་ཅུ་དྲུག ་བདག་པོ། །ཆ་ཡི་ཡེ་ཤེས་ཆེར་བྱེད་དེ། །ཞེས་བྱ་བ་ལ་སོགས་པ་ལེའུ་ཉི་ཤུ་རྩ་དྲུག་པ་ནས་རྒྱས་པར་བསྟན་པ་དེའི་ཕྱིར་ན། དེ་ཁོ་ན་ཉིད་གསུམ་ལ་སོགས་པའི་དོན་དེ་བཞིན་དུ་བཤད་ཟེར་རོ། །ཡང་ལ་ལ་དག་ན་རེ། ་དེ་ཁོ་ན་ཉིད་ལ་སོགས་པའི་དོན་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པའི་གཞི་དང་སྦྱར་ལ་བཤད་དེ། བཅོམ་ལྡན་འདས་ཡན་ཆད་སྔར་བཤད་པ་དང ་མཐུན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི། ཟླ་བ་བདེ་མཆོག་གོ་།བྱང་ཆུབ་ཀྱི་སེམས་དབྱེར་མེད་པའི་གཟུགས་ནི། མཆོག་ཏུ་ཟབ་པ་དེ་ནི་དེ་བཞིན་གཤེགས་པའི་སྙིང་པོ་བསྡུས་པའོ། །དེའི་ཕྱིར་དེ་བཞིན་གཤེགས ་པ་ཐམས་ཅད་དོ། །དེ་ཁོ་ན་ཉིད་གསུམ་གྱི་བདག་ཉིད་ཀྱི་ཞེས་བྱ་བ་ནི། སྐུ་དང་གསུང་དང་ཐུགས་སྙིང་པོ་རྡོ་རྗེའོ། །ཟླ་བ་བདེ་མཆོག་ནི་དཔའ་བོ་ཆེན་པོ་དང། དཔའ་མོ་དབང་ཕྱུག་མ་ཡང་སྟེ། ཅིའི་ཕྱིར་ཞེ་ན་དཔའ་བོ་ལ་སོགས་པ་ནི་བྱང ་ཆུབ་སེམས་དཔའ་ཡིན་པས་སོ། །དེ་བས་བྱང་ཆུབ་སེམས་དཔའ་ནི། བྱང་ཆུབ་ཀྱི་སེམས་ཡིན་ནོ། །ཕྱག་རྒྱ་ཆེན་པོ་ནི་ཐམས་ཅད་ཀྱི་བདག་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོའི་དོན་རྡོ་རྗེ་ཆོས་ཀྱི་སྐུའོ། །བསོད་ནམས་དང་སྙིང ་རྗེའི་དབང་གིས་སྙིང་པོའི་གཟུགས་ཀྱིས་སོ། །དེའི་མཛའ་ནི་བཞུགས་གནས་ཆོས་ཀྱི་འབྱུང་གནས་གཞལ་ཡས་ཁང་དང་བཅས་པའོ། །དེ་ཁོ་ན་ཉིད་གསུམ་གྱི་བདག་ཉིད་ཀྱི་དང་ཞེས་བྱ་བ་ལ་སོགས་པ་ནི་དྲུག་པའི་སྒྲ་དང་བཅས་པའོ།། ་དེ་སྐད་དུ་ཡང། དེ་ཁོ་ན་ཉིད་ཀྱི་སྒྲོན་མ་ལས་ནི་སྔར་བསྟན་པ་བཞིན་ནོ། །འདིར་ལེའུ་གཉིས་པ་ལས། དེ་ཉིད་གསུམ་ནི་སྐུ་གསུང་ཐུགས། །རྡོ་རྗེ་གསུམ་ནི་ཡེ་ཤེས་མཆོག་།ཟླ་བ་བདེ་བ་མཆོག་གིས་གང། །དེ་ནི་ཕུང་པོ་དབང་པོ ་ཁམས། །ཕྱག་རྒྱ་ཆེན་པོ་རྡོར་སྙིང་པོ། །དེ་ཡི་མཛའ་ནི་བྷ་གར་བཤད་ཅེས་གསུངས་བས་ན། དེའི་དོན་གླེང་གཞི་དང། དེ་ཁོ་ན་ཉིད་ཀྱི་སྒྲོན་མ་དང། ལེའུ་གཉིས་པའི་གཞུང་གིས་དོན་རྒྱས་པར་བཤད་པར་བྱ་དགོས་ཟེར་རོ། །དེ་རྣམས་ཀྱི་རང་རང་གིས་གཞུང་ལ་གཞན ་དང་བ་སྲིད་པས་མ་བཀག་པ་ནི་སྔ་མ་བཞིན་ནོ། །འོན་ཀྱང་ལོ་ཁོ་བོ་ནི་མི་འཐད་དེ། ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་རྒྱས་པར་བཤད་དེ། འདིར་དེ་རྣམས་དང་མཐུན་པ་མ་ཡིན་པ། དེ་བས་ན་རྒྱུད་ལ་འབྲེལ་པ་མེད་པའི་ཕྱིར་རོ། །བླ་མའི ་མན་ངག་གིས་བཤད་པ། འདི་གཉིས་ཀྱི་ལེའུ་གཉིས་པ་དང་བཅས་པ་འདི་ནི་བདག་གི་བདུན་པ་དང་འཇུག་པར་འཐད་པ་ཡིན་ནོ། །ཡང་ལ་ལ་འདི་ལྟར་སེམས་དཔར་འགྱུར་ཏེ། དེ་ཁོ་ན་ཉིད་གསུམ་ལ་སོགས་པ་གསུངས་པ་ནི་དོན་དམ་པ་སྤྲོས་པ་ཐམས ་ཅད་ཉེ་བར་ཞི་བ་ཉིད་ཡིན་པས། དེ་ལ་ཀུན་རྫོབ་ཀྱི་རྣམ་པ་དང་ཚང་དང་ངོ་བོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ཅི་སྙམ་མོ་པར་དཔྱད་དུ་དོགས་པའི་བསམ་པ་སླང་སྟེ། འདིའི་དོན་གསལ་བར་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་ལྷའི་དབང་ཕྱུག་མཚན་མ་ལ་སོགས་པའི་རྣམ་པར་རྟོགས་པའི་ཆོས་རྣམས་ཀུན་གྱིས་མ་གོས་པ་ནི། དཔལ་ཡེ་ཤེས་ཐིག་ལེ་ཡིན། དེ་ལ་རྣམ་པ་ལ་སོགས་པ་མཚན་ཉིད་ཀུན་རྫོབ་ཏུ་གསུངས་པས། ས་ལ་ལྟ་ཞིང་ཅང་མི་གསུང་བར་འདུག་? ་ཞེས་བཤད་དོ། །དེའི་དུས་ན་ཞེས་བྱ་བ་ལ་སོགས་པ་ནི་དོན་དམ་པའི་བདེན་པ་མཚན་མའི་བདེན་པ་རྣམ་པར་རྟོག་པ་སྤངས་པ་ཡིན་ཡང། བཅོམ་ལྡན་འདས་ཀྱིས་གཉིས་སུ་མེད་པའི་དོན་ལ་དགོངས་ནས། ཞུ་བ་པོ་ལ་སོགས་པས་རྟོགས་པར་བྱ ་པའི་ཕྱིར། རྫུ་འཕྲུལ་དང་?་འཕྲུལ་བསྟན་པ་ནི། ནམ་མཁའ་དངོས་པོ་མེད་པའི་སྟོང་པ་ལས། དངོས་པོ་ཅན་གྱི་མེ་ཏོག་སྣ་ཚོགས་པ་དང། དྲི་ཆེན་པོ་དང་ལྡན་པའི་མེ་ཏོག་དང། རིན་པོ་ཆེ་ལ་སོགས་པའི་ཀུན་རྫོབ་ཀྱི་མཚན་ཉིད་མངོན་པར ་སྤྲུལ་ནས། ཆར་བཞིན་ཉིད་ཀྱིས་ཞབས་ཀྱི་རྩ་བ་ལ་སོགས་པའི་དྲུང་དུ་སྤྲུལ་ནས་བབ་པར་མཛད་དོ། །ཡང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། སྔར་པོས་པར་མ་ཟད་ད་ལྟར་ཡང་པོས་ནས། ཁྱོད ་ཅི་ཡང་ལན་མི་སྨྲ་བར་འདུག་པ། ཅི་ཞིག་ལ་ཡ་མཚན་དུ་འགྱུར་བ་ཡིན་ཞེས་པའི་དོན་ཏོ། །ལྷའི་དབང་ཕྱུག་གིས་གསོལ་པ་ཞེས་བྱ་བ་ནི། རྡོ་རྗེ་འཛིན་ལ་སྔར་གྱིས་དོན་ལ་གསོལ་པའོ། །དེ་རང་གི་ངོ་བོ་དང། རྣམ་པ་དང། ཚང ་ཡོད་དམ་ཅི་ཞེས་བྱ་བ་ནི། རྟོག་པ་དང་མཚན་མ་ལ་སོགས་པའི་དངོས་པོ་དང་བྲལ་བའི་དོན་དམ་པའི་བདེ་བ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སྟོང་པ་ཉིད་གང་ཡིན་པ་དེ་ལ་ཀུན་རྫོབ་ཀྱི་རྣམ་པ་ལ་སོགས་པ་ཡོད་དམ་ཅི། དེ་ལ་བདག ་ལྷའི་དབང་ཕྱུག་ཡ་མཚན་སྐྱེད་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །ེ་མའོ། ལྷའི་དབང་ཕྱུག་ཅེས་བྱ་བ་ནི། རྡོ་རྗེ་འཛིན་པས་དབང་ཕྱུག་དམ་པ་སྦྱིན་པར་མཛད་ནས་བྱིས་པ་སོ་སོའི་སྐྱེ་བོའི་དོན་ལ་བསྐུལ་བའོ། །དཀོན་མཆོག་གསུམ་གྱི ་བདག་ཉིད་ཐུགས་ཡང་དག་པའི་རྡོ་རྗེ་ནི་མཆོག་གི་རྡོ་རྗེ་འཛི་པའོ། །འདི་གསུངས་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ལ་སོགས་པའི་དོན་གཏན་ལ་དབབ་སྟེ། ཆོས་ཅན་གྱིས་ཆོས་ཉིད་དམ་པ་བསྒྲུབ་དགོས་པས་ན་མེད་དམ་ཅི་ཞེས་སོ། །དེ ་ལྟར་ཡང་ཞེས་བྱ་བ་ནི། དེ་ཁོ་ན་ཉིད་གསུམ་ལ་སོགས་པ་ལ། དེ་རང་གི་ངོ་བོ་དང། རྣམ་པ་དང། ཚད་ཀྱིས་ལྷའི་དབང་ཕྱུག་ཡ་མཚན་སྐྱེད་རུང་བའོ། །འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་རྣམས་ཀུན་ནི་ཆོས་ཐམས་ཅད་སོ?་།དེའི? ་ཆོས་ཉིད་ནི་ངོ་བོ་ཉིད་ཀྱང་དེ་ཡིན། སྟོང་པ་ཉིད་ཀྱང་དེ་ཡིན། །དོན་དམ་པའི་བདེན་པ་ཡང་དེ་ཉིད་དོ། །སྟོང་པ་ཉིད་འདི་ཀུན་རྫོབ་སྒྱུ་མ་ཙམ་ལ་མ་བརྟེན་པར་ཤེས་པར་ག་ལ་འགྱུར་ཏེ་མི་འགྱུར་རོ་ཞེས། །དེའི་ཕྱིར། ་མིག་ཡོད་ཙམ་ཞེས་བྱའོ། །ཡང་དག་པ་མ་ཡིན་ལ། ཀུན་རྫོབ་སྒྱུ་མ་དང། མིག་ཡོར་དང་སྤྲུལ་པ་ལ་སོགས་པའོ། །ཙམ་གྱི་སྒྲས་སྒྱུ་མ་ཉིད་རང་བཞིན་མེད་པར་བསྟན་ཏོ། །རྒྱུ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་སྤྲོས་པ་མེད་པའི་རྒྱུ་དེ་རང་རྟེན་དུ་ཤེས་པར་བྱའོ། ་ཇི་སྐད་དུ། དེ་ཉིད་ཚལ་ལ་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། །དོན་དམ་རྟོགས་ཤིང་ཆགས་མེད་ནས། །དེ་ཡི་འོག་ཏུ་དབེན་པའོ། །ཞེས་གསུངས་སོ། །ཀུན་རྫོབ་སྒྱུ་མ་ཙམ་གྱི་ཆོས་ཅན་ཆོས་ལ་རྟེན་ནས། སྟོང་པ་ཉིད་བསྒྲུབ ་པའོ། །ཆོས་ཐམས་ཅད་ཟག་པ་དང་བཅས་པ་དང། ཟག་པ་མེད་པའི་ཆོས་ཀུན་ནོ། །ཇི་ལྟར་གླ་རྩི་ལ་རྟེན་ནས་དྲི་གང་ཡིན་རྙེད་པར་འགྱུར་གྱི་ཞེས་བྱ་བ་ནི། གླ་རྩི་དང་དྲི་གཅིག་པ་ཡང་མ་ཡིན། ཐ་དད་པ་ཡང་མ་ཡིན་ཏེ་འོན་ཀྱང་གླ་རྩི་དངོས་པོ ་མེད་པར་དྲི་ག་ལས་རྙེད། རྒྱུ་དང་ལྡན་པ་ལ་ཐབས་ཀྱིས་རྙེད་པར་འགྱུར་པའོ། །དེ་མེད་པར་ཞེས་བྱ་བ་ནི་བླ་རྩིའི་དངོས་པོ་མེད་པར་མི་རྙེད་དོ། །རྙེད་པར་ཇི་ལྟར་འགྱུར་ཞེས་བྱ་བ་ནི། དངོས་པོ་མེད་པར་དྲི་མི་སྙེད་དོ། །རྒྱུ་མེད་པའི་ཕྱིར་རོ། །དེ་བཞིན་དུ ་ཞེས་བྱ་བ་ནི་དོན་སྟོན་པ་ཡིན་ཏེ། རང་གི་ངོ་བོ་དང་ཞེས་བྱ་བ་ལ་སོགས་པ་ནི། ཇི་ལྟར་བླ་རྩི་ལས་དྲི་རྙེད་པ་བཞིན། ཀུན་རྫོབ་ཀྱི་ཐབས་ལ་བརྟེན་ནས་དོན་དམ་པ་རྙེད་པར་འགྱུར་གྱི་གཞན་?་ནི་དེ་ལྟར་མ་ཡིན་ནོ། །དེ་སྐད་དུ། ཐབས་མ་ཡིན་པས ་རིང་མདང?། ཐབས་ཀྱིས་རིང་པ་མ་ཡིན་པ། །སྙིང་རྗེ་ཞི་ལ་མི་གནས་ཏེ། །ཤེས་རབ་སྲིད་པ་མི་གནས་སོ། །ཞེས་བྱ་བ་བཤད་པ་ལྟ་བུའོ། །ངེས་ན་ཞེས་བྱ་བ་ལ་སོགས་པ་ལ། སྔར་དཔའ་དོན་གྱིས་བསྟན་པ་ལ་བརྟག?་གོ་།ཁྱབ་དང་ཁྱབ་བྱེད་བྱེ ་བྲག་ཏུ་ཞེས་བྱ་བ་ནི། ཇི་ལྟར་ཤིང་དང་ཤ་པའི་མཚན་ཉིད་བསྟན་པ་བཞིན་དུ། དོན་དམ་པའི་བདེན་པ་སྤྲོས་པ་དང་བྲལ་བས། ཀུན་རྫོབ་ཀྱི་དངོས་པོ་ལ་ཁྱབ་པས་ཁྱབ་བྱེད་ཀྱི་དོན་ནི་ཟླས་དབྱེའོ། །མཚན་མ་དང་མཚན་མ་མེད་པའི་ཕྱོགས ་ཀྱིས་དཀྲི་བར་བྱ་སྟེ། ཐ་དད་པའི་ཆོས་འགྲང་བ་ནི། བྱེ་བྲག་མང་པོའི་དོན་ཏོ། །དེ་རྣམས་ཐམས་ཅད་དབྱེར་མེད་པས་ན་གཉིས་སུ་མེད་པའི་བདེ་བ་ཆེན་པོའི། །བདེ་བ་སྐུ་ལ་བརྟེན་པའི་ཕྱིར་ཞེས་བྱ་བ་ནི། ཀུན་རྫོབ་ཕྱོཌ ་ཀྱིས་བསྟན་པའི་སྐུའི་དངོས་པོ་ལ། དོན་དམ་པ་དེ་བཞིན་དུ་བསྟེན་པས་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོ་དེ་ཁོ་ན་ཉིད་པ་བསྒྲུབ་བྱ་ཐོབ་པར་འགྱུར་བས་ན། སྐུ་ལ་བརྟེན་ནས་དེ་ཉིད་འགྱུར་ཞེས་གསུངས་སོ། །སྐུ་ལ་བརྟེན་པ་ནི་ཐབས་ཀྱིས་རབ་ཏུ ་བསྟན་པའོ། །སྐུ་བདེ་རྣམ་པར་ཤེས་ཡིན་ནི། །ཐམས་ཅད་གཉིས་སུ་མེད་པའི་དངོས། །ཞེས་བྱ་བ་ནི་ཕྱོགས་གཉིས་པའི་ཆོས་རྣམས་བསྡུས་ཏེ། བྱེ་བྲག་གཉིས་བརྟགས་པ་ཐམས་ཅད་གཉིས་སུ་མེད་པར་ཟུང?་དུ་འཇུག་པའོ། །དེ་སྐད་དུ། ་འཁོར་བ་དང་ནི་མྱ་ངན་འདས། །རྟོག་པ་གཉིས་པོ་སྤངས་པས་ནི། །གང་དུ་དངོས་བོ་གཅིག་གྱུར་པ། དེ་ནི་ཟུང་འཇུག་ཅེས་བྱར་བསྟན། །ཅེས་བཤད་དོ། །དྲུག་གི་བདེ་བ་ཞེས་བྱ་བ་ནི། དེ་ཁོ་ན་ཉིད་གསུམ་གྱི་བདག་ཉིད་ལ་སོགས ་པ་དེར་བསྟན་པའོ། །ཡེ་ཤེས་མཆོག་ཅེས་བྱ་བ་ནི་སྤྲོས་པ་དང་བྲལ་བའི་དགའ་བ་གཉིས་སུ་མེད་པའི་ཡེ་ཤེས་སོ། །འོ་ན་དེ་གང་གིས་རྙེད་པར་འགྱུར་ཞེ་ན། སྐུ་དང་བདེ་བ་གཉིས་ལས་འབྱུང། ཞེས་སྔར་བསྟན་པ་བྱས་སོ། །དེ་ནས ་སྦྱོར་བ་དྲུག་གི་དོན་གསུངས་པ། འཁོར་ལོ་དྲུག་གི་དབུས་ན་གནས་ཞེས་བྱ་བ་ལ་སོགས་པ་ལ། བདེ་བ་ཆེན་པོ་ལ་སོགས་པ་དྲུག་ནི་ལྟེ་བའི་ནང་གི་དབུས་སུ། དེ་ཁོ་ན་ཉིད་གསུམ་ལ་སོགས ་པོའི་སྦྱོར་བ་དྲུག་བཞུགས་པའི་གནས་སོ། །དད་པོ་གསུམ་ནི་རྒྱུ་ལས་ཡེ་ཤེས་ཅན་རི་བོང་ཅན་གྱི་རིམ་པ་སྐྱེ་བ་ནི་འབྲས་བུའི་བདག་ཉིད་མཆོག་གོ་།ཕན་ཚུན་འབྲེལ་པས་ན། ལུས་རྟེན་སྲོག་གི་དབྱུག་པ་ཞེས་བྱ་བ་ལ་སོགས་པ་ལ། ་ལུས་བསྲོག་བརྟེན་པའི་ཕྱིར་རོ། །ཡང་ན་སྲོག་ལ་ལུས་བརྟེན་པའོ། །ཐིགས་པ་དང་བཅས་དེ་རྣམས་སྦྱོར་ཞེས་བྱ་བ་ལ་སོགས་པ་ནི། བྱང་ཆུབ་ཀྱི་སེམས་ག་ཕུར་བཅས་ནས་རྟོག་མེད་མ་དང། རླུང་རོ་གཅིག་ཏུ་གྱུར་པའི་རིམ་པས་སྦྱོར་བའོ། ། ་སྲོག་ནི་རླུང་དང་ལྡན་པའི་བྱང་ཆུབ་སེམས། ཡང་ན་དབྱུག་པའི་སྒྲས། སྲོག་མའི་རྩ་ཀ་པའི་གཟུགས་ཀྱིས་འཁོར་ལོ་རྣམས་ཀྱི་དབུས་ན་གནས་པའོ། །བདེ་བས་ན། ལུས་རྟེན་སྲོག་གི་དབྱུག་པ་ལ་ཞེས་བྱའོ། །ནད་དུའོ་ཞེས་བྱ་བ་ནི། འཛིན་མ་དང ་རོམ་གཡས་གཡོན་དེ་གཉིས་ཀྱི་དབུས་སུའོ། །དེ་བཞིན་དུ་བྱང་ཆུབ་སེམས་ཀྱི་ལམ་ནི་གསུམ་སྟེ། ཕྱི་དང་ནང་དང་གསང་བའོ། །ཕྱི་ནི་འཁོར་ལོ་ལ་སོགས་པའི་རྟེན་དང། བརྟེན་པའི་བདག་ཉིད་ཀུན་ཏུ་སྦྱོར་བའོ། །ནང་གི་རླུང་བྱང་ཆུབ་སེམས ་ལ་སྤྱོད་པའོ། །གསང་བ་ནི་ཡེ་ཤེས་ལ་སྤྱོད་པའོ། །དེ་བཞིན་དུ་ཡང་ནི་ཡེ་ཤེས་སྐྱེས་པའི་ལམ་ནི་བཞི། །སྲོག་མ་ལས་དགའ་རོ་མ་མཆོག་།འཛིན་མ་ལས་ནི་བྲལ་མཆོག་།རྟོག་མེད་རང་བཞིན་དགའ་བའི་ལམ། ཞེས་གསུངས་སོ། །དེ་སྐད ་དུ་ཡང། ཆའི་སྦྱོར་བ་ནང་དུ་མིན། །ནང་དུ་དེ་ནི་རྟོག་མེད་ན། །གཡས་གཡོན་མདུད་པའི་ནང་དུ་ནི། །རོ་མ་དང་ནི་འཛིན་མ་གནས་ཞེས་བཤད་དོ། །དེ་བཞིན་དུ་གསུམ་དུ་དབྱེ་བ་དང་བཞིར་དབྱེ་བ་ཡང་གསུམ་གྱི་དོན་ནོ། །དེའི་དོན་ནི་བདེ་ཆེན ་འཁོར་ལོའི་ལྟེ་བའི་ཞེས་བྱ་བ་ལ་སོགས་པ་སྟེ། བདེ་ཆེན་ནི་བྱང་ཆུབ་སེམས་ཀུན་རྫོབ་དང་ལྡན་པའོ། །འཁོར་ལོ་ནི་འདབ་མ་སུམ་ཅུ་རྩ་གཉིས་པའོ། །ལྟེ་བ་ནི་གོང་དུ་བཤད་པར་བྱས་སོ། །རི་བོང་ཅན་གྱི་བྱང་ཆུབ་ཀྱི་སེམས་བདེ་བ་དང། །རྩ ་དང་ལྡན་པ་ནི་ཟླ་བ་རྒྱས་པའོ། །རྩ་དང་རྒྱས་པ་རང་སྲོག་ལྱགི་རླུང་དང་ལྡན་པ་ནི་བཅས་པའོ། །སྦྱོར་པ་དྲུག་གི་དང་པོ་ནི་ཐོགས་མེའོ།?་།ཟུར་གསུམ་གྱི་དབྱིབས་ཀྱི་གཟུགས་ཅན་རྣམས་ནི་གྱུར་གསུམ་གྱི་རྩོམ་པའི་ཚུལ་ལོ། །རྩ་དང་ ་རླུང་དང་བྱང་ཆུབ་སེམས་ཀྱི་ཁྱད་པར་ཀུན་གཅིག་གིས་དོན་རྟོགས་པས་ཐམས་ཅད་ཀྱང་ངོ། །ལོངས་སྤྱོད་སྟེ་བའི་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་ཀྱི་རོ་ལ་སོགས་པ་ལ་ལོངས་སྤྱོད་པའོ། །ལྕེ་དང་བཅས་པའི ་རྩ་རོ་མྱོང་བར་བྱེད་པ་ནི། ལྕེ་མ་སྟེ། རྟེན་དང་བརྟེན་ཅན་མ། དེ་བཞིན་དུ་མིང་ནི་བརྟགས་པ་ཡིན་ནོ། །རྩ་དང་བདེ་བའི་རང་བཞིན་དང། གྱེན་དུ་འགྲོ་བའི་རླུང་དང་འཇོམ་པ་ནི་བདེ་བ་དང་ལྡན་པའོ། །སྐེ་ནི་ལོངས་སྤྱོད་འཁོར་ལོའི་རྟེན་ནོ། ། ་ཆོས་ཀྱི་འཁོར་ལོའི་ལྟེ་བའི་ཞེས་བྱ་བ་ལ་སོགས་པ་ནི། སེམས་ལས་ཆོས་རྣམས་འབྱུང་བ་ཡིན་པའི་ཕྱིར། སྙིང་གའི་གནས་སོ། །པདྨ་འདབ་མ་བརྒྱད་དང་ལྡན་པའོ། །ནམ་མཁའ་མ་ནི་སེམས་ནམ་མཁའ་དང་མཉམ་པའི་དོན་ཏོ། ། ་སྙིང་ཁའི་རྩའི་ཡོན་ཏན་གྱིས་ཡེ་ཤེས་ལྡན་པ་ནི་བདེ་བའི་ཡེ་ཤེས་དང། གཞིའི་རླུང་དང་ལྡན་པ་སྔར་བསྟན་པ་བཞིན་ནོ། །སྤྲུལ་པའི་འཁོར་ལོའི་ཞེས་བྱ་བ་ལ་སོགས་པ་ནི། སྲིད་བ་དང་མྱ་ངན་འདས་པའི་ཆོས་རྣམས་འབྱུང་བ་ནི ་སྤྲུལ་པའི་དོན་ཏོ། །སེམས་ཅན་དང་སངས་རྒྱས་སྤྲུལ་པའི་འདབ་མ་ནི་དྲུག་ཅུ་རྩ་བཞིས་མཚོན་པའོ། །འོད་མ་ནི་གཏུམ་མོ་འབྱུང་བའི་གནས་ཀྱི་རྩའི་དོན་ཏོ། །བདུད་རྩི་ལྡན་ནི་རླུང་ཀྲོ་དྷ་དང་བཅས་པའི་མཚན་ཉིད་དོ། །མེའི་འཁོར ་ལོ་ནི་འདབ་མ་གསུམ་པའི་མེའི་གནས་སོ། །སྔར་ལས་ཁྱད་པར་གྱུར་པ་ནི་དབུ་འོད་མའོ། །འདོད་པར་ལྡན་ནི་རླུང་འོན་པ་དང་བཅས་པའི་བདེ་བའོ། །རླུང་གི་འཁོར་ལོའི་སྟེ་པའི་ཞེས་བྱ་བ་ལ་སོགས་པ་ནི། འདབ་མ་དྲུག་པའི་གནས ་ནི་རླུང་གི་འཁོར་ལོ་སྟེ། རླུང་གི་མཚན་ཉིད་དང་ལྡན་པའི་གནས་མོའི་རྩ་ནི་བརྩོན་འགྲུས་མའོ། །གསལ་བའི་རླུང་དང་བཅས་པ་ནི་སྟོབས་དང་བཅས་པའོ། །དེ་ཁོ་ན་ཉིད་གསུམ་གྱི་བདག་ཉིད་ཅེས་བྱ་བ་ལ་སོགས་དོན་གྱིས་སྦྱོར་བ ་དྲུག་ཏུ་བཤད་པ་སྟེ་ངེས་ན་དེ་ནི་སྦྱོར་དྲུག་རྣམ་པར་ཤེས། །རྩ་དང་ཐིགས་པ་དང་ལྡན་ནོ་ཞེས་བྱའོ། །གང་ཚེ་རྟོག་མེད་མས་ནི་འཁྱུད། །དེ་ཚེ་ཚངས་པའི་དབྱུག་པ་ཡིན། ཞེས་བྱ་བ་ནི་གང་གི་ཚེ་འཁོར་ལོ་རྣམས་ཀྱི་ལྟེ་བ་དང། བདེ་བ་བཞེངས ་གཞུགས་གནས་པར་ལྡན་པ་དེའི་ཚེ། ཚངས་པ་སྟེ། གང་དང་དེ་གཉིས་འབྲེལ་བའི་ཕྱིར་རོ། །ཚངས་པ་ཡི་ནི་ཡེ་ཤེས་དང་ལྡན་པའི་བྱང་ཆུབ་སེམས་སྲོག་གི་དབྱུག་པ་ལ་འཁྱུད་པའི་ཚུལ་གྱིས་ཚངས་པའི་དབྱུག་པའོ། །ཚངས་པ་ཡེ ་ཤེས་འཛིན་པས་ན། །དབྱུག་པ་རྣམ་རྟོག་འཇོམ་པས་སོ། །ཞེས་གསུངས་སོ། །དེའི་དོན་རྒྱས་པར་བསྟན་པ་ནི། དེའི་དུས་ནི་བདག་གིས་བཤད་ཅེས་བྱ་བ་ལ་སོགས་པ་ནི་དེའི་དུས་ཞེས་བྱ་བ་ནི། བཟང་བའི་དུས་དང་ངན་པའི་དུས་དང། ་བསམ་དུ་མེད་པའི་དུས་སོ། །དེ་སྐད་དུ། འོད་བ་བཟང་བའི་དུས་ཤེས་བྱ། །འགྲོ་བས་ངན་པའི་དུས་ཡིན་ནོ། །བཟང་པོ་དེ་ནི་མཆོག་ཏུ་བསྟན། །ངན་པའི་དུས་ནི་བྲལ་བའོ། །གཉིས་དང་བྲལ་བ་དེ་ཁོ་ཉིད། །རྣམ་རྟོག་དངོས་པོ་ཐམས་ཅད་བྲལ།། ་ཞེས་གསུངས་སོ། །ཤར་བ་ལ་སོགས་པའི་ཡེ་ཤེས་འབྱུང་པ་གོང་གི་དེ་ནི་འདི་ནས་མར་རོ། །བཅོམ་ལྡན་འདས་བདག་གིས་བཤད་པའོ། །ཤར་བ་དང་ནུབ་པ་ཞེས་བྱ་བ་ནི་སྟེང་དང་འོག་གིས་འཕོ་བས་ན། བདེ་བ་ཆེན་པོའི་འཁོར་ལོའི་ལྟེ་བ་མན ་ཆད་དུ་བཅུ་དྲུག་འཕོ་བ་དེ་བཞིན་དུ་ཡང་རིན་པོ་ཆེ་ནོར་བུ་སྤྲུལ་བའི་འཁོར་ལོ་ནས་སྟེང་དུ་འཕོ་བ་བཅུ་དྲུག་གོ་།ཅིའི་ཕྱིར་སྟེང་དང་འོག་ཏུ་འཕོ་ཞེ་ན། འདིས་འཕོ་བ་སྟེ། བྱང་ཆུབ་ཀྱི་སེམས་དང་རླུང་གཉིས་ཕྲད་པའི་ཕྱིར། འཕོ་བ་སྟེ་གསུངས་སོ།། ་རྟོག་མེད་པ་ཉིད་ནི་གཅིག་བུའོ། །དངོས་པོ་?་རོ་མ་དང་འཛིན་མ་དང་སྲོག་མའོ། །སྦྱོར་པ་ནི་རྩ་དང་རླུང་དང་བྱང་ཆུབ་ཀྱི་སེམས་རོ་གཅིག་པས་སྦྱོར་བའོ། །རྩ་སུམ་ཅུ་རྩ་གཉིས་ནི་མདུད་པ་བཅུ་དྲུག་པ་ཕྲག་གཉིས། སྟེང་དུ་འཕོ་བའི་གཡས་? ་གཡོན་གྱི་གནས་སོ། །བྱང་ཆུབ་ཀྱི་སེམས་དགའ་བ་དང་ལྡན་པའི་གདུ་བུའི་རྣམ་པ་ཞེས་བྱ་བ་ལ། རི་བོང་ཅན་གྱི་རྣམ་པ་ནི། བྱང་ཆུབ་ཀྱི་སེམས་རྡོ་རྗེ་རིན་པོ་ཆེའི་ནོར་བུ་དང་བཅས་པའི་གནས་ཀྱི་གདུ་བུ་སུམ་ཅུ་རྩ་གཉིས ་གྱི་བདག་པོའི་རྣམ་པ་དགའ་བ་བཞི་དང་ལྡན་པའི་རྣམ་པ་དང། དེ་བཞིན་དུ། འདིར་ཡང་རྣམ་པར་སྦྱར་བར་བྱའོ། །སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅེས་བྱ་བ་ནི། སྲོག་མ་ནི་སྐུའོ། །རོ་མ་ནི་གསུངས་ངོ། །འཛིན་མ་ནི་ཐུགས་སོ། །གསུམ ་ཀྱི་བདག་ཉིད་ནི་རྟོག་མེད་མའོ། །གཞུང་བ་དད་འཛིན་པའི་རྟོག་པ་མེད་པས་ན། གཅིག་པུ་རྟོག་མེད་མའོ། །རྒྱུའི་དངོས་སུ་སྣང་བ་ལས་འབྲས་བུའི་མིང་བཏགས་པའོ། །ཡང་ན་སུ་ནི་དགའ་བ། གསུང་མཆོག་གི་གསང་བ་ཐུགས་ཆད་བའི ་དགའ་བ་བདག་ཉིད་རང་བཞིན་དགའ་བ། གཅིག་པུ་རྟོག་མེད་མ་ཞེས་བཤད་དེ། །བདེ་བ་ཆེན་པོའི་ཞེས་བྱ་བ་ལ་སོགས་པ་ནི་འཁོར་ལོ་དྲུག་གི་ལྟེ་བ་དང་པོ་བདེ་བ་ཆེན་པོ་ནས་ཐ་མ་རྡོ་རྗེ་ནོར་བུའི་གནས་བདེ་ཆེན་གྱིས་བཤད་པ་ག་བུར ་དང་བཅས་པའི་གཡས་དང་གཡོན་དེ་བཞིན་ཚངས་པའི་དབྱུག་པའོ། །ཇི་ལྟར་ནི་དཔེས་བཤད་བའོ། །ཙན་དན་གོ་རི?་གི་དབུས་སུ་སྤྲུལ་པོ་ཡོད་པའོ། །དེ་བཞིན་ཚངས་པའི་དབྱུག་པའི་དབུས་ན། རོ་མ་དང་འཛིན་མ་གཡས་གཡོན ་རྟོག་མེད་མ་དབུས་སུའོ། །ལྷའི་དབང་ཕྱུག་དེ་ལ་ཇི་ལྟར་བདག་ཉིད་བཤད་ཅེས་བྱ་བ་ནི། གོརཤི་ཥའི་ཙན་དན་དེ་བཞིན་དུ། རྟོག་མེད་མ་ཚངས་པའི་དབྱུག་པ་ལ་མདུན་དུ་འཁྱུད་བའི་དོན་རྒྱས་པར་བཤད་པར་བྱའོ། །དེ་ལ་ཚངས། ་པའི་དུས་པའི་ནི་ཚིགས་པའི་ནང་མཚན་ནོ། །དབྱུག་པའི་སྙིང་པོ་ནི་སྲོག་གི་དབྱུག་པ་དང་གསུམ་པར་ལྡན་པའོ། །དང་པོ་དེ་ལས་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱོར་བ། བདེ་པའི་ཐུར་གསུམ་གྱི་རྣམ་པ་མདུད་པའི་ལྟེ་བར་ཞེས་བྱ་བ་ནི ་འཕོ་བའི་དང་པོ་བསྟེན་ནས་དབྱིབས་ཟུར་གསུམ་དབུས་ཀྱི་ལྟེ་བར། དངོས་ཤེས་རབ་མ་ལས་ཀྱི་ཕྱག་རྒྱ་ལ་ལྟ་བ་ལས། འདར་བའི་རོ་སྐྱེ། ཡེ་ཤེས་འདོད་པའི་དགའ་བ་སྲོག་རླུང་ལྡན་པ་ཟླ་སྟོད་ཀྱི་ཚེས་གཅིག། ཆུ་ཚོད་གཅིག་གི་བར་དུ་བྱང་ཆུབ ་སེམས་འོད་ཀྱི་ཐིག་ལེ། རྣམ་པར་འབྱེད་པ་བཤད་པའོ། །རྟེན་པདྨའི་དབྱིབས་ཅན་དུ་དངོས་རིག་པ་ལ་འདོད་པ་ལས། འདར་བ་སྐྱེ། འདར་བའི་དགའ་བའི་ཡེ་ཤེས་ཉེ་བའི་སྲོག་རླུང་དང་ལྡན་པ། ཚེས་གཉིས་ཀྱི་ཟླ་བ་འཕེལ་བ་བཞིན་ཆུ ་ཚོད་གཉིས་ཀྱི་བར་དུ་ཡུན་རིང་?་ཚུངས་པ། བྱང་ཆུབ་ཀྱི་སེམས་སྟོབས་ཀྱི་ཐིག་ལེ་རྣམ་པར་འབྱེད་པ་ནུབ་བོའོ། །རྟེན་དུ་གྲགས་པའི་མིག་ཅན་དུ། དངོས་འདུས་པ་ལས་རྡུལ་སྐྱེ། འགྲོ་བའི་ཡེ་ཤེས་མཉམ་པའི་རླུང་དང་ལྡན་པའི་ཆོས ་གསུམ་གྱི་ཆུ་ཚོད་གསུམ་གྱི་བར་དུ། བྱང་ཆུབ་ཀྱི་སེམས་སྤྲིན་གྱི་ཐིག་ལེ་རྣམ་པར་འབྱེར་བཤར་བའོ། །དེ་བཞིན་དུ་གཞན་རྣམས་ཀྱང་རིམ་བ་བཞིན་དུ་སྦྱར་བར་བྱའོ། །འདར་བ་ལ་སོགས་པའི་མཆན་མ་ཙམ་བསྟན་ཏེ། །བཞི་པ་ནུ་མ་རིག་པ་ལ ་དུལ་སྐྱེ། ལྔ་བ་རང་དྲུག་པར་བ་སྤུ་ལངས?་པ་སྐྱེ། བདུན་པ་དང་བརྒྱད་པར་དབྱངས་ཀྱི་ཁྱད་པར་སྐྱེ། དགུ་པ་དང་བཅུ་པར་བཀྲག་བཟང་བར་སྐྱེ། བཅུ་གཅིག་པ་དང་བཅུ་གཉིས་པར་ཁ་རོག་འགྱུར་བ་སྐྱེ། བཅུ་གསུམ་པ་རང་བཅུ་བཞི་པར་དཀའ་པ ་ཡིས་སྣང་བ་མི་གསལ་བ་སྐྱེ། མཛའ་པ་གཉིས་ལ་ཡང་སྣང་པ་ཐིམ་པ་སྐྱེའོ། །ཡང་ན་གཉིས་དང་འཁྲུལ་པ་དང། བརྒྱལ་བ་དང། སྒོམ་པ་དང། འདར་པ་དང། སྐེག་པ་དང། སྐག་པ་དང། བྱ་?་དང། སྔ་མས་དང། བ་སྦུ་?་པ་དང། ་མཆིམ་འབབ་པ་དང། དྲང་དང། དངོས་པོ་རང། རྟེན་དང། ཡེ་ཤེས་དང། རྣམ་པར་འབྱེད་པ་ཡང་དེ་བཞིན་ནོ། །མཚན་མས་ཡེ་ཤེས་?་བའི་རིམ་པ་ཤེས་པ་?། །ཡེ་ཤེས་སྐྱེ་བའི་རིམ་པ་ཤེས་པའི་དགོས་པ་གང་ཡོན་སྙམ?་པ་ལ ་དེས་ནི་རང་བཞིན་དགའ་བརྟེན་མེད་རྙེད་ཅིང་ཐོབ་པར་འགྱུར་བའོ། །དེས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སོ། །ཅིའི་ཕྱིར་ཞེ་ན། ཡེ་ཤེས་སྐྱེ་བའི་རིམ་པའི་མཚན་མའི་རྟགས་ནི། དད་པ་ཆེ་བ་དང། སྙིང ་རྗེ་ཆེ་བ་དང། ཆགས་པ་ཆུང་བ་ལ་སོགས་པ་ལས་ཤེས་པར་བྱའོ། །འདི་སྐད་དུ། སྦྱིན་སྲེག་གྱི་ལེའུ་ལས། དུ་བ་ལས་ནི་མེ་ཤེས་ཤིང། ཆུ་སྐྱར་ལས་ནི་ཆུར་ཤེས་སོ། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས། །རིགས་ནི་མཚན་མ ་རྣམས་ལས་ཤེས། །ཞེས་གསུངས་པས་ནི། ཡེ་ཤེས་སྐྱེ་བའི་མཚན་མ་ཡང་དེ་བཞིན་ནོ། །ཡང་ན་རེག་བྱ་མེད་པར་དགའ་བ་ལ་སོགས་པ་སྔར་བཞིན་བསྐྱེད་པར་བྱ་བ་ཡིན་ནོ། །ཐོག་ནི་སྤངས་འཇིགས་བྱེད་པ་ཞེས་བྱ་བ་ནི། བྱང་ཆུབ ་ཀྱི་སེམས་ཀྱི་ཐིག་ལེ་རྣམས་དང་བཅོ་ལྔ་པོའི་དགའ་བ་ལ་སོགས་པ་ཡིས་རེག་པར་མ་ནུས་པའི་མཆོག་གི་ཐིག་ལེ་འདི་ཞེས་བྱ་བའི་དོན་ནོ། །དཔེ་ནི་འཇིག་རྟེན་པའི་གྲགས་པ་བཞིན་ནོ། །དེ་ལ་ནི་འཕོ་བའི་དོན་དེ་ལའོ། །ནུབ་བཅུ་དྲུག་ནི ་ཐིམ་པའི་སྒྲ་ཡིན་ཏེ། དེའི་དོན་གྱིས་ཤར་བ་ཡང་དེ་བཞིན་ནོ། །ཤར་དང་ནུབ་པ་ནི་རླུང་དང་བྱང་ཆུབ་སེམས་ཕྲད་པས་འཕོ་ཞིང། ཤར་ནས་སྐྱེ་བ་དང། ཐིམ་པ་སྟེང་དང་འོག་ཏུ་འགྲོ་བའི་ཐ་ཚིག་གོ་།བཅོ་ལྔ་པ་དང་བཅུ་དྲུག་པ་རྟེན་ཅན ་མཆོག་གི་དགའ་བ་ནི་མདུད་པའི་རིམ་པས་སྐྱེ་བའི་དོན་ཏོ། །རང་བཞིན་དགའ་ལ་དེ་ཡོད་མིན་ནི་རང་བཞིན་དགའ་བ་སྐྱེ་བ་དང། འགག་པ་དང། རྟེན་དང་བརྟེན་ཅན་དང། ཡོད་པ་དང་མེད་པ་ལ་སོགས་པའི་དངོས་པོ་ཐམས་ཅད་དང་བྲལ ་བ་ཤར་བ་དང་ནུབ་པ་ཡོད་པ་མ་ཡིན་ནོ། །ཡོན་པོའི་གདུ་བུའི་རྣམ་པའི་རྩ་ལྟེ་བའི་དབུས་སུ་ཞེས་བྱ་བ་ནི། སྲོག་མ་དང་བཅས་པའི་མདུད་པ་རྣམས་ཀྱི་ལྟེ་བར། ལྟེ་བའི་གདུ་བུའི་སྒྲས་རྡོ་རྗེ་རིན་པོ་ཆེའི་གནས་སུ་བཞིའི་དོན་འདུས ་པའི་དུས་སོ། །དུས་ཀྱི་སྒྲས་ཐིག་ལེ་དང། དགའ་བ་དང་སོགས་པས་སྟེང་གི་རླུང་དང། འོག་གི་རླུང་དང། རྩ་རྣམས་ལ་ནི་དུས་གཉིས་པའོ། །གཅིག་པ་ནི་ཆགས་པ་དང། ཆགས་པ་མ་ཡིན་པ་རོ་གཅིག་པའི་དུས་སོ། །དེ་ལྟའི་བདེ་ཆེན་རྣམ་པ་ནི ་ཞེས་བྱ་བ་ནི། སྔར་བཤད་པའི་ཆུ་ཚོད་དང་ལྡན་པའོ། །འཕོ་བ་ཞེས་བྱ་བ་ནི་འཕོ་བ་བཅུ་དྲུག་དང་འཕོ་བ་དང། ཆུ་ཚོད་ཀྱི་སྒྲས་དབྱུག་གུ་དྲུག་ཅུ་རྩ་བཞི་དང། ཐུན་ཚོད་བརྒྱད་དང། སྐད་ཅིག་མ་བཞི་པོ་འདི་ཀུན་གྱི་ནང་གི་སྦྱོར་བས། བཅོམ་ལྡན ་འདས་རྡོ་རྗེ་འཛིན་པ་བདག་གིས་བཤད་ཟིན་པའི་དོན་ཏོ། །དེའི་དོན་བསྡུས་པ་ནི་དངོས་པོ་རྟེན་དང་ཡེ་ཤེས་དང། ཞེས་བྱ་བ་ལ་སོགས་པ་སྟེ། དངོས་པོ་རྟེན་དང་ཞེས་བྱ་བ་ལ་སོགས་པ་ལ། དངོས་པོའི་སྒྲས་སྦྱོར་པའི་དངོས་པོ་རྣམས་སོ། །རྟེན ་གྱི་སྒྲས་ནི་བྱང་ཆུབ་སེམས་ཀྱི་རྟེན་རྩའི་གནས་རྣམས་བསྡུའོ། །ཡེ་ཤེས་ཀྱི་སྒྲས་དགའ་བ་རྣམས་རླུང་དང་ལྡན་པ་བསྡུའོ། །རྣམ་པར་འབྱེད་པའི་སྒྲས་ནི། བྱང་ཆུབ་སེམས་ཀྱི་ཐིག་ལེ་ལ་སོགས་པ་སྦྱིར་འབྱེད་པ་རྣམས་བསྟན་པ་ཡིན་ཞེས་བྱའོ།། ་དེ་རང་གི་དོན་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྟེ། དངོས་པོ་རོ་མཉམ་སྦྱོར་བ་ཡིན་ཞེས་བྱ་བ་ནི། རྣལ་འབྱོར་པའི་དངོས་པོ་ནི་ལས་ཀྱི་ཕྱག་རྒྱ་དང་ཐབས་ཀྱི་བདག་ཉིད་གཉིས་དཔལ་ཕྱག་རྒྱ་ཆེན་པོ་དང། ཡེ་ཤེས་ཐིག་ལེས་བྱིན་གྱིས་? ་པའོ། །དེ་གཉིས་སྦྱོར་བས་རོ་མཉམ་སྦྱོར་བའོ། །དེས་ནི་དགའ་བ་ལ་སོགས་པའི་སྟོབས་ལས་སྐྱེས་པ་ལས་གཉིས་སུ་མེད་པའི་འབྲས་བུ་བདེ་བ་ཆེན་པོ་རྙེད་དོ། །ལས་ཀྱི་ཕྱག་རྒྱ་དང་ཐབས་དང། རྩ་ལ་སོགས་པའི་རྣམ་པར་རྟོག་པའི་དངོས ་པོའི་ཆོས་ཐམས་ཅད་ཀྱིས། ཡེ་ཤེས་སྤྲོས་པ་དང་བྲལ་བ་ལ་འབྲས་བུ་དང་རྒྱུར་མི་འགྱུར་ལ། དེ་བཞིན་དུ་དངོས་པོའི་ལྷ་ལ་སོགས་པས་ནི། རུ་ཏྲ་ར་བ་སྐྱེ་པ་འམ། ཡང་ན་འཇིག་རྟེན་གྱི་ལྷ་ཆེན་པོ་ལ་སོགས་པའི་འབྲས་བུ་ཐོབ་པར་འགྱུར་རོ།། ་དེ་བསན་རྣམ་པར་མི་རྟོག་པ་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་སྒོམ་པར་བྱའོ། །དེས་འབྲས་བུ་ཡང་དག་པ་སྟོང་ཉིད་ཅེས་བྱ་བ་བདེ་བ་ཆེན་པོ་རྙེད་པར་འགྱུར་རོ། །ཇི་སྐད་དུ། དེ་ཁོ་ན་ཉིད་ཀྱི་རྒྱུད་ལས། སྟོང་ཉིད ་སྒོམས་པས་དེ་ཉིད་འཐོབ། །སྤྲོས་བཅས་རྣམ་པར་རྟོག་པ་ཡིས། །འབྲས་བུ་དེ་བཞིན་མ་ཡིན་ཏེ། །རྟག་པས་རྟོགས་པ་སྐྱེ་བར་འགྱུར་ཞེས་པ་དང། གླེང་བཞིའི་རྒྱུད་ལས་ཀྱང། རྣམ་རྟོག་གཏི་མུག་ཆེན་པོ་སྟེ། །འཁོར་བའི་རྒྱ ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ནས། །མཁའ་བཞིན་དྲི་མ་མེད་པར་འགྱུར་ཞེས་གསུངས་པས་ན། རྟོག་པ་ཅན་བསྒོམས་པས་བྱ་བ་མེད་དེ་རྣམ་པར་མི་རྟོག་པ་སྒོམ་མོ་ཞེས་སོ། །འདིར་དེའི་དོན་གསལ་བར ་བྱའོ། །འདིར་རྟོག་པ་ཡིན་ན་དངོས་པོའི་རྟོག་པས་འབྲས་བུ་དེ་བཞིན་ནོ། །ཇི་ལྟར་འོམ་སྦྲུལ་གྱི་དུག་ཡིན་ཡང། །མི་ལ་སོགས་པའི་དེ་བཞིན་མ་ཡིན་ནོ། །དེ་བཞིན་འདོད་ཆགས་ལ་སོགས་པ་ཡང་བསམ་པའི་ཁྱད་པར་ལས། ་ཁྱད་པར་ཅན་གྱི་འབྲས་བུར་བྱེད་པར་འགྱུར་རོ། །དེ་བས་འདིར་རྟོག་པ་མིན་པའི་དོན་གསུངས་པ། ཆགས་པའི་འདོད་ཆགས་རྣམ་དག་བྱེད། །ཅེས་བྱ་བ་ལ་སོགས་པ་ལ།། ཆགས་པ་ནི་རྟོག་པའི་ཡུལ་ཕྱིན་ཅི་ལོག་པ་སྟེ་བུད་མེད ་ཀྱི་དངོས་པོ་དང། གཟུགས་དང་སྒྲ་ལ་སོགས་པ་ལ་ལྟ་ཞིང་མཐོང་བ་ལ་སོགས་པའོ། །གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་དང། ཆོས་ལ་སོགས་པའི་རྟོགས་པ་ལ་ཞེན་ཅིང་ཆགས་པ་ནི་འདོད་ཆགས་ཡིན་ཏེ། འདོད ་པས་བདག་གི་དབང་དུ་བྱས་ནས་མི་གཏོང་བའོ། རྣམས་དག་ཅེས་བྱ་བ་ནི་དེ་འདིར་དག་པར་འགྱུར་ཏེ། ཐ་མལ་པའི་སྤྱོད་པ་དངོས་པོ་ལ་ཞེན་པ་མ་ཡིན། ལྷ་དང་ལྷ་མོའི་བདག་ཉིད་སྒྱུ་མའི་དངོས་པོ་བསྒོམས་ནས། ཐབས་དང་ཤེས ་རབ་ཀྱི་སྤྱོད་པ་བྱས་པས་རྣམ་པར་དག་པར་འགྱུར་རོ། །དེ་བཞིན་དུ་འདུས་པ་རིག་བྱ་བྱེད་པའི། ཞེས་བྱ་བ་ལ་འདུས་པ་ནི་ཐབས་དང་ཤེས་རབ་རེག་བྱ་ནི་རྡོ་རྗེ་རིན་པོ་ཆེ་དང་བཅས་པ་པདྨ་བྱ་གདོང་མ་དང་བཅས་པ། བྱེད་པ་པོའི་དངོས་ཞེས་སྦྱར་ཏེ། ་ཐབས་དང་ཤེས་རབ་ལ་སོགས་པའི་དགའ་པ་ནི། ཐ་མལ་པ་དང་མཐུན་པ་མ་ཡིན་ནོ། །དེ་བས་ན་སྲིད་པ་མེད་པར་བྱེད། ཅེས་གསུངས་ཏེ། སྲིད་པ་ནི། སྐྱེ་བའི་སྲིད་པ་དང། འཆི་བའི་སྲིད་པ་དང། བར་མ་དོའི་སྲིད་པའོ། །དེ་སྐད་དུ། ཀྱེའི ་རྡོ་རྗེ་ལས་ཀྱང་ཇི་ལྟར་དུག་གི་དུམ་བུ་ཡིས། །སེམས་ཅན་ཀུན་ནི་འཆི་བར་བྱེད། །དུག་གི་དེ་ཉིད་ཤེས་པ་ཡིས། །དུག་གིས་དུས་ནི་འཇོམས་པར་བྱེད། །ཅེས་བྱ་བ་ལ་སོགས་པའི་དཔེ་དང། དེ་བཞིན་ཆོས་ཅན་རྟོག་པ་ནི། རྟོག་པ ་ཡིས་ནི་དག་པར་བྱེད། །ཇི་ལྟར་འདོད་ཆགས་མེས་ཚིག་ནི། །སླར་ཡང་འདོད་ཆགས་ཀྱིས་དག་འགྱུར་ཞེས་གསུངས་སོ། །འདོད་འབྱུང་པ་ལོངས་སྤྱོད་རྣམས་ནི། །སྦྱོར་ཐབས་རྣམས་དེ་བཞིན་གཤེགས་པའི་སྤྱོད་པ་ཡིན་ཏེ། དེ་བས་འདིར ་ཡང་འོ་ལ་སོགས་པའི་སྤྱོད་པ་སྤྱོད་དུ་གསུངས་སོ། །དེ་ཡང་དགའ་བ་སྐྱེ་བའི་རྒྱུ་འཁྱུད་པ་ལ་སོགས་པ་ཡིན་ལ། འབྲས་བུའི་དུས་ན་ནི་ལོངས་སྤྱོད། དེ་བཞིན་གཤེགས་པའི་རྒྱུར་འགྱུར་བས་ཀྱང་ལོངས་སྤྱོད་པའོ། །དངོས་ནི་དངོས་པོར་བར་ཆོད ་བྱེད། ཅེས་བྱ་བ་ནི། འཁོར་བའི་དངོས་པོའི་ཆོས་རྣམས་ཀུན། །ཐབས་རྣམ་པ་སྣ་ཚོགས་ཀྱི་སྤྱོད་པས་ཡེ་ཤེས་སྐྱེད་དེ། ཕྱིན་ཅི་ལོག་གི་སྤྱོད་པའི་བར་གཅད་པར་བྱའོ། །རྟེན་གང་ཡིན་སྙམ་པའོ། །ད་གསུངས་པ། པུཎྜ་རི་ཀ་འབྱུང་པ་ཡིས། ཞེས་བྱ ་པ་ལ་སོགས་པའོ། །ཟླ་བའི་རྣམ་པ་ཅན་པུཎྜ་རི་ཀའོ། །འབྱུང་བ་ནི་ཀུ་ཤའི་མཚན་ཉིད། ཡིས་ཞེས་བྱ་བ་ནི་རྩ་ལ་ཀུ་ཤ་འབབ་པའི་ཕྱིར་ནའོ། །ཟུར་གསུམ་ནི་སྔར་བཤད་པའོ། །སོགས་ནི་པདྨའི་འབྲས་བུ་དང། དྲག་པའི་མིག་ཅན་ལ་སོགས? ་པ་རྣམས་བསྡུ། རྟེན་ཡིན་ནི་ཤུཀྵ་དགའ་བ་དང་ལྡན་པ་རྣམས་ཀྱི་གནས་བྱེད་པའོ། །རྩ་རྣམས་ཀྱི་བསྡུས་པའི་དོན་དང་བཅས་པ་གསུངས་པ་ནི། རྟེན་ནི་བསམ་གཏན་མེད་པ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་པའོ།། ་རྟེན་ནི་འདབ་མ་གསུམ་པའི་རྣམ་པའོ། །དེ་ནི་བསམ་གཏན་གྱི་གནས་སོ། །མེད་པ་ནི་བསམ་གཏན་མེད་པ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ལ་བསྒོམ་པ་མེད་པའོ། །དེ་ལས་གཞན་མའི་ཁྱད་པར་ཅན་ཞིག་བསྒོམས་པའི་བསམ་གཏན ་ཡང་མེད་དོ། །ཆོས་དབྱིངས་རང་གི་ངོ་བོ་ཡིན། །སྟེང་དང་འོག་ཏུ་མཉམ་པ་བརྟེན་ཞེས་བྱ་བ་ནི། བསྐྱེད་པ་དང་རྫོགས་པ་བྲལ་བའི་མཉམ་པ་ནི་ཆོས་ཀྱི་དབྱིངས་ཀྱི་རང་རིག་ངོ་བོ་ཡིན་ལ་དེ་མཛའ་གཉིས་བྲལ་བའི་ཕྱིར་ན། མྱ་ངན་འདས ་བ་རྟོག་པ་མེད། །མྱ་ངན་འདས་པའི་རྟོག་པ་མེད་པས་ན། །འཁོར་བའི་རྟོག་པ་ཡོང་མི་སྐྱེ། དེ་ལ་བསམ་གཏན་གཞན་པ་དང་ག་ལ་ཡོད་དེ་མེད་དོ། །དེ་སྐད་དུ། རྡོ་རྗེ་འཛིན་པའི་ལུང་ལས་ཀྱང་རྟག་ཏུ་ཤར་བ་ལས་གཞན་ཅི། །གང་དུ་ཡང་ནི ་སྒོམ་ཡོད་དམ། །གལ་ཏེ་སུ་ཞིག་སྒོམ་བྱེད་དེ། ཁྱད་པར་ཅན་དུ་སྐྱེ་མི་འགྱུར། ཞེས་གསུངས་སོ། །བདེ་བ་ཆེན་པོའི་བདུད་རྩི་ནི་ཉན་ཐོས་པའི་བདེ་བ་ལས་མཆོག་ཏུ་གྱུར་པས་བདེ་བ་ཆེན་པོའི་འོ། །ཉོན་མོངས་པ་ལ་སོགས་པ་དང་བྲལ ་པའོ་།ཟས་ནི་བདུད་རྩི་རྟེན་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་དབྱིངས་རྟེན་ཅན་ལ་གསལ་བའོ། །རིགས་ལྔ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །དེའི་མཆོག་ནི་གཉིས་སུ་མེད་པའི་བདེ་བ་ཆེན་པོ། །གནས་ཞེས་བྱ་བ ་ནི་སྔར་བཤད་པས་བྱས་སོ། །དེ་ཡི་ཡེ་ཤེས་གསུམ་པ་ནི། ཡེ་ཤེས་འདོད་པ་ལྷུན་གྱིས་གྲུབ་ཅེས་བྱ་བ་ལ་སོགས་པ་སྟེ། ཡེ་ཤེས་ནི་བྱང་ཆུབ་སེམས་བདེ་བའི་ཡེ་ཤེས་འདོད་པ་ནི་དགའ་བ་བཅུ་དྲུག་གི་དང་པོའི་དགའ་བའོ། །ལྷུན་གྱིས ་གྲུབ་བ་ནི་དེ་རྣམས་གྲུབ་པའོ། །འདར་བའི་དགའ་བ་མཆོག་གི་དགའ་བ་ནི། དེ་རྣམས་ཀྱི་གཉིས་པ་ནི་འདར་བའི་དགའ་བ་སྟེ། དང་པོའི་མཆོག་ཅེས་བྱ་བའི་དོན་ཏོ། །ཡེ་ཤེས་ཞེས་བྱ་བ་ནི་ཉམས་སུ་མྱོང་བའི་ཡེ་ཤེས་ཞེས་བྱ་བ་ནི་དོན་འདིའོ། །ལྷུན ་གྱིས་གྲུབ་པ་ནི་བསྒོམ་པའི་སྟོབས་ཀྱི་ཡེ་ཤེས་བསྐྱེད་པས་གྲུབ་པར་འགྱུར་རོ། །གནས་ནི་ཡེ་ཤེས་བཅོ་ལྔ་པའི་བཞུགས་གནས་བཅས་པ་ནི་རྟེན་ཅན་གྱི་རང་བཞིན་དགའ་བ་དང་བཅས་པའོ། །ཆད་པའི་དགའ་བ་ཡིན་ནི། བཅོ་ལྔ་པ་ཡིན་ནོ། །གནས ་མེད་པ་ནི་རྟེན་དང་རྟེན་ཅན་དང། ཤར་དང་ནུབ་དང། འཕོ་བ་ལ་སོགས་པའི་དངོས་པོ་དང་བྲལ་བའོ། །རང་བཞིན་དགའ་བ་ནི། དེ་ཁོ་ན་ཉིད་ཅེས་བྱ་བ་དང། དོན་དམ་པའི་བདེ་བ་དང། གཉིས་སུ་མེད་པ་དང། བདེ་བ་ཆེན་པོ་ལ་སོགས་པ་རྣམ་གྲངས་སོ།། ་གཉིས་སུ་མེད་པའི་མཆོག་ནི་ཡེ་ཤེས་ཀྱི་ང་རྒྱལ་ཙམ་ཡང་མེད་དེ། ཡེ་ཤེས་ང་རྒྱལ་མེད་པར་ཅེས་གསུངས་སོ། །ཆོས་ནི་འགྲོ་བ་དང་མི་འགྲོ་བའི་ཕུང་པོ་ལ་སོགས་པའོ། །ཐམས་ཅད་ནི་རྡུལ་ཕྲ་རབ་ཀྱིས་བསྡུས?་པ་དང་ཅིག་ཤོས་སོ། །རྣམས་པ་ཤེས ་ནི་གཅིག་དང་དུ་མ་དང་བྲལ་བའི་དོན་ཡེ་ཤེས་སུ་བློས་འཇོག་ཅིང་ཤེས་པའོ། །དེ་བས་ན་ཡེ་ཤེས་བྱ་བའི་དོན་གྲུབ་བྱེད། །ཅེས་གསུངས་སོ། །དེ་ནི་སྒྲིབ་པ་གཉིས་སྤངས་པའི་དོན་ཏོ། །ཡེ་ཤེས་ལ་སོགས་པ་བཤད་ནས། རྣམ་པར་འབྱེད་པ་གསུངས་པ། ་རྣམ་པར་འབྱེད་པ་འོད་གཟུགས་གྲགས། ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །བྱང་ཆུབ་སེམས་ཀྱི་ཐིག་ལེར་ལྷག་པར་བྱ་བ་ནི་རྣམ་པར་འབྱེད་པའི་འོད་གཟུགས་གྲགས། ཞེས་བྱ་བ་སྟེ། འོད་ཀྱི་ཐིག་ལེའི་གཟུགས་སོ། །ཚུལ་ནི་ཚུལ་གྱི ་ཐིག་ལེ། སྤྲིན་ནི་སྤྲིན་གྱི་ཐིག་ལེ། སྟོབས་ནི་སྟོབས་ཀྱི་ཐིག་ལེའོ། །དེ་བཞིན་དུ་གཞན་རྣམས་ཀྱང་བསྡུའོ། །བདག་ཉིད་ནི་བདེ་བའི་ཐིག་ལེ་བཅུ་དྲུག་གི་བདག་ཉིད་རྣམ་པར་འབྱེད་པའོ། །དེ་རང་ལས་འབྱེད་པ་ནི། རྣམ་པར་འབྱེད་པ་སྟེ། རྟེན་མེད ་པར་བྱེད་པའི་ཐ་ཚིག་གོ་།དངོས་པོ་ཀུན་ནི་དགའ་བ་དང། བྱང་ཆུབ་སེམས་བདེ་བའི་ཐིག་ལེ་རྣམས་སོ། །རྣམ་པ་ནི་ཁྱད་པར་སྣ་ཚོགས་པའི་རྣམ་པ་མང་པོ་རྣམས་སོ། །གནས་ནི་རྩའི་མདུད་པའི་གནས་བསྡུའོ། །བཅས་པ་ནི་རྩ ་དང་ཐིག་ལེ་ལ་སོགས་པར་ལྡན་པའོ། །ཐིམ་པར་ནི་དངོས་པོ་དངོས་པོ་མེད་པར་ཏེ། འདི་ནི་ཆོས་ཀྱི་སྐུའི་མཚན་ཉིད་ཤིན་ཏུ་རྣམ་པར་དག་པའོ། །ཆོས་ཀྱི་སྐུའི་ལུས་འདི་ནི་ཐོག་མ་དང་ཐ་མ་མེད་པ། རང་བཞིན་གྱིས་རྣམ་པར་དག་ཅིང། འོད ་གསལ་བ་ཆོས་ཀྱི་རང་བཞིན་ཏེ། དུས་ཐམས་ཅད་དུ། དེ་བཞིན་ཉིད་དུ་མཛད་པའོ། །ཆོས་ཀྱི་སྐུ་འདི་ནི་གཟུགས་ཀྱི་སྐུ་དང། ཆོས་རྣམས་ཀྱི་གནས་དང། རྒྱུ་འབྲས་ཀྱི་སྐུར་གསུངས་སོ། །གཉིས་པ་གསུངས་པ། སྐྱེ་དང་གནས་པ་རྫུ ་འཕྲུལ་གྱི། ཞེས་བྱ་བ་ལ་སོགས་པ་སྟེ། སྐྱེ་བ་ནི་ཆུ་ལས་ཉ་བཞིན་དུ་ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུའོ། །གནས་པ་ནི་ཞིང་ཡོངས་སུ་དག་པ་ན། མཚན་བཟང་པོ་སུམ་ཅུ་རྩ་གཉིས་ལ་སོགས་པ་ཟླ་མེད་པའི་ཆེ་བའི་ཡོན ་ཏན་མང་པོས་བརྒྱན་པ། འཇའ་ཚོན་ལྟ་བུའི་སྐུ་མཛེས་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤྱོད་པར་འོས་པས་ན། ལོངས་སྤྱོད་པའོ། །རྟག་པར་གདུལ་བྱའི་དོན་བྱེད་པས་ན། རྒྱུན་གྱི་རྟག་པར་གནས་པའོ། །རྫུ་འཕྲུལ་གྱིས ་ཞེས་བྱ་བ་ནི། དེ་ལས་སྤྲུལ་པའི་སྐུ་སྤྲུལ་ནས། རེ་རེ་ཞིང་ཡང་གདུལ་བྱའི་དབང་གིས་དོན་མཛད་པར་སྤྲུལ་པའི་སྐུ་བྱེ་བ་མཛའ་ཡས་པ་དེ་ལས་ཀྱང་དེ་བཞིན་ནོ། །དེ་ཡང་འདི་སྐད་དུ། རང་གིས་རིག་པ་དེ་ཉིད་ནི། གཞན་གྱིས་བརྗོད ་ལས་མི་འབྱུང་སྟེ། མོས་དང་བསྒོམས་པས་རྟོགས་འགྱུར་གྱི། རྟོགས་པ་དེ་ཉིད་གཞན་དུ་མིན་ཞེས་པས་ནའོ། །ཡང་འདི་སྐད་དུ། ཐབས་དང་ཤེས་རབ་བདག་ཉིད་ཅན། ཉོན་མོངས་ཀུན་ལས་རྣམ་གྲོལ་ཞིང། མཚན་རྣམས་ཀུན ་གྱི་རབ་བརྒྱན་པར། སྟོང་ཉིད་ཡེ་ཤེས་ལས་བྱུང་བ། །སྤྲོ་ཞིང་སྡུད་པར་བྱེད་པ་ཡི། །རྣམ་པ་ཀུན་གྱི་མཆོག་ལྡན་ཞིང། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཡེ་ཤེས་སྒྱུ་མ་འདྲ་ཞིང་རྟག་།ཅེས་གསུངས་སོ། །ཡང་འདི་སྐད་དུ། སངས་རྒྱས ་ཉིད་ལས་སངས་རྒྱས་ཉིད། །དཔག་མེད་རིགས་སུ་སྤྲུལ་པ་ནི། །འགྲོ་བ་གདུལ་བྱའི་བསམ་པའི་རྒྱུད། །དེ་བཞིན་དུ་ཡང་སྤྲུལ་སྐུས་མཛད་ཅེས་གསུངས་སོ། །དེར་གསུངས་སོ། །དེར་གསུམ་པོའི་དོན་བསྟན་ནས། དེ་དག་གིས་འབྱེད་པ་གསུངས ་པ། རྣམ་པར་འབྱེད་པ་གཏི་མུག་འཇོམས་ཞེས་བྱ་བ་ནི། གཏི་མུག་གི་སྒྲས་ནི་འདོད་ཆགས་དང། ཞེ་སྡང་དང། ང་རྒྱལ་དང། ཕྲག་དོག་གོ་།འཁོར་ལོ་ནི་བསྐྱེད་པའི་རིམ་པའི་དཀྱིལ་འཁོར་རོ། །སྔགས་ནི་དེ་རྣམས་ཀྱི་བཟླས་པ་དང། བསྐྱེད ་པ་ལ་སོགས་པའོ། །བྱ་བ་ནི་འཕྲིན་ལས་རྣམས་སོ། །དེ་རྣམས་ཀུན་འཇོམས་པས་ན། འཇོམས་བྱེད་དེ་ནི་རྣམ་པར་འབྱེད། ཅེས་གསུངས་སོ། །རྩའི་སྙིང་པོ་ནི་འདབ་མ་གསུམ་པའི་ལྟེ་བའི་རྟོག་མེད་མའོ། །ཐམས་ཅད་ནི་རྡུར?