| Wylie | e-texts based on the ACIP/ALL Input |
ཆེན་པོ་རྡོ་རྗེ་གསང་བའི་ཞལ་སྔ་ནས་མཛད་པ་བཞུགས་སོ།། །། *། །རྒྱ་གར་སྐད་དུ། ཤྲཱི་ས་ཧ་ཛཱ་ནནྟ་པྲ་དཱི་པ?་ནཱ་མ་པཉྫི་ཀ། བོད་སྐད་དུ། དཔལ་ལྷན་ཅིག་སྐྱེས་པའི་དགའ་པའི་སྒྲོན་མ་ཞེས་བྱ་བའི་དཀའ་འགྲེལ།། དཔལ་ཡེ་ཤེས་ཐིག་ལེ་ས་ཕྱག་འཚལ་ལོ། ། ་ཤེས་རབ་མྱ་ངན་འདས་པ་ཆད་དགའ་མཁའ་། །ཡེ་ཤེས་འཁོར་བ་མཆོག་དགའ་འགྲོ་བ་སྟེ། གཉིས་མེད་རིན་ཆེན་སྲོག་མའི་དབང་ཕྱུག་འདི། །རང་གིས་དྲན་དང་སློབ་མའི་དོན་སོགས་བརྩམ། །འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པའི་དོན་ནི ་ཡིག་འབྲུ་བཞིའི་དོན་དུ་རྒྱ་ཆེར་སྦྱར་ཏེ་དྲང་དོན་ངེས་དོན་དུ་དབྱེའོ། །དེ་ཡང་འདི་སྐད་སྟོན་ཏེ། སངས་རྒྱས་མཁའ་འགྲོ་ལ་སོགས་ལྔའི། །བདག་པོ་གང་ཡིན་ངོ་བོ་དེ། །རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ། །དེ་ནི་ངོ་བོ་ཡིན་པར་འདོད། །རྒྱུད་འདི་དབུ་ནས ་ཞབས་ཀྱི་བར། །དོན་དང་ཡོན་ཏན་བརྗོད་པ་ནི། །དེ་ཕྱིར་རྡོ་རྗེ་སེམས་དཔའ་ཡིན། །དེ་ཡང་འབྲེལ་བའི་ཕྱིར་ན་རྒྱུད། ། ཡི་རིགས་ནི་གཅིག་ཉིད་ལས། །རིགས་ཀྱི་ཡི་གེ་མང་པོར་གྱེས། །དེ་བཞིན་སླར་ལ་གཅིག་ཏུ་འདུས། །འདི་ན་རྒྱུད་ཀྱི་མཐུན ་པའི་དཔེ། །དོན་གྱི་རང་བཞིན་རོ་གཅིག་ལ། ཤེས་རབ་ཐབས་ནི་གཉིས་སུ་དབྱེ། །དེ་ཡང་གཉིས་གཉིས་ཕྱེ་བ་ལས། །གཅིག་ལའང་ལྔ་ལྔར་ཕྱེ་བས་དབྱེ། །དོན་དང་ཚད་ལ་སོགས་པ་ནི་གོ་སླ་བས་མ་བཤད་དོ། །འདི་སྐད་ལ་སོགས་པ་ལ། །ོཾ་བཞི? ་པའོ། །?་གྲུ་གསུམ་ཆོས་ཀྱི་འབྱུང་གནས་ཤེས་རབ་ཀྱི་རང་བཞིན་ནོ། །ཝ་ཟླུམ་པོ་ཐབས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཏེ་རྒྱ་ཆེར་སྦྱར་རོ། །དེ་ཡང་ཨེའི་ཆ་བྱད་བཟང་པོ་ལ། །དབུས་སུ་པཾ་གིས་རྣམ་པར་བརྒྱན། ཅེས་གསུངས་སོ། །འདི་སྐད་ཀྱི? ་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་ནི་རྒྱུད་ལ་སོགས་པའི་ཕུན་སུམ་ཚོགས་པ་རྣམས་ཏེ། རྒྱུད་དང་སྡུད་པ་པོ་ལྷའི་དབང་ཕྱུག་དང་འདས་པའི་དུས་ལ་སོགས་པ་དང་བྲལ་བ་སྟེ་དམིགས་སུ ་མེད་པའི་དུས་དང། སྟོན་པ་བཅོམ་ལྡན་འདས་ཉིད་དང། འཁོར་དཔའ་ཨོ་དང་དཔའ་ཨོ་མོ་ལ་སོགས་པ་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་དང་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཁའ་དབྱིངས་ཆོས་ཀྱི་འབྱུང་གནས་ཀྱི་གནས་ལ་སོགས ་པས་བསྟན་ཏོ། །ཡང་ན་འདི་སྐད་བདག་གིས་ཞེས་པ་ནི་བདེ་བ་ཆེན་པོའི་འཁོར་ལོ་དང། ལོངས་སྤྱོད་ཀྱི་འཁོར་ལོ་དང། ཆོས་ཀྱི་འཁོར་ལོ་དང། སྤྲུལ་པའི་འཁོར་ལོ་ལ་སོགས་པའམ། སངས་རྒྱས་སྤྱན་ལ་སོགས་པའི་འབྱུང་བ་བཞིའི་ལྷ་མོ ་ལ་སོགས་པར་བཤད་དོ། །ཐོས་པ་ནི་བདག་རང་གིས་ཐོས་པ་སྟེ། གཅིག་ནས་གཅིག་ཏུ་རྒྱུད་པ་ལྟ་བུ་མ་ཡིན་པའོ། །དུས་གཅིག་ན་ཞེས་བྱ་བ་ནི་སྤྲུལ་པའི་འཁོར་ལོ་མཛའ་རྡོ་རྗེ་སེམས་དཔའ་ཨི་གནས་སུ་ཐམས་ཅད་དེ་ང་གཅིག་པ་ལ་ནི་ཤིན ་དུའི་དུས་ཞེས་བྱའོ། །བཅོམ་ལྡན་འདས་ཞེས་པ་ནི་འཁོར་ལོ་བཞི་ལ་སོགས་པའི་བདུད་བཅོམ་པ་སྟེ་བརླག་པ་ལ་སོགས་པའི་དགའ་བ་དྲུག་གི་ཡེ་ཤེས་ཡོན་ཏན་དང་ལྡན་པའི་ངོ་བོའོ། །དེ་བཞིན་གཤེགས་པ་ནི་སྔར་གཤེགས་པ་ལྟར་རྩ ་རྣམས་རྣམ་པར་དག་ནས་གཤེགས་པས་ལྷ་དང་ལྷ་མོ་རུ་གནས་པའོ། །ཐམས་ཅད་ནི་རྩ་ལ་སོགས་པའི་སྔར་གྱི་རྣམ་པ་མ་ལུས་པའོ། །སྐུ་དང་གསུང་དང་ཐུགས་ནི་བདེ་བ་ཆེན་པོའི་འཁོར་ལ་སོགས་པ་གསུམ་སྟེ། རིགས་གསུམ་གྱི་འཁོར ་ལོའོ། །རྡོ་རྗེ་ནི་སྤྲུལ་པའི་འཁོར་ལོ་ལྟེ་བའི་སྙིང་གའོ། །དཔའ་བོ་ཞེས་པ་ནི་བདེ་བ་ཆེན་པོའི་འཁོར་ལོའི་གཡས་ཀྱི་རྩ་བཅུ་དྲུག་གམ་ཡང་ནི་ཐབས་ཀྱི་རྩ་རྣམས་སོ། །དཔའ་མོ་རྣམས་ནི་བདེ་ཆེན་གྱི་གཡོན་གྱི་རྩ་རྣམས་དང། ལོངས་སྤྱོད ་འཁོར་ལོའི་རྣམ་པར་དག་པའམ། ཡང་ན་གཡོན་གྱི་ཤེས་རབ་ཀྱི་རྩ་རྣམས་སོ། །རྣམ་པར་བསྐོར་བ་ནི་དེ་རྣམས་ཐམས་ཅད་ཀྱིས་བསྐོར་བ་མཁའ་འགྲོ་མ་ལ་སོགས་པའོ། །བཙུན་མོ་ནི་བུད་མེད་དེ་ལས་ཀྱི་ཕྱག་རྒྱ་ལ་སོགས་པའི་ཤེས་རབ་མའོ། །དེའི ་གནས་ན་དུས་རྟག་ཏུ་བཞུགས་སོ། །ཡང་ན་དཔའ་བོ་ལ་སོགས་པ་རྣམས་ནི་བྱང་ཆུབ་ཀྱི་སེམས་ཁུ་བ་དང་བདེ་བའི་དབྱེ་བས་ཤེས་པར་བྱའོ། །དེར་དཔལ་ནམ་མཁའ་ཨི་དྲི་མེད་དང་ཞེས་བྱ་བ་ནས་ནམ་མཁའ་ཨི་ཞལ་ཞེས་བྱ་བའི་བར་གྱིས་ནི་དཔའ་བོ་བཅུ་དྲུག་གི་མཚན ་བསྟན་ནས། ཡང་ནི་དཔའ་མོའི་དབང་ཕྱུག་མ་ལཱ་མ་ཞེས་བྱ་བ་ནས་ཡུ་མོ་ཞེས་བྱ་བའི་བར་དང། ཡང་ནི་མ་ར་ཏའི་ཞེས་བྱ་བ་ནས་འདོད་གཟུངས་མའོ་ཞེས་པའི་བར་གྱིས་དཔའ་མོ་རྣམས་ཀྱི་མཚན་བསྟན་ཏོ། །དེ་ལྟ་བུའི་རབ་ཞལ་ལ་སོགས་པ ་ཞེས་པ་ནི་སྐུ་མདོག་ལ་སོགས་པའི་དབྱིབས་དང་ཁ་དོག་བསྟན་པ་སྟེ། འོག་ནས་སྟོན་པས་འདིར་མ་བསྟན་ནོ། །མ་མོའི་བཙུན་མོ་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ཞེས་པ་ཡང་སྔར་བཤད་པ་བཞིན་ཤེས་པར་བྱའོ། །དབུས་སུ་ཞེས་པ་ནི་འཁོར་ལོ ་དེ་རྣམས་ཐམས་ཅད་ཀྱི་དབུས་སུའོ། །ལེགས་དགྱེས་ཆེན་མོའི་སྦྱོར་བ་ཞེས་པ་ནི་ཤེས་རབ་དང་ཐབས་གཉིས་སུ་སྦྱོར་བའི་རོལ་པ་ལས་བྱུང་བའི་བདེ་པའོ། །བཅོམ་ལྡན་འདས་ཀྱིས་ཞེས་པ་ནི་ཉིད་ཀྱིས་སྡུད་པ་པོ་བས་ནས་གསུངས་པའོ། ། ་ཅིའི་ཕྱིར་ཞེ་ན་དཔལ་ཡེ་ཤེས་ཐིག་ལེའི་དོན་ལྷའི་དབང་ཕྱུག་གིས་མ་རྟོགས་པས་བོས་ནས་གསུངས་པ་ཡིན་ནོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་བྱ་བ་ལ་སོགས་པའི་དོན་ལྷའི་དབང་ཕྱུག་གིས་ཁོང་དུ་མ་ཆུང་པ་དེ་ཆུབ?