་གསུམ་ལ་སོགས ་པའོ། །བཅོམ་པ་ནི་གཉིས་སུ་མེད་པའི་ཆོས་ཀྱི་དབྱིངས་སུ་བཅོམ་པ་སྟེ། བཅོམ་ལྡན་འདས་ཞེས་བྱ་བའི་སྒྲའོ། །ཕྱིར་ན་གཏན་ཚིགས་ཏེ། མི་མངའ་བ་དང་ལྡན་པའི་དོན་ཏོ། །རྣམ་པར་འབྱེད་པ་ནི། མཚན་མའི་དངོས་པོ་ལས་འབྱེད་པའོ། །ཡེ ་ཤེས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །སྙིང་པོ་ནི་དེ་རང་མཐར་ཐུག་པའི་མཆོག་གོ་།མཛའ་ནི་ཆོས་ཉིད་དང་བཅས་པའོ། །དེ་ནས་ཡེ་ཤེས་ཀྱང་དེ་ཉིད་སྙིང་པོ་ཡང་དེ་ཉིད། རྣམ་པར་འབྱེད་པ་གསལ་བ་ཡིན་ཞེས་བྱ་བ་ནི། ཆོས་ཀྱི་དབྱིངས ་ཀྱི་ཡེ་ཤེས་ཀྱི་སྣང་བ་ཉིད་གསལ་བའི་བདག་ཉིད་ཅེས་སོ། །ཤིན་ཏུ་ནི་ཕུལ་དུ་བྱུང་བའི་ཡེ་ཤེས་སོ། །བདེ་བ་ནི་ཡང་དག་པའི་མཆོག་གོ་།བྱེད་པའི་ཕྱིར་ནི་ནམ་པར་འབྱེད་པའི་ཡེ་ཤེས་དེ་ཁོ་ན་ཉིད་ཀྱིས། ཕུལ་དུ་བྱུང་བའི་ཡང་དག་པའི ་བདེ་བའི་མཆོག་བྱེད་ཅེས་བྱ་བའི་དོན་ཏོ། །དེས་ན་རྣམ་པར་འབྱེད་པའི་དེ་ཁོ་ན་ཉིད་ཕྱིར་བརྗོད་ཅེས་གསུངས་སོ། །སྐུ་གསུམ་མི་ཕྱེད་པའི་དོན་གསུངས་པ། གཉིས་སུ་མེད་པའི་མཆོག་ཞི་བ་ཞེས་བྱ་བ་ལ་སོགས་པའོ།། ་གཟུང་བ་དང་འཛིན་པའི་རྟོག་པ་ནི་གཉིས་ཏེ། དེ་བཞིན་དུ་གཉིས་པ་ཐམས་ཅད་བསྡུ་བ་ནི་གཉིས་སུ་མེད་པའོ། །ཉོན་མོངས་པ་ཉན་ཐོས་ལ་སོགས་པའི་བྱང་ཆུབ་ལས་ཁྱད་པར་དུ་གྱུར་བས་ན་མཆོག་གོ་།རབ་པོ་དེ་ཁོ་ན་ཉིད་དོན་དམ ་པ་སྤྲོས་པ་དང་པྲལ་བ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཀུན་ཞི་བས་ན་ཞི་བའོ། །ཆགས་པ་ནི། འཁོར་བའི་དངོས་པོ་རྣམས་སོ། །ཆགས་བྲལ་ནི་ཉན་ཐོས་ཀྱི་སྟོང་པ་ཕྱོགས་གཅིག་པའོ། །འདི་ནི་མཛའ་གཉིས་ལ་མི་གནས ་པས་ན། ཆགས་པ་དང། ཆགས་བྲལ་མིན་ནོ། །དྲི་མ་མེད་པ་ནི་བློ་བུར་བའི་དྲི་མ་མ་རིག་པ་ལ་སོགས་པ་དང་བྲལ་བའོ། །ནམ་མཁའ་ལ་སྤྲིན་ལ་སོགས་པ་བཞིན་ནོ། །འདུས་བྱས་མ་ཡིན་པས་ན་བཅོས་པ་མེད་པའོ། །རྒྱུ ་ལས་ཞི་སྐྱེ་བའི་ཕྱིར་རྒྱུ་དང་བྲལ་བའོ། །ཱ་ལི་ཀཱ་ལཱི་ལས་མ་སྐྱེས་པའི་ཕྱིར་སྔགས་དང་བྲལ་བའོ། །བསྐྱེད་རིམ་རྫོགས་རིམ་ལས་མི་སྐྱེ་བའི་ཕྱིར་རིམ་པ་དང་བྲལ་བའོ། །རང་རིག་པ་དང་བརྗོད་དུ་མེད། ཐམས་ཅད་ཁྱབ་དང་དཔེ ་བྱང་མེད་ཅེས་བྱ་བ་ནི། བརྗོད་དུ་མེད་པ་གཉིས་སུ་མེད་པའི་ཡེ་ཤེས་སྤྲོས་པ་དང་བྲལ་བ་ཆོས་ཐམས་ཅད་ལ་ཁྱབ་ན། ཡང་མཐོང་བ་མ་ཡིན་པ། མཚན་དང་དཔེ་བྱང་མེད་པའི་བདེ་བ་ཆེན་པོའི་བདག་ཉིད་ནི། གཟུགས་ཀྱི ་སྐུ་དང་བྲལ་བ་རང་རིག་པའི་ཡེ་ཤེས་བརྗོད་དུ་མེད་པ་ཉིད་དོ། །དེ་ཁོ་ན་ཉིད་དེ་ཡང་མདོ་དང་ལུང་དང། འགྲེལ་པ་ལ་སོགས་པའི་ནང་ནས་གསུངས་པ་ནི། རྒྱས་པར་བཤད། ཡང་ན་འདིར་འགའ་ཙམ་དྲང་བོར་བྱ་སྟེ། བདེན་པ ་གཉིས་ཀྱི་ཚུལ་ལ་གནས་དེ་ནི་གཉིས་མེད་ཡེ་ཤེས་ཏེ། མི་གནས་མྱ་ངན་འདས་པ་ཡིན། སངས་རྒྱས་རྡོ་རྗེ་འཛིན་པ་ཉིད་ཅེས་གསུངས་པ་དང། ཡང་དེ་བཞིན་གཤེགས་པའི་མཛོད་ཀྱི་མདོ་ལས་མངོན་པར་འདུ་མི་བྱེད་པ་རྒྱུ་མའི་ཆོས་ཉིད ་ཀུན་ནས་ཉོན་མོངས་པ་མེད་པ་རང་བཞིན་གྱིས་འོད་གསལ་བའི་ཆོས་ལ་འཇུག་ཅིང། ཆོས་ཐམས་ཅད་བཟོད་མ་ནས་རྣམ་པར་དག་པར་མངོན་པར་དང་པ་དང། མོས་པའི་སེམས་ཅན་དེ་ངན་སོང་དུ་འགྲོ་ཞེས་ད་མི་སྨྲའོ། ཞེས་གསུངས ་པ་དང། ཡང་ན་མཁའ་དང་མཉམ་པའི་རྒྱུད་ལས་ཀྱང་འབྲེལ་བར་བསྟན་ཏེ། དེ་ཉིད་གང་ཞིག་འདོད་པ་ལ། །དེ་ལ་དེ་ཉིད་དམ་པ་མེད། །ས་དང་ཕ་རོལ་ཕྱིན་པ་ཡིས། །ཚེ་འདིར་དེ་ཉིད་ཐོབ་མི་སྲིང། །རྒྱུ་འདྲ་དེ་ཁོ་ན་ཉིད་འདི། །གང ་ཞིག་གིས་ནི་རྟོག་གྱུར་ན། །དེ་ཡིས་དེ་ཉིད་དམ་པ་འདི། །ངེས་པར་དེ་ཉིད་མྱུར་དུ་འཐོབ་ཅེས་པ་དང། ཡང་བདེན་པ་གཉིས་སུ་མེད་པས་ནི་རྒྱུ་དང་འབྲས་བུ་དག་ཀྱང་གཉིས་སུ་མེད་པ་ཡིན་ལ། རྒྱུ་དང་འབྲས་བུ་གཉིས་སུ་མེད་པས་ཐོབ་པ་དང་ཐོབ་བར ་བྱ་བ་དག་ཀྱང་གཉིས་སུ་མེད་པ་ཡིན་ལ། དེ་དག་གཉིས་སུ་མེད་པས་བསྒོམ་པ་དང། བསྒོམ་པར་བྱ་བ་དག་ཀྱང་གཉིས་སུ་མེད་པ་སྟེ། གཉིས་སུ་མེད་པ་ལ་ནི། སྒྲུབ་པ་དང་བོ་དང་བསྒྲུབ་པར་བྱ་བ་དམིགས་པར་མི་འགྱུར་རོ་ཞེས་གསུངས་སོ། །དེའི་ཕྱིར་བདེ་བ་ཆེན་པོ་དང། ་ཆོས་ཀྱི་དབྱིངས་དང། དེ་ཁོ་ན་ཉིད་དང། གཉིས་སུ་མེད་པ་དང། རང་རིག་པའི་ཡེ་ཤེས་དང། ཆོས་ཉིད་དང། དོན་དམ་པའི་བདེན་པ་དང། ཞེས་བྱ་བ་ལ་སོགས་པ་རྣམ་གྲངས་སོ། །དེའི་ཕྱིར་ན། དེ་ལྟ་བུའི་དོན་དམ་པར་ལྷའི་དབང་ཕྱུག་རྣམ་པར་བྱེད་ཅེས ་གསུངས་ཏེ། སྡུད་པ་པོ་ལྷའི་དབང་ཕྱུག་ལ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས། བདེ་བ་ཆེན་པོ་གཉིས་སུ་མེད་པར་འབྱེད་པར་གསུངས་སོ། །སངས་རྒྱས་བྱང་ཆུབ་སེམས་ཀུན་ལ་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ནི་དཔག་ཏུ་མེད་པའི ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་མཚོན་པའོ། །བྱང་ཆུབ་སེམས་དཔའ་ཀུན་ལ་དེ་བཞིན་དུ་བཤད་པའོ། །སྙིང་གར་རྟག་ཏུ་བཞུགས་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དེ་སྙེད་ཀྱི་ཐུགས་ཡང་དག་པའི་ཡེ་ཤེས་ནི་དེ ་ཉིད་འདི་ཡིན་ནོ། །དེ་སྐད་དུ། གངྒཱའི་ཀླུང་གི་བྱེ་སྙེད་ཀྱི། །སངས་རྒྱས་རྣམས་ཀྱིས་འདི་དག་ཉིད། །ཐུགས་ཆུད་ཡོང་མེད་ཕྱོགས་སྤངས་པས། ཕྱག་རྒྱ་ཆེན་པོའི་བདག་ཉིད་གྲུབ་ཅེས་གསུངས་སོ། །དེའི་ཕྱིར་འདི་ནི་མཁྱེན་འདི་ནི་མི་མཁྱེན ་ཞེས་བྱ་བ་མི་མངའ་བའི་དོན་ཏོ། །ཡང་ན་སངས་རྒྱས་ནི་ཕུང་པོ་རྣམས་སོ། །བྱང་ཆུབ་སེམས་དཔའ་ནི་སྐྱེ་མཆེད་ལ་སོགས་པ་རྣམས་སོ། །ཀུན་ཞེས་བྱ་བ་ནི། འབྱུང་བ་རྣམས་ལྷ་མོར་བསྟན་པ་དང། དེ་རེ་རེ་ལ་ཡང་དབྱེ་བའོ། །སྙིང་གར་རྟག ་ཏུ་བཞུགས་པ་ནི། བྱང་ཆུབ་སེམས་ཀྱི་རང་བཞིན་དགའ་བ་སྐྱེད་པར་མཛད་པ་དང། རང་བཞིན་དུ་བཞུགས་སོ། །རྣམ་པར་འབྱེད་པ་ལ་བསྒོམ་པ་མེད་ཅེས་བྱ་བ་ནི། དེ་ཉིད་བསྒོམ་པ་དང། སྔགས་ཀྱིས་བཟླས་པ་དང། མཆོད་པ་ལ་སོགས ་པ་སྤངས་པའོ། །ཕུང་པོ་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པའོ། །ཁམས་ནི་ས་དང་ཆུ་དང། མེ་དང། རླུང་གི་ཁམས་སོ། །སོགས་པ་ནི་སྐྱེ་མཆེད་བཅུ་གཉིས་ནི་ཁམས་གཞན་ནོ། །བྲལ་བ་ནི་རྣམ་པར་འབྱེད་པ་དེ་ཉིད་ཀྱིས་དེ་རྣམས་ཀྱི ་རྟོག་པ་མེད་པའོ། །སྒྲ་ནི་འཇིག་རྟེན་པའི་སྒྲའི་དངོས་པོའོ། །སོགས་པ་ནི་དེ་བཞིན་དུ་ཚད་མ་དང་སྙན་དང་གསལ་སོགས་པའོ། །ཆོས་ཀྱིས་སྟོང་པ་ནི་དེ་ཉིད་ཀྱིས་དེ་རྣམས་སྟོང་པ་འམ་དབེན་པའོ། །སྟོང་པ་ནི་མི་དམིགས་པའི་ཤེས ་རབ་ཆེན་པོའི་སྟོང་པ་ཉིད་དོ། སྙིང་རྗེ་ནི་ཐབས་ཐུགས་རྗེ་ཆེན་པོའི་དངོས་པོ་ཀུན་རྫོབ་སྒྱུ་མ་ཙམ་མོ། །བདག་ཉིད་ཡིན་ཞེས་བྱ་བ་ནི་དེ་ཉིད་གཉིས་ཀྱི་བདག་པོ་སྟེ། གཉིས་སུ་མེད་པའི་དེ་ཁོ་ན་ཉིད་དམ་པའོ། །དེའི་ཡོན་ཏན་གསུངས ་པ། ཚངས་བ་དང་ཁྱབ་འཇུག་དྲག་པོ་དང། ཞེས་བྱ་བ་ལ་སོགས་པའོ། །དེ་ཁོ་ན་ཉིད་འདི་ནི་གདུལ་བྱའི་དབང་གིས་ཡེ་ཤེས་ལྔའི་བདག་ཉིད་ཚངས་པ་ལ་སོགས་པ་ཡང་བསྟན་པ་མེ་ལོང་ལྟ་བུའི་ཡེ་ཤེས་གསལ་ལ་རྟོག་པ་མེད་པའི་བདག་དེ་ཉིད་ལས ་བྱུང་པས་ཆངས་པའོ། །དེ་ཉིད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་དུ་བྱུང་ཞིང་སེམས་ཅན་ཀུན་ལ་ཁྱབ་པ་ནི་ཁྱབ་འཇུག་གོ་།དེ་ཉིད་ལས་སོ་སོར་རྟོག་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་གྱིས་སོ་སོར་རྟོགས་པས་ན་དྲག ་པའོ། །དེ་ཉིད་ལས་ཆོས་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་གྱིས་མཉམ་པར་དབང་བྱེད་པས་ན་དབང་ཕྱུག་།དེ་ཉིད་ལས་བྱ་བ་ནན་གྱི་ཡེ་ཤེས་ཀྱི་རང་བཞིན་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་ཀྱི་མཚན་ཉིད་རང་བཞིན་དུ་ཞི ་པ་སྟེང་བསན་ཞི་བའོ། །དེ་རྣམས་ནི་རིགས་ལྔའི་མཚན་ཉིད་དང་ལྡན་པའི་ཚངས་པ་ལ་སོགས་པའོ། །དེ་ཉིད་ལས་ཡེ་ཤེས་ལྔའི་བདག་ཉིད་དུ་བྱུང་པས་ན་ཡབ་ཡིན་པའོ། །ཡང་འདི་སྐད་སྟེ། དཔལ་མཆོག་དང་པོའི་ཆོ་གར?་ཡང། །ཚངས་པ ་དང་དྲག་པོ་སོགས་བསྒོམ་པ། ངེས་འདུལ་བ་ལ་གསུངས་པ་ནི། དེ་ཉིད་ལ་ནི་འཇུག་ཕྱིར་ཡིན་ཞེས་གསུངས་སོ། །གཞན་ན་རེ་ལུས་ལ་གནས་པའི་འཁོར་ལོ་རྣམས་དེ་ཉིད་ལས་བྱུང་བའི་དོན་ཏོ། །དེ་ཉིད་ལས་རླུང་གི་འཁོར་ལོ་ངེས། ཚངས་པའི་ཡེ ་ཤེས་སྐྱེད་པའོ། །དེ་ཉིད་ལས་མེའི་འཁོར་ལོ་ངེས་ཡེ་ཤེས་ལ་ཁྱབ་པའི་དྲོད་དེ་ནི་ཁྱབ་འཇུག་གོ་།དེ་ཉིད་ལས་སྤྲུལ་པའི་འཁོར་ལོ་དེའི་ཡེ་ཤེས་དྲག་འཛིན་མ་ལས་བྱུང་བ་ནི་དྲག་པོའོ། །དེ་ཉིད་ལས་བདེ་བ་ཆེན་པོའི་འཁོར་ལོ། །དེའི་ཡེ་ཤེས ་གཞན་མའི་ཡེ་ཤེས་ལས་དབང་ཕྱུག་བོ། །དེ་ཉིད་ལས་ལོངས་སྤྱོད་ཀྱི་འཁོར་ལོ་དེར་ཡེ་ཤེས་ཀྱི་རོས་རྟོག་པའི་རོ་དྲུག་ཞི་བ་ནི་ཞི་བའོ། །དེ་ཉིད་ལས་དེ་རྣམས་བྱུང་བ་ནི། ཕ་རོལ་ཡིན་ཟེར་རོ། །འབྱེད་པ་དེ་ནི་མཆོག་རྨད་འབྱུང་ཞེས་བྱ་བ་ནི། ་དེ་ཉིད་འཇིག་རྟེན་གྱི་ལྷ་ཚངས་པ་ལ་སོགས་པ་ལས་མཆོག་།དེ་ཉིད་ནི་དེའི་གོང་ན་གཞན་མེད་པས་རྨད་དུ་བྱུང་བའོ། །དེ་ཉིད་ཡེ་ཤེས་ཐིག་ལེ་འདིར། ཞེས་འབྱུང་བ་ནི། བཅོམ་ལྡན་འདས་དཔལ་ཡེ་ཤེས་ཐིག་ལེ་དེའི ་དོན་སྙོན་པའི་སྐབས་སུ་ནི། འདིར་དེ་ཁོ་ན་ཉིད་འདི་མཆོག་གོ་།མཆོག་རྣམས་ནི་མང་པོ་དག་གི་མཆོག་གི་ཡེ་ཤེས་སོ། །གྲུབ་པ་ནི་དེ་ཉིད་མཆོག་དམ་པར་རྫོགས་པའོ། །མངའ་བདག་ནི་ཡེ་ཤེས་རྣམས་ཀྱི་མཆོག་གི་མངའ་བདག ་སྟེ། དེ་ཉིད་གྲུབ་པ་ཡང་ཡིན་ལ་མངའ་བདག་ཀྱང་ཡིན་ཏེ་བསྡུ་པའོ། །འབྱུང་བའི་སྒྲས་སེམས་ཅན་རྣམས་སོ། །ཀུན་ན་ཐམས་ཅད་དོ། །དེ་ནི་སེམས་ཅན་ཐམས་ཅད་བསྡུའོ། །ཡང་ན་འབྱུང་བ་ནི་ས་ལ་སོགས་པའི་འབྱུང་བའོ། །དེས ་བརྟན་གཡོལ་ཁྱབ་བོ། །ཀུན་ནི་སྣོད་བཅུད་གཉིས་སོ། །ནང་ཡོད་ནི་དེས་ཁྱབ་པའི་དོན་ཏོ། །སྐུ་ལྔ་ཞེས་འབྱུང་བ་ནི་སྔར་བཤད་པ་བྱས་སོ། །བདག་ཉིད་རབ་མཆོག་ཡིན་ཞེས་འབྱུང་བ་ནི་ཕ་རོལ་ཞེས་པའི་ཐ་ཚིག་གོ་།ནམ་མཁའ་འགྲོ ་དབང་ཕྱུག་ལྔ་ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ལ་སོགས་པ་ནམ་མཁའ་འགྲོ་བའོ། །ལྔ་ནི་སངས་རྒྱས་མཁའ་འགྲོ་ལ་སོགས་པ་ལྔའོ། །རྣམ་པར་སྣང་མཛད་ཀྱིས་གཙོ་བོ་བྱས་པའི་འཁོར་ལྷ་མོ་དང་བཅས་པ་ནི་སངས་རྒྱས་མཁའ་ ་འགྲོའོ། །དེ་བཞིན་དུ་མི་བསྐྱོད་པ་དང། རིན་ཆེན་འབྱུང་ལྡན་དང། སྣང་བ་མཛའ་ཡས་དང། དོན་ཡོད་གྲུབ་པ་དང། རྡོ་རྗེ་མཁའ་འགྲོ་ལ་སོགས་པའི། །བདག་པོ་ནི་དེ་ཁོ་ན་ཉིད་དོ། །མཁའ་ལྔ་ཟེས་བྱ་བ་ནི། སྔར་གྱི་རྣམ་པར་སྣང ་མཛད་ལ་སོགས་པའི་དེ་བཞིན་གཤེགས་པའོ། །བདག་ཉིད་སྐྱེ་མེད་ནི་སྔར་བཤད་པ་བཞིན་ནོ། །ནམ་མཁའ་ལྔ་ནི་ནང་དུ་ཐིམ། ཞེས་བྱ་བ་ནི་འབྱུང་བ་ལྔ་ནང་དུ་ཐིམ་པའོ། །གཞན་ན་རེ་ཕུང་ལྔའི་ནང་དུ་ཐིམ་ཟེར་རོ། །སངས་རྒྱས ་ཀུན་གྱིས་ཕྱག་བྱེད་ཞེས་བྱ་བ་ནི། དུས་གསུམ་གྱི་སངས་རྒྱས་ཇི་སྙེད་བཞུགས་པའི་ཕྱག་བྱ་བ་དང་བ་བཀུར་བའི་གནས་སོ། །ཕུང་པོ་ལྔ་ལ་སོགས་པ་དང། དེ་ལས་གཞན་པ་ཀུན་གྱིས་ཕྱག་བྱ་བའི་གནས་སོ་ཞེས་བརྡའོ། །དེ་ལྟའི་གསང་ཆེན་ཡེ ་ཤེས་ནི་ཞེས་བྱ་བ་ནི། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་ཕྱིར་ན་གསང་བ་ཆེན་པོའི་ཡེ་ཤེས་སོ། །ཡེ་ཤེས་ཞེས་བྱ་བ་ནི། གཉིས་སུ་མེད་པའི་ཡེ་ཤེས་དེ་ཁོ་ན་ཉིད་དོ། །དབང་པོ་ཞེས་བྱ་བ་ནི་བདག་པོའི་དོན་ཏོ། །དེ ་ཁོ་ན་ཉིད་ཀྱི་ཡེ་ཤེས་འདི་རྙེད་པར་དཀའ་བས་རྙེད་པར་དཀའ་བའོ། །དཔེ་ཅི་དང་མཚུངས་པར་དཀའ་སྙམ་པ་ལ། དེའི་དོན་གསུངས་པ་ཇི་ལྟར་ནོར་ཀུན་མི་རྙེད་བཞིན་ཞེས་འབྱུང་བ་ནི། ཇི་ལྟར་ནོར་བུ་རིན་པོ་ཆེ་ཤིན་ཏུ་དཀོན་བའི་ཕྲ་མོ་མུན་པའི་ནང ་ན་གནས་པ་དེ། མར་མེའི་ཐབས་ཀྱིས་མ་བཙལ་བར་དུ་མི་རྙེད་པ་བཞིན་ནོ། །འབད་པ་ཡིས་ནི་སྦ་བར་བྱ་ཞེས་འབྱུང་བ་ནི། ནོར་བུ་རིན་པོ་ཆེ་རྙེད་ན། ཟ་མ་ཏོག་ལ་སོགས་པར་སྦེད་པ་བཞིན་དུ། འདིར་ཡང་ཤིན་ཏུ་སྤྲ་བ་སྟེ། སྣོད་དང་མི་ལྡན་པའི ་སེམས་ཅན་རྣམས་ལ་སྦྱིན་པར་མ་གསུངས་སོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ། གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་དང་པོའི་བཤད་པའོ།། །།དང་པོར་བཅོམ་ལྡན་འདས་ཀྱིས་ལྷའི་དབང་ཕྱུག་ལ་དེ་ཁོ་ནི་ཉིད་གསུམ་གྱི ་བདག་ཉིད་ཀྱི་དང་ཞེས་བྱང་ལ་སོགས་པ་དེའི་དོན་གསལ་བར་འདོད་ནས། ལྷའི་དབང་ཕྱུག་གིས་གསལ་བ་ཞེས་བྱ་བ་ནི་སྔར་གྱིས་འདིར་ཞུགས་པ་སྟེ། ཀྱེ་བཅོམ་ལྡན་འདས་ཞེས་བྱ་བ་ནི། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཀུན་བཅོམ ་པ་མཆོག་གི་ཡེ་ཤེས་དང་ལྡན་པ་སྟེ། བཅོམ་ལྡན་ནོ། །དེ་ཉིད་གསུམ་བདག་རང་ངོ་ཅི་ཞེས་འབྱུང་བ་ལ་སོགས་པའི་ཚིགས་བཅད་གཅིག་གིས་སྔར་གྱིས་དོན་ཞུས་པའོ། །དེའི་ལས་གསུངས་པ་བཅོམ་ལྡན་འདས་ཀྱིས་བའི་རྩ་བ་ཞེས ་བྱ་བ་ནི། འོག་ནས་འབྱུང་བ་འདིའོ། །གང་གི་དོན་དུ་བཀའ་སྩལ་ཞེ་ན། གདུལ་བར་བྱ་བའི་སེམས་ཅན་རྣམས་ཀྱི་དོན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་དབང་ཕྱུག་ལ་བཀའ་སྩལ་ཅེས་བྱ་བར ་སྦྱར་རོ། །དེ་ཉིད་གསུམ་ནི་སྐུ་གསུང་ཐུགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་གསུམ་གྱི་རྒྱུ་ནི། ལུས་དང་དག་དང་སེམས་སོ། །དེ་དག་རྣམ་པར་ནི། སྐུ་དང་གསུང་དང་ཐུགས་སུ་འགྱུར་ཏེ། འདིར་སེམས་ཅན་གྱི་གནས ་སྐབས་སུ་ནི་རྒྱུ་ཅན་ཡིན་ལ། སྐུ་རྡོ་རྗེ་ལ་སོགས་པའི་རྒྱུར་འགྱུར་བ་སྔར་བཞིན་ནོ། །ལུས་ལ་སོགས་པ་སེམས་ཀྱི་རང་བཞིན་དང་འབྲེལ་པ་འམ། ཡང་སྔར་གྱི་བཞིན་པས་ན་རྡོ་རྗེ་གསུམ་ཞེས་པ་ཀྱང་བྱའོ། །ཟླ་བ་བདེ་མཆོག་ནི་གང ་ཞེས་བྱ་བ་ནི། ཤུཀྵའི་བདག་ཉིད་དོ། །དེ་ལས་སེམས་ཅན་འབྱུང་བ་འམ། འདི་ལས་རི་བོང་ཅན་སྐྱེ་བའོ། །ཕུང་པོ་ནི་གཟུགས་ཀྱི་ཕུང་པོ་སོགས་པ་ལྔའོ། །དབང་པོ་ནི་མིག་གི་དབང་པོ་ལ་སོགས་པ་དྲུག་གོ་།དེའི་བདག་ཉིད ་སྐྱེས་ཆེད་དང་ཁམས་བཅོ་བརྒྱད་དོ། །ཁམས་ཞེས་བྱ་བ་ནི། པའི་ཁམས་ལ་སོགས་པའོ། །ཕྱག་རྒྱ་ཆེན་པོ་ཞེས་འབྱུང་བ་ནི། ལུས་ཀྱི་དངོས་པོ་རྫོགས་པའོ། །རྡོ་རྗེ་ཞེས་བྱ་བ་ནི་སེམས་ཡིན་ཏེ། དེའི་རང་བཞིན་དང་ལྡན ་པའི་སེམས་ལུས་ལ་གནས་པའོ། །སྙིང་པོ་ཞེས་བྱ་བ་ནི། ཤུཀྵའི་དོན་ཏོ། །དེའི་མཛའ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་གྲུབ་མཛའ་ཨོ། །བྷ་གར་བཤད་ཅེས་བྱ་བ་ནི། སེམས་ཅན་བྷ་ག་ལས་འབྱུང་བའོ། །ཡང་ན་བྷ་གའི་སྒྲལ? ་བཅོམ་ལྡན་འདས་སོ། །འདི་ནི་གཅིག་ལ་གཅིག་རྒྱུ་དང་འབྲས་བུའོ། །འདིར་སེམས་ཅན་རྒྱུའོ། །མཛའ་དང་སྣང་བ་རྣམ་པར་ཤེས། ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་རྣམས་སོ། །ཆུའི་ཟླ་བ་བཞིན་དུ་མཐོང་ཞེས་བྱ་བ་དོན?་དུ ་ཟླའི་དཔེས་ནི་ཀུན་རྫོབ་སྒྱུ་མའི་དངོས་པོར་སྣང་བའོ། །སྣང་བ་ཞེས་བྱ་བ་ནི། སེམས་ཅན་གྱི་དངོས་པོ་སྣང་བའོ། །ལས་ཞེས་བྱ་བ་ནི་ལྔ་པའི་དོན་ཏོ། །ཐམས་ཅད་འབྱུང་ཞེས་བྱ་བ་ནི་འབྲས་བུའི་ཆོས་ཐམས་ཅད་རྒྱུ་ལས་འབྱུང་བའོ། །འབྲས་བུ ་གང་ཡིན་ཞེ་ན། དེ་གསུངས་པ། སྐྱེ་བ་དང་ནི་འགག་པ་མེད། ཅེས་བྱ་བ་བཤད་དོ། །དེ་ཡིས་རྒྱུའི་དཔལ་ཡེ་ཤེས་ཐིག་ལེ་བསྟན་ཏོ། །ཅིའི་ཕྱིར་ཞེ་ན། རྒྱུ་ནི་རིགས་དང་ལྡན་པའི་ཕྱིར་ན་སེམས་ཅན་རྣམས་སོ། །དེ་སྐད་དུ། ས་སྟེང ་སྐལ་མིན་ཡོད་མིན་པས། །ཐམས་ཅད་སངས་རྒྱས་འགྱུར་བ་ཡིན། །དེ་བས་རྫོགས་པའི་བྱང་ཆུབ་ནི། །བསྒྲུབ་ལ་སྒྱིད་ལུག་མི་བྱའོ། །ཞེས་གསུངས་པའོ། །རྒྱུའི་ཡེ་ཤེས་ཐིག་ལེའི་སྟོབས་ལས། ཐབས་ཀྱི་ཡེ་ཤེས་ཐིག་ལེ་ཡུན་རིན་པོ་ཡང ་ནས་ཡང་གོམས་པའི་སྟོབས་ཀྱིས་ནི། འབྲས་བུ་དཔལ་ཡེ་ཤེས་ཐིག་ལེ་ཐོབ་པར་འགྱུར་ཏེ། དེ་ནི་རྒྱུའི་ཡེ་ཤེས་ཐིག་ལེའོ། །ཐབས་གང་ཡིན་སྙམ་པ་ལ། ཐབས་ཀྱིས་བསྡུས་པ་འདི་ལུང་གིས་བཤད་པ། རྡོ་རྗེ་གསུང་མཆོག་ཆེན་པོ་ནི། རྡོ་རྗེ་གསུམ ་གྱིས་མངའ་བདག་མཆོག་།རིགས་པའི་སྐྱེས་བུ་བསྒོམ་པའི་ཕྱིར། །རྡོ་རྗེ་སྐུ་དང་གསུང་དང་ཐུགས་སོ། །མདོར་ན་ཕུན་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །རྡོ་རྗེ་སྐྱེ་མཆེད་ཉིད་བདག་ཀྱང། །བྱང་ཆུབ་སེམས་དཔའ་ཨི་དཀྱིལ་འཁོར ་མཆོག་།ས་བཅུ་སྤྱན་ནི་མཱ་མ་ཀཱི་།དཀར་མོ་སྒྲོལ་མ་མི་རླུང་གྲགས། །མཁའ་དབྱིངས་རྡོ་རྗེ་དམ་ཚིག་ནི། །རྡོ་རྗེ་འཛིན་པ་དེ་ཉིད་ཡིན། ཞེས་པ་དང། རྒྱུར་གྱི་རིམ་པས་ལྷ་མོ་དང་གནས་ཀྱི་དགོངས་པ་ཡང་ཞལ་ལས་ཤེས་པར་བྱའོ། །ཡང་གཞན ་ལས། །ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ནི། །དྲུག་པ་རྣམ་དག་གཉིས་སུ་མེད། །སྙིང་པོ་སྒྲོས་པ་དང་བཅས་པ། །སྤྲོས་མེད་བཅོམ་ལྡན་འདས་ཉིད་དོ། །ཀུན་རྫོབ་དངོས་པོར་སྣང་བ་ཀུན། །ཐམས་ཅད་ཆུ་ཡི་ཟླ་བཞིན་མཐོང། །དྲི་མ་མེད་པའི་དོན་ ་དམ་པ། །སྐྱེ་བ་དང་ནི་འགག་པ་མེད། ཅེས་གསུངས་སོ། །ཡང་དེ་ཉིད་གསུམ་ནི་སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ནི། དེ་ཁོ་ན་ཉིད་གསུམ་མོ། །ཡེ་ཤེས་ཀྱི་རང་བཞིན་དུ་མེད་པས་ན་རྡོ་རྗེ་གསུམ་མོ། །ཟླ་བ་བདེ ་མཆོག་ནི། ཟླ་བ་བདེ་མཆོག་གི་དོན་གྱི་ཕུང་པོ་ལ་སོགས་པའི་བདེ་བ་ཆེན་པོའོ། །ཕྱག་རྒྱ་ཆེན་པོ་ནི་ཉིད་སྒྲས་བཤད་པར་དགོངས་ཏེ། སྐུ་གསུམ་གྱི་བདག་ཉིད་པས་ན་རྡོ་རྗེའོ། །ཆོས་ཐམས་ཅད་ཀྱི་སྙིང་པོ་ཡིན་པའི་ཕྱིར་རྡོ་རྗེ་སྙིང ་པོའོ། །དེ་ཉིད་བཅོམ་ལྡན་འདས་ཀྱིས་རང་བཞིན་ཡིན་པས། དེའི་མཛའ་ནི་བྷ་གར་བསྟན་ཅེས་དེ་རང་ལ་མཐར་བཤད་པའོ། །མཛའ་དང་ཞེས་བྱ་བ་ནི་གོ་སླའོ། །སྐུའི་འཁོར་ལོ་ལ་སོགས་པར་ཡང་བསྟན་ཏོ། །དེ་ཡིས་ནི་ཐབས ་ཀྱི་དཔལ་ཡེ་ཤེས་ཐིག་ལེའི་བསྡུས་པའི་དོན་བསྟན་ཏོ། །འབྲས་བུའི་དཔལ་ཡེ་ཤེས་ཐིག་ལེ་གང་ཡིན་སྙམ་པ་ལ། དེའི་དོན་གསུངས་པ། དེ་ཉིད་གསུམ་ནི་སྐུ་དང་གསུང་དང་ཐུགས། རྡོ་རྗེ་གསུམ་གྱི་ཡེ་ཤེས་མཆོག་ཅེས་བྱ ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི། བཅོམ་ལྡན་འདས་ཉིད་དུ་གསུངས་པ་ནི། འདི་ནི་ཡེ་ཤེས་ཀྱི་མཆོག་དེ་ཉིད་ཅན་ནོ། །ཟླ་བ་བདེ་བ་མཆོག་ཅེས་བྱ་བ་ལ་སོགས་པ་ལ། ཉིན་མོངས ་བའི་གདུང་བ་ལས་གྲོལ་ཕྱིར་ན་ཟླ་བའོ། །བཅོམ་ལྡན་འདས་དཔལ་ཡེ་ཤེས་ཐིག་ལེ་ཉིད་བདེ་བའི་མཆོག་གོ། །ཕུང་པོ་ཞེས་བྱ་བ་ནི་ཡེ་ཤེས་ལྔའི་རང་བཞིན་ནོ། །དབང་པོ་ཁམས་ཞེས་བྱ་བ་ནི། སྐྱེ་མཆེད་རྣམས་དང་།ཁམས ་རྣམས་བྱང་ཆུབ་སེམས་དཔའ་ཨི་འཁོར་རྣམས་སོ། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི་བརྗོད་དུ་མེད་པ། མ་སྐྱེས་པ། མ་འགགས་པ། སྤྲོས་པ་ཐམས་ཅད་དང་བྲལ་བའི་གཉིས་སུ་མེད་པའི་དེ་ཉིད་མི་ཤིགས་པས། རྡོ་རྗེ་རྡོ་རྗེ་དང་འདྲ་སྟེ ་དབྱེར་མེད་པའོ། །སྙིང་པོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཡེ་ཤེས་ཐིག་ལེ་མཆོག་གི་གཟུགས་འཛིན་པ། འཕགས་པའི་བྱང་ཆུབ་པའི་འཁོར་རྣམས་དང་ལྷན་ཅིག་པར་བཞུགས་པའོ། །གང་དུ་བཞུགས་ཤིན་དེའི་བཞུགས་པ་གསུངས་པ། དེའི ་མཛའ་ནི་བྷ་གར་བཤད་ཅེས་བྱ་བ་སྟེ། མཛའ་སྨོས་པས། བཅོམ་ལྡན་འདས་དབུས་ན་འཁོར་དང་བཅས་པ་བཞུགས་པའི་སྒྲས་བཤད་དོ། །བྷ་ག་ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་ནས་དཀར་པོ་གཞལ་ཡས་ཁང་དང་བཅས་པའི་གནས་ནི་བཞུགས་པའོ།། ་མཛའ་དང་རྣམ་པར་ཤེས་ཞེས་བྱ་བ་ལ། མཛའ་ནི་ཆོས་འབྱུང་དང་བཅས་པའི་གནས་སོ། །སྣང་བ་ནི་དཀྱིལ་འཁོར་བའོ། །རྣམ་པར་ཤེས་པ་ནི་གསལ་ལ་མོ་འདྲེས་པར་དེ་རྣམས་ཤེས་པའོ། །ཆུའི་ཟླ་བ་བཞིན་དུ་མཐོང་ཞེས་བྱ་བ་ནི། བྱང་ཆུབ་སེམས ་དཔའ་རྣམས་ཀྱིས་མངོན་སུམ་དུ་གཟུགས་བརྙན་བཞིན་མཐོང་བདེ་ཡང་བྱང་ཆུབ་སེམས་པའི་བསོད་ནམས་ཀྱིས་བྱིན་གྱིས་བརླབས་དང། བསྒོམ་པའི་སྟོབས་ལ་སོགས་པ་དང། དེ་བཞིན་གཤེགས་པའི་ཐུགས་རྗེ་དང། སྨོན་ལམ་གྱིས་བྱིན ་གྱིས་བརླབས་ཀྱིས་མཐོང་བའོ། །ཆོས་ཀུན?་ཞེས་བྱ་བ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་རྣམས་སོ། །རང་བཞིན་དྲི་མ་མེད་པ་ནི། བཅོམ་ལྡན་འདས་ཉིད་ལ་འཁོར་བའི་སྐྱོན་གྱིས་མ་གོས་པའོ། །ཡང་དག་འོད་ལས་ཐམས་ཅད་བྱུང ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་གཟུགས་ལ་སོགས་པའི་པ། འཁོར་བའི་ཆོས་ཐམས་ཅད་ཡང་དག་པའི་འོད་རབ་དེ་ཁོ་ན་ཉིད་ལས་བྱུང་བའོ། །དེ་ཡིས་ནི་འབྲས་བུའི་དཔལ་ཡེ་ཤེས་ཐིག་ལེ་བསྟན་ཏོ། །དེ་རྣམས་ཀྱི་དོན་ནི་འདི་ཉིད་ཀྱི་འོག་དང? ་ངེས་པར་བསྟན་ཏོ། །དེ་བཞིན་དུ་རྒྱུད་དང་དེ་དང་མཚུངས་སོ། །དཔལ་ཡེ་ཤེས་ཐིག་ལེའི་རྒྱུད་ལ་སོགས་པ་གསུམ་དུ་དབྱེའོ། །དེ་རྣམས་ནི་ཆོས་ཐམས་ཅད་ཀྱི་བདག་ཉིད་དོ། །དེ་བས་ན་འདི་སྐ་དུ། དེའི་ཕྱིར་ཆོས་ཐམས་ཅད་ཀྱི་བདག་ཉིད ་བཅོམ་ལྡན་འདས་དཔལ་ཡེ་ཤེས་ཐིག་ལེའོ་ཞེས་གསུངས་པ་ཡིན་ནོ། །ལུང་བསྟན་ནས། ཐབས་ཀྱི་ཡན་ལག་གི་དཔལ་ཡེ་ཤེས་ཐིག་ལེ་བསྟན་པའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཞེས་བྱ་བ་ནི། ་རྒྱུ་དང། འབྲས་བུ་དང། ཐབས་སོ། །དང་པོ་ཞེས་བྱ་བ་ནི་ཐབས་ཀྱི་དང་པོའི་དོན་ཡིན་ནོ། །རྣམ་པ་དང་བཅས་པའི་དཀྱིལ་འཁོར་ལོ་བསྐྱེད་པའི་བསྒོམ་པ་དང་ཞེས་བྱ་བ་ནི། བསྐྱེད་པའི་རིམ་པ་ཕོ་བྲང་དང། ལྷ་མོ་བཅུ་དྲུག་དང་བཅས་པ ་ཇི་ལྟ་བ་བཞིན་ནོ། །སྔགས་ཞེས་བྱ་བ་ནི། སོ་སོར་རང་རང་ལྷ་རྣམས་ཀྱི་ལ་སོགས་པའོ། །བཟླས་པ་ཞེས་བྱ་བ་ནི་ཡབ་ཡུམ་དང་ཁྲོ་བོ་རྣམས་དང། འཁོར་རྣམས་དང། གཏོར་མ་དང། སྦྱིན་སྲེག་ལ་སོགས་པ་ཡང་ཤེས་པར་བྱའོ། །སྦྱིན ་སྲེག་ནི་ཞི་བ་ལ་སོགས་པ་ཡིན་ནོ། །མཆོད་སྦྱིན་ཞེས་བྱ་བ་ནི་གཉིས་ཏེ་ཆོས་དང་ཟང་ཟིང་ངོ། །འདིར་ཆོས་ཀྱི་མཆོད་སྦྱིན་གཙོར་བྱས་ཏེ། གནས་དང་ཉེ་བའི་གནས་སུ་མཆོད་སྦྱིན་བྱའོ། །གཏོར་ཞེས་བྱ་བ་ནི་གཏོར་མ་ཆེན་པོ་? ་ཀྱི་འཁོར་ལོ་དང་བཅས་པའོ། །མཆོད་པ་ཞེས་བྱ་བ་ནི། མེ་ཏོག་ལ་སོགས་པ་དང་བཅས་པའི་མཆོད་པའོ། །གནས་ཀྱི་བརྗོད་པ་ཞེས་བྱ་བ་ནི། གཞལ་ཡས་ཁང་དང་བསྲུང་བའི་འཁོར་དང། དུར་ཁྲོད་དང། ཤིང་དང་?་པོ་ལ ་སོགས་པ་དང་བཅས་པའོ། །དབང་ཞེས་བྱ་བ་ནི། བུམ་པའི་དབང་དང། གསང་བའི་དབང་དང། ཤེས་རབ་ཡེ་ཤེས་ཀྱི་དབང་དང་བཞི་པའོ། །བསྐུར་བ་ཞེས་བྱ་བ་ནི། སློབ་དཔོན་དང་ལྡན་པས་དེ་དག་དང་ལྡན་པའི་དམ་ཚིགས་དང། ་མན་དག་དུ་བཅས་པའི་གནས་སྐབས་ཀྱིས་སློབ་མའི་མཚན་ཉིད་དང་སྦྱར་ལ་བསྐུར་བའོ། །རིམ་པ་ཞེས་བྱ་བ་ནི། རྣམ་པ་དང་བཅས་པའི་ཞེས་བྱ་བ་ནི། རྣམ་པ་དང་བཅས་པའི་ཞེས་བྱ་བ་ནས། དབང་བསྐུར་བའི་མཛའ་མན་ཆད ་བཀོད་པ་སྟེ། དེ་དག་བཤད་ཅེས་གསུངས་པར་སྦྱར་རོ། །དེ་ནི་མདོར་བསྡུས་པའི་དོན་ཏོ། །དཔལ་ཡེ་ཤེས་ཐིག་ལེའི་བཀའ་འགྲེལ། གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ནི། ལེའུ་གཉིས་པའི་བཤད་པའོ། །རྩའི་མཚན་ཉིད་ངེས་པར་རྟོགས་པར ་བྱ་བའི་ཕྱིར་ཞུས་པ། ལྷའི་དབང་ཕྱུག་གིས་གསོལ་པ། ཞེས་བྱ་བ་ལ་སོགས་པའོ། །དེའི་དོན་གསུངས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་བྱ་བ་ནི། རྩའི་དོན་གསུངས་པ་འདི་ཡིན་ཏེ། གཅིག་པུ་ཞེས་བྱ་བ་ནི། དབྱེར་མེད་པའི ་མཚན་ཉིད་དང་ལྡན་པའོ། །རྟོག་མེད་མ་ཞེས་བྱ་བ་ནི། རྟོག་པ་འཇོམས་པ་སྟེ། གཅིག་བུ་ཡང་ཡིན་ལ་རྟོག་མེད་མ་ཡང་ཡིན། དེ་བཞིན་དུ་སོ་ཤོ་ན་ཡང་དེ་ཉིད་དོ། །ཞེས་པའི་དོན་ཏོ། །བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རྩ་ཞེས་བྱ་བ་ནི། གྲངས ་ཀྱི་བདག་ཉིད་མཚོན་པ་ཙམ་ཡིན་གྱིས། རིགས་དང་རིགས་ཅན་ནི་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོ། །ཕྲ་མོ་ནི་རྟོག་པ་དང་ལྡན་པའི་ཡུལ་མ་ཡིན་པའོ། །དྲ་བ་ནི་སྒྱུ་མའི་དངོས་པོའོ། །རོལ་མོའི་ནི་སྤྲུལ་པའི་ལུས་དང་ལྡན་པའོ། །དོན་ནི་ཡེ་ཤེས ་བསྐྱེད་པར་བྱ་བའི་དོན་དུ་བྱས་པའོ། །སྣ་ཚོགས་ནི་མཆི་མ་དང། རྡུལ་དང། ཀླད་པ་ལ་སོགས་པ་དེ་རྣམས་ཀྱི་དོན་ནི་བདུད་རྩི་བྱང་ཆུབ་ཀྱི་སེམས་སོ། །བསམ་གྱིས་མི་ཁྱབ་པ་ནི། བགྲང་པ་ལས་འདས་པའི་དོན་ཡིན་ནོ། །འབྱུང་བ་ནི་ཤུ?་ཀྵའི? ་ངོ་བོ་བྱང་ཆུབ་སེམས་ཀྱི་སྙིང་པོ་ཅན་ནོ། །སྐྱེ་བའི་དོན་ནི་སྤྲུལ་པའི་ལུས་དང། ཅིག་ཤོས་ཀྱི་བདག་ཉིད་དོ། །ཆོས་ཀྱི་འབྱུང་གནས་འོས་བྱ་བ་ནི། འཁོར་བ་དང་མྱ་ངན་ལ་འདས་པའི་ཆོས་རྣམས་འབྱུང་བས་ན་ཇོས?་འབྱུང་ངོ། །དེ་ཉིད་ཤེས ་རབ་ཀྱི་བྷ་གའོ། །རང་བཞིན་གྱི་དག་པའི་དེ་ཁོ་ན་ཉིད་རྙེད་པར་འགྱུར་བས་ན་ཆེན་པོའི་དོན་ཡིན་ནོ། །བྱང་ཆུབ་ཀྱི་སེམས་ཀྱི་གནས་ཀྱི་གཙོ་བོ་ནི། ས་སྟེང་དེང་བྱང་ཆུབ་ཀྱི་སེམས་རྩ་ལས་མར་འགྱུར་ཞིང་འབབ་པར་བྱེད་དོ། །ཞེས་བྱ་བའི་ཐ ་ཚིག་གོ་།ལྷའི་དབང་ཕྱུག་ཅེས་བྱ་བ་ནི། ལྷ་རྣམས་ལ་དབང་བྱེད་པ་དེ་ཡིས་དབང་ཕྱུག་གི་བདག་ཉིད་དོ། །གསོལ་བ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཉིད་ལ་ཞུ་བའོ། །དེ་ལྟར་ཡིན་ཡང་ཞེས་བྱ་བ་ལ། རྟོག་མེད ་མ་ནི་ཀུན་གྱི་བདག་ཉིད་ཡིན་ཡང་ཞེས་བྱ་བའི་སྒྲའོ། །དེ་ལྟ་མོད་ཀྱི་སུམ་ཅུ་རྩ་གཅིག་ལ་མཚན་དང་གྲངས་ཞེས་བྱ་བ་ནི། ཐམས་ཅད་ཀྱི་གྲངས་ཉིད་རྟོག་མེད་མ་ཡིན་ཡང། ལྷ་སུམ་ཅུ་རྩ་གཅིག་གི་མིང་རེ་རེ་ནས་གྲངས་ཞུ་འཚལ ་ལོ་ཞེས་བྱ་བའི་ཚིག་གི་ལྷག་མའོ། །དེ་རྣམས་ཀྱི་མིང་དང་གྲངས་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སུམ་ཅུ་རྩ་གཅིག་གི་རྩའི་མིང་ཉོན་ཅིག་ཅེས་བྱ་བ་ལ་སོགས་པའོ། །ཅིའི་ཕྱིར་ཀུན་གྱི་བདག་ཉིད ་ཡིན་ཞེ་ན། རྟོག་མེད་མ་དེ་ཉིད་བྱིས་པ་རྣམས་ཀྱི་ཡུལ་མ་ཡིན་པའི་ཕྱིར་གསང་བའོ། །དེ་ཉིད་གཏིང་དཔག་དཀའ་བའི་ཕྱིར་ཟབ་པའོ་ཞེས་བྱ་བ་ལ་སོགས་པའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེའི་དོན་གསུངས་པ། ཟླ་བ་དང་ཉི ་མ་གཟས་ཟིན་པའི་དུས་སུ་ཚིགས་རྒྱས་པ་ཞེས་བྱ་བ་སྟེ། ཟླ་བའི་སྒྲས་ཆད་པའི་དགའ་བ་ཉི་མའི་སྒྲས་མཆོག་གི་དགའ་བའོ། །གཟས་ཟིན་པའི་སྒྲས་ནི། མཆོག་དང་ཆད་པའི་དགའ་བ་ལ་རང་བཞིན་དགའ་བས་ཁྱབ་པའི ་བདག་ཉིད་དོ། །དུས་ཀྱི་སྒྲས་ནི། སྲོག་དང་ཉེ་བའི་སྲོག་དང་པའོ། །ཚིགས་རྒྱས་པ་ནི་རྩ་སུམ་ཅུ་རྩ་གཉིས་སྟེང་འོག་ཏུ་འཕོ་བའི་བདག་ཉིད་གསུམ་གྱི་ལྟེ་བར་མཆོག་གི་དོན་གྱིས་སོ། །གཞན་ན་རེ་ཟླ་བ་ཤུཀྵའོ། །ཉི་ལ་ནི ་རཀྟའོ། །གནས་ཟིན་པ་ནི་མེའི་རང་བཞིན་ནོ། །དུས་ནི་མཉམ་པའི་དུས་སུ་སྟེ། གསུམ་པོ་དང་ལྡན་པའོ། །ཚིགས་རྒྱས་པ་ནི་རྡོ་རྗེ་མཐེའུ་ཆུང་བྱ་གདོང་དང་བཅས་པས་དེ་ཉིད་རྙེད་ཟེར་རོ། །དེའི་འོག་ཏུ་དབང་གི་ཡན་ལག ་སྟོན་པ་ལ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་དབང་གི་རིམ་པ་བཤད་ཅེས་བྱ་བ་ལ། ལུས་ལ་སོགས་པའི་དྲི་མ་ནི་བུམ་པ་དང། གསང་བ་དང། ཤེས་རབ་ཡེ་ཤེས་དང། བཞི་པའི་དབང་གིས་དག་པར་བྱེད་པའོ། །དེའི་རིམ་པ་ནི ་ཆོ་གའི་ཁྱད་པར་རོ། །བཤད་པ་ནི་དམ་བཅས་པའི་ཚིག་གོ་།ཇི་ལྟ་བ་ཞེས་བྱ་བ་ནི། ལེའུ་གཉིས་པར་བསྡུས་པའི་དོན་བཞིན་འདི་ན་མར་ཐབས་ཀྱི་བདག་ཉིད་རྒྱས་པར་བཤད་དེ། གོ་རིམས་ཞེས་བྱ་བ་ནི་དབང་ལ་སོགས་པའི་རིམ་པ ་བཞིན་ནོ། །དབང་བསྐུར་བས་ཅི་ཕན་སྙམ་པ་ལ། དེའི་དོན་ཚིགས་བཅད་ཕྱེད་ཀྱིས་གསུངས་པ། དབང་བསྐུར་མཆོག་ནི་རྙེད་པ་དང། ཐམས་ཅད་དེ་ནི་འགྲུབ་པར་འགྱུར། ཞེས་བྱ་བ་ལ། དབང་བསྐུར་བ་ནི། བླ་མ་མཚན་ཉིད་དང ་ལྡན་པས། སློང་མ་མཚན་ཉིད་དང་ལྡན་པ་ལ། བུམ་པ་ལ་སོགས་པའི་དབང་བསྐུར་བའོ། །མཆོག་ནི་གྱ་ནོམ་པ་སྟེ། གསང་བའི་དབང་ལ་སོགས་པ་འབྲས་བུ་དང་བཅས་པའོ། །རྙེད་པ་གང་ནི། དེའི་དོན་རྙེད་པའི་སེམས་ཅན་སུ་ཡང ་རུང་སྟེ་སྤྱི་སྒྲའོ། །ཐམས་ཅད་དེ་ནི་འགྲུབ་པར་འགྱུར་ཞེས་བྱ་བ་ནི། ཐུན་མོང་གི་དངོས་གྲུབ་དང། མཆོག་གི་དངོས་གྲུབ་ལ་སོགས་པ་དེའི་ཡོན་ཏན་དང། བསྒོམས་པའི་སྟོབས་ཀྱིས་འགྲུབ་པར་འགྱུར། །སློབ་མ་མཚན་ཉིད་དང ་ལྡན་པ་ལ། དབང་བསྐུར་བ་ཚིགས་བཅད་ཕྱེད་དང་གཉིས་ཀྱིས་གསུངས་པ། ཡོན་ཏན་ཚུལ་ཁྲིམས་ལྡན་པའི་བུ་ཞེས་བྱ་བ་ལ་སོགས་པ་ལ། སྒྲ་དང་ཚད་མ་ལ་སོགས་པའི་རྟོག་པ་ཅན་མ་ཡིན་པའི། རྒྱུད་དག་ནས ་གསུངས་པའི་ཡོན་ཏན་དང་ལྡན་པ། སྲུང་བ་ལ་སོགས་པའི་ཚུལ་ཁྲིམས་དང་ལྡན་པའི་སློབ་མ་དེ་ལ། ཁྲུས་ལ་སོགས་པའི་ཆོགས་རྫོགས་པར་བྱས་ལ། མེ་ཏོག་གཏེར་བ་དང། ཡོན་དགའ་བའི་ཡིད་ཀྱིས་དབུལ་བར ་བྱ་བ་ནི། འོག་ནས་འབྱུང་བའི་གུས་པས་བླ་མ་ལ་མཆོད་པར་བྱ། རིན་ཆེན་སྣ་ཚོགས་དུ་མ་མཆོག་ནི་བཟོར་ཞེས་བྱ་བ་ལ་སོགས་པ་བཞིན་དུ། འཛིན་ཆགས་མེད་པའི་ཡིད་ཀྱིས་ཕུལ་ལ་དབང་བླང་ཞིང་བསྐུར ་བར་བྱའོ། །མཆོག་ནི་དངོས་གྲུབ་གྲུབ་པས་ནི། ཐུན་མོང་གི་བསྒྲུབ་མི་དགོས་པའི་ཕྱིར། དེའི་དོན་ཚིགས་སུ་བཅད་པ་གཅིག་གིས་གསུངས་པ། དབང་བསྐུར་ལས་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་དང་བཅས་པའི་དབང ་བླང་དགོས་པས། དབང་བསྐུར་བཞི་རུ་དབྱེ་བ་ནི་ཞེས་བྱ་བ་ལ་སོགས་པ་སྤྱིའི་དབྱེ་བའོ། གཞི་གཉིས་རབ་ཏུ་དབྱེ་བ་ནི་ཞེས་བྱ་བ་ལ་སོགས་པས་ནི། རྡོ་རྗེ་སློབ་དཔོན་གྱི་དབང་གི་གྲངས་མིང་བསྟན་པའོ། །དེའི་ཡོན་ཏན་གསུངས་བ། དབང ་བསྐུར་དེ་ནི་རིན་པོ་ཆེ་ཞེས་བྱ་བ་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡོད་པ་གང་ཡིན་པ་དེ་ལ་དབུལ་བ་དང་བྲལ་པ་བཞིན་དུ། འདིར་ཉོན་མོངས་པ་ལ་སོག་པའི་གྲིབ་པ་སྤོང་བའི་གནས་ནི། དབང་བསྐུར་བས་སོ། །ཁམས་གསུམ་ནི ་འདོད་པ་དང། གཟུགས་དང་གཟུགས་མེད་པའི་ཁམས་སོ། །དེ་རྣམས་ཀྱི་མཆོད་པ་དང། ཕྱག་བྱ་བའི་བདག་ཉིད་དུ་འགྱུར་རོ། །འབྲས་བུའི་ཁྱད་པར་ཅན་ཡོད་པས་ན། ཉན་ཐོས་ལ་སོགས་པས་ཀྱང་ཞེས་བྱའོ། །ཐར་པར་ཞེས་བྱ་བ ་ལ་སོགས་པ་ནི་གོ་སླའོ། །ཆུ་དང་དབུ་རྒྱན་ཞེས་བྱ་བ་ལ་སོགས་པ་ལ་ཆུ་རྣམ་པར་དག་པ་མི་བསྐྱོད་པའོ། །དེ་བཞིན་དུ་དབུ་རྒྱན་ལ་སོགས་པ་ཡང་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་རྒྱུད་ལ་མོས་པ་རྣམས་ལ། ཞེས་བྱ་བ་ལ་སོགས་པ་ལ། ་རྣལ་འབྱོར་ནི་སྟོང་པ་དང། སྙིང་རྗེ་དབྱེར་མེད་པའི་ངོ་བོ། །རྒྱུད་ནི་དེ་ཉིད་འདུས་པ་ལ་སོགས་པའི་རྒྱུད་དོ། །མོས་པ་ནི་དེར་དགའ་བའོ། །སེམས་ཅན་རྣལ་འབྱོར་གྱི་རྒྱུད་དུ་མས་པ་རྣམས་སོ། །འདིའི་གཞུང་གིས་སློབ་དཔོན་གྱི ་དབང་བརྒྱད་གསུངས་ཏེ། དམ་ཚིག་གསུམ་མ་གཏོགས་པ་སྦྱིན་པར་བྱའོ། ཞེས་བྱ་བའི་ཐ་ཚིག་གོ་།དེ་རང་གི་རྒྱུད་ཀྱི་ནི་དེ་ལྟ་མ་ཡིན་ནོ། །རྣལ་འབྱོར་བླ་མར་མོས་རྣམས་ལ། ཞེས་བྱ་བ་ནི། ཐབས་ཀྱི་རྒྱུད་འདུས་པ་དང། རྡོ་རྗེ་བདུད་རྩི་ལ ་སོགས་པར་མོས་པའི་གང་ཟག་རྣམས་ལའོ། །བཅུ་གཅིག་ནི་སློབ་དཔོན་གྱི་དབང་བསྐུར་བའོ། །བདག་ཉིད་ནི་གསང་བའི་དབང་དང་བཅས་པ་སྟེ་སྦྱིན་པར་བྱ་ཤེས་བྱ་བ་དེ་རྣམས་དང་བཅས་པ་སློབ་མ་དེ་དགའ་བའི་དོན་དུའོ། །རྣལ་འབྱོར་མ་ལ་མོས ་པ་རྣམས་ཞེས་བྱ་བ་ནི། ཤེས་རབ་ཀྱི་རྒྱུད་རིགས་ཆེན་རྒྱ་མཚོ་དང། ནམ་མཁའ་དང་མཉམ་པ་ལ་སོགས་པ་ལ་མོས་པའི་སེམས་ཅན་རྣམས་ལ་ནི། གསང་བའི་དབང་གི་བདག་ཉིད་སྦྱིན་ཞེས་བྱ་བ་ལ། ཆུ་ལ་སོགས་པ་བཅུ་གཅིག་དང། གསང ་བའི་དབང་དང། བདག་ཉིད་ཀྱི་སྒྲས་ཤེས་རབ་ཡེ་ཤེས་དང་བཅས་པའི་དོན་ཏོ། །དེ་ཡང་ཆུའི་དབང་བསྐུར་བ་ཡིས། དགའ་བའི་འབྲས་བུའོ། །དབུ་རྒྱན་དང་འབྲས་བུ་ལ་སོགས་པ་ཡང་དེ་བཞིན་ནོ། །གསང་བ་གཉིས་སུ་དབྱེ་བར་བཤད་ཅེས་བྱ་བ་ལ ་སོགས་པ་ནི་གོ་སླ་བ་སྔ་མ་བཞིན་ནོ། །ཤེས་རབ་གཉིས་སུ་དབྱེ་བར་བྱ་བ་ནི་གསང་བའི་ཕྱག་རྒྱ་དང་ཤེས་རབ་ཡེ་ཤེས་ཀྱི་ཕྱག་རྒྱའོ། །བསྐྱེད་དང་རྫོགས་པའི་བྱེ་བྲག་གོ་ཞེས་བྱ་བ་ནི་གསང་བའི་ཕྱག་རྒྱས་ཡེ་ཤེས་སྐྱེད་པར་བྱེད་པ་སྟེ་བསྐྱེད་པའོ། །ཤེས ་རབ་ཡེ་ཤེས་ཀྱི་ཕྱག་རྒྱས་ཡེ་ཤེས་རང་ལ་རྫོགས་པར་བྱེད་པའི་མཚན་ཉིད་དོ། །བྱེ་བྲག་ནི་ཡེ་ཤེས་ཀྱི་བྱེ་བྲག་རྣམས། །ཡང་ན་ཤེས་རབ་གཉིས་སུ་མེད་པར་བྱ་ཞེས་བྱ་བ་ལ། གསང་བའི་ཤེས་རབ་མ་དབྱེ་བར་མི་བྱ་བར། ཤེས་རབ་ཡེ་ཤེས ་རང་ལ་གཉིས་ཏེ། རྣམ་པ་དང་བཅས་པ་དང་རྣམ་པ་མེད་པའི་མཚན་ཉིད་དོ། །བསྐྱོད་དང་རྫོགས་པའི་བྱེ་བྲག་གོ་ཞེས་བྱ་བ་ནི། ཕྱིའི་རེ་བྱའི་རྣམ་པ་དང་བཅས་པ་ནི་བསྐྱེད་པའི་མཚན་ཉིད་ཅན་ནོ། །གང་གི་རེ་བྱ་དང་བཅས་པ་ནི། རྣམ་པ་མེད ་པའི་མཚན་ཉིད་ཀྱི་རང་བཞིན་གྱི་ཕྱག་རྒྱའོ། །ཕྱིའི་རྣམ་པ་དང་བཅས་པ་ནི་མཚན་ཉིད་གསུངས་པ། ཤེས་རབ་བརྒྱད་གཉིས་ལོ་ལྡན་མ་ཞེས་བྱ་བ་ལ་སོགས་པ་ཡིས་བསྟན་པའོ། །དབང་གི་མན་ངག་གསུམ་དུ་དབྱེ ་ཞེས་བྱ་བ་ལ་སོགས་པ་ལ། བུམ་པའི་དབང་དང། གསང་བའི་དབང་དང། ཤེས་རབ་ཡེ་ཤེས་ཀྱི་དབང་ངོ། །མན་ངག་གསུམ་དུ་དབྱེ་བ་ནི། འབྲས་བུ་དགའ་བ་རྣམས་དང་བཅས་པ་ཡིན་ཏེ། འདིའི་དོན་ནི། ནང་གི་དེའི་བརྡའའབྱེད་པ་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། ནང་གི་འདི་ནི་སྤྱི་བོའི་གནས་དང། མགྲིན་པ་དང་སྙིང་གར་རོ། །བརྡ་བྱེད་པ་ནི་ལྟེ་བ་གསང་གནས་དང་བཅས་པའོ། །འབྱེད་པ་ནི་དགའ་བ་རྣམས་སོ། །བཞི་བས་འབྲས་བུའི་ངོ་བོར་གྲགས་ཞེས་བྱ་བ་ནི། ་དགའ་བ་གསུམ་པའི་འབྲས་བུའི་རང་བཞིན་དགའ་བའི་ངོ་བོའོ། །གསུམ་དང་བྲལ་བ་ནི་གནས་གསུམ་དཔྲལ་བའི་དགའ་བའོ། །གསུམ་བདག་ཉིད་ནི་དགའ་བ་དང། མཆོག་གི་དགའ་བ་དང། ཆད་པའི་དགའ་བའི་བདག་ཉིད་ནི་རང་བཞིན ་དགའ་བ་སྟེ། དེ་དག་གི་རྟོག་པའི་དངོས་པོ་སྤངས་པས་དགའ་བ་ལ་དབང་བྱེད་པར་འགྱུར་རོ། །དགའ་བ་ལ་སོགས་བྱེ་བྲག་ཏུ་ཞེས་བྱ་བ་ནི། འཁོར་ལོའི་རིམ་པ་ནས་རྡོ་རྗེ་རིན་པོ་ཆེའི་བར་གྱི་དགའ་བ་རྣམས་སོ། །དེ་རྙེད་པའི་གནས ་གསུངས་པ། རྡོ་རྗེ་གཞོན་ནུ་མས་གསལ་བྱེད་ཅེས་བྱའོ། །ལས་ཀྱི་ཕྱག་རྒྱ་དང། ཐབས་ཀྱི་ཕྱག་རྒྱ་གཉིས་ཀྱི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང། རྡོ་རྗེ་རིན་ཆེན་པོ་ཆེ་དང་ལྡན་པའི་ལོ་བཅུ་དྲུག་ལོན་པ་ལ་སོགས་པའི་མཚན ་ཉིད་སྔར་བཞིན་བསྟན་པ་ལས་རྙེད་ཅེས་འབྲེལ་ལོ། །གང་གི་ཕྱིར་ཞེ་ན། ལས་དང་པོ་བ་རྣམས་ཀྱི་དགའ་བ་དེ་ལས་རྙེད་པའི་ཕྱིར་ན། མཆོག་ཏུ་གསུངས་སོ། །དེ་སྐད་དུ་གསང་བ་གྲུབ་པ་ལས་ཀྱང་ལས་ཀྱིས་ཕྱག་རྒྱ་བྲལ་གང་དེས། ། ་གཞན་དུ་མཚོན་ཆ་རྙེད་མི་འགྱུར། །གཞན་དུ་ཡང་དག་རིག་པ་མེད། །དང་པོའི་ལས་ཅན་རིག་བྱེད་མེད། ཅེས་གསུངས་སོ། །ཡང་དེའི་ཡོན་ཏན་བཤད་པ། དབང་བསྐུར་གྱིས་འཁོར་ལོས་སྒྱུར། ཞེས་བྱ་བ་ནི། སེམས་ཅན་གྱི་མཚན་ཉིད་ཡེ ་ཤེས་སྤྲོས་པ་དང་བྲལ་བར་བསྒྱུར་བ་ནི། འཁོར་ལོས་སྒྱུར་བ་ཡིན་དེ་ཐམས་ཅད་སེམས་དུ་སྣང་བའོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་ནོ། །གང་གི་ཕྱིར་ཞེ་ན། སེམས་ལས་མ་གཏོགས་པའི་དངོས་པོ་ལོགས་ན་མེད་ལ། དེ་སྣང་བ ་མེད་པའི་དེ་ཁོ་ན་ཉིད་དུ་བསྒྱུར་བ་ནི། བློ་བུར་གྱི་དྲི་མ་དག་པའོ། །དེ་སྐད་དུ་ཡང། སེམས་ཙམ་ལ་ནི་གནས་ནས་སུ། །ཕྱི་རོལ་དོན་ལ་མི་བརྟག་གོ་།དེ་བཞིན་ཉིད་ལ་གནས་ནས་སུ། །སེམས་ཙམ་ལས་ནི་བཟླ་བར་བྱ། །སེམས་ཙམ་ལས་ཀྱང ་བཟླས་ནས་ཀྱང། སྣང་བ་མེད་ལས་བཟླ་བར་བྱའོ། །སྣང་མེད་གནས་པའི་རྣལ་འབྱོར་པས། །དེ་ཡིས་ཐེག་པ་ཆེན་པོ་མཐོང་ཞེས་འབྱུང་བས་སོ། །ཐེ་ཚོམ་ནི་ཡིད་གཉིས་ཟ་པའོ། །མེད་པ་ནི་དེ་དང་བྲལ་བའི་བསམ་པའོ། །དྲི་མ་ནི་བློ་བུར་བའི ་དྲི་མ་སྟེ། མ་རིག་པ་ལ་སོགས་པའི་བདག་དང་བདག་གིར་འཛིན་པའོ། །དབང་བསྐུར་བས་དེ་རྣམས་མེད་པ་ཡིན་ཏེ། རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བས་ལུས་ཀྱི་དྲི་མ་དག་པར་འགྱུར་རོ། །གསང་བས་དག་གི་དབང་ངོ། །ཤེས་རབ་ཡེ ་ཀྱིས་སེམས་ཀྱིའོ། །བཞི་པས་སྦྱར་རོ། །ཇི་ལྟར་ཆུ་ལ་སོགས་པས་རས་ཞེས་བྱ་བ་ནི། དཔེར་ན་རས་ཀྱི་དྲི་མ་ཆུ་དང་འདག་ཆལ་དང་ལྡན་པས་བཀྲུས་པ་ཡིན་ན། དག་པ་བཞིན་དུ་འདག་གོ་།ཡན་ལག་ཐམས་ཅད་དང་ལྡན་པའི་དབང ་ཞེས་བྱ་བ་ནི། སའི་ཆོག་དང། བུམ་པ་དང། སློབ་མ་དང། དཀྱིལ་འཁོར་གྱི་ཆོ་ག་དང། རྡོ་རྗེ་སློབ་དཔོན་གྱི་དབང་དང། བསང་བའི་དབང་དང། ཤེས་རབ་ཡེ་ཤེས་དང། བཞི་པའི་དབང་གི་མཐར་ཐུག་པའི་བདག་ཉིད་དོ། །ཡན་ལག་དེ་ཉིད་ ་དང་ནི་བཅས་ཞེས་བྱ་བ་ནི། སློབ་དཔོན་རྒྱུན་མ་ཆད་པ་དབང་གི་རིམ་པ་གཞུང་བཞིན་དུ་ཐོབ་པའི་བླ་མའོ། །གཅིག་ནས་གཅིག་གིས་རིམ་པས་འབྱུང་ཞེས་བྱ་བ་ནི། བཅོམ་ལྡན་འདས་ནས་དབང་བསྐུར་བའི་དོན་རིམ ་པར་?་མཆད་པ་ནི་བླ་མའི་མཆོག་ཏུ་གསུངས་ཏེ། བླ་མ་རབ་ཀྱི་ཞལ་ནས་བླང་ཞེས་བྱ་བའོ། །དེ་ནི་དབང་དང་བཅས་པའོ་བླ་མ་རབ་མ་ཡིན་པ་དང། སློབ་མ་ཡོན་ཏན་དང་མི་ལྡན་པའི་དོན་ནི་འདི་ཡིན་ཏེ། ངག་གི་དྲ་བ་ལ་སོགས ་པ་ཡིས་བསྟན་ཏེ། །དབང་གི་མཆོག་ནི་རྣམ་པ་གསུམ་ཞེས་བྱ་བ་ནི། གསང་བའི་དབང་དང། ཤེས་རབ་ཡེ་ཤེས་ཀྱི་དང། བཞི་བའི་དབང་དེ་དག་གསུམ་ནི། རྡོ་རྗེ་སློབ་དཔོན་གྱི་དབང་ལས་མཆོག་གོ་།བླང་བྱ་མ་ཡིན་ཞེས་བྱ་བ་ནི། ་བླ་མ་དེ་ལྟ་བུ་ལ་སློབ་མ་ཡོན་ཏན་དང་མི་ལྡན་པའི་མཚན་ཉིད་ཅན་གྱིས་མི་བླང་དབང་མི་ནོད་ཅེས་པའི་དོན་ཏོ། །སྦྱིན་མི་བྱ་ཞེས་བྱ་བ་ནི། སློབ་མ་དེ་ལྟ་བུའི་མཚན་ཉིད་ངན་པ་དེ་ལ། བླ་མ་རབ་ཀྱི་དབང་གི་མཆོག་རྣམ་པ་གསུམ་པོ ་སྦྱིན་པར་མ་གསུངས་སོ། །ཅིའི་ཕྱིར་ཞེ་ན། དེ་དང་ལྡན་ན་དངོས་གྲུབ་མཆོག་མ་རྙེད་པའི་ཕྱིར་རོ། །དེ་བས་ན་ཡང་དགའ་འབྲས་བུ་འདོད་བ་ན། །དེ་ནི་རིང་དུ་སྦང་བར་བྱ། ཞེས་གསུངས་པ་ཡིན་ནོ། །སྒྲ་དང་ཚད་མས་མི་འགྲུབ་པའི ་དབ?་ནི། དེ་ལྟར་ཡང་བྱེ་མ་ཞེས་བྱ་བ་ལ་སོགས་དེ་བཞིན་ཚར་མ་མང་པོ་དང། དག་གི་དྲ་བ་དང་ལྡན་པ་ཞེས་བྱ་བ་ནི། བྱེ་མ་ལ་མར་བཙིར་བ་ལ་སོགས་པ་བྱས་ཀྱང། མར་གྱི་རྒྱུ་ས་བོན་མ་ཡིན་བས་འབྱུང་བར་མི་འགྱུར་བའི་དཔེ ་དེ་བཞིན་དུ་ཚད་མའི་རྟོག་པ་ལ་ཞེས་པ་རྣམས་དང། འཇིག་རྟེན་པའི་སྒྲ་བདག་དང་བདག་གིས་དག་དང། ངག་གི་དྲ་བ་འབྲེལ་པ་སྟེ། དེའི་དོན་ནི་སེམས་ཀྱི་རང་བཞིན་མ་ཤེས་པས་རྟག་ཆད་དུ་གོལ་བས། ལ་ལ་ནི་ལུས་མི་རྟག ་པ་ཡིན་ཡང། ཤེས་བརྟག་པས་ན། དབང་ཕྱུག་བྱེད་པ་པོར་འདོད། །ལ་ལ་སྐྱེ་རྒ་ན་འཆི་ནི་བདག་གོ་བར་འདོད་པའོ། །ལ་ལ་ནི་སྲོག་ཆགས་ཀུན་འཇོམས་པས་དུས་ཡིན་ནོ་བར་འདོད་དོ། །ལ་ལ་ནི་ཤི་བའི་ལུས་རྡུལ་དུ་རླགས་ལ། སེམས ་སྟོང་པར་འགྱུར་ཏེ། ཅི་ཡང་མེད་པར་འདོད་དོ། །དེ་བཞིན་དུ་འདིར་རྟག་ཆད་གཉིས་བསྡུའོ། །དེ་ལྟ་བའི་སློབ་དཔོན་གྱིས། བསྟན་པ་འམ་ཞེས་བྱ་བ་ནི། སྤང་བར་བྱའོ། །ཉན་པ་ནི་སློབ་མ་སྟེ་འབྲས་བུ་མི་རྙེད་པའི་ཕྱིར། སྔ་མ་བཞིན་ནོ། །དེ ་བས་ན་དེ་ལ་ཉོན་མོངས་བ་ལས། གཞན་འབྲས་བུ་ཙམ་རྙེད་པ་མེད་དོ། །ཞེས་གསུངས་སོ། །དེའི་ཕྱིར་བླ་མ་རབ་བཙལ་བར་བྱ་བའི་དོན་ནི། དེ་བས་གཅིག་ནས་གཅིག་ཏུ་ཞེས་བྱ་བ་ལ་སོགས་བའི་དོན་ནི། བཅོམ་ལྡན་འདས་ཉིད་ཀྱིས ་གསུངས་སོ། །དེ་ལྟ་བུའི་བླ་མ་ནི་རྡོ་རྗེ་འཛིན་པ་དང། མཚུངས་པར་ལྟ་བའི་དོན་ནི། མི་གསལ་མཆོག་གི་བཀྲ་ཤིས་ཅན་ཞེས་བྱ་པ་ལ་སོགས་པ་ལ། སྟོབས་དང། མི་འཇིགས་བ་ལ་སོགས་པའི་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་རྣམས་དང ་མི་ལྡན་ཞིང། མི་གསལ་བ་ཡིན་ཡང་དེ་རྣམས་ཀྱི་རྒྱུའི་གཙོ་བོ་ཡོད་པས་ན་མཆོག་གི་བཀྲ་ཤིས་ཅན་ཡིན་ནོ། །ཅིའི་ཕྱིར་ཡིན་སྙམ་པ་ལ། དེའི་དོན་གསུངས་པ། སངས་རྒྱས་འབྲས་བུ་སྦྱིན་པའི་བདག་ཅེས་བྱ་བ་ནི། དབང་དང་བཅས ་པའི་མན་ངག་ནང་བ་ནི། སངས་རྒྱས་མཐོང་བར་འགྱུར་བ་སྟེ། དེས་ན་འབྲས་བུ་སྦྱིན་པའོ། །བདག་ཅེས་བྱ་བ་ནི། བླ་མ་མཆོག་ཏུ་འགྱུར་བ་ཉིད་ཀྱི་བདག་གོ་།བླ་མའི་གཟུགས་ནི། སངས་རྒྱས་རྡོ་རྗེ་འཛིན་པ་ཉིད་དོ། །བདག་གཞན་ནི ་རྟག་ཆང་ལ་དམིགས་པའི་དངོས་པོ་དང། དངོས་པོ་མེད་པར་རོ། །མེད་པ་ནི་འཇིག་རྟེན་ལས་འདས་པར་ལྟ་བར་བྱའོ། །བསོད་ནམས་ཐམས་ཅད་ཀྱི་ནི་གནས་ཞེས་བྱ་བ་ནི་རིན་པོ་ཆེ་དང། གསེར་ལ་སོགས་པ་དཔག་ཏུ་མེད་པ་དབུལ? ་པའི་གནས་ཡིན་ཏེ། སྦྱིན་པ་ལ་སོགས་པའི་འདུས་བྱས་གང་གིས་ཀྱང་བླ་མ་ལ་མཆོད་པ་ལ་བསྙག་ཏུ་མེད་དོ། །གང་གི་ཕྱིར་ཞེ་ན། སངས་རྒྱས་དངོས་གྲུབ་སྟེར་བས་ན་བསྙམས་པར་མི་བྱའོ། །དེའི་ཕྱིར ་སངས་རྒྱས་བྱང་ཆུབ་སེམས་དཔའ་དང། ཚངས་པ་བརྒྱ་བྱིན་ཁྱབ་འཇུག་ལྟ། དེ་ཀུན་གྱིས་ནི་བདག་མཆོད་འོས། །གྲགས་པ་མ་ཡིན་གྲགས་གཟུགས་ཡིན་ཞེས་བྱ་བ་ནི། སངས་རྒྱས་ལ་སོགས་པ་ཐམས་ཅད་ཀྱང་རང ་རིག་བླ་མ་ལ་མཆོད་ཅིང་བསྐུར་བའི་གནས་ཡིན་ནོ། །ཞེས་བྱ་བའོ། །ཡང་ན་སངས་རྒྱས་ནི་ཕུང་པོ་ལྔའོ། །བྱང་ཆུབ་སེམས་དཔའ་ནི་སྐྱེ་མཆེད་རྣམས་སོ། །ཚངས་པ་ནི་རླུང་གི་འཁོར་ལོའོ། །བརྒྱ་བྱིན་ལ་སོགས་བ་ཡང་དེ་བཞིན་ནོ།། ་བདག་ནི་བཅོམ་ལྡན་འདས་སོ། །མཆོད་པར་འོས་པ་ནི་བླ་མའོ། །སངས་རྒྱས་སུ་འཇིག་རྟེན་པ་ལ་མ་གྲགས་ཀྱང། གསང་སྔགས་རྡོ་རྗེ་ཐེག་པར་གྲགས་པའི་གཟུགས་སོ། །དེ་ལྟར་ཤེས་ནས་ཞེས་བྱ་བ་ལ་སོགས་པའོ། །དཔལ་ཡེ་ཤེས ་ཐིག་ལེའི་དཀའ་འགྲེལ། གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ། ལེའུ་གསུམ་པའི་བཤད་པའོ།། །།ཇི་ལྟ་བུའི་གོ་རིམས་སུ་ཞེས་གསུངས་པས་ན། དབང་བསྟན་ནས་།དེའི་རྗེས་ཐོགས་སུ་གནས་ཀྱི་བསྐྱེད་པ་བཤད་པར་བྱ ་སྟེ། དེ་ནས་གཞན་ཡང་བཤད་ཀྱིས་ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་ལ། ཉོན་ཅིག་པ་ནི་སྡུད་པ་པོ་ལ་གདམས་པའོ། །དེ་ལ་དང་པོར་དེ་ཁོ་ན་ཉིད་མངོན་དུ་བྱས་ལ། དེའི་འོག་ཏུ་གནས་ཀྱི་ཞེས་བྱ་བ་ནི། བཅོམ་ལྡན་འདས་འཁོར་དང ་བཅས་པ་བཞུགས་པའི་གནས་སོ། །བསྐྱེད་པ་ནི་རིམ་པས་བསྐྱེད་རིམ་དང་བཅས་པའོ། །ཇི་ལྟ་བཞིན་དོན་ནི་གོ་རིམས་ཏེ། དབང་གི་འོག་ཏུ་འབྱུང་བའི་དོན་ཏོ། ཀ་བ་གཅིག་དང་སྒོ་དགུར་ལྡན་ཞེས་བྱ་བ་ལ་ལུས ་ཀྱི་དཀྱིལ་འཁོར་གྱི་སྲོག་གི་དབྱུག་པ་ནི། ཀ་བ་གཅིག་གི་དངོས་པོའོ། །ཕུང་པོ་དང་ཁམས་དང། སྐྱེ་མཆེད་ལ་སོགས་བའི་ལྷག་པའི་ལྷ་རྣམས་དགུ་པོའི་ལམ་ནས་འགྲོ་བའི་ཕྱིར་སྒོ་དགུའོ། །ལྡན་པ་ཞེས་བྱ་བ་ནི། སྒོ་བཞི་དང་གསུམ་དང། ་གཉིས་དང། གཅིག་དང་སྟེ། བཞི་ནི་འཁོར་ལོ་བཞིའི་བདག་ཉིད་དགའ་བ་རྣམས་སོ། །གསུམ་ནི་སྐུ་གསུང་ཐུགས་སྟེ། དེ་ལ་སྐུའི་སྒོ་སྔར་བཞིན་ནོ། །ཐུགས་ཀྱི་ནི་སྙིང་གི་དབུས་ན། པདྨ་བརྒྱད་པ་གེ་སར་དང་བཅས་པའི་དབུས་ན་གནས ་པའི་རྩ་ཆུ་ཤིང་གི་མེ་ཏོག་ལྟ་བུར་གནས་པའི་དངོས་པོ་འོག་ཏུ་ཁ་བལྟས་ནས། འཆང་བའི་བདག་ཉིད་དེའི་དབུས་སུ་གནས་པའི་བྱང་ཆུབ་ཀྱི་སེམས་ཡུངས་ཀར་སྦོམ་པོའི་ཚང་ཙམ་པའི་མི་ཤིགས་པའི་ཡི་གེ་དང་ལྡན་པའི་ཟླ་བ་དང་ཉི ་མ་དག་འཇུག་པ་དང་ལྡང་བའི་སྤྱི་པོའོ། །གསུང་གི་སྒོ?་ནི། མེ་དང་རླུང་དང་དབང་ཆེན་དང་ཆུ་རྣམས་ནི་དེ་བཞིན་དུ། སྟེང་ནས་རྒྱུ་བ་དང། ལེགས་ནས་དང། ངལ་བར་དང། འོག་ནས་རྒྱུ་བ་རྣམས་རིམ་པ་བཞིན་སྦྱང་བའོ། །སྒོ་གཉིས་ནི། ་སྟེང་གི་སྒོ་དང། འོག་གི་སྒོ་ཡིན་ཏེ། དེ་ལ་སྟ3ང་གི་སྒོ་ནས། ཁམས་གསུམ་རྣམས་དང། རྣམ་པར་སྣང་མཛད་ལ་སོགས་པའི་སངས་རྒྱས་རྣམས་གཡོ་ཞིང་གཤེགས་སུ་གསོལ་བ་དང། ལྟེ་བ་ནས་སྟེང་དུ་བལྟས་པའི་རྩ་ལ་ཉི་མ་རྒྱ་ཞིང ་བཞུད་པའི་རྩ་རོ་ཅན་མའི་ལམ་ནས་སོ། །འོག་གི་སྒོ་ནས་རྣམ་པར་ཤེས་པ་སྟེ། སྦྱན་འདྲེན་ཅིང་བཞུགས་སུ་གསོལ་བ་ནི། དུས་གསུམ་གྱི་སངས་རྒྱས་དང། མཁའ་འགྲོ་མ་དང། གཞན་ཡང་རྐན་ནས་འོག་ཏུ་བལྟས་པའི་?་བླ་བ ་རྒྱུ་ཞིང་བྱོན་བའི་རྩ་འཛིན་མའི་ལམ་ནས་ལྟེ་བའི་དབུས་སུ་འཛག་གོ་།སྒོ་གཅིག་པ་ནི་རྟོག་མེད་མའི་རྩ་ཡིན་ཏེ། བདེ་བའི་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་ལམ་ནས་རང་བཞིན་དགའ་བ་ནི། བཞུད་པ་དང། བྱོན་པ་ལ་སོགས་བ ་ཐམས་ཅད་དང་བྲལ་བ་གཅིག་ཏུ་གྲུབ་པས་ན་སྒོ་གཅིག་གོ་།ལུང་ལས་ཀྱང་དཀྱིལ་འཁོར་གཉིས་མེད་སྦྱོར་བ་ལས། སྒོམ་པ་སོ་སོར་སྣང་བ་ཙམ། །བདེ་གཤེགས་རྣམས་ཀྱི་དཀྱིལ་འཁོར་སོགས། །རང་བཞིན་དགའ་ ་ལ་བཞུགས་པར་མཛོད་ཅེས་གསུངས་སོ། །དེའི་གནས་ཀྱི་བསྐྱེད་པ་ཇི་བཞིན་དོན་ཞེས་བྱ་བ་ལ་སོགས་པའི་བཤད་བའོ། །རྡོ་རྗེ་རྩིག་པ་ཅེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནི་སེམས་ཀྱི་རྡོ་རྗེའོ། །རྩིག་པ་ནི་སེམས་ཀྱི་རྡོ་རྗེ་ཁྱབ་བའོ། ། ་རྒྱུན་ནི་ཁྲག་དང་མཆི་མ་ལ་སོགས་པའི་བྱང་ཆུབ་སེམས་སོ། །རྡོ་རྗེ་ཐིག་ནི། རྩ་རྟོག་མེད་མ་དང་ལྡན་པའོ། །བླ་རེ་ནི་འཁོར་ལོ་རྣམས་སོ། །ཀུན་ཏུ་ཡོངས་སུ་བསྐོར་བ་ཡིན་ཞེས་བྱ་བ་ནི། འཁོར་ལོ་ལ་སོགས་པའི་རྩས་བསྐོར་བའོ། ། ་རླུང་ལ་སོགས་པའི་རིམ་པས་དབྱེ་ཞེས་བྱ་བ་ནི། རླུང་དང་མེ་དང། དབང་ཆེན་གྱི་དཀྱིལ་འཁོར་རོ། །འབྱུང་བ་བཞི་དང་ལྡན་པ་ཡིན་ཞེས་བྱ་བ་ནི། གསང་བར་རླུང་གི་དབྱིབས་དང། སུམ་མདོར་མེའི་དབྱིབས་དང། ལྟོ་བར་ཆུའི ་དབྱིབས་དང། སྙིང་གར་སའི་དབྱིབས་དང་བཞི། ཀེང་རུས་དབྱུག་པའི་བདག་ཉིད་དུ་ལྡན་པའི་གནས་སོ། །ནམ་མཁའ་ཐམས་ཅད་མཛའ་ཀུན་ཏུ་ཞེས་བྱ་བ་ནི། བདེ་བ་ཆེན་པོའི་འཁོར་ལ་སོགས་བའི་ཐམས་ཅད་ཀྱིས་ལུས་ལ་ཁྱབ ་པས་ན། མཛའ་ཀུན་ནོ། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས་ཞེས་བྱ་བ་ལ། དེ་རྣམས་ཐམས་ཅད་ཀྱི་བདག་ཉིད་ནི། གཉིས་སུ་མེད་པའི་དེ་ཉིད་དོ། །དེ་ཉིད་ནི་སེམས་ཅན་དང་སངས་རྒྱས་ཐམས་ཅད་ལ་རྒྱུན་མི་འཆད་པས་རྟོག ་བའོ། །གཤེགས་བཞུགས་མི་མངའ་བས་ན་རྟག་ཏུ་བཞུགས་པའོ། །དེ་ནི་ཕྱིའི་དོན་བཤད་དེ། རྡོ་རྗེ་གུར་གྱི་དབུས་སུ་ནི། ཞེས་བྱ་བ་ལ་སོགས་པའོ། །འདི་དཀའ་བ་འགའ་ཙམ་ཞིག་དགོངས་དེ། གཤིན་རྗེ་གཤེད་ཅེས་བྱ་བ་ནི། ་སྲོག་དང་གང་ཟག་ལ་སོགས་པ་བདག་ཏུ་འཛིན་པའི་རྟོག་པ་འཕྲོག་བའི་ངང་ཚུལ་ཅན་ཡིན་པའི་ཕྱིར་ན། གཤིན་རྗེ་མཐར་བྱེད་ཡིན་ནོ། །ཤེས་རབ་མཐར་བྱེད་ཅེས་བྱ་བ་ནི། འོད་ཟེར་དབག་ཏུ་མེད་པ་སྤྲོས་པས་ཤེས་རབ་དམན་པའི་བདུད་དང ་མུ་སྟེགས་ཀྱི་རྟོག་པ་དྲག་པོ་ནི་ཁྱབ་འཇུག་བཏུལ་པས་ཤེས་རབ་བྱེད་དོ། །པདྨ་མཐར་བྱེད་ཅེས་བྱ་བ་ནི། འོད་ཟེར་གྱི་ཚོགས་དང། དྲག་ཤུལ་གྱི་སྦྱོར་བས་བརྩོན་འགྲུས་དམན་པའི་ལེ་ལོ་ཅན་རྣམས་ཀྱི་ཚངས་པ་ལ་སོགས་པ་བཏུལ ་བའི་དངོས་གྲུབ་ཐམས་ཅད་ཀྱི་བདག་ཉིད་རྟ་མགྲིན་རྒྱལ་པོའོ། །བགེགས་མཐར་བྱེད་ཅེས་བྱ་བ་ནི། འོད་ཟེར་ལ་སོགས་པའི་སྦྱོར་བས་ཉོན་མོངས་པ་དང་བཅས་པའི་ཚོགས་ཀྱི་བདག་པོ་ལ་སོགས་པའི་བགེགས་རྣམས་ཐལ་བར་བྱ་སྟེ། ་སླར་གསོས་ནས་དམ་ལ་བཏགས་པའི་ཕྱིར་བདུད་རྩི་འཁྱིལ་པའོ། །གཞན་འདོད་པའི་རྒྱལ་པོ་ལ་སོགས་པ་གོ་སླའོ། །གཞན་ན་རེ་ཕྱོགས་སྐྱོང་བཅུ་བཏུལ་བའི་ཕྱིར་ན། གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་བཅུ་བོ་ནི། བདག་ཉིད ་ཀྱི་གདན་རང་རང་གི་སྟེང་ན་བཞུགས་པའོ་ཟེར་རོ། །ཚུལ་དང་ཐིགས་བའི་རང་གི་ངོ་བོ་ཞེས་བྱ་བ་ནི། མངོན་པར་བྱང་ཆུབ་བ་ལྟས་ལྷའི་སྐུ་བསྐྱེད་པའོ། །དཔལ་ཡེ་ཤེས་ཐིག་ལེ་ཞེས་བྱ་བ་ལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས ་དང་ལྡན་པས་ན་དཔལ་ལོ། །ཡེ་ཤེས་ལྔའི་བདག་ཉིད་ཧེ་རུ་ཀ་ཉིད་ཀྱི་གཟུགས་ནི། །ཡེ་ཤེས་སོ། །དེ་ཉིད་སྤྲོས་པ་ལ་སོགས་པའི་མཚན་མ་དང་བྲལ་བསན་ཐིག་ལེའོ། །ཕྱག་རྒྱ་ཆེན་པོས་འཁྱུད་ཅིང་ཞེས་བྱ་བ་ལ། སྐྱེ་བ་དང་འགགས་པ་ལ ་སོགས་པའི་མཚན་མ་དང་བྲམ་བའི་ཆོས་ཀྱི་དབྱིངས་ཡིན་ཡང། འགྲོ་བ་ཐམས་ཅད་ལ་ཁྱབ་པས་ཕྱག་རྒྱའོ། །ཁྱབ་པ་ཡིན་ཡང་ལྷ་མོའི་གཟུགས་སུ་འབྱུང་བས་ན་ཆེན་པོའོ། །ཀུན་རྫོབ་དང་དོན་དམ་བ་དབྱེར་མེད་པའི་ཕྱིར། འཁྱུད་པ་ཡིན་ནོ།། ་གཏན་ཚིགས་འདིས་ན་ཕྱག་རྒྱ་ཆེན་པོས་བཅོམ་ལྡན་འདས་ལ་འཁྱུད་བ་ཡིན་ནོ། །སྐུར་བཞེངས་ཤིང་བརྗོད་པ་ཞེས་བྱ་བ་ནི། དཔལ་ཧེ་རུ་ཀ་ཐུགས་རྗེས་ཁྲོ་བོ་ཁྲོས་པས་རབ་ཏུ་གཞོམ་པའི་ཕྱིར་ནི་ཉིད་ཀྱི་སྒྲ་བརྗོད ་པ་ཙམ་གྱི་ཕྱིར་རྒོལ་བ་ཀུན་རླག་བར་བྱེད་དོ། །ཧ་ཧར་རྒོད་ཀྱི་ཕེའི་ཡི་གེ་ཞེས་བྱ་བ་ནི། བདུག་པ་ཅན་གདུལ་བའི་སྒྲས་བརྗོད་པའོ། །ཆོལ་བ་སྒྲ་ཆེན་པོ་སྒྲ་བསྒྲགས་པས་ཞེས་བྱ་བ་ནི། ཧཱུཾ་ཧཱུཾ་དང་ཕཊ་ཕཊ་ལ་སོགས་པའི་སྒྲ་སངས ་རྒྱས་ཉིད་ཀྱང་འཇིགས་པ་ཙམ་མོ། །ཆངས་པའི་ཡུལ་ས་ནི་མགོ་བོ་སྟེ། གདུག་པ་ཅན་རྣམས་ཀྱིའོ། །ཞེས་བྱ་བའི་ཚིགས་གི་ལྷག་མའོ། །བྱེ་བའི་གྲངས་ནི་འབུམ་ཕྲག་བཅུ་ཡིན་དེ་མཚོན་པ་ཙམ་མོ། །ཐོད་པའི་ལྟོ་བ་རླག་པའོ་ཞེས ་བྱ་བ་ནི། མགོ་ཐོད་ཀྱི་ནང་གི་གླད་པ་ཁྲོ་བོའི་སྒྲས་མེད་བར་འགྱུར་བའོ། །གར་དགུ་དང་ལྡན་པར་བྱེད་བ་ཞེས་བྱ་བ་ནི། སྒེག་པ་དང། དཔའ་བ་དང། མི་སྡུག་བ་དང། རྒོང་པ་དང། དྲག་པ་དང། འཇིགས་སུ་རུང་བ་དང། སྙིང་རྗེ་དང། ་རྔམ་པ་དང། ཞི་བ་དང་དགུའོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ། གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་བཞི་པའི་བཤད་པའོ།། །།བསྐྱེད་པའི་རིམ་པའི་ལྷ་རྣམས་བསྟན་ཀྱང། དེ་རྣམས་ཀྱི་སྔགས་མེད་ན། ་དངོས་གྲུབ་མི་འགྲུབ་པས་དེའི་ཕྱིར། སྔགས་གསུངས་པ་སྟེ། ང་ནི་སྔགས་མཆོག་བཤད་བྱ་བནི། དེ་བཞིན་གཤེགས་པའི་སྙིང་པོ་ནི་མཆོག་ཡིན་ཏེ། མཆོག་འདིར་པར་དམ་བཅའ་བའོ། །གང་གི་སྒྲུབ་པ་བོ་དེས་འགྲུབ ་ཅེས་བྱ་བ་ནི། སྔགས་ཀྱི་མཆོག་ཤེས་རབ་དང་སྙིང་རྗེའི་བདག་ཉིད་གང་ཡིན་པ་ལ། རྣལ་འབྱོར་པ་སྒྲུབ་པ་བོ་དེ་ཡང་ནས་ཡང་བསྒོམས་པ་དང། བཟླས་པས་གྲུབ་བར་འགྱུར་རོ། །སའི་ཆ་ནི་མཉམ་པར་མཆོག་ཅེས ་བྱ་བ་ལ་སོགས་པ་ལ། སྒྲ་ཇི་བཞིན་པས་བཤད་དོ། །ནང་དུ་ནི་དཀྱིལ་འཁོར་གྱི་སའི་ཆོག་བྱ་བ་ནི་མཉམ་པ་རུའོ། །མཆོག་གི་སྒྲ་ནི་རཀྟའོ། །སྦྲང་རྩིའི་སྒྲས་བཤད་གཅིའོ། །ག་བུར་གྱི་སྒྲས་ཤུ་བའོ་བྱུག་པའི་སྒྲས་ནི། སྟོབས་དང་བཅས ་པའི་མི་འཆི་བ་བཅུ་བྱེད་བྱུག་པའོ། །དྲི་ཞིམ་པ་ནི་གཞི་མཉམ་པའོ། །མེ་ཏོག་ནི་ཀུ་མུ་ཏ་ལ་སོགས་པའོ། །དགྲམ་པ་མི་མཛེས་པར་བྱ་ཁྱབ་པར་གཏོར་བ་ཡིན་པས་ན། མེ་ཏོག་གིས་ནི་ཆལ་བར་བྱ་ཞེས་གསུངས་པའོ། །སྔགས་བཏུ ་ཞིང་བསྒྲུབ་པའི་གནས་བསྟན་པ་ནི་ཆུ་ངོགས་ཡང་ན་ཐང་སྟོང་དུ་ཞེས་བྱ་བ་ལ། ཆུ་ངོགས་ཚུ་བོའི་དྲུང་དུའོ། །ཡང་ནའི་སྒྲས་དུར་ཁྲོད་ལ་སོགས་པ་བསྡུའོ། །ཐང་སྟོང་ནི་མི་མེད་པའི་གནས་དེ་དག་གང་ཡང་རུང་ངོ། །བསྲུང་བ་བསྟན ་པ་ནི། རྡོ་རྗེ་སྲང་པུ་ཡིས་ནི་བསྐོར་ཞེས་བྱ་བ་ནི། སྲང་བུ་ཁ་དོག་སྣ་ལྔ་ཡེ་ཤེས་ལྔར་བྱིན་གྱིས་བརླབས་པ་ནི་རྡོ་རྗེའི་སྲད་པུའོ། །དེ་ནི་གཙོ་བོར་གསུངས་པ་ཡིན་པ། གཞན་དག་གིས་ཀྱང་བསྐོར་བར་བྱའོ། །རྡོ་རྗེ་གཞོན་ནུ་སྤྱན ་རིངས་མ་ཞེས་བྱ་བ་ལ་སོགས་པ་ལ། གསད་བའི་མཆོད་པ་རྒྱུ་དང་བཅས་པའོ། །རྡོ་རྗེ་གཞོན་ནུ་ནི། ལྷ་མོར་བསྐྱེད་ལ་སྦྱོར་བས་བྱིན་གྱིས་བརླབས་པ་ནི་རྡོ་རྗེའོ། །ལོ་བཅུ་དྲུག་ལ་སོགས་པ་ནི་གཞོན་ནུ་མའོ། །སྤྱན་རིངས་མ་ནི། སྤྱན ་ཕྲ་བ་དང། སྒོམ་བ་སྙོམས་པས་མཛེས་བའོ། །གཞོན་པ་དང། སྤྱན་རིངས་བྷ་ག་གཙོ་བོར་གསུངས་སོ། །ཟླ་བ་ནི་ཤུ་ཀྲའོ། །ཉི་མ་ནི་རཀྟའོ། །པདྨ་ནི་གེ་སར་ཞེས་བྱ་བ། འདབ་མ་གསུམ་པའི་པདྨའོ། །ལང་ཚོལ?་བབ་པ་ནི་སྔར་བཤད ་པ་བཞིན་ནོ། །རེག་བྱ་འཇམ་པ་ནི་ལུས་ཀྱི་མཚན་ཉིད་དོ། །དང་པོར་མཁས་པས་གཞུག་པར་བྱ་ཞེས་བྱ་བ་ནི། རྣལ་འབྱོར་བ་ཡིས་ཤེས་རབ་མའི་མཚན་ཉིད་རྟོགས་ནས་དང་པོར་དཀྱིལ་འཁོར་དུའོ། །སྔགས་ཀྱི་གནས་སུ་ལུགས? ་ཇི་བཞིན་ཞེས་བྱ་བ་ནི། སྔགས་བཏུབ་དང། བསྒྲུབ་པའི་གནས་ལེའུ་བཞི་པར་བསྐྱེད་པ་གསུངས་པ་ཇི་ལྟ་བ་བཞིན་དུ་བྱས་ལ་བྱིན་གྱིས་བརླབ་བོ། །ལེགས་དགྱེས་ནི་གཅིག་ལ་གཅིག་དགའ་བས་ན་དགྱེས་པའོ། །ཤིན ་ཏུ་སྦྱོར་བར་བྱ་བ་ནི། རང་བཞིན་དགའ་བའི་ཡེ་ཤེས་དགའ་བ་གཞན་མས་བསྐྱེད་པའོ། །དེའི་སྦྱར་བས་ནི་ཐབས་དང་ཤེས་རབ་དགའ་བ་རྣམས་ལས་སོ། །གང་བྱུང་བ་ནི། བྱང་ཆུབ་ཀྱི་སེམས་སོ། །ཁ་དང་ས་སོགས་མཆོད་པར་བྱ་ཞེས་བྱ་བ ་ནི། སློབ་མའི་གནས་གསུམ་དུ་ཐིག་ལེ་བྱ་བ་དང། དཀྱིལ་འཁོར་གྱིས་ལ་མཆོད་པ་དང། ལྷ་རྣམས་ལ་མཆོད་པར་བྱའོ། །ཡང་ན་བྱང་ཆུབ་ཀྱི་སེམས་ཕྱིར་མི་འབྱུང་བར་རྟོག་མེད་མའི་རྩའི་ཁ་དངས་ནི་རྟེན་ཡིན་ཏེ། རྟེན་ཕྱག་རྒྱ་དང ་བཅས་པ་དགའ་བ་རྣམས་ཀྱིས་མཆོད་པར་བྱ་ཞེས་བྱ་བ་ནི། མན་དགོ། པདྨ་འདབ་མ་བརྒྱད་པ་ཞེས་བྱ་བ་ནི། སྔགས་པའི་དཀྱིལ་འཁོར་པདྨ་འདབ་མ་བརྒྱད་བ་དམར་བོ་བྲི་བར་བྱའོ། །རྡོ་རྗེ་ཡི་ནི་ཕུར་བུ་བཅུ། ཁྲོ་བོ་སྔགས་ཀྱིས ་མཁས་པས་གདབ་ཅེས་བྱ་བ་ནི། ཕུར་བུ་བཅུ་ལ་ཁྲོ་བོ་བཅུར་བྱིན་གྱིས་བརླབས་སྟེ། ཁྲོ་བོའི་སྔགས་བཅུས་ལྡན་པའི་སྒྲུབ་པ་པོས་སོ། །དེའི་སྔགས་ཨོཾ་ཛེམྦྷ་ཛེམྦྷ་ཞེས་བྱ་བ་ལ་སོགས་པའོ། །དོན་ནི་སྔགས་དགོར་པ་དང་བཏུ་བ ་གསུངས་པ་འདི་ཡིན་ཏེ། ཨཱ་ལི་ཀཱ་ལི་མཉམ་བྱས་ལ་ཞེས་བྱ་བ་ལ་སོགས་པ་ནི། ཨཱ་ལི་ནི་ཨཱ་ལ་སོགས་པ་བཅུ་དྲུག་གོ་།ཀཱ་ལི་ནི་ཡི་གེ་སུམ་ཅུ་རྩ་གསུམ་སྟེ། ཀ་ནས་ཧའི་བར་རོ། །མཉམ་བྱས་ནི་འདབ་མ་བརྒྱད་པའི་ལྟེ་བའི ་འདབ་མ་ལ་སྟེ། འདབ་མ་ཀུན་ལ་རིམ་བས་དགོད་ཅེས་སོ། །ཱ་ལི་ཡེ་ཤེས་འདབ་མ་གཅིག་ནི། འདབ་མ་གཅིག་ལ་དབྱངས་ཀྱི་ཡི་གེ་བཅུ་དྲུག་གོ་།ཀཱ་ལི་ནི་འདབ་མ་བདུན་དུ་དྲན་ཞེས་བྱ་བ་ནི། གནས་?་བར་གྱི་ཡི་གེ་འདབ? ་མ་བདུན་པོ་ལ་དགོད་དེ། །འདབ་མ་རེ་རེ་ཡི་གེ་ལྔ། ལྔ་པ་ལ་ནི་ལྔ་པའོ། །ཞེས་བྱ་བ་ལ་སོགས་པ་ནི། ཀའི་སྡེ་ཚན་ལྔ་དང། དེ་བཞིན་དུ་རྩི་དང། ཊའི་དང། ཏི་དང་ཁའི་ཚན་ལྔ་པ་ལྔ་འདབ་མ་ལྔ་ལ་ལྔ་ལྔའོ། །གཉིས་ལ་ཨནྟསྠ་དང། ཨུཥྨའི ་བཞི་བཞིའོ། །ལྟེ་བར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་རང་བཞིན་ཡིག་འབྲུ་ཀྵའོ། །གཞན་གོ་སླའོ། །དང་པོ་གཟུགས་ཀྱི་བདག་པོ་ནི། ཡི་གེ་ཨོཾ་སྟེ། སྔགས་རྣམས་ཀྱི་ཐོག་མར་བསྟན་པས་སོ། །དེ་ནས་འདབ་མ་གཉིས་ཀྱི་དང་པོར་ཞེས ་པ་ནི་ཡི་གེ་འབྲུ་ཤའོ། །བཞི་པ་དབྱངས་ཡིག་དང་བཅས་པ་ནི། ཨའི་རིང་པོ་དང་བཅས་པའོ། །འོག་ཏུ་རེ་བ་ཡིས་ནི་བརྒྱན་ཅེས་བྱ་བ་ནི་རའི་ཡི་གེས་སོ། །ཉི་ཤུ་ལྔ་པ་ནི་མའི་ཡིག་འབྲུའོ། །འདབ་མ་གཉིས་པའི་ཞེས་བ་ནི་ཡིག་འབྲུ་ཧའོ། ་དབྱངས་ཡིག་གཉིས་པ་ནི་ཡི་གེ་ཨཱའོ། །སྔགས་ཀྱི་ནུས་མཐུ་བསྟན་པ་ནི། འཁོར་བའི་ངན་འགྲོ་དག་བྱེད་པའོ། །ཞེས་གསུངས་སོ། །འདབ་མ་གཉིས་དང་པོའི་བཞི་པ་ཡིས་ནི་ཡི་གེ་ཝའོ། །དེ་ནས་གསལ་བྱེད་པའི་བརྒྱད་ནི་ཡིག་འབྲུ་ཛའོ། ། ་འདབ་མ་གཉིས་དང་པོའི་གཉིས་པ་ཡིས་ནི། དེའི་ཡིག་འབྲུའོ། །ལྡན་པས་ཐམས་ཅད་རིགས་ཕྲོགས་བྱེད་ནི། ཡོན་ཏན་གྱི་མཐུ་ཡོད་པའོ། །གསལ་བྱེད་པ་ལ་གསུམ་པ་ནི། གའི་ཡིག་འབྲུའོ། །བཅུ་པས་ཡང་དག་ལྡན་པའོ་ནི། ཉ་སྟེ་གྷ ་ཞེས་པའོ། །དབྱུངས་ཀྱི་ཡི་གེ་གཉིས་པ་ནི་ཨ་དང་བཅས་པའོ། །བཞི་པའི་ལྔ་པ་གང་ཡིན་པ་ནི། ནའི་ཡིག་འབྲུའོ། །དེ་ནས་དེའི་དང་པོ་ནི། ཏ་ཡི་ཡིག་འབྲུའོ། །བཅུ་དྲུག་པའི་གསུམ་པ་ནི་ཨིའོ། །ཐམས་ཅད་སྔགས་ཀྱི་ཚིག་གི་བཞིན? ་ཏི་ལ་ཀའི་ཡེ་ཤེས་ཐིག་ལེའི་ལེའུ་དང་པོའོ། །དེ་ནས་སའི་དག་པ་ནི་ལའོ། །དེ་བཞིན་གསལ་བྱེད་པོ་ནི་ཀའོ། །ཡན་ལག་གསལ་བྱེད་སུམ་ཅུ་གསུམ་ནི་ཧའི་ཡི་གེའོ། །དབྱངས་ཡག?་དྲུག་པ་ནི། ཨུའི་བདག་ཉིད་དོ། །ཐམས་ཅད་ཀྱི་ནི་འབྱུང་བའི? ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དང་པོ་རུ་ནི་གཟུགས་ཀྱི་མཆོག་ཅེས་བྱ་བ་ནི། ཡི་གེ་ཨོཾ་དང་པོར་བཏུ་བའོ། །འདབ་མ་གཉིས་པའི་བཞི་པའོ། །ཞེས་པ་ནི་ཡིག་འབྲུ་ཧའོ། །འོག་ཏུ་རེ་བ་ནི་ར་དང་ལྡན་པའོ། །དབྱངས ་ཡིག་བཞི་པ་ནི་ཨའི་བདག་ཉིད་དང་སྦྱར་བའོ། །རིག་པའི་རྒྱལ་པོ་མཆོག་ནི། །དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་པོ་ཧྲིའོ། །ཐིག་ལེས་སྟེང་དུ་ལྡན་པ་ནི། ཐྲཱི་གི་དོན་ཏོ། །དེ་རང་དུ་ནི་ཉེ་བར་གནས་ནི། ཡང་ཧྲི་སྟེ་གཉིས་པའོ། །ཉོན ་མོངས་པ་ལ་སོགས་པ་ཞི་བར་བྱེད་པའི་ཕྱིར། ཐམས་ཅད་ཞིག་ཞི་བའི་མཆོག་ཅེས་སོ། །ཐིག་ལེས་སྟེང་མནན་སུམ་ཅུ་གསུམ་ནི། ཧཾ་གི་ཡི་གེར་བསྟན་པའོ། །བཅུ་དྲུག་པའི་གཉིས་པར་ནི་ཨཱའོ། །ལྡན་པ་ནི་ཧཾ་དུ་གསུངས་པའོ། ། ་ཡང་ནི་དེ་ཉིད་ཡི་གེ་མཆོག་།ཧཾ་ཧཾ་ཞེས་བསྣན་པའོ། །ཁམས་གསུམ་མུན་ནག་མེད་པར་བྱེད་ནི། འདོད་ཁམས་ལ་སོགས་པར་ཡེ་ཤེས་ཐིག་ལེའི་ཡེ་ཤེས་སྒྲོན་མ་འབར་བྱས་པས། མ་རིག་པའི་མུན་པ་གསལ་བར་བྱས་ཤེས ་བཅོམ་ལྡན་འདས་ཀྱིས་སྙིང་པོ་དང། ཉེ་བའི་སྙིང་པོའི་ཡོན་ཏན་བསྒྲགས་པར་བྱས་སོ། །ཧཱུཾ་ཕཊ་དེ་ནི་གཉི་གར་སྦྱར་ནི། གཉིས་གཉིས་ཏེ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཞེས་པའོ། །ཐ་མར་སྭཱཧཱ་ཡིས་ནི་ལྡན་ཞེས་པ་ནི། སྔགས་ཀྱི་མཐར་སྭཱཧཱ་དང ་ལྡན་པས་རྩལ་གྱི་སྔགས་སོ། །ཉེ་བའི་སྙིང་པོའི་སྔགས་ཞེས་བྱ་བ་ནི། སྙིང་པོ་རང་ལ་ཉེ་བས་ན། ཉ་བའི་སྙིང་པོའི་དོན་ཏོ། །བཅོམ་ལྡན་འདས་ཀྱི་སྙིང་པོ་དང་ཉེ་བའི་སྙིང་པོ་བསྟན་ནས། བཅོམ་ལྡན་འདས་མའི་གསུངས་པ་ནི། །ད? ་པོས་རྣམ་པར་སྣང་མཛད་དག་ཅེས་བྱ་བ་ནི། ཨོཾ་དང་པོར་བཤད་དོ། །ཉི་ཤུ་རྩ་དགུ་དེ་ནས་སེ་ནི་ཝའི་ཡིག་འབྲའོ། །གསལ་བྱེད་པའི་བརྒྱད་པ་ཡོད་ན་ཡིག་འབྲུ་ཛའོ། །ཉི་ཤུ་རྩ་བདུན་པས་ནི་ལྡན་ཞེས་པ་ནི། རིའི་ཡིག་འགྲུས?་འགི་སུ? ་ལྡན་པའོ། །ཉི་ཤུ་ལྔ་པས་དེ་ནས་སོ་ནི། ཡིག་འབྲུ་མའོ། དབྱངས་ཀྱི་ཡི་གེ་བདུན་པས་ལྡན་ནི། འདིར་མའི་ཡིག་འབྲུ་ལ་རེ་ཡིས་སྟེང་འོག་ཏུ་ལྡན་པ་སྟེ་མེའི་དོན་ཏོ། །བཞི་པ་ལས་ནི་གསུམ་པའི་ཞེས་པ་ནི་དེའི་ཡིག་འབྲུའོ། །དེ་དང་ཉེ་བ ་རླུང་ཡིན་ནོ། །ཞེས་བྱ་བ་ནི། རླུང་གི་ས་བོན་ནི་ཡའི་ཡིག་འབྲུའོ། །དབྱངས་ཡིག་བཅུ་གཅིག་ལྡན་པ་ནི། ཨེའི་ཡིག་འགྲུ་ཡིས་ལྡན་པའོ། །ལྔ་པའི་ལྔ་པ་ནི་མའི་ཡིག་འབྲུའོ། །ཧའི་ཡིག་འབྲུ་དེ་དང་ཉེ་བ་ནི་ཧ་རང་གིའོ། །ལྔ་བའི་གསུམ ་པ་ནི། བའི་ཡིག་འབྲུའོ། །ཡི་གེ་རྩ་བརྒྱད་དེ་ནས་སོ་ནི། ཡིག་འབྲུ་ལའོ། །ལྔ་པ་ཡི་ནི་དང་པོ་དང་ཞེས་པ་ནི། བའི་ཡི་གེ་བསྟན་པ་ཡིན་ནོ། །ཉི་ཤུ་རྩ་བདུན་དེ་ནས་སོ་ནི། ངའི་ཡིག་འབྲུའོ། །དབྱངས་ཡིག་གཉིས་པས་ལྡན་ནི། །ཱ་རིང? ་བ་དང་ལྡན་པའོ། །གསལ་བྱེད་ཀྱི་ནི་དང་པོ་ཞེས་བྱ་བ་ནི། ཀཱའི་ཡིག་འབྲུའོ། །སུམ་ཅུ་རྩ་གཅིག་པས་ནི་ལྡན་པ་ནི། ཥའི་ཡིག་འབྲུ?་སྟེ། ཀྵའི་དོན་གྱིས་ཀ་དང་ལྡན་པའོ། །ཉི་ཤུ་རྩ་ལྔ་དག་པ་ནི། མ་ཞེས་བའི་ཡིག་འབྲུའོ། །དབྱངས་ཡིག ་གཉིས་པས་ལྡན་པ་ནི། ཨཱ་རིང་པོ་དང་མར་ལྡན་པའོ། །ཉི་ཤུ་རྩ་དྲུག་ཡི་གེ་མཆོག་ཅེས་པ་ནི་ཡའོ། །དབྱངས་ཀྱི་ཡི་གེ་བཅུ་གཅིག་པ་ནི་ཨེའི་ཡིག་འབྲུ་བསྟན་ཏོ། །ཡ་ལ་ཨེ་གཉིས་ལྡན་པ་ནི། ཡེ་ཤེས་པའི་དོན་སྟེ?། །སྭཱཧཱ་མཐར་? ་ལྡན་པ་ནི། མཛའ་ཅན་སྔགས་ཀྱི་མཚན་ཉིད་དོ། །ཧཱུཾ་ཧཱུཾ་ཕཊ་ཕཊ་ནི་སྤེལ་བར་བྱ་བ་ཞེས་པ་ནི། སྭཱཧཱ་གོང་དུ་བསྟན་པའི་ཕྱིར་རོ། །དེ་ནི་ཕྱག་རྒྱ་ཆེན་པོའི་ཞེས་བྱ་བ་ལ་སོགས་པ་ནི། བཅོམ་ལྡན་འདས་མའི་སྙིང་པོའི་ཡོན་ཏན་ནི་རིན་པོ་ཆེའི? ་དཔེ་ཇི་ལྟ་བ་བཞིན་གསུངས་སོ། །དང་པོ་ཡི་གེ་གཟུགས་ཀྱི་མཆོག་ནི། རྣམ་པར་སྣང་མཛད་ཀྱི་ས་བོན་ནི། །དེ་དང་པོར་བཏུ་བའོ། །འདབ་གཉིས་པའི་གསུམ་པའོ། །ཞེས་བྱ་བ་མི་ཡིག་འབྲུ་སའོ། །ཡའི་སྡེ་ཚན་གཉིས་པ་ནི་ཡིག ་འབྲུ་ངའོ། །ཉི་ཤུ་རྩ་དགུས་དེ་ནས་སོ་ནི། ཝའི་ཡིག་འབྲུ་བསྟན་པའོ། །དབྱངས་ཀྱི་ཡི་གེ་གསུམ་པ་ཡིས་ཞེས་བྱ་བ་ལ་སོགས་པ་ནི། ཨི་ཐུང་བས་སྦྱར་ཏེ་ཝའོ། །དེ་ནས་གསུམ་ཅུ་རྩ་གཉིས་པ་ནི། སའི་ཡི་གེ་བཏུ ་བའོ། །རའི་ཡིག་འབྲུ་དེ་དང་མཉམ་ཞེས་བྱ་བ་ནི་གོ་སླའོ། །ཐ་མར་སྭཱཧཱ་དང་ལྡན་བ་ནི། སྔར་བཤད་པ་བཞིན་འདིར་ཡང་ངོ། །ཧཱུཾ་ཧཱུཾ་ཕཊ་ནི་སྤེལ་བ་ཡིན་ཞེས་བྱ་བ་ནི། བར་དུ་བཞུགས་པར་བྱའོ། །ཉེ་བའི་སྙིང་བོའི་སྔགས་ཡིན ་ནོ། །ཞེས་བྱ་བ་ནི། དེ་རང་ལ་ཉེ་བ་སྟེ་བཅོམ་ལྡན་འདས་མའི་བསྟན་པའོ། །ཕྲེང་བའི་སྔགས་གསུངས་པ་ནི་ཨོཾ་ཤྲཱི་མཧཱ་ཞེས་པ་ལ་སོགས་པའོ། །ོཾ་ནི་སྔགས་ཐམས་ཅད་གསལ་བའོ། །ཤྲཱི་མཧཱ་ནི་དཔལ་ཆེན་བོ་སྟེ། དཔལ་ཧེ ་རུ་ཀ་ཉིད་དོ། །?་ཎ་ནི་ཐུགས་རྗེས་འོག་མའི་ཆེན་པོ་དང་སྦྱར་རོ། །གྲོ་དྷ་ནི་ཁྲོ་བོ། །ཤྭ་ར་ནི་དབང་ཕྱུག་གོ་།དཔལ་ཆེན་པོ་ཧེ་རུ་ཀ་ཐུགས་རྗེ་ཆེན་པོ་དབང་ཕྱུག་ཁྲོས་པའོ། །གང་ལ་ཞེ་ན། གདུག་པ་ཅན་རྣམས་ལ་ཁྲོས་བའོ། །དེའི ་དོན་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཉིད། ཐུགས་རྗེ་ཆེན་པོའི་དབང་གིས་གདུགས་ཅན་རྣམས་ལ་ཤིན་ཏུ་ཁྲོས་པས་ཞལ་དང་ཕྱག་མང་པོར་སྟོན་པའོ། །བྷེ་བདེ་ཅེས་བྱ་བ་ལ་སོགས་པ་ཅི་མ་བཤད་དོ། །ཅིའི་ཕྱིར་ཞེས?་? ་བསྒོམ་པ་དང་བཟླས་པ་ལ་རག་ལུས་པའི་ཕྱིར་རོ། །ཧཱུཾ་ཧཱུཾ་ཞེས་བྱ་བ་ལ་སོགས་པ་ནི། དཔལ་ནམ་མཁའ་དྲི་མེད་དང་།ཟླ་བ་ལ་སོགས་པ་དཔའ་བོ་དང་དཔའ་མོ་བཅུ་དྲུག་ཕྲག་གཉིས་ཀྱི་སྔགས་སོ། །དེའི་ཕྱིར་འཁོར་ལོའི་སྔགས་ཞེས་བྱའོ། །འཁོར ་ལོ་ནི་འཁོར་ལོའི་ལྷ་རྣམས་སོ། །སྔགས་ནི་སྔར་བཤད་བའོ། །སྔགས་ཆེན་པོ་ནི་ནུས་མཐུ་བསམ་གྱིས་མི་ཁྱབ་པའོ། །དཔའ་བོ་རྣམས་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་བཅུ་དྲུག་གོ་།དཔའ་བོ་རྣམས་གསུངས་པས། དབང ་མོ་རྣམས་ཀྱང་བསྡུའོ། །སྙིང་པོ་མཆོག་ནི་ཐུགས་ཡང་དག་པའི་ཡེ་ཤེས་ཀྱི་ས་བོན་ནི་སྙིང་པོ་མཆོག་མི་འགྱུར་བའོ། །ལྷ་མོ་སྐམ་པ་དང། འཇིགས་མ་ལ་སོགས་པའི་སྔགས་ནི། ཨ་ཨཱ་ལ་སོགས་པའོ། །དཔའ་བོའི་ཡན་ལག་མ ་སྙིང་སྔགས་ཞེས་བྱ་བ་ལ། ཡན་ལག་མ་ནི་ལྷ་མོ་རྣམས་སོ། །ལྷག་མ་ནི་གོ་སླའོ། །གསང་བའི་སྔགས་ཀྱིས་དགོད་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་དང་མི་ལྡན་བ་རྣམས་ལ་བསྟན་པར་བྱ་བ་མ་ཡིན་པས་གསང་བ ་ཡིན་ནོ། །འགྲོ་བ་རྣམས་ལ་སྐྱོབ་པའི་བདག་ཉིད་ཡིན་པས་ན་སྔགས་སོ། །སྦྱོར་བ་དྲུག་གི་དོན་བསྟན་པ་ནི་དགོད་པའོ། །སྦྱོར་བ་དྲུག་གི་མན་ངག་རྣལ་འབྱོར་བཅོམ་ལྡན་འདས་ནི་མཆོད་པའི་དུས་སོ། །ོཾ་ནཱ་ད་ནི་?་ལ་ཡ་ཧཱུཾ་ཧཱུཾ་ཕཊ ་ཅེས་བརྗོད་པ་ནི་མཆོད་པར་བྱ་བའོ། །དེ་ལ་སྔགས་ཀྱི་དང་པོར་ཕྱག་འཚལ་བའི་ཡི་གེ་ཨོཾ་ཞེས་བྱ་སྟེ། དེ་རྣམས་ལ་བསྟོད་པའོ། །ནཱ་ད་ནི་ཡེ་ཤེས་ཀྱི་ཚུལ་དེ་རྟོག་བ་དང་བྲལ་བའི་སྒྲའོ། །ནིརྨ་ནི་སྤྲུལ?་པའི་འཁོར་ལོའི་ངོ་བོ་རྣམ་པ་དང ་བཅས་པའི་ལྟེ་བའོ། །ལ་ཡ་ནི་ཕོ་བྲང་སྟེ་སྤྲུལ་བའི་ལྟེ་བའི་ཕོ་བྲང་བཅོམ་ལྡན་འདས་ཚུལ་གྱི་ཡེ་ཤེས་བཞུགས་པའི་དོན་ཏོ། །ཧཱུཾ་དང་པོས་ནི། གདུག་པ་ཅན་རྣམས་ལ་བསྡིགས་མཛུབ་ཀྱིས་?་ཇོམས་པའོ། །གཉིས་པའི་?་? ་དེ་རྣམས་དབང་དུ་སྡུད་པའོ། །ཕཊ་ཀྱིས་གཏོར་ནས་ལྟུང་བར་བྱེད་པའོ། །ོཾ་བིནདུ?་ལ་སོགས་བ་མ་ཤད་བ་སྔ་མ་བཞིན་ནོ། །ཡེ་ཤེས་དྲུག་ནི། སྦྱོར་པ་དྲུག་གི་ཡེ་ཤེས་སོ། །སྔགས་མཆོད་དབང་ཞེས་བྱ་བ་ནི་སྔགས་ཐམས་ཅད་ཀྱི ་མཆོག་གོ་།རབ་བོ། གྱ་ནོམ་པ་སྟེ། ནུས་མཐུ་དཔག་ཏུ་མེད་པ་དང་ལྡན་པའོ། །དེ་ཅིའི་ཕྱིར་ཞེ་ན། གསང་སྔགས་ཀྱི་ནུས་མཐུ་ནི་རྒྱུད་ལ་སོགས་པ་ཐམས་ཅད་ནས་འབྱུང་སྟེ། ཅིག་ཤོས་མིན་པ་ནི། བདེ་བ་མཆོག་གི་རྒྱུད ་ལས་ཀྱང་འཇིག་རྟེན་གསུམ་གཡོ་བར་བྱེད་དོ། །ལྷ་དང་ལྷ་མ་ཡིན་དང། གནོད་སྦྱིན་དང་སྲིན་པོ་དང། དྲི་ཟ་དང། མི་འམ་ཅི་དང། ལྟོ་འཕྱེ་ཆེན་བོ་དང་བཅས་པ་འགུགས་པར་བྱེད་པ་དང། འཆིང་བར་བྱེད་པར་འགྱུར་རོ། ། ་མཁའ་འགྲོ་མ་ཐམས་ཅད་སྒྲུབ་པ་པོའི་མདག་གཞུག་བྱེད་པར་འགྱུར་བ་དང། དེའི་སྦྱོར་བ་འཕྲོག་པར་འགྱུར་རོ། །ཞེས་གསུངས་པ་བཞིན། སྔགས་ཀྱི་ནུས་མཐུ་རྒྱུད་ལ་སོགས་པ་ཀུན་ནས་གསུངས་སོ། །དེ་རྣམས་ཀྱང་ཁྱད་པར་དུ ་འཕགས་པའི་མཆོག་ཡིན་ནོ། །སྡེ་ཚན་བརྒྱད་ཀྱི་གཙོ་བོ་ཡིན་ཞེས་བྱ་བ་ནི། ཨཱ་ལི་དང་ཀཱ་ལི་ཡི་གེ་བཞི་བཅུ་རྩ་དགུའི་གཙོ་བོ་ཨཱ་ལ་སོགས་པ་བརྒྱད་དོ། །འདི་རྣམས་སྔགས་བཏུ་བའི་གནས་ཡིན་པའི་ཕྱིར། གཙོ་བོ་གསུངས་པས། ་ཅིག་ཤོས་ཀྱང་ཞེས་བྱ་བའི་དོན་ཏོ། །རྩའི་སྡེ་ཚན་ཞེས་བྱ་བ་ནི་ཡི་གེ་ཨཱའོ། །གཏོར་མ་གཏང་བ་ནི་ཨ་དང་ལྡན་པའི་སྔགས་ཀྱིས་གཏོར་མ་གཏང་བའོ། །བརྟག་པ་གཉིས་པ་ཇི་བཞིན་ནོ་ཞེས་བྱ་བ་ནི། ཀྱེའི་རྡོ་རྗེའི་རྒྱུད་བརྟག་པ ་གཉིས་པ་བཞིན་དུ་སྟེ། དེ་ཡང་འདི་ཡིན་ཏེ། ཨོཾ་ཨ་ཀཱ་རོ་མུ་ཁམ། སརྦ་དྷརྨམཱ་ཎཱཾ། ཨདྱཱ་ནུཏཔནྣ་ཏྭཱཏ། ཨོཾ་ཨཱ:ཧཱུཾ་སྭཱཧཱ(རྒྱུད་འགྲེལ་ཅེས་བྱ་བ་ལེའུ་ལྔ་པའི་བཤད་པའོ།། །།སྔགས་ཀྱི་འོག་ཏུ་མཆོད་སྤྱིན་འབྱུང་བས་ན། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །མཆོད་སྦྱིན་ནི་ཕྱི་དང་ནང་གི་མཆོད་སྦྱིན་ནོ། །རབ་ནི་ནང་གི་མཆོག་སྦྱིན་དང་ལྡན་པའི་ཕྱིར་རོ། །དེ་ནི ་བཅོམ་ལྡན་འདས་དཔལ་ཡེ་ཤེས་ཐིག་ལེ་བདག་གིས་བཤད་པར་བྱའོ། །གནས་ནི་ཨོརྱ་ཎ་དང། ཛ་ལནདྷར་དང། པུ་ལི་ར་དང། ཀཱ་མ་རུའ?། །སོགས་པའི་ནི་ཉེ་བའི་གནས་ལ་སོགས་བ་རྣམས་སོ། །རིམ་པར་སྦྱོར་ནི་ཕྱིའི་བཞིན་དུ། ་ནང་ལ་ཡང་མགོ་བོ་དང། སྤྱི་གཙུག་དང། སྤྱིའོ་དང། སྨིན་མ་ལ་སོགས་པ་རྣམས་ལ་སྦྱོར་ཏེ། ནང་གི་དོན་བསྒོམས་པས་ནི། ཕྱིའི་གནས་ལ་སོགས་པར་བགྲོད་མི་དགོས་པས་འདུས་པའི་བདག་ཉིད་དུ་འགྱུར་རོ། །དེ་དག་གི་དོན་ནི། དེའི་ནང ་དུ་གྲུ་གསུམ་གྱི་ཕྱག་རྒྱའི་གྲཝ་ལ། དཔལ་ཨོརྱ་ཎ་དང་ཞེས་བྱ་བ་ལ་སོགས་པའི་གནས་སྐབས་བཞིན་ཤེས་པར་བྱའོ། །ཕྱིའི་བགྲོད་མི་དགོས་བར་ནང་གི་ལུས་ལ་འདུས་བ་ཡིན་ན། དེ་གང་ཡིན་ཞེ་ན། དེའི་དོན་གསུངས་པ་ནི། བསྐྱེད་པའི ་བྱེ་བྲག་ཐིགས་པ་གསུམ་ཞེས་བྱ་བ་ལ་སོགས་པའོ། །བསྐྱེད་པ་ནི་འཁོར་ལོའི་རིམ་བས་བདེ་བའི་ཐིག་ལེ་རྣམས་འབྱུང་ཞིང་སྐྱེད་པའི་མཚན་ཉིད་དོ། །བྱེ་བྲག་ནི་དགའ་བའི་རིམ་པའི་བྱེ་བྲག་སྐྱེ་བའོ། །ཐིགས་པ་གསུམ་ནི། ཐིམ་པ་དང། ་ལོངས་སྤྱོད་དང་དབང་གི་དགའ་བ་རྣམས་སོ། །རྫོགས་པ་ནི། དེ་སྨིན་པའི་རྫོགས་པའི་མཐུ་དང་ལྡན་པའོ། །རིམ་པ་གསུམ་དེ་ལྟར་རོ་ཞེས་བྱ་བ་ནི། བསྐྱེད་པའི་ཐིག་ལེའི་ཐིམ་པ་ལ་སོགས་པ་དང་ལྡན་བ་ནི་དེ་བཞིན་དུ་རྫོགས་པའི་རིམ ་པ་བཞིན་ནོ། །ཐིག་ལེ་དྲུག་གི་བདག་ཉིད་བཅས་ཞེས་པའི་ཐ་ཚིག་གོ་།རྣམ་ཤེས་ལ་སོགས་བྱེ་བྲག་ཏུ། ཞེས་བྱ་བ་ལ་རྣམ་བར་ཤེས་བ་དང། སེམས་དང་ཡིད་ཅེས་བྱ་བ་རྣམས་གྲངས་སོ། །སེམས་ཀྱི་གནས་ནི་སྙིང་ཡིན་ནོ། །སོགས ་པ་ནི་བདེ་བ་ཆེན་པོའི་བདག་ཉིད་དང། ལོངས་སྤྱོད་དང། སྦྲུལ་པའི་འཁོར་ལོ་དང། དེ་རྣམས་མཆོད་སྦྱིན་བྱེད་པའོ། །བྱེ་བྲག་ཏུ་ནི་དགའ་ཨི་ཁྱད་པར་ཐ་དད་བའི་བྱེ་བྲག་སྐྱེ་བའི་གནས་སོ། །དེའི་དོན་གསལ་བར་གསུངས་པ་ནི་མཆོད་སྦྱིན་ནི ་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་མཆོད་སྦྱིན་ཡིན་ནོ། །ཚངས་བ་ནི་བདེ་བའི་ཡེ་ཤེས་སྟེ། མཆོད་སྦྱིན་ཡང་དེ་ཡིན་ལ་ཚངས་པ་ཡང་དེ་ཡིན་ནོ། །གཡུལ་ས་ཆེ་ཞེས་བྱ་བ་ནི། སྐུའི་འཁོར་ལོའི་བཞུགས་པའི་གནས་ཡིན་པའོ། །ལོངས ་སྤྱོད་ཅེས་བྱ་བ་ནི། གསུང་གི་འཁོར་ལོའོ། །རྣམ་པར་ཤེས་པ་དང་ཞེས་བྱ་བ་ནི། ཐུགས་ཀྱི་འཁོར་ལོའོ། །ནམ་མཁར་ཡེ་ཤེས་ཞེས་བྱ་བ་ནི། འཕོ་བ་ལ་སོགས་པའི་ཡེ་ཤེས་བཅས་པའི་གནས་ནི། སྦྲུལ་པའི་འཁོར་ལོར་རོ། ། ་དེ་བཞིན་ནོ། །ཞེས་བྱ་བ་ནི། སྤྲུལ་པའི་འཁོར་ལོའི་ཡེ་ཤེས་དང་ལྡན་པར་གསུངས་པ་དེ་བཞིན་དུ། གཞན་གསུམ་པོ་ཡང་དག་པ་ལ་སོགས་པའི་དངོས་པོ་ལ་སོགས་པ་གསུམ་དང་སྦྱར་རོ། །སྐུ་བརྒྱད་ཀྱི་ནི་བྱེ་བྲག་ཏུ་ཞེས་བྱ་བ་ནི། ། ་འཁོར་ལོ་བཞིའི་བྱེ་བྲག་གིས་གནས་བརྒྱད་དང་ལྡན་པའི་སྐུ་བརྒྱད་བསྐྱེད་པའི་ཆོ་གའོ། །དངོས་པོ་རྟེན་དང་རྣམ་པར་འབྱེད་ཅེས་བྱ་བ་ནི། སྐུའི་འཁོར་ལོ་ལ་སོགས་པའི་བཞིའི་གནས་ལ་སོགས་པར་དངོས་པོ་ལ ་སོགས་པ་མཆོད་སྦྱིན་བྱ་ཞེས་བླ་མའི་མན་ངག་གིས་འཆང་བའོ། །ཇི་བཞིན་འདོད་པ་སྡུད་པ་ནི་ཞེས་བྱ་བ་ནི། བསྐྱེད་པ་དང་རྫོགས་པའི་ཐིག་ལེ་བསྟན་པ་བཞིན་དུ། བདེ་བའི་བྱང་ཆུབ་ཀྱི་སེམས་འདི་ཡང་དེ་བཞིན་ནོ། །མཆོད་སྦྱིན་རྣལ ་འབྱོར་མ་དཀྱིལ་འཁོར་ཞེས་བྱ་བ་ནི། འཁོར་ལོ་བཞིའི་རྩའི་དཀྱིལ་འཁོར་ནི་མཁའ་འགྲོ་མའི་དཀྱིལ་འཁོར་འདོད་པའི་བདེ་བ་དང་བཅས་བའི་ངོ་བོ་སྟེ། མཆོག་གི་དགབ?