་ཅིང ་རྟོགས་པར་བྱ་བའི་ཕྱིར། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་དབང་ཕྱུག་ལ་བོས་ཏེ། ཀྱེ་ཞེས་བྱ་བ་ནས་ལྷའི་དབང་ཕྱུག་དེ་ཁོ་ན་ལ་སོགས་པ་གསུམ་དུ་བྱེ་ནས་གསུངས་ཏེ། དེ་ཡང་བྱང་ཆུབ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། ། ་དེ་ལ་སེམས་རྩེ་གཅིག་ཏུ་བསམ་པ་ནི་སེམས་དཔའ་ཨོ། །དེ་བདག་ཉིད་ལྷུན་གྱིས་གྲུབ་ནས་སེམས་ཅན་གྱི་དོན་བྱེད་པ་ནི་ཡང་སེམས་དཔའ་ཨོ། །ཆེན་པོ་ནི་སེམས་ཅན་གྱི་དོན་སྤྱོད་ནུས་པའོ། །དེ་ཡང་འདི་སྐད་དུ། གཟུང་འཛིན ་སྤངས་པའི་ཡེ་ཤེས་གང། །འདི་ནི་བྱང་ཆུབ་སེམས་དཔའ་སྟེ། །ཕྱག་ན་རྡོ་རྗེ་ལ་སོགས་པའི། །དེ་ནི་སེམས་དཔའ་ཆེན་པོ་ཡིན་ཞེས་སོ། །དེ་ལྟར་ལྷའི་དབང་ཕྱུག་ཀྱང་ཡིན་ནོ། །དེ་སྐད་གསུངས་པའི་བཅོམ་ལྡན་འདས་ལ་ཞེས་པ་ནི་སྟོན་པ་ཉིད ་དཔལ་ཡེ་ཤེས་ཐིག་ལེའོ། །ལྷའི་དབང་ཕྱུག་ཅེས་པ་ནི་མཚན་ཡིན་ཏེ། ལྷ་ཐམས་ཅད་ཀྱི་མངའ་བདག་བཅོམ་ལྡན་འདས་དང་མཚུངས་པའོ། །འཁོར་ཐམས་ཅད་ཅེས་པ་ནི་བྱེ་བྲག་བདུན་ཅུ་རྩ་གཉིས་ལ་སོགས་པའི་མཁའ་འགྲོའོ། །ལྷན ་ཅིག་ཏུ་ཞེས་པ་ནི་ལྷའི་དབང་ཕྱུག་དང་འཁོར་ཐམས་ཅད་དུས་གཅིག་ཏུ་བསྐོར་བ་བྱ་བ་དང་དེའི་རྗེས་སུ་ཕྱག་འཚལ་བ་ལ་སོགས་པ་བྱས་པའོ། །ཡང་ན་བཅོམ་ལྡན་འདས་ནི་བདེ་བ་ཆེན་པོའི་བྱང་ཆུབ་ཀྱི་སེམས་སོ། །ལྷའི་དབང་ཕྱུག་ལ ་སོགས་པ་ནི་རྩ་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ལ་སོགས་པའི་འཁོར་གྱིས་བསྐོར་བའོ། །ལན་གསུམ་ཞེས་པ་ནི་ལོངས་སྤྱོད་ཀྱི་འཁོར་ལོ་ལན་གསུམ་དུ་གཡས་ཕྱོགས་སུ་བསྐོར་བའོ། །བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག ་འཚལ་ཞེས་པ་ནི་བདེ་ཆེན་འཁོར་ལོའི་བྱང་ཆུབ་སེམས་རྡོ་རྗེ་ཞབས་ཀྱི་གདན། རིན་པོ་ཆེའི་ཕྲོ་བྲང་ན་གནས་ཙམ་ན་འཁོར་ཐམས་ཅད་ཀྱིས་ཕྱག་བྱས་པའོ། །དེ་ཡང་ལུང་ལས་ཡེ་ཤེས་ཟབ་མོ་རང་གིས་རྟོགས། །རྡོ་རྗེ་དེ་ནི་རིན་ཆེན ་དབུས། །རྣམ་རྟོག་མེད་པའི་བདེ་ཆེན་མཛའ་། །གསལ་ཞིང་རྟོགས་པ་ཕྱག་ཡིན་ནོ། ཞེས་གསུངས་སོ། །སློབ་དཔོན་ཆེན་པོ་ཀླུ་གྲུབ་ཀྱིས་མཛད་པའི་རིམ་པ་ལྔ་པ་ལས་ཀྱང། རང་གིས་རང་གི་ཡེ་ཤེས་ནི། །ལེགས་མཐར་གང ་ཡིན་འདི་ཕྱག་ཡིན། །སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་གསུངས་སོ། །དེ་ནི་བཅོམ་ལྡན་འདས་རྡོ་རྗེ་གདན་ལ་བཞུགས་ཙམ་ན་ཕྱག་འཚལ་བར་དོན་གྱིས་ཤེས་པར་བྱའོ། །ས་ལ་ལྟ་བ་ནི་ལན་གླན་པས་མི་ཐེབས་པའི་ཕྱིར་ས་ལ་ལྟ་ཞིང་གནས་པའོ། ། ་ཅང་མི་སྨྲ་བར་ཞེས་པ་ནི་དོན་དམ་པའི་རང་བཞིན་དགའ་བ་ལ་བརྗོད་པ་ལ་སོགས་པའི་ཆོས་ཐམས་ཅད་ལས་འདས་པའི་ཕྱིར་མི་སྨྲ་བར་འདུག་པའོ། །དེའི་དུས་ན་ཞེས་བྱ་བ་ལ་སོགས་པ་ནི་ཕྱག་འཚལ་བའི་དུས་སོ། །ནམ་མཁའ་ལ་ནི་བར་སྣང་སྟོང་པ ་ལ་ཞེས་པ་བཤད་དོ། །མནདྷ?་ར་བ་ཞེས་བྱ་བ་ནི་མེ་ཏོག་སྣ་ཚོགས་དང་རིན་པོ་ཆེ་ལ་སོགས་པ་མང་པོ་སྤྲུལ་པའི་མཆད་པའོ། །ཡང་ན་ནམ་མཁའ་ནི་བདེ་བ་ཆེན་པོའི་འཁོར་ལ་སོགས་པའི་རྩ་བའི་མཁའ་ཨོ། །མནདྷ་ར་བ་དང་མནདྷ་ར་བ་ཆེན་པོ་ཞེས་པ་ལ་སོགས ་པ་ནི་རྩའི་མཁའ་སྟོང་པའི་གནས་ན་རླུང་བཅུ་ལ་སོགས་པའི་རིམ་པ་བཞིན་སྦྱར་རོ། །དྲི་ཆེན་པོ་མེ་ཏོག་དང་ལྡན་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་བདེ་བའི་དྲི་དང་རླུང་དེ་རྣམས་ལྡན་ནས་ནམ་མཁའ་ནས་འབབ་པའོ། །དེ་ཡང་ཞབས་ཀྱི་རྩ་བར་བབ་པོ་ཞེས་ཏེ། ་བཅོམ་ལྡན་འདས་ཀྱི་ཞབས་ཞེས་གོ་བར་བྱའོ། །ཡང་བཅོམ་ལྡན་འདས་ཀྱིས་བོས་ཏེ། ཞེས་པ་ལ་སོགས་པ་ནི་སྔར་ལན་མེད་པས་དེ་ལ་ཡ་མཚན་སྐྱེས་ནས་ཕྱི་ནས་ཡང་བསྐྱར་ནས་ལྷའི་དབང་ཕྱུག་ལ་པོས་པའོ། །ལྷའི་དབང་ཕྱུག་གིས་གསོལ་པ ་ཞེས་པ་ནི་བཅོམ་ལྡན་འདས་ལ་གསོལ་པའོ། །དེ་ཡང་འདི་སྐད་བསྟན་ཏོ། །བཅོམ་ལྡན་འདས་དེ་ཁོ་ན་ཉིད་གསུམ་ཞེས་པ་ལ་སོགས་པ་ནི་མཚན་མ་འམ་དངོས་པོ་ལ་སོགས་པའི་བརྗོད་པ་ཡོད་དམ་ཅི་ཞེས་སོ། །དེ་ལ་བདག་ཡ་མཚན་དུ་གྱུར་ཏོ།། ་ཞེས་པ་ནི་མཚན་མ་དང་དངོས་པོ་ལ་སོགས་པ་མེད་པ་ལ་ནི་མཚན་ལ་སོགས་པའི་དངོས་བོར་གསུངས་པ་ལ་ནི་ཡ་མཚན་སྐྱེས་པའོ། །ེ་མའོ་ངོ་མཚར་རྨད་དུ་བྱུང་བའོ། །དཔའ་བོ་ནི་གདུག་པ་ཐམས་ཅད་ལ་སོགས་པ་འཇོམས་པའི་བདག་ཉིད ་དོ་ཞེས་པའོ། །ཆེན་པོ་ཞེས་པ་ནི་སེམས་ཅན་གྱི་དོན་མཛད་པ་དང་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་གྱིས་བརྒྱན་པ་ལ་བྱའོ། །ལྷའི་དབང་ཕྱུག་ནི་སྔར་གྱིས་དོན་དེ་རྣམས་ལྡན་པ་མཚན་ནས་བཅོམ་ལྡན་འདས་ཀྱིས་བོས་པའོ། །མཆོག ་གི་རྡོ་རྗེ་འཛིན་པས་ཞེས་པ་ནི་དེ་བཞིན་གཤེགས་པའི་སྙིང་པོ་མཆོག་ཏུ་གྱུར་པ་དབྱེར་མི་ཕྱེད་པའི་སྐུ་རྡོ་རྗེ་དེའི་དང་མ་གཡེངས་པར་འཛིན་པས་ནི་བྱེད་པ་པོར་བརྗོད་དོ། །འདི་གསུངས་སོ་ཞེས་པ་ནི་འོག་ན་མར་འབྱུང་བ་འདིའི་ཞེས་བཤད་དོ། །དེ་ཡང་འདི ་སྐད་དུ་བསྟན་ཏེ། དེ་ཁོ་ན་ཉིད་གསུམ་ཞེས་པ་ནི་ཨེ་དང་པོ་དང་མཱ་དང་གསུམ་ཞེས་པར་དགོངས་སོ། །བདག་ཉིད་ཀྱི་ཞེས་པ་ལ་སོགས་པ་ནས་ཚད་ཅེས་པའི་བར་ནི་མེད་དམ་ཅི་ཞེས་པ་ནི་ཡ་ལ་སོགས་པར་བཤད་དོ། །དེ་ཡང་འདི་སྐད་ཞེས་པ་ནས ་བཅོམ་ལྡན་འདས་ཞེས་པའི་བར་གྱིས་ཤེས་པར་བྱའོ། །འོ་ན་དེ་བཞིན་གཤེགས་པ་ལ་སོགས་པ་མི་གསུང་བ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ལ་སོགས་པའི་འཁོར་རྣམས་ནི་དེར་འདུས་པ་དང། དེ་ཁོ་ན་ལ་སོགས་པའི་དོན་རྟོགས་པས་ཐམས ་ཅད་རྟོགས་པར་འགྱུར་རོ། །དེ་ལྟར་ཡང་ནི་བྱང་ཆུབ་སེམས་དཔའ་ལྷའི་དབང་ཕྱུག་ཁྱོད་བདེན་དེ་བྱའོ། །ཆོས་ཐམས་ཅད་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཏེ་ཕྱི་ནང་གིས་བསྡུས་པའི་ཚེས་སོ། །ཀྱི་ཞེས་པ་ནི་ཟླས་དབང?