་བའི་མཚན་ཉིད་དུ་འགྱུར་རོ། །ཕྱིའི་གནས་ཤེས་པས་ནང་གི ་གནས་ལ་འཇུག་པར་འགྱུར་པའི་ཕྱིར། དེ་གསུངས་པ་སྟེ། ཨོཌཡ་ཎ་ལ་སོགས་གནས་སུ་ནི། ཞེས་བྱ་བ་ནི། མཁའ་འགྲོ་མ་འདུ་བའི་གནས་ནི། ཨོཌཡ་ཎ་དང། ཛ་ལནདྷ?་ར་དང། པུ་ལི་?་དང། ཀ་མ་རུ་དང། མ་ལ་ཡ་དང། སིནདྷ?་དང། ་ནཱ་གར་དང། སིངྒ་ལ་དང། མུ་མུ་ནི་དང། དེ་བི་ཀོ་ཊི་དང། ཀོ་ལུ་ཏ་དང། ཨརྦཱུ?་ད་དང། ཧ་རི་ཀེ་ལ་དང། ཀོ་ཊ་པ་དང། ལི་པ་ཀ་དང། ཀཉྩི་དང། ལས་ཀྱི་ཡུལ་དང། གསེར་གྱི་གླིང་དང། ཀོངཀ་ན་དང། རིན?་ར་དང། ཡིད ་དགས་འདུས་པ་དང། རྒྱ་མཚོ་དོགས་དང། ཙ་རི་ཊ་དང། གཞན་ནུའི་གྲོང་ཁྱེར་དང། གསྨི་ར་དང། ཀེ་ར་ཏ་དང། ནེ་བ་ལེ་དང། ཀརྞུ?་ཛ་དང། ས་བླ་དང། ས་སྟེང་དང། ས་འོག་དང། རི་རབ་རྩེ་དང། ཤར་གྱི་ལུས་འཕགས་དང། བྱང་གི་སྒྲ་མི་སྙན ་དང། ནུབ་ཀྱི་བ་ལང་སྤྱོད་དང། ལྷོའི་ཛམྦུ་གླིང་དང་དེ་རྣམས་སོ། །ལེགས་དགྱེས་ལ་སོགས་ལྷ་མོ་ཀུན་ཞེས་པ་ནི། ལྷ་མོ་ལེགས་དགྱེས་རྡོ་རྗེ་མ་དང། རྡོ་རྗེ་མཚོམ་དང། རྡོ་རྗེ་གླང་ཆེན་མ་དང། འཇིགས་མ་དང། དཔའ་མོ་ལ་སོགས་པའི ་ལྷ་མོ་རྣམས་སོ། །བླ་མའི་ཁ་ལས་ཤེས་པར་བྱའོ། །སེམས་ཅན་སེམས་ཀྱི་བྱེ་བྲག་ཏུ་ཞེས་བྱ་བ་ནི། འགྲོ་བའི་བསམ་པ་ཐ་དད་པའི་དབང་གིས། སངས་རྒྱས་རྣམས་ཀྱི་དགོངས་པ་ཡང་དེ་བཞིན་དུ་མཛད་པ་ཡིན་ནོ། །དེ་བས་ན་སྣ་ཚོགས ་ཐབས་ནི་རབ་ཏུ་བཤད། ཅེས་གསུངས་སོ། །མཚན་ཡང་དག་པར་རྗོད་པ་ལས་ཀྱང། ཐེག་པ་སྣ་ཚོགས་ཐོབ་ཚུལ་གྱི། འགྲོ་བའི་དོན་ལ་རྟགས་པ་པོ། །ཞེས་གསུངས་སོ། །བཅོམ་ལྡན་འདས་ཉིད་ཀྱི་སྐུའི་གཟུགས་ཇི་ལྟར་འཐད་པ ་བཞིན་དུ་མཛད?་ནས་ཐབས་རྣམ་པ་སྣ་ཚོགས་པའི་སྒོ་ནས་ཆོས་སྟོན་པ་དང། སྤྲུལ་པའི་སྐུའི་གནས་སྐབས་སུ། སེམས་ཅན་རྣམས་ལ་གཟིགས་ཏེ། ཁ་ཅིག་རྣམས་ལ་འདུལ་བའི་ཐབས་ཤེས་བྱ་བ་ལ་སོགས་པ་ལ། ཁ་ཅིག་རྣམས་ནི། ་སེམས་ཅན་འདོད་ཆགས་དང་བྲལ་བའི་ལམ་ལ་ཁྱད་པར་དུ་མོས་བ་རྣམས་ལ་ཆོས་བསྟན་པ། འདུལ་བའི་ཐབས་ནི་གདུལ་བྱ་དེ་རྣམས་ཀྱི་དོན་དུའོ། །ཁ་ཅིག་རྣམས་ལ་མདོ་སྡེ་ནི། ཞེས་བྱ་བ་ནི། ཐེག་པ་ཆེན་པོའི་མདོ་སྡེ་དང་དེ་ལས ་གཞན་པའོ། །ཐེག་པ་ཆེན་པོ་ནི་སྦྱིན་པའོ། །ཚུལ་ཁྲིམས་ལ་སོགས་པའི་ལས་ལ་ཞུགས་པ་ཡིན་ལ། གཞན་མ་ནི་སྦྱིན་པ་ལ་སོགས་པ་བྱ་བའི་ལམ་ལམ་ཞུགས་པའོ། །ལ་ལ་ཕ་རོལ་ཕྱིན་པའི་ལམ་ཞེས་བྱ་བ་ནི། ས་དང་? ་རོལ་ཏུ་ཕྱིན་པའི་སྒོ་ནས་སྤྱོད་པ་སྟེ། སྦྱིན་པ་ལ་སོགས་པའི་བྱ་བ་རྣམས་སོ། །ཁ་ཅིག་ལ་ནི་སྔགས་ཀྱང་མཆོག་ཅེས་བྱ་བ་ནི། བྱ་བ་དང། སྤྱོད་པ་དང་རྣལ་འབྱོར་དང། རྣལ་འབྱོར་བླ་མའི་སྤྱོད་པ་ནི་སྔགས་སོ། །ས་དང་ཕ་རོལ་ཕྱིན་པ་ལས ་མཆོག་ཏུ་གྱུར་པའི་ཕྱིར་ན་མཆོག་གོ་།རབ་འབྲིང་ཐ་མའི་བྱེ་བྲག་ཏུ་ཞེས་བྱ་བ་ནི། རབ་རྣམས་ལ་ནི་སྔགས་ཀྱི་ཐེག་པ་གསུངས་སོ། །འབྲིང་རྣམས་ལ་ནི་ས་དང་ཕ་རོལ་ཏུ་ཕྱིན་པའི་ཆོས་གསུངས་སོ། །ཐ་མ་རྣམས་ལ་ནི་ཤེས་རབ་དམན ་པའི་ཕྱིར། བདེན་པ་བཞི་གསུངས་ཏེ། དེ་བས་ན་བཅོམ་ལྡན་འདས་ཀྱིས་གང་ཞིག་དགེ་སློང་དངོས་གནས་དང། གང་ཡང་རྟོག་པ་དགའ་བའི་མི། །གང་ཞིག་རྒན་པོར་གནས་པ་ལ། །དེ་ལ་དེ་ཉིད་མི་བསྟན་ནོ་ཞེས་གསུངས་སོ། །ཐར ་པར་འགྲོ་བའི་ཐབས་ཡིན་ནོ་ཞེས་བྱ་བ་ནི། སྣ་ཚོགས་པའི་ཐབས་དེ་རྣམས་སོ། །ད་ཡང་འཁོར་བའི་རྣམ་པར་རྟོག་པ་ཡིས་བཅིངས་ལས་ངེས་པར་གྲོལ་བའི་ཕྱིར་ཐར་པའོ། །དེར་འགྲོ་བའི་ཐབས་ཐེག་པ་གསུམ་པོ་ལ་ཡོད་པའི ་ཕྱིར་ཐར་པར་གྲོལ་བའི་ཐབས་ཡིན་པའོ། །རྟོག་པ་ལ་སོགས་པའི་ཕྱིན་ཅི་ལོག་རྣམས་ཀྱི་གཉེན་པོ་སྡུག་བསྔལ་ལ་སོགས་པའི་འཕགས་པའི་བདེན་པ་ལ་བསྒོམས་པས། འདོད་ཆགས་དང་བྲལ་བ་མངོན་དུ་བྱས་ནས་རྟོགས ་པར་བྱེད་ཅིང། དུས་ཕྱི་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་ནས་བསྐལ་པ་གྲངས་མེད་བ་བཞིས་སངས་རྒྱས་ཉིད་རྫོགས་པར་བྱེད་བར་འགྱུར་རོ། །ཡང་མངོན་བར་རྫོགས་པས་ས་དང་ཕ་རོལ ་ཕྱིན་པ་མ་ལུས་བའི་བསོད་ནམས་ཀྱི་ཚོགས་ཉིད་སྦྱིན་པ་ལ་སོགས་པའི་ཐབས་ལ་བརླབ་པའི་ཕྱིར་ན། བསྐལ་པ་གསུམ་གྱིས་སངས་རྒྱས་ནི་ཞེས་གསུངས། །དེ་ལ་བསྐལ་བ་གསུམ་ཞེས་བྱ་བ་ལ་སོགས་པ་བསྐལ་པ ་གྲངས་མེད་པ་གསུམ་ན་འཚང་རྒྱའོ། །ཐེག་པ་ཀུན་གྱི་བློ་གྲོས་ཆེ་ཞེས་བྱ་བ་ནི། ཐེག་པ་ཆེན་པོ་ནི། དམིགས་པ་དང། བསྒྲུབ་པ་དང། ཐབས་དང། བརྩོན་འགྲུས་དང། ཡེ་ཤེས་དང། ཀུན་ནས་དང། ལམ་ཆེན་པོ་དང་ལྡན་པ་སྟེ། ་བྱང་ཆུབ་སེམས་དཔའ་ཨི་ལམ་འབྲས་བུ་དང་བཅས་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམས་གྱི་ངོ་བོ་ཉིད་དོ། །དེ་ལས་ཀྱང་ཁྱད་པར་འགྱུར་བ་ནི། རྡོ་རྗེ་ཐེག་པ་ཆེན་པོ་སྟེ། ཆོ་འདི་ཉིད་ལ་སངས་རྒྱས་པའོ། །དེ ་བས་ན་སྔགས་ཐེག་མོས་ལ་དེ་ལྟར་མིན། ཞེས་གསུངས་སོ། །དེ་ལ་སྔགས་ཐེག་ནི། །བྱ་བ་དང། སྦྱད་པ་དང། རྣལ་འབྱོར་གསུམ་གྱིས་ནི། དེ་ལྟར་མིན་ཏེ། བསྒོམ་པའི་སྟོབས་རྫོགས་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ ་ལུས་ཉིད་ཀྱིས་ནི། བསྒོམ་པ་ལ་མཆོག་ཏུ་གཞོལ་བའི་ཕྱིར། དུས་དེས་པ་མེད་པས། སངས་རྒྱས་ཉིད་རྫོགས་པར་བྱེད་པ་ཡིན་ནོ། །རྣལ་འབྱོར་བླ་མ་ནི་རྫོགས་རིམས་བསྒོམ་པའི་སྟོབས་ཀྱིས་ཚེ་གཅིག་གིས་སངས་རྒྱས་པ་ཉིད ་ཡིན་ནོ། །དེའི་དོན་ནི་ཐབས་དང། ཤེས་རབ་གཉིས་སུ་མེད་པའི་རྣམ་པར་རྒྱལ་བའི་རྒྱུད་ལས་ཀྱང། སྐྱེད་པའི་རིམ་པར་ལྡན་པ་ཡིས། །དུས་ནི་ངེས་པ་མེད་པས་འགྲུབ། །རྫོགས་པའི་དོན་གྱི་རྣལ་འབྱོར་ལ། །ཚེ་གཅིག་རྫ?་ནི་སངས ་རྒྱས་འགྲུབ། །ཅེས་གསུངས་པ་དང། ཡང་སློབ་དཔོན་པདྨའི་རྡོ་རྗེས་མཛད་བ་ལས་ཀྱང། དེ་ཉིད་ལམ་ལ་འཇུག་རྣམས་ཀྱི། །རྣལ་འབྱོར་པ་རྣམས་ཐམས་ཅད་ནི། །ཐབས་དང་ལྡན་པའི་སྦྱོར་བ་ཡིས། །དེ་རྣམས་དངོས་གྲུབ་གཞན་དུ ་མིན། །སྐྱེད་པའི་རིམ་པའི་ལམ་གྱིས་ནི། །གཞན་དུ་ཡང་ནི་འགྱུར་བ་སྟེ། །སྐྱེ་བ་དུ་མའི་རབ་ཀྱིས་འགྲུབ། །འདིར་ནི་གཅིག་ཏུ་འགྲུབ་པར་འགྱུར། །དེ་ལྟར་ངེས་པར་ཤེས་བྱ་ཡི། །ཤེས་རབ་ཐབས་ཀྱིས་རྣམ་པར་བསྒོམ། ཞེས ་གསུངས་སོ། །རྣལ་འབྱོར་མ་ཁྱོད་སྨོས་ཅི་དགོས། ཞེས་བྱ་བ་ནི་རྣལ་འབྱོར་པའི་རྒྱུད་ནས་རྩའི་མན་ངག་ཤས་ཆུང་ལ། མ་རྒྱུད་ནས་ཤས་ཆེ་བ་དང། དེ་བཞིན་དུ་རྣལ་འབྱོར་པའི་ཡེ་ཤེས་སྐྱེ་བ་བུ་ལ་ལ། རྣལ་འབྱོར ་མའི་མྱུར་བའི་དཔེས་སོ། །དེ་སྐད་དུ་ལུང་ལས་ཀྱང། རྣལ་འབྱོར་མ་རྣམས་རྙེད་མི་དཀའ་། །རྣལ་འབྱོར་ཅུང་ཟད་རྙེད་དཀའ་བ། །ཐབས་ན་རིབ་ཀྱིས་རྙེད་འགྱུར་ཏེ། །ཐབས་རབ་མིན་ན་ནམ་ཡང་མིན། ཞེས་གསུངས་སོ། །དེའི་ཕྱིར ་ཁྱད་པར་ཡོད་པ་ཡིན་ནོ། །ཚེ་འདི་ལ་ནི་སངས་རྒྱས་སོ། ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་ལྡན?་ནི་གོ་སླ་བས་མ་བཤད་དོ།། །།དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ་གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ། ལེའུ་དྲུག་པའི ་བཤད་པའོ།། །།དེ་ནས་མཆོད་པའི་ཆོ་ག་ནི་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་བར་མ་ཆད་པའི་ཚིག་ཡིན་ཏེ། མཆོད་པ་ནི་མེ་ཏོག་ལ་སོགས་པའོ། །ཆོ་ག་ནི་མཆོད་བྱ་དང། མཆོད་བྱེད་དང། མཆོད་རྫས ་ལ་སོགས་པའི་ཆོ་ག་རྫོགས་པའོ། །སྡིག་པ་ནི་དགེ་བ་མ་ཡིན་པའི་བློ་བུར་བའི་འོ། །ཐམས་ཅད་ནི་འདོད་ཆགས་ལ་སོགས་པའི་རྟོག་པའོ། །མཚན་ཉིད་ཐམས་ཅད་འཁོར་བའི་རྒྱུའོ། །འཇིག་བྱེད་པ་ནི་མཆོད་པའི་ཆོ་གའི་འབྲས་བུ་དེ ་ཁོ་ན་ཉིད་ཀྱིས་བློ་བུར་བའི་དྲི་མ་དག་པའི་ཕྱིར། །འཇིག་པར་བྱེད་པའོ། །ཡིད་འཕྲོག་ཅེས་བྱ་བ་ལ་སོགས་པ་ནི། །ངེས་པར་བསྟན་པའི་གནས་སྐབས་ཀྱིས་ཤེས་པར་འགྱུར་རོ། །བྱང་ཆུབ་སེམས་འབྱུང་མཆོད་པ་ཡིས་ཞེས་བྱ་བ་ལ ་སོགས་པ་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་རྒྱུར་འགྱུར་བའི་ཕྱིར། བྱང་ཆུབ་སེམས་ཡིན་ནོ། །དེ་བྲལ་བ་ལ་སོགས་པའི་བདག་ཉིད་ཀྱི་གནས་རྣམས་སུ་འབབ་པ་ནི་འབྱུང་པའོ། །མཆོད་པ་ཡིན་ཞེས་པ་ནི། མཆོད་པའི ་ཆོ་ག་རྫོགས་པར་བྱེད་པའི་ཕྱིར་མཆོད་པའོ། །ཡར་པོ་ནི་མཆོད་སྦྱིན་ཡིན་ཏེ་སྔར་བསྟན་པའོ། །མར་ངོ་ནི་མཆོད་པའི་ཆོ་ག་ཡིན་ནོ། །བྱེ་བྲག་ནི་ཐ་དད་པའི་དངོས་པོའི་མཚན་ཉིད་དོ། །ཤེས་རབ་ནི་མཆོད་པའི་མཚན་ཉིད་དོ། །དེ ་བཞིན་དུ་མཆོད་སྦྱིན་གྱི་མཚན་ཉིད་ཐབས་སོ། །སྦྱོང་བ་ནི་རོ་གཅིག་པའི་ངོ་བོ་མཆོག་གེ་དགའ་བར་རོ། །མཆོད་པའི་མཚན་ཉིད་ནི་ཆད་པའི་དགའ་བའོ། །མཆོད་སྦྱིན་གྱི་མཚན་ཉིད་ནི་མཆོག་གི་དགའ་བའོ། །རོ་གཅིག་པ་རང ་བཞིན་དགའ་བའོ། །དེ་དག་ལས་དེ་ཁོ་ན་ཉིད་རྙེད་པར་འགྱུར་བ་ཡིན་ནོ། །སྐུ་གསུམ་ཡེ་ཤེས་དཀྱིལ་འཁོར་ནི། ཞེས་བྱ་བ་ནི། ཆོས་ཀྱི་སྐུ་ལ་སོགས་པའི་གསུམ་པ་ནི། ཐིམ་པ་དང། ལོངས་སྤྱོད་དང། དབང་གསུམ་གྱི་ཡེ་ཤེས ་དགའ་བ་རྣམས་ཀྱི་བདག་ཉིད་ཡིན་ནོ། །ཆོས་ནི་མར་ངོའི་?་དྲུག་ནས་གྲངས་པའི་ཆོས་སོ། །ཡི་གེ་ནི། ཨཱ་ལིའི་ཡི་གེ་བཅུ་དྲུག་གོ་།སྔགས་ནི་སེམས་སྲུང་བར་བྱེད་པའི་ཕྱིར་རོ། །རི་བོང་ཅན་ནི་ཟླ་བ་དང་ལྡན་པའི་དོན་དུ་གནས ་པའོ། །འཕེལ་པར་འགྱུར་བ་ནི། ?་ཞིང་འཕེལ་བར་རྫོགས་པའི་ཐ་ཚིག་གོ་།ཐིག་ལེ་ནི་བདེ་བའི་བྱང་ཆུབ་ཀྱི་ཐིག་ལེ་བཅོ་ལྔ་དང་ལྡན་ནོ། །མཁའ་ནི་རྩ་གནས་ཀྱི་གཙོ་བོ་དང་བཅས་པའོ། །འགོག་པ་ནི་རྫོགས་པར་བྱེད་པའི་ངོ་བོ་ཉིད ་དེ་མཉམ་པའི་རོ་འགྱུར་པའོ། །ཅིའི་ཕྱིར་ཞེ་ན། འགོག་པ་ཡིས་ཤེས་གསུངས་པའི་གཏན་ཚིགས་དང་ལྡན་པ་ཡིན་ནོ། །རང་བཞིན་ནི་གཉིས་སུ་མེད་པའི་དོན་ཁོ་ན་ཉིད་དོ། །འབྱུང་བར་འགྱུར་པ་ནི་ཐབས་དང་ཤེས་རབ་སྦྱོང?་བའི་དོན ་གྱིས་འབྱུང་བའོ། །ཐིག་ལེའི་རང་བཞིན་ཡེ་ཤེས་ཏེ། ཞེས་འབྱུང་བ་ནི། བྱང་ཆུབ་སེམས་བདེ་བའི་ཐིག་ལེའི་བདག་ཉིད་རང་བཞིན་དགའ་བའི་ཡེ་ཤེས་ཏེ། སྔོན་དང་ཕྱི་མ་དང། ད་ལྟར་དང། གཟུང་བ་དང། འཛིན་པ་ལ་སོགས ་པ་ཐམས་ཅད་དང་རང་བཞིན་གྱིས་བྲལ་བ་མཉམ་པ་ཉིད་དོ། །སངས་རྒྱས་ཀུན་ནི་རྣམ་པར་སྣང་མཛད་ལ་སོགས་པ་ཐམས་ཅད་དོ། །ཡང་ཞེས་བྱ་བའི་སྒྲས་ནི། སངས་རྒྱས་ཀྱང་མི་རྙེད་ན། གཞན་རྣམས་ཀྱིས ་ནི་རྙེད་པ་ཧ་ཅང་ཆེས་ཞེས་པའི་དོན་ཏོ། །རྙེད་པར་དཀའ་བ་ནི་དོན་དམ་པ་སོ་སོ་རང་རིག་པ་དེའི་མཚན་ཉིད་འདི་ནི། ཚིག་དང་ཡི་གེའི་རྣམ་པར་རྟོག་པའི་ཡུལ་ལས་འདས་པའི་རང་བཞིན་ནོ། །ཅིའི་ཕྱིར་ཞེ་ན། བསྟན་པ་ཐམས ་ཅད་ནི་རྐུན་རྫོབ་ཡིན་ཏེ། དཔེར་ན་དམྱལ་བའི་སྡུག་བསྔལ་བསྟན་པ་ན། དེ་ཐོས་པས་ཉམས་སུ་མི་མྱོང་བ་བཞིན་ནོ། །དེ་སྐད་དུ་ཡེ་ཤེས་མཉམ་པའི་རྒྱུད་ལས་ཀྱང། སྤྲོས་པ་མེད་པའི་མཆོག་ཉིད་ནི། །སངས་རྒྱས་ལ་སོགས ་ཀུན་གྱིས་ཀྱང། །དེ་ཡི་ཚད་མ་བརྗོད་པ་མེད། །ཇི་སྙེད་བརྗོད་པ་ཀུན་རྫོབ་ཡིན་ཞེས་གསུངས་སོ། །བདག་གི་བཀའ་དྲིན་རང་བཞིན་མྱུར་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་མན་ངག་བཀའ་སྩལ་པའི་དྲིན་གིས་སེམས་ཅན ་སྐལ་བ་དང་ལྡན་པ་རྣམས་ཀྱི་རང་བཞིན་དོན་མྱུར་དུ་འཐོབ་པར་འགྱུར་རོ། །ཐེ་ཚོམ་མེད་པར་རྙེད་པ་ཡིན་ཞེས་བྱ་བ་ནི། ཡིད་གཉིས་ཀྱི་སེམས་མ་ཡིན་ཞེས་བྱ་བ་སྟེ། ངེས་པར་ཟུང་ཅིག་ཅེས་པའི་དོན་ཏོ། །བླུན་པོ་གང་གིས ་ཞེས་པ་ནི། ཤེས་རབ་དམན་པའི་བྱིས་པ་ལ་སོགས་པ་རྣམས་སོ། །བདག་ཅེས་བྱ་བ་ནི། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ངོས་ཐམས་ཅད་ལ་ཁྱབ་ཀྱང་མཐོབ་བ་མ་ཡིན་ནོ། །མི་ཤེས་པ་ནི་རྟོགས་པར་དཀའ་བའི་ཕྱིར་རོ། ། ་ཅིའི་ཕྱིར་བླུན་པོ་རྣམས་ཀྱིས་མི་ཤེས་ཤེ་ན། དེའི་དོན་གསུངས་ན་འདི་ཡིན་ཏེ། བསམ་གཏན་རགས་ལ་རྟག་མོས་པ། ཞེས་བྱ་བ་དང། དངོས་པོ་རྟོག?་བ་ལ་ཞེན་པའི་ཕྱིར། བསམ་གཏན་རགས་པ་ཡིན་ནོ། །དེའི་རྣམ་པ་ལ་དགའ་ ་ཞིང་འདུན་པས་ན། རྟག་མོས་པ་ཞེས་བྱ་བའོ། །དེ་རྣམས་ཀུན་ནི་གྲུབ་པ་མེད། །ལྷ་ཡི་དབང་ཕྱུག་བདེན་པའོ། །ཞེས་བྱ་བ་ནི། བསམ་གཏན་རགས་པའི་རྟོག་པ་ཅན་ཀུན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་འགྲུབ་པ ་བདེན་པ་ཁོ་ནའོ། །ཞེས་སྡུད་པ་པོ་ལ་གསུངས་པའི་དོན་ཏོ། །ཤེས་རབ་དང་ཐབས་ཀྱི་རོས་ཐམས་ཅད་ལ་ཁྱབ་པ་མི་མཐོང་བ་དེ་གང་ཡིན་སྙམ་པ་ལ། དེའི་དོན་ཚིགས་སུ་བཅད་པ་གསུམ་གྱིས་སྟོན་ཏེ། ས་ཀུན་དབང་ཕྱུག་གི་བདག་པོ ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ས་ཀུན་ནི་ས་བཅུ་དྲུག་གནས་པའོ། །དེ་རྣམས་ལ་དབང་བའི་ཕྱིར་དབང་ཕྱུག་ཀྱང་ཡིན་ལ། བདག་པོ་ཡིན་ཏེ་ས་དེ་ཀུན་གྱིས་བདག་པོ་བཅོམ་ལྡན་འདས་དཔལ་ཡེ་ཤེས་ཐིག་ལེ་སྤྲོས་པ་དང་བྲལ ་བ་འབྲས་བུ་ཞེས་བྱ་བའོ། །དེ་ཉིད་གཞན་ལ་?་མ་ལས་པར་བདག་རང་ལ་མངའ་བས་མངའ་བདག་གོ་།དེ་ཉིད་ནི་ས་ཀུན་གྱི་ཡོན་ཏན་དང་ལྡན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མི་ཐུབ་པའི་ཕྱིར་རྒྱལ་པོའོ། ། ་དེ་ཉིད་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་སྐྱོན་གྱིས་མ་གོས་པའི་ཕྱིར་བདག་ཉིད་དོ། །དེ་ཉིད་དེ་བདག་ལ་ཁྱབ་པའི་ཕྱིར། ཀུན་ནས་བདག་གོ་།དེ་ཉིད་ནི་དེ་དག་གི་མཛའ་ལ་མི་གནས་པའི་ཕྱིར་ཐམས་ཅད་ལ་རྟག་ཏུ ་སྟོང་ཞེས་བྱ་སྟེ། ཆོས་ཐམས་ཅད་ལ་ཁྱབ་པ་ཐ་མའི་མཐར་ཐུག་པ་ཇི་སྲིད་དུ་རྒྱུན་མི་འཆད་པར་བཞུགས་པའི་ཕྱིར། རྟག་ཏུ་སྟོང་པ་དངོས་པོ་དང་བྲལ་བའོ། །དེ་ཉིད་བསྒྲུབ་བྱ་ཡིན་པའི་ཕྱིར། ཀུན་གྱིས་མཆོད་ཅིས་ཕྱག ་མཛད་པའི?་གནས་སོ། །དེ་ཉིད་སྒྱུ་མ་ལྟ་བུའི་ཤེས་རབ་དང། ཐབས་ལས་བྱུང་བའི་ཕྱིར། ཤེས་རབ་དང་ཐབས་ཀྱི་རང་བཞིན་དུ་གྲགས་པའོ། །དེ་ཉིད་སངས་རྒྱས་དང་སེམས་ཅན་ཐམས་ཅད་ལ་དབང་བྱེད་པས?་ན། འགྲོ་?་འགྲོ ་ལ་བདག་ཉིད་རོལ་ལོ། །དེ་ཉིད་ནི་འཇིག་རྟེན་པ་དང། བསྟན་བཅོས་ལ་གྲགས་པའི་ནམ་མཁའ་ལས་མཆོག་ཏུ་གྱུར་པས་ན། མཆོག་གི་ནམ་མཁའ་ཨོ། །མཛའ་གཉིས་གྲོལ་བས་ན་མཛའ་མེད་པ་ཉིད་དོ། །གཟུང ་པ་དང་འཛིན་པའི་རྣམ་པར་རྟོག་པའི་དངོས་པོ་ནི་དོན་དམ་པར་མེད་པས་ན། དངོས་སུམ་དུ་བྱ་བའི་ཡེ་ཤེས་དེ་ཡང་རྣམ་པར་རྟོག་པའི་ཤེས་པ་ཡིན་པ་སྟེ། སྐྲའི?་རྩེ་མོ་ལ་འབུམ་གྱི་ཆ་ཙམ་ཡང་དམིགས་སུ་མེད་པའི་ཕྱིར། ་མཚན་ཉིད་དང་བྲལ་གནས་དང་བྲལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་དྲིན་གྱི་མན་ངག་གང་ཡིན་སྙམ་པ་ལ། ཆོས་དང་ལོངས་སྤྱོད་དག་གི་མཛའ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ཆོས་ནི ་ཐུགས་གྱི་འཁོར་ལོའོ། །ལོངས་སྤྱོད་ནི་གསུང་གི་འཁོར་ལོའོ། །བདག་ནི་ཡེ་ཤེས་ཀྱི་འཁོར་ལོའོ། །མཛའ་ནི་སྐུའི་འཁོར་ལོའོ། །དེ་རྣམས་ཀྱི་དོན་ནི་དགའ་བ་རྣམས་དང་ཡང་སྦྱར?་པར་བྱ་བ་ཡིན་ནོ། །ཡེ་ཤེས་རྣམ་ཤེས་ངོ་བོ ་བདག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དཔལ་ཡེ་ཤེས་ཐིག་ལེའི་བཀའ་འགྲེལ། གསར?་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་བདུན་པའི་བཤད་པའོ།། །།ད་ནི་?་པ་དང་?་ཀུན་རྣམས་གཉིས ་འགྲུབ་མའི?་ཕྱིར། སྦྱིན་སྲེག་གསུངས་པ་ནི། དེ་རྣམས་ཞེས་བྱ་བ་ལ་སོགས་པའོ། །འཕྲིན་ལས་རྣམ་བཞི་བཤད་པ་ནི། ཞི་བ་ཞེས་བྱ་བ་ལ་སོགས་པའོ། །དེའི་ཚེ་བརྡའ་ཡིས་བསྟན་པ། རྒྱ་མཚོ་མེད་?་ཟླ་བ་ཞེས? ་བྱ་བ་ལ། མའི་ལྷ་སྦྱིན་འདྲེན་པན། ལག་པས་བསྐྲོ་ཞིང་མཛུབ་མོས་གཡོ་བ་པ་སྟེ། དེའི་ཕྱིར་མཛུབ་མོ་དང། རྒྱ་མཚོ་ལ་སོགས་པའི་བརྡ་བཤད་དོ། །དེ་ལ་རྒྱ་མཚོ་བདུན་དུ་གྲགས་པས་རྒྱས་པའི་ཁ་ཁྱད་དང། ཐབས་སུ ་བསྒྲེས་ལ་མཛུབ་བདུན་ནོ། །མེ་ནི་མེ་ལྷ་བདུན་ཞེས་གྲགས་པས། དབང་གི་ཡང་མཛུབ་བདུན་གྱི་གནས་སྐབས་ཀྱི་ཁ་ཁྱེར་དང་ཤུལ་དང་ཟབས་སུའོ། །མིག་ནི་མེ་ལྷ་སྤྱན་གསུམ་པར་གྲགས་པས་དྲག་པོའི་ཁ་ཁྱེར་ལ། མཛུབ་གཉིས ་ཐབས་སུ་བརྩིག་གོ་།ཟླ་བ་ནི་དུས་བཞི་ཟླ་བ་རེ་གྲགས་པས་ཞི་བའི་ཁ་ཁྱེར་ལ་མཛུབ་གཉིས་དང། གཅིག་གི་གསུམ་གཉིས། ཟབས་སུ་གཅིག་དང་སུམ་ཆའོ། །ལྷའི་དབང་ཕྱུག་ཚང་ཡིན་ནོ། ཞེས་བྱ་བ་ནི། དེ་རྣམས་ཐབ་ཁུང ་གི་ཚད་ཡིན་པའོ། །གཞན་མ་ཀུན་གྱི་རིམ་པས་གཅིག་ཅེས་བྱ་བ་ནི། དགུག་པ་དང་བསྐྲད་པ་དང། དབྱེ་བ་དང། མནན་པ་དང། བཅིང་བ་ལ་སོགས་པ་ཡང་བཞི་པོ་དང་གཅིག་བའོ། །དེའི་ཕྱིར་སྔར་གྲུབ་ཀྱིས་ནི་གཞན ་མ་གྲུབ་ཅེས་གསུངས་སོ། །དམ་ཚིག་སེམས་དཔའ་ཨི་རིམ་པ་ལ་སོགས་པའི་དོན་བསྟན་པ་ཧོམ་ཁུང་ཞེས་བྱ་བ་ལ་སོགས་པའོ། །ཡོ་བྱད་ཀྱི་རིམ་པ་ལ་སོགས་པ། མཁས་པ་ཡིས་ནི་ཞེས་བྱ་བ་ལ་སོགས་པའོ། །རྣལ་འབྱོར་པ ་སྒྲུབ་པ་པོའི་མཚན་ཉིད་ཚིགས་བཅད་བྱེད་དང་གཉིས་ཀྱིས་གསུངས་པ། སྒྲུབ་པའི་དབང་པོ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་སྒྲུབ་པའི་དབང་པོ་ནི་བསྒྲུབ་པའི་བདག་པོའི་དོན་ཡིན་ནོ། །ཐིག་ལེའི་དོན་ནི་མཆོག་གི་དགའ་བའོ། ། ་ཚུལ་ནཾ?་དགའ་བའོ། །ཡེ་ཤེས་ནི་རང་བཞིན་དགའ་བའོ། །བྱེ་བྲག་ནི་དགའ་བ་བཞིའི་མཚན་ཉིད་ནི། ཆད་པའི་དགའ་བ་དང་བཅས་པའི་ཤེས་པའི་སྒྲུབ་པའོ། །རིན་ཆེན་རིགས་ནི་དེ་བཞིན་གཤེགས་པའི་རིགས་ཡིན་ནོ། ། ་གཞན་ན་རེ་གང་ཟག་རིན་པོ་ཆེའི་རིགས་སུ་ངེས་ཏེ། སློབ་མ་ལ་བཤད་པའི་སྐབས་སོ་ཟེར་རོ། །ད་ནི་དེའི་ཕྱག་རྒྱ་ཚིགས་བཅད་གཉིས་ཀྱིས་གསུངས་ཏེ། རིགས་ལྔའི་གཞོན་ནུ་མ་ནི་ལྔ་ཞེས་བྱ་བ་ལ་སོགས་པའོ། །ཐོད་པ་མ་སྲིད? ་མེའི་བདག་ཉིད་ཀྱིས་སངས་རྒྱས་སྤྱན་དུ་སྒོམ་པ་ཡིན་ཏེ་ཞི་བའི་ལས་བྱའོ། །བཅོ་བླག་?་མའི་བདག་ཉིད་ཀྱིས་རྒྱས་པའི་ལས་བྱའོ། །གཏུམ་མོ་སྒྱུག་མོའི་བདག་ཉིད་ཀྱིས་དབང་གིས་ལས་བྱའོ། །ཌོམ་བི་ཆུང་མའི ་བདག་ཉིད་ཀྱིས་དྲག་པོ་ལའོ། །གར་མཁན་བུ་མོའི་བདག་ཉིད་ཀྱིས་ལས་སྣ་ཚོགས་པའོ། །དེ་རྣམས་ནི་རིགས་ལྔའོ། །འཁོར་ལོ་བཅུ་དྲུག་ལ་སོགས་བ་དང་ལྡན་པའི་གཞོན་ནུ་མ་དེ་རྣམས་སོ། །སྦྱིན་སྲེག་ལས་ནི་དོན་བསྒྲུབ་ཕྱིར་ཞེས་བྱ་བ ་ནི། སྦྱིན་སྲེག་ཕྱིའི་ལས་ཀྱི་དོན་ནང་ལ་སོགས་པའི་སྦྱིན་སྲེག་གི་དེ་ཁོ་ན་ཉིད་བསྒྲུབ་པས་ནི་གཞན་རྣམས་ཀྱང་འགྲུབ་པར་འགྱུར་རོ། །དོན་ཆེན་པོ་དེ་ནས་དེའི་ཕྱིར། རིགས་ལྔ་དན་མོ་ནི་འཇུག་པར་བྱ་ཞེས་གསུངས་སོ། །དེ་རྣམས་ཀྱི་དོན ་ཇི་ལྟར་སྒྲུབ་སྙམ་པ་ལ། དོན་བསྒྲུབ་པའི་དོན་གསུངས་ཏེ། ཤེས་རབ་ཐབས་ཀྱིས་ཆོ་ག་ཡིས་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་ཕྱེད་དང་གཉིས་སོ། །འོ་ན་དོན་གྱི་འབྲས་བུ་གང་ཡིན་ཞེ་ན། དེའི་འབྲས་བུ་བསྟན་པ་འདི་ཡིན་ཏེ། ་དོན་དམ་དུ་ནི་ཕྱི་དོན་མིན་ཞེས་བྱ་བ་ལ་སོགས་པའོ། །ད་ནི་ཀུན་རྫོབ་ཀྱི་དོན་དམ་པའི་དེ་ཉིད་རྙེད་པ་བཤད་དེ། རྐུན་རྫོབ་རྣམ་པའི་གཟུགས་སུ་ནི། ཞེས་བྱ་བ་ལ་སོགས་པའོ། །ཀུན་རྫོབ་རྣལ་པའི་གཟུགས་ནི། རྣལ་འབྱོར་པ་དང། ་ཕྱག་རྒྱ་གཉིས་ལྷའི་གཟུགས་སྒྱུ་མའི་བདག་ཉིད་དང་ལྡན་པར་བསྐྱེད་དོ། །ཀུན་བརྟགས་ནི་རང་གི་ངོ་བོ་མ་གྲུབ་པའི་ཕྱིར་རོ། །ཡེ་ཤེས་ནི་དགའ་བ་རྣམས་ཀྱི་ངོ་བོ་ཡིན་ནོ། །སྦྱོར་བ་ཡིས་ཞེས་བྱ་བ་ནི། ཐབས་དང་ཤེས་རབ། ཨཱ་ལི ་ཀཱ་ལི་རོ་གཅིག་པར་སྦྱོར་བར་འགྱུར་བས་སོ། །དགའ་བ་དང་མཆོག་གི་དགའ་བ་དང། ཆད་པའི་དགའ་བ་ནི་རིམ་པས་བསྟན་པ་ཡིན་ལ། གནས་ནི་རྙེད་པར་འགྱུར་ཞེས་བྱ་བ་ནི། བཞི་བརྟེན་མེད་པའི་རང་བཞིན་དགའ་བའི ་རྒྱལ་པོ་རྙེད་ཅིང་མཐོང་གི་སྐྱེ་བ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྐྱེ་བ་མེད་པ་དང། འགག་པ་མེད་པ་དང། འཕོ་བ་དང། འཇིག་པ་མེད་པའི་དོན་ནི་མདོ་དང། སྒྲུབ་ཐབས་ལ་སོགས་པ་ཀུན་ནས་གསུངས་པའི་ཕྱིར་རོ། །དེ་བས ་ན་ཞེས་བྱ་བ་ནི། གཏན་ཚིགས་སོ། །ཐམས་ཅད་ནི་སེམས་ཅན་ཀུན་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་ལ་འབད་པ་ཆེན་པོ་བྱ་དགོས་ཞེས་བྱ་བའི་གཏན་ཚིགས་འདིར་རོ། །རྣམ་པ་ཐམས་ཅད་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མངའ་ ་པའི་སངས་རྒྱས་ཐམས་ཅད་དོ། །མཆོག་ནི་རྡོ་རྗེ་འཛིན་པ་ཉིད་དོ། །དེ་རྣམས་ཀྱི་རྒྱུར་འགྱུར་བསན་མན་ངག་གི་ཡིན་ནོ། །ཐབས་སྣ་ཚོགས་པ་གཞན་ཡང་གསུངས་པ། རང་དང་གཞན་རྣམས་འགྲུབ་དོན་ཏུ། ཞེས་བྱ་བ་ལ་སོགས ་པའོ། །དཔལ་ཡེ་ཤེས་ཐིག་ལེའི་བཀའ་འགྲེལ། གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ། ལེའུ་བརྒྱད་པའི་བཤད་པའོ།། །།ད་ནི་གོ་རིམས་ཀྱི་གཏོར་མ་ཆེན་པོ་དང་བཅས་པ་འབྱུང་བས་ན། དེ་ནས་ཡང་ནི་བཤད་བྱ་བ། ཞེས་བྱ ་བ་ནི། ཡང་གི་སྒྲས་སྔར་བསྟན་པ་ཡོད་པ་དེའི་རྗེས་སུ་བཤད་པའོ། །ཚོགས་ཀྱི་འཁོར་ལོ་གཏོར?་ཆེན་པོ་ཞེས་བྱ་བ་ནི། དམ་ཚིག་དང་ལྡན་པའི་རྣལ་འབྱོར་པ་རྣམས་ཐབས་དང་ཤེས་རབ་འདུལ་པ་རྩ་པའི་གཏོར་མ་ཀ་?་བུ ་གཅིག་པ་དང་ལྡན་པ་འམ། ཡང་ན་བུམ?་བུ་གསུམ་གཏོར་མ་ཆེན་པོའི་སྣོད་བྱས་ཏེ། དེ་ཉིད་དང་ལྡན་པའི་སེམས་ཀྱིས་གཏོར་མཆེན་པོའོ། །ཕྱི་མ་ནཾ་སུམ་ཐོག་གནས་སུ་ནཾ། རིམ་པ་གསུངས་པའི་གནས་སུ། བཅོམ་ལྡན་འདས ་འཁོར་དང་བཅས་པར་སྒྲུབ་པ་པོ་བྱིན་གྱིས་བརླབས་པར་བྱ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་དགོངས་པ་ནི་འདི་ཡིན་ཏེ། ཆོམ་རྐུན་ཀུན་དང་བྲལ་བ་ཡི་ཞེས་གསུངས་སོ། །ཕྱི་རོལ་ཡུལ་མིན་ནང་གི་མིན་ཞེས་བྱ་བ་ནི། གཞན་གྱི་གནས་ནི ་ཕྱི་རོལ་ཡིན་ཏེ། གཞན་ནི་གནས་སུ་བར་ཆད་བྱེད་པའི་ཆོམ?་རྐུན་ལ་སོགས་པའི་བགེཌ་འབྱུང་པའོ། །ནང་དུ་ཡང་མི་བསྒྲུབ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་བདག་གི་གནས་ཡིན་ཏེ། འཁོར་གྱི་འདུ་འཛི་མང་བས་མི ་དབེན་ནོ། །སློབ་དཔོན་ནི་སྒྲུབ་པ་པོ་རྣལ་འབྱོར་པའི་གཙོ་བོ་ཡིན་ལ། འདུས་པས་བརྒྱན་པ་ནི། འཁོར་ལ་སོགས་པ་དང་ལྡན་པས་བརྒྱན་ཅིང་མཛེས་པར་བྱས་པའི་དོན་ཡིན་པའོ། །རྡོ་རྗེ་མདའ་ནི་རྣམ་བར་གཟུཌ་ཤེས་བྱ་བ་ལ ་སོགས་པའོ། །དེ་རུ་མཆོད་སྦྱིན་དོན་དུ་ནི་ཞེས་བྱ་བ་ལ་སོགས་པའི་མཆོད་སྦྱིན་ནི་རྣལ་འབྱོར་པ་རྣམས་དང་གཏོར་མའི་རིམ་པ་བྱའོ། །བྱོལ་སོང་རབ་ཀྱི་གཟུགས་ནི་གླང་ཞེས་བྱ་བ་ནི། རིག་པ་མེད་པའི་ཕ་ཡིར་ན་བྱོལ་སོང་རབ་ཤི་བའི ་རོ་དང་མཚུངས་སོ། །དེ་ཡང་བདག་དང་བྲལ་བའི་ཕྱིར་རོ་སྟེ། རྣལ་འབྱོར་པ་ཡིས་ཀྱང་ཆོས་བདག་གིར་འཛིན་པ་སྤངས་པའི་ཕྱིར་བླང་བར་བྱའོ། །གྲི་གུག་རུང་བས་བརྟག་པར་བྱ་ཞེས་པ་ནི། ཉོན་མོངས་པ་རྣམས་གཅོད་པའི་བདག ་ཉིད་ནི། ཤེས་རབ་ཀྱིས་དེ་རྣམས་བརྟག་པར་བྱའོ། །དེ་རྣམས་ཀྱི་རང་བཞིན་ཤེས་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ནས་ཡང་འདི་བལྟ་སྟེ་ཡན་ལག་རབ་ནི་མགོ་བོའི་ཐོད་པ་ཡིན་ནོ། །པདྨའི་སྣོད་ཅེས་བྱ་བ་ནི། ཐོད་པ་ཡང་ཡིན ་ལ་པདྨ་ཡང་ཡིན་ཏེ། པདྨ་དང་ལྡན་པས་སོ། །སྣོད་ཀྱང་ཡིན་ཏེ་བདུད་རྩིའི་སྣོད་དོ། །སྒྲོན་མ་ལྔ་ནི། གླང་པོ་ཆེའི་སྟོབས་ལ་སོགས་པའོ། །བསྲེས་པ་ནི་མཉམ་པར་སྦྱར་ནས་བསྲེས་པའོ། །གང་དང་སྦྱོར་བ་ཞེ་ན། དེ་གསུངས་པ། ་དེ་བཞིན་གཤེགས་པ་ལྔ་དང་ལྡན་ཞེས་བྱ་བ་ནི། མི་བསྐྱོད་པ་ནི་སླར་རྩིའོ། །རྣམ་པར་སྣང་མཛད་ནི་བཞི་མཉམ་མོ། །རིན་ཆེན་འབྱུང་ལྡན་ནི་སི་ལའོ། །འོད་དཔག་མེད་ནི་ག་པུ་རོ། །དོན་ཡོད་གྲུབ་པ་ནི་སྟོབས་ཆེན་པོའོ། །ལྡན་པ ་ནི་བསྲེས་ནས་ཡེ་ཤེས་ཀྱི་བདུད་རྩིས་རོ་མཉམ་པར་བྱས་པའོ། །དེ་རུ་དམ་ཚིག་དག་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། ཚོགS་ཀྱི་འཁོར་ལོའི་གནས་སྐབས་དེ་རུ་དམ་ཚིག་འདའ་བར་མི་བྱ་བས་ན་དམ་ཚིག་གོ་།ཉེས་པའི་སྐྱོན་རྣམས་མ་འབྱུང ་བའི་ཕྱིར་དག་པའོ། །རྟག་ཏུ་ནི་གནས་སྐབས་ཐམས་ཅད་དུ་རྒྱུན་ཆད་པ་མེད་པ་དུས་གསུམ་དུའོ། །བདག་རང་ནི་ཤི་ཡིས་དོགས་པ་དང། སྣང་པ་དང་ལྷུང་གི་དོགས་པ་ལ་སོགས་པ་དང་ལྡན་པའོ། །བཞིན་དུ་བསྲུང་ཞེས་བྱ་བ་རྣལ ་འབྱོར་པའི་བླ་མ་དང། རྣལ་འབྱོར་པོ་མོ་རྣམས་ལ་སོགས་པ་ལ། སྲོག་དང་བྲལ་གྱིས་དགོས་པའི་བསམ་པ་ལ་སོགས་པ་བཞིན་དུ་བསྲུང་བའོ། །དམ་ཚིག་བསྲུངས་པས་ཅི་ཞིག་དགོས་སྙམ་པ་ལ། དེའི་དགོས་པ་འདི་ལྟ་སྟེ། དམ་ཚིག ་བསྲུངས་གྲུབ་པ་ནི། ལྷའི་དབང་ཕྱུག་རྙེད་པའོ། ཞེས་གསུངས་སོ། །དེའི་དོན་ནི། བཅོམ་ལྡན་འདས་ཀྱི་བྱང་ཆུབ་སེམས་དཔའ་ལྷའི་དབང་ཕྱུག་ལ་བོས་ནས་ཡོན་ཏན་གསུངས་པ་སྟེ། དེ་ཡང་ཐུན་མོང་གི་དངོས་གྲུབ་དང། མཆོག་གི ་དངོས་གྲུབ་རྙེས་པར་བྱེད་པའི་རྒྱུ་དམ་ཚིག་ཡིན་གྱི། གཞན་དུ་ན་སྐྱེ་བ་འདིར་ཡང་མི་བདེ་བ་སྣ་ཚོགས་པ་འབྱུང་ལ། ཤི་འཕོས་ནས་ཀྱང་མནར་མེད་པའི་སེམས་ཅན་དམྱལ་བ་ལ་སོགས་པར་སྐྱེའོ། །དེ་སྐད་དུ་རྒྱད་ལ་སོགས་པ་ཀུན ་ནས་ཀྱང་གསུངས་སོ། །དེ་བཞིན་དུ་འདིར་དགོས་པའི་ཐིག་ལེའི་རྒྱུད་ལས་ཀྱང། དམ་ཚིག་ཉམས་པའི་སེམས་ཅན་ནི། །རྒྱལ་པོ་བླུན་པོ?་རྐུན་མ་དང། །གཅན་ཟན་གཟའ་དང་ས་བདག་རིམས། །མེ་ཆུ་དུག་དང་མཁའ་འགྲོ་བདུན། །ཡིད ་དུ་མི་འོང་སྣ་ཚོགས་དང། །དུག་མིན་ཤི་ནས་མནར་མེད་འགྲོ་།ཞེས་གསུངས་སོ། །ད་ནི་བཟའ་བའི་དམ་ཚིག་བཤད་དེ། དམ་ཚིག་མཆོག་གི་ཡེ་ཤེས་ཏེ། ཞེས་བྱ་བ་ལ་སོགས་པ་ལ། གཟའ་བའ་ཨི་དམ་ཚིག་ཀྱང། དེ་བཞིན་དུ་ཤེས་ ་པར་བྱའོ། །མཆོག་ནི་བདུད་བརྩི་ལྔའོ། །ཡེ་ཤེས་ནི་དེ་བཞིན་གཤེགས་པའི་བདག་ཉིད་ངོ། །དད་པ་ནི་འདོད་པ་ལ་སོགས་པའི་དངོས་པོའོ། །རྟག་ཏུ་བཟའ་བ་ནི། ཟས་ལ་ཇི་སྲིད་སྤྱོད་པ་དེ་སྲིད་དུ་བདུད་རྩི་ལྔ་དང། ་སྟོབས་ལྔ་དང་ལྡན་པར་བྱས་ལ་བཟའ་པའོ། །དེ་དག་ནི་རིགས་ལྔའི་དམ་ཚིག་གོ་།དེ་ནས་འཁོར་ལོའི་མཆོད་པ་ལ་སོགས་པ་གསུངས་པ། དགྱེས་པའི་དམ་ཚིག་ཟིན་ནས་ནི་ཞེས་བྱ་བ་ནི། བསྲུང་བ་ལ་སོགས་པས་མཉེས་པར ་བྱས་ནས། དེ་མ་ཐག་ཏུ་དཀྱིལ་འཁོར་དུ་མཆོད་པའོ། །དེ་ཡང་འདི་སྐད་གསུངས་ཏེ། འཁོར་དང་བཅས་རིགས་རབ་ཅེས་བྱའོ། །དེ་ནས་གཏོར་མ་དབུལ་བ་ནི། རབ་ཚིམ་བྱས་ནས་གཏོར་མ་དབུལ་ཞེས་བྱ་བ་ལ་སོགས་པ་ལ། གཏོར ་མ་ནི་བདུད་རྩི་ལ་སོགས་པ་དང་བཅས་པའི་གཏོར་མའོ། །དེའི་གནས་ལ་སོགས་པ་ནམ་ཕྱེད་ནི་གཏང་བའི་དུས་སོ། །མཁའ་འགྲོ་མའི་རྒྱུན་སྲང་གི་ལམ་ཀ་བཞི་མདོ་འམ། ཡང་ན་ལམ་སུམ་མདོ་གྱེས་པ་དེ་རུ་གཏོར་མ་བསྐྱལ ་བར་བྱ་བའི་གནས་ཚོགས་ཀྱི་འཁོར་ལོ་གཏོར་མ་ཆེན་པོ་དང་བཅས་པའི་གནས་བསྟན་པར་བྱ་བ་འདི་ཡིན་ཏེ། དུར་ཁྲོད་དམ་ནི་ཆུ་ངོ་གསུ་ཞེས་གསུངས་སོ། །གཞན་དུ་ན་དེ་རུ་ནི་ཚོགས་ཀྱི་འཁོར་ལོར་རོ། །དམ་ཚིགས་འདི་འདའ་བར ་མི་བྱ་སྟེ། ཆད་པ་ལ་སོགས་པའི་རྟོག་པ་བསྲུང་པ་དག་པ་ནི། རང་བཞིན་དགའ་བ་མཆོག་།རྟག་ཏུ་ནི་དུས་རྟག་ཏུ་བསྒོམས་པའི་སྟོབས་བསྐྱེད་པར་བྱ། བདག་རང་ནི་སྲོག་དང་བྲལ་གྱི་དོགས་པ་ལ་སོགས་པ་བཞིན་བསྲུང་བ་ནི། དེ ་གཉིས་སུ་མེད་པའི་དོན་ལ་འབད་པ་སྟེ་ཆད་པའི་དགའ་བ་བསྲུང་པའོ། །དེའི་དོན་འདི་ལྟ་སྟེ། དམ་ཚིག་ནི་མཆོག་གི་དགའ་པ་བསྲུངས་ནི། ཆད་པའི་དགའ་བ་དང། འགྲུབ་པ་ནི། རང་བཞིན་དགའ་བ་རྙེད་པ་ནི། རང་བཞིན་དགའ་ ་མཆོག་རྙེད་པར་འགྱུར་བའི་དོན་ཏོ། །ད་ནི་བཟའ་བའི་དམ་ཚིག་བཤད་པར་བྱའོ། །དམ་ཚིག་ནི་བཟའ་བ་སྟེ་ཆད་པའི་དགའ་བར་དེ་བཞིན་དུ། མཆོག་ནི་མཆོག་གི་དགའ་བར། ཡེ་ཤེས་ནི་ཆད་པའི་དགའ་བར། དད་པ་ནི་འདོད་པའི་དད ་པ་ལ་སོགས་པ། རྟག་ཏུ་གཟའི་ནི། རང་བཞིན་དགའ་བའི་དོན་རྒྱུན་ཏུ་བཟའ་ཞིང་ཉམས་སུ་མྱོང་བར་བྱ་ཞེས་པའི་ཐ་ཚིག་གོ་།དགྱེས་པའི་དམ་ཚིག་ཟིན་ནས་སུ་ཞེས་བྱ་བ་ནི།?་ཕུང་པོ་དང་ཁམས་དང། སྐྱེ་མཆེད་ལ་སོགས་པ་ཡང་དགྱེས ་ཤིང་ཚིམ་པས་དགའ་བའོ། །འཁོར་ལོ་ནི། བདེ་བ་ཆེན་པོ་ལ་སོགས་པ་བཅས་པ་ནི། རྩ་གཞན་རྣམས་དང་བཅས་པ། རིགས་ནི་རིགས་དང་རིགས་ཅན་མི་རྩ་ཀུན། རབ་ཚིམ་ནི། ཁྱད་པར་དུ་ཡང་དེ་དག་གིས་དགྱེས་པའི་དོན་ཏོ། ། ་གཏོར་མ་ནི་བར་ཆད་ཀྱི་བགེགས་བསྲུང་པའི་ཕྱིར། དབུལ་པ་ནི་གནས་སོ། །ནམ་ཕྱེད་ནི་མཆོག་གི་དགའ་བས་ཕྱིན་ཅི་ལོག་གི་མཚན་མ་མི་མཐོང་བའི་ཕྱིར། ལམ་གྱི་བཞི་མདོར་ནི། རྩ་བའི་བཞི་མདོར་བསྡུའོ། །ཡང་སུམ་མདོར ་གྱེས་པ་རུ་ནི། ཨུཏཔལ་ལའི་སྙིང་པོ་བརྒྱད་པ་དང་བཅས་པའི་ལྟེ་བར་རོ། །དུར་ཁྲོད་ནི་དབུགས་དང?་བྲལ་བའི་བྱང་ཆུབ་སེམས་ཀྱི་རོ། །ཆུ་ངོགས?་ན། བདེ་ཆེན་དུ་ཞེས་མན་ངག་གིས་ཤེས་བྱའོ། །ད་ནི་གཏོར་མ་བཤད་དེ། ལྷག་མ ་འམ་ནི་ཡང་ན་ཕུད་ཅེས་བྱ་བ་ལ་སོགས་པའོ། །རང་གནས་ཕྱིར་ན་ཞེས་བྱ་བ་ལ་སོགས་པ་ནི། སྒྲུབ་པ་པོ་རང་གི་ཁྱིམ་དུ་ཕྱིན་པ་སྟེ། གཏོར་མ་གཏང་ལ་ཞེས་ཚིག་གི་ལྷག་མའོ། །འཁོར་ལོ་ནི་ཞེས་བྱ་བ་ནི། འཁོར་གྱི་རྣལ ་འབྱོར་པ་རྣམས་ལ་ནི་མི་གཅིག་གི་སྣོད་བརྟག་པ་ཡིན་ཏེ། ཀུན་ལ་ཡང་དེ་ཡིས་སོ། །སློབ་དཔོན་ལ་ནི་དུམ་བུ་གཅིག་ཅེས་བྱ་བ་ནི་ཐོད་པ་གླིང་གཅིག་པ་རུ་བདུད་རྩི་དབུལ་ལོ། །འབད་པ་ཡིས་ནི་བསྲུང་པར་བྱ་ཞེས་བྱ་བ་ལ ་སོགས་པ་ནི། མི་འབོ་བ་དང། མི་སྦྱིན་པ་ལ་སོགས་པའི་དམ་ཚིག་ཡིན་ནོ། །མ་རྒྱུད་ཀྱི་དམ་ཚིག་ཡིན་ནོ། །མ་རྒྱུད་ཀྱི་དམ་ཚིག་གསུང་བ། གཡོན་གྱི་ཞེས་བྱ་བ་ལ་སོགས་པའོ། །དེའི་དུས་སུ་གལ་ཏེ། རྣལ་འབྱོར་མ་བརྟག་པའི་དོན་གྱི་ཕྱིར་འོད་ན ་ཞེས་བྱ་བ་ལ་སོགས་པ་ནི། ཚོགས་ཀྱི་འཁོར་ལོ་དང་གཏོར་མ་ཆེན་པོའི་དུས་སུ་ནི། མཁའ་འགྲོ་མ་འོང་བ་སྲིད་པས་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། བརྟག་པའི་དོན་གྱི་ཕྱིར། ཞེས་གསུངས་ཏེ། དམ་ཚིག་བརྟག་པའི་ཆེད་དུ་དོན ་འོངས་པའི་མཁའ་འགྲོ་མ་རྣམས་སོ། །དེ་ལ་རེ་ཞིག་འཇིགས་པར་མི་བྱ་སྟེ་ཞེས་བྱ་བ་ལ། མཁའ་འགྲོ་མ་རྣམས་དེ་ལའོ། །རེ་ཞིག་ནི། རིམ་གྱིས་འཇིགས་པར་མི་བྱའོ། །ཅིའི་ཕྱིར་ཞེ་ན། རིམ་པས་དེ་རྣམས་འོངས་ནས་སོ། །རང་ཉིད ་དམ་ཚིག་ལྡན་པར་བྱ་ལ། དེ་ཁོ་ན་ཉིད་དམིགས་པ་ཡིས་ཞུམ་པའི་སེམས་མི་བསྐྱེད་དེ། དེ་ཁོ་ན་ཉིད་དང་ལྡན་པས་སེང་གེ་ལྟ་བུ་སྟེ། བྱོལ་སོང་ལྟ་བུའི་རྣམ་པར་རྟོག་པ་ལ་མི་འཇིགས་པས་ན་སེང་གེའི་གཟུགས་ཀྱིས་སྤྱོད་པས། རྣམ ་པ་ཐམས་ཅད་དུ་འཇིགས་པ་མེད་པར་སྤྱོད་པས་ནི། དེའི་རང་བཞིན་ཉིད་ཀྱིས་ཡོངས་སུ་འགྲོ་བའོ། །དེ་ཡང་རྣལ་འབྱོར་མ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡང་རྣལ་འབྱོར་མ་ཀུན་གཟུགས་སྣ?་ཚོགས་དང། ཕྱག་རྒྱ་སྣ་ཚོགས་དང། ་སྐད་སྣ་ཚོགས་རབ་ཏུ་བྱེད་དོ། ཞེས་བྱ་བ་ལ་སོགས་པ་ལ་ལུས་ཀྱི་བརྡ་དང། དེའི་ལན་དུ་ངག?་གི་བརྡ་དེའི་ལན་དང་རིམ་པ་བཞིན་གསུངས་སོ། །དེ་དང་ལྷན་ཅིག་གཏོར་མཚན་པོ་ཞེས་བྱ་བ་ལ་སོགས་པ་ནི། དངོས་གྲུབ་རྙེད་པའི་རྒྱུ?་ཡིན ་པས་གཏོར་མ་ལ་སོགས་པའི་ཆོ་ག་ཇི་ལྟ་བ་བཞིན་ནོ། །དཔལ་ཡེ་ཤེས་ཐིག་ལེའི་བཀའ་འགྲེལ། གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ། ལེའུ་དགུ་པའི་བཤད་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ཞེས་? ་བ་ནི་མདོར་བསྡུས་པ་ནི་ཡན་ལག་རྒྱས་པར་བཤད་པའི་དོན་རིག་ནས། བཅོམ་ལྡན་འདས་ལ་དཀྱིལ་འཁོར་གྱི་ངེས་པའི་དོན་ཞུས་པ་ཇི་ལྟར་ལགས་ཤེས་ཞུས་པའོ། །སྔར་གསུངས་པའི་རྒྱུད་དོན་ལས་ཞེས་བྱ་བ་ལ་སོགས་པ་ནི། གཞལ ་ཡས་ཁང་ལ་སོགས་པ་དང། མངོན་པར་བྱང་ཆུབ་ལྔས?་བསྐྱེད་པ་ལ་སོགས་པའོ། །དེ་ལྟའི་དཀྱིལ་འཁོར་རྒྱལ་དབང་བོ་ཞེས་བྱ་བ་ནི། སྔར་བཤད་པའི་དཀྱིལ་འཁོར་ནང་གི་རིམ་པ་དང། ཕྱིའི་རིམ་པ་ནི། དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་བདག་པོ་ཡིན་ནོ། །དེའི་དབང་པོ་ནི་བཅོམ་ལྡན་འདས་ཡིན་ནོ། །དེ་བས་ན་བདག་པོ་ཡིན་ནོ། །རྒྱུད་ཀུན་ཏུ་ནི་རྙེད་དགའ་བ་ཞེས་བྱ་བ་ནི། རྣལ་འབྱོར་པ་ཐབས་དང་ཤེས་རབ་རྒྱུད་རྣམས་སུ་རྙེད་པར་དཀའ་བ་དེ་འདིར་གསལ་བར་བསྟན་པའོ? ་བྱང་ཆུབ་སེམས་དང་བྷ་ག་སྐུ། །དཀྱིལ་འཁོར་གསུམ་ནི་རང་མཆོག་གོ་།ཞེས་བྱ་བ་ནི་སྔར་ཀ་བ་གཅིག་དང། སྒོ་དགུ་པ་སོགས་པ་གསུངས་པ་དང། རིམ་པ་གཉིས་བསྟན་པའི་དཀྱིལ་འཁོར་དང། འོག་ནས་འབྱུང་བའི་དོན་རྣམས་ཀྱི ་དཀྱིལ་འཁོར་བྱང་ཆུབ་སེམས་ལ་སོགས་པའོ། །དེ་དག་གི་ཕྱི་དང་ནང་གཉིས་སོ། །ཅིའི་ཕྱིར་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་སོགས་པ་གསུམ་ཕྱི་དང་ནང་ཡིན་ཞེ་ན། དེ་དག་ནི་ཕྱི་དང་ནང་དུ་དབྱེ་སྟེ། དེ་སྐད་དུ། གཉིས་སུ་མེད་པའི ་རྒྱུད་ལས་ཀྱང། སྐུ་དང་དྷ་གའི་དཀྱིལ་འཁོར་དང། །གསུམ་པ་བྱང་ཆུབ་སེམས་བརྟག་པའོ། །ཕྱི་དང་ནང་གི་རིམ་པ་ཡིས། །དེ་དག་ཀུན་ཏུ་སྤྱད་པར་བརྗོད། ཅེས་གསུངས་པ་དང། ཡང་གླེང་གཞིའི་ཕྱི་མའི་རྒྱུད་ལས་ཀྱང། །ལུས་ཀྱི་དཀྱིལ ་འཁོར་བརྗོད་པ་དང། བྷ་གའི་དཀྱིལ་འཁོར་ཞེས་པ་དང། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ། །དཀྱིལ་འཁོར་རྣམ་བ་གསུམ་དུ་བརྟག་དུ་མའི་བརྟག་པའི་རབ་འབྱུང་བ། །གང་ལ་མངའ་བདག་ཀུན་ཏུ་སྤྱོད། །ཡང་དག་རིག་དང་རང ་བརྟག་པའི། །ཕུང་པོ་རྣམ་གཉིས་བརྗོད་པ་ཡིན། ཞེས་གསུངས་པ་དང། ཡང་དཔལ་ཨིནྡྲ་དྷཱུ་ཏིས་མཛད་པའི་དགའ་བའི་མེ་ཏོག་གི་ཕྲེང་བ་ལས་ཀྱང། དཀྱིལ་འཁོར་སྐུ་ཞེས་བརྗོད་པ་དང། །དཀྱིལ་འཁོར་བྷ་ག་ར ་བཤད་པ་དང། །དཀྱིལ་འཁོར་བྱང་ཆུབ་སེམས་བརྗོད་དེ། །དཀྱིལ་འཁོར་གསུམ་དུ་བརྟག་པའོ། །དེ་ལྟ་བུའི་མན་ངག་ཤེས་པས། ཕྱི་དང་ནང་གི་རིམ་པས་སྤྱད་པར་བྱའོ་ཞེས་གསུངས་པའོ། །དེའི་ཕྱིར་ཡང་ནི་སྙིང་པོའི་དཀྱིལ ་འཁོར་བསྟན་ཅེས་བྱ་བ་ལ་སོགས་པ་ལ། ཡང་ཞེས་བྱ་བའི་སྒྲས་སྔར་བཤད་ཀྱང་འདིར་བསྟན་ཅེས་བྱ་བའི་དོན་ཏོ། །སྙིང་པོ་ནི་ཡང་དག་པའི་ཐུགས་ཡེ་ཤེས། དཀྱིལ་འཁོར་ནི་རྫོགས་པའི་མཚན་ཉིད་བསྟན་པ་ནི་བཤད་པར་བྱའོ། ། ་རང་གི་བདེ་བ་ནི། མཎྜལ་ཞེས་བྱ་བ་སྟེ། སྙིང་པོ་དང་ལྡན་པའོ། །ལེན་པ་ཞེས་བྱ་བ་ནི། སྒྲའི་དབྱངས་ཀྱི་ལ་ནི་ལེན་པའི་དོན་ཏེ། དེ་ཡང་ལ་ཏི་ཞེས་པའི་ཡི་གེ་ལ་བཞག་སྟེ། ཕྱི་མ་ཏི་ཕྱིས?་པས་སྙིང་པོ་ལེན་པའི་ཕྱིར་ན། དཀྱིལ་འཁོར ་རོ། །ད་ནི་སྙིང་པོ་ལེན་པའི་དོན་སྟོན་ཏེ། མའི་ཡིག་འགྲུ་འདབ་མར་བརྗོད། ཅེས་བྱ་བ་ལ་སོགས་པ་ལ་མཎྜལ་ཞེས་པས་སྙིང་པོ་ལེན་པའི་བདག་ཉིད་ཀྱི་དཀྱིལ་འཁོར་དུ་བརྗོད་དོ། །ཁ་ཅིག་ན་རེ་མའི་ཡིག་འབྲུ་བདག?་མར་བརྗོད ་ཅེས་བྱ་བ་ལ་སོགས་པ་ལ། པདྨ་ཞེས་བྱ་བའི་ཡི་གེ་པ་དང། དེ་ཕྱིས་ནས་མ་བཞག་པ་ནི་མའི་ཡིག་འབྲུ་འདབ་མར་ཞེས་བྱ་བའི་སྒྲས་བཤད་དོ། །མའི་ཡིག་འབྲུ་ལྟེ་བར་བསྟན་ཅེས་བྱ་བ་ལ་སོགས་པ་ཡང། སྒྲའི་? ་དང་སྦྱར་ལ་བཤད་དོ་ཟེར་རོ། །ཁ་ཅིག་ན་རེ་མཎྜལ་པདྨ་ཞེས་བྱའི་སྒྲས་དཀྱིལ་འཁོར་པདྨའི་འདབ་མ་དང། ལྟེ་བ་དང། གེ་སར་དང། བདེ་བ་ཀུན་ལྡན་པ་བཞིན་དུ་གཞན་རྣམས་ཀྱང་མཚུངས་སོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་མེའི? ་ཡིག་འབྲུས་ཤེས་བྱ་བ་ལ་སོགས་པ་ལ། མ་ཏི་ཞེས་བྱ་བའི་ཏིང་དེ་ཕྱིས་བའི་མདངས་རུ་སྦྱར་རོ། །ནའི་ཡིག་འབྲུ་ཆུ་ནི་པི་ནའི་བ་དང་འགེའུ་ཕྱིས་པའོ། །དེ་བཞིན་ད་ཧ་ནི་བསྲེག་པ་སྟེ། ཧ་ཕྱིས་པས་དའོ། །དེས་ན་དའི?་ཡིག་འབྲུ་ནི་མེ་ཞེས ་བྱའོ། །ལ་ཡང་དེ་བཞིན་ཏེ། འབྱུང་བ་བཞི་པོས་ནི། ཕྱི་ནང་གི་དངོས་བོ་ཀུན་ལ་ཁྱབ་པ་ཡིན་ནོ། །དེ་བཞིན་དུ་དཀྱིལ་འཁོར་ལྔ་པོ་ཀུན་ལ་ཡང་སྦྱར་བར་བྱའོ་ཞེས་ཟེར་རོ། །དེའི་དོན་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི། ཡང་ནི་སྙིང་པོའི ་དཀྱིལ་འཁོར་བསྟན། །རང་གི་བདེ་བ་ལེན་པའི་ཕྱིར། ཞེས་བྱ་བའི་ངེས་ཚིག་དང། བཅས་ནས་བཤད་པ་དང། ཡང་འོག་ནས་ཡེ་ཤེས་རྙེད་པ་ཡི་ཕྱིར། བདེ་བ་ཡི་ནི་ཆེན་པོ་ལེན། ཞེས་གསུངས་པའི་ཕྱིར་ན། སྐབས་འདིར་སྒྲའི་དབྱི ་གཞུག་མི་དགོས་ལ། དེ་བཞིན་དུ། བཅོམ་ལྡན་འདས་ནི་རྣམ་པ་ཐམས་ཅད་དུ་ཡང་གདུལ་བྱ་རྣམས་ལ་ལོག་པའི་ཆོས་གསུང་མི་སྲིད་པས་ན། ཁོ་བོ་ནི་མི་འདོད་པས་སྔ་མ་བཞིན་ནོ། །འོན་ཀྱང་འདིར་བཀའ་སྩལ་བའི་གཞུང་བཞིན་བཤད ་པ་ལ་ནི་སྐྱོན་མེད་དོ། །མའི་མིག་འབྲུ་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་མ་རྣམས་ཀྱི་སྙིང་པོ་ལེན་པའི་དོན་གསུངས་པ་ནི། མའི་ཡི་གེའི་འབྲུ་འདབ་མང་བརྗོད་ཅེས་བྱ་བ་ནི། དད་པ་མ་དྲུག་ཅུ་རྩ་བཞི?་དང་ལྡན་པའོ། །ལྟེ་བར་བསྟན་པ་ནི། འདབ? ་མ་བརྒྱད་དང་བཅས་པ་གེ་སར་དག་ནི་གསུམ་པ་དང་བཅས་པ། ལའི་ཡིག་འདྲུ་སྟེ་བར་བཤད་པ་ནི། དྲུག་ཅུ་རྩ་བཞི་དང། བརྒྱད་དང། གསུམ་པའི་ལྟེ་བ་དང་བཅས་པ་སྙིང་པོ་རྣམས་ནི་ལའི་ཡིག་འབྲུ་དོན་གྱིས་བླངས་ལ་ནི། བདེ་བའི ་རང་བཞིན་ནོ། །རྣལ་འབྱོར་པ་རྣམས་ཀྱི། སྙིང་པོ་ལེན་པའི་ཕྱིར་གསུངས་པ་ནི། མའི་ཡིག་འབྲུ་རིན་ཆེན་གྲགས་ཞེས་བྱ་བ་ལ་སོགས་པའི་དོན་ཡིན་ན་པའོ། །དེ་དག་གི་བྱང་ཆུབ་སེམས་དང་ལྡན་པའི་སྙིང་པོ་ལེན་པའི་ཕྱིར?་དོན་བཤད ་པ་ནི། མའི་ཡིག་འབྲུ་ཤུ་ཀྲའི་གཟུགས་ཞེས་བྱ་བ་ལ་སོགས་པ་ཡིས་ལའི་དོན་ཏོ། །ཀཱ་སྣང་བ་བཞི་བསྒོམས་པའི་རང་གི་སྙིང་པོ་ལེན་པའི་ཕྱིར། བ་ནི་སྣང་བའི་འདུ་ཤེས་གྲགས་ཞེས་བྱ་བ་ལ་སོགས་པ་གསུངས ་པས་ལེན་པའོ། །དགའ་བ་བཞི་དང་ལྡན་པའི་རྣལ་འབྱོར་པ་སྙིང་པོ་ལེན་པ་ནི། མའི་ཡིག་འབྲུ་དགའ་བར་གྲགས་ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་གསུངས་སོ། །ཤུཀྵ?་ཞེས་བྱ་ལ། ཤུ་ནི་སྐྱེ་རྒན་འཆིའོ། །ཀྵ་ནི་དེ་ཀྵ་ཀཱ་ཙ་སྟེ ་སོག་ལེ་ལྟར་གཅོད་ཅིང་འཇིགས་པར་བྱེད་པའི་ཕྱིར། དགའ་བའི་རིམ་པས་མཆོག་གི་དགའ་བ་ལེན་པའོ། །དེ་ནི་ས་ལ་སོགས་པ་རྣམས་རང་གི་སྙིང་པོ་ལེན་པའི་ཕྱིར། མའི་ཡིག་འབྲུས་ཞེས་བསྟན་ཅེས་བྱ་བ་ལ་སོགས་གསུངས ་ཏེ། ས་དང་ཆུ་དང་མེ་གསུམ་པོའི་རང་གི་སྙིང་པོ་ནི། རླུང་གིས་ལེན་པ་སྟེ། སའི་རིམ་པས་རླུང་གི་བདེ་བའི་ཡེ་ཤེས་སུ་འགྱུར་རོ། །ཡེ་ཤེས་རྙེད་པ་ཡི་ནི་ཕྱིར། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ད་ནི་དེ་ཁོ་ན་ཉིད་ཀྱི་མཚན ་ཉིད་སྟོན་ཏོ། །དཀྱིལ་འཁོར་སངས་རྒྱས་རིན་ཆེན་གཙོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བུར་ཤིང་ཞེས་བྱ་བ་ལ་སོགས་པའི་དཔེ་ཡིས་དོན་བསྟན་པ་ཡིན་ནོ། །འོན་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། གཞན་དུ་གོལ་གྱིས ་དོགས་པ་ལ་སོགས་པའོ། །དཔལ་ཡེ་ཤེས་ཐིག་ལེའི་བཀའ་འགྲེལ། གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལས་ལེའུ་བཅུ་པའི་བཤད་པའོ།། །།རྣལ་འབྱོར་གྱི་དབང་ཕྱུག་གི་བྱང་ཆུབ་སེམས་དཔའ་ལ་སྔགས་ལ་སོགས ་པའི་དོན་རྫོགས་པར་བྱ་བའི་ཕྱིར། ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པའོ། །སྔགས་ཀྱི་བཟླས་པའི་ངེས་དོན་ནི། ཞེས་བྱ་བ་ལ་སོགས་པ་ལ། ཤེས་རབ་སྙིང་རྗེའི་བདག་ཉིད་དེ་ཁོ་ན་ཉིད་སྔགས་སོ། །དེའི་? ་མན་ངག་ནི་བཟླས་པ་ཐབས་ཁྱད་པར་ཅན་ནི་ངེས་དོན་ཡིན་ནོ། །དེ་གསུངས་པ་དགའ་བ་ལ་སོགས་པ་ལས་འབྱུང། ཡིད་ནི་སྔགས་ཞེས་བརྗོད་པ་ཡིན། ཞེས་པ་ནི། ཡིད་བསྐྱོབ་པའི་དོན་གྱིས་ནི། ཀུན་ཏུ་བཟང་པོ་ཉིད་ཐོབ་པར་བྱེད་པ ་ཉིད་སྔགས་སོ། །དེ་སྐད་དུ། ཡིད་ཀྱི་གཟུགས་འདི་ཡེ་ཤེས་དོན། སྔགས་ནི་ཡེ་ཤེས་ཡིན་པར་བརྗོད། གཉིས་མེད་ཡིད་འདི་སྐྱོབ་པས་ན། གལ་ཏེ་དེ་ལྟ་ན་ཡང་སྔགས་ཞེས་བྱའོ། །བསྲུབ་པ་ནི་ཤེས་རབ་ལས་ཀྱི་ཕྱག་རྒྱའོ། ། ་བསྲུབ་ཐབས་ནི། ཐབས་སྙིང་རྗེ་ཆེན་པོའི་བདག་ཉིད་དོ། །སྔགས་ནི་དེ་ཁོ་ན་དགའ་བ་དང་བཅས་པའོ། །བདུད་རྩི་ནི་མཆོག་གི་དགའ་བ་སྔགས་དེ་ཉིད་དང་བཅས་པའོ། །དེ་བཞིན་དུ་ལམ་ནི་ཆད་པའི་དགའ་བ། ཐར་པ་རང་བཞིན ་དགའ་བའོ། །ཚིག་རྒྱས་པ་ནི་དེ་བཞིན་ནོ། །ཞེས་བྱ་བ་ནི། དེ་རྣམས་ཀྱིས་བོ་ལ་དང་ཀཀྐོ་ལ་རྒྱས་པའོ། །ཕྲད་པ་ནི་རང་བཞིན་དགའ་བ་རུ་ལྡན་པའོ། །གཉིས་ནི་མཆོག་གི་དགའ་བ་དང། །རང་བཞིན་དགའ་བའོ། །དབུས་ན ་གནས་པ་ནི། ཆུ་སྐྱེས་ཀྱི་དགའ་བའི་དབུས་ཀྱི་སྙིང་པོར་གནས་པའོ། །དེ་ནས་གནས་བྲལ་བའི་མཆོག་གི་རང་བཞིན་མཐོང་བ་ནི། དོན་དམ་པའི་དེ་ཁོ་ན་ཉིད་འདི་ནི་སྔགས་སོ། །དེ་ཉིད་འབྲས་བུའི་བདག་ཉིད་ཡིན་ཏེ། དེ་སྐད ་དུ། རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང། །དུས་གསུམ་རྒྱལ་བས་མ་བྱས་པའི། །རྟོག་པ་ནམ་མཁའ་དབྱེར་མེད་སྔགས། །འདི་ཉིད་ཁོ་ན་དོན་དམ་སྟེ། །སོ་སོ་རང་རིག་མཚན་ཉིད་དོ། །ཞེས་གསུངས་སོ། །སྔགས་ནི་ཨཱ་ལི་ཀཱ་ལི་ཡིན ་ཞེས་བྱ་བ་ལ་སོགས་ནི་རྟོག་མེད་མའི་སྙིང་གར་གནས་པའི་མི་ཤིགས་པའི་ཡི་གེའོ། །ཱ་ལི་ནི་ཆད་པའི་དགའ་བའི་ངོ་བོའོ། །ཀཱ་ལི་ནི་མཆོག་གི་དགའ་བའི་ངོ་བོ་བརྗོད་པ་ནི། དད་པོ་དགའ་བའི་རང་བཞིན་བཟླས་པ་ནི་བསྡུས ་པའི་དོན་ནོ། །སྐྱེད་པ་ནི། ལས་ཀྱི་ཕྱག་རྒྱ་མའི་མཚན་ཉིད་དོ། །རྫོགས་པ་ནི། དམ་ཚིག་གི་ཕྱག་རྒྱའི་མཚན་ཉིད་དོ། །བྱེ་བྲག་ནི་མི་གཅིག་པའི་རིམ་པའོ། །དེ་དག་ལས་བྱུང་བས་ན། སྔགས་ཀྱི་བཟླས་པ་རབ ་ཏུ་གྲགས། ཞེས་གསུངས་སོ། །དེ་ཉིད་རྟོག་པའི་ཡུལ་མ་ཡིན་པའི་ཕྱིར། གང་དུ་སྐེ?་དང་རྐན་ཞེས་བྱ་བ་ལ་སོགས་པའོ། །སྲོག་ནོ། །ལུགས་ནི། བསྐྱེད་པའི་རིམ་པའི་ལུགས་སུ་འབྱུང་པའོ། །ལུགས་ཆུབ་སེམས་ཀྱིས་རྒྱས་པའི་རང་བཞིན ་ནོ། །ལུགས་ནི། བསྐྱེད་པའི་རིམ་པའི་ལུགས་སུ་འབྱུང་པའོ། །ལུགས་མིན་ནི་རྫོགས་པའི་རིམ་པའི་ལུགས་ལས་བཟློག་པའོ། །རྒྱུན་མི་འཆད་པ་ནི། བདེ་བ་ཆེན་པོའི་རང་བཞིན་དུ་གནས་པའོ། །ཐིག་ལེ་གསུམ་ནི། བྱང ་ཆུབ་ཀྱི་སེམས་བདེ་བའི་ཐིག་ལེ་གནས་གསུམ་དང་ལྡན་པ། ཡི་གེ་གསུམ་ནི། དབྱངས་དང། གསལ་བྱེད་དང། མ་ནིང་གི་མཚན་ཉིད་དོ། །དག་པ་ནི་མི་ཤིགས་པའི་ཐིག་ལེ་མཆོག་གི་ཡི་གེའི་རང་བཞིན་འདི་ནི ་མཚན་མ་ལ་སོགས་པའི་དབང་གིས་མ་ཡིན་ནོ། །རང་འོད་རིག་བཅས་ནི། ཕྱག་རྒྱ་དེ་དག་གི་མཚན་ཉིད་དོ། །དེ་ཡང་བཅས་པ་ནི་གཞན་ཡོད་པ་བསྡུའོ། །བརྗོད་པར་བྱ་བ་ནི། དགའ་བ་དང། སྣང་བ་དང། ཕྱག་རྒྱ་ལ་སོགས ་པ་ཡིས་དེ་ཁོ་ན་ཉིད་མཚོན་པའོ། །དེ་ནི་སྔགས་ལ་སོགས་པ་ལ་གཞན་བཤད་བ་དེ་གསལ་བར་སྟོན་ཏེ། རྐང་གི་ནང་དུ་ལྕི?་བཅུག་པ་ཞེས་བྱ་བ་ལ་སོགས་པ་རྩ་བཞི་ཉེ་བར་རྙེད་པ་ལ་སོགས་པའི་མན་ངག་གོ་།མཆོད་ཀྱི་? ་པའི་དོན་ཏོ། །སྤྲུལ་པའི་རིམ་པའི་བྱེ་བྲག་ཏུ་ཞེས་བྱ་བ་ལ་སོགས་པ་སྤྲུལ་པ་ནི། ལྟེ་བའི་འཁོར་ལོ་དྲུག་ཅུ་རྩ་འདབ་མ་དང་བཅས་པའོ། །རིམ་པ་ནི་ཆོས་ཀྱི་འཁོར་ལོ་ལ་སོགས་པ་གསུམ་པའོ། །བྱེ་བྲག་ཏུ་ནི་དཀྱིལ་འཁོར་དང་ལུས ་ལ་སྦྱར་བའོ། །ཐིག་ལེ་གྲགས་པ་ནི། བསྐྱེད་པའི་རིམ་པའི་དོན་དང། བྱང་ཆུབ་སེམས་ཀྱི་ཐིག་ལེ་དབྱེར་མེད་པའོ། །བདེ་བའི་སྐུ་ནི། ཡེ་ཤེས་ཀྱི་སྐུའི་མཚན་ཉིད་ཅན་ཡིན་ནོ། །མཆོད་སྦྱིན་དཀྱིལ་འཁོར་གྱིས་རྒྱན་པ། ཞེས་བྱ་བ་ནི་རྡོ་རྗེ་ལེགས ་དགྱེས་མ་ལ་སོགས་པའི་ལྷ་མོ་ཀུན་དང། དེ་བཞིན་དུ་ལ་ལ་ནཱ་ལ་སོགས་པའི་བདག་ཉིད་བཅས་པས། བཅོམ་ལྡན་འདས་ལ་བསྐོར་ཅིང་བརྒྱན་པའོ། །དེའི་བསྐྱེད་རིམ་བདག་ཉིད་བཤད། ཅས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་འོག་ནས་བཤད་པར ་གསུངས་སོ། །དཔལ་ལྡན་རྡོ་རྗེ་འཛིན་པ་ཡིས། །ཞེས་བྱ་བ་ལ་སོགས་པ་ལ། དགྱེས་པའི་གནས་ནི་ཨོརྒྱཎ?་དང། ཛ་ལནདྷ་ར་དང། པུ་ལི་ར་མ་དང། ཀ་མ་རུ་པ་ལ་སོགས་པ་སུམ་ཅུ་རྩ་གཉིས་དང། དེ་བཞིན་དུ་མགོ་བོ་དང། སྤྱི་གཙུག་ལ ་སོགས་པ་ལ་ཡང་སྦྱར་ལ་དེ་བཞིན་དུ་རྒྱུད?་ཀྱི་གཞུང་ངོ། །ཡང་སུམ་ཅུ་རྩ་དྲུག་གི་བདག་ཉིད་ཀྱིས་གནས་བརྒྱད་དང་སྦྱར་པའོ། །མཆོད་སྦྱིན་ནི། ལྷ་མོ་རྣམས་དང་བཅས་པའི་མཆོད་སྦྱིན་ནོ། །དཔལ་ལྡན་རྡོ་རྗེ་འཛིན་པ་ཡིས། ཞེས་བྱ་བ ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་གཉིས་སུ་མེད་པའི་ཡེ་ཤེས་གྲུབ་པར་འགྱུར་རོ། །མཆོད་སྦྱིན་བྱ། ཞེས་བྱ་བ་ལ་སོགས་པ་ལ། མཆོག་གི་དགའ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཉིད་དེ། མཆོག ་གི་དགའ་བའི་མཚན་ཉིད་ཅན་ནོ། །འབྱུང་བ་ནི་སྒྲུབ་པ་པོ་ཉིད་དེ་བཞིན་དུ་འབྱུང་བའོ། །མཆོད་སྦྱིན་ནི་འབྱུང་པར་བྱེད་པ་ལ་འགྱུར་བཤད་དོ། །མཆོག་དགའ་བ་འཁོར་བར་བསྟན་ཅེས་བྱ་བ་ནི། རྣམ་པར?་རྟོག་པའི་ཐབས་ཀུན་རྫོབ ་འཁོར་བའི་མཚན་ཉིད་ཤེས་ནས་མྱ་ངན་ལས་འདས་པའོ། །དེ་སྐད་དུ། འཁོར་བ་ཡོངས་སུ་ཤེས་པ་ནི། མྱ་ངན་ལས་འདས་པར་བཤད་པའོ། །ཡང་ན་འཁོར་བ་མཆོག་གི་དགའ་། ?་ན་ལས་འདས་པ་ཆད་པའི་དགའ་བའོ། ་དེ་དག་འབྲེལ་པ་མཆོད་པ་དང་མཆོད་སྦྱིན་ནོ། །ཀཱ་ལི་ཡེ་ཤེས་མཚན་ཉིད་དོ། །ཞེས་བྱ་བ་ནི། ཀཱ་ལི་དཀྱིལ་འཁོར་ལུས་དང་ལྡན་པའི་མཚན་ཉིད་ཀྱི་ཡེ་ཤེས་སོ། །སྐུ་བརྒྱད་བདག་ཉིད་མཆོད་སྦྱིན་ནི། ཞེས་བྱ་བ་ནི། ་གནས་ཀྱི་རིམ་པས་དབྱེ་བས་སྐུའི་བདག་ཉིད་སྟོན་ཏེ། དེ་ཕྱིར་གནས་བརྒྱད་པར་ནི་མཆོད་སྦྱིན་བྱ། ཞེས་གསུངས་སོ། །གནས་དང་ཉེ་བའི་གནས་ལ་སོགས་པའི་དངོས་པོ་ཅན་རྣམས་སོ། །ཇི་བཞིན་ཞེས་བྱ་བ་ནི། དེ་ཇི་ལྟ་པ ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱང་འབྱུང་སྟེ། ཐ་མི་དད་བར་གཅིག་པའི་མཚན་ཉིད་ཀྱིས་འབྱུང་ཞིང་གནས་བའོ། །སུམ་ཅུ་རྩ་གཉིས་ཡིད་གཟུགས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་ནི་མི་འགྱུར་བའི་ཕྱིར་རོ། །གཟུགས་ནི་བྱང ་ཆུབ་སེམས་ཀུན་རྫོབ་ལས་དོན་དམ་པ། ཀཱ་ལི་ནི་ཀ་ཀ་ལ་སོགས་བ་སུམ་ཅུ་རྩ་གཉིས་ཡང་ན་ཨོཾ་ནས་སྭཱཧཱའི་བར་དུ་རྣལ་འབྱོར་མ་རྣམས་ཀྱི་སྔགས་སུམ་ཅུ་རྩ་དྲུག་གི་ངོ་བོ། །ཐིག་ལེ་ཞེས་བྱ་བ་ནི། ལུས་ལ་གནས་པའི་ཡི ་གེའི་མཚན་ཉིད་དང་ལྡན་པའོ། །གཙོ་བོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླ་བའོ། །ཡང་ན་ནི་སྤྲུལ་པའི་རིམ་པའི་བྱེ་བྲག་ཏུ་ཞེས་བྱ་བ་ལ་སོགས་པ་ལ། སྤྲུལ་པ་ནི་ལྟེ་བའི་གནས་དྲུག་ཅུ་རྩ་བཞིའི་འདབ་མ་དང་བཅས་པའོ།། ་རིམ་པ་ནི་བརྒྱད་པའི་པདྨ་རིག་བའི་གཟུགས་ཅན་དང། གསུམ་པ་རེ་བྱ་དང་བའོ། །ཐིག་ལེ་ནི་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་ཀྱི་ངོ་བོའོ། །གྲགས་པོ་ནི་མཆོག་སྦྱིན་གྱི་སྐུར་བཅོམ་ལྡན་འདས་གྱིས་གསུངས་པའོ། །བདེ་བའི་སྐུར་ནི ་ཡེ་ཤེས་ཀྱི་སྐུའི་རང་བཞིན་ནོ། །མཆོད་སྦྱིན་དཀྱིལ་འཁོར་གྱིས་བརྒྱན་པ་ཞེས་བྱ་བ་ལ་སོགས་པ་ནི། བདེ་བའི་བདག་པོ་ཉིད་ལ་རྩའི་མཁའ་འགྲོ་མ་རྣམས་ཀྱིས་བསྐོར་བའོ། །བཅོམ་ལྡན་རྡོ་རྗེ་འཛིན་པ་ཡིས། ཞེས་བྱ་བ་ལ ་སོགས་བ་ནི་སྔར་བསྟན་པ་བྱས་སོ། །མཆོག་དགའ་འབྱུང་བ་མཆོག་སྦྱིན་ནོ། །ཞེས་བྱ་བ་ལ་སོགས་པ་ལ། མཆོད་སྦྱིན་གྱི་འབྲས་བུ་མཆོག་གི་དགའ་བའི་དོན་ཡང་ན་མཆོག་གི་ལས་ཆད་བའི་དགའ་བ་དང། རང་བཞིན་དགའ་བ་བརྟེན་དང ་བཅས་པ་དང་བྲལ་བའི་ཕྱིར་ན། རབ་ཀྱི་དཀྱིལ་འཁོར་དུ་གསུངས་སོ། །དེར་ནི་ཞེས་བྱ་བ་ནི། གནས་བརྒྱད་པའི་དབུས་ཀྱི་ལྟེ་བར་བྱའོ། །མཆོག་གི་དགའ་བ་འཁོར་བར་བསྟན་ཅེས་བྱ་བ་ལ་སོགས་པ་ལ། མཆོག་གི་དགའ་བ་འཁོར་བ ་ཐབས་ཀྱི་བདག་ཉིད་ཅན་ཀཱ་ལིའི་ཡེ་ཤེས་ཏེ། གསང་བའི་ཕོ་བྲང་མདུད་པའི་སྐོར་རོ། །ཆད་བའི་དགའ་བ་མྱ་ངན་ལས་འདས་པའི་ཤེས་རབ་ཀྱི་མཚན་ཉིད་ཅན། ཨཱ་ལིའི་ཡེ་ཤེས་པའི་ཕོ་བྲང་གི་གནས་སོ། །དེས་ནི་མཆོད་པའི་འབྲས ་བུའོ། །སྐུ་བརྒྱད་ཅེས་བྱ་བ་ལ་སོགས་པ་ནི་གོ་སླ་བསམ་བཤད་དོ། །འོན་ཀྱང་འདིའི་དོན་ནི་གནས་ནི་བདག་ལ་སོགས་པ་དགྱེས་ཞེས་བྱ་བའི་སྐབས་སུ་རྒྱས་པར་མ་བཤད་པའི་དོན་ཏོ། །གྲུ་གསུམ་དབུས་སུ་བཅོམ་ལྡན་འདས་ཞེས་བྱ ་བ་ལ་སོགས་པ་ནི། དངོས་པོ་ལ་ཞོས?་བཞིའི་བདག་ཉིད་དང་དགའ་བ་བཞིའི་རང་བཞིན་ཉིད་ཀྱིས་བསྟན་པར་བྱའོ། །དེ་ལྟ་བུའི་ནང་གི་འབར་མ་བདེ་བ་ཆེན་བོའི་འཁོར་ལོ་ན་ཡོད་པའི་རྩ་སུམ་ཅུ་རྩ་གཉིས་རྣམ་པར་དག་པས་ཞེས་བྱ་བ་ནི། ་སྔར་བསྟན་པའི་ཡེ་ཤེས་སེམས་དཔའ་ཨི་དཀྱིལ་འཁོར་དང། མཆོད་སྦྱིན་གྱི་དཀྱིལ་འཁོར་གཅིག་པའི་ཕྱིར། ནང་གི་འཕར་མའོ། །དེ་ཡང་འཁོར་ལོ་བཞི་རྣམ་པར་དག་པའི་རང་བཞིན་བདེ་བ་ཆེན་པོའི་འཁོར་ལོ་རྣམ་པར་དག་བའོ། །ཕྱི ་མའི་ཕྱི་མའི་རྒྱུད་ཅེས་བྱ་བའི། རྩ?་བའི་རྒྱུད་སྔར་ཡོད་པའི་ཕྱག་རྒྱ་ཆེན་པོའི་ཐིག་ལེའོ། །ཡང་ན་སྔར་གསང་བ་འདུས་པའི་དེ་ལས་ཕྱི་མ་ལ་སོགས་པའི་དམ་བའོ། །གོ་རིམས་ཀྱིས་ནི་རྒྱུད་ཀྱི་རིམ་པ་རྩ་བ་དང་བརྟོག?་པ་དང། ཕྱི་མ་དང་ཕྱི ་མ་ལ་སོགས་པ་ལ། ལེའུ་ཉི་ཤུའི་གཞུང་བཞིན་དུ་བཤད་དོ། །རྣལ་འབྱོར་རྣམས་ནང་གི་རྣམ་པར་དག་པའོ། །ཞེས་བྱ་བ་ནི། སྒྲུབ་པ་པོ་རྣམས་ཀྱིས་ལུས་ཀྱི་རྩ་དང། བསྐྱེད་རིམས་ཀྱི་དོན་མཁའ་འགྲོ་མའི་མཚན་ཉིད ་དུ་ཤེས་བར་བྱ་ཞིང་ནན་ཏན་དུ་བྱའོ། །ད་ནི་མཆོད་པའི་དཀྱིལ་འཁོར་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྟའི་དབང་ཕྱུག་ཕྱི་རོལ་ཏུ་མཚན་དང། དཔེ་བྱད་དང་ལྡན་པ་རྣམས་དང་བཅས་པ་བརྒྱད་གཉིས ་སྐྱིལ་ལོ། །བྱད་གཟུགས་རྒྱས་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་མཆོད་པའི་དཀྱིལ་འཁོར་འདིར་བསྟན་པ་དང། སྔར་དམ་ཆིག་སེམས་པའི་དཀྱིལ་འཁོར་རྣམ་པ་དང་བཅས་པ་ཐ་དད་པ་མ་ཡིན་ཏེ། དབྱེར་མེད་པའི་མཚན་ཉིད་དོ།། ་འདིའི་རྣམ་པར་དག་པ་ནི། ལོངས་སྤྱོད་ཀྱི་འཁོར་ལོ་ནང་ན་ཡོད་བའི་རྩ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །གཞན་ཡང་དགའ་བ་བཅུ་དྲུག་ནང་གི་དག་པ་དང། ཕྱི་རོལ་གྱི་ཡུལ་ལྔ་དང་འབྱུང་བ་ལྔ་དང། དབྱིངས་དང། ཡེ་ཤེས ་དང། འདོད་ཆགས་དང། གཏི་མུག་དང། ང་རྒྱལ་དང། ཕྲག་དོག་རྣམ་པར་དག་པའོ། །ཞེས་གསུངས་སོ། །དེ་བཞིན་དུ་གཙོ་བོ་ཡང་སྔ་མའི་ནི་ཞལ་བཅུ་དྲུག་པ་ཡིན་ལ། ཕྱི་མའི་ནི་བརྒྱད་པར་གསུངས་སོ། །མཆོད་པ་དང་མཆོད་སྦྱིན ་དབྱེར་མེད་པར་བསྟན་པ་ནི། ཉི་མའི་ནི་ཐིག་ལེ་ཡེ་ཤེས་ཤར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་དག་རྒྱུ་འབྲས་ཀྱི་དོན་འདི་ཡིན། ཉི་མའི་དབུས་ནས་ཟླ་བ་འབྱུང།། ཞེས་བྱ་བ་ལ་སོགས་པའོ། །འོ་ན་བདེ་བའི་རང་བཞིན་ཆགས་པ ་ཆེན་པོ་དངོས་པོ་མེད་པ་སྣང་བ་མེད་པ་ཞིག་ཡིན་ནམ་ཞེ་ན། དེ་བཞིན་མ་ཡིན་ཏེ། ཆགས་པ་ཆེན་པོ་དངོས་མེད་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཇིག་རྟེན་མའི་འདོད་ཆགས་ལ་ཞེན་དུ་དོགས་བ་དེ་གསལ་བའི་ཕྱིར། ཐ་མལ ་པ་ཡི་བདེ་བ་མིན། ཞེས་བྱ་བ་ལ་སོགས་པ་ཡིས་བསྟན་ཏོ། །བདེ་ཆེའི་བའི་ནང་ཏུ་ནི། ཞེས་བྱ་བ་ལ་སོགས་པ་ལ། དཔལ་ཨིནྡྲ་བྷཱུ་ཏི་རྒྱལ་པོའི་ཞལ་སྔ་ནས་བཀའ་སྩལ་པ། འཁོར་གསུམ་ཐ་དད་གནས་སུ་ནི། །ཆ་དང་ཐིག་ལེ་དང་ནི་ཚུལ། ་རྒྱུ་དང་འབྲས་བུའི་བྱེ་བྲག་གིས། །ཀུན་རྫོབ་རྣམ་པའི་གཟུགས་ཀྱིས་སོ། །བརྒྱད་བརྒྱད་པ་ཡི་པད་ལྟེའི་ནང། །དེ་མིན་ལྷག་མའི་རིམ་པར་ནི། །ཚུལ་ཙམ་མཆོད་དང་གཞན་མཆོག་འདི། །བསྐྱེད་དང་རྫོགས་པའི་རིམ་པ་ཡིས། །སྦྱོར ་བ་དྲུག་གི་རྣམ་པར་ཤེས། །རྣམ་ཤེས་ཡེ་ཤེས་ལ་ཐིལ་ནས། །རང་རིག་བརྗོད་བྲལ་བདེ་བ་ཆེ། །རྟག་ཏུ་གོམ་པ་ཡིས་ནི་ཤར། །ཞེས་གསུངས་པའི་དོན་བླ་མ་བར་མ་ཆད་པའི་རིམ་པས་མཛད་དོ། །སློབ་དཔོན་མཛྙཱ་ན་ཀཱི་དྷིའི་ཞལ་སྔ ་ནས་འདི་ལྟར་བཤད་ཏེ། རྒྱུ་ཡི་བདག་ཉིད་མ་ཆོགས་པའི། །རིམ་པ་ཡིས་ནི་བསྟན་པ་ཀུན། །རྒྱུ་དང་འབྲས་བུའི་ཁྱད་པར་གྱིས། །དྲུག་གི་རང་བཞིན་རིན་པོ་ཆེ། །བསམ་གཏན་ཡེ་ཤེས་སྤངས་པ་འདི། །དེ་ཡིས་ཤེས་རབ་འགྱུར་བ་ཡིན། ་འོན་ཀྱང་བླ་མའི་ཞལ་ནས་ནི། །དེ་ནི་ཐོབ་ཡར་འགྱུར་བའོ། །ཞེས་གསུངས་སོ། །དེ་སྐད་དུ་གསུངས་པའི་ཆིག་རྣམས་ཀྱིས་བླ་མ་མཉེས་པར་བྱ་ཞིང་དེ་ལས་བླང་བར་བྱ་དགོས་པ་ཡིན་ནོ་།དཔལ་ཡེ་ཤེས་ཐིག་ལེའི་དགའ་འགྲེལ།། ་གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་བཅུ་གཅིག་པའི་བཤད་པའོ།། །།དེ་ནས་མཆོད་པའི་ཆོ་ག་ནི། ཞེས་བྱ་བ་ལ་སོགས་པ་ལ་མཆོད་སྦྱིན་དང་འབྲེལ་པར་མཆོད་པའི་རིམ་པ་གསུངས་པའི་ཕྱིར། །དེ་ཅིའི་ཕྱིར་ཞི ་ན། སྔར་བསྟན་པ་བཞིན་དུ་འདིར་ཡང་བཤད་དེ། གཡས་གཡོན་མན་ལག་གཉིས་པོར་ནི། ཞེས་བྱ་བ་ལ། གཡས་ནི་མཆོད་སྦྱིན་གྱི་དཀྱིལ་འཁོར་གྱི་དཀྱིལ་འཁོར་?། ཐབས་ཀྱི་རང་བཞིན་ནོ། །གཡོན་ནི་མཆོད་པའི ་དཀྱིལ་འཁོར་ཐབས་ལས་བྱུང་བའི་བདག་ཉིད། ཡན་ལག་ནི་ཕྱི་མ་ལ་སོགས་པའོ། །གཉིས་པོ་ནི་ཐབས་དང་ཐབས་ལས་བྱུང་བའི་རང་བཞིན་དུ་གསུངས་སོ། །དེའི་ཕྱིར་བླ་མའི་ཞལ་སྔའི་བཀའ་དྲིན་ལས། གཉིས་སུ་མེད ་པའི་བདེ་བ་ཤེས། ཞེས་བྱ་བ་ལ་སོགས་པའི་དོན་གསུངས་པ་ཡིན་ནོ། །བཅུ་དྲུག་གི་ནི་ཡིག་འབྲུའི་གཟུགས། ཞེས་བྱ་བ་ལ་སོགས་པ་ལ། ལྷ་མོ་བཅུ་དྲུག་གི་སྔགས་ཨཱ་ལི་བཅུ་དྲུག་དང་ལྡན་པའི་བདེ་བའི་ཡེ་ཤེས་ཀྱི་ཆའི་རང་བཞིན། ་དགའ་བ་བཅུ་དྲུག་དང་བཅས་པ་དཔྲལ་བ་བདེ་བའི་ནོར་བུའི་བར་དུའོ། །ཀཱ་སོགས་ཡིག་འབྲུའི་ཆ་རུ་གྱུར། ཞེས་བྱ་བ་ལ་སོགས་པ་ཆ་ནི། ལྷ་མོ་སུམ་ཅུ་རྩ་གཉིས་ཀྱི་སྔགས་དང་བཅས་པའི་ཡེ་ཤེས་ཀྱི་མགོ་བོ་ལ་སོགས་པར་འབྱུང ་ཞིང་གནས་སོ། །ཱ་ལི་ཀཱ་ལི་གཉིས་སྦྱོར་ལས་ཞེས་བྱ་བ་ལ་སོགས་པ་ལ་མཆོད་སྦྱིན་གྱི་དཀྱིལ་འཁོར་དང་ཕྱིའི་འཕར་མ་ཆོད་པའི་དཀྱིལ་འཁོར་གཉིས་སུ་དབྱེར་མེད་པ་ལས་རང་བཞིན་དགའ་བའི་དོན་འབྱུང་བའོ། །ཡང་ན ་ཨཱ་ལི་ནི། ཤེས་རབ་ཡེ་ཤེས་ཀྱི་དབང། ཡེ་ཤེས་དེ་ཉིད་ཆད་པའི་དགའ་བའོ། །ཀཱ་ལི་ནི་གསང་བའི་དགའ་བའི་ཡེ་ཤེས་མཆོག་གི་དགའ་བའོ། །དེ་ནས་སྦྱོར་བ་ནི། རང་བཞིན་དགའ་བའི་བཞི་བའི་འབྲས་བུའོ། །དེ་ཡང་བསྐྱེད ་བའི་རིམ་པ་དང། རྫོགས་པའི་བདག་ཉིད་དོ། །དེ་སྐད་དུ་དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས། ཀཱ་ལི་བདེ་བ་གསང་དབང་ཡིན། །ཱ་ལི་ཤེས་རབ་ཡེ་ཤེས་དབང། །དེ་གཉིས་དབུས་སྦྱོར་བདེ་ཆེན་པོ། །རང་བཞིན་དགའ་བ་དེ ་ལྟར་འོང། །ཞེས་གསུངས་སོ། །རིམ་?་གཉིས་ཀྱི་དོན་གསུངས་པ་ནི། གསང་བའི་དེ་ཉིད་གསུམ་ཞེས་བྱ། ཞེས་པ་ལ་སོགས་པ་གསུངས་སོ། །དེའི་དབུས་སུ་དེ་ཉིད་བཞུགས་ཞེས་བྱ་བ་ནི་དེ་དག་གི་འབྲས་བུའི་དོན་བསྟན་པ ་ཡིན་ནོ། །མཆོད་པའི་དམ་ཚིག་དུས་སུ་ནི། ཞེས་བྱ་བ་ལ་སོགས་པས་ནི། མཆོད་པ་དང། གཏོར་མ་དང། ཆོགས་ཀྱི་འཁོར་ལོ་ལ་སོགས་བའི་དུས་སུ་རྣལ་འབྱོར་པས་གསང་བའི་སྐད་ཀྱིས་བརྡ་རྣམས་སྨྲ་ན་ནི། མཁའ་འགྲོ་མ་ལ ་སོགས་པ་དམ་ཅན་རྣམས་དགྱེས་པ་དང། རྣལ་འབྱོར་པའི་དམ་ཚིག་ཡིན་པས་མྱུར་བར་འགྲུབ་པར་བྱེད་པའོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ། གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་བཅུ་གཉིས་བའི་བཤད་པའོ།། །། ་དབང་བསྐུར་ལ་སོགས་པ་དེས་བསྟན་ནོ། །ཞེས་བྱ་བ་ལ་སོགས་པ་ལ། དབང་ནི་བུམ་པའི་དབྱེ་བ་དང། གསང་བ་དང། ཤེས་རབ་ཡེ་ཤེས་དང། བཞི་པའི་དོན་གྱིས་སོ། །བསྐུར་བ་ནི་ལུས་ལ་སོགས་པའི་དྲི་མ་འཁྲུ་བ་དང། སྐུར ་བའི་དོན་ཏོ། འདི་སྐད་དུ། གཙུག་ཏོར་གསང་བའི་པདྨ་ཡི། །བསྐུར་དང་འཁྲུང་ཕྱིར་དབང་ཞེས་བྱ། ཞེས་གསུངས་སོ། །ལ་སོགས་དེས་བསྟན་ནི་བདག་ཉིད་ལ་ཐམས་ཅད་ཀྱི་མཚན་ཉིད་སྔོགས་པ་དེ་རྒྱུ་དང་འབྲས་བུ་དང། ངོ་བོ་ལ ་སོགས་པའི་རང་བཞིན་རྫོགས་པའོ། །དེ་ཡང་སྐབས་ཁ་ཅིག་ཏུ་འབྲས་བུ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་རང་བཞིན་ནོ། །ངོ་བོ་མི་བསྐྱོད་པ་ལ་སོགས་པའི་བདག་ཉིད། རྒྱུ་ནི་མི་བསྐྱོད་པ་ཡབ་ཡུམ་གྱི་རྒྱུ་ལས་བྱང་བའོ། ་ཇི་སྐད་དུ་ཆུའི་དབང་བསྐུར་ངོ་བོ་ཡིས། །སྤྱི་བོར་མི་བསྐྱོད་གཟུགས་རྒྱས་གདབ། །དེ་འབྲས་མེ་ལོང་ཡེ་ཤེས་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་པས་སོ། །ཡང་ལ་ལེར་ནི་འཁྲས་བུས་རིམ་པ་བཞིན་སྐྱར་ཏེ་བསྟན་? ་དེ་ཡང་འདི་སྐད་དུ། དབང་རེ་ལ་ནི་ས་རེ་སྟེ། དེ་རྣམས་སའི་དབང་ཕྱུག་བདག་ཅེས་གསུངས་སོ། །དེ་བཞིན་དུ་གནས་སྐབས་ཁ་ཅིག་ཏུ། དབང་རི་ལ?་འབྲས་བུ་དགའ་བ་དེ་དང་སྦྱར་བ་དང་ངོ་བོ་མ་བྱེད?་དེ་ཉིད་ཤོ། །?་? ་ཆུབ་ཀྱི་སེམས་ཀྱི་ཆུ་བོའོ། །འདི་སྐད་དུ། ཆུ་ལ་སོགས་པ་བཅུ་གཅིག་གི་།དབྱེ་བས་དགའ་བ་བཅུ་གཅིག་ལྡན། དེ་བཞིན་ལྷག་མ་ཡང་ཡིན་ནོ། །ངོ་བོ་འབྲས་བུ་ཐ་མི་ཐད་ཅེས་གསུངས་སོ། །རྒྱུད་གསུམ་གྱི་ནི་རིམ་པ ་ཡིས། ཞེས་བྱ་བ་ལ་སོགས་པ་ལ། འབྲེལ་བའི་ཕྱིར་དང་འཕེལ་བའི་ཕྱིར་རྒྱུད་དོ། །བྱ་བའི་རྒྱུད་དང། སྤྱོད་པའི་རྒྱུད་དང། རྣལ་འབྱོར་གྱི་རྒྱུད་གསུམ་མོ། །རྣལ་འབྱོར་མ་དང། རྣལ་འབྱོར་བླ་ན་མེད་པའི་རྒྱུད་མན་ཆད་རིམ་པ་ཡིན་ནོ།། ་འདིར་དབང་གི་གྲངས་དང། མཚན་ཉིད་འདི་རྣམས་གསུངས་ཀྱི་གཞན་དུ་ནི་དེ་དེ་ལྟར་མ་ཡིན་ནོ། །དེས་ན་ཐུན་མོང་དང། ཐུན་མོང་མ་ཡིན་བའི་དབང་གི་མཚན་ཉིད་བསྟན་པའོ། །ད་ནི་ཐུན་མོང་མ་ཡིན་པའི་དབང་བསྟན་པའི་ཕྱིར། ་དགའ་བ་ལུས་སུ་གྲགས་པ་སྟེ། ཞེས་བྱ་བ་ལ། ནང་གི་བུམ་པའི་དབང་བསྐུར་བ་ཡིས་ནི་ལུས་ཀྱི་དྲི་མ་རྣམ་པར་རྟོག་པ་དག་པར་བྱེད་པ་དང། འབྲས་བུ་ནི་དགའ་བའི་མཚན་ཉིད་སྐྱེ་བ་དང་ལྡན་ནོ། །བསྐུར་བའི་གནས་གསུངས་པ། ་ལུས་ཀྱི་མགོ་བོའི་གནས་སུ་དགའ་ཞེས་བསྟན་ཏོ། །གསུམ་པའི་རྒྱུད་ཡང་འགྱུར་བ་ནི་སྐབས་འདི་ཉིད་དུ་གསུངས་སོ། །མཆོག་ཏུ་དགའ་བ་འདིར་ནི་དག་ཅེས་བྱ་བ་ནི་དེ་བཞིན་དུ་གསང་བ་དང། ཤེས་རབ་ཡེ་ཤེས་དང། བཞི་པའི ་དབང་གིས་རྣམ་པར་དྲི་མ་འཇོམས་པ་དང། འབྲས་བུ་དང་གནས་དང། རྒྱུ་འབྲས་ཀྱི་དོན་བསྟན་ཏོ། །འབྲས་བུ་ཉིད་ནན་ཏན་བྱ་བར་གསུངས་པ་ནི། དེ་ཉིད་གསུམ་བདག་ཡེ་ཤེས་གང་ཞེས་བྱ་བ་ལ་སོགས་པས་བསྟན་པ ་ཡིན་ནོ། །བདུན་གཉིས་བྱེ་བྲག་ཏུ་ནི་བཞུགས་ཞེས་བྱ་བ་ནི། ཆུ་དང། གསང་བ་དང། ཤེས་རབ་ཡེ་ཤེས་ཀྱི་དོན་དང། བཞི་པས་ནི་དབང་བཅུ་བཞི་དང། དེའི་འབྲས་བུ་དགའ་བ་བཅུ་བཞིའི་དོན་བཤད་དོ། །ཡང་ཡེ་ཤེས་འདི ་ཉིད་འབྲས་བུའི་དོན་འདི་ཉིད་ཡིན་པར་བསྟན་པ། ཡན་ལག་རབ་ཀྱི་མདོར་བསྡུས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ད་ནི་གསང་བའི་དོན་གྱིས་དབང་གི་ངེས་པ་གསུངས་པ་ནི། ཆུའི་དབང་བསྐུར་མདོམས་སུ་སྟེ། ཞེས་བྱ་བ་ལ ་སོགས་པ་ལ། རྒྱུ་དང་འབྲས་མུ་ལ་སོགས་པའི་དོན་གྱིས་བསྟན་པ་སྟེ། འོན་ཀྱང་གནས་ཀྱི་བྱེ་བྲག་གི་གསང་བའི་ཆུ་ལ་སོགས་པའི་ཁྱད་པར་བཤད་པ་ཡིན་ནོ། །དེ་ཉིད་ལ་ཡང་རྫོགས་བའི་ཚུལ་ནི། མདུང་པའི་གནས་སུ་རིམ་པ ་ཡིས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་བཞིན་དགའ་བ་ནས་མཆོག་གི་དགའ་བ་ལ་སོགས་པའི་གནས་རིམ་པར་བསྟན་པར་བྱ་སྟེ། བདེ་བ་ཆེན་པོའི་སྙིང་པོའི་འཁོར་ལོའི་གནས་མན་ཆད་དུ་རང་བཞིན་དགའ་བ། ་དགའ་བ་གཞན་དང་མི་མཉམ་པའི་རྟོག་པའི་ཀུན་དང་བྲལ་བ་དཔེ་མེད་པ་རྙེད་པར་འགྱུར་རོ། །རྒྱུད་འདི་རྨད་དུ་བྱུང་བའི་ཕྱིར། འདི་ཉིད་དུ་སྤྲས་པའི་དོན་ཐམས་ཅད་དུ་གསུངས་ཏེ། རྡོ་རྗེ་ག་བ་དེ་བཞིན་གསང། ཞེས་བྱ་བ་ལ་སོགས ་པའོ། །དེ་?། །སྐད་དུ་ཡང་རྣལ་འབྱོར་མ་དང་ལྷན་ཅིག་ཏུ། དུ་མའི་རྒྱུད་དུ་བཤད་ན་ཡང། དེ་ལྟ་མོད་ཀྱི་འདི་ཡི་རྒྱུད། བཅུ་དྲུག་ཆར་ཡད་མི་པོད་དོ། །ཞེས་གསུངས་སོ། །ད་ནི་དབང་དང་འབྲས་བར་བཅས་བཤད་དེ། ཨའི་ཡིག་འདྲ ་དགའ་བ་ཡིན། ཞེས་བྱ་བ་ལ་སོགས་པ་ནི། ཨ་བྷི་ཥེ་གཞི་སྒྲས་ནི་དབང་ཡིན་ཏེ། དབང་ནི་ཆུ་དང། གསང་བ་དང། ཤེས་རག?་ཤེས་རང་བཞི་པོའི། ?་ཡག་ཀ་ལ་?་ཞེས་བྱའི་ཡི་གེ་དྲུག་སྦྱེ་སྟེ། ཨ་ཙམ་ཞིག་ལས་པ་དང། ་བུམ་པའི་དབང་གི་ཡེ་ཤེས་ངོ་བོ་སྨོས་པས། རྒྱུ་དེ་ལས་འབྲས་བུ་དང་དགའ་བའོ། །དེ་བཞིན་དུ། སྒྲའི་དབྱི་གཞུག་བྱས་བ་ལས་གསང་བ་དང། ཤེས་རབ་ཡེ་ཤེས་དང། བཞི་པའི་དབང་གི་རྒྱུ་དང་འབྲས་བུའི་རྣམ་པ་ཡང་བཤད། ་བར་བྱའོ། །ཡང་སྔོན་བཞིན་དུ་འདིར་ཡང་བཅོམ་ལྡན་འདས་བཀའ་ལོག་བར་མི་གསུང་ཞེས་བྱ་བས་བསྟན་ཏོ། །ད་ནི་དབང་གི་འབྲས་བུ་དགའ་བ་བཞི་རྒྱུད་དེ་རང་ཉིད་འབྲེལ་པར་དགའ་བར་བསྟན་པའི་ཕྱིད། ་གང་དུ་ཡང་ནི་མི་དམིགས་ཕྱིར། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡང་དག་པར་སྐྱེ་བ་དང། མེད་པའི་མཚན་ཉིད་ལས་སྐྱེ་བའི་རྒྱུ་མཚན་ཡིན་པའི་ཕྱིར་དང། བཞི་པའི་ཉེ་བའི་རྒྱུར་འགྱུར་བས་ངེས་ཆིག་དང་བཅས་ནས ་བསྟན་པ་དང། བྱང་ཆུབ་སེམས་བཅོམ་ལྡན་འདས་མཆོག་གི་དགའ་བར་གྲགས་པ་ཉིད་རྒྱུར་འགྱུར་བ་དགོས་པའི་ཕྱིར་དང། དེ་དག་ལ་དང་པོའི་དགའ་བའི་རྒྱུ་དགོས་པའི་ཕྱིར་ན། ཨའི་ཡིག་འབྲུ་མཆོག་གི་གནས་ཞེས ་གསུངས་སོ། །ང་ནི་འབྲས་བུར་གྲགས་པ་བཞི་བ་ལ་གཉིས་སུ་ཕྱེ་ནས་སྟོན་ཏོ། །མངོན་པར་དགའ་དང་ཆད་དགང་གྲགས། ཞེས་བྱ་བ་ལ་སོགས་པ་ཡིས་བསྟན་ཏེ། དེ་ཡང་འདི་སྐད་དུ། སྐལ་ལྡན་མོ་གང་ཉམས་སུ་མྱོང། ་དེ་ནི་རྫོགས་པའི་རིམ་བཞིན་ནོ། །ཉམས་སུ་མྱོང་མིན་རྫོགས་པ་ནི། གང་དུ་སུས་ཀྱང་མི་ཤེས་སོ། །ཞེས་དེས་ནི་གནས་དང་བཅས་པ་དང། གནས་དང་བྲལ་བར་བཤད་པའོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ། གསང ་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་བཅུ་གསུམ་པའི་བཤད་པའོ།། །།དེ་ནས་ཡང་ནི་བཤད་བྱ་བ་ཞེས་བྱ་བ་ལ་སོགས་པ་ལ། དབང་གི་རིམ་པའི་རྗེས་ཐོགས་སུ་འདིའི་དེས་པ་བཤད་ཅེས་བྱའོ། །ནང་གི་དགར་བར་བྱ་བ ་སྟེ་ལྟོས་པའི་ཆོས་སོ། །མཚན་ཉིད་སྦྱིན་སྲེག་ནི། བདག་ཉིད་དང་འབྲེལ་པས་འབང་མི་དགོས་པར་འགྲུབ་བར་འགྱུར་བའི་དོན་གྱིས་ན། སྦྱིན་སྲེག་མ་ཡིན་པས་དངོས་གྲུབ་རིང་བར་བྱེད་པའི་ཕྱིར་ན་འདི་ཉིད་བསྒྲུབ་པ།། ་རང་བཞིན་གྱི་སྤྱིན་སྲེག་གི་ལས་རྣམས་རྫོགས་པའི་མཚན་ཉིད་ནི། ཁ་ནི་ཧོ་མེ་ཁུང་ཞེས་བྱ་བ་ལ་སོགས་པའོ། །དེ་ཡང་རོ་དྲུག་ལ་སོགས་པའི་མཆོད་རྫས་ལ། ལོངས་སྦྱོད་པའི་སྦྱིན་སྲེག་འདིར་ནི། མཆོད་པའི་གསང་བའི་བརྡའི་སྐབས་སུ ་ང་རྒྱལ་འདིར་ནི་ཤ་ཆེན་པོ་ལ་སོགས་པའི་དོན་གྱིས། ཤ་དང་ཟན་ལ་སོགས་པ་དེ། སྣ་ཚོགས་པ་སྟེ། སྣ་ཆོགས་པའི་བཟའ་བ་རྣམས་དང། ཚོད་མ་དང། ཆུ་ལ་སོགས་ཏེ་བཏུང་བ་ཇི་སྙེད་ཡོང་བ་དང། མདོར་ན་ཟས་སྐོམ་རོ་དྲུག ་གིས་བསྡུས་པའི་སྲེག་རྫས་ཀུན་གྱིས་མཆོད་པར་བྱ་བ་ཉིད་ནི། བདག་ཉིད་རང་བཞིན་གྱིས་གནས་པའི་ལྷ་ལ་མཆོད་དོ། །ཡང་ན་དང་བོར་བདག་གི་ལུས་ལྷའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ལ། དེའི་འོག་ཏུ་བདུད་རྩི་བྱིན་གྱིས ་བརླབས་པའི་རིམ་པས་ཁ་རྦས་དག་པར་བྱས་ལ། དེ་ཡང་ཤེ་ཅེན་དང། ཤ་དང། ཟན་དང། ཆོད་མ་དང། མར་དང། མདོར་ན་བཟའ་བཏུང་ཇི་སྙེད་པ་ཐམས་ཅད་སྦྱངས་ལ་དེ་ནས་སྐུ་གསུང་ཐུགས་ཀྱི་ས་བོན་དང། སྣར་བདུད་རྩི་ལྔ ་ཡེ་ཤེས་ཀྱི་འདུད་ཕྱིར་བྱིན་གྱིས་བརླབས་པའི་རིམ་པ་ས་ཀྱང་དག་པར་བྱས་ཏེ། བདག་རོལ་པས་ལྷ་རྣམས་དང་ཐ་མི་དད་པར་འགྱུར་བ་ཡིན་ཏེ། ལྟེ་བའི་མེ་རླུང་གི་བསྐྱོད་ཅིང་འབར་བས་ཞི་བ་ལ་སོགས་པའི་མཚན་ཉིད་དེ། ཡང་ན ་རྡོར་གསུམ་ཡེ་ཤེས་ས་བོན་གྱིས།། ཞེས་བྱ་བ་ལ་སོགས་པ་ལ། སྐུ་རྡོ་རྗེའི་གནས་སྤྱི་བོར། དེ་བཞིན་མགྲིན་པ་དང། སྙིང་ག་དང། ལྟེ་བའི་གནས་སོ། །དགའ་བ་ནི་སྐུ།། མ་ཆོག་གི་དགའ་དང། ཆ་བའི་དགའ་བ་དང། རང་བཞིན ་དགའ་བ་དང། གསུང་དང། ཐུགས་དང། ཡེ་ཤེས་ཀྱི་རིམ་བཞིན་ནོ། །ས་བོན་ཡི་གེ་གསུམ་གྱི་དོན་གྱིས་འདིར་བཤད་པར་བྱ་སྟེ། ལས་ཀྱི་རླུང་གིས་ཡེ་ཤེས་ཀྱི་མེ་འབར་བས། བྱང་ཆུབ་ཀྱི་སེམས་འབབ་པ་དང། གནས་ཀྱི་བྱེ་བྲག་ ་གིས་བསྟན་པར་འགྱུར་བ་ནི། སྐུ་རྡོ་རྗེའི་ས་བོན་ཨོཾ་དང། ཐུགས་རྡོ་རྗེའི་ས་བོན་ཧཱུཾ་དང། གསུང་རྡོ་རྗེའི་ས་བོན་ཨཱ་དང། འབར་བ་ལ་སོགས་པའི་རིམ་པ་བཞིན་ནོ། །དེ་ནི་རྡོར་གསུམ་ཡེ་ཤེས་ས་བོན་གྱིས། ་འབར་བྱས་དཀར་བྱས་དགེ་བྱས་སོ། ཞེས་བཤད་དོ། །ཕྱི་ནང་རྟག་ཏུ་རབ་ཚིམ་བྱས། །ཞེས་བྱ་བ་ནི། ལུས་ཀྱི་དཀྱིལ་འཁོར་དང། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དག་སྐྱེད་རིམ་རྫོགས་རིམ་གྱིས་ཕྱེ་བའི་ལྷ་ཉིད་བདུད་རྩིས ་ཚིམ་པར་བྱས་ཏེ། རྣམ་པར་རྟོག་པ་བསྲེག་ཅིང་ལྷ་རྣམས་ལ་དབུལ་ཞིང་སྦྱིན་ནོ། །དེའི་ཕྱིར་དེ་ལྟར་སྦྱིན་སྲེག་ལས་ཀྱིས་ནི། ཞེས་གསུངས་ཏེ། ལས་ནི་རྣམ་པ་བཞི་ལ་སོགས་པའི་དོན་ཏེ། ཐུན་མོང་གི་དངོས་གྲུབ། ཡང་ན་མཆོག་གི ་དངོས་གྲུབ་གསུངས་པ། ལྷ་ཡི་སྐུར་ནི་ངེས་པར་འགྱུར་ཞེས་བྱ་བ་ལ་སོགས་པའོ། །དགའ་བ་གཉིས་ཀྱི་མཉམ་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་ལ། དགའ་བ་གཉིས་ནི། མཆོག་གི་དགའ་བ་འཁོར་བའི་བདག་ཉིད་དང། ཆད་པའི་དགའ་ ་བ་མྱ་ངན་འདས་པའི་བདག་ཉིད་དོ། །དེ་དག་མཉམ་པར་སྦྱོར་བ་ནི། རང་བཞིན་དགའ་བ་མཛའ་གཉིས་ལ་མི་གནས་སོ། །དེ་སྐད་དུ། མཆོག་གི་དགའ་བ་འཁོར་བར་བཤད། །མྱ་ངན་ལས་འདས་ཆུད་པའི་དགའ་། །རང་བཞིན་དཀའ་བ ་གཉིས་དང་བྲལ། །རང་རིག་བརྗོད་དུ་མེད་པའོ། །ཞེས་གསུངས་སོ། །དུས་ནི་བཟང་བ་དང། ངན་པ་དང་བྲལ་བ་བསམ་དུ་མེད་པའི་དུས་སོ། །གྱིས་ཞེས་བྱ་བ་ནི་བསམ་དུ་མེད་པའི་བྱེད་པའི་དོན་ཏོ། །རྩའི་མཁའ་འགྲོ་མ་རྣམས་བྱང་ཆུབ ་ཀྱི་སེམས་བདེ་བ་དང་བཅས་པས་གང་དུའོ། །རྣལ་འབྱོར་དང་ལྡན་ཞིང་བརྩོན་པས་རྙེད་ཀྱི། སེམས་ཅན་ཀུན་གྱི་ཐུན་མོང་མ་ཡིན་པའི་ཕྱིར་ཏེ་དབང་ངོ?་།ཡང་ན་རང་བཞིན་དགའ་བ་དག་དབང་མི་སྣང་བ་དང་ལོངས་སྤྱོད་གཞན་དབང? ་དེའི་དོན་ནི། སྟེ་སྙིང་བདེ་བའི་པདྨའི་ཞེས་བྱ་བ་ལ་སོགས་པ་ཡིས་གསུངས་སོ། །རྒྱུའི་མིང་འབྲས་བུ་ལ་བཏགས་པ་ནི་སྐྱོན་མེད་དོ། །འོན་ཀྱང་ཡེ་ཤེས་ཀྱི་འོད་ལ་སོགས་པའི་དོན་གྱིས་བཤད་དོ། །ད་ནི་ལས་ཀྱི་ཕྱག་རྒྱ་ལ་བརྟེན་པའི་སྦྱིན་སྲེག ་སྟོན་ཏེ། ཀུན་རྫོབ་རྣམ་པའི་གཟུགས་སུ་ནི། ཞེས་བྱ་བ་ལ་སོགས་པ་ཡིས། ཧོ་མ་ཁུང་དང། ཧོམ་ཤིང་དང། མེ་ལྷ་དང། སྲེག་རྫས་དང། བླུགས་གཟར་དང། དགང་གཟར་དང། མར་དང། དེ་བཞིན་སྣོད་ལ་སོགས་པའི་རྒྱུ་འབྲས ་བུ་ཐོབ་པ་ཡན་ཆད་བཤད་པ་ཡིན་ནོ། །རིགས་ནི་མཚན་མ་རྣམས་ལས་ཞེས་བྱ་བ་ནི། འདོད་པ་དང། དད་པ་དང། སྙིང་རྗེ་ལ་སོགས་པའི་ཡོན་ཏན་རྣམས་ལས་དེ་བཞིན་གཤེགས་པ་རིགས་ལྔའི་རྒྱུ་ཡིན་པར་ཤེས་ཏེ། དེ་ཡང་འདིར་རྡོ ་རྗེ་རིགས་ཀྱི་ཁོངས་སུ་བསྡུ་བ་ཡིན་ནོ། །དེ་བཞིན་དུ་རང་བཞིན་དགའ་བ་རྙེད་པའི་དོན་གྱི་ཕྱིར། ཞེས་བྱ་བ་ནི། རིགས་ཀྱི་མཚན་མའི་དོན་བསྟན་པ་བཞིན། རང་བཞིན་དགའ་བའི་དོན་འདི་ལ་ཡང་བླ་མའི་མན་ངག་ཐབས་ཀྱི་རྣམས་པའི ་མཚན་མས་ཤེས་པར་འགྱུར་རོ། །དེ་ཡང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་དུས་ན། བླ་མའི་བཀའ་སྩལ་པ་ལ་སོགས་པ་ལ་ཡིད་ཆེས་ནས། དེ་མ་ཐག་ཏུ་ཡེ་ཤེས་སྐྱེ་བར་འགྱུར་བ་ནི་སྐྱབས་སྦྱིན་གྱི་ངོ་བོར་བཤད་དོ། །དེའི ་དུས་སུ་ཉམས་སུ་མྱོང་བ་དེ་ཕྱིས་སྒོམས་པ་དེ་ཡང་ནས་ཡང་དུ་གོམས་པའི་དབང་གི་ཡེ་ཤེས་ཚོར་བ་ཡོངས་སུ་ཤེས་པ་ཉིད་དོ། །དེས་པར་ཡང་ནས་ཡང་ཆད་པའི་དགའ་བའི་ཡེ་ཤེས་ལ་བློས་སྤྱོད་ཅིང་གོམས་པར་འགྱུར་བའི? ་རང་བཞིན་དགའ་བ་གསལ་བར་འགྱུར་བ་ནི། དཔྱོད་པའི་བདག་ཉིད་ཀྱི་ཐབས་སོ། །དེ་ནི་ཡེ་ཤེས་སུ་བདག་གིས་བཤད་དོ། །ཞེས་བྱ་བ་ནི། བརྟགས་ནས་ཡེ་ཤེས་སུ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །བླ་མའི་ཞལ་སྔ་ནས་རྟེན་དང་བཅས ་པ་ལ་དཔྱོད་བས་རྟེན་མེད་པའི་རང་བཞིན་དགའ་བ་རྙེད་པར་འགྱུར་ཞེས་གསུངས་སོ། །དེ་བཞིན་དུ་མུན་ནག་ཏུ་རིན་པོ་ཆེའི་ཕྲ་མོ་ཡོད་པ་དེ་ཞེས་བྱ་བ་ལ་སོགས་པ་ནི། ཡང་དང་ཡང་དུ་དཔེ་ཡིས་མཚོན་ནས་གསལ་བའི ་རྒྱུ་ཡིས་རང་བཞིན་དགའ་བ་ཆེན་པོ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རྒྱལ་པོ་རྙེད་པར་འགྱུར་ཞིང་མཐོང་བར་བྱའོ། །དེ་ནི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་རྣལ་འབྱོར་པས་འགྲུབ་པར་འགྱུར་རོ།། ་དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ། གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་བཅུ་བཞི་པའི་བཤད་པའོ།། །།དེ་ནས་གཏོར་མ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། ལེའུ་བཅོ་ལྔ་པ་འདིས་གཏོར་མའི་ངེས་པའི་དོན་སྟོན ་ཏོ། ཞེས་བྱ་བའི་དོན་ཏོ། སེམས་ཅན་ཐམས་ཅད་བསྲུང་དོན་དུ་ཞེས་བྱ་བ་ལ་སོགས་པ་ལ། ཕྱིའི་དོན་གྱིས་འགྲོ་བ་རིས་དྲུག་ཡིན་ལ། འདིར་བྱང་ཆུབ་ཀྱི་སེམས་ག་པུར་འབྱུང་བ་ནི་སེམས་ཅན་དེ་ཡང་ཡེ་ཤེས་ཀྱི་སྙིང་པོ་ཅན་འདི་རྣམ ་པར་རྟོག་པ་འབྱུང་བ་བསྲུང་བའི་ཕྱིར་གཏོར་མ་སྦྱིན་ནོ། །དེ་སྐད་དུ། འབྱུང་བ་རྣམས་ནི་བསྲུང་བའི་ཕྱིར། དེར་ནི་གཏོར་མ་སྦྱིན་པར་བྱ། །འབྱུང་བ་ག་བུར་དུ་ནི་གྲགས། །ག་བུར་སེམས་ཅན་འདིར་ནི་བསྟན། །སེམས་ཅན་སྙིང་པོ་ཡེ ་ཤེས་བདེ། ཞེས་གསུངས་པ་དང། ཡང་འབྱུང་བ་བསྲུང་དོན་གཏོང་མ་གཏང། །དེ་ནི་སྲོག་ཆགས་བསད་པའོ། །བཅད་པ་དེ་ནི་མཆོག་གནས་སུ། །འགྲོ་བ་འགོག་པར་བྱེད་པའོ། །ཞེས་གསུངས་སོ། །དགའ་བ་གསུམ་གྱི་དོན ་ཐབས་དང་ཤེས་རབ་ཀྱི་འབད་ལ། བསྒྲུབ་པས་ནི། འབད་པ་ཡིས་ནི་ཞེས་བྱ་བའོ་།བའི་ཡིག་འབྲུ་བྷ་གར་བརྗོད། ཅེས་བྱ་བ་ལ་སོགས་པ་ལ། བ་ལིཾ་གི་སྒྲས་གཏོར་མ་སྟེ། དེ་ཡང་བྷ་གའི་ག་ཕྱིས་པ་ཡིས་པ་གྲུབ་པོ། དེ་ཉིད་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་བཅོམ་ལྡན་འདས་མའོ། །ལིཾ་གི་ཡང་དེ་བཞིན་ཏེ། བཅོམ་ལྡན་འདས་བདེ་བ་ཆེན་པོའི་བདག་ཉིད་དཔལ་ཡེ་ཤེས་ཐིག་ལེའི་མཚན་མ། དེ་དག་སྦྱོར་བར་མཚོན་པ་ཅན། འོན་ཀྱང་རྣལ་འབྱོར་པ་དེ་ཕྱག་རྒྱ་བཞི ་ལས་གང་ཡང་རུང་བ་གཅིག་ཀྱང་སྦྱོར་བ་བྱས་པ་ལས་དགའ་བ་གསུམ་པོའི་དངོས་པོ་འབྱུང་བ་དེ་ཉིད་པ་སྲུངས་པས་ནི་ཕྱག་རྒྱ་ཆེན་པོ་ཉིད་ཐོབ་པར་འགྱུར་རོ། །མཚན་དང་བྷ་གར་མཉམ་སྦྱོར་ལས། ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ་དུར་ཁྲོད་ཡང་ན་ཆུ་པོའི་དོགས། ཞེས་བྱ་བ་ལ་སོགས་པ་ཡིས་གནས་བསྟན་པ་ཡིན་ནོ། །རྣལ་འབྱོར་པའི་མཚན་ཉིད་གསུངས་པ། ཡེ་ཤེས་དང་ལྡན་ཞེས་བྱ་བ་ལ་སོགས་པ་ནི། བདག་ཉིད་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་སྐུ་ཡེ་ཤེས ་ཀྱི་ཕྱག་རྒྱས་གཏོར་མ་བྱིན་གྱིས་བརླབ་པར་བྱ་ཞིང་སྦྱིན་པ་དང་བཏང་བར་བྱའོ། །དུར་ཁྲོད་དབུགས་དབྱུང་གི་གནས། ཞེས་བྱ་བ་ལ་སོགས་པ་ལ། སྐྱེ་བ་གསུམ་པ་དུམ་བུ་བརྒྱད་པར་བྱ། །དུར་ཁྲོད་ཆེན་པོའི་དབུས་སུ་འགྱེལ་ཞེས་བྱ་བ་ལ ་སོགས་པ་ཡིས་བསྟན་ཏེ། གསང་བ་ནི་སྣོད་དང་མི་ལྡན་པ་རྣམས་ཀྱི་སྤྱོད་ཡུལ་དུ་མི་འགྱུར་བའོ། །པད་མའི་བྱ་གདོད་བོ། ཞེས་བྱ་བ་ནི་དུར་ཁྲོད་གསང་བའི་གནས་ཀྱི་སྣལ་རྩ་བའི་ནང་དུ་བྱའོ། །དེའི་དབུས་ནི་སྙིང་པོ་འབབ་པ་ལན་གསུམ ་སྐྱེ་བའི་བྱང་ཆུབ་གྱི་རོ་དབུགས་དང་བྲལ་བའི་གནས་རིན་པོ་ཆེ་གཙུག་ཏོར་ནང་ན། དེ་ཡང་མར་ངོའི་བརྒྱད་ཀྱི་དུས་སུའི་དོན་ནི་འདི་ཡིན་ཏེ། མར་ངོའི་སྒྲས་ནི་མཚན་མོ་ཉིད་རྟོག་མེད་མའོ། །བརྒྱད་ནི་འདབ་མ་བརྒྱད་པའི་པདྨའི་ལྟེ་བ་དང ་གསར་དུ་བཅས་པའི་དུས་ཀྱི་གནས་སུའོ། །དེའི་དོན་ནི་འདི་ལྟ་སྟེ། ཤའི་ཡིག་འབྲུ་པད་མ་དག་ཅེས་བྱ་བ་ལ་སོགས་པ་ལ། སྒྲའི་དབྱེ་བ་དང། གཞུག་པ་ནི་ཤུདྡྷ་པདྨ་ཞེས་བྱ་བ་ལ། འོན་ཡང་སྔོན་དུ་བཤད་པ་བཞིན་དུ་ཤེས ་བར་བྱ་སྟེ། འདིར་པདྨའི་ལྟེ་བ་དང་བཅས་པའི་དོན་གྱི་འདབ་མ་བརྒྱད་པར་དུམ་བུ་བརྒྱད་ཀྱི་མཚན་ཉིད་དང་ལྡན་པ། དེ་བཞིན་ལན་གསུམ་འབབ་པ་གསུམ་པའི་དོན་དང། དེའི་འོག་ཏུ་པདྨའི་སྣོད་དུ་དུམ་བུ་གཅིག་པ ་ཉིད་དུ་རོ་ཆེན་པོའི་བདུད་རྩིས་གང་ཞིང་རྒྱས་པའི་དོན་ནི། གཏོར་མ་སྦྱིན་བའི་གནས་དང་ལྡན་པ་ཉིད་དོ། །དེས་ནི་རང་བཞིན་དགའ་བ་ཉམས་སུ་མྱོང་བ་ལགས། ཉམས་སུ་མྱོང་བ་དང་བྲལ་བ་རྙེད་པས་ཕྱག་རྒྱ་ཆེན་པོས་ཞེས་བཤད་དོ། །དེ་ཉིད ་ལ་ཆུའི་དོགས་ཤེས་ཀྱང་བཤད་དེ། ཆུའི་དོགས་ནི་རིན་ཆེན་ཁ་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ཆུ་བོ་ཆེན་པོ་འབབ་པའི་ངོགས་ཏེ། རྣམ་པར་རྟོག་པ་བཟློག་པའི་དོན་བདེ་བ་ཆེན་པོའི་ཆུ་དོགས་དགའ་བའི་རིམས་ཀྱིས་རིན་པོ་ཆེའི ་གནས་སུ་ཉམས་སུ་མྱོང་ནས་ཡང་བདེ་བ་ཆེན་པོར་གཤེགས་པ་ལ་ཆུ་བོའི་དོགས་ཞེས་བྱའོ། །ཡང་ན་དེ་ནི་རྟོག་མེད་མ་ཞེས་བྱ་བ་ནི། བདེ་བ་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་བོ་རྒྱུན་མི་འཆད་པར་རྟག་ཏུ་ཕྲ་བའི་ཡང་ཕྲ་བ་འབབ་པ་ལས། འོ ་ན་ཡང་སྐལ་པ་ཡང་མི་ལྡན་པ་རྣམས་ཀྱིས་རྟོགས་པར་མི་འགྱུར་བའི་ཕྱིར། ཡེ་ཤེས་དང་ལྡན་པས་གཏོར་མ་སྦྱིན་ཞེས་གསུངས་སོ། །དེ་བསྲུང་བའི་དོན་དུ་ནི་ཞེས་བྱ་བ་ནི། བདེ་བའི་ཡེ་ཤེས་རང་བཞིན་དགའ་བ་ལ་གློ་བུར་བའི ་རྣམ་པར་རྟོག་པའི་འབྱུང་བའི་གདོན་གྱིས་དངོས་པོ་སྟེ། དེ་ཡང་རླུང་གི་དབང་གིས་འབྱུང་བ་ལ་རང་བཞིན་དགའ་བ་སྲོག་གི་རླུང་གིས་བསྲུང་བར་བྱ་སྟེ། སྦྱིན་པའི་དོན་ཏོ། །གཏོར་མ་ཀུན་ཏུ་འབབ་སྦྱིན་ནོ། །ཞེས་བྱ་བ་ནི་གཏོར ་མའི་རྒྱུ་དང། གནས་དང། རྣལ་འབྱོར་པ་ལ་སོགས་པ་ཀུན་གྱིས་རང་བཞིན་དགའ་བ་ཆེན་པོའི་རྒྱལ་པོ་ཁོ་ན་ལ་འབད་པར་བྱ། ནན་ཏན་དུ་བསྒྲུབ་པར་བྱ། དེ་ཉིད་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡང ་དག་པའི་ཡེ་ཤེས་ཡིན། ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་སྦྱོར་རོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ། གསད་པའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་བཅོ་ལྔ་པའི་བཤད་པའོ།། །།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས ་བྱ་བ་ལ་སོགས་པ་ལ། མཚན་ཉིད་ལས་སྐྱེས་ཞེས་བྱ་བ་ནི། དེ་ཁོ་ན་ཉིད་ལ་སོགས་པའི་མཚན་ཉིད་ལས་ཆོས་ཉིད་ཀྱི་མཚན་ཉིད་སྐྱེས་པ་སྟེ། སྟོང་པ་ཉིད་ལས་སྟོང་པ་ཉིད་སྐྱེ་བའོ། །དེ་རང་གཉིས་སུ་མེད་པའི་བདེ་བ་ཆེན ་པོ་ཉིད་ཡིན་པའི་ཕྱིར། དེ་ཁོ་ན་ཉིད་ཅེས་བྱའོ། །དེ་ལྟར་མིན་ན་མི་མཐུན་ནོ། ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་ཐབས་ཁྱད་པར་ཅན་ལས་དོན་དམ་པའི་དེ་ཁོ་ན་ཉིད་འགྱུད?་བ་མ་ཡིན་ན། དྲིས་པ་དང་མཐུན་པར་མི་འགྱུར་ཏེ། སྔོན་བཞིན་ནོ།། ་ཅིའི་ཕྱིར་སྙམ་པ་ལ། དེའི་དོན་ནི་རང་རིག་པའི་བདག་ཉིད་ཕྱིར། ཞེས་བྱ་བ་ནི། སྟོང་པ་ཉིད་ཀྱི་ཡེ་ཤེས་ཚིག་དང་ཡི་གེ་ལས་འདས་པ་རྟག་ཏུ་ཤར་བའི་རང་བཞིན་ཐམས་ཅད་དུ་ཁྱབ་ན་ཡང། དེ་སྐད་དུ་ཡང་མཐོང་བ་ལ་སོགས ་པ་དང་བྲལ་བ། བརྗོད་པས་ཐོག་ཏུ་མི་ཕེབས་པའི་རང་རིག་པའི་ཡེ་ཤེས་ཀྱི་མཚན་ཉིད་དོ། །དེ་བས་བརྗོད་པར་མི་ནུས་སོ་ཞེས་བྱ་བ་ནི། དེ་ཉིད་ལ་སྤྲོས་པའི་མཚན་མ་ཐམས་ཅད་ཀྱི་བརྗོད་དུ་མེད་པའི་ཕྱིར་ཞེས་བྱའོ། །དེ་སྐད་དུ། རང་བཞིན ་ཡེ་ཤེས་ཚིག་དང་བྲལ། སྒྲ་ལ་སོགས་པའི་ཆོས་ཀྱིས་སྟོང། །བརྗོད་མེད་མ་སྐྱེས་མ་འགག་པ། །རང་རིག་པ་ཡི་བརྣག་ཉིད་དོ། ཞེས་གསུངས་སོ། །འོན་ཀྱང་ཀུན་རྫོབ་ཀྱི་ཐབས་ཀྱི་རིམ་པའི་མཚན་ཉིད་ནི་འདིའོ། །དེའི་ཁོའི་བདག་གསུམ་དེ་སྣང? ་བ། ཞེས་བྱ་བ་ལ་སོགས་པ་སྣང་བའི་ཡེ་ཤེས་བཞིའི་རིམ་པ་དང་སྦྱར་ཏེ། བཤད་ཅེས་བྱ་བའི་ཐ་ཚིག་གོ་།ཆ་དང་ཐིག་ལེ་དང་ནི་ཚུལ། །ཞེས་བྱ་བ་ལ་སོགས་ནི། འཁོར་ལོ་ལ་སོགས་པ་དང་སྦྱར་ནས་རྫོགས་པའི་རིམ་པའི་དོན་དུ་?། ་པ་ནི། དཔལ་རྒྱལ་པོ་ཆེན་པོ་ཨིནྡྲ་བྷཱུ་ཏི་སྤྲུལ་པའི་སྐུས་བཀའ་སྩལ་ཏེ། དེ་ཉིད་བླ་མ་ཆེན་པོ་ཡིན་པས་བདག་ཀྱང་དེ་ལ་བརྟེན་ཏེ་བཤད་པའོ། །ཇི་སྐད་དུ། དཔལ་ལྡན་ཡེ་ཤེས་ཐིག་ལེའི་རྒྱུད་ལས་ལུང་བསྟན་པ་འོག ་ནས་འབྱུང་སྟེ། དེ་ཉིད་ཀྱིས་མཛད་པའི་མན་ངག་གིས་འདིའི་དོན་ཁོང་དུ་ཆུད་པར་བྱའོ། །དེ་ཡང་དེ་ཁོ་ན་ཉིད་ཀྱི་སྒྲོན་མའི་རྒྱུད་ཀྱི་དོན་དང་འདི་ལ་དགོངས་ནས་མཛད་པ་ཡིན་པས་འདིར་དྲང་བར་བྱའོ། །ཞེས་གསུངས་པས། རྒྱུད ་རྣམས་སུ་རྒྱས་བཏབ་ནས་བཞུགས་བ་ནི། བླ་མའི་བཀའ་ལ་བརྟེན་ཏེ། སྒྲུབ་ཐབས་དང། འགྲེལ་པ་ལ་སོགས་པའི་མན་ངག་གི་ཐེ་ཚོམ་མེད་པར་དངོས་གྲུབ་རྙེད་པར་འགྱུར་བའི་ཕྱིར། བདག་གིས་ཀྱང་བླ་མ་དམ་པ་ཆེན་པོའི་མཛད ་པའི་མན་ངག་གི་གཞུང་འདིར་བཅུད་ཅིང་བླ་མ་དམ་པ་བརྟེན་པ་ཡིན་ནོ། །དངོས་པོ་རྟེན་ལ་སོགས་བྱེ་བྲག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བ་ཆེན་པོའི་རྒྱལ་པོ་རང་བཞིན་དགའ་བ་འདི་ནི་བརྗོད་པ་དང་བྲལ་བ་ཡིན་ན་ཡང། ་འབྲས?་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པའི་མཚན་ཉིད་ཀྱིས་གསུངས་སོ། །ད་ནི་འབྲས་བུའི་དོན་བཤད་དེ། ཀུན་རྫོབ་རྣམ་པའི་གཟུགས་ཀྱིས་ནི། ཞེས་བྱ་བ་ལ་སོགས་པ་ནི། ལོངས་སྤྱོད་རྫོགས་པ་ལ་སོགས་པའི་སྐུ་ཀུན་རྫོབ་ཀྱི ་བདེན་པའི་མཚན་ཉིད་ཅན་གཟུང་འཛིན་གྱི་རྣམ་པར་རྟོག་པ་ཇི་སྙེད་བ་ལས་གྲོལ་བ་ལ། བྱང་ཆུབ་སེམས་དཔའ་ལ་སོགས་པའི་སྦྱོང་ཡུལ་གྱི་གནས་སུ་གྱུར་པའོ། །ཆུའི་ཟླ་པ་བཞིན་དུ་མཐོང་ཞེས་བྱ་བ་ནི། ཇི་ལྟར་ཆུའི་ཟླ་བའི ་གཟུགས་བརྙན་ཅིག་ཤར་བས་ཆུའི་སྣོད་ཀྱི་བྱེ་བྲག་ཐ་དད་པ་རྣམས་སུ་སྣང་ཞིང་གསལ་བ་བཞིན་དུ། རྡོ་རྗེ་འཛིན་པས་ཀྱང་གཟུགས་ཀྱི་སྐུའི་བདག་ཉིད་ནི། རང་རང་གི་བསམ་པ་དང། མོས་པ་དང། ཇི་ལྟ་བ་བཞིན་དུ་གསལ་ཞིང ་མཐོང་ངོ། །འོན་ཀྱང་སྣོད་དང་ཆུལ་སྐྱོན་ཡོད་པའི་ཟླ་བ་ནི་དེ་ལྟ་མ་ཡིན་ཏེ། དེ་བཞིན་དུ། རྣལ་འབྱོར་པའི་སྣོད་ཀྱང་སྐྱོན་མེད་ཅིང་དག་པར་བྱའོ། །དེ་ཉིད་ནི་གཟུགས་ཀྱི་སྐུའི་རང་བཞིན་སྣོད་སྐྱོན་དང་བྲལ་བའི་བདག་ཉིད་ལ་སྣང་ངོ། །འདི་སྐད་དུ། ་ཇི་ལྟར་རི་བོད་ཅན་གྱི་གཟུགས། །སྐྱོན་མེད་ཆུ་ལ་སྣང་བ་བཞིན། །བདེ་ཆེན་རྣམ་རྟོག་བྲལ་བ་ཡང། རང་སེམས་དག་ལ་སོ་སོར་སྣང། ཞེས་གསུངས་པ་དང། ཡང་ཇི་ལྟར་ཟླ་བཤད་གྱུར་པ། ཚེ་མེད་གཟུགས་བརྙན་སྣང་བ་རྣམས།། ་དང་བའི་ཆུ་སྣོད་སྣང་འགྱུར་ཡང། །ཟླ་བའི་གཟུགས་ནི་གཉིས་འགྱུར་མེད། །དེ་བཞིན་ཆགས་འབྲལ་མཁྱེན་ལྡན་རྣམས། །ཆགས་མེད་རྣམ་པར་འཚད་རྒྱ་བ། །ཞིང་རྣམས་ཀུན་ལ་སོ་སོར་སྣང། །སངས་རྒྱས་ཉིད་ལ་གཉིས་ཀྱང་མེད། །ཅེས ་གསུངས་ལ། །དོན་དམ་པ་ཡི་བཞིན་ནོ། ཡང་དག་རྟོག་པའི་གནས་མེད་དེ། ཞེས་བྱ་བ་ནི། ཆོས་ཀྱི་སྐུ་སྤྲོས་པ་དང་བྲལ་བའི་མཚན་ཉིད་ནི་ཡང་དག་པ་འདི་ཡིན་ནོ། ཞེས་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མི་གཟིགས་པ་དེ། དོན་དམ་པར ་བསྟན་པ་ནི་ཡོད་པ་མ་ཡིན་ཏེ། དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་གསང་བ་ལས་ཀྱང་ཆེས་གསང་བ། སྐྱེ་བ་མེད་པ། འགག་པ་མེད་པ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དོ། །ད་ནི་དེ་ལ་སྒྲུབ་པའི་ཐབས་བཤད་དེ། ་ཐབས་ལ་སོགས་པའི་རིམ་པ་ཡིས། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ཡང་དེ་ཁོ་ན་ཉིད་གསུམ་གྱི་བདག་དང་ཞེས་བྱ་བ་ལ་སོགས་པ་ནི། རྒྱུ་དང་འབྲས་བུ་དང། ཐབས་ཀྱི་མཚན་ཉིད་སྔར་གོང་དུ་བཤད་ཀྱང་ཞེས་བྱ་བའི་དོན ་ཏོ། །འདིར་ཡང་རྒྱུའི་དོན་བཤད་པར་བྱ་བའི་ཕྱིར། དེ་ཁོ་ན་ཉིད་གསུམ་གྱི་བདག་ཉིད་ནི། ཀུན་བཞི་རྣམ་པར་ཤེས་པའི་རྣམ་པའོ། །ཞེས་བྱ་བ་ནི། རྣམ་པར་ཤེས་པ་གསུམ་གྱི་བདག་ཉིད་རྒྱུའོ?་རང་བཞིན། རྩ་བའི་རྣམ་བར་ཞེས་པ་ནི། ཀུན? ་གཞི་རྣམ་པར་ཤེས་པའི་ཡིད་ལ་སོགས་པའི་རྣམ་པར་ཤེས་པའི་བྱེ་བྲག་གི་རང་བཞིན་གྱིས་མཚན་ཉིད་རྣམ་པར་རིག་པ་ནི། རྣམ་པར་ཤེས་པའོ། །མང་པོའི་མཚན་ཉིད་གསལ་བ་གང་ཡིན་པ་དེ་ནི་རྣམ་པའོ།། ་ཡང་ན་ཀུན་གཞི་རྣམ་པར་ཤེས་པ་ནི། ལུས་ངག?་དག་ཡིག་གསུམ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ་།དེའི་དོན་གྱིས་གཞན་དག་ཀྱང་བཤད་པར་བྱ་བ་ཡིན་ནོ། །ཟླ་བ་བདེ་མཆོག་གི་རྣམ་པར་ཤེས་པའི་མཛའ་ཨི་ཚད་དོ།། ་ཞེས་བྱ་བ་ནི་ཚོགས་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་སོ། །བྱང་ཆུབ་སེམས་དཔའ་ཨི་རྒྱུའི་རང་བཞིན་ནོ། །རྣམ་པར་ཤེས་པ་ནི། གོང་དང་འོག་གི་ཁྱད་པར་གྱི་བདག་པོར་འགྱུར་ཏེ། ཤེས་ཤིང་རེག་པའོ། །མཛའ་ ་ནི་འཁོར་རྣམས་དང་གནས་ངང་བཅས་པ་ཞེས་བྱའོ། །ཚད་ནི་སྔར་བཤད་པ་རྣམས་དང། ཕྱིས་འབྱུང་བ་རྣམས་གཏན་ལ་ཕབ་པའི་ཚད་དོ། །ཕྱག་རྒྱ་ཆེན་པོ་ནི་ཡིད་ཀྱི་རྣམ་པར་ཤེས་པ། རང་གི་ངོ་བོ་ཞེས་བྱ་བ་ནི། ཡིད ་ཉིད་གཙོ་བོར་གསུངས་པ་ཡིན་ཏེ། སྒྲུབ་པ་དང། བསྒྲུབ་པ་པོ་དང། བསྒྲུབ་བར་བྱ་བ་ཐམས་ཅད་ཡིད་ཀྱི་ཆོ་འཕྲུལ་གྱིས་བྱེད་དོ། །སྣང་བ་ནི། བདག་པོ་ཕྱག་རྒྱ་ཆེན་པོའི་ངོ་བོ་གྲུབ་པས་ཀུན་རྫོབ་དང་མཐུན་བར་སྣང་བའི་ཡེ ་ཤེས་སོ། །རང་གི་ངོ་བོ་ནི་དེ་རང་ཐམས་ཅད་ཀྱི་ངོ་བོ་གྲུབ་པ་ཡིན་ནོ། །དེ་རྣམས་ནི་ཀུན་གཞི་ནི་རྒྱུ་ལ། གཞན་དག་ནི་འབྲས་བུ་ཡིན་པ་དང། ཀུན་རྫོབ་ཀྱི་གནས་ཐབས་ནི། སེམས་ཅན་རྣམས་ལ་རྒྱུའི་བདག་ཉིད་དུ་གནས་པ ་ལས། འབྲས་བུ་འབྱུང་བའི་མཐུ་དང་ལྡན་པར་ཡོད་དོ། །དེ་སྐད་དུ། དེ་ཉིད་གསུམ་དག་རྒྱུར་ནི་གྲགས། ཟླ་བ་ལ་སོགས་འབྲས་བདག་ཉིད། ཅེས་བྱ་བ་དང། ཡང་དག་མཛའ་དང་རྣམ་པར་ཤེས། །ཆུ་ཡི་ཟླ་བ་བཞིན་དུ་མཐོང ་ཞེས་གསུངས་པ་དང། སེམས་ཅན་སངས་རྒྱས་རང་བཞིན་པས། །འོན་ཀྱང་བློ་བུར་དྲི་མས་ཁྱབ། །དེ་སྤངས་ན་ནི་སངས་རྒྱས་ཉིད། །ངེས་པར་ཡིན་པར་ཐེ་ཚོམ་མེད། ཅེས་གསུངས་སོ། །ད་ནི་དེ་རང་ཉིད་ཀྱི་དོན་དམ་པའི་མཚན་ཉིད་བཤད ་དེ། དེའི་མཛའ་ལ་རྣམ་བ་མེད་པའི་རྣམ་པར་ཤེས་པ་ནམ་མཁའ་། །ཞེས་བྱ་བ་ནི། རང་བཞིན་གྱིས་སྟེང་པ་ཉིད་དཔེ་ནམ་མཁས་ཀྱང་གཞལ་དུ་མེད་པ། སྟོང་པ་ཉིད་ཀྱི་ཡེ་ཤེས་སྤྲོས་པ་དང་བྲལ་བའོ། །ཡང་ན་སྤྲུལ་པ་དང་ཞེས་བྱ་བ་ལ་སོགས ་པ་ནི། སེམས་ཅན་ལ་རྩའི་འཁོར་ལོ་རྣམས་རང་བཞིན་དུ་གནས་པའི་ཕྱིར། དེ་ཁོ་ན་ཉིད་གསུམ་ལ་སོགས་པའི་རིམ་པ་བཞིན་སྦྱར་བའི་དོན་ནི་དེར་བཤད་པ་ཡིན་ནོ། །ཡང་ན་རྩ་བཞིའི་དོན་དུ། རྣམ་པ་ལ་སོགས་ཤེས་པར་བྱའོ། ཞེས ་བྱ་བ་ནི། འདི་ཡང་རང་བཞིན་གྱིས་གནས་པ་སྟེ། འོ་ན་སྲོག་མ་ནི་དེ་ཁོ་ན་ཉིད་གསུམ་གྱི་བདག་ཉིད་ཀྱི་རྣམ་པའོ། །འཛིན་པ་ནི་ཟླ་བ་བདེ་མཆོག་གི་མཚན་ཉིད་དོ། །རོ་མ་ནི་ཕྱག་རྒྱ་ཆེན་པོའི་ངོ་བོའོ། །རྟོག་མེད་མ་ནི་རྣམ་པ་ལ ་སོགས་པ་བྲལ་བའི་མཛའ་རང་བཞིན་ནོ། །སེམས་ཅན་རྣམས་ལ་རྩའི་འཁོར་ལོ་དང། རྣམ་པར་ཤེས་པ་རྣམས་དང། རྩ་བཞི་པོ་དང་ལྡན་པའི་ཕྱིར། རྒྱུའི་དཔལ་ཡེ་ཤེས་ཐིག་ལེར་བཤད་པ་དང། ལྷག་མ་ཡང་སྔོན་བཞིན་དུ ་ཤེས་པར་བྱའོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ། གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ། ལེའུ་བཅུ་དྲུག་པའི་བཤད་པའོ།། །།སྦྱོར་བ་དྲུག་ལ་སོགས་པའི་དོན་གྱིས་རང་བཞིན་དགའ་བ་མཆོག་གི་ནམ་མཁའ་ཨི ་བདག་ཉིད་ཀྱི་དོན་གསུངས་པ། དེ་ནས་ལྷ་མོར་བཅུ་དགྱེས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དུར་ཁྲོད་ལ་སོགས་པའི་དོན་ཞེས་བྱ་བ་ནི། དུར་ཁྲོད་དང། ཤིང་དང། ལྷ་མོ་དང། རྩ་ལ་སོགས་པའི་དོན་བཅོམ་ལྡན་འདས་ ་ཉིད་ལ་ངེས་པར་ཞུ་བའི་དོན་ཏོ། །མི་ཟད་འདིར་ནི་རྣམ་པར་ཁྱབ། ཅེས་བྱ་བ་ནི། རུས་པ་ལ་སོགས་པ་རབ་བཀྲམ་ཁྱབ། ཅེས་བྱ་བའི་བར་གྱིས་ནི། ཕྱིའི་དུར་ཁྲོད་དང། ནང་གི་ཡང་བཤད་པ་ཡིན་ནོ། །གསང ་བའི་ངེས་པའི་དོན་གྱི་དུར་ཁྲོད་ནི། ག་བུར་གཞན་མིན་ཞེས་བྱ་བ་ལ་སོགས་པའི་དོན་གྱིས་བཤད་དོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་བདག་མེད་པར་སྟོན་པའི་ཕྱིར། དུར་ཁྲོད་ཀྱི་དངོས་པོ་བཤད་པ་ཡིན་ནོ། །དེ་ཡང ་ཕྱིའི་དོན་རང་ལས་རྫོགས་པའི་བདག་ཉིད་དུ་བཤད་པ་ནི། ནད་དང་གསང་བའི་དུར་ཁྲོད་དེ། དེ་བཞིན་དུ་དཔལ་ཡེ་ཤེས་ཐིག་ལེའི་རྒྱུད་འདིའི་དོན་བཤད་པས་སྒོམ་པ་པོ་དང། བསྒོམ་པ་དང། བསྒོམ་པར་བྱ་བའི་དོན་དམ ་པའི་ཕྱོགས་སུ་དབྱེར་མེད་པའི་རང་བཞིན་ཉིད་ཡིན་ཏེ། འོན་ཀྱང་ཀུན་རྫོབ་ཐབས་ཀྱི་བྱེ་བྲག་ཏུ་སྒོམ་པ་པོ་དང། བསྒོམ་པ་དང། བསྒོམ་པར་བྱ་བ་ནི་མི་སྣང་ངོ། །དེའི་ཕྱིར་རྒྱུའི་བདག་ཉིད་ཀྱི་དཔལ་ཡེ་ཤེས་ཐིག་ལེའི་ལ་སོགས ་པ་གསུངས་སོ། །དེ་བཞིན་དུ་ཤིང་ལ་སོགས་པའི་དངོས་པོ་ཐམས་ཅད་ཀྱང་བཤད་པའོ། །འོན་ཀྱང་འདིར་བཤད་པ། འདི་ལ་རྩ་བའི་འཁོར་ལོའི་ལྟེ་བར་སྲོག་རྩ་དང་ལྷན་ཅིག་ཅེས་བྱ་བ་ལ་སོགས་པ་ལ། དེའི་དོན་ནི་འདི ་ཡིན་ཏེ། སྲོག་རྩའི་ནང་དུ་འགྲོ་བ་ནི་གསུམ་སྟེ། འཇུག་པ་དང། གནས་པ་དང་འགྲོ་བ་གྲུབ་པར་བྱེད་པའོ། །འོད་ཀྱི་བདག་ཉིད་གཏུམ་མོ་འཇུག་པར་བྱེད། གཟུང་འཛིན་དང་བྲལ་བ་རྟོག་མེད་མ་གནས་པར་བྱེད། ཡེ་ཤེས་ཀྱི ་རང་བཞིན་བྱ་གདོང་མ་འགྲོ་བར་བྱེད། ཡང་ན་གཡས་ཕྱོགས་ཀྱི་རོ་ཅན་མ་འགྲོ་བར་བྱེད། གཡོན་གྱི་འཛིན་མ་འདུག་པར་བྱེད། དབུས་སུ་གནས་པའི་རྟོག་མེད་མ་བྱང་ཆུབ་ཀྱི་སེམས་གནས་པར་བྱེད་དོ། །དེས་ནི་དགའ་ ་པ་བཞིའི་གནས་ཀྱང་བསྟན་ཏོ། །དངོས་པོ་ནི། ཐོག་མའི་སྐུའི་མཚན་ཉིད་དེ། དེ་བཞིན་དུ་དབུས་དང་ཐ་མའི་གསུང་དང་ཐུགས་ཀྱང་ཡེ་ཤེས་སོ། །རྣམ་པར་འབྱེད་པ་ནི། གསུམ་གྱི་བདག་ཉིད་རྟོག་མེད་མའི་ངོ་བོ་རང་བཞིན་དགའ་བའི ་མཚན་ཉིད་དོ། །དེ་སྐད་དུ། གསུམ་གྱི་དངོས་པོ་གསུམ་བདག་ཉིད། ཐོག་མ་ཐ་མ་རྣམ་པར་འབྱེད། རྩ་དད་དགའ་བདག་ཉིད་སྐྱེ་མེད། དེའི་ཕྱིར་རྟོག་མེད་རང་བཞིན་དགའ་ཞེས་གསུངས་སོ། །ཞལ་བཟང་མ་ཞེས་བྱ་བ་ནི། བཅོམ ་ལྡན་འདས་མ་ལ་བོས་ནས་ངེས་པའི་དོན་ལ་བསྟན་པའོ། །དེར་ཤེས་པར་བྱ། ཞེས་བྱ་བ་ནི། རྩ་བཞི་པོའི་དོན་གྱིས། རྩ་རྣམས་ཐམས་ཅད་ཀྱི་དོན་ཤེས་པར་འགྱུར་བའོ། །ཡང་ཁ་ཅིག་ཡང་དག་པའི་མན་ངག་དང ་བྲལ་བས་དྲང་བའི་དོན་གྱི་རྗེས་སུ་འབྲངས་ནས། རྩའི་མན་ངག་གི་ཡེ་ཤེས་ལ་སྐུར་བ་འདེབས་པར་འགྱུར་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་ཐུན་མོང་གི་མན་ངག་ཙམ་ལ་བརྟན་ནས་ཉམས་སུ་མྱོང་བ་མེད་པའི་ཕྱིར་ན། མཁས ་པ་རྣམས་ནི་དེ་དག་ལ་ཡིད་ཆེས་པར་མི་འགྱུར་རོ། །དེའི་རྟོག་པ་དེ་བསལ་བའི་ཕྱིར། འདིར་ཡང་གསུངས་པ། ཤར་དང་ནུབ་པའི་དུས་སུ་རྩའི་འཁོར་ལོ་འབྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ད་ནི་རྣལ་འབྱོར་གྱི་དབང་ཕྱུག་གི་དོན ་བཤད་དེ། ཡི་དང་མཐུན་པའི་རང་གནས་སུ། ཞེས་བྱ་བ་ལ་སོགས་པ། རྣལ་འབྱོར་པའི་སྤྱོད་པ་དང་མཐུན་པའི་གནས་གང་ཡང་རུང་དེར་སྒྲུབ་པ་པོ་ཡིད་འཇུག་པས་ནའོ། །གཞན་གྱི་གནས་ཏེ། ཕྱི?་ལ་སོགས་པ་དང། བྲལ ་པའི་གནས་ནི་རང་གི་གནས་རང་ཁྱིམ་ཞེས་བརྡའི་དོན་ཏེ། །སྐྱོན་ནི་འབྱུང་བོ་ལ་སོགས་པའི་བར་ཆད་བྱེད་པའི་དངོས་པོ་རྣམས་སྤང་ཞེས་བྱ་བའི་ཐ་ཚིག་གོ་།ཐམས་ཅད་ནི་རྒྱལ་པོ་དང། མུ་སྟེགས་དང། ཆོམ་རྐུན་ལ་སོགས ་པ་རྣམས་མེད་པར་བྱ་བའི་དོན་ཏོ། །ཡང་རྣམ་པར་རྟོག་པའི་མཚན་ཉིད་རྣམས་སྐྱོན་ཏེ། འདི་རྣམས་ཀྱིས་རྣལ་འབྱོར་པ་ལ་གནོད་པར་མི་འགྱུར་བ་ནི། སྐྱོན་ཐམས་ཅད་དང་བྲལ་བའོ། །རྟོག་པ་དང་བཅས་པའི་ཐ་ཆད ་པར་འགྱུར་བའི་རང་བཞིན་ནི་སྲ་པའོ། །སྤངས་པ་ནི་ཉིད་ཀྱིས་སྤྱོད་པ་ལ་དབེན་པའི་ཐབས་ཀྱི་བྱེ་བྲག་གི་དེ་སྤངས་པའི་དོན་ཏོ། །ཡེ་ཤེས་དང་ལྡན་པའི་སྐུའི་བདག་ཉིད་དུ་གནས་པའི་ལུས་པོ་ཡིས་ཞེས་བྱ་བའོ། །ཕྱིན་ཅི་ལོག་གི་རྣམ་པར ་རྟོག་པའི་རྦ་རླབས་གཡེང་པའི་ཕྱིར་ན་རླབས་སོ། །གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྒྱ་མཚོ་གསལ་བའི་སྤྱོད་པ་ནི་བདེ་བའོ། །བདེ་བའི་སྟན་ཞེས་བྱ་བ་ནི། བདེ་བ་ཆེན་པོ་ཐོབ་བར་བྱེད་པའི་རྒྱུ་ནི། སྟན་འཇམ་པ་ལ་སོགས་པ ་ཡིན་པས། པདྨ་ལ་སོགས་པས་མཚོན་པ་ཡིན་པས་འདི་སྐད་དུ། འདིར་ནི་དགའ་བའི་གདན་བཤམས་ཏེ། །སྣ་ཚོགས་པདྨ་རས་ཀྱིས་གཡོགས། །སྟན་དེ་དག་ནི་ཐམས་ཅད་ལ། །ཇི་ལྟར་གནས་པ་བཞིན་དུ་དགོད། ཅེས ་གསུངས་སོ། །ལྟེ་བའི་དབུས་ན་ཡོད་པའི་ཚུལ་ཞེས་བྱ་བ་ནི། སྤྲུལ་པའི་འཁོར་ལོའི་ལྟེ་བའི་གསུང་རྡོ་རྗེའི་ས་བོན། བདག་མེད་པའི་རྒྱུ་ཞེས་བྱ་བའི་མཚན་ཉིད་ཅན་ཤེས་རབ་མའི་དོན་ཏོ། །ལྟེ་བ་ནི་གཉིས་ཏེ། དེ་ཉིད་སྤྲུལ ་པའི་འཁོར་ལོར་གཏུམ་མོའི་བདག་ཉིད་དོ། །ཧཱུཾ་གི་ཡིག་འབྲུ་ནི། ཆོས་ཀྱི་འཁོར་ལོར་ལྟེ་བར་བཞུགས་པ། ཐུགས་རྡོ་རྗེའི་ས་བོན་ཐབས་ཀྱི་མཚན་ཉིད་ཅན་བསྐྱོད་པའི་ལས་འགྱིད་པའི་ཕྱིར། དྲག་པོ་ཆེན་པོར་གྲགས་?། ་འདིར་ཡང་སྔར་བཞིན་དབྱེའོ། །ཐབས་དང་ཤེས་རབ་བཅོམ་ལྡན་འདས་དཔལ་ཡེ་ཤེས་ཐིག་ལེ་དང། ཡུམ་ཕྱག་རྒྱ་ཆེན་མོའི་རང་བཞིན་ལས་ཀྱི་རླུང་གིས་དམ་ཚིག་གི་བདག་ཉིད་སྐྱོང?་པ་ནི། རྣམ་པར་རྟོག་པ་དང་?་བ། ་བསྐལ་པའི་མེ་འོད་དང་མཉམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དབུས་ན་གང་ཞིག་འཁོར་ལོ་ཡོད་ཅེས་བྱ་བ་ནི། བདེ་བ་ཆེན་པོའི་འཁོར་ལོའི་པདྨ་སུམ་ཅུ་རྩ་གཉིས་ཀྱི་ལྟེ་བར། བདེ་བ་ཆེན་པོའི་སྐུའི་ས་བོན་དང། སྐུ་དང། ་གསུང་དང། ཐུགས་དང། དབྱེར་མེད་པའི་རང་བཞིན་དུ་གནས་སོ། །སྲོག་གི་རླུང་དང། ཉེ་བའི་སྲོག་དང་ཚིམ་བྱེད་ཀྱི་རླུང་དང། དེ་གསུམ་དབྱེར་མེད་པར་གནས་པ་ནི། སྲོག་གི་རླུང་གི་རང་གི་ངོ་བོ་ཞེས་སོ། །བདེ་བའི་བྱང་ཆུབ་ཀྱི ་སེམས་འབབ་པ་ནི་དེའི་ཡོན་ཏན་གྱིས་སྙིང་གར་འོངས་ནས་སོ། །མཚན་མའི་རྟགས་མ་བྱུང་བ་ཇི་སྲིད་པ་དེ་སྲིད་ཀྱི་བར་དུ་གནས་པ་དེ་ནི་གནས་སུའོ། །དེའི་ཕྱིར་རྟག་དུའོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འོན་ཡང་བླ་མའི ་ཞལ་ནས་ཞལ་དུ་རྒྱུད་པའི་བཤད་པར། དེ་ནས་ཨོཾ་ཡིག་རང་ངོར་གྲགས། ཞེས་བྱ་བ་ནི། ཀུན་རྫོབ་དང། དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྐུ་གསུམ་དབྱེར་མེད་པའི་རང་བཞིན་བདེ་བ་ཆེན་པོའི་སྐུ་དང་བཅས་པའོ། །དེ་ནི་འདི་སྐད ་སྟོན་ཏོ། །སྔགས་དང་དབྱིབས་དང་ཆོས་བདག་ཉིད། སྦྱོར་བ་རྣམ་པ་གསུམ་དུ་འདོད། ཅེས་བྱ་བ་དང། ཁ་དོག་དབྱིབས་ནི་སྤྲུལ་པའི་སྐུ། སྔགས་ནི་ལོངས་སྤྱོད་རྫོགས་པའི་སྐུ། ཆོས་ཀྱི་རང་བཞིན་ཆོས་ཀྱི་སྐུ། དབྱེར་མེད་སྐུ་ནི་བདེ་ཆེན ་པོ། །ཞེས་གསུངས་སོ། །སྐུ་དེ་དག་གི་རྒྱལ་པོ་བདེ་བ་ཆེན་པོ་འདི་རྡོ་རྗེ་འཛིན་ཉིད་རྣམ་པར་ཤེས་པའི་བདག་ཉིད་བྱང་ཆུབ་སེམས་ཀྱི་ཡེ་ཤེས་སྤྲོས་པ་དང་བྲལ་བར་འགྱུར་བ་འདི་ཡོད་པས་ན། རྣམ་པར་ཤེས་པ་?་ཉིད་དུ? ་བཤད་དོ། །རང?་ན་ཀུན་གཞི་རྣམ་པར་ཤེས་པ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་ཐིམ་པའོ། །ཉོན་མོངས་པ་ཅན་གྱི་ཡིད་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས། ཡིད་ཀྱི་རྣམ་པར་ཤེས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས། ཚོགས་ཀྱི་རྣམ་པར་ཤེས་པ ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས། དེ་རྣམས་ཀུན་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། བླ་མའི་ཞལ་ནས་རྣམ་པར་ཤེས་པ་ནི། ཡེ་ཤེས་ལྔའི་རང་བཞིན། དེ་ནི་སྐུ་གསུམ་གྱི་བདག་ཉིད་བདེ་བ་ཆེན་པོའི་སྐུ་གཉིས་སུ་མེད་པའི་ཡེ ་ཤེས་སུ་གནས་ཀྱང་བསམ་གཏན་པ་ལས་དང་པོ་པས་ནམ་མཁའ་ཨི་ཟླ་བ་བཞིན་མཐོང་བར་མི་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། རང་གི་རྣམ་པར་རྟོག་པ་མ་དག་པའི་ཕྱིར། མི་མཐོང་ངོ་ཞེས་བཀའ་སྩལ་ཏོ། །སྲོག་དང་རྡུབ་པ་འགོག་པ་ཡིས། ་ཞེས་བྱ་བ་ལ་སོགས་པ་ལ། སྲོག་ནི་ཕྱིར་རྒྱུ་བའི་རླུང་དང། ནང་དུ་རྒྱུ་བའི་རང་བཞིན་ནི་རྡུབ་པ། འགོག་པ་ནི་མཉམ་པར་གནས་པའི་དུས་བསམ་དུ་མེད་པའི་དོན་ཏོ། །དེ་དག་ནི་བཟང་པོའི་དུས་འོ་མའི་རྒྱུན་བཞིན་འབབ་བ་དང། ངན་པའི ་དུས་མེའི་གཟུགས་ཀྱི་འགྲོ་བ་དང། གཉི་ག་མེད་པའི་དུས་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་བསམ་དུ་མེད་པར་མཉམ་པ་དང། ཞེས་པའི་དོན་ཏོ། །སྲོག་དང་རྡུབ་པ་བཟང་བ་གསོལ། ཞེས་བྱ་བ་ལ་སོགས?་པ་གོ་སླའོ། །དེ་རྣམས་རྣལ་འབྱོར ་དབང་ཞེས་བྱ་བ་ལ་སོགས་པ་ནི། རྫོགས་པའི་རིམ་པའི་དོན་གྱིས་བླ་མ་ཉིད་ཀྱི་བཞེད་གཞུང་གི་མན་ངག་རྒྱུད་པའི་མན་ངག་རིམ་པ་ཐོབ་པས་བཤད་ཅིང་ཤེས་པར་འགྱུར་གྱི། སྒྲ་ཚད་ལ་སོགས་པ་ལ་བློ་ཞེན་པ་ཡིས་འདིར་ནི་མ་ཡིན ་ཞེས་འབྲེལ་བའོ། །དེའི་ཕྱིར་བླ་མ་མཉེས་པར་བྱ་བ་ཞེས་སོ། །འདིར་བཤད་པ་གང་ཞིག་ཉེར་འགྲོའི་བསམ་གཏན་ནི། དེ་ནི་ཟླ་བ་ཕྱེན་དུ་བྱེད། ཡང་ན་ཚངས་བཞི་རྣམ་དབྱེ་བྱས། རྣམ་པར་ཤེས་ལ་གཤེགས་པར་གསོལ། ཞེས ་གསུངས་སོ། །དེ་བཞིན་དུ་གཞུང་གཉིས་སུ་བསྟན་ཅིང་བཤད་དོ། །འདི་ལྟ་བུའི་འདུས་པའི་སའི་དུས་ཁྲོད་ཆེན་པོ་ཞེས་བྱ་བ་ནི། གནས་འདིར་མཁའ་འགྲོ་མ་ལ་སོགས་པ་དམ་ཚིག་ཐམས་ཅད་འདུ་ཞིང་ཉོན་མོངས་པའི་བགེགས ་འབྱུང་པོ་རྣམས་རླག་པར་བྱེད་པ་བདག་དང་དུར་ཁྲོད་ཆེན་པོ་མཚན་ཉིད་དོ། །འཁོར་བའི་ཆོས་ཕུང་པོ་ལ་སོགས་པ་དང། མྱ་ངན་ལས་འདས་པའི་ཆོས་དེ་བཞིན་གཤེགས་པའི་ཡོན་ཏན་དཔག་ཏུ་མེད་པ་ཐམས་ཅད་འབྱུང་བའི་ཆོས་མཐུན ་པའི་ཕྱིར། ཆོས་ཀྱི་འབྱུང་གནས་ཀྱི་ཕྱིར། ཞེས་བྱ་བ་ནི། གནས་ཁྱད་པར་འདིའི་ཡོན་ཏན་གྱིས། གྲངས་མེད་པའི་རྣལ་འབྱོར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ཅེས་བྱ་བ་ལ་སོགས་པ་སྒྲ་ཇི་བཞིན་པར་གསུངས་སོ། །དཔལ་ཡེ་ཤེས ་ཐིག་ལེའི་དཀའ་འགྲེལ། གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་བཅུ་བདུན་པའི་བཤད་པའོ།། །།ཡང་བཅོམ་ལྡན་མོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྲོག་གི་དབྱུག་པའི་གང་ཞིག་སྟེ། ཞེས་བྱ་བ་ལ་སོགས་པ་ལ། སྲོག ་གི་དབྱུག་པ་ནི། དབུས་ཀྱི་སྲོག་རྩ་ནི་ཀུན་གྱི་སྟེང་གི་དངོས་པོ་?་བའི་གཟུགས་སུ་གནས་པའོ། །མགྲིན་པའི་སྟེང་ནས་ཡང་ནི། རང་ཉིད་ཀྱིས་སོར་གྱིས་གཞལ་ན་སོར་བཅུ་གཉིས་ཏེ། སྤྱི་བོའི་གཙུག་ནས་མགྲིན་པའི་སྟེང་གི་བར་དུ་ཆ་ཕྲ་བ་ཙམ ་སྡེ་མདུད་པ་མེད་ཅེས་གྲགས་པས་ན། གང་ཞིག་སྟེང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འོག་གི་ཆ་ནི་བཅུ་གཉིས་ཕྱེད་ཅེས་བྱ་བ་ནི། སྤྲུལ་བའི་གནས་ཐབས་དང་ཤེས་རབ་ཀྱིས་རྡོ་རྗེ་དང་པདྨའི་ཆེད་ནི་སོར་དྲུག་ཏུ་བཤད་དེ། འོན་ཀྱང་? ་པའི་མ་ཡིན་པའི་ཚད་ནི་འདིར་མ་བཤད་དོ། །དེ་བཞིན་ཞེས་བྱ་བ་ནི། མདུད་པ་དང་གྲངས་གྱི་རིམ་པ་བསྟན་པ་ལ་བརྙག་གོ་།འཁོར་བ་དང་མྱ་ངན་ལས་འདས་པའི་མཚན་ཉིད་སྤྲུལ་བས་ཏེ། སྤྲུལ་པའི་གནས་ཀྱི་འཁོར་ལོའོ། །རྩའི་པདྨ ་གོས་པ་མེད་པའི་དོན་དང་ལྡན་པ་ནི། པདྨའི་འདབ་མའི་རིམ་པའི་གྲངས་སོ། །དེ་ཡང་རྣལ་འབྱོར་དང་ལྡན་པའོ། །འདི་ནི་འདབ་མ་དྲུག་ཅུ་རྩ་བཞི་དང་བརྒྱད་དང། གསུམ་པའི་དོན་ནི་དྲུག་གི་ཕྱེད་དོ། །དེ་ཉིད་ཀྱི་གནས་བགྱིད་པའི་ཕྱིར་།སྤྱན ་འདྲ་པདྨ་ཞེས་བྱ་བ་སྟེ། འདི་ནི་འདབ་མ་གསུམ་པའི་ལྟེ་བ་དང་བཅས་པའི་བདག་ཉིད་ཡེ་ཤེས་ཀྱི་སྤྱན་སྙིང་པོར་བཤད་དོ། །སྲོག་པ་རྩའི་སྙིང་པོ་འདི་རྩ་བ་དེ་དང་ཐམས་ཅད་བཅས་པ་ནི། འཛིན་མ་དང། རོ་མ་དང། ་རྟོག་མེད་པ་ཞེས་བྱ་བའི་ཐ་ཚིག་གོ་།ལྟེ་ནང་དུ་ཞེས་བྱ་བ་ནི། འཁོར་ལོ་རྣམས་ཀྱི་ལྟེ་བའི་བདག་ཉིད་སྲོག་རྩ་དེའི་ནང་ན་གསུམ་པའོ། །ཆོས་རྣམས་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་སྣང་བ་བདེ་བ་ཆེན་པོའི་རྒྱུ་ཡིས། རྩ་བ ་ཉིད་དུ་སྐུ་རྟག་ཏུ་རྟོག་མེད་མ་དང་ལྡན་པའི་དོན་གྱིས་ཚངས་པ་ནི་དབྱུག་པར་བཤད་པའོ། །དེ་ཉིད་ཀྱི་རང་བཞིན་རྩ་བ་རྩ་བའི་ནང་འོངས་ནས། ཤེས་བྱ་བའོ། །པདྨའི་འདབ་མ་གསུམ་ལ་སོགས་པ་སྤྲུལ་པའི་འཁོར་ལོར་གནས ་རོག་བྱ་དང་བྲལ་པའི་འདབ་མའོ། །སྐེ་རུ་བཅར་ཏེ་གནས་ཞེས་བྱ་བ་ནི། རྩ་གསུམ་པོའི་འདབ་མའི་སྐེར་སྲོག་རྩ་བཅར?་ནས་པདྨ་ནི། གནས་དང་གནས་པའི་ཚུལ་དུ་འཁྱུད་པའི་དངོས་པོར་གནས་པའོ། །གུག་པའི་རྣམ ་པའི་ངོ་བོར་གྲགས་ཞེས་བྱ་བ་ནི། འདབ་མ་བརྒྱད་པའི་ནང་དུ་འདབ་མ་གསུམ་པའོ། །དེའི་ནང་ན་གནས་པའི་ལྟེ་བ་བྱ་གདོང་མ་དང་བཅས་པའི་གུག་པའི་ཞེས་འཁྱུད་པའི་མཚན་ཉིད་ཅན་བཞི་བྱེད་པའོ། །བུ་ག་ཕྲ་མོས ་ནང་ནས་ལྡན་ཞེས་བྱ་བ་ནི། སྲོག་མའི་བདག་ཉིད་རྩ་གསུམ་དང་བཅས་ནས། ཡར་རྟོག་མེད་མ་ཤིན་ཏུ་ཆ་ཕྲ་པའི་སྡོང་བུ་དང་བཅས་པ་སའི་མྱུ་གུའི་རྣམ་པ་རྒྱུ་དང། འབྲས་བུའི་དབྱེ་བས་སོ། །དེ་ནི་སྲོག་པ་རྩ་ནི་ཉིད། ་ཁམས་གསུམ་དུ་ནི་རྟེན་ཡིན་ནོ། ཞེས་བྱ་བ་ནི། སྲོག་པ་རྩ་འདི་འདོད་ཁམས་ལ་སོགས་པའི་བདག་ཀྱི་རྟེན་འདི་རང་ཁམས་གསུམ་གྱི་སྒྲ་ནི། ལུས་ལ་སོགས་པ་འཛིན་མ་དང། རོ་མ་དང། རྟོག་མེད་མེའི ་རྟེན། ཡང་ན་དགའ་བ་གསུམ་གྱི་རྟེན་བྱེད་པ་ཡིན་ནོ། །རྒྱུ་དང་འབྲས་བུ་གཉིས་མེད་ཀྱིས། ཞེས་བྱ་བ་ནི་སྲོག་པ་དང་མྱ་ངན་ལས་འདས་པའི་རྒྱུ་འབྲས་སོ་སོར་བདེ་བའི་དོན་གཉིས་སུ་མེད་པའི་ཡེ་ཤེས་སྤྲོས་པ་དང་བྲལ་བའི་རང ་བཞིན་དགའ་བས་རྩ་བ་འབྲས་བུ་རྒྱ་ཡིས་བཏབ། ཅེས་གསུངས་སོ། །ཡང་ན་རྒྱུ་རྩ་བའི་དངོས་པོ་འབྲས་བུ་མཁའ་འགྲོ་མའི་མཚན་ཉིད་དེ་དག་རྣམས་དབྱེར་མེད་པའི་རང་བཞིན་གྱིས་ཡེ་ཤེས་སྤྲོས་པ་དང་བྲལ་བའི་བདེ་བ་ཆེན ་པོས?་རྒྱས་བཏབ་པའོ། །དྲུག་ཕྱེད?་རྩ། བ་དང་ལྡན་ནི་ཞེས་བྱ་བ་ལ་སོགས་པ་ནི། རྩ་བཞི་པོའི་དབྱིབས་འདི་ལ་རྟེན་པས་བཅོམ་ལྡན་འདས་དཔལ་ཡེ་ཤེས་ཐིག་ལེའི་འགྲུབ་པར་གྱུར་པའི་ཕྱིར། སྔར་བཤད་པ་བཞིན་ནོ། །རྩ་བ ་གསུམ་དབྱེ་ནི་འཁོར་བའི་མཚན་ཉིད་ཅན་སྤྲུལ་པའི་སྐུའི་བསྐྱེད་རིམས་ཀྱི་སྐབས་སུ་རྩ་གསུམ་སྐྱེ། དེ་ནས་སྲོག་པ་རྩ་ཆགས། དེ་ནས་རྩ་གཞན་རིམས་ཀྱི་སྐྱེ་ཞེས་བཅོམ་ལྡན་འདས་ཡུམ་ལ་བཀའ་སྩལ་ཏེ། །གཞན་ན་རེ་རྩ་པ་ནི་སྲོག ་བ?་རྩ་ཡིན། གསུམ་དུ་དབྱེ་བ་ནི་འདབ་མ་གསུམ་པའི་དེ་བཞིན་རྩ་གསུམ་དེ་རང་འབྲས་བུ་ཡིན་ཟེར་རོ། །ཕན་ཚུན་འབྲེལ་བར་གཅིག་དང་གསུམ་དུ་བཤད་པ་ནི་འཇུག་པ་དང་ལྡན་པའི་རིམ་པས་རྒྱུ་དང་འབྲས་བུ་མཐུན་པར་གསུམ ་གསུམ་ནི། འབྲས་བུ་ཡང་དེ་བཞིན་ཡོད་དོ། །རྩ་བའི་འབྲས་བུ་ལ་སོགས་པ་ནི། སྔོན་དུ་བསྟན་པའི་སོར་དྲུག་པའི་དངོས་ཀྱི་གནས་བཤད་པའོ། །དེ་ཉིད་ནི་རྟོག་པའི་མཚན་ཉིད་འཇོམས་པའི་གནས་རྩུབ?་པ་མ་ཡིན་པའི་ཕྱིར། འཇམ ་པའི་རྟོག་པ་ཅན་གྱི་སྤྱོད་ཡུལ་མ་ཡིན་པས་གཟུང་བར་དཀའ་བའི་ཕྱིར་ཕྲ་བ། བདེ་བ་ཆེན་པོའི་འཁོར་ལོའི་མཛའ་ནས་གསད་བའི་རིན་པོ་ཆེའི་གནས་སུ་ཁྱབ་པས་ནི། རིན་ཆེན་ཁ་ནང་ཡན་ཆད་དེའོ། །གཞན་ན་དེ་རྡོ་རྗེ་ལ་སོར་དྲུག་ནི ་རིན་པོ་ཆེ་ལ་སོར་གཉིས་དེའི་ཕྱིར། རིན་ཆེན་ཁ་ནང་ཡན་ཆད་དོ། །ཞེས་ཟེར་རོ། །དེ་ནི་ཕྲ་བ་དང་འཇམ་པའི་གནས་སོ། །འདི་སྐད་དུ། སློབ་དཔོན་ཁ་ཅིག་གི་གཞུང་ལས་ཕྲ་བ་དང་འཇམ་པའི། འདི་སྐད་དུ། ཆོས་ཀྱི ་འཁོར་ལོ་ནི་སེམས་ཀྱི་གནས་ཡིན་པས་ཕྲ་མོ་འཇམ་ཞེས་བཤད་པ་དང། ཡང་ལྟེ་བའི་གནས་ཕྲ་ལ་འཇམ་ཞེས་པ་དང། ཡང་བཞི་པའི་གནས་ཉིད་ནི་ཤིན་ཏུ་ཕྲ་མོ་འཇམ་ཞེས་བྱ་བ་དང། ཡང་འཁོར་ལོ་ཀུན་གྱི་ཐོག་མའི་པདྨའི ་ལྟེ་བའི་དབུས་ཕྲ་མོ་འཇམ་ཞེས་བྱ་བ་དང། ཡང་རྩ་སྦྱོར་བ་དྲུག་གི་བདག་ཉིད་ཀྱི་གནས་ནི་ཕྲ་མོ་འཇམ་ཞེས་བྱ་བ་དང། སློབ་དཔོན་དཔལ་བཛྲ་པུ་ཏིའི་ཞལ་སྔ་ནས་དབུས་ཀྱི་རྩོམ་ལ། ཐ་མའི་གནས་ནི་ཕྲ་མོ་འཇམ་པ་བདག་ཉིད ་བའི?་ཡེ་ཤེས་ཀྱི་གནས་ཉེ་བར་ལྟ་བ་ཞེས་བཤད་དོ་ཞེས་གསུངས་སོ། །དེ་ཙམ་ཡེ་ཤེས་ཐིག་སྐུད་ཡོད་ཅེས་བྱ་བ་ནི། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་ནང་དུ་ཡོད་པའི་འཁོར་ལོ་དྲུག་གི་ལྟེ་བའི་ནང་དུ་གནས་པ་སྦྱོར་བ་དྲུག་གི ་ཡེ་ཤེས་སྣང་བར་བྱེད་པ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་གི་ཚོགས་ཀྱི་འཁོར་ལོ་ལ་དབང་སྒྱུར་བར་བྱེད་པའོ། །དེའི་ཕྱིར་རྣམ་ཤེས་དྲུག་ཅེས་བྱ་བ་ལ་སོགས་པའི་དོན་གསུངས་སོ། །ད་ནི་དཔལ་ཡེ་ཤེས་ཐིག་ལེའི་ཚད་དང་།སྦྱོར ་བ་དྲུག་གི་རང་བཞིན་དབྱེར་མེད་པའི་དོན་བཤད་དེ། ཤྲཱི་གཞན་མིན་འདིར་ནི་ཆ་ཞེས་བྱ་བ་ལ་སོགས་པའི་དོན་ནི། ཤྲཱི་ཛྙཱ་ནི་རྟི?་ལ་ཀ་ཞེས་བྱ་བའི་མཚན་གྱི་སྦྱོར་བ་དྲུག་གི་དོན་ནི་ཆ་དང། ཐིག་ལེ་དང། ཚུལ་དང། ཚུལ་ཙམ་དང། མཆོག ་དང། གཞན་མཆོག་རྣམས་རིམ་པ་བཞིན་དུ་སྦྱར་བའི་མན་ངག་འདིར་བཤད་པ་ནི། གུག་པའི་རྣམ་པའི་ཁ་རུ་ཞི་ཞེས་བྱ་བ་ལ་སོགས་པའི་མན་ངག་ནི་བླ་མ་བརྒྱད་པའི་རིམ་པ་བར་མ་ཆད་ཕ?་ཡིས་འདིར་བཤད་པ་ཁ་ལས ་རྟོགས་པར་བྱའོ། །ཡང་དོན་ནི་འདིར་བཤད་པ་ཆའི་རང་བཞིན་མ་སྐྱེས་པའི་ངོ་བོ་སྤྲོས་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་བདེ་བ་ཆེན་པོའི་རང་བཞིན་ཉིད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་སུ་མེད་པའི་ཡེ་ཤེས་ཏེ། ་དཔལ་དང་ཆའི་དོན་ཏོ། །དེ་ཉིད་ཡེ་ཤེས་ལྔའི་བདག་ཉིད་ཀྱི་ཕྱིར་ན། ཛྙཱ་ནའི་སྒྲའི་བཤད་པའོ། །དེ་ཉིད་ནི་ཡི་གེ་དང་བྲལ་བའི་ཕྱིར་ཐིག་ལེ་སྟེ། སྤྲོས་པའི་མཚན་མས་སྟོང་པ། ཟླུམ་པའི་རང་བཞིན་ནོ། །དེ་ཉིད་ནི་ཆོས་ཀྱི་ཡི་གེའི་རང ་བཞིན་ཕྱིར་ན་དང། གཞན་རྣམ་པར་འགེགས་པའི་སྒྲའི་ནི་ནའི་ཡི་གེ་སྟེ། ཛྙཱ་ནའོ། དེ་ཉིད་བློ་བུར་བའི་སྤྲིན་གྱི་མཚན་མ་རྣམས་ཀྱིས་མ་གོས་པའི་བདག་ཉིད་ནམ་མཁའ་ཨི་ཕྱིར་ཚུལ་ལོ། །དེ་ཉིད་ནི་ཏི་ལ་ཀའི་སྒྲའི་བཤད་པས་དེ་རང་དུ་བཤད ་པར་བྱས་པའོ། །དེ་ཉིད་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་སུ་མེད་པའི་ཚུལ་ཙམ་མོ། །དེ་ཉིད་ནི་གཞན་རྣམས་ཀུན་གྱིས་སྤྱོད་ཡུལ་དུ་འགྱུར་བ་མ་ཡིན་པའི་ཕྱིར་ན་མཆོག་གོ་།དེ་ཉིད་ནི་གསང་བ་རྨད་དུ་བྱུང་བའི་རང་བཞིན ་མཆོག་ཏུ་གསང་བའི་དོན་གྱི་ཕྱིར་ན་གཞན་མཆོག་ཏུ་གསུངས་ཏེ། བདེ་བ་ཆེན་པོའི་རང་བཞིན་འདི་ཆོས་ཐམས་ཅད་ཀྱི་ངོ་བོ་མཚན་ཉིད་ཀུན་སྤངས་པ་ཞེས་དགོངས་པའོ། །དེ་སྐད་དུ་ཡང་བདེ་བ་ཆེན་པོའི་ངོ་བོར་གྲགས་ཞེས་བྱ་བ་ལ ་སོགས་པའོ། །དཔལ་ཡེ་ཤེས་ཐིག་ལེ་འདི་ཞེས་བྱ་བ་ལ་སོགས་པ་ལ། །འདིར་རྩའི་མཁའ་འགྲོ་མའི་མཚན་ཉིད་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་གཙོ་བོ་བརྒྱད་ཉི་ཤུ་རྩ་དགུ། དེ་ལས་ཀྱང་སུམ་ཅུ་རྩ་གཉིས་རབ་པོ། །དེ་དག་རྣམས ་ཀྱི་ལྟེ་བ་དང་བཅས་པའི་?་དབང་བསྐུར་བ་ཡིས་ནི། འབྲས་བུའི་རང་བཞིན་བཅོམ་ལྡན་འདས་སུ་འགྱུར་བར་ཐེ་ཚོམ་མི་བྱའོ། །དེ་བས་ནི་རྩའི་གནས་ཀྱི་དོན་ཡིན་ཏེ། འཇུག་པ་གནས་པ་ལོངས་སྤྱོད་ཡིན། ཞེས་པ་བ་ལ་སོགས ་པ་ལ་འཇུག་པ་ནི། གཡོན་གྱི་ཕྱོགས་ཀྱི་འཛིན་མ། དེ་བཞིན་དུ་རྟོག་མེད་མ་དབུས་སུ་གནས་པའི་བདག་ཉིད་ཀྱི་བྱེད་པ་དང། གཡས་ཀྱི་ཕྱོགས་ཀྱི་རོལ་ཅན་མ་འགྲོ་བའི་བདག་ཉིད་དོ། །ལོངས་སྤྱོད་མཆོག་གི ་གནས་པའི་རང་བཞིན་མགྲིན་པའི་གནས་སུ། དབང་དང་མི་སྣང་བ་ཁའི་གནས་སུ་ཞེས་བསྟན་ཏོ། །དེ་ཡང་སྦྱོར་བ་དྲུག་ལ་སོགས་པའི་གནས་བགྱིད་པ་ནི། རང་བཞིན་དེ་ནི་མཆོག་གཞན་མཆོག་ཅེས་གསུངས་སོ། །དཔལ་ཡེ ་ཤེས་ཐིག་ལེའི་དཀའ་འགྲེལ། གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ། ལེའུ་བཅོ་བརྒྱད་པའི་བཤད་པའོ།། །།བླ་མའི་ཡོན་ཏན་ཐ་མལ་དངོས་དང་བྲལ། ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་དང་ཞེ་སྡང་གཏི ་མུག་ལ་སོགས་པའི་ཐ་མལ་པར་འཛིན་པ་དང། གཟུང་པའི་སྐྱོན་སྤངས་ཏེ་གཉིས་པོས་དབེན་པའི་ཆེ་བའི་ཡོན་ཏན་གྱི་སྐུ་ལ་སོགས་པ་བརྒྱན་ནས་གནས་པ་ཅན་ནོ། །དེ་བཞིན་དུ་རབ་ཀྱི་དབང་རྣམས་ཐོབ་པ་དང་ལྡན་པའི་དོན་ནི ་མཆོག་གི་དབང་བསྐུར་བའི་སྐུ་ཡིན་ཏེ། ནང་གི་དོན་དང་བཅས་པའི་བཞི་པ་མཐར་ཐུག་པའོ། །ཐུགས་རྗེ་དང་ལྡན་ཞེས་བྱ་བ་ལ་སོགས་པའི་དོན་གསུངས་སོ། །དེ་ཡང་འདིར་བཤད་པར་མ་ཟད་དེ། གཞན་ལས་ཀྱང། དབང ་བསྐུར་ཐོབ་དང་དེ་ཉིད་མཁྱེན། །ཡེ་ཤེས་གཉིས་དང་ཐུགས་རྗེ་ཆེ། །རང་བཞིན་བཟང་དང་སེར་སྣ་མེད། །ཡང་དག་རླབས་ཆེན་དཔའ་བོ་དང། །སྐལ་ལྡན་མཚན་གྱིས་གང་བ་དང། །ཕྲག་དོག་ཡུལ་གྱི་རྣམ་པར་བྲལ། །རྟག ་ཏུ་དགའ་བའི་ཡིད་ལྡན་པ། །འདོད་ཆགས་ཆེན་པོ་གཅིག་པུའི་ཡིད། །སྡོམ་པ་ལ་སོགས་མཁྱེན་པ་ཡི། །བླ་མ་དེ་ལྟ་བུས་ནི་བྱ། ཞེས་གསུངས་སོ། །ཕུང་པོ་ལ་སོགས་སྐྱེ་མཆོད་ཁམས་དང་བྲལ། ཞེས་བྱ་བ་ནི། ལྷའི ་སྐུ་དང་ཡེ་ཤེས་ལས་གྲུབ་བའི་ལུས་སུ་གནས་པའི་རང་བཞིན་ཏེ། དེ་ཡང་ནམ་མཁའ་ལ་འཇའ་ཚོན་བཞིན། ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །སློབ་མ་ཁྲིམས་ལྡན་དུལ་བ་དང་བ་ཅན། ཞེས་བྱ་བ་ལ་སོགས་པ་ལ། འདིར་གསུངས ་པ་བཞིན་དུ། བླ་མ་ལྔ་བཅུ་པ་དང། རྒྱུད་ལ་སོགས་པ་གཞན་དག་ལས་ཀྱང་རྒྱས་པར་བཤད་པས་ན་འདིའི་དོན་མི?་གོ་སླའོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ། གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་བཅུ་དགུ་པའི་བཤད་པའོ།། །། ་སློབ་དཔོན་དང་སློབ་མའི་མཚན་ཉིད་ཀྱི་རྗེས་ཐོགས་ལ་འདི་གསུངས་པ། དེ་ནས་གཞན་ཉོན་ཞེས་བྱ་བ་ལ་སོགས་པའི་སྒྲས་གསུངས་སོ། །ཇི་ལྟར་རྒྱུད་ཀྱི་རིམ་པ་བཞུགས་ཞེས་བྱ་བ་ལ། དེའི་རིམ་པ་ནི་འདི་ཉིད་ཀྱི་འོག་ནས་རྒྱས་པར ་བཤད་པའི་ཕྱིར་ཞེས་དགོངས་སོ། །འོ་ན་ཡང་རྒྱུད་མི་འབྲེལ་པ་ཡོད་པའི་ཕྱིར་ནེ་རྒྱུད་དོ། །དེ་ཡང་རྒྱུའི་རྒྱུད་དང། འབྲས་བུ་དང། ཐབས་ཀྱི་རྣམས་སུ་འབྲེལ་པའོ། །དེ་ཡང་རྒྱུད་ཅེས་བྱ་བར་བ་འབྲེལ་ཏེ། དེ་ཡང་རབ་འབྲེལ་རྣམ་གསུམ ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རིམ་པ་ནི་རྩ་བའི་རྒྱུད་ལ་སོགས་པའི་བྱུང་ཚུལ་འདི་དང་གཞན་རྣམས་སུ་གསུངས་པའི་རིམ་པས་སོ། །གཞན་དག་ན་རེ་དཔལ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པའི་རིམ་པ་ཡིས་བྱུང ་ཚུལ་ཞེས་བྱ་བ་ལ་སོགས་པའི་རིམ་པ་བཞིན་ཟེར་རོ། །འདིར་བདག་གི་བླ་མའི་གཞུང་ནི། འདིའི་རིམ་བཞིན་དུ་དཔལ་བདེ་མཆོག་འཁོར་ལོ་སྡོམ་པ་ལ་སོགས་པར་ཡང་རིམ་པ་བཤད་པ་ཡིད་གསུངས་སོ། །དེའི་རིམ་པ་ནི་? ་ལྟ་སྟེ་།དཔལ་དང་ལྡན་པའི་རིགས་ཆེན་རྒྱུད་ཅེས་བྱ་བ་ལ་སོགས་པའི་རིམ་པས་གསུངས་སོ། །དེ་སྐད་དུ་ཡང་འདི་ཉིད་ལས། དེ་ལྟར་རིམ་པ་ཐམས་ཅད་དུལ། ལྷ་མོ་དེ་ཁྲོས་ཤེས་པར་བྱ། ཞེས་གསུངས་པའི་ཕྱིར། ཞེས་དགོས་པའོ ་ས་བོན་ལས་ནི་མྱུ་གུ་བཞིན་ཞེས་བྱ་བ་ནི། ཕྱི་རྟེན་ཅིང་འབྲེལ་བར་འབྱུང་བ་བརྒྱད་ཀྱི་རིམ་པ་ས་བོན་དང་མྱུ་གུ་ལ་སོགས་པའི་རིམ་པ་འབྱུང་བའི་དཔེ་བསྟན་པ་བཞིན་དུ། དོན་ནི་རྩ་བའི་རྒྱུད་ལ་སོགས་པའི་རིམ་པ་བརྒྱད ་པོའི་འབྱུང་བའི་ཚུལ་གྱིས་རྒྱུད་དོ། །དཔལ་འཁོར་ལོ་སྡོམ་པ་ལ་སོགས་པའི་རྒྱུད་ལ་སོགས་པ་བསྟན་པ་རྣམས་ནི་རྒྱུད་ཀུན་ནོ། །དཔེ་རྟེན་འབྲེལ་བརྒྱད་ཀྱི་རིམ་པ་བཤད་པ་ཡིས། རྒྱུད་ཀུན་ཤེས་པར་བྱ་བ་ནི། རིམ་པས་རིགས ་སོ། ཞེས་བྱ་བའི་ཐ་ཚིག་གོ་།ཡང་ན་ཡེ་ཤེས་འཁོར་རྒྱུད་ཡིན་ཞེས་བྱ་བ་ནི། གང་གི་དོན་གྱིས་དགའ་བ་དང། ཡེ་ཤེས་ཀྱི་རིམ་པ་ལ་སོགས་པའི་མཚན་ཉིད་ཁོ་ན་ཡང་ནས་ཡང་དུ་བསྣན་ཅིང་རྩ་བ་དང་བཤད་པའི་རྒྱུད་ལ་སོགས ་འདིར་ནི་གསལ་བར་སྟོན་པས་ན། ཡེ་ཤེས་འཁོར་རྒྱུད་དོ། །ཡང་ན་དོན་གྱི་རྒྱུད་ཡིན་ནོ་ཞེས་བྱ་བ་ནི། གཉིས་སུ་མེད་པའི་ཡེ་ཤེས་སྐྱེ་བ་མེད་པའི་ཨའི་རང་བཞིན་ཉིད་དོན་ཡིན་ཏེ། འདིའི་འབྲས་བུའི་མཚན་ཉིད་དུ་ཡང ་དག་པར་གྲུབ་པའི་དོན་དང། ཚིག་དང་ཡི་གེ་ལ་སོགས་པར་འབྲེལ་བའི་ཕྱིར་རྒྱུད་དོ། །ཡང་ན་ཐབས་དང་ཐབས་ལས་བྱུང་བའི་ཕྱིར་འབྲེལ་བའོ། །དེ་ཡང་འདིར་རང་ནས་རྒྱས་པར་སྟེན་པའི་ཕྱིར་ཞེས་བྱ་བས་སོ། །ཡང ་ན་རིམ་པ་གཉིས་ནི་རྒྱུད་ཅེས་བྱ་བ་ནི། སྐྱེད་རིམ་དང་རྫོགས་རིམ་འབྲེལ་པའོ། །དེ་ཡང་བསྐྱེད་པའི་རིམ་པ་ལ་མ་བརྟེན་པར་ནི། རྫོགས་པའི་རིམ་པ་མི་རྙེད་དོ། ཞེས་འབྲེལ་པའོ། །དེའི་ཕྱིར་དཔལ་ཡེ་ཤེས་ཐིག་ལེའི་རྒྱུད་ཀྱི ་སྐབས་སུ་བསྐྱེད་པའི་རིམ་པ་སྔོན་དུ་འགྲོ་དགོས་པ་ཡིན་ཏེ། བལྟོས་པའི་དབང་གིས་བསྐྱེད་པ་དང་རྫོགས་པ་སྟེ། བསྐྱེད་པ་ནི་ཐབས་ཀྱི་དངོས་པོའི་བདག་ཉིད། རྫོགས་པ་ནི་ཐབས་ལས་བྱུང་བའི་རང་བཞིན་གྱིས་ཕྱིར་རྒྱུད་དོ?། ། ་གཞན་དག་ན་རྒྱུ་དང་འབྲས་བུའི་བདག་ཉིད་ཅེས་ཀྱང་ཟེར་རོ། །ལྷ་མོ་གང་དུ་སྐལ་ལྡན་མོ་ཞེས་བྱ་བ་ལ་སོགས་པ་ལ་ཤེས་རབ་ནི། ལས་ཀྱི་ཕྱག་རྒྱ་ལ་སོགས་པའི་དབྱེ་བས་བསྟན་ཏེ། མྱ་ངན་ལས་འདས་པའི་མཚན་ཉིད་ཅན་ཆད་པའི ་དགའ་བ་དང་ལྡན་པའི་གཏུམ་མོ་གཟུགས་ཀྱི་འོད་ཀྱི་རང་བཞིན་ནི་པདྨ་ཅན་ཞེས་བྱའོ། །དེ་ནི་ཐབས་ཀྱི་བདག་ཉིད་མགོན་པོ་དང་བཅས་པ་སྟེ། དབྱེ་བས་རང་ལ་ཐབས་དང་ཤེས་རབ་གཉིས་དབྱེ་བའི་རིམས་པས་ནི། ཐབས་བཅོམ ་ལྡན་འདས་མཆོག་གི་གཟུགས་ཀྱིས་གནས་སོ་།ཕྲད་པའི་ས་ནི། ཤེས་རབ་དང་ཐབས་དེ་བཞིན་དུ་རྡོ་རྗེ་དང། པདྨ་དང། ཀུན་རྫོབ་དང་དོན་དམ་པ་ཞེས་བྱ་བ་ལ་སོགས་པའི་དོན་གྱིས། རྣམ་པ་སྣ་ཚོགས་པའི་ཐབས་དང་ཤེས ་རབ་ཀྱི་སྒོ་ནས་རང་བཞིན་དགའ་བའི་བདེ་བ་ཆེན་པོའི་རྒྱལ་པོ་གཉིས་ཀྱི་བདག་ཉིད་གཉིས་སུ་མེད་པ་རྟེན་ཅན་གྱིས་དངོས་པོ་ལ་རྟེན་དང་བྲལ་བའི་དོན་བཙལ་བར་བྱ་བ་འདི་ནི་རྒྱུད་ཅེས་བྱའོ། །ཡང་ན་ཡེ་ཤེས་ལས་བྱུང་བ་ཞེས་བྱ་བ ་ལ་སོགས་པ་ཡིས་རྒྱུད་ཀྱི་སྒྲའི་དོན་བཤད་དེ། ཏནྟྲའི?་སྒྲས་ནི་འདིའི་དོན་ཏོ། །ཡེ་ཤེས་ནི་ཆད་པའི་དགའ་བ་སྟེ། ཆད་པ་ལས་ནི་སེམས་ཅན་སྐྱེ་བའི་རིམ་པས་ཟླ་བ་དང་ཉི་མ་དང། ས་བོན་ལ་སོགས་པའི་མངོན་པར་བྱང་ཆུབ་པ ་ལྔའི་རིམ་པས། ཤེས་རབ་དང་ཐབས་མཉམ་པར་སྦྱོར་པ་ལས་མི་སྣང་བ་དང། ལོངས་སྤྱོད་དང་དབང་གི་རང་གི་སྙིང་ཀའི་པདྨའི་ལྟེ་བའི་ནང་དུ་སྐུ་མདོག་དང་ཕྱག་མཚན་ལ་སོགས་པའི་ལྷའི་རྣམ་པར་འབྱུང་པ་ཉིད་དོ། །དེ་ཡང་སཾ ་སྐྲི?་ཏའི་?་ལ་སོགས་པའི་དོན་ཏོ། །དགའ་བ་བཞི་དོན་གྱིས་ནི་དྲི་མ་མེད་པའི་སྒྲར་གསུངས་ནི། ཨ་ནནྟའི་སྒྲས་སོ། །ཡོད་ནི་སྒྲའི་དབྱི་གཞུག་མི་དགོས་པ་ནི་སྔོན་བཤད་པ་བཞིན་ནོ། །དེ་ལ་ཡེ་ཤེས་ཀྱི་དགའ་བ་ཆད་པའི་དགའ་ ་པ་གསུམ་གྱི་ཡེ་ཤེས་ཀྱི་བདག་ཉིད་དངོས་པོ་དེ་ལས་འབྱུང་བ་ནི་རང་བཞིན་དགའ་བའི་ངོ་བོ་རྫོགས་པའི་གཟུགས། སྐུ་གསུམ་གྱི་རྒྱུ་བྱེད་པའི་དངོས་པོ་འམ། ཡང་ན་སྐུ་གསུམ་ཉིད་མི་སྣང་བ་དང། ལོངས ་སྤྱོད་དང། དབང་གི་མཚན་ཉིད་ཀྱིས་བཤད་དོ། །དེ་བས་ན་ཏའི་ཡིག་འབྲུ་སྐུ་རུ་གྲགས་ཞེས་གསུངས་སོ། །ན་ནི་དེ་ཉིད་དྲི་མ་མེད་ཅེས་བྱ་བ་ནི། རང་བཞིན་དགའ་པའི་འབྲས་བུ?་དེ་རང་ཉིད་ལས་བདེ་བ་ཆེན་པོའི་སྐུ་སྟེ། སྐུ ་གསུམ་གྱི་བདག་ཉིད་གསུམ་པོ་སྤངས་པའི་སྐུ་གཉིས་སུ་མེད་པ་བརྗོད་པ་དང་བྲལ་བ་ལ་སོགས་པའི་དོན་ཏོ། །ད་ནི་དེ་ལ་རང་ལ་རྒྱུའི་དངོས་པོའི་རང་བཞིན་བསྟན་ཏེ། ཏའི་ཡིག་འབྲུ་ཁུ་བ་ཡབ་ཅེས་བྱ་བ་ལ་སོགས ་པ་གསུངས་སོ། །དེ་རྣམས་ནི་འབྲེལ་པ་དང་ལྡན་པ་ལ་སོགས་པའི་དོན་དང་བཅས་པའི་ཕྱིར་རྒྱུད་དོ། །ཡང་དེའི་དོན་བཤད་པ?། ཏ་ཡིག་དང་ནི་?་ཡིག་འབྲུ། ཚུལ་ཙམ་གྱིས་ནི་གཉིས་ཀ་ལྡན་ཞེས་བྱ་བ་ལ་སོགས ་པ་ལ། ཨ་ཏའི་སྒྲས་ནི་རྒྱུད་ཀྱི་དེ་ནས་ཀྱི་དོན་ལ་སྦྱོར་བར་བྱ་བ་བཤད་དེ། འོན་ཀྱང་བསྡུས་ཏེ་བསྟན་པ། ཏའི་ཡིག་འབྲུ་ནི་ཤེས་རབ་ཀྱི་ངོ་བོའི་གཟུགས་རྩ་འཛིན་མའི་མཚན་ཉིད་ཅན་ཆད་པའི་དགའ་བ་མྱ་ངན་ལས ་འདས་པའི་ཕྱོགས་སོ། །དེའི?་ཡིག་འབྲུ་ནི་ཐབས་ཀྱི་ངོ་བོའི་གཟུགས་རོ་མའི་མཚན་ཉིད་ཅན་མཆོག?་གི་དགའ་བ་སྲིད་པའི་བདག་ཉིད་ཅན་ཀུན་རྫོབ་པོ། །ཚུལ་ཙམ་ནི་ཕྱོགས་གཉིས་པའི་མཚན་ཉིད་ཐམས་ཅད།? ་འགེགས་པའི་ཕྱིར་ཙམ་མོ། །འོ་ན་ཡང་ལྡན་པའི་དོན་གྱིས་ནི་ཡེ་ཤེས་རྒྱ་ཆེ་བ་དང་ཡེ་ཤེས་ཀྱི་ཕྱོགས་ཀུན་དང་ལྡན་པའི་རང་བཞིན་བསྟན་ཏེ། འཛིན་མ་དང་དེ?་མ་ལ་སོགས་?་དེ་རྣམས་དང་ལྡན་པའི་མཚན ་ཉིད་རྟོག་མེད་པའི་རང་བཞིན་དགའ་བའི་རྟེན་ཅན་དང། བརྟེན་པ་གཉིས་སུ་མེད་པའི་བདེ་བ་ཆེན་པོ་དང་ལྡན་པ་མཆོག་ཏུ་གྱུར་པ་དབང་པོའི་ཡུལ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པའི་དོན་གྱིས་བསྟན་ཏོ། །དེའི་ཕྱིར་དེ་ནི ་རབ་མཆོག་ཨ་ཡིག་འབྲུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་སྐད་དུ་སྙིང་གི་དབུས་ན་མི་ཤིགས་པ། གསལ་ཞིང་མར་མེ་བཞིན་དུ་འབར། མི་འགྱུར་མཆོག་ཏུ་ཕྲ་བ་སྟེ། ཡིག་འབྲུ་དམ་པ་ཨར་ཞེས་བྱ། ཞེས ་གསུངས་པ་དང། དེ་བཞིན་དུ་ཡང། ཨའི་ཡིག་འབྲུ་ཀུན་གྱི་མཆོག། དོན་ཆེན་ཡི་གེ་དམ་པ་སྟེ། ཁོང་ནས་འབྱུང་བ་སྐྱེ་བ་མེད། ཚིག་ཏུ་བརྗོད་པ་སྤངས་པ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་པའི་དོན་གྱིས་རྒྱུད་ཀྱི ་དོན་ལ་སོགས་པ་བསྟན་ཏེ། ཏའི་ཡིག་འབྲུ་དང། ར་གཉིས་སྦྲེལ་བས། ཨའི་ཡིག་འབྲུ་གྱུར་པ་སྟེ། ཀུན་རྫོབ་ཙམ་དུ་དོན་སྣ་ཚོགས་པའི་མཚན་ཉིད་ཙམ་གྱིས་སྐྱེ་བ་མེད་པའི་རང་བཞིན་གྱི་དོན་རྙེད་དོ། །དཔལ་ཡེ་ཤེས་ཐིག ་ལེའི་དཀའ་འགྲེལ། གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་ཉི་ཤུ་བའི་བཤད་པའོ།། །།དེ་ནས་ཡང་བཅོམ་ལྡན་མོ་ཉིད་ཀྱི་དོན་ཞུ་བར་འདོད་པའི་ཕྱིར་ན། འདིར་གསུངས་པ། བཅོམ་ལྡན་ཡེ་ཤེས་ཐིག་ལེ ་ལགས། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞུས་པའི་ལན་གསུངས་པ་ནི། ཡེ་ཤེས་ཀྱིས་རྙེད་གསང་བ་པོ་ཞེས་བྱ་པ་ལ། ཡེ་ཤེས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ལྔ?་པོ་ཡིས་དེ་རྙེད་པར་འགྱུར་བའི ་ཐབས་སོ། །གསང་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་དྲུག་པའི་འོད་བྱེད་པའི་རང་བཞིན་ཉིད་བརྗོད་པས་མི་ནུས་པ་དང། སྣོད་མ་ཡིན་པ་རྣམས་ལ་མི་བསྟན་པའི་ཕྱིར་གསང་བའོ། །ཡང་ན་འདིར་སྣང་པ་དང། སྣང ་བ་ཆེད་པ་དང། སྣང་བ་ཐོབ་པ་དང། འོད་རབ་ཀྱིས་ཡེ་ཤེས་ཀྱི་རྙེད་པའོ། །སྣང་བའི་རིམ་པས་དགའ་བ་རྣམས་ཀྱིས་ངོ་བོར་བཤད་པ་ཡིན་ཏེ། དེ་སྐད་སྣང་བ་དགའ་བར་བཤད་པ་སྟེ། ཞེས་བྱ་བ་ལ་སོགས་སོ། །ལྷ་མོ་ནི ་བཅོམ་ལྡན་འདས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་ཏེ། རང་བཞིན་གྱི་འོད་རང་དེ་ཁོ་ན་ཉིད་བདེ་བ་ཆེན་པོ་ཀུན་གྱི་གནས་སུ་འགྱུར་བའོ། །འབྱུང་བ་མ་ཡིན་ནི། གཉིས་སུ་མེད་པའི་བདག་ཉིད་ཀྱི་རང་བཞིན་ནི་སྐྱེ་བ་དང། འགག ་པ་དང་བྲལ་བ་བརྗོད་དུ་མེད་པ། ཡི་གེ་དང་བྲལ་བའི་ཆད་པས་མི་རྙེད་པ། མི་ཟད་པ། ཆོས་ཐམས་ཅད་ཀྱིས་མི་གོས་པ་མེད་པའི་ཕྱིར་ནམ་མཁའ་དང་མཉམ་པའོ། །དེ་བས་ན་སྐྱེ་བ་ནང་གི་འཕོ་མེད་རབ་ཅེས་བྱ་བ་ལ་སོགས་པ་གསུངས ་པས་ནི། གང་ནས་ཀྱང་མ་སྐྱེས་པའི་དོན་ནོ། །ད་ནི་བཅོམ་ལྡན་མོའི་ངོ་བོ་བསྟན་པ། རང་གི་ངོ་བོ་ཡེ་ཤེས་འོད་ཅེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་དཔལ་ཡེ་ཤེས་ཐིག་ལེའི་ཡུམ་ཉིད་རང་འོད་ཀྱི་བདག་ཉིད། ཕྱག་རྒྱ་ཆེན་པོའི ་རང་ཉིད་ནི་བདེ་བ་ཆེན་པོའི་སྐུ་ལ་སོགས་པའི་དབྱེ་བས་དབྱེ་བར་བྱ་སྟེ། ཅིའི་ཕྱིར་ཞེ་ན། གདུལ་བྱའི་བསམ་པའི་དབང་གིས་དྲང་བ་དང་ངེས་པའི་དོན་གྱིས་རང་གི་ངོ་བོ་དབྱེ་བའོ། །ད་ནི་སྐྱོན་དང་ཡོན་ཏན་སྟོན་ཏེ། གཞན་མིན་བདག་དང ་ཁྱོད་མེད་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནི་འབྱུང་བ་དང་སྐྱེ་བ་མེད་པ་ཡིན་ཡང་གདུལ་བྱའི་མོས་པའི་དབང་དང། ཐུགས་རྗེའི་བྱིན་བརླབས་ཀྱིས་བསྟན་ཏེ། མཆོག་གི་ནམ་མཁའ་ཨི་གནས་ནས་བྱོན། ཞེས་བྱ་བ་ལ ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་བཅོམ་ལྡན་འདས་ཡུམ་ཕྱག་རྒྱ་ཆེན་པོ་དང་བཅས་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དང་ལྡན་པའི་ཕྱིར། མཛའ་གཉིས་ལ་མི་གནས་པའི་ཕྱིར ་དོན་གྱི་རང་བཞིན་ཉིད་ཀྱི་ངོ་བོ་ལས་མ་འདས་པར་གདུལ་བྱའི་དབང་གི་སྐུ་དང་བཞིར་སྣང་བ་དང། དེ་བཞིན་དུ་ཇི་ལྟར་གདུལ་བའི་གཟུགས་ཀྱིས་བཞུགས་སོ། །འདི་སྐད་དུ། དེ་བཞིན་གཤེགས་པའི་ཐུགས་རྗེ་ཡིས། ཇི་ལྟར་འདུལ་བ་བཞིན ་དུ་སྣང། ཞེས་གསུངས་སོ། །མཆོག་ནི་བདེ་བ་ཆེན་པོའི་མཚན་ཉིད་སྐྱོན་གྱིས་མ་གོས་པའི་ཆོས་ཀྱི་དབྱིངས་ནམ་མཁའ་སྤྲིན་ལ་སོགས་པས་གནོད་པར་མི་འགྱུར་བ་བཞིན་ནོ། །ཀུན་གྱི་བསྒྲུབ་ཅིང་ཐོབ་བར་བྱ་བ་ཡིན་པའི་ཕྱིར། གནས ་དེ་ཉིད་ལས་མ་གཡོས་བཞིན་དུ་དོན་མཛད་པས་ན་བྱོན་པའོ། །དེ་ཡང་གཟུགས་ཀྱི་སྐུའི་དངོས་པོའི་ཚུལ་དུས་བཅུའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམ་པར་དག་པ་རྣམས་ཀྱིས་སོ། །སྐུ་གཉིས་ཇི་ལྟ་བའི་དོན་སྤྱོད ་པ་དང། འཚམ་པ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ལ་གཟིགས་ནས་འདུལ་བྱའི་དབང་གིས་ཆོས་སྟོན་དུ་གཤེགས་ཀྱང་སྐུ་ཉིད་བདེ་བ་ཆེན་པོ་ལས་མི་གཡོ་བར་བཞུགས་པ་ནི་མཆོག་གི་ནམ་མཁའ་ཨི་གནས་ནས་གཤེགས་ཞེས་བྱའོ། །བདེ ་བ་ཆེན་པོའི་སྐུ་ཐམས་ཅད་ཀྱི་རང་བཞིན་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཕྱག་རྒྱ་ཆེན་པོའི་བདེ་བ་མངའ་འཁོར་བ་ཇི་སྲིད་པར་གནས་པ་ཉིད་ལ་སོགས་བའི་བྱེ་བྲག་དང་ལྡན་པས་?། ཆོས་ཀྱི་སྐུ་དང། ལོངས་སྤྱོད་རྫོགས་པ་དང། སྤྲུལ ་པའི་སྐུ་ལ་སོགས་པ་ཀུན་གྱི་རང་བཞིན་ཏེ། སྐུ་དེ་རྣམས་ཐ་མི་དད་པ་མངའ་བའི་ཕྱིར་རོ། །དེ་བས་ན་མཆོག་གི་ནམ་མཁའ་ཨི་ཕལ?་སོ་ནས། མཆོག་གི་ནམ་མཁའ་ཨི་རྟག་ཏུ་བཞུགས་ཞེས་གསུངས་པ་ཡིན་ནོ། །གཞན་ན་རེ་ཚིག་བཞི་པོ་བདེ་བ ་ཆེན་པོའི་འཁོར་ལོ་ལ་སོགས་པ་བཞི་ལ་རིམ་པ་བཞིན་སྦྱར་ཟེར་རོ། །དེ་ནི་ངེས་པའི་དོན་དུ་བཤད་དེ། ཀུན་རྫོབ་རྣམ་པའི་གཟུགས་ཀྱིས་ནི། ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་དཔལ་ཡེ་ཤེས་ཐིག་ལེ་ནི་ཤུ་ཀྵའི་རྣམ ་བ་བདེ་བ་ཆེན་པོའི་འཁོར་ལོར་བཞུགས་པའི་གཟུགས་སོ། །ཡུམ་ཕྱག་རྒྱ་ཆེན་མོ་མཁའ་འགྲོ་མའི་གཟུགས་ཀྱིས་རྣམ་པ་རྩའི་ཁྱད་པར་གྱི་དངོས་པོ་རྟོག་མེད་མའི་སྐུ་མ་ནོར་བ་ཐབས་ཉིད་ལ་འཁྱུད་པ་ནི། ་པདྨའི་སྐུད་པ་ཇི་བཞིན་སྐུའོ། །དེ་ཡང་དབུས་ཀྱི་ཁྱད་པར་རྟོག་མེད་མ་ཉིད་གཡས་དང་གཡོན་དུ་རོ་མ་དང། འཛིན་མ་དེ་དག་གི་གནས་སྲོག་གི་དབྱུག་པའོ། །གསང་བ་ནི་སྦ་བར་བྱ་བའི་ཐབས་ཀྱི་གསང་བའི་རྡོ་རྗེ་དམ་ཚིག ་མེད་པ་ལ་མི་བསྟན་པ། སྣ་ནི་སངས་རྒྱས་རིན་པོ་ཆེ་ནི་སྣོད་པདྨ་འདབ་མ་བརྒྱད་པའི་གེ་སར་དང་ལྟེ་བར་བཅས་པའི་སྙིང་པོ་གནས་ཞེས་བྱ་བ་ནི། མཆོག་གི་དགའ་བ་དང། ཆད་པའི་དགའ་གནས་མ་ཡིན་པའི་ལྟེ་བའི ་གནས་ཁྱད་པར་ཅན་ནོ། །ལངས་ནས་ནི་ཡེ་ཤེས་ཀྱི་འོད་ཟེར་གཟུགས་ཀྱིས་བཞེངས་པའི་ངོ་བོ་འདིའོ། །བདེ་བའི་པདྨ་ཞེས་བྱ་བ་ནི། བཅོམ་ལྡན་འདས་བདེ་བ་ཆེན་པོའི་གནས་རྟོག་མེད་མའི་ལམ་གྱི་གནས་ཀྱི་པདྨ་ནི་ཐབས ་དང་ཤེས་རབ་གཉིས་དབྱེར་མེད་པར་བཞུགས་པ་དང། གཤེགས་པ་དང་བྱོན་པའི་གནས་སོ། །ཐིག་ལེ་ཁོད་དུ་ཆུད་པའི་ཕྱིར་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྦྱོར་བའི་དོན་གྱི་ཡེ་ཤེས་ཀྱི་འོད་ཀྱི་ཐིག་ལེའི ་དོན་རྟོགས་པའི་རང་བཞིན་སྤྲོས་པ་མེད་པའི་གཏུམ་མོའི་གྲོགས་ལྟེ་བའི་ཐིག་ལེས་བྱས་པ་དང། དབྱེར་མེད་པའི་གཟུགས་སུ་འགྱུར་ཏེ། དེ་ཡང་གཤེགས་སོ། །གཤེགས་ནས་རྟེན་པ་ཀུན་ཀ་ཚིག་ཅེས་བྱ་བ་ནི། གྱེན་ལ ་གཤེགས་ཤིང་འོད་འབར་བའི་འོད་ཟེར་གྱི་རྩའི་ནང་གི་རྣམ་པར་རྟོག་པའི་དངོས་པོ་ཇི་སྙེད་པ་དེ་སྙེད་ཡེ་ཤེས་ཀྱི་འོད་ཀྱིས་སྦྱངས་ཤིང་བསྲེགས། ཐལ་བར་འགྱུར་བ་ནི་མ་ཡིན་ནོ། །དེའི་དོན་ནི་མི་དམིགས་བའི?་རང་བཞིན་དུ ་བྱས་པ་ལ་ནི་བསྲེགས་ཤིང་ཚིག་ཅེས་བྱའོ། །རྒྱལ་བའི་ཐིག་ལེ་ཁྱེར་ནས་ནི། ཞེས་བྱ་བ་ནི། རྗོད་པ་ཐམས་ཅད་ལས་རྒྱལ་བ་ནི། ད་བཞིན་གཤེགས་པ་ཀུན་གྱི་བདག་ཉིད། བཅོམ་ལྡན་འདས་དེ་ཉིད་ཀྱི་གཟུགས་ཀྱི་བྱང་ཆུབ་སེམས་དང ་ལྡན་པར་གཞུ་ནས། སྤྲོས་པ་དང་བྲལ་བའི་རང་བཞིན་དུ་བྱེད་པའི་དོན་ཏོ། །ཡང་ནི་ཞེས་བྱ་བ་ནི། སྔར་གྱི་ལམ་ནས་ཡང་སྔོན་དང་མི་འདྲ་བར་ཞེས་བསྣན་པའི་ཐ་ཚིག་གོ་།ཁྱོད་ནི་བཅོམ་ལྡན་འདས་མ་ཕྱག་རྒྱ་ཆེན་པོའི་ཉིད་དེ་སྔར་བསྟན ་པ་དང། གྱིས་འབྱུང་བ་དང། ད་ལྟར་བཞུགས་པའི་གནས་དང་འབྲེལ་བའོ། །འབྱོར་པའི་དོན་ཞེས་བྱ་བ་ནི། ལྟེ་བའི་རང་བཞིན་དགའ་བའི་གནས་ནས་གཤེགས་ནས་ཡང་སླར་སྡུད་དེ་རང་དུ་བྱོན་ཞེས་བྱ་བའི་ཚིག་གི་དོན་ཏོ། །དེའི་གནས་ནི། ་ལྟེ་བའི་སྤྲུལ་པའི་པདྨ་ཞེས་བྱ་བ་ལ་སོགས་པ་ཡིས་བསྟན་ཏེ། དེ་ཉིད་དུ་གསལ་བའི་ཕྱིར། མ་བཤད་པ་ཡིན་ནོ། །དེ་ཡིས་ནི་སྤྲོས་པ་མེད་པའི་ཕྱག་རྒྱ་ཆེན་པོའི་གཏུམ་མོ་ཡེ་ཤེས་ཀྱི་འོད་ལ་རྟེན་པ་སྟེ། དགའ་བའི་རིམ་པས་རང ་བཞིན་དགའ་བ་དེ་ཉིད་ལས་སྤྲོས་པ་མེད་པའི་རང་བཞིན་དགའ་བ་ཕྱག་རྒྱ་ཆེན་པོའི་རང་གི་རོ་བོ་རྙེད་པའོ། །ཁ་ཅིག་འཁོར་ལོ་བཞིའི་དབྱེ་བས་སྤྲོས་པ་དང་བཅས་པར་འདོད། ཁ་ཅིག་སྤྲོས་པ་ཡོད་རུང་མེད་རུང། མཆོག་གི་ནམ ་མཁའ་ཨི་གནས་ནས་བྱོན། བ་ལ་སོགས་པའི་ཚིགས་བཅད་འདིར་རང་བཞིན་དགའ་བའི་གནས་གཉིས་ལ་སྦྱར་ཏེ། དེ་ཡང་བདེ་ཆེན་གྱི་གནས་དང། སྤྲུལ་པ་རུ་རང་བཞིན་དགའ་བ་སྐྱེ་བའི་དུས་ཀྱི་སྐབས་ཀྱི་གནས་སོ་ཟེར་རོ། །ཁ་ཅིག ་སྤྲུལ་པའི་གནས་ཁོ་ན་ཞེས་སྨྲའོ། །དེ་བཞིན་ཁ་ཅིག་བདེ་བ་ཆེན་པོ་གཅིག་བུར་གནས་པས་གནས་པ་དང་གཤེགས་པ་ལ་སོགས་པ་ཟེར་རོ། །ཚངས་པའི་གཡུལ་ལས་བྱེ་བ་མཐར་ཞེས་བྱ་བ་ལ་སོགས་པ་ལ་བྱང་ཆུབ་ཀྱི་སེམས་བདེ་བ ་ཆེན་པོའི་རང་བཞིན་སྤྱི་བོའི་འཁོར་ལོ་ན་གནས་པའི་ཕྱིར་དང། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་ཅན་ཡིན་པས་ཕྱག་རྒྱ་ཆེན་པོ་བཅོམ་ལྡན་འདས་ཡུམ་དང། རྒྱུ་དང་འབྲས་བུའི་རང་བཞིན ་དུ་གཅིག་པའི་ཕྱིར་དང། རྒྱས་བཏབ་པའི་ངེས་ཚིགས་གསུངས་པ་ནི། དེའི་ཕྱིར་ཕྱག་རྒྱ་ཆེན་པོ་ཁྱོད་གྲགས་ཞེས་བྱ་བའོ། །འདི་སྐད་དུ། རྒྱུ་ལས་འབྲས་བུས་རྒྱས་བཏབ་ཅིང། འབྲས་བུ་ལ་ཡང་རྒྱུས་རྒྱས་བཏག་ཅེས་གསུངས ་པ་དང། སེམས་ནི་ཡེ་ཤེས་འབྱུང་བའི་རྒྱུ། སངས་རྒྱས་གཞན་དུ་མཚོལ་ཅིག་།ཅེས་གསུངས་པ་དང། ཡང་འཇིག་རྟེན་ཁམས་ནི་གང་དུ་ཡང། གཞན་ནས་སངས་རྒྱས་རྙེད་མི་འགྱུར། སེམས་ནི་རྫོགས་པའི་སངས ་རྒྱས་ཉིད། གཞན་ན་སངས་རྒྱས་བསྟན་དུ་མེད། ཅེས་གསུངས་སོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ། གསང་བ་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་ཉི་ཤུ་གཅིག་པའི་བཤད་པའོ།། །།སྔགས་ཀྱི་དོན་ལ ་སོམ་ཉིད་གྱུར་པས་འདིར་ཞུས་པ་ནི། གསང་བའི་པད་སྙིང་རྒྱས་བྱེད་པ། ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་དང་པདྨའི་སྒྲས་བཤད་པའི་ཐབས་དང་ཤེས་རབ་ཀྱི་པདྨ་འདབ་མ་དང། ལྟེ་བར་བཅས་པའི་གསང་བའི་ཐུགས་ཡང་དག ་པའི་ཡེ་ཤེས་ཀྱིས་དབྱེ་བར་བྱེད་ཅིང་རྒྱས་པར་མཛད་པའི་ཕྱིར། གསང་བའི་པད་སྙིང་རྒྱས་བྱེད་པའོ། །ཇི་ལྟ་བའི་ཉི་མ་ཤར་པའི་བྱིན་གྱིས་བརླབས་ཀྱིས་པདྨའི་གཟུགས་ཀྱི་རྣམ་པར་སྨིན་པ་དང། འབྲེལ་པའི་དཔེ་བརྗོད་པའི་དོན ་ཀྱང་དེ་བཞིན་ནོ། །རེ་ཞིག་ནི་རིམ་གྱིས་དོན་ཡིན་ཏེ། འོག་ནས་འབྱུང་བ་དང་འབྲེལ་པའི་མཚན་ཉིད་དོ། །ཅིའི་ཕྱིར་གསང་བ་བཤད་ཅེས་བྱ་བ་ལ་སོགས་པ་ནི། དེར་གནས་དང་གསང་བའི་དོན་བཤད་པ། འདིར་གསང་བའི ་དོན་གྱི་མཚན་ཉིད་དེ་རྒྱས་པ་དང་གནས་གྱི་དོན་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་ལ། འཕོ་བ་དང་འཇིག་པ་ལ་སོགས་པ་དང་བྲལ་བའི་རི་བོང་གྱི་གཟུགས་ནི། ག་ཕུར་དངོས་པོ་ཕུར་དང་བྲལ་ཞེས་བྱའོ།། ་ཤེས་རབ་ཀྱི་སྐྱེ་གནས་ཀྱི་ཁྱད་པར་དེ་བཞིན་ཐབས་ལ་ཡང་ཡིན་པའི་འདི་ནི་དེའི་གནས་ནི་སྐྱེ་གནས་ཡིན་ཞེས་བྱའོ། །དེ་དག་ལ་བརྟེན་པ་བྱམས་པ་ཡིས་དགའ་བ་ལ་སོགས་པའི་འབྲས་བུའི་དོན་འབྱུང་བ་བཅོམ་ལྡན་མོ་ལ་གསུངས ་པ་ནི། དགའ་བ་སྦྱིན་པ་མོ་ཕྱག་རྒྱ་ཞེས་བྱ་བའོ། །དེ་ལ་གསང་བའི་དོན་ནི་རྒྱུའི་རང་བཞིན་འབྲས་བུ་དང་བཅས་པའི་གསུམ་གྱི་དབྱེ་བས་རབ་འབྲིང་དང། ཐ་མའི་དོན་བསྟན་པ་ཡིན་ནོ། །བཅོམ་ལྡན་མོ་ཡུམ་གྱིས་ཐ་མལ་པའི་འདོད ་ཆགས་དང་འབྲས་བུ་དང་ཐབས་དང་གསུམ་གྱི་དབྱེ་བས་རབ་དང། འབྲིང་དང། ཐ་མའི་དོན་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་མོ་ཡུམ་གྱིས་ཐ་མལ་པའི་འདོད་ཆགས་དང། གོས་གྱིས་དོགས་པའི་ཕྱིར། བཅོམ་ལྡན་འདས་ལ་གསོལ ་པའོ། །བྱང་ཆུབ་སེམས་ནི་ག་བུར་གཟུགས་ཞེས་བྱ་བ་ལ་སོགས་པ་ལ། ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་གང་ཟག་སོ་སོའི་སྐྱེ་བོ་ཐམས་ཅད་ལ་ཡོད་པའི་ཕྱིར་དང། ཕོ་དང་མོའི་སྐྱེ་གནས་ཀྱི་ཕྱེ་ནས། འདོད་ཆགས་ལ་སོགས་པའི་སྤྱོད་པ ་ཀུན་བྱེད་ཅིང་གནས་མཚུངས་པ་ཡིན་པའི་ཕྱིར། གང་ཟག་ཀུན་གྱིས་གསང་བའི་དོན་ངེས་པ། ཁོ་ནར་ཤེས་ཤིང་ཁོང་དུ་ཆུད་པའི་དོན་གྱིས་དབང་བསྐུར་བའི་དོན་དང་དམ་ཚིག་དང། ཐོས་བ་ལ་སོགས་པ་མི་དགོས་པར་འགྱུར་བས ་ཅི་ཞིག་བྱ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཞེས་བྱ་བ་ལ་སོགས་པ་འོན་ཀྱང་ནི། མ་རངས་པའི་ཚིག་ཏུ་རིག་པར་བྱའོ། །དྲང་བའི་དོན་གྱི་ཚིག་གིས་ལྡན་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ག་པུར་ཀུན་རྫོབ་ཀྱི་དངོས ་པོའི་གཟུགས་ལ་ཡང་ཡོན་ཏན་ཡོད་པ་ཡིན་པ་དང། དེ་བཞིན་དུ་གནས་ལ་ཡང་སྦྱར་བར་བྱ་སྟེ། རྟེན་གྱི་དོན་གྱི་ཕྱིར་ཡང་དག་དེས་པའི་དོན་ཞེས་བྱ་བ་ནི། རྟེན་ཀུན་རྫོབ་ཀྱི་གཟུགས་གནས་དང། བྱང་ཆུབ་ཀྱི ་སེམས་ག་བུར་དྲད་པའི་དོན་གྱིས་ཚིག་ལ་བརྟེན་ནས། དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ངེས་པའི་དོན་ཡང་དག་པའི་ཚིག་དང། རྟེན་ལ་སོགས་པའི་མཚན་ཉིད་སྤངས་པ། རྟེན་དང་རྟེན་ལས་རྙེད་པ་དེ་ནི། རྒྱུ་དང་འབྲས ་པུའི་བདག་ཉིད་དོ། །དེའི་ཕྱིར་རྟེན་མེད་ན་འབྲས་བུ་ཇི་ལྟར་རྙེད་ཅེས་བྱ་བ་ལ་སོགས་པའི་གསུངས་སོ། །ལུས་ཀྱི་དངོས་པོ་མེད་ཇི་ལྟར་འདི་རུ་སེམས་ཞེས་བྱ་བ་ནི། དཔེར་ན་ལུས་མེད་པར་སེམས་གནས་པའི་གཞི་མེད་པ་བཞིན་ཁུ་བའི ་གཟུགས་མེད་ན་བདེ་བའི་རང་བཞིན་མེད་པ་ནི་བདེ་བ་ཁོ་ན་ཉིད་ཡིན་ནོ། །དེ་སྐད་དུ། ལུས་ཀྱི་དངོས་མེད་ཅི་སྟེ་བདེ། །བདེ་བ་བརྗོད་པར་ཡོད་མི་ནུས། །ཁྱབ་བྱ་ཁྱབ་བྱེད་རང་བཞིན་དུ། །འགྲོ་བ་རྣམས་ལ་བདེ་བས་ཁྱབ། །ཇི་ལྟར ་མེ་ཏོག་ལ་གནས་དྲི། །མེ་ཏོག་དངོས་མེད་ཤེད་མི་འགྱུར། །དེ་བཞིན་གཟུགས་སོགས་དངོས་མེད་ན། །བདེ་བ་དམིགས་སུ་མེད་པ་ཉིད། །ཅེས་གསུངས་པ་དང་ཡང་ཁུ་བ་མེད་འགྱུར། བདེ་དང་བྲལ་ནའང་དེ་མེད་འགྱུར། བལྟས ་བཅས་ནུས་པ་མེད་པའི་ཕྱིར། །ལྷ་ཡི་སྦྱོར་བས་བདེ་བའོ། །ཞེས་གསུངས་སོ། །ཇི་ལྟར་དོན་མཐུན་གསང་ཚིག་དེ་ནི་གསང་ཞེས་བྱ་བ་ནི། ལུས་དང་མེ་ཏོག་ལ་སོགས་པའི་དཔེ་བསྟན་པ་རྣམས་དང། དེ་བཞིན་འདེར་མཐུན ་པར་བཤད་པའི་ཚིག་དང་འབྲེལ་པར་དོན་མཐུན་པ་འདི་ནི། རྟེན་གྱི་རྒྱུའི་གསང་བའོ། །ད་ནི་འབྲས་བུའི་གསང་བའི་དོན་བཤད་པར་བྱ་སྟེ། དྲང་པའི་དོན་མིན་ངེས་པའི་དོན་ཡང་མིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནི ་ཐབས་དང་བཅས་པའི་གསང་བའི་དོན་ཙམ་པར་བསྟན་ཏེ། ཡང་ན་མོས་པ་འབྲིང་གི་དོན་གྱིས་སུ་ཞེས་བྱ་བ་ལ་སོགས་པ་ལ། མཆོག་གི་དགའ་པ་ཞེས་བྱ་བ་ནི། དགའ་བ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ནི། རང་བཞིན་དགའ་བའི་ངོ་བོ ་བཞི་པ་འདི་ཡིན་ནོ། །སྦྱིན་པ་མི་ཆད་པའི་དགའ་བའི་རྒྱུའི་མཚན་ཉིད་ཀྱིས་བཞི་པའི་འབྲས་དུ་གཟུགས་སུ་སྟེར་བའི་དོན་ཏོ། །དེའི་ཕྱིར་འབད་པས་ཆད་དགའ་སྲུང་བར་བྱེད་ཅེས་བྱ་བ་ལ་སོགས་པ་ལ་ཆད་པའི་དགའ་བའི་གནས་སུ ་ཤེས་རབ་དང་ཐབས་ཀྱི་སྦྱོར་བ་བྱས་པ་ལས། བྱང་ཆུབ་སེམས་འབབ་པ་དེ་རྡོ་རྗེའི་འཁོར་ལོར་མཆོག་གི་དགའ་བ་དེ་ལས་འཕོས་པ་ཉིད་འབང་པ་སྟེ། ཡེ་ཤེས་ཀྱི་རླུང་འགུགས་པའི་བསྲུང་བར་བྱེད་པའོ། །དེ་ཉིད་ལས་རང་བཞིན ་དགའ་བ་ཉམས་སུ་མྱོང་བ་རྙེད་པར་འགྱུར་རོ། །དེའི་འབྲས་བུ་ནི་གསང་བའི་དོན་ཏེ། བཞི་པ་རྡོ་རྗེའི་སྐུ་ཟག་པ་མེད་པ་བདེ་བ་དུས་ཐམས་ཅད་པར་རྒྱ་ཆེ་བ། སྤྲོས་པའི་མཚན་མི་མངའ་བའི་རང་བཞིན་གྱི་ཡེ་ཤེས་ཏེ། རང་ཀྱི ་གསང་བ་ཞེས་བྱ་བ་འབྲས་བུའི་དོན་ཏོ། །གཞན་ན་རེ་ཆད་པའི་དགའ་བ་ནས་རང་བཞིན་དགའ་བར་འོག་ཏུ་འཕོ་བ་སྟེ། དེ་ཡང་གོང་མ་པའི་ཡོན་ཏན་གྱིས་འོག་མ་ཐུབ་པ་དེ་ལས། འབྲས་བུའི་དོན་རྙེད་ཀྱི་སྐྱེ་བ་མ་ཡིན་ནོ་ཞེས་ཟེར་རོ།། ་ནོར་མདུང་སྙིང་ག་ཡི་ནི་གསང། ཞེས་བྱ་བ་ནི། རིན་པོ་ཆེའི་ནོར་བུའི་མདུད་པའི་དཀྱིལ་གྱི་ལྟེ་བའི་སྙིང་གའི་གནས་ནི་གསང་བའི་གཞི་དང་བཅས་པའི་གསང་བའི་དོན་བསྟན་པའོ། །བྱང་ཆུབ་ཀྱི་སེམས་དང་ལྡན་པ་ཞེས་བྱ་བ་? ་གནས་ཁྱད་པར་ཅན་དུ་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རང་བཞིན་དགའ་བ་དང་ལྡན་པ་བཞུགས་པའི་ཐ་ཚིག་གོ། །ཐབས་ཀྱི་གཟུགས་ལ་གནས་ཀྱི་བྱེ་བྲག་དང། བྱང་ཆུབ་སེམས་ཀྱི་ནམ་པའི་ལྟར་རེ་བཞིན་? ་རབ་མ་ལ་ཡང་གནས་པ་ནི། ཤེས་རབ་མའི་དེ་བཞིན་ནོ་ཞེས་བྱ་བའོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ། གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་ཉི་ཤུ་རྩ་གཉིས་པའི་བཤད་པའོ།། །། ་གསང་བའི་དོན་རང་བཞིན་དགའ་བའི་མཚན་ཉིད་དུ་གསུངས་པའི་རྗེས་སུ་བར་ཅིས་ཀྱང་མཆོད་པ། དེ་ནས་བཅོམ་ལྡན་འདས་མ་ཕྱག་རྒྱ་ཆེན་པོ་ཡང་ཁུ་བར་བྱེད་དོ། །ཞེས་བྱ་བ་ནི། སྔར་ཞུས་པ་དེ་ཡིན་པའི་དོན་ལ་ཡང་ཞུ་ཞེས ་བྱ་བར་སྦྱར་བར་བྱའོ། །མགོན་པོ་ཐམས་ཅད་གཏན་ལ་ཕབ། ཇི་ལྟར་རང་བཞིན་ཡིན་པ་ལ། ཞེས་བྱ་བ་ནི། སྐྱབས་མེད་པ་རྣམས་ཀྱིས་སྐྱབས་མགོན་བྱེད་པ་ཁྱོད་ཡིན་ཞེས་པོས་ནས། རྒྱུད་ཀྱི་རིམ་པ་འདི་ཉིད་ཕྱི་དང་ནང་ལ་སོགས ་པའི་ཆོས་རྣམས་ཐམས་ཅད་གསུངས་ཤིང་བཤད་དེ་གཏན་ལ་ཕབ་ན། དེ་རྣམས་ཐམས་ཅད་ཀྱི་གསང་བའི་དོན་རང་བཞིན་དགའ་བ་མཆོག་ཏུ་གྱུར་ལ། དབང་པོ་ལས་འདས་པ། ཟག་པ་མེད་པའི་བདེ་བ་ཆེན་པོ་གཉིས་སུ་མེད ་པའི་ཡེ་ཤེས་དེ་ཇི་ལྟ་བུ་ལགས་ཞེས་ཞུས་པའི་ཕྱིར་རོ། །དེ་ཇི་ལྟ་བུའི་ཚིག་ཐོས་ནས་ཞེས་བྱ་བ་ལ་སོགས་པ་ནི། ཞུས་པའི་ཚིག་ལ་ལན་བཀའ་མ་སྩལ་པར་ཅང་མི་གསུང་བར་མཚན་མ་མེད་པའི་རང་བཞིན་གྱིས་མི་སྣང་པའི་ངོ ་བོ་བདེ་བ་ཆེན་པོ་གཉིས་སུ་མེད་པའི་དོན་ལ་བཞུགས་པ་ཙམ་གྱི་སྤྱོད་ཡུལ་དུ་མ་གྱུར་པའི་དོན་ཏོ། །འདིའི་དོན་ནི་འདི་རང་གི་འོག་ནས་རྒྱས་པར་གསུངས་ཏེ། དེ་ཅིའི་ཕྱིར་ཞེ་ན། རང་བཞིན་བརྗོད་དུ་མེད་པ་དང། རྟོག་ཡེ?་མེད་པ ་དང། བཙལ་དུ་མེད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ནི་འཕགས་པ་འཇམ་དཔལ་གྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་ལི་ཙ་བའི་དྲི་མ་མེད་པར་གྲགས་པ་ལ་གཉིས་སུ་མེད་པའི་དོན་སླར་དྲིས་པས། དྲི་མ་མེད ་པར་གྲགས་པ་ཅང་མི་གསུངས་པའི་ཚུལ་དང་མཚུངས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་མོ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ལ་སོགས་པའི་གསུངས་པ་རྣམས་ནི་གོ་སླའོ། །འདིའི་རྒྱུད་ལས་བདག་ལས་གཞན་ཞེས་བྱ་བ་ལ་སོགས་པ ་ལ་བཅོམ་ལྡན་འདས་ཡེ་ཤེས་ཐིག་ལེའི་རྒྱུད་འདིར་བཅོམ་ལྡན་འདས་ཀྱིས་རང་བཞིན་གྱི་དོན་དང་དཔའ་བོ་རྣམས་ཀྱི་རང་བཞིན་གྱི་དོན་གྱི་མཚན་བརྡར་བསྟན་པ་ཐ་དད་པ་རུ་ཡོད་པ་ནི་མ་ཡིན་དེ་གཅིག་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། ་དཔའ་པོ་རྣམས་དང་ལྷ་སྨོས་ཀྱང་ཅི་དགོས། བཅོམ་ལྡན་འདས་ཉིད་ལས་འདིའི་ཆོས་ཐམས་ཅད་རྫུ་འཕྲུལ་གྱི་བསྟན་པའི་ཕྱིར་རོ། །དེ་ནི་ལྟེ་བའི་གསང་བའི་པདྨ་ཅེས་བྱ་བ་ལ་སོགས་པའི་སྒྲའི་དབྱི་གཞུག་གི་སྔོན་བཞིན་ནོ། །ན་མའི ་དོན་གྱིས་ཤེས་རབ་ཀྱི་པདྨ་དང། ཐབས་ཀྱི་ནོར་བུའི་རིན་པོ་ཆེའི་སྒྲས་ཆད་པའི་དགའ་བ་དང། མཆོག་གི་དགའ་བའི་རྒྱུ་དེ་དགའ་སྦྱོར་བ་ལས་རང་བཞིན་དགའ་བའི་རྒྱལ་པོ་ཉིད་ནི། བཅོམ་ལྡན་འདས་དཔལ་ཡེ་ཤེས་ཐིག་ལེའི་མཚན ་ཉིད་ཀྱི་དོན་དང། དཔའ་བོ་རྣམས་ཀྱིས་ཡང་གསུངས་པ་ཡིན་ནོ། །དེའི་ཕྱིར་ཆོས་ཐམས་ཅད་ཀྱི་གསང་བའི་འབྲས་བུའི་དོན་རང་བཞིན་དགའ་བ་བཅོམ་ལྡན་འདས་ཀྱིས་དོན་དུ་བསྡུས་པ་འདི་ཡིན་ནོ། །དཔལ་ཡེ་ཤེས་ཐིག་ལེའི ་དཀའ་འགྲེལ། གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་ཉི་ཤུ་གསུམ་པའི་བཤད་པའོ།། །།བཅོམ་ལྡན་མོས་གསོལ་པ་ཞེས་བྱ་བ་ལ་སོགས་ནི། ཆུའི་དབང་དང། གསང་བ་དང། ཤེས་རབ་ཡེ་ཤེས་ལ་སོགས་པའི་དབང་བསྐུར ་བའི་དུས་སུ། དཀྱིལ་འཁོར་གྱི་བྱེ་བྲག་དང། རྡོ་རྗེ་སློབ་དཔོན་བླ་མས། ཆོག་གང་གི་དབང་བསྐུར་བ་སྦྱིན་ཞིང་སློབ་མས་ཚུལ་ཇི་ལྟར་ཞུ་ཞིང་བླང་ཞེས་ཞུས་པའོ། །ཆུ་ལ་སོགས་པའི་དབང་དུས་སུ་ཞེས་བྱ་བ་ནི། ཆུའི་དབང་དང? ་དབུ་རྒྱན་དང། རྡོ་རྗེ་དང་དྲིལ་བུ་དང། མིང་ལ་སོགས་པའི་དབང་བཅུ་གཅིག་པོ་རྣམས་བསྐུར་བའི་དུས་སུ། དཀྱིལ་འཁོར་གྱི་རྣམ་པ་ནི། རྡུལ་ཚོན་ལ་སོགས་ཞེས་བྱ་བ་ནི། སོགས་པའི་སྒྲས་ཐང་ཀའི་དཀྱིལ་འཁོར ་དང། འབུར་དང། ལུགས་མ་བཤད་པར་གཤེས་སོ། །གསང་བའི་དབང་བསྐུར་དུས་སུ་ནི། ཞེས་བྱ་བ་ལ་སོགས་པ་ནི། པདྨ་དང། ཀུ་མུ་ཏ་དང། ཨུཏཔ་ལ་དང། མནདྷ་ར་བ་དང། དེ་བཞིན་དུ་མེ་ཏོག་གི་ཁྱད་པར་གང ་ཡང་རུང་བའི་དཀྱིལ་འཁོར་བྱས་ལ། གསང་བའི་དབང་བསྐུར་སྦྱིན་པར་བྱའོ། །ཡང་ན་མེ་ཏོག་ནི། པདྨ་དང། ཀུ་མུ་ཏ་ཡིས་མཚོན་ནས་དཀྱིལ་འཁོར་བྲི་བར་བྱ། དགྲམ་པར་བྱ་ཞིང་བཟོར་བྱའོ། །ཞེས་འདིའི་བརྡད་པ་སྟན་པའོ། ་དེ་བཞིན་དུ་རྡུལ་ཚོན་ལ་སོགས་པའི་ཡང་བཤད་པའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུས་སུ་ཞེས་བྱ་བ་ལ་སོགས་པ་ནི། ཙན་དན་དང། གླ་ཙི་དང། གུར་གུམ་དང། ག་པུར་དང། ཨ་ཀ་རུ་ལ་སོགས་པ་དྲི་ཞིམ་པོ་སྣ་ཚོགས་པའི ་དཀྱིལ་འཁོར་བྱས་ལ་དབང་བསྐུ?་སྦྱིན་པར་བྱའོ། །ཡང་ན་གུར་གུམ་དང། ག་བུར་གྱི་དཀྱིལ་འཁོར་བྲི་བར་བྱ། ཞེས་ནང་དུ་བསྟན་པའོ། །ད་ནི་དབང་བསྐུར་བའི་མཚན་ཉིད་སྟོན་ཏེ། ལས་དང་པོའི་དང་པོ་ལ་ཞེས་པ་ལ་སོགས་པའོ།། ་སྦྱང་བ་ས་བྱས་པའི་སེམས་ཅན་རྣམས་ལ་ཆུ་དང། དབུ་རྒྱན་དང། རྡོ་རྗེ་དང། དྲིལ་བུ་དང། མིང་དང། དམ་ཚིག་གསུམ་དང། བརྟུལ་ཞུགས་དང། ལུང་བསྟན་པ་དང། སྐྱབས་སྦྱིན་དེ་རྣམས་ངེས་པའི་དོན་དུ་སྦྱིན་པར་བྱའོ། ། ་ཤེས་རབ་ཅན་དྲང་དོན་ཏེ་ཞེས་བྱ་བ་ནི། སྦྱང་བ་བྱས་པའི་ཤེས་རབ་ལྡན་པ་ལ་དྲང་བའི་དོན་དུ་དེ་རྣམས་སྦྱིན་པའོ། །ཅིའི་ཕྱིར་ཞེ་ན། དབང་པོ་རབ་ཡིན་པའི་ཕྱིར་ན། བསོད་ནམས་ཆེན་པོས་ཡོངས་སུ་སྨིན་པའི་མཚན་ཉིད་ཅན། ་ཇི་ལྟར་པདྨ་ཡོངས་སུ་སྨིན་པ་ལས་ཉི་མའི་འོད་ཀྱིས་རེག་པ་ཙམ་གྱིས་རྒྱས་པར་གྱུར་པའོ། །པདྨ་ཡོངས་སུ་མ་སྨིན་པ་རྣམས་ནི། རྒྱས་པ་མ་ཡིན་ཡང། འོན་ཀྱང་དུས་ཕྱིས་རྒྱས་པར་འགྱུར་རོ། །དེ་བས་ན་ས་ལ ་སོགས་པའི་འབས་བ་ཐོབ་ཅིང་སྦྱང་བ་བྱས་པའི་དོན་དེ། མཆོག་གི་བླ་མ་དང་འཇོམ་པའོ། །ད་ནི་གསང་དབང་བསྐུར་བ་སྟོན་ཏེ། ནོར་བུའི་མགྲིན་པར་བྱང་ཆུབ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སློབ་མའི་གསང་བའི ་དབང་བསྐུར་བའི་དུས་ས་ཡེ་ཤེས་བསྐྱེད་པའི་རིམ་པ་ནི་འདི་ཡིན་ཏེ། སྐེའི་དབུས་སུ་རྩ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །མཐེ་བོ་མཛའ་ལྷག་གཉིས་ཀྱི་མནན་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་ཀྱི་རྡོ་རྗེ་དང་པདྨའི ་བདག་ཉིད་ཀྱི་རང་བཞིན་དུ་བསམ་ཏེ། རྩ་ཙིར་བ་ལ་རྟོག་པ་མེད་པའི་ཡེ་ཤེས་སྐྱེ་བ་འདི་ནི། གསང་བའི་དབང་གི་དོན་ཡིན་ཏེ། དེ་ནས་ཡེ་ཤེས་འབྱུང་བར་འགྱུར་ཞེས་གསུངས་སོ། །དེ་ཡི་དཔེ་ཡི་རང་བཞིན་ནི། བུ་མོས་རྙེད་པའི་བདེ ་ཇི་བཞིན། ཞེས་བྱ་བ་ནི། སྐྱེས་པ་དང་ཕྲང་པའི་བུ་མོ་གཞོན་ནུ་མའི་བདེ་བ་དེ་གཞན་དག་ལས་བསྟན་ཅིང་བརྗོད་པར་མི་ནུས་པ་ཇི་ལྟ་བ་བཞིན་དུ། རྩ་མནན་པའི་ཡེ་ཤེས་ཀྱང་དོན་དེ་ལྟར་རོ། །གཞན་ཁ་ཅིག་ནི་མ་ནིང་ལ་སོགས ་པའི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཐབས་དང། ཡེ་ཤེས་སུ་བཅས་པ་ཡིན་ནོ་ཟེར་རོ། །འདི་སྐད་དུ་ཇི་ལྟར་གཞོན་པའི་ཆགས་དགའ་དང། ཇི་ལྟར་ལྐུག་པའི་རྨི་ལམ་བཞིན?་ཞེས་གསུངས་སོ། །ཡང་ཁ་ཅིག་ན་རེ་སེའི་གསུ? ་རྩ་གཉིས་མི་ཞེས་བྱ་བ་ལ་སོགས་པ་ནི། རྒད་པོ་དང་སྐྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཡེ་ཤེས་བྲལ་བའི་དགའ་བ་ཉམས་སུ་མྱོང་པ། དུལ་བའི་མཐེ་བོང་དང་མཛའ་རྟག་གི་རྩོལ་བ་ལས་སྐྱེ་བའི་དོན་ཏེ་ཞེས་ཟེར་རོ། །ད་ནི་ཤེས་རབ ་ཡེ་ཤེས་ཀྱི་དབང་སྟོན་ཏོ། །རེག་བྱ་ཆེན་པོས་དགའ་བ་ཆེ། ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སློབ་དཔོན་གྱི་གཞོན་ནུ་མ་ལ། རྡོ་རྗེ་དང་པདྨ་སྦྱོར་བ་ལས་ནང་གི་རེག་བྱ་ཆེན་པོའི་མཚན་ཉིད་དགའ་བའི་དོན་ཉམས་སུ་མྱོང་བ་དང ་དེ་ལས་མཆོག་གི་དགའ་བ་ལ་སོགས་པའི་བདེ་བ་བདག་དང་ཤེས་རབ་མ་གཉིས་ཀས་མྱོང་བའི་དོན་རང་བཞིན་དགའ་བ་རྫོགས་པའི་རིམ་པ་ཡིས་དབང་རྫོགས་པར་བསྐུར་བས་ཤེས་རབ་ཀྱི་དད་པ་བསྐྱེད་པ་དང། ཡང་སློབ་མ་དེ་ལྟ་བུའི ་དོན་སྟོན་ཅིང། ཕན་འདོགས་ནུས་པའི་ཕྱིར། དགའ་བ་རྣམས་དང། སྐད་ཅིག་མ་རྣམས་ཀྱི་དོན་བསྟན་ཅིང་དོན་དུ་ཡང་གཞུག་པ་ནི། དགའ་སོགས་བྱེ་བྲག་མགུ་བར་བྱ། ཞེས་བྱ་བའི་དོན་ཏོ། །གཞན་མ་བཤད་པ་ནི། རྩ་བ་ནས་གསལ ་བའི་དོན་གྱིས་སོ། །དེ་ནི་སློབ་མ་དབང་བསྐུར་ཞིང་སྐྱངས་སྦྱིན་གྱི་ཆོག་གཞན་དུ་སྟོན་ཏེ། དེ་ནས་སློབ་མ་ལ་སྦྱིན་བྱ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དབང་བསྐུར་བའི་རིམ་པ་དེ་རྣམས་ལ་སྦྱིན་ནོ། །ཤེས་རབ་ཅན་གྱི་སློབ་མ་ལ ་ནི། བྱ་བ་དང་བྲལ་བའི་དབང་སྦྱིན་པ་ཡིན་ཏེ། ནང་ལ་སོགས་པ་བུམ་དབང། གསང་བ་དང་ཤེས་རབ་ཡེ་ཤེས་དང་བཞི་པ་རྣམས་སོ། །འོན་ཀྱང་རྒྱུད་ལས་ནི་འདི་སྐད་དུ། དང་པོའི་དགའ་བ་དང་ལྡན་པ། ལས་དང་པོ་ལ་སྦྱིན་པར་བྱ། ་གཉིས་པ་དགའ་བ་དང་ལྡན་པ། སྣང་བ་གསུམ་ནི་ཐོབ་ལ་སྦྱིན། གསུམ་པ་དགའ་བ་དང་ལྡན་པ། ཆོས་ཀྱི་སྦྱིན་རྙེད་ངེས་པས་སོ། །བཞི་པའི་དགའ་བ་དང་ལྡན་པའི། ཀུན་ཏུ་འོང་རྙེད་ས་ལ་སྦྱིན། ཞེས་གསུངས་སོ། །བླ་མའི་ཞལ་སྔ ་ནས་ལས་དང་པོ་པ་དེ་གཉིས་ནི་གཅིག་ལ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ཨི་ས་དང་པོ་པ་དང། སློབ་བཞིན་པའི་ཁྱད་པར་གྱི་ཕྱིར་ནི། རྒྱུད་དེ་གཉིས་སུ་མིང་ཙམ་མཐུན་ཡང། དོན་ནི་དེ་ལྟར་མ་ཡིན་ནོ།། ་དཔེར་ན་ལྷའི་བུ་ཚངས་པ་དང། དེ་བཞིན་གཤེགས་པའི་ཚངས་པ་བཞིན་ནོ། །ཞེས་གསུངས་སོ། །མཛའ་ནི་རྣམ་པར་འབྱེད་པར་ཤེས། ཞེས་བྱ་བ་ནི། ཆད་པའི་དགའ་བའི་ཕོ་བྲང་དུ་ཡེ་ཤེས་བཅོ་ལྔའི་རྣམ་པ་ལ་བྱེད་པ་བྱེད་པ་ནི། རྣམ ་པར་འབྱེད་པའི་ཡེ་ཤེས་རྟེན་དང་བཅས་པའི་དངོས་པོ་རྣམས་ཀྱིས་བྱེ་བྲག་གོ་།བཅོམ་པའི་ཕྱིར་ཞེས་བྱ་བ་ནི། དེ་རྣམས་ཀུན་གྱི་ཉོན་མོངས་པའི་རྣམ་པར་རྟོག་པའི་མཚན་མ་ཇི་སྙེད་པ་དེ་སྙེད་བཅོམ་པའི་ཕྱིར་ནི། རང་བཞིན་དགའ་བའི ་མཚན་ཉིད་དུ་འགྱུར་བའོ། །དེའི་རྟེན་གྱི་ཁྱད་པར་དང། བསྐྱེད་པའི་རིམ་པར་རྫོགས་པའི་ཡེ་ཤེས་ཆེན་པོ་མཐོང་ཞིང་རྙེད་པར་འགྱུར་བར་བཤད་པའོ། །དེའི་ཕྱིར་ན་རྣམ་པར་འབྱེད་པ་བཅོམ་མཐར་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ་དེ་སྐད་དུ་ཡེ་ཤེས་ཆེན་པོ་སྐུ་དང་བྲལ། གཉིས་སུ་མེད་པར་ནམ་མཁའ་བཞིན་ཞེས་གསུངས་སོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ། གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་ཉི་ཤུ་བཞི་པའི་བཤད་པའོ།། །།མངོན་སུམ་ཞེས ་བྱ་བ་ནི། ཉིད་ཀྱིས་མངོན་སུམ་དུ་ཉམས་སུ་མྱོང་ནས། གཞན་ལ་ཡང་དེ་བཞིན་གཤེགས་པའི་དོན་བསྟན་པ་འམ། རྗེས་སུ་དཔག་པ་ནི་ཉམས་སུ་མྱོང་བར་དགོངས་པའི་དབང་གིས་གཞན་དག་ལ་རྟགས་ཀྱི་མཚན་མ་ཙམ་ལ་རྟེན ་ནས་གསུངས་པ་ཡིན་པའམ། རྒྱུ་དང་འབྲས་བུ་མཐུན་པ་མ་ཡིན་ན་ནི། འགལ་བར་འགྱུར་བ་ཡིན་པས། དཔེར་ན་འབྲས་ཀྱི་ས་བོན་ལས་འབྱུང་བ་ནི་རིག་པ་ཡིན་པ་དང། ས་བོན་ལས་འབྲས་བུ་ལ་ལུ་སྐྱེ་བ་ནི་མི་རིགས་པའི་ཕྱིར། ས ་བོན་དང་འདྲ་འབྲས་བུ་འམ་ཞེས་བྱ་བ་ལ་སོགས་པའི་ཞུ་བའི་དོན་གསུངས་པ་ནི་དགོངས་པ་བཤད་པའོ། །གསང་བས་ན་པདྨའི་སྙིང་པོ་ནི་ཞེས་བྱ་བ་ལ་སོགས་པ་ལ། ཐབས་རྣལ་འབྱོར་བའི་གསང་བའི་རྡོ་རྗེ་རིན་པོ་ཆེའི་རྩེ་མོ་རང ་གི་གནས་ན་ཆུ་སྐྱེས་པདྨ་བརྒྱད་པའི་འོག་ན་གསུམ་པ་ལྟེ་བ་དང་བཅས་པའི་སྙིང་པོ་ནི་ཚིགས་རྒྱས་པའི་གནས་ཡིན་ཏེ། ཕྱག་རྒྱ་རྣམས་ལས་གང་ཡང་རུང་པའི་གཅིག་གིས་སྦྱོར་བ་བྱས་པ་ལས་ཡེ་ཤེས་ཀྱི་མེ་འབར ་པར་འགྱུར་བ་དང། ཡང་དབྱར་མེད་པའི་རྡོ་རྗེ་བདེ་པ་བྱང་ཆུབ་ཀྱི་སེམས་སྤར་རང་གི་གསང་བའི་རྡོ་རྗེའི་རང་བཞིན་དགའ་བའི་གནས་སུ་གཤེགས་པ་ཉིད་ཀྱི་རྒྱས་པའི་དོན་ནི། རིམ་གྱིས་ཡེ་ཤེས་སྙིང་པོའི་བདག་ཉིད་རྒྱས་པའོ།། ་ཡང་ན་ཐམས་ཅད་ཀྱི་ནི་ཚིགས་ཞེས་བྱ་བ་ལ་སོགས་པ་ལ། སྙིང་པོ་ནི་གཟུང་བ་དང་འཛིན་པ་གཉིས་སྤངས་པའི་བྱང་ཆུབ་ཀྱི་སེམས་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དབྱེར་མི་བྱེད་པའི་མཚན་ཉིད་ཅན་རྡོ་རྗེ། བྱ་གདོང་ནི་རྡོ་རྗེ ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་དབྱིབས་ཁ་ཁ་མུ་ཁའི་རྩ་དབྱིབས་ནི་ཤེས་རབ་མའི་དབང་དུ་བྱས་ཏེ། འདབ་མ་དང་ལྟེ་བ་ལ་སོགས་པ་ནི་སྔར་བཞིན་ནོ། །དེ་ལ་རྡོ་རྗེ་རྩེ་མོ་ཡིས་ཞེས་བྱ་བ་ནི། ཐབས་ཀྱི་གསང་བའི་རྡོ་རྗེ་རིན་པོ ་ཆེ་དང། སངས་རྒྱས་རིན་པོ་ཆེ་གཉིས་ཁ་སྤྲད་པ་ལས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་གཟུགས་ཀྱི་བདག་ཉིད་ལ་རྒྱུ་བྱེད་པའི་དངོས་པོའོ། །ཕྱེ་བ་དེ་ནི་རྒྱས་པར་བརྗོད་ཅེས་བྱ་བ་ནི། རྡོ་རྗེ་དང་པདྨའི་དོན་གྱིས་སྙིང་པོ་བདེ ་པ་ཆེན་པོའི་བྱང་ཆུབ་ཀྱི་སེམས་ཀྱི་བྱ་གདོང་མ་ཁོང་དུ་ཆུང་པ་ནི། ཚིགས་རྒྱས་པའི་དོན་ཏོ། ། ཏ་པི་ཁལ་གཉིས་ཀྱི་དབུས་ཞེས་བྱ་བ་ནི། གཡས་པ་ནི་གཡོན་པའི་གཟུང་འཛིན་གྱི་དངོས་པོ་དང་བཅས་པས་རྟོག་པ་ཅན ་གྱི་མཚན་ཉིད་དང་གཅིག་པ་མ་ཡིན་པའི་རང་བཞིན་དབུས་ན། གཉིས་དང་བྲལ་བ། གཉིས་པའི་བདག་ཉིད་བདེ་བ་དང་བཅས་པའི་ཕྱིར་རྟོག་མེད་མའོ། །སོ་ཤོ་མ་ཡེ་ཤེས་ངོ་བོ་ཉིད་ཅེས་བྱ་བ་ནི། ཀུན་རྫོབ་དང་དོན་དམ ་པའི་གཟུགས་ཀྱི་ཞུ་བ་མེད་པ་ཤིན་ཏུ་ཕྲ་བའི་ཡེ་ཤེས་རྒྱུན་མི་འཆད་པའི་ནི་འབབ་པའི་རྒྱུ་བ། གཟུང་འཛིན་སྤངས་པའི་རྩ་ཉིད་ཀྱི་མིང་གི་རྣམ་གྲངས་སུ་ནི་མཚན་ཉིད་སྤངས་པའི་གཟུགས་སུ་གནས་ཞེས་བྱའོ། །ཐབས་དང་ཤེས་རབ་ཀྱིས ་དེའི་དོན་རྟོགས་པར་བྱ་བ་གསུངས་པ། བསྲུབ་དང་བསྲུབ་པའི་སྦྱོར་བ་ཡིས་ཞེས་བྱ་བ་ལ་སོགས་པའོ། །ལས་ཀྱི་ཕྱག་རྒྱ་ལ་ལྟོས་པ་མེད་པར་ཚིགས་རྒྱས་པའི་སྙིང་པོའི་དོན་བཤད་པ་ནོ། ལྟེ་བའི་གནས་ནས་སྨིན་འཁོར་ལོ་ཞེས་བྱ་བ་ལ ་སོགས་པ་གསུངས་སོ། །ཁ་ཅིག་ན་རེ་ལས་ཀྱི་ཕྱག་རྒྱའི་བསྲུབ་པ་དང་བསྲུབས་པའི་རྒྱུས་ལྟེ་བའི་གནས་ནས་སྨིན་འཁོར་ལ་སོགས་པ་ཡིན་པར་འགྱུར་བའོ་ཞེས་ཟེར་རོ། །ད་ནི་རང་བཞིན་དགའ་བ་བདེ་བ་ཆེན་པོའི་རྒྱལ་པོའི་དོན ་ཚིགས་རྒྱས་པའི་ཞེས་བྱ་བའི་སྒྲས་གསལ་བར་སྟོན་ཏེ། མིན?་བསྲུབ་དང་བསྲུབ་པ་སྟེ། ཞེས་བྱ་བ་ལ་སོགས་པའི་སྒྲུས་གསུངས་པའི་དོན་ནི། ལེའུ་བཅུ་པའི་སྒྲའི་དབྱི་གཞུག་བསྟན་པ་བཞིན་དུ་བྱའོ། །བསྲུབ་པ་དང་བསྲུབས་པ་ནི། ་ཐབས་དང་ཤེས་རབ་ལ་བརྟེན་པའི་དོན་སྟོན་པ་ནི་དགའ་བ་ལ་སོགས་པའི་འབྲས་དུའི་དོན་ནི་གོ་སླ་བས་མ་བཤད་དོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ། གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ། ལེའུ་ཉི་ཤུ་ལྔ་པའི་བཤད ་པའོ། །།དེ་ཁོ་ན་ཉིད་ཀྱི་སྙིང་པོའི་དོན་སྟོན་པའི་ལེའུ་འབྱུང་བ་ལ་ནི། དེ་ནས་གཞན་ཉོན་བདག་གིས་བཤད་ཅེས་བྱ་བ་སྟེ། བཅོམ་ལྡན་འདས་ཀྱིས་སྡུད་པ་པོ་ལ་བོས་ནས་འདིའི་ཟབ་མོའི་དོན་ཉིད་དུ་བསྡུས་ཏེ་གསུངས ་པའོ། །ཡེ་ཤེས་རབ་མཆོག་གང་གིས་བཤད་ཅེས་བྱ་བ་ནི། རྒྱུད་འདི་དབུ་ནས་ཞབས་སུ་གཉིས་སུ་མེད་པའི་ཡེ་ཤེས་ལ་རྒྱུ་ལ་སོགས་པ་གསུངས་སོ། །འདི་རྣམས་ནི་རྒྱུད་ཀྱི་དོན་གྱི་སྙིང་པོ་བསྡུས་པ་ཡིན་པས། །ཕྱི་མ་ལ ་སོགས་པ་ནི་འདི་དང་རང་གི་།ལེའུ་ཡི་སྐབས་སུ་གསལ་ལ། དེ་ཁོ་ན་ཉིད་ཀྱི་སྐབས་འདི་ནི། དཔལ་དེ་ཁོ་ན་ཉིད་ཀྱི་སྒྲོན་མའི་རྒྱུད་དུ་གསལ་བར་གསུངས་པས་དེར་བལྟ་བར་བྱ་ཞིང། ཤེས་པར་བྱ་བ་ཡིན ་ནོ། །ཅིའི་ཕྱིར་ཞེ་ན། འདིར་མངས་པས་འཇིགས་པའི་ཕྱིར་ན། བཅོམ་ལྡན་འདས་ཉིད་ཀྱིས་འདིའི་དོན་དེར་ཞིག་ཏུ་བཤད་པའི་དོན་གྱིས་མ་བྲིས་པ་ཡིན་ནོ། །འོན་ཀྱང་འདིར་དགའ་ཨི་དོན་ནི་འདི་ལྟ་སྟེ། དེ་ནི་བདེ་པོ་ཆེན་པོའི ་མཛའ་ཞེས་བྱ་བ་ནི། བདེ་བ་ཆེན་པོའི་ཡེ་ཤེས་རང་བཞིན་དགའ་བའི་མངའ་བདག་སྤྲོས་པ་དང་བྲལ་བའི་དོན་ལ། དེ་ཁོ་ན་ཉིད་བཞི་བཅུའི་བདག་ཉིད་བདེ་བ་ཆེན་པོའི་རྒྱལ་པོ་བདུད་རྩིའི་གཏེར་ལ་ཡང་དག་པའི་དོན ་བསྟན་པའོ། །དེ་བས་ན་དེ་ཉིད་བསྡུས་པའི་སྙིང་པོའི་དོན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་སུམ་ཅུ་དྲུག་བདག་པོ་ཞེས་བྱ་བ་ནི། དེ་ཁོ་ན་ཉིད་གང་ཡང་རུང་བའི་སྒོ་ནས་ཞུགས་ཤིང། བསྒོམ་ལ? ་ལ་འབད་པའི་སྟོབས་ཀྱིས་རང་བཞིན་གྱིས་ཡེ་ཤེས་བདེ་བ་ཆེན་པོ་ཉིད་ཐོབ་པར་འགྱུར་བ་དང། དེ་བཞིན་དུ་བཞི་བཅུ་ཀྱང་དེ་ཉིད་ཐོབ་པར་འགྱུར་བ་དང། ཡང་གཅིག་ཀྱང་ཀུན་གྱི་བདག་ཉིད་དང་ལྡན་པ་དང། ཀུན ་ཀྱང་དེའི་རང་བཞིན་ཡིན་པའི་ཕྱིར་ཞེས་ཁོང་དུ་ཆུད་པར་བྱ་བ་ཡིན་ནོ། །འདིར་སྦྱོར་བ་དྲུག་བཅོམ་ལྡན་འདས་དཔལ་ཡེ་ཤེས་ཐིག་ལེར་གསུངས་པས། དེ་རང་བཞིན་བཅུ་པོ་སྤྱིར་བཞག་པའི་དོན་བསྟན་པ་ནི། ་ཆའི་ཡེ་ཤེས་ཆོར་བྱེད་དོ་ཞེས་སོ། །སྦྱོར་བ་རྣམས་དེ་ཁོ་ན་ཉིད་རྣམས་ནི་ཐབས་ལས་བྱུང་བའི་ཡེ་ཤེས་ཀྱི་རང་བཞིན་གྱིས་བཅོམ་ལྡན་འདས་དཔལ་ཡེ་ཤེས་ཐིག་ལེའི་དེ་ཁོ་ན་ཉིད་དུ་འགྱུར་རོ། །དེ་བཞིན་དུ ་འགྱུར་རོ་ཞེས་སོ། །འདི་ནི་འབྲས་བུའི་དོན་ཡིན་པའི་ཕྱིར། ནམ་པར་དག་པ་དེ་ཉིད་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །གཞན་དུ་སའི་རིམ་པ་དང་སྦྱར་ཡང་འདིར་མ་བཤད་པ་ནི་?་བཞིན་ནོ། །དཔལ་ཡེ་ཤེས ་ཐིག་ལེའི་དཀའ་འགྲེལ། གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ། ལེའུ་ཉི་ཤུ་དྲུག་པའི་བཤད་པའོ།། །།བཅོམ་ལྡན་འདས་ནི་མཆོག་དགའ་བ། ཀུན་དགའ་བ་ཡིན་མ་པའི་སྐུ། ཞེས་བྱ་བ་ནི། དགའ་བ་ཐམས་ཅད ་ཀྱི་བདག་ཉིད་མཆོག་གི་དགའ་བ། རབ་ལས་རབ་མཆོག་ཏུ་འགྱུར་བའི་དགའ་བ་དེ་ཉིད་ནི། བཅོམ་ལྡན་འདས་དང་གཉིས་སུ་མེད་པའི་ཕྱིར་ན། ཀུན་དགའ་བ་སྟེ། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད ་དང། ཉན་ཐོས་དང། རང་སངས་རྒྱས་ལ་སོགས་པའི་འཕགས་པའི་ཁོངས་སུ་གཏོགས་པ་ཐམས་ཅད་དང། འགྲོ་བ་ཐམས་ཅད་དཀའ་བར་མཛད་པའི་སྐུ་ཉིད་བཅོམ་ལྡན་འདས་ཀྱི་སྐུ་ལྟ་བས་མཆོག་མི་ཤེས་པའི་རང ་བཞིན་ནོ། །དེ་ཁོ་ན་ཉིད་ཀྱི་ཞལ་བརྒྱད་པོ་ཞེས་བྱ་བ་ནི། དེ་ཁོ་ན་ཉིད་བཞི་བཅུ་དང། སྦྱོར་བ་དྲུག་གི་བདག་ཉིད་བཅོམ་ལྡན་འདས་ཉིད་ཀྱི་ཡིན་པ་དེའི་ཞལ་བརྒྱད་དང་ལྡན་པའི་རྣམ་པར་དག་པའི་མཚན་ཉིད་རྣམས་ཀྱི་དོན་འདྲི ་བ་ནི། རྣམ་པར་དག་པ་ཇི་ལྟར་ལགས་ཞེས་བྱ་བའོ། །ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད་ཅེས་བྱ་བ་ནི། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་འདི་ནི། རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་པར་འདུ་ཤེས་པས ་ཕྱི་རོལ་ཀྱི་གཟུགས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ། །སྡུག་པ་ཉིད་དུ་མོས་པ་འདི་ནི་གསུམ་པའོ། །དེའི་གཟུགས་ནི་ཐོགས་པ་དང་བཅས་པའོ་སྙམ་ནས་གཟུགས་ཀྱི་འདུ་ཤེས་ལས་དག་པར་འདས་ཏེ། ? ་མཁའ་མཛའ་ཡས་སོ་སྙམ་པ་འདི་ནི་བཞི་པའོ། །ནམ་མཁའ་མཛའ་ཡས་སྙམ་པའི་འདུ་ཤེས་ལས་འདས་ཏེ། རྣམ་ཤེས་མཛའ་ཡས་སོ་སྙམ་པ་འདི་ནི་ལྔ་པའོ། །རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ལས་འདས་ཏེ། ་ཅི་ཡང་མེད་པའི་སྐྱེ་མཆེད་བསྒྲུབས་ཏེ། གནས་པ་འདི་ནི་དྲུག་པའོ། །ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་མིན་བསྒྲུབས་ཏེ། གནས་པ་འདི་ནི་བདུན་པའོ། །འདུ་ཤེས་མེད་འདུ་ཤེས་མེད ་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང། འགོག་པ་བསྒྲུབས་ཏེ་།གནས་པ་འདི་ནི་རྣམ་པར་ཐར་པ་བརྒྱད་པའོ། །འདི་རྣམས་རྣམ་པར་དག་པ་ནི་ཞལ་བརྒྱད་དོ། །ནང་གི་སྟོང་པ་དེ་ཁོ་ན་ཉིད་ཅེས་བྱ ་བ་ནི། གསང་བའི་དོན་འོག་ནས་བཤད་པའི་ཞལ་འདི་ཡིན་ཏེ། སྟོང་པ་དང། སྟོང་པ་ཤིན་ཏུ་དང། སྟོང་པ་ཆེན་པོ་དང། ཐམས་ཅད་སྟོང་པ་དང། བདག་ཉིད་ཀྱི་དེ་ཁོ་ན་ཉིད་དང། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང། ་ལྷའི་དེ་ཁོ་ན་ཉིད་དང། བརྒྱད་རྣམ་པར་དག་པའི་ཞལ་བརྒྱད་པའོ། །སྦྱན་ནི་ཉི་ཤུ་རྩ་བཞི་ནི། ས་དང་སྟོབས་དང། ཡེ་ཤེས་སོ། །ཞེས་བྱ་བ་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་ཨི་ས་དང་པོ་ནས། ས་བཅུ་པའི་བར་དེ་སྟོབས ་བཅུ་པོ་དང། ཡེ་ཤེས་བཞི་པོ་དང། རྣམ་པར་དག་པའི་འབྲས་བུ་སྤྱན་རྣམས་སོ། །ཕྱག་རྣམས་སྟོང་ཞིང་རྣམ་པར་དག་ཅེས་བྱ་བ་ནི། ནང་སྟོང་པ་ཉིད་དང། ཕྱི་སྟོང་པ་ཉིད་དང། ཕྱི་ནང་དང། ཆེན་པོ་སྟོང་པ་ཉིད་དང། ་དོན་དམ་པ་དང། འདུས་བྱས་དང། འདུས་མ་བྱས་དང་དོར་བ་མེད་པ་དང། ཐོག་མ་དང། ཐ་མ་མེད་པ་དང། མཛའ་ལས་འདས་པ་དང། རང་བཞིན་དང། རང་གི་མཚན་ཉིད་དང། ཆོས་ཐམས་ཅད་དང། དངོས་པོ ་མེད་པ་དང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང། དེ་རྣམས་རྣམ་པར་དག་པ་ཕྱག་བཅུ་དྲུག་པོ་རྣམས་སོ། །སྦྱངས་པའི་ཡོན་ཏན་བདེན་པ་དང་ལྡན་ཞེས་བྱ་བ་ལ་སོགས་པ་ཡང་གོ་སླ་བས་དང་མངས་པས་འཇིགས་པའི་ཕྱིར་ཞེས ་དགོངས་པའོ། །འོན་ཀྱང་མདོར་བསྡུས་པ་ཙམ་བཤད་དེ། སྦྱངས་པའི་ཡོན་ཏན་བཅུ་གཉིས་བདེན་པ་ནི་བཞིའོ། །ཐོད་པ་ནི་ཕྱག་མཚན་རྣམས་ཏེ། བཅོམ་ལྡན་འདས་ལ་ཡུམ་གྱི་བསྣན་བའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པའི། ་གཉིས་སྤངས་པ། །འཇིག་བྱེད་མཚན་མོ་བཅུ་དྲུག་ཁྲག་ཁ་ནས་འཛག་པ། ཐོད་པའི་སྣོད་ན་མངའ་བའོ། །གནས་བརྒྱད་ཀྱི་དབང་གིས་ཀླུ་བརྒྱད་རྣམ་པར་དག་པའི་ནི་སྣ་ཚོགས་པདྨ་བརྒྱད་པའི་གདན་ནོ། །ཐབས་ཀྱི་དངོས་པོར་འཛིན ་པ་སྤངས་པ་ནི་མེད་པའི་མཚན་ཉིད་ཡིན་ལ། དེ་རང་མེད་པ་ཡང་མེད་པ་ནི་མི་དམིགས་པས་གཉིས་སུ་མེད་པའི་ཡེ་ཤེས་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོ་ནི་གཟུགས་མེད་པ། གཉིས་ཀྱི་འདུ་ཤེས་ཤེས་རབ་དང་ཐབས ་ཀྱི་བདག་ཉིད་དོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ། གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ། ལེའུ་ཉི་ཤུ་བདུན་པའི་བཤད་པའོ།། །།དེར་རྣམ་པར་དག་པའི་དོན་གྱིས་དེ་ཁོ་ན་ཉིད་བསྟན་པའི་རྗེས་སུ་ནི་དེ་ནས་ཤེས ་བྱ་བའོ། །བཅོམ་ལྡན་མོས་ཞེས་བྱ་བ་ནི། སྡུད་པ་པོ་ཞུ་བ་བྱེད་པའི་དངོས་ཀྱིས་བསྟན་པའོ། །མ་མཆུའི་བདུད་རྩིའི་རོ་ཕུལ་ནས་ཞེས་བྱ་བ་ནི། ཞལ་གྱི་ཚེམས་ཀྱི་མཆུ་བཙིར་བ་དང། བཞི་བས་པས་བདེ་བའི་རོ་བཏང་བ་དང། དེ ་བཞིན་དུ་གསང་བའི་པདྨའི་ཡེ་ཤེས་ཀྱི་རོས་བདེ་བ་རྒྱས་ཤིང་མཉེས་པར་མཛད་པའི་ཚུལ་གྱིས་འདུལ་བྱ་ལ་དགོངས་ཏེ། ཡེ་ཤེས་སྒྱུ་མའི་གཟུགས་གྱིས་སྒྱུ་མའི་བདེ་བས་སྒྱུ་མ་ཉིད་ལ་རོལ་ཅིང་སྤྱོད་པའི་ཕྱིར་རོ། ། ་ཉི་མ་དང་ཟླ་བའི་མེ་ཏོག་གིས་མཆོད་ནས་ཞེས་བྱ་བ་ནི། མེ་ཏོག་པདྨ་དང། ཀུ་མུ་ཏའི་རྒྱུའི་རྐྱེན་ཉི་མ་དང་ཟླ་བ་དེ་ཉིད་ག་པུར་དང་སྭཧལི?་དགའ་བ་རྣམས་ཀྱིས་མཉེས་པར་བྱས་ཏེ། ཞུས་སོ་ཞེས་བྱ་བ་དང། ་སེམས་ཅན་ཀུན་ལ་སུམ་བཤད་ཅེས་བྱ་བའི་བར་དུ་སྦྱར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་བྱ་བ་ནི། དུས་ཕྱིས་དཔལ་ཡེ་ཤེས་ཐིག་ལེའི་རྒྱུད་འདི་སྐལ་བ་དང་ལྡན་པའི་སེམས་ཅན་རྣམས་ལ་སུས་བཤད ་ཅིང་སྟོན་པས་གསུངས་སོ། །དཔལ་ཕྱག་ན་རྡོ་རྗེ་མགོན་པོས་བཤད་པ་བྱེད་པོ་ཞེས་བྱ་བ་ནི། སངས་རྒྱས་ཐམས་ཅད་ཀྱི་ཐུགས་གསང་བའི་ཡེ་ཤེས་ཀྱི་མཛོད་འཛིན་པ་ནི། དཔལ་ཕྱག་ན་རྡོ་རྗེ་དེ་ཉིད་དང་མཚུངས་པ ་དཔལ་རྒྱལ་པོ་ཨིནྡྲ?་བྷཱུ་ཏི་ཞེས་བྱ་བ། སྤྲུལ་པའི་སྐུ་དེ་ཉིད་ཀྱིས་མ་འོངས་པའི་དུས་སུ་ཡང་དག་པར་གསང་བའི་རྒྱུད་འདི་སྐལ་པ་དང་ལྡན་པའི་སེམས་ཅན་རྣམས་ལ་བཤད་ཅིང་སྟོན་པར་གྱུར་པའོ། །དེ་སྐད་དུ་མ ་འོངས་དུས་ན་བྱང་ཕྱོགས་སུ། དཔལ་རྡོ་རྗེ་འཛིན་པའི་གནས། ཨོཌཡ་ཎ་ཡུལ་ཞེས་བྱ་བ་རུ། རྒྱལ་པོའི་རིགས་སུ་སྐྱེས་བ་ཡི། ཨིནྡྲ་བྷཱ་ཏི་ཞེས་བྱ་བས། ཤེས་པ་དང་ནི་བཤད་པ་དང། སེམས་ཅན་རྣམས་ལ ་གསལ་བྱེད་འགྱུར། ཞེས་གསུངས་སོ། །སངས་རྒྱས་ཐམས་ཅད་ཀྱི་ཐུགས་གསང་བའི་ཡེ་ཤེས་ཀྱི་བདག་པོ་ཡིན་པའི་དོན་ནི། དཔལ་ཕྱག་ན་རྡོ་རྗེའི་མཚན་ཉིད་གསུངས་པ། ཕྱག་ན་རྡོ་རྗེ་མགོན་པོ་ཆེ། ཐམས་ཅད་རྡོ་རྗེ ་འཛིན་གྱི་བདག་པོ་ཞེས་གསུངས་སོ། །མཛའ་ཡས་པའི་འཇིག་རྟེན་ཁམས་ཞེས་བྱ་བ་ནི། རྒྱུ་བ་དང་མི་རྒྱུ་བས་བསྡུས་པའི་འཇིག་རྟེན་པ་དང་ཆགས་པས་སྡུས་པའི་ཁམས་གསུམ་གྱི་བསྡུས་ན་ཡང་དེའི་བྱེད་པ་ནི ་བྱེ་བ་མཛའ་ཡས་བགྲང་བ་ལས་འདས་པའི་འཇིག་རྟེན་པའི་ཁམས་ཐམས་ཅད་དོ། །སྐྱེ་དང་འཇིག་པའི་རྒྱུ་ཡིན་ནོ་ཞེས་བྱ་བ་ནི། གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་སྐྱེ་བ་དང། འགག་པ་མེད་པ་ལས་ཀུན་ནས་ཉོན་མོངས་པའི་དབང ་གིས་སྐྱེ་བ་དང། འཇིག་པ་དང། འཕོ་པ་དང། འགྱུར་པའི་ཆོས་ཅན་དང། རྣམ་པར་བྱང་བའི་བདག་ཉིད་ཀྱི་ངོ་བོ་སྐྱེ་བ་དང། འགག་པ་དང། འཕོ་བ་དང། འཇིག་པ་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་མཚན་ཉིད་གཟུགས ་དེ་རྣམས་མེད་པའོ། །དེའི་ཕྱིར་དེ་ལ་སྐྱེ་བ་གང་ཡང་མེད། རང་འབྱུང་མཆོག་གི་དབང་ཕྱུག་གོ་།ཞེས་གསུངས་སོ། །དེ་ཡང་འདི་སྐད་དུ། སེམས་ཀུན་ནས་ཉོན་མོངས་པས་ནི། །སེམས་ཀུན་ནས་ཉོན་མོངས་པར་སྣང་ངོ། ། ་སེམས་རྣམ་པར་བྱེད་པར་སྣང་ངོ། །ཞེས་གསུངས་སོ། །དེའི་དོན་ལ་འདིར་གསུངས་པ། དེའི་ཕྱག་ན་རྡོ་རྗེ་གང་ཞེས་བྱ་བ་ནི་དྲིས་པའོ། །ལན་དུ་ཡེ་ཤེས་སྐྱེ་བ་མེད་ཅེས་བྱ་བ་ནི། མེ་ལོང་ལྟ་བུ་ཡེ་ཤེས་ལ་སོགས་པ་ལྔ་ནི། དེ ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་ལྔའི་གཟུགས་སྣང་བ་དང། དེ་རྣམས་ཀྱི་སངས་རྒྱས་སྤྱན་ལ་སོགས་པའི་ཤེས་རབ་ཀྱི་གཟུགས་ཀྱིས་སྣང་བ་སྟེ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཡེ ་ཤེས་སྐྱེ་བ་མེད་པ་ཉིད་ནི། དབྱེར་མེད་པའི་ཡེ་ཤེས་སྤྲོས་པ་དང་བྲལ་བ་ཉིད་གདུལ་བྱའི་དབང་གིས་སྐལ་བ་དང་ལྡན་པ་ལ། ཇི་ལྟ་བ་བཞིན་དུ་སྣང་བ་སོ་སོ་ནས་གསལ་བར་མཐོང་བའོ། །རྟགས་?་དོན་གསུངས་པ། ་ཐོགས་མ་ཡིན?་རི་ལྔ་ལས་ཞེས་བྱ་བ་ལ་སོགས་པའོ། །ཆོས་ཉིད་དབྱེར་མེད་པའི་ཡེ་ཤེས་ཀྱི་ཕྱིར་ན། རྡོ་རྗེ་འདི་ཉིད་ཡེ་ཤེས་ལྔ་དང་ལྡན་ནས་བདག་ཉིད་གནས་པ་འམ། དེ་རང་དབྱེ་བའི་ཕྱིར་?་ཕྱི་མ་གཞི་? ་བདག་ཉིད་དོ། །འོན་ཀྱང་ཐབས་དང་ཤེས་རབ་ཀྱིས་འདུལ་བའི་ཕྱིར་དེ་བཞིན་གཤེགས་པ་ལྔ་འབྱུང་ཞིང། ཡང་རྡོ་རྗེ་འཛིན་པའི་གཟུགས་སུ་ཀུན་བཞུགས་པའོ། །མཐར་ནས་འབྱུང་བ་ཆེན་པོ་ལྔ་ཞེས ་བྱ་བ་ནི། གཉིས་སུ་མེད་པའི་རང་བཞིན་ལས་སྤྱན་ལ་ལ་སོགས་པའི་བདག་ཉིད་ཀྱིས་འབྱུང་བའི་ཕྱིར་ན་ཆེན་པོ་སྟེ། བདེ་བ་ཆེན་པོ་སྐུའི་མངའ་བདག་ཆེན་པོའོ། །དེ་འགྲོ་བའི་དོན་མཛད་ཀྱང་མི་འགྱུར་བ་དང་ཉམས ་པ་ལ་སོགས་བའི་རྐྱེན་མི་མངའ་བར། ཡོན་ཏན་ཐམས་ཅད་དང་བདེ་བའི་ཡེ་ཤེས་ཀུན་རྫོབ་པའི་ཕྱིར་ན། འགྲོ་བའི་དོན་དུ་སེམས་དཔས་ན་རྡོ་རྗེ་སེམས་དཔའ་ཨོ། །དབུས་ནས་འགྲོ་བ་རིས་དྲུག་འབྱུང་ཞེས་བྱ ་བ་ནི། དེ་བཞིན་ལྷ་ལ་སོགས་པའི་གཟུགས་འབྱུང་བ་ནི་དེ་རབ་ཏུ་བཤད་པ་བཞིན་ནོ། །ཕྱག་ན་རྡོ་རྗེ་མགོན་པོ་ཆེན་པོ་ཐམས་ཅད་རྡོ་རྗེ་འཛིན་གྱི་བདག་པོ། །མཛའ་ཡས་པ་ཡི་འཇིག་རྟེན་ཁམས་།སྐྱེ་དང ་འཇིག་པའི་རྒྱུ་ཡིན་ནོ། །དེ་ལ་སྐྱེ་བ་གང་ཡང་མེད། །རང་འབྱུང་མཆོག་གི་དབང་ཕྱུག་བོ། །ཞེས་བྱ་བ་ན་སྣ་ཚོགས་པའི་གཟུགས་སུ་སྦྱོར། །ཞེས་བྱ་བ་ལ་སོགས་པའི་དོན་ནི། འདི་སྐད་དུ་གསུངས་ཏེ། རྡོ་རྗེ་སེམས ་དཔའ་བདེ་ཆེན་ཏེ། །གནས་ནི་གང་དུ་བཞུགས་འགྱུར་པ། །བརྟན་གཡོ་ཀུན་ལ་རོལ་མཛད་པ། །བཅོམ་ལྡན་ལྷ་ཡིས་བཤད་དུ་གསོལ། །སློབ་དཔོན་ཉིད་ཀྱིས་འདི་སྐད་གསུངས། །རྡོ་རྗེ་སེམས་དཔའ་རྣམ་འཕྲུལ་བ། ། ་ཤཱཀྱ་ཚུལ་བཞིན་པ་ཡིས་ཉོན། །ཐམས་ཅད་བདག་ཉིད་རྟག་བཞུགས་པ། །སྔར་ནི་གང་ཞིག་བཤད་པ་ཉིད། །སྒོ་དགུ་དང་ནི་ལྡན་པ་ཡིས། །ལུས་ཀྱི་དཀྱིལ་འཁོར་མཆོག་ཡིན་ཏེ། །དེ་ལ་ལྟེ་བའི་འཁོར་ལོ་ནི། ། ་ཐམས་ཅད་མཁྱེན་ཉིད་བྱ་བར་གསུངས། །རྡོ་རྗེ་ཅན་ནི་དེར་བཞུགས་པ། །ལུས་ཅན་གྱི་ནི་ནང་ན་རོལ། །ཆ་མེད་ཆ་ནི་རྣམ་པར་སྤངས། །ལུས་ལས་འདས་ཤིང་གོས་པ་མེད། །ལ་ལར་ལུས་ངག་ཅན་དུ་བཞུགས། །ལ ་ལར་སྣ་བར་སྒྲ་དག་དང། །ལ་ལར་སྣ་དང་དྲི་དག་དང། །ལ་ལར་དྲི་ཆེན་རྡོར་ཆུ་དང། །ལ་ལར་ཚོར་དང་བཅས་སེམས་སུ། །བཀྲེས་དང་སྐོམ་བ་གང་ལ་ལར། །ལ་ལར་བདེ་ལ་རྣམ་པར་གཟིགས། །ལ་ལར་ཞི་དང ་ལ་ལར་ཁྲོས། །ལ་ལར་བུད་མེད་ཆགས་བ་དང། །ལ་ལར་འཇིགས་ཤིང་ལ་ལར་དགོད། །ལ་ལར་རོལ་མོ་མཛད་པ་དང། །ལ་ལར་རོལ་ཅིང་ལ་ལར་གསོད། །ལ་ལར་མེ་ཏོག་འབྲས་བུར་གནས། །ལ་ལར་སྲོག་ཏུ ་རྣམ་པར་གནས། །ས་ཆུ་མེ་རླུང་གང་ལ་ལར། །ལ་ལར་འབྱུང་བོ་ཆེན་པོ་ལྔ། །ལ་ལར་རིག་ས་ཀྱི་བྱེ་བྲག་གི་།བྲམ་ཟེ་དང་ནི་གདོལ་བ་དག་།ལ་ལར་མ་དང་ལ་ལར་སྲིང། །ལ་ལར་ཆུང་མ་ཉིད་ཀྱིས་སོ། །དེ་བཞིན་ལ་ལར ་བུ་མོ་ཡི་གཟུགས། །ལ་ལར་ཚངས་པ་ལ་ལར་ནི། །ཁྱབ་འཇུག་དབང་ལྡན་ཉི་མ་དང། །ཟླ་བ་སྐར་མ་དེ་བཞིན་ནོ། །ལ་ལར་ཉིན་དང་མཚན་ལ་ལར། །ལ་ལར་ཁམས་གསུམ་པ་རྣམས་ཀུན། །ལ་ལར་བྱེད་པ་པོ་དང་ནི། །མི ་ཟད་རྒྱལ་ནི་གང་ལ་ལར། །ལ་ལར་ཤི་བའི་དབང་གིས་ཞུ་མ། །མི་གསལ་སྟོན་པ་རྡོ་རྗེ་ཅན། །ལ་ལར་རྒད་པོ་ལོ་མང་པོ། །ལ་ལར་བྱིས་པའི་གཟུགས་རང་བཞིན། །ལ་ལར་ནད་ཆེད་གདུངས་པ་དང། །ལ་ལར་བྱང་ཆུབ ་ཆེན་པོར་གཤེགས། །བུ་དྲང་ལས་རྒྱལ་བ་གང་ལ་ལར། །ལ་ལར་རྒྱུ་དང་མི་རྒྱུ་ཉིད། །ལ་ལར་དཀར་དང་ལ་ལར་སེར། །ལ་ལར་སྔོ་དང་ལ་ལར་དམར། །ལ་ལར་སངས་རྒྱས་རྣམ་སྣང་མཛད། །ལ་ལ་སྒྲོལ་མ་ལ་ལར་སྤྱན། ། ་ལ་ཡར་གོས་དཀར་མཱ་མ་ཀཱི། །ལ་ལར་ཞི་པ་དཀའ་ཟློག་མ། །མཁས་གནས་འདབ་ཆགས་གང་ལ་ལར། །ནམ་མཁའ་མཁའ་འགྲོ་གང་ལ་ལར། །ལ་ལར་ཀླུ་དང་ལ་ལར་སྤྲུལ། །ལ་ལར་སྨད་འཚོད་ལ ་ཁར་སྤྲེའུ། །ལ་ལར་རྨི་ལམ་མཐོང་བ་དང། །ལ་ལར་མཐོ་རིས་སྐྱེ་བ་དང། །ལ་ལར་གཉིད་ནི་ལོག་པ་དང། །ལ་ལར་རླུང་དང་ལ་ལར་མཁྲིས། །ལ་ལར་པགས་པ་ལ་ལར་ཁྲག་།ལ་ལར་སྲེད་བྱེད་མེ་དག་དང། །ལ་ལར་མྱ་ངན ་དུ་བ་དང། །ལ་ལར་མཐོ་རིས་སྐྱེ་བ་དང། ལ་ལར་འཕྲུལ་བ་འདི་ལྟ་བུ། །ཐམས་ཅད་བདག་ཉིད་ཞུགས་འདི་ལ། །ིནདྷཱ་བྷཱུ་ཏིས་བཤད་པ་ཡིན། །ཞེས་གསུངས་སོ། །དེ་རྣམས་ཀྱིས་དོན་གྱི་ཐམས་ཅད་ལ་ཁྱབ་ཅིང་བཞུགས་པའི ་རང་བཞིན་གྱིས། སྐུ་གསུམ་དང་ལྡན་པ་བདེ་བ་ཆེན་པོའི་སྐུ་ཡིས། །འགྲོ་བ་ལ་སོགས་པ་ལ་ཁྱབ་པའི་ཕྱག་ན་རྡོ་རྗེའི་དོན་གསུངས་པ་ཡིན་ནོ། །ལ་ལར་རྡོ་རྗེ་འཛིན་པ་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། ། ་དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ། གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ། ལེའུ་ཉི་ཤུ་རྩ་བརྒྱད་པའི་བཤད་པའོ།། །།དེ་ནས་དེའི་དུས་སུ་འཁོར་ཐམས་ཅད་ལངས་ཏེ། ཞེས་བྱ་བ་ནི་དཔལ་ཕྱག་ན་རྡོ་རྗེའི ་དོན་དང། དེ་བྱེད་པ་དང། དཀྱིལ་འཁོར་བཤད་ནས། བར་ཅིས་ཀྱང་མཆོད་པ་དེ་མ་ཐག་ཏུ་ནི། འཁོར་བྱ་ཕྲག་བདུན་ཅུ་རྩ་གཉིས་ཀྱིས་འཁོར་ཐམས་ཅད་ལངས་ནས། བཅོམ་ལྡན་འདས་ལ་སྐྲར?་བ་བྱེད་པ་ནི། ཁུ་བའི་གཟུགས་པ་ལྟ? ་བསྐོར་བ་དང། བསྟོད་པའི་དོན་གྱིས་སྦྱོར་བ་དྲུག་གི་མཚན་ཉིད་ཀྱིས་ཐབས་བདེ་བ་ཆེན་པོའི་རྣམ་པ་ཡིས་བཤད་དོ། །བསྐོར་བ་ནི་འཁོར་རྣམས་ཀྱི་བསྐོར་བ་བྱས་པའི་དོན་དེ་དུས་གསུམ་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ལན ་གསུམ་ནི་སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས་གསུམ་དུ་བསྟན་པའོ། །དེ་བཅོམ་ལྡན་འདས་ཉིད་ལ་མངའ་བས་བྱས་ནས་ཤེས་སོ། །ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཞེས་བྱ་བ་ནི། དྲང་བའི་དོན་གྱིས་ཇི་བཞིན་ནོ། །ཡང་ནས་ཞབས་དང་མགོའི ་སྒྲ་ཡིས་བསྟན་ཏོ། །སྦྱོར་བ་དྲུག་གི་དོན་ཡང་དོན་གཉིས་ཀྱིས་ཁོང་དུ་ཆུད་པར་བྱ་བ་ཡིན་ཏེ། འོན་ཀྱང་རྒྱུ་དང་འབྲས་བུ་དང། ཐབས་ཀྱི་རིམ་པའི་དབྱེ་བ་ནི་ལོས་ཀྱང་མོད། དེ་ཉིད་གསུངས་པ། མགོན་པོ་ཁྱོད་ཀྱི་བཀའ་དྲིན་བདག་ཅག་དག། ཅེས ་བྱ་བ་ལ་སོགས་པ་གསུངས་སོ། །བལྟ་བར་དཀའ་བ་ནི་འགྲོ་བ་ཐམས་ཅད་ལ་རྒྱུའི་མཚན་ཉིད་དུ་ཡིད་ཀྱང་སེམས་ཀྱི་རང་བཞིན་དངོས་པོ་དང་མཚན་མ་མ་སྤངས་པས་མི་མཐོང་བའི་ཕྱིར་རེ། །ཤེས་པར་དཀའ་བ་ནི་སྦྱོར་བ་དྲུག་པོ་ལ་སོགས་པའི ་མན་དག་འདི་ཀུན་གྱི་ཐུན་མོངས་མ་ཡིན་པས། ལས་འཕྲོ་དང་སྐལ་པར་ལྡན་པ་འགའ་ཨི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །གཟུང་བར་དཀའ་བ་ནི། འོད་རབ་ཀྱི་ངོ་བོ་འབྲས་བུ་རང་བཞིན་མཛའ་གཉིས་ལ་མི་གནས་པའི་ཕྱིར་ན། དབང་པོ ་ལ་སོགས་པའི་ཨུལམ?་ལས་འདས་པ། གཟུང་འཛིན་དང་བྲལ་བའི་འདི་ཉིད་དེ་ཁོ་ན་ཉིད་དམ་པའོ། །དེའི་ཕྱིར་ན། གསང་བའི་རང་བཞིན་གྱིས་གསང་བ་དང། འཇིག་རྟེན་པ་དང། ཉན་ཐོས་ལ་སོགས་པ་རྣམས་ལ་གསང་པའོ། །གསུང ་བའི་མཆོག་ནི་དམ་ཚིག་དང་མི་ལྡན་པ་རྣམས་དང། ཐེག་པ་ཆེན་པོ་པ་རྣམས་ལ་གསང་བ་དང། སྐྱེད་པའི་རིམ་པ་ལ་སྤྱོད་པ་ལ་སོགས་པ་རྣམས་ལས་མཆོག་ཏུ་འགྱུར་བ་ནི། ཐབས་ཁྱད་པར་ཅན་འདིའོ། །མཆོག་?་? ་ཡང་དག་པར་མཆོག་པའི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་དེ་ཉིད་དམ་པ་འདི་ནི་ཀུན་གྱིས་ཐོབ་པར་བྱ་པར་འོས་པའི་འབྲས་བུའི་ཕྱིར་མཆོག་གོ་།རབ་པོ་རྙེད་པའི་ཐོབ་ཅེས་བྱ་བ་ལ་སོགས་པའི་རྣམས་?་?་ངུས་སུ་གསུངས་? ་དེ་བས་ན་བཅོམ་ལྡན་འདས་དཔལ་པོ། དབང་ཕྱུག་ཆོས་དབྱིངས་ཕྱག་འཚལ་བསྟོང། ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ་སྦྱར་ཞིང་རྒྱ་ཆེར་བཤད་དོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ། ་གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ། ལེའུ་ཉི་ཤུ་རྩ་དགུ་པའི་བཤད་པའོ།། །།ཡང་བཅོམ་ལྡན་འདས་ཀྱིས་འཁོར་ཐམས་ཅད་དང་བཅས་པའི་བཅོམ་ལྡན་མ་བོས་ཏེ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་ཡང་དག་པའི་དོད ་ངེས་པར་སྟོན་པའི་རྒྱུད་འདི་ནན་ཏན་དང་བཅས་ནས་གཏད་པའི་ཆོ་ག་གསུངས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཞེས་བྱའོ། །སྦྱོར་བ་དྲུག་གི་གྲགས་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དཔལ་མཆོག་གི་བླ་མའི ་ཞལ་ནས་འབད་པ་མ་བཙལ་ཏེ། ཞེས་བྱ་བ་ནི། དཔལ་ཨིནྡྲ་དྷཱུ་ཏིའི་རྒྱལ་པོ་ཆེན་པོ་ལས་བར་མ་ཆད་པའི་མན་ངག་ཐོབ་པ་དང། དབང་བསྐུར་བ་ཡིན་ཞིང་གྲུབ་པ་བརྙེས་པ་དང་ལྡན་ན། སྦྱོར་བ་དྲུག་ལ་སོགས་བའི་རྒྱུད་ཤེས ་པས་དེ་ལྟ་བུ་ལ?་བླངས་ལ། དམ་ཚིག་དང་ལྡན་པས་།འགྲུབ་པར་འགྱུར་བའོ། །དེ་ཡང་འདི་སྐད་དུ་བསམ་གཏན་ལ་སོགས་པ་ཡིས་ཡང་དག་པར་ཐོབ་པར་བྱ། ཞེས་གཏན་ལ་ཕབ་པའོ། །ཞེས་གསུངས་སོ། །དེ ་བཞིན་བུ་ཐབས་ཀྱི་རྒྱུད་འདི་ཡང་ནན་ཏན་དུ་བྱ་པ་དང་མཆོད་པ་དང། བཀུར་སྟི་དང། རིམ་གྲོ་ལ་སོགས་བ་དང། ཆུ་དང་མེ་ལ་སོགས་པ་དང། ཆུད་མི་གསན་པར་སྤ་པ་དང། མི་བཅོད་བ་དང། བཟང་བར་བྱའོ། ། ་ཞེས་བྱ་བའི་དོན་གྱིས་སྨེ་བཤད་པ་ཡིན་ནོ། །ཡང་དེ་བཞིན་དུ་ཕྱིར་བས་རྣམས་ཀྱིས་ཀྱང། བསམ་གཏན་ལ་སོགས་པ་ཡིས་ཉམས་སུ་བླང་ཞིང་?་སྐད?་ཅིག་ཙམ་ཡང་མཉམ་བར་བྲ་ཞེས་?་སླ་འདྲེ་བ་ཐོབ ་པར་འགྱུར་རོ། །སྒོམས་ཞིང་བསྒྲུབས་པས་འབྲས་བུ་ཐོབ་པ་ནི། གཏན་ལ་ཕབ་པ་སྟེ། གཞན་དུ་ན་སོག་པར་འགྱུར་བ་ཡིན་ནོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ། གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ། ལེའུ་སུམ་ཅུ་པའི ་བཤད་པའོ།། །།གང་ཚེ་ཡང་དག་མཆོག་གི་ལུས་ལ་མ་བརྟེན་པར། དེ་ཙམ་ཐོས་དང་སྒྲ་སོགས་ཆོས་ནི་ཇི་སྙེད་ཀུན། །རྒྱུད་ཀྱི་དོན་ནི་ཇི་བཞིན་ཤེས་པར་ནུས་མ་ཡིན། །དེ་བས་བདག་གིས་དཀའ་འགྲེལ་འདི་ནི་བྱས། ་པའོ། །ཇི་ལྟར་རྡོ་རྗེས་ཕུག་པའི་ནོར་བུ་ནི། །སྲད་དུས་རྗེས་སུ་འཇུག་ཅིང་འདེབས་པ་ལྟར། །དམ་པ་རྣམས་ཀྱིས་གསུངས་པའི་མན་ངག་ལ། །བདག་ཀྱང་དེ་བཞིན་འདིར་ནི་བརྟེན་པའོ། །རྩོད་དང་བག་མེད་འགྱུར་བ་ཡིས། །གལ་ཏེ་ལ་བྲུལ་པར ་གྱུར་ན་ཡང། །འཕགས་པས་རང་གི་སྲས་བཞིན་དུ། །དེ་དག་ཐམས་ཅད་བཟོད་པར་གསོལ། །གང་དུ་བདག་གི་མ་ཤེས་པ། །དེར་ནི་བདག་ལ་ཡོད་ཡིན་ན། །སངས་རྒྱས་སྲས་དང་བཅས་སོགས་རྣམས། །ཀུན་གྱིས་བཟོད་?་?་བརྫོད། ། ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཡི། །མན་དགས་བརྟེན་དཀའ་འགྲེལ་འདི། །དམ་ཚིག་སྡོམ་པ་བསྲུང་བ་དང། །བླ་མལ་གུས་བསྒོམ་ལ་བརྩོན། །ཤེས་རབ་རྣམས་གསུམ་དང་ལྡན་པས། །འདི་ལ་དོན་ནི་?་ལ་གཟུངས། །མན་རེག་འདི་?་པོ་ཛི ་ལྟར། །གྲུབ་ཐོ་པ་པ་ནི་བདེ?་བར་ངེས?། །དེ་བས་གཞུང་ནི་མ་ནོར་བར། །དམ་པའི་དཔལ་ལྡན་བླ་མ་ལ། །འབད་པས་བཙལ་ནས་རང་ཉིད་བསྒྲུབ། །འོན་ཀྱང་ཡིན་ཆེས་འཕྲལ་ལ་སྐྱེ། །དེ་ལ་མིན་ཏི་ལོགས་ནི?། །སྡུག་བསྔལ་?་? ་པ་ཡིན། །རྡོ་རྗེ་འཛིན་པའི་དཀའ་ཡིན་ཀྱང་ནི་འགྲེལ་སོགས་བ་ལ། །དོན་ནི་བྱིས་ཡ་མ་ནོར་ཤེས་པར་ནུས་པ་ཡིན། །དེ་བས་འདི་བྱས་པ་ཡི་དགེ་བའི་བསོད་ནམས་ཀྱིས། །འགྲོ་བ་མ་ལུས་རྡོ་རྗེ་འཛིན་པའི་གནས་ཐོབ་ཤེས?། །དེ་? ་ཡེ་ཤེས་ཐིག་ལེའི་རྒྱུད་ཀྱི་དཀའ་འགྲེལ། །གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ། སློབ་དཔོན་ཨཱརྱ་ཛྙཱ་ན་པ་ར་མ་ཡིས་མཛད་པ་རྫོགས་སོ།། །།བོད་ཀྱི་ལོཙྪ་བ་དགེ་སློང་བྱང་ཆུབ་འབྱུང་གནས་ཀྱིས་སྒྱུར་བའོ། ། ་རྒྱུད་རྒྱལ་ཡེ་ཤེས་ཐིག་ལེ་ལ། །ིནྡྲ་དྷཱུ་ཏིའི་མན་ངག་གིས། །རིམ་གྱི་རྒྱུད་ནས་ལེགས་པར་བཤད། །དམ་ཚིག་ཅན་གྱིས་རྟོགས་པར་ཤོག། །། *། །དཔལ་རྟོག་པ་མེད་པ་ཞེས་བྱ་བའི་རྒྱུད་འགྲེལ་བཞུགས་སོ།། *། །རྒྱ་གར་སྐད ་