་པའོ། །ངོ་བོ་སྟོང་པ ་ཉིད་ཀྱི་ཞེས་པ་ནི་འདུས་བྱས་ལ་སོགས་པའི་ཆོས་ནི་ངོ་བོ་ཉིད་ཀྱིས་སྟོང་པ་དོན་པའི་བདེན་པའོ། །འདི་ག་ལས་ཤེས་པ་ནི་ཐ་སྙད་དང་བྲལ་བའི་དོན་ནི་བརྗོད་པ་དང་རྟོགས་ཞེས་ཤེས་སུ་མི་རུང་སྟེ་དེ་བས་ནག་ལས་ཤེས་ཞེས་མིག་ཡོར་ཙམ་གྱི་རྒྱུ་རྟེན ་ནི་ཀུན་རྫོབ་ཀྱི་བདེན་པ་སྒྱུ་མ་འམ་མིག་ཡོར་ཙམ་དུ་སྣང་བ་ལ་བརྟེན་ནས་ཤེས་པར་བྱའོ། །ཆོས་ཐམས་ཅད་ཅེས་པ་སྔར་གྱི་ཆོས་ཏེ། རྟེན་དང་རྟེན་ཅན་ནོ། །ཇི་ལྟར་ཞེས་པ་ནི་མཐུན་པའི་དཔེ་ཡིས་དོན་ཤེས་པར་སྟོན་ནོ། །གླ་རྩི་ལ་བརྟེན་ནས་དྲི ་ལ་གླ་རྩི་དངོས་པོ་མེད་ན་དྲི་རྙེད་པར་ཇི་ལྟར་འགྱུར་ཞེས་གསུངས་ཏེ། དེ་ནི་དཔེ་གླ་རྩི་དངོས་པོ་སྲ་པ་ལ་མ་བརྟེན་པར་དངོས་པོ་མེད་པའི་དྲི་སྟོང་པ་མི་རྙེད་དོ་ཞེས་སོ། །དེ་བཞིན་དུ་ཀུན་རྫོབ་སྒྱུ་མ་ཙམ་གྱི་བདེན་པ་ལ་མ་བརྟེན་པར་དོན་དམ་པའི་བདེན་པ་མི ་རྙེད་ངོ་ཞེས་པའི་དོན་ཏོ། །དེ་ཡང་ལུང་ལས་བསྐྱེད་པའི་སྐུ་ལ་བརྟེན་ནས་ནི། །ཐ་མལ་པ་ཡི་བག་ཆགས་སྦྱོད། །དེ་ཡང་བདག་གི་དེ་ཉིད་དེ། །བདག་ཞེས་པ་ནི་བདེ་ཆེན་སྐུ། ཞེས་གསུངས་སོ། །དེ་བཞིན་དུ་ཞེས་པ་ནི་གླ་རྩི་ལ་སོགས་པ་བཞིན་དུ་ཀུན ་རྫོབ་ལ་བརྟེན་དགོས་པར་བསྟན་ཏོ། །རང་གི་ངོ་བོས་དང་ཚད་ཀྱིས་དང་རྣམ་པའི་ཞེས་པ་ནི་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་ལ་མ་བརྟེན་པར་ནི་དོན་དམ་པའི་བྱང་ཆུབ་སེམས་མི་རྙེད་ཅེས་སོ། །དཔེར་ན་ཆུ་མེད་པར་ཉ་འཚོལ་བ་བཞིན་ནོ། །དེ་ཁོ་ན་ཉིད ་གསུམ་ནི་སྐུ་རྡོ་རྗེ་དང་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་གསུམ་མོ། །བདག་ཉིད་ཅེས་པ་གསུམ་པོའི་དོན་མ་ནོར་བར་རྟོགས་པའོ། །ཟླ་བ་བདེ་མཆོག་ཅེས་པ་ནི་སྔར་ཐོས་པ་བཤད་པ་དེ་ཕུང་པོ་ལྔ་དང་སྐྱེ་མཆེད་དང་ཁམས་ལ་སོགས་པའི་རང་བཞིན་སངས ་རྒྱས་ལ་སོགས་པར་ཤེས་པར་བྱའོ། །ཕྱག་རྒྱ་ཆེན་པོའི་སྐུ་ཞེས་པ་ནི་ཡེ་ཤེས་སེམས་དཔའ་ཨི་རང་བཞིན་བདག་ལ་རང་ཆས་སུ་གནས་པའི་རྡོ་རྗེ་སྙིང་པོའི་ངོ་བོའི་ཡིན་ནོ། །ཡང་ན་དེ་ཁོ་ན་ཉིད་གསུམ་ནི་རླུང་གི་འཁོར་ལོ་དང། མེའི་དང། སྤྲུལ་པའི ་འཁོར་ལོ་དང་གསུམ་མོ། །ཟླ་བ་བདེ་མཆོག་ནི་ལོངས་སྤྱོད་འཁོར་ལོའོ། །ཕྱག་རྒྱ་ཆེན་པོ་ནི་བདེ་བ་ཆེན་པོའི་འཁོར་ལོ་སྟེ། ཆོས་ཀྱི་འཁོར་ལོ་ལ་ནི་སྤྱི་ཐམས་ཅད་ལ་སྦྱར་རོ། །ཡང་དེ་ཁོ་ན་ཉིད་ཅེས་པ་ལ་སོགས་པ་ནི་ཆར་ཡང་ལ་སོགས ་པར་བསྟན་ཏེ། དེ་རྣམས་ལ་བརྟེན་ནས་དོན་དམ་རྙེད་པར་འགྱུར་རོ། །སྟོང་པས་ནི་དེ་ལྟར་མ་ཡིན་ནོ། །དེ་ཡང་རྒྱུ་བྱེད་པ་དང། འབྱུང་བ་དང། བརྟེན་པ་དང་གནས་པས་ནི་དགའ་བ་ལ་སོགས་པའི་དོན་འབྱུང་བའོ། །ཡང་ན་དེ་ཁོ་ན་ཉིད་གསུམ་ཤེས་པ་ལ་ ་སོགས་པ་ནི་ཐབས་དང་ཤེས་རབ་སྦྱོར་བའི་དུས་སུ་བྱ་གདོང་གི་གནས་བཙལ་ནས་རིན་པོ་ཆེའི་ཁ་ལ་རི་བོང་ཅན་ཐིགས་པ་གཅིག་གིས་རིན་ཆེན་ཁར་གནས་པ་དང། བྱ་གདོང་ལ་ཐལ་བ་དང། གཉིས་སུ་མེད་པའི་བར་ན་གསལ་བའོ། ། ་ཞེས་བཛྲ་བོ་དྷིའི་མན་ངག་གོ་།དེ་གསུམ་ནི་སེམས་དང་སེམས་ལས་བྱུང་བ་དང་མ་རིག་པར་བཤད་དོ། །དེ་བས་ན་ཞེས་པ་ནི་དེ་དང་དེ་ལས་བྱུང་ཞེས་པའི་དོན་བསྟན་པའོ། །དེ་ཡང་འདི་སྐད་བཤད་དོ། །ཁྱབ་དང་ཁྱབ་བྱེད་བྱེ་བྲག་ཏུ། །གཉིས་སུ་མེད་པའི ་བདེ་བ་ཆེ་ཞེས་གསུངས་སོ། །དོན་དམ་པའི་བྱང་ཆུབ་སེམས་དང་ཀུན་རྫོབ་བྱང་ཆུབ་སེམས་གཉིས་ལས་རང་བཞིན་གྱི་བདེ་བ་ཆེན་པོ་འབྱུང་བར་བསྟན་ཏོ། །ཐམས་ཅད་ཅེས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་སོ། །གཉིས་སུ ་ནི་སོ་སོར་གནས་པ་ལ་དབྱེ་བར་བཤད་དོ། །མེད་པའི་ཞེས་པ་ནི་གཉིས་སུ་སྣང་བའི་ཆོས་རྣམས་དབྱེར་མི་ཕྱེད་པའི་དང་དུ་གཅིག་པའོ། །དངོས་པོ་ཞེས་པ་ནི་དབྱེར་མི་ཕྱེད་པ་ལ་ནི་དངོས་ཞེས་བྱའོ། །དེ་ཡང་ཐབས་དང་ཤེས་རབ་ཐ་དད་པ། རྟེན་དང ་རྟེན་པའི་ངོ་བོ་རུ། །དེ་གཉིས་གཅིག་གི་དོན་དུ་མཉམ། །གང་གིས་རྟོགས་པ་གཉིས་མེད་དངོས། །ཞེས་གསུངས་སོ། །གཞན་ཡང་དབྱེར་མེད་བརྟགས་པའི་དངོས་གྲུབ་ནི། ཕྱག་རྒྱ་ཆེན་པོའི་རང་བཞིན་ནོ། ཞེས་སོ། །དེ་ཅིའི་ཕྱིར་ཞེ་ན། ཕྱག་རྒྱ ་ཆེན་པོའི་རང་བཞིན་ནི་མི་འགལ་ཏེ་རང་བཞིན་དགའ་བ་ལ་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །གཞན་ནི་དེ་ལྟ་མ་ཡིན་ནོ། །དེ་ཡང་རང་བཞིན་དགའ་བ་ནི་དགའ་བ་གང་གིས་ཀྱང་རེག་པར་མི་ནུས་སོ། །དེ་ཡང་དགྱེས་པའི་རྡོ་རྗེའི་རྒྱུད་ལས། །གཞན་གྱི་མ ་རེག་ལྷན་ཅིག་སྐྱེས། །གསུམ་པོས་སྤངས་པའི་གང་རྙེད་དེ། གསུམ་གྱི་རང་བཞིན་གསུམ་དང་བྲལ། །དེ་ལ་མ་རྙེད་ལྷན་ཅིག་སྐྱེས། ཞེས་གསུངས་སོ། །དེ་བས་ན་རང་བཞིན་དགའ་བ་དང་ཕྱག་རྒྱ་ཆེན་པོ་ཐ་དད་དུ་མི་དབྱེའོ། །དྲུག་གི་བདེ་བ་ནི་རྣམ ་པར་སྣང་མཛད་ལ་སོགས་པའི་རིགས་དྲུག་ཤེས་རབ་དང་བཅས་པའོ། །ཡེ་ཤེས་མཆོག་ནི་ཡབ་ཡུམ་གཉིས་སྦྱོར་བ་ལས་བྱུང་བའི་གཉིས་སུ་མེད་པའི་ཡེ་ཤེས་སོ། །བདེ་བ་སྐུ་ནི་གཉིས་ལས་བྱུང། ཞེས་པ་ནི་ཀུན་རྫོབ་དང་དོན་དམ་པའི་སྐུ་ཐབས་དང ་ཤེས་རབ་གཉིས་ཐབས་ལས་ཡང་དག་པའི་ཡེ་ཤེས་འབྱུང་བའོ། །འཁོར་ལོ་ཡི་ནི་དྲུག་དབུས་བཞུགས། །ཞེས་པ་ནི་དཀྱིལ་འཁོར་ཆེན་པོ་དྲུག་གི་བདག་པོ་རྡོ་རྗེ་སེམས་དཔའ་བྱེད་པའོ། །དེ་ཁོ་ན་ཉིད་གསུམ་ཞེས་པ་ལ་སོགས་པ་ནི་སྐུ་རྡོ་རྗེ་ལ ་སོགས་པའི་རིགས་གསུམ་དུ་བཤད་དོ། །ཡང་ན་འཁོར་ལོ་དྲུག་པ་པདྨའི་ཁ་སྟོང་པའི་ནང་བྱང་ཆུབ་ཀྱི་སེམས་ཀྱིས་བརྒྱན་པ་ལ་སོགས་པ་ལ་ནི་དྲུག་གི་བདེ་བ་ཡེ་ཤེས་མཆོག་ཅེས་པ་ལ་སོགས་པའི་དོན་སྦྱོར་རོ། །ཡང་ན་དྲུག་ཅེས་བྱ་བ་ནས་རྒྱུ་རུ ་གྲགས་ཞེས་བྱ་བའི་བར་གྱིས་ནི་ཆར་ཡང་དང། ཐིག་ལེ་དང། ཚུལ་དང། ཚུལ་ཙམ་དང། མཆོག་དང། གཞན་མཆོག་རྣམས་ལ་བདེ་བའི་ཡེ་ཤེས་རེ་རེ་སྦྱར་བ་ལ་ནི་དེ་སྐད་ཅེས་བྱའོ། །གཉིས་སུ་མེད་པའི་འབྲས་བུའོ། །གཉིས་པོ་ནི་རྒྱུ་ཡིན ་པས་རྒྱུ་རུ་གྲགས་ཞེས་བསྟན་ཏོ། །ལུས་རྟེན་སྲོག་གི་དབྱུག་པ་ལ། །སྦྱོར་བ་དྲུག་གི་ཡེ་ཤེས་བཞུགས། ཞེས་བྱ་བ་ལ་སོགས་པ་ནི་སྔར་གྱི་ཆར་ཡང་ལ་སོགས་པའི་སྦྱོར་བ་དྲུག་ཡེ་ཤེས་དང་བཅས་པའི་གནས་སྲོག་གི་དབྱུག་པའོ། །ཡང་ན ་ལུས་ནི་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་སོ། །རྟེན་ནི་དོན་དམ་བྱང་ཆུབ་ཀྱི་སེམས་སོ། །སྲོག་གི་དབྱུག་པ་ནི་སྲོག་རླུང་དང་ལྡན་པའི་བྱང་ཆུབ་སེམས་དང་རྩོལ་བའི་རླུང་ལ་སོགས་པའོ། །སྦྱོར་བ་དྲུག་གིས་ཡེ་ཤེས་བཞུགས་ཤེས་པ་ལ་སོགས་པ་ནི ་དོན་དམ་པ་དང་ཀུན་རྫོབ་ལས་ཡེ་ཤེས་ཀྱི་རིམ་པར་སྦྱོར་ཏེ། དེ་ཡང་སྲོག་ལ་སོགས་པའི་རླུང་འགགས་པས་སྟེང་དང་འོག་ཏུ་དགའ་བའི་ཡེ་ཤེས་སྦྱོར་བ་ནི་བཅུ་དྲུག་དང་དྲུག་དང་བཞི་ལ་སོགས་པའོ། །དེ་ཡང་སླར་གསུམ་རྫོགས་པ་གསུམ་པོ་དེ་ལ་རང ་བཞིན་གསུམ་རྫོགས་པའོ། །འཁོར་ལོ་དྲུག་གི་ལྟེ་བའི་གནས་ཞེས་པ་ནི་བདེ་བ་ཆེན་པོའི་འཁོར་ལོ་ལ་སོགས་པ་དྲུག་གི་ལྟེ་བ་ནི་སྲོག་གི་དབྱུག་པའི་ངོ་བོའོ། །དེའི་ནང་ལ་དབུས་ཞེས་བྱའོ། །ཕྲ་མོ་ལུས་ལྡན་རབ་ནི་དྲུག་།ཅེས ་པའི་རྩ་མདུད་པ་དྲུག་སྟ། ལས་དང་པོ་པས་མི་རྟོགས་པས་ཕྲ་ལ། ཡང་དང་ཡང་དུ་གོམས་པས་རྟོགས་པ་དེ་ནི་ལྷའི་ངོ་བོར་ཤེས་ལ་དོན་དུ་ཡང་སྣང་བའོ། །རྩ་དེ་དྲུག་གི་ལུས་ནི་བྱང་ཆུབ་སེམས་དང་ལྡན་པའོ། །ཐིགས་པ་དང་བཅས་ཏེ་རྣལ ་འབྱོར་ཞེས་པ་ནི་ཡེ་ཤེས་ཀྱི་དངོས་པོའི་ཐིག་ལེ་ལ་ནི་དེ་སྐད་ཅེས་བྱའོ། །ཇི་ལྟ་ཞེ་ན། ཡུངས་ཀར་ལ་མར་གྱིས་ཁྱབ་པ་བཞིན་ནོ། །དེ་ཡང་རྩ་དང་ཐིག་ལེ་དང་རླུང་ལ་སོགས་པ་དེ་རྣམས་ལ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དེ་དགའ་བའི་རིམ་པར ་སྦྱར་ར། །སྲོག་གི་དབྱུག་པ་ནི་ནང་དུའོ། །ཞེས་པ་ནི་སྲོག་གི་རྩའི་ནང་ན་དེ་རྣམས་གནས་བདེ་བར་བཞུགས་ཀྱི་ཕྱིའི་འདབ་མ་ལ་སོགས་པའི་ནང་དུ་ནི་མ་ཡིན་ནོ། །བདེ་ཆེན་འཁོར་ལོའི་ལྟེ་བ་ལ་ནི་བདེ་བའི་གནས་ན་བཅོམ་ལྡན་འདས་ཆུ་ཟླ་ལྟར ་ཀུན་རྫོབ་ཏུ་བཞུགས་པས་སོ། །ཡལ་ག་དང་ཀུ་མུ་ཏ་ལ་སོགས་པ་ལ་བཞུགས་པ་མ་ཡིན་ཏེ་རྩའི་ལྟེ་བ་ཁོ་ནའོ། །ཟླ་མོ་ཚེ་ལྡན་པ་སྟེ་ཞེས་པ་ནི་རྩ་དང་ཐིག་ལེ་དང། སྲོག་རླུང་ལ་སོགས་པ་ལྡན་པའི་ཡེ་ཤེས་སོ། །དེ་ནི་ཞེས་པའི་དེ་དག་རྣམས་ཀྱི ་དོན་སྟོན་ཏེ། དེ་ཡང་སྲོག་ཡང་དག་པའི་དབང་ཕྱུག་སྦྱིན་པར་མཛད་པ་ནི་ཆོས་ཐམས་ཅད་ཀྱི་རྩ་བའོ། །ཟུར་གསུམ་ནི་དབྱིབས་དེ་ལྟ་བུའི་དངོས་པོར་གནས་ནས་ཚངས་བུག་ཏུ་གནས་པ་ལ་རྣམ་པའི་ཚུལ་ཞེས་པའོ། །ལོངས་སྤྱོད་རྫོགས་པའི་སྟེ ་བའི་ཞེས་པ་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ལ་སོགས་པའི་ཡོན་ཏན་ཐམས་ཅད་རྫོགས་པའི་པདྨའི་ལྟེ་བ་དེར་གནས་པའི་བདག་ཉིད་དོ། །ལྕེ་མ་ནི་རྩའི་མིང་དུ་བཏགས་པའོ། །དེ་ནི་བདེ་བ་ནི་ཐིག་ལེར་བཅས་པའི་གྱེན་དུ་རྒྱུ་བ་ལ་སོགས ་པའི་རླུང་དང་ལྡན་པའོ། །རིགས་ཀྱི་མེ་ཏོག་དང་འདྲ་བ་ཞེས་པ་ནི་རྩའི་མདུད་པའི་དབྱིབས་ཏེ་བུ་མོ་ལང་ཚོ་སར་པའི་ནུ་མའི་དབྱིབས་བཞིན་ན། །དེ་བཞིན་དུ་ཆོས་ཀྱི་འཁོར་ལོ་ལ་སོགས་པའི་འཁོར་ལོ་གཞན་དང་རྩ་དང་ཐིག་ལེ་དང་རླུང་ལ་སོགས ་ལ་ཡང་བླ་མ་རྗེ་བཙུན་ཆེན་པོའི་ཞལ་ལས་ཤེས་པར་བྱའོ། །རྟོག་མེད་མས་ནི་འཁྱུད་ཡིན་ཕྱིར། ཞེས་པ་ནི་བཅོམ་ལྡན་འདས་མ་ཕྱག་རྒྱ་ཆེན་པོས་བཅོམ་ལྡན་འདས་ལ་གཉིས་སུ་མེད་པའི་དབྱེར་མི་ཕྱེད་པར་རོལ་པ་ལས་བྱུང་བའི་བྱང་ཆུབ ་ཀྱི་སེམས་སོ། །དེའི་ཚེ་ཚངས་པའི་དབྱུག་པ་ཡིན་ན་ནི་གཟུགས་ཀྱི་སྐུ་གཉིས་ལས་ཆོས་ཀྱི་སྐུ་རང་བཞིན་དགའ་བའི་ཡེ་ཤེས་སུ་གྱུར་པ་དེའི་ཚེ་ན་ཞེས་བྱ་བ་ལ་སོགས་པའོ། །ཡང་ན་རྟོག་མེད་མས་ཞེས་པ་ལ་སོགས་པ་ནི་སོ་ཤོ་མནའ ་ཡིས་རྩ་གསུམ་ལ་འཁྱུད་པའི་རང་བཞིན་དུ་བཞུགས་པ་ལ་བྱའོ། །ཡང་ན་རྟོག་མེད་མ་ནི་ཡེ་ཤེས་བདེ་བའི་རང་བཞིན་ནོ། །འཁྱུད་པ་ནི་ཐིག་ལེའི་དངོས་པོ་ལ་ནི་ཡང་དག་པ་དེས་ཁྱབ་ནས་དབྱེར་མི་བྱེད་པར་འཁྱུད་པའོ། །དེའི་ཚེ་ཅི་ཀུན་རྫོབ ་དང་དོན་དམ་པའི་དངོས་པོ་མཆོག་གི་དགའ་བ་དང་ཆད་པའི་དགའ་བ་གཉིས་ཀྱི་བྱེ་བྲལ་པའོ། །ཚངས་པ་ཞེས་གསུངས་ཏེ་རང་བཞིན་དགའ་བདེའི་ཚེ་ཉོན་མོངས་པའི་རྟོག་པ་ལ་སོགས་པ་ཀུན་འཇོམས་པའི་ཚངས་པའི་དབྱུག་པའི་ཞེས་བཤད་དོ། །དེའི ་དུས་ནི་བདག་གིས་བཤད། ཅེས་པ་ནི་སྔར་གྱིས་དུས་འདི་ནས་མར་ཤར་བ་དང་ནུབ་པ་ལ་སོགས་པ་བཤད་པར་དམ་བཅའ་ཨོ། །ཤར་བ་དང་ནི་ནུབ་གཉིས་སོ། །ཞེས་པ་ནི་རླག་པ་དང་ལོངས་སྤྱོད་ལ་སོགས་པའི་དུས་ནི་ཐབས་དང་ཤེས་རབ་གཉིས་ཀྱི་བསྡུ? ་བར་བྱའོ། །གང་ཞིག་ཚངས་པའི་དབྱུག་པ་ཞེས་པ་ནི་སྔར་བཤད་པས་འདི་བླ་མ?་བསྟན་ནོ། །མདུད་པ་ཞེས་པ་ནི་པདྨའི་མདུད་པ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པའི་གནས་པདྨའོ། །སུམ་ཅུ་རྩ་གཉིས་ཡོད་པ་ཞེས་པ་ནི་པདྨ་ནས་?་? ་བསྟན་པའོ། །དེ་ལ་ལྟེ་བའི་འོག་ཏུ་འཕོ་བ་བཅུ་དྲུག་།ཅེས་པ་ལ་སོགས་པ་ནི་དཀྱིལ་འཁོར་གྱི་ལྟེ་བའི་དབུས་ནས་སྒོ་ཡན་ཆད་དུ་བཅུ་དྲུག་པ་གཉིས་ཀྱི་གནས་ན་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་བསྐོར་བ་ནི་འཕར་མ་གཉིས་ལ་འཕོ ་བ་ཞེས་བྱའོ། །ཡང་ན་ཤར་བ་ཞེས་པ་ནི་ལོངས་སྤྱོད་ཀྱི་འཁོར་ལོར་ཉི་མ་ཤར་བའོ། །ནུབ་པ་ནི་བདེ་བ་ཆེན་པོའི་འཁོར་ལོར་ཉི་མ་ནུབ་པའོ། །མདུད་པ་ལ་སོགས་པ་ནི་གོ་སླའོ། །ཡང་ན་ཤར་བ་དང་ནི་ནུབ་གཉིས་སོ། །ཞེས་པ་ལ་སོགས་པ ་ནི་མཆོག་གི་དགའ་བའི་ཕོ་བྲང་དུ་བྱང་ཆུབ་སེམས་ཀྱི་ཐིག་ལེ་གནས་ཙམ་ན་ཤར་ཞེས་བྱའོ། །དེ་ལས་འཕོས་པས་ཆད་པ་སྟེ། ནུབ་པའི་དངོས་པོ་སྟེ་དེ་ཡང་འདི་སྐད་སྟོན་ཏོ། །ཐབས་ཀྱི་ནོར་བུའི་ཁ་ན་བྱང་ཆུབ་ཀྱིས་སེམས་གནས་པའི་ཐིགས་པ ་གཅིག་ནི་ལོངས་སྤྱོད་པའོ། །ཤེས་རབ་ཀྱི་སངས་རྒྱས་རིན་པོ་ཆེའི་ཁར་ཐལ་བ་ནི་རླག་པའོ། །སླར་ལ་བཀུག་པས་ནི་གཉིས་ཀ་ཡེ་ཤེས་བདེ་བ་ཆེན་པོའི་ངོ་བོར་གྱུར་པ་དེ་ཁོ་ན་གཉིས་སུ་མེད་པའི་དབང་ངོ། །གང་གིས་ཚངས་པའི་དབྱུག་པ་ཞེས་པ ་ནི་རིན་པོ་ཆེ་དང་སངས་རྒྱས་ཀྱི་སྣོད་གཉེན?་བདེ་བའི་ཡེ་ཤེས་ཀྱིས་རྒྱས་པའོ། །མདུད་པ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཀྱི་མདུད་པའོ། །སུམ་ཅུ་རྩ་གཉིས་ཡོད་པ་ནི་ཆར་ཡང་བཅུ་དྲུག་དང། དགའ་བ་བཅུ་དྲུག་གནས་པའོ། ་དེ་ལ་ལྟེ་བའི་འོག་ཏུ་འཕོ་བ་བཅུ་དྲུག་ནི་སྡེར་བསྟན་པ་དེ་ཐབས་ཀྱི་ལྟེ་བའི་འོག་ནས་ནི་ཤེས་རབ་ཀྱི་ལྟེ་བར་ཐོ་བའོ། །སྟེང་གི་འཕོ་བ་བཅུ་དྲུག་ནི་ཞེས་པ་ནི་སླར་ལ་ཐབས་ཀྱི་གནས་སུ་འཕོའི་བྱང་ཆུབ་ཀྱི་སེམས་ཐིག་ལེ་དང་དགའ་བ་ལ་སོགས་པ་དང ་བཅས་པ་དེ་ཇི་སྲིད་གནས་ཀྱི་བར་དུ་ནི་དུས་ཞེས་བྱའོ། །དེ་ཡང་འདི་སྐད་བཤད་དེ། བྱང་ཆུབ་ཀྱི་སེམས་དང་རླུང་གཉིས་ཕྲད་པའི་ཕྱིར་རོ། ཞེས་པ་ནི་ཐུར་དུ་འབྱུང་བའི་རླུང་གཉིས་དང་བཅས་པ་ཕྲད་པས་ནི་སྲོག་གི་རླུང་དེ་ཡང་དག་དྲི་རྩེ?་སྤྲོས ་བྲལ་འོད་རབ་རང་བཞིན་དགའ་བར་གྱུར་ཏོ། །དེ་ལྟ་བུའི་དོན་དམ་པའི་རང་བཞིན་ལ་ནི་འཕོ་བ་སྟེ་སྟེང་འོག་གཅིག་པུའི་ཞེས་གསུངས་སོ། །སྟེང་དང་འོག་ལ་སོགས་པའི་འཕོ་བ་ནི་དེ་གཅིག་པུ་ཁོ་ན་ཞེས་པའི་དོན་ཏོ། །སྣང་བའི་སྦྱར་བའི་ཞེས་པ་ནི་དེ ་རྣམས་ལ་དེ་སྦྱོར་བའོ། །ཅིའི་ཕྱིར་དེ་ལ་དེ་སྦྱོར་ཞེ་ན། ཐབས་དང་ཤེས་རབ་ཅེས་པ་ལ་སོགས་པས་བསྟན་ཏེ། དོན་དམ་པའི་ཤེས་རབ་སྐྱེ་བ་མེད་པ་ལ་ཀུན་རྫོབ་སྒྱུ་མའི་ཐབས་ཁྱད་པར་ཅན་གྱིས་སྦྱོར་བ་ལས་མཆོག་གི་ཡེ་ཤེས་དང། ཆད་པའི་རང་བཞིན ་གཉིས་སུ་མེད་པའི་སྦྱོར་བ་ཞེས་བཤད་དོ། །རྩ་སུམ་ཅུ་རྩ་གཉིས་ནི་གོ་སླ་བས་འདིས་མ་བཤད་དོ། །སྐུ་དང་ཞེས་པ་ལ་སོགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་གསུམ་འཁོར་ལོ་དང་སྦྱར་རོ། །གཅིག་པུ་རྟོག་མེད་མ་ཞེས་པ་ནི་སྤྲུལ་པའི ་འཁོར་ལོའོ། །ཡང་སྲོག་གི་དབྱུག་པ་ནི་སྐུའོ། །ལས?་ནཱ་ནི་གསུང་ངོ། །ར་ས་ནཱ་ནི་ཐུགས་སོ། །གཅིག་པུ་རྟོག་མེད་མ་ནི་སྐུ་གསུང་ཐུགས་གསུམ་དང་བྲལ་བ་ཨ་བ་དྷཱུ་ཏཱིའི་རང་བཞིན་དགའ་བ་ཞེས་བྱའོ། །སོ་ཤོ་མནའ་ཚངས་པའི་དབྱུག་པ་འཁྱུད་ནས ་ཞེས་པ་ནི་ཐོག?་གི་རྩ་བྱང་ཆུབ་ཀྱི་སེམས་ཀྱིས་གང་ནས་གནས་ཙམ་ན་ཚངས་པ་ལ་སོགས་པའོ། །མི་གནས་ཙམ་ན་ནི་དེ་ལྟ་མ་ཡིན་ཏེ་སྲོག་གི་དབྱུག་པའོ། །བདེ་བ་ཆེན་པོའི་གཙུག་ཏོར་ནས་ཞེས་པ་ནི་སྤྱི་བོ་གཙུག་གི་འཁོར་ལོ་བདེ་ཆེན་གྱི་ཐུགས་གནས་སོ།། ་བདེ་བ་ཆེན་པོའི་གཙུག་ཏོར་ནོར་བུའི་ཁ་རླུང་གི་འཁོར་ལ་ཡན་ཆད་ཅེས་པ་ནི་བདེ་བ་ཆེན་པོས་སྟེང་གི་མཛའ་མཚོན་པའོ། །རླུང་གིས་འོག་གི་མཛའ་མཚོན་པ་ནི་གཟུང་བའི་པར་ཡང་དོན་གྱིས་ཤེས་པར་བྱ་བ་ཡིན་ནོ། །ཇི་ལྟར་ཙན་དན་གོརཤི?་ཤིང་པ་སྤྲུལ ་ཆེན་མོ་ཡོད་པའོ། །ཞེས་པ་ནི་ཙན་དན་ལ་ནི་ཤིང་ཡང་ཡོད་ལ་དྲི་ཡང་ཡོད་དེ་དེ་གཉིས་དབྱེར་མི་ཕྱེད་པའི་ཚུལ་དུ་ཡོད་པ་ནི་སྤྲུལ་གྱིས་ཤིང་ལ་འཁྱུད་པ་ཇི་ལྟ་བ་བཞིན་ནོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཁུ་བ་དང་བདེ་བ་གཉིས་ཀྱང་བྱེ་བྲག་ཏུ་མི་ཕྱེད ་པར་འཕོ་བའི་དུས་སོ་བདེ་བའི་ངོ་བོ་རོ་གཅིག་པར་ཡོད་པ་ནི་རང་བཞིན་གྱིས་ཡེ་ཤེས་ཞེས་བཤད་པའོ། །ཚངས་པ་ནི་ཡང་དག་པའི་ཡེ་ཤེས་ཀྱིས་ཉོན་མོངས་པ་ལ་སོགས་པ་ཚངས་པར་བྱེད་པའོ། །དབྱུག་པའི་སྙིང་པོ་ནི་ཡང ་དག་པའི་ཡེ་ཤེས་དེ་རྩའི་དབྱུག་པའི་དབུས་ན་དམ་པ་དང་ཀུན་ཛོབས་གཉིས་དང་ལྡན་ནས་སྙིང་པོ་བཞུགས་སོ། །དང་པོ་ཞེས་པ་ནི་རྩའི་མདུད་པ་དང་ཚེས་གྲངས་ལ་སོགས་པ་བཅུ་དྲུག་གི་དང་པོའོ། །ཟུར་གསུམ་གྱི་རྣམ་པའི་ཞེས་པ་ནི་རྩའི་དབྱིབས་ཟུར་གསུམ ་པ་ཚངས་པའི་བུ་ག་ན་པདྨའི་དངོས་པོར་ཡོད་པའོ། །དེ་ཡང་ཤེས་རབ་མའི་དངོས་པོའི་ལོངས་སྤྱོད་རྣམས་ཀྱིས་དང་པོའི་དགའ་བར་བཤད་དོ། །འདོད་པ་འདར་བ་ཞེས་བྱ་བ་ནས་རང་བཞིན་དགའ་བ་ཞེས་བྱ་བའི་བར་གྱིས་གཉིས་པ་མཆོག་གི་དགའ་བར ་བཤད་དོ། །ལྟེ་བའི་སྲོག་གི་རླུང་ཞེས་བྱ་བ་ནས་གསལ་བ་ཞེས་བྱ་བའི་བར་གྱིས་གསུམ་པ་ཆད་པའི་དགའ་བ་བསྟན་ཏོ། །འོད་ཀྱི་ཞེས་བྱ་བ་ནས་ཐོག་གི་ཞེས་བྱ་བའི་བར་གྱིས་བཞི་པ་རང་བཞིན་དགའ་བའི་རྣམ་གྲངས་བསྟན་ཏོ། །ཡང་ན་ཤེས་རབ་མའི་སྟེ ་བ་ལ་སོགས་པ་བཞིས་དགའ་བའི་དོན་བསྟན་ཏོ། །འདོད་པའི་དགའ་བ་ལ་སོགས་པ་བཞིས་མཆོག་གི་དགའ་བ་བསྟན་ཏོ། །སྲོག་དང་ཞེས་པ་ལ་སོགས་པ་བཞིས་ཆད་པའི་དགའ་བའི་དོན་བསྟན་ཏོ། །འོད་དང་བྱ་བ་ལ་སོགས་པ་བཞིས་རང་བཞིན ་དགའ་བའི་དོན་བསྟེན་ཏོ། །དེ་ལྟར་དབྱེ་བས་དྲུག་ཅུ་རྩ་བཞིར་དབྱེ་བར་བྱས་པས་ནི་སྤྲུལ་པའི་ཐམས་ཅད་དགའ་བ་ཞེས་སོ་ཡང་འདོད་ཅེས་བྱ་བ་ལ་སོགས་པས་དགའ་བའི་རྣམ་གྲམས་སོ། །རྒྱས་པ་ཞེས་བྱ་བ་ལ་སོགས་པ་ནི་མཆོ་གི་དགའ་བའི ་རྣམ་གྲངས་སོ། །འབར་བ་ཞེས་པ་ལ་སོགས་པ་ནི་ཚད་པའི་དགའ་བའི་རྣམ་གྲངས་སོ། །ུ་ཏ་ཞེས་པ་ལ་སོགས་པ་བཞིན་ནི་རང་བཞིན་དགའ་བའི་མིང་གིས་རྣམ་གྲངས་ཏེ། དེ་རྣམས་འདོད་པ་ཞེས་བྱ་བའི་དགའ་བའི་དགའ་བ་དང། འདར ་བ་ཞེས་བྱ་བའི་མཆོག་དགའ་བ་དང། འགྲོ་བ་ཞེས་བྱ་བའི་ཆད་དགའ་དང་དགའ་བ་ཞེས་བྱ་བའི་དགའ་བ་ཡང་དགའ་བའོ། །གཞན་རྣམས་ཀྱང་དེ་ལྟར་ཤེས་པར་བྱའོ། །དེ་ལྟར་བཞིར་དབྱེ་བ་དང་རྣམ་གྲངས་ཀྱི་དབྱེ་བས་བཅུ་དྲུག་ཏུ་ཡང་དབྱེ་བའོ། ། ་དབྱུ་གུ་དྲུག་ཅུ་རྩ་བཞི་དང། ཆུ་ཚོད་སུམ་ཅུ་རྩ་གཉིས་དང། འཕོ་བ་བཅུ་དྲུག་དང་ཐུན་ཚོད་བརྒྱད་དང། སྐད་ཅིག་མ་བཞི་ལ་སོགས་པའི་ཡང་དག་པ་ཡང་འདི་རྣམས་སུ་བཤད་དོ། །དེ་ལྟར་བསྡུས་བསྟན་ནས། འདི་ནས་མར་ཕྱེ་ནས་བཤད་དོ། །ཟུར ་གསུམ་ལ་སོགས་པ་གསུངས་ཏེ། སྔར་བསྟན་པས་ཟུར་གསུམ་འདིར་མ་བཤད་དོ། །ཤེས་རབ་མའི་ཞེས་པ་ནི་སྦྱོར་ཐབས་རྣམ་པ་སྣ་ཚོགས་སུ་བསྟན་ཏོ། །ལྟ་བས་ནི་དེ་རྣམས་ལ་དགའ་བ་སྐྱེ་བས་རྒྱུ་ཡིན་པའོ། །འདོད་པ་ཞེས་པ་ནི་ཞེས་རབ་མ་ལ་འདོད ་པ་སྟེ་དགའ་བའོ། །སྲོག་གི་རླུང་ནི་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་རླུང་དུ་བཤད་དོ། །ཟླ་བ་སྟོངས་ཀྱི་ཞེས་པ་ནི་མར་དོ་ལ་སོགས་པ་དང་བྲལ་བ་ནི་ཆོས་དང་པོའི་ཟླ་བ་ཚེས་གཅིག་པའོ། །དེ་ཡང་ཟླ་བ་དང་མཚུངས་པའི་ཡེ་ཤེས་ཆུ་ཚོད་གཅིག་གི་རང ་དུ་ནི་ཡེ་ཤེས་དེ་ནི་བར་དེ་ཙམ་དུ་གནས་པའི་བར་རོ། །བྱང་ཆུབ་ཀྱི་སེམས་ཞེས་པ་ནི་ཀུན་རྫོབ་དང་དོན་དམ་པར་ཁུ་བ་དེར་འབྲེལ་པ་སྟེ། དེ་ཡང་འདོད་ཅེས་པའི་ཐིག་ལེ་ཕྱེ་ནས་བདེ་བའི་ཐིག་ལེ་རྟོགས་པ་ལ་སོགས་པའི་དྲི་མ་ཐམས་ཅད་དང་བྲལ་བ་ནི ་བ་ཀུན་གྱི་འབྲས་བུའོ། །ཤར་བ་ཞེས་པ་ནི་མཆོག་གི་དགའ་བའོ། །ནུབ་པ་ནི་ཆད་པ་སྟེ་མུན་པ་ལྟ་བུའོ། །དེ་ནི་སྤང་བའོ། །འཕོ་བ་ནི་མཆོག་གི་དགའ་བའི་གནས་ལ་སོགས་པ་ནི་ལོངས་མི་སྤྱོད་པར་རླག་པའོ། །དུས་ཞེས་པ་ནི་འདས་པའི་དུས་སྒྲ? ་མ་ཡིན། མ་འོངས་པའི་དུས་ཀྱང་མ་ཡིན། ད་ལྟར་ཞེས་ཀྱང་དམིགས་སུ་མེད་པའི་དུས་ཏེ། དེ་ལྟ་བུའི་དུས་སུ་མེ་ཏོག་དང་འབྲས་བུ་ལ་སོགས་པ་རྒྱས་པའི་དུས་སོ། །དེ་ཡང་རླུང་ཕྱིར་རྒྱུ་བ་དང། ནད་དུ་རྒྱུ་བ་མེད་པའོ། །དེ་རྒྱུད་ལས་ཤིན་ཏུ་?་? ་ཡིན་ནོ། །ཤིན་ཏུ་མིན་པ་དུས་གཉིས་ཏེ། སྣའི་བུག་གཉིས་ཀ་ཡིའོ། །གཉིས་ཀ་མིན་པ་དེ་ཉིད་ནི། ཞེས་པ་ལ་སོགས་པ་གསུངས་སོ། །པདྨའི་འབྲས་བུའི་འདོད་པ་ནི་རྩའི་དབྱིབས་པདྨའི་འབྲས་བུ་འདྲ་བ་ཡོད་པ་དེ་འདོད་པ་ནི་རྣམ ་པ་སྣ་ཚོགས་པ་ལ་སོགས་པའི་སྦྱོར་ཐབས་དང། དགའ་བ་སྐྱེ་བའི་རྒྱུའོ། །ད་ཡང་ལས་ཀྱི་ཕྱག་རྒྱ་ལ་སོགས་པ་ལ་བརྟེན་པ་ལ་འབྱུང་ངོ། །ལས་འདར་ཞེས་པ་ནི་དེ་ལས་བྱུང་ནས་འདར་བའི་དགའ་བ་ལ་སོགས་པའི་ཤེས་རབ་མས་རྒྱུ་བྱས་ནས་འབྱུང ་བ་དང་བརྟན་པ་འདར་བར་བྱས་པའོ། །ཉེར?་ཞེས་བྱ་བའི་རླུང་དང་ལྡན་ནས། སྟོབས་ཞེས་བྱ་བའི་ཐིག་ལེར་གནས་པས་འབྲས་བུ་སྨིན་ནོ། །དྲག་པོའི་མིག་ནི་རྩའི་དབྱིབས་རུ་རཀྵ་བཞིན་གནས་པ་ལ་བྱའོ། །དེ་ནི་དྲག་པོའི་མིག་མཚན་པའོ། །འགྲོ ་བ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་མི་གནས་པ་སྟེ། དགའ་བའི་རྣམ་གྲངས་སོ། །མཉམ་པ་ཞེས་པ་ནི་མེ་དད་མཉམ་པའི་རླུང་གི་མིང་ངོ། །ལྡན་ཞེས་པ་ནི་དགའ་བ་དང་རླུང་དུ་ལྡན་པ་སྟེ། བྱང་ཆུབ་ཀྱི་སེམས་ལ་སོགས་པ་ཐམས་ཅད་ལྡན་ནོ། །སྤྲིན? ་ཞེས་པ་ནི་བདེ་བའི་ཐིག་ལེའི་མཚན་གྱི་རྣམ་གྲངས་དེའི་དུས་སུ་ཐམས་ཅད་དང་ལྡན་ནོ། །རིགས་ཀྱི་མེ་ཏོག་ཅེས་པ་ལ་སོགས་པ་ནི་བླ་མ་ལས་རྟོག་པར་འགྱུར་རོ། །ཐོག་ནི་སྔགས?་འཇིགས་བྱེད་པ་སྟེ། ཞེས་པ་ནི་ཐོག་བབ་པས་མ་བརྒྱད་ཀྱང་བྲེད་པ་བཞིན ་རང་བཞིན་དགའ་བ་སྤྲོས་པ་ཐམས་ཅད་དང་བྲལ་བ་དགའ་བ་ཐམས་ཅད་ཀྱི་ཐོག་ཏུ་གྱུར་པ་དང། གཞན་ཡང་ཐོག་ཅེས་པ་རང་བཞིན་དགའ་བའི་རྣམ་གྲངས་སུ་བརྟགས་པ་དེས་ཆད་པའི་དགའ་བ་ལ་སོགས་པ་རྣམས་འཇིགས་ཤིང་བྲེད?་པར་བྱེད་པའོ། ། ་འོ་ན་རང་བཞིན་དགའ་བ་དེ་ཇི་ལྟ་བུ་ཞེ་ན། དགའ་བ་ཀུན་དང་མི་མཉམ་པ་དངོས་པོ་མེད་པ་ཡིན་ནོ། །རྒྱུད་ཕྱི་མའི་ཕྱི་མ་ལས་ཀྱང་གསུངས་ཏེ། རང་བཞིན་དགའ་བ་དངོས་པོ་མིན། དངོས་པོ་མ་ཡིན་པ་ཡང་མིན། །སྲིད་དང་མྱ་ངན་འདས་པ་ཡིན?། ཆར་ཡང ་ཐིག་ལེ་ཚུལ་མ་ཡིན། ཞེས་པ་ལ་སོགས་པའོ། །སྙིང་པོའི་རྒྱུད་ལས་ཀྱང་།རླག་དང་ལོངས་སྤྱོད་ལ་སོགས་བྲལ། དགའ་བ་རྣམས་ཀྱིས་བརྗོད་མི་ནུས། །ཐིག་ལེ་ལ་སོགས་འཇོམས་པའི་ལྷ། །དེ་ཉིད་རང་བཞིན་ཡེ་ཤེས་སོ། །དེ་བས་ན་མཚན་མར་སྣང་བའི་ཡེ་ཤེས ་ཐམས་ཅད་དང་ཐུན་མོང་མ་ཡིན་ནོ། །དེ་ལ་ནུས་པ་བཅུ་དྲག་ཡིན་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་མི་གསལ་བ་ལ་ནི་བཅུ་དྲུག་ཡིན་བྱའོ། །ཤར་དང་ནུབ་པ་གང་ལ་ལར་ཞེས་པ་ནི་ལོངས་སྤྱོད་དང་རླག་པ་ལ་སོགས་པ་ནི་རང་བཞིན་དགའ་བ་ཞེས་ནི་བྱའོ། །དེའི་ཕྱིར ་གང་བཞིན་དགའ་བོ་ཡོད་མིན་ཞེས་གསུངས་ཏེ། རང་བཞིན་གདའ་བ་ལ་ནི་ཤར་དང་ནུབ་པའི་དངོས་པོ་ལོངས་སྤྱོད་ལ་སོགས་པའི་མཚན་མའི་ཡེ་ཤེས་མེད་པའོ། །ཡོན་པོའི་གདོང་བུ་ཞེས་པ་ནི་ལ་ལན་གཡོན་ཕྱོགས་ན་ལུ་གུ་བརྒྱད་བཞིན་གནས་པའོ། །རྩ ་བའི་ལྟེ་བ་ཞེས་པ་ལ་སོགས་པ་ནི་སྲོག་མའི་ལྟེ་བའི་མདུད་པ་རེ་རེར་བྱང་ཆུབ་ཀྱི་སེམས་ཐིགས་པ་རེ་རེ་ལ་དགའ་བ་དང་ཆར་ཡང་ཚུལ་ལ་སོགས་པ་འཕོ་བ་དང་ཀྱེ་བ་དང་གནས་པའི་ཆེ་ཤར་དང་ནུབ་དང་དུས་ལ་སོགས་པར་སྒྱུར་རེ། །དེ་ལྟའི་བདེ་ཆེན་སྣང? ་ནི་ཞེས་བྱ་བ་ནི་སྔར་བསྟན་པའི་བདེ་བ་ཆེན་པོའི་རང་བཞིན་ཀུན་རྫོབ་ཏུ་དབྱེ་བ་ལ་ནི་རྣམ་པ་ཞེས་བྱའོ། །འཕོ་བ་རུ་ནི་བདག་གིས་བཤད། ཅེས་པ་ནི་འཕོ་བ་བཅུ་དྲུག་ཏུ་སྔར་བདག་གིས་བཤད་དེ། །སྟོན་པས་བཤད་ཟིན་པའོ། །དེ་ལྟར ་བཤད་ནས་བསྡུས་པ་འདི་ནས་མར་ཕྱེ་ནས་བསྟན་ཏོ། །དངོས་དང་རྟེན་དང་རྣམ་པར་འབྱེར་ཅེས་པ་ལ་སོགས་པར་དངོས་ནི་ལས་ཀྱི་ཕྱག་རྒྱའི་ལྟ་བ་ལ་སོགས་པའི་སྦྱོད་ཐབས་སུམ་ཅུ་རྩ་གཉིས་ཏེ། དགའ་བ་དང་སྤྲུལ་པའི་འཁོར ་ལོ་ལ་སོགས་པའོ། །ཡང་ན་དངོས་པོ་ནི་དམ་ཚིག་གི་ཕྱག་རྒྱས་བྱང་ཆུབ་ཀྱི་སེམས་རྩ་དེ་རྣམས་མདུད་པར་བརྟེན་པ་དང་མཆོག་གི་དགའ་བ་དང་ཆོས་ཀྱི་འཁོར་ལོ་ལ་སོགས་པའོ། །ཡང་རྟེན་གྱི་ཡེ་ཤེས་ཀྱི་ཕྱག་རྒྱས་རིང་བ་བདེ་བླའི་ ་རྟེན་བྱང་ཆུབ་ཀྱི་སེམས་ཐིག་ལེ་ལ་བརྟེན་པར་རྟོགས་བའོ། །ཡེ་ཤེས་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་རང་གིས་རིག་ཅིང་རྟོགས་པ་སྟེ། ཡང་དག་པའི་བྱང་ཆུབ་ཀྱི་སེམས་དང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གཉིས་ལས་བྱུང་བར་རིག་པ་འམ ་ཆད་བའི་དགའ་བ་དང་ལོངས་སྤྱོད་འཁོར་ལོ་ལ་སོགས་པའོ། །ཡང་ན་ཡེ་ཤེས་ནི་ཆོས་ཀྱི་རང་བཞིན་གྱི་ཕྱག་རྒྱས་རིག་པའི་བྱང་ཆུབ་ཀྱི་སེམས་སུ་ཤེས་པའོ། །རྣམ་པར་འབྱེད་པ་ཞེས་པ་ནི་ཆོས་ཀྱི་རང་བཞིན་གྱི་ཕྱག་རྒྱས་བདེ་བ་ཆེན་པོའི་རང་བཞིན་རིག ་བ་དང་བྲལ་བར་ཕྱེ་ནས་རྟོག་པ་འམ། །རང་བཞིན་དགའ་བ་དང། བདེ་ཆེན་འཁོར་ལོ་ལ་སོགས་པའོ། །ཡང་ན་རྣམ་པར་འབྱེད་པ་ནི་ཕྱག་རྒྱ་ཐམས་ཅད་དང་བྲལ་བ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཕྱེ་ནས་ཡེ་ཤེས་ཀྱི་བཞི་དང་བཅས་པ་སྤངས་པའོ།། ་དེ་ལྟར་བསྡུས་པ་ཕྱེ་བ་བསྟན་ནས་རྒྱས་པའི་ཕྱེ་བ་བཤད་པར་བྱའོ། །དངོས་པོ་རོ་མཉམ་ལྟ་བ་ཡིན། ཞེས་པ་ནི་ཐབས་དང་ཤེས་རབ་སྲུབ་དང་བསྲུབས་པ་ལས་ནི་ཡེ་ཤེས་ཀྱི་རོའི་རྟགས་མཉམ་པར་འབྱུང་བའོ། །འདོད་ཆགས་པ་ནི་གཟུགས་དང་སྒྲ་དང ་དྲི་དང་རོ་དང་རེག་ལ་སོགས་པའི་འདོད་པའི་ཡོན་ཏན་ལྔ་རྣམས་ལ་ཆགས་ཤིང་ཞེན་པས་ནི་འཁོར་བའི་འབྲས་བུ་ཐོབ་སྟེ་བསྐྱེད་པའི་རིམ་པ་ལ་སོགས་པ་སྣ་ཚོགས་ཀྱིས་ནི་ཡོན་ཏན་དུ་འགྱུར་རོ། །དེས་འབྲས་བུ་གཟུགས་ཀྱི་སྐུ་འབྱུང་བས་ནི་ཐ་མལ ་པའི་བག་ཆགས་དག་པར་བྱེད་དོ། །འདུས་པ་རེག་བྱ་བྱེད་པའི་ཞེས་པ་ནི་ཐབས་དང་ཤེས་རབ་འདུས་པས་རེག་བྱའི་བདེ་བ་མཉམས་སུ་མྱོང་བ་འདིས་རྟོགས་པ་ལ་སོགས་པ་དག་པར་བྱེད་དོ། །དངོས་ནི་སྲིད་པ་མེད་པར་བྱེད། །ཅེས་པ་ལ་སོགས་པ ་ནི་ཁམས་གསུམ་གྱི་བག་ཆགས་བཟང་བ་དང་ངན་པ་ལ་སོགས་པ་ལས་དང་ཉོན་མོངས་པས་སྐྱེད་པ་རྣམས་ནི་དངོས་ཀྱིས་མེད་པར་བྱེད་པའོ། །གཞན་ཡང་སྦྱོར་ཐབས་སྣ་ཚོགས་པའི་ལོངས་སྤྱོད་འོ་བྱ་བ་དང། སེན་མོ་བདབ་པ་དང། ནུ་མ་མཉེ ་པ་དང། །འཁྱུད་པ་ལ་སོགས་པའི་ལོངས་སྤྱོད་དོ། །དེ་ལྟར་བཟུང་བ་དང་འཛིན་པའི་ཆོས་ཐམས་ཅད་ནི་དངོས་ཀྱིས་བར་དུ་གཅོད་པར་བྱེད་དོ། །པུཎྜ་རིག་འབྱུང་བ་ཡིས། ཞེས་པ་ནི་མེ་ཏོག་དཀར་པོའི་ཁ་དོག་གི་སེམས་དཀར་པོས་བྱང་ཆུབ་ཀྱི་སེམས་དཀར ་པོའི་ཁ་དོག་དཔེས་མཚོན་ནས། རྩའི་མདུད་པར་འབྱུང་བའི་ཡིན་ནོ། །ཟུར་གསུམ་ཞེས་པ་ལ་སོགས་པ་ནི་ཟུར་གསུམ་དང་པདྨའི་འབྲས་བུ་དང་དྲག་པོའི་མིག་འདྲ་བ་ལ་སོགས་པའི་མདུད་པ་སུམ་ཅུ་རྩ་གཉིས་ཡོད་པའི་རྟེན་བྱེད་པའོ། །བརྟེན་པ་ཡིན ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་བརྟེན་ནི་རྩ་རྣམས་ཀྱིས་བྱེད་པའོ། །རྟེན་ནི་བསམ་གཏན་མེད་པ་སྟེ་ཞེས་པ་ལ་སོགས་པ་ནི་དེ་ལ། སྒོམ་པ་པོ་མེད་རྣལ་འབྱོར་པ་དང་སྒོམ་རྒྱུ་གཉིས་དང་བྲལ་བ་སྟེ། དེ་བས་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བའོ།། ་སྟེང་རང་འོག་གི་མཉམ་པའི་རྟེན་ཞེས་པ་ལ་སོགས་པ་ནི་བྱེན་དུ་རྒྱུ་བའི་རླུང་ལ་སོགས་པའི་རླུང་ཐམས་ཅད་གཅིག་ཏུ་འདུས་པ་དང། འདུས་པའི་དུས་ནས་ཡེ་ཤེས་ཙམ་དུ་ཡང་རྟོགས་པའམ་གནས་པ་མེད་དོ། །བདེ་བ་ཆེན་པོའི་བདུད་རྩིའི་རྟེན་ནི་ཤིན་ཏུ ་བདེ་བའི་རང་བཞིན་དེ་ནི་ཉོན་མོངས་ལ་སོགས་པའི་རྩི་རུ་གྱུར་པའི་རྟེན་ནོ། །རིགས་ལྔའི་ནི་མཆོག་གི་གཞི་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་ལྔའི་བཞི་ནི་ནམ་མཁའ་རྡོ་རྗེ་སེམས་དཔའ་ཨོ། །ཡང་ན་འཁོར་ལོ་ལྔ་ནི་རིགས་ལྔའོ། །དེ་རྣམས་ཀྱི་མཆོག་གི ་གཞི་ནི་བདེ་བ་ཆེན་པོའི་འཁོར་ལོ་ཡིན་ཏེ་རིགས་དྲུག་པའོ། །དེ་བདེ་བ་དཀར་པོ་བསྲུབས་པ་ལས་ཞེས་པར་བཤད་དོ། །ཡེ་ཤེས་འདོད་པ་ལྟུན་གྱིས་གྲུབ་ཅེས་པ་ནི་དགའ་བ་ཐམས་ཅད་ཆད་པའི་དགའ་བས་བསྡུའོ། །འོན་རང་བཞིན་དགའ་ལས་ཀྱང་བསྡུ ་འམ་ཞེ་ན། རང་བཞིན་དགའ་བས་ནི་བསྡུས་ཀྱང་མི་འགལ་ཏེ། ཆད་པའི་དགའ་བ་ལམ་བརྟེན་པར་རང་བཞིན་དགའ་བ་མི་རྙེད་དོ། །རང་བཞིན་དགའ་བ་ནི་དགའ་བ་གསུམ་ལས་ལོགས་ནས་མེད་པས་ཀྱང་མི་འགལ་ལོ། །དཔེར་ན་ལུས་མེད་པར་ཡིད ་སེམས་མི་རྙེད་པ་ལྟར་ཆད་པའི་དགའ་བ་ལ་མ་བརྟེན་པར་རང་བཞིན་དགའ་བ་མི་ཐོབ་པོ། །དེ་བཞིན་དུ་མ་ཡིན་ན་སྐྱོན་ཡོད་པས་འདི་སྐད་ཀྱང་གསུངས་ཏེ། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་འཚོལ་ཞེས་པ་དང། ་དཔེར་ན་མེ་ཏོག་དང་དྲི་བཞིན་ནོ་ཞེས་པའི་དཔེ་འདི་རྣམས་ཀྱིས་བསྟན་ཏོ། །འདར་བ་དགའ་བ་མཆོག་གི་དགའ་ཞེས་པ་ལ་སོགས་པའི་མཆོག་གི་དགའ་བདེ་ནི་རྟོག་པ་དང་བཅས་པའི་སྒོ་ནས་ཡེ་ཤེས་ཉམས་སུ་མྱོང་ལ། དེ་ལྟར་མྱོང་བའི་དོན་ལ་བདེ་བར་གནས ་ཙམ་ན་སེམས་རྩེ་གཅིག་ཏུ་མི་གཡེང?་བར་གནས་པ་ལས་རང་བཞིན་དགའ་བ་འགྲུབ་བ་མ་རྙེད་པར་འགྱུར་རོ། །དེའི་སྐབས་སུ་ཆགས་པ་ལ་སོགས་པའི་ཡེ་ཤེས་ཐམས་ཅད་དང་བྲལ་བའི་དོན་ནི་རང་བཞིན་དགའ་བའོ། །ཆགས་པ་བཅས་པའི ་ཆད་དགའ་སྟོན་ཏེ། གཞི་མེད་པ་ཡི་རང་བཞིན་དགའ་། །གཞི་དང་བཅས་པའི་ཆར་པའི་དཔའ་ཞེས་སོ། །ཡེ་ཤེས་ང་རྒྱལ་མེད་པར་བྱེད། །ཅེས་པ་ནི་ཡང་དག་པའི་མཛའ་ཨོ་སྙམ་པའི་ང་རྒྱལ་སྤངས་པས་འགྲུབ་པོ། །ཆོས་ཐམས་ཅད་ནི་རྣམ ་པར་ཤེས་ཞེས་པ་ནི་ཕྱིས་བསྡུས་པའི་ཆོས་དང་ནང་གི་བསྡུས་པའི་ཆོས་མ་ལུས་པ་ཤེས་པའོ། །ཡེ་ཤེས་ཤེས་བྱ་དོན་གྲུབ་བྱེད་ཅེས་པ་ནི་ཐུན་མོང་གི་དངོས་གྲུབ་དང་མཆོག་གི་དངོས་གྲུབ་ལ་སོགས་པ་ཀུན་གྱི་དོན་གྲུབ་པའོ། །རྣམ་པར་འབྱེད ་པ་འོད་གཟུགས་གྲགས་ཞེས་པ་ནི་བྱང་ཆུབ་སེམས་འབྱེད་པ་སྤྲོས་པ་ཐམས་ཅད་དང་བྲལ་བའི་འོད་རབ་དེ་ནི་བརྗོད་པས་མི་ཕོག་གོ་།ཚུལ་དང་སྤྲིན་དང་སྟོབས་བདག་ཉིད། ཅེས་པ་ནི་བདེ་བའི་ཐིག་ལེ་བཅུ་དྲུག་གི་བདག་ཉིད་ཡིན་པས་ན་རྣམ ་པར་འབྱེད་ཅེས་བྱའོ། །དངོས་པོ་ཀུན་ཏུ་ནི་དངོས་པོར་སྣང་བ་ཐམས་ཅད་དོ། །རྣམ་པ་བཞི་དང་བཅས་བརླག་ནི་དེ་རྣམས་མ་ལུས་པ་དང། བག་ཆགས་དང་བཅས་པ་ཐམས་ཅད་རློག་པར་ཞེས་པའི་དོན་ཏོ། །སྐྱེ?་དང་གནས་བརྫུ་འཕྲུལ ་གྱི་ཞེས་པ་ནི་སྐྱེ་བའི་ཆོ་འཕྲུལ་སྟོན་པ་དང། འགག་པ་དང། གནས་པ་ལ་སོགས་པ་ཡང་ཡོན་ཏན་ནོ། །རྣམ་པར་འབྱེད་པ་གཏི་མུག་གསོད། ཅེས་པ་ནི་ཉོན་མོངས་པ་འཇོམས་པ་ནི་དེ་རྣམས་དང་བྲལ་བའོ། །རྩའི་སྙིང་པོ་ཐམས་ཅད་ནི་ཞེས་པ་ནི་རྩ ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཏེ། དེ་རྣམས་ཀྱི་སྙིང་པོ་འཁོར་ལོ་བྱང་ཆུབ་ཀྱི་སེམས་དང་བཅས་པ་རྩའོ། །འོད་འདི་ཡང་ཟད་དེ་མེད་པར་བྱེད་དོ། །འཁོར་ལོ་སྔགས་དང་བྱ་བ་ལ་ཞེས་པ་ནི་དཀྱིལ་འཁོར་དང་འཁོར་ལོ་དང། ཤེས་རབ་དང། སྙིང་རྗེ་དང་ལས ་ལ་སོགས་པའོ། །འཇམས་བྱེད་དེ་ནི་རྣམ་པར་འབྱེད་ཅེས་པ་ནི་དཀྱིལ་འཁོར་ལ་སོགས་པ་སྔར་བཤད་པའི་ཆོས་ཐམས་ཅད་དོ། །བཅོམ་པའི་ཕྱིར་ཞེས་པ་ལ་སོགས་པས་ནི་གོ་སླ་བས་མ་བཤད་དོ། །སངས་རྒྱས་བྱང་ཆུབ་སེམས་ཀུན་ལ། ཞེས་པ ་ནི་ས་བཅུ་གཅིག་གི་སངས་རྒྱས་ལ་སོགས་པར། ས་བཅུ་མན་ཆད་ཀྱི་བྱང་ཆུབ་སེམས་དཔའ་ཨོ། །སྙིང་གར་རྟག་ཏུ་བཞུགས་པའོ་ཞེས་པ་ནི་རང་བཞིན་དགའ་བ་ཀུན་གྱི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནོ། །ཡང་སངས་རྒྱས་ཞེས་པ་ལ་སོགས་པ་ནི་ཕུང ་པོ་ལྔ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་ཀུན་ནི་དབང་པོ་ལ་སོགས་པའི་སྐྱེ་མཆེད་རྣམས་སོ། །སྙིང་གར་དེའི་སྙིང་གའི་པདྨའི་ལྟེ་བ་ལ་བྱང་ཆུབ་སེམས་ཀྱི་ས་བོན་ཟླ་བ་ལྟར་ཀུན་རྫོབ་ཀྱི་དངོས་པོར་བཞུགས་སོ། །རྣམ་པར་འབྱེད་པ་བསྒོམ་པ ་མེད་ཅེས་པ་ནི་ཆོས་ཉིད་ཡང་དག་པ་དེ་ཉིད་ཅིང་ཡང་བསྒོམ་དུ་མེད་དོ། །ཕུང་པོ་ཁམས་ལ་སོགས་དང་བྲལ། ཞེས་པ་ནི་ཕུང་པོ་ལྔ་དང་ཁམས་བཅོ་བརྒྱད་དང་སྐྱེ་མཆེད་ལ་སོགས་པའི་འདུས་བྱས་ཐམས་ཅད་དང་བྲལ་པའོ། །སྒྲ་ལ་སོགས་པའི ་ཆོས་ཀྱིས་?་ཞེས་པ་ནི་སྒྲ་དང་ཚད་མ་ལ་སོགས་པའི་ཆོས་ཀུན་གྱིས་སྟོང་ངོ། །སྟོང་དང་སྙིང་རྗེའི་བདག་ཉིད་ཡིན་ཞེས་པ་ནི་སྟོང་པ་ཤེས་རབ་སྐྱེ་བ་མེད་པ་དང། སྙིང་རྗེ་ཐབས་ཁྱད་པར་ཅན་གཉིས་ལས་རང་བཞིན་དགའ་བར་འབྱུང་ངོ། །ཚུངས ་པ་ལ་སོགས་པ་ལ་ཚངས་པ་ནི་དོན་ཡོད་པར་གྲུབ་པ་སྟེ། དེ་ནི་ཡེ་ཤེས་ཡིན་ལ་ཡེ་ཤེས་ཐམས་ཅད་ཀྱི་བདག་ཉིད་ནི་བྱ་བ་ནན་ཏན་ཡིན་ནོ། །འོ་ན་ཡེ་ཤེས་ལ་ཚངས་པ་ཞེས་ཅིའི་ཕྱིར་བྱ་ཞེ་ན། རྟོག་པ་ཐམས་ཅད་དག་པ་གང ་ཡིན་པ་དེ་ནི་ཚངས་པ་ཞེས་བྱའོ། །དེ་ཡང་འདི་སྐད་དུ་འབྱུང་སྟེ། དངོས་པོའི་བག་ཆགས་རང་བཞིན་ནི། མ་སྤངས་དག་པས་ཡེ་ཤེས་འདོད་ཅེས་སོ། །འདི་སྐད་བསྟན་ཏེ། དོན་དམ་ཀུན་རྫོབ་བདེན་པ་གཉིས་གང་དུ་འདྲེས་པ་ཡིས། །བྱང་ཆུབ ་སེམས་ཀྱི་ཐིག་ལེ་ཁབ། །དེ་ཚེ་ཚངས་པ་ཡེ་ཤེས་འཛིན་ཞེས་གསུངས་སོ། །ནམ་མཁའ་ཨི་དབུས་ན་ཐིག་ལེ་བདེ། །བྱང་ཆུབ་སེམས་ཀྱི་དངོས་འདི་ཡིན། །གཅིག་པུའི་བདག་ཉིད་དངོས་པོ་བྲལ། །དེ་དུས་ཚངས་པའི་བདག་ཉིད་དོ། །ཞེས་པས ་སོ། །དེས་ནི་ཚངས་བ་དོན་ཡོད་གྲུབ་པར་བསྟན་ཏོ། །ཁྱབ་འཇུག་ཅེས་པ་ནི་རིན་ཆེན་འབྱུང་ལྡན་ནོ། །དེ་བཞིན་སྣང་བ་མཛའ་ཡས་དྲག་པོ་ཡིན་ཏེ་ངེས་མི་མཐུན་པའི་ཕྱོགས་ཐམས་ཅད་བཅོམ་ནས་སོ་སོར་རྟོག་པའི་ཡེ་ཤེས་སྦྱིན་པར་མཛད་དོ།། ་དབང་ཕྱུག་ནི་མི་བསྐྱོད་པའོ། །རྟག་ཏུ་ཞི་བ་ནི་རྣམ་པར་སྣང་མཛད་དོ། །རླུང་གི་འཁོར་ལོ་ལ་སོགས་པ་ལྔ་ལ་ཡང་སྦྱར་རོ། །དེ་རྣམས་ཀུན་ཞེས་པ་ནི་དེ་འདས་མ་ཐག་ལ། །རྣམས་ཀུན་ནི་རིགས་ལྔ་པོ་ལ་བྱའོ་།ཡབ་ཡིན་ནོ་ཞེས་པ་ནི་དེ་ཁོ ་ན་ཉིད་སྤྲོས་པ་བྲལ་བའི་ཡེ་ཤེས་བརྗོད་དུ་མེད་པའི་རྡོ་རྗེ་སེམས་དཔའ་ཨི་བདག་པོ་དེ་ལ་བྱའོ། །སྤྲོས་པ་དང་བྲལ་བའི་ཡེ་ཤེས་ནི་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་ཡིན་ན་རྡོ་རྗེ་སེམས་དཔའ་གཟུགས་ཀྱི་སྐུ་ཡིན་པས་དེ་གཉིས་མི་འགལ་ལམ། །མི་འགལ ་ཏེ་རྡོ་རྗེ་ནི་ཡེ་ཤེས་ལྔའི་རང་གཞིན་དབྱེར་མི་ཕྱེད་པའོ། །སེམས་དཔའ་ནི་སྤྲུལ་པ་ལ་སོགས་པས་སེམས་ཅན་གྱི་དོན་བྱེད་པ་སྟེ། དེ་ཡང་རང་བཞིན་དགའ་བ་ཐམས་ཅད་དང་བྲལ་བ་ལས་ནི་རིམ་གྱིས་ལོངས་སྤྱོད་རྫོགས་པའི་སྐུ་མཚན ་ཐམས་ཅད་རྫོགས་པ་དེ་ལས་སྤྲུལ་ནས་དོན་བྱེད་དོ། །བྱེད་པ་དེ་ནི་མཆོག་རྨད་བྱུང། །དེ་ཉིད་ཡེ་ཤེས་ཐིག་ལེ་འདིར་ཞེས་པ་ནི་རང་བཞིན་དགའ་བ་བདེ་བའི་ཐིག་ལེ་ཀུན་གྱི་ངོ་བོ་བཅུ་དྲུག་པ་ཆད་པ་དང་མཆོག་དང་མི་མཉམ་མོ། །དེ་བས་ན་མཆོག ་རྣམས་གྲུབ་པའི་མངའ་བདག་གོ་ཞེས་སྨོས་སོ། །འབྱུང་བ་ཀུན་གྱི་ནང་ཡོད་པ། ཞེས་པ་ལ་སོགས་པ་སྟེ། ས་དང་ཆུ་དང་མེ་དང་རླུང་ལ་སོགས་པའི་འབྱུང་བའི་ནད་ན་ཡོད་དོ། །སྐུ་ལྔའི་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ་དེ་རྣམས་ཀྱི ་བདག་པོ་ཡིན་ནོ། །མཁའ་ལྔའི་བདག་ཉིད་སྐྱེ་མེད་དོ་ཞེས་པ་ནི་ཤེས་པར་སླའོ། །ནམ་མཁའ་ལྔ་ཡི་ནང་དུ་ཐིམ། ཞེས་པ་ནི་ས་དང་ཆུ་དང་མེ་དང་རླུང་དང་རྣམ་པར་ཤེས་པ་དང་ལྔའི་ནང་དུ་བསྡུའོ། །སངས་རྒྱས་ཀུན་གྱིས་ཕྱག་བྱེད་པ་ནི་རྣམ་པར ་སྣང་མཛད་ལ་སོགས་པ་སངས་རྒྱས་ཐམས་ཅད་མ་ལུས་པས་བྱེད་པ་ཡིན་ནོ། །དེ་ལྟའི་གསང་ཆེན་ཡེ་ཤེས་ནི། ཇི་ལྟར་ནོར་བརྐུས་མི་རྙེད་ལྟར། །འབད་པ་ཡིས་ནི་སྤ་བར་བྱ། ཞེས་པ་ནི་རྣམ་པར་འབྱེད་པར་རྟོག་པ་དང། མི་མཐུན་པ ་ཀུན་ཕྱེ་ནས་རང་བཞིན་དགའ་བ་ཤིན་ཏུ་རྙེད་པར་དཀའ་བ་དེ་དབང་ལ་སོགས་པས་ཐོབ་པར་བྱས་ལ་དེ་ནས་སེམས་ལ་བཅང་ངོ། །ལྷན་ཅིག་སྐྱེས་པའི་དགའ་བའི་སྒྲོན་མ་ལས་ལེའུ་དང་པོའི་དཀའ་བ་བཀྲལ་བའོ། །དང་པོ་བཅོམ་ལྡན་འདས ་ཀྱིས་གསུངས་པའི་དོན་འདིར་ཞུས་སོ། །ལྷའི་དབང་ཕྱུག་གིས་གསོལ་བ་ཞེས་པ་ནི་སྡུད་པའི་ཚིག་གོ་།ཀྱེ་བཅོམ་ལྡན་འདས་ཞེས་པ་ནི་སྙན་ལས་བོད་པའོ། །དེ་ཉིད་གསུམ་ལ་སོགས་པ་གསུམ་བོ་ལ་བཞིར་ཕྱེ་ནས་ཞུས་སོ། །བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། ཞེས་པ་ནི་ལྷའི་དབང་ཕྱུག་ལ་སོགས་པའི་འཁོར་ཐམས་ཅད་ཀྱི་ནང་དུ་གསུངས་སོ། །དེ་ཉིད་གསུམ་ནི་སྐུ་གསུང་ཐུགས། །རྡོ་རྗེ་གསུམ་ནི་ཡེ་ཤེས་མཆོག། ཅེས་པ་ནི་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་དེ་མཆོག་གི་དགའ་ ་བ་དང། སྣང་བ་མཛའ་ཡས་ཆད་པའི་དགའ་བ་རྡོ་རྗེ་གསུང། རྡོ་རྗེ་སེམས་དཔའ་རང་བཞིན་དགའ་བའི་ཡེ་ཤེས་རྡོ་རྗེའོ། །ཟླ་བ་བདེ་བ་མཆོག་གི་ནང། །དེ་ནི་ཕུང་པོ་དབང་པོ་ཁམས་ཞེས་བ་ནི་ཕུང་པོ་ལྔ་ལ་སོགས་པའི་རིགས་ལྔ་ལ ་སོགས་པའི་དེ་བཞིན་གཤེགས་པ་དང། དབང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང། ཁམས་ལ་སོགས་པའི་ལྷ་མོ་ལ་སོགས་པའི་དཀྱིལ་འཁོར་རོ། །ཡང་ན་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོའོ། །ཕྱག་རྒྱ་ཆེན་པོ་རྡོ་རྗེ་སྙིང་པོ་ཞེས་པ་ནི། ཡེ ་ཤེས་སེམས་དཔའ་སྟེ་ཡེ་ནས་གནས་པའོ། །ཡང་ན་བདེ་བའི་ཡེ་ཤེས་སོ། །དེ་ཡི་མཛའ་ནི་བྷ་གར་དྲན། །ཞེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཉིད་དོ། །ཡང་ན་གོང་མའི་དེ་རྣམས་ཤེས་རབ་ཀྱི་བྷ་ག་ལ་གནས་པའོ། །མཛའ་དང་སྣང་བ ་རྣམ་པར་ཤེས། ཆུ་ཡི་ཟླ་བ་བཞིན་དུ་མཐོང། ཞེས་པ་ནི་དགའ་བ་གསུམ་གྱི་རང་བཞིན་དགའ་བའི་རྒྱུ་གཉིས་བྱས་ཏེ། ཀུན་རྫོབ་ཀྱི་དངོས་པོར་ཆད་པའི་དགའ་བའི་གནས་ན་ཆུའི་ཟླ་བ་བཞིན་སྣང་ལ་དོན་དམ་པར་སྟོང་པ་ཁོ་ནའོ། །ཆོས་ཀུན་རང ་བཞིན་དྲི་མ་མེད། ཅེས་པའི་ཆོས་ནི་གཟུང་འཛིན་ནོ། །དེའི་དག་པ་དྲི་མ་མེད་པའི་དགའ་བའོ། །སྣང་བ་ལས་ནི་ཐམས་ཅད་འབྱུང། ཞེས་པ་ནི་སྣང་བ་ཐོབ་པ་ལ་སོགས་པ་ལས་རང་བཞིན་འབྱུང་ངོ། །སྐྱེ་བ་དང་ནི་འགག་པ་མེད། ཅེས་པ་ཡང་དག ་དྲི་མེད་འདི་ཆོས་ཐམས་ཅད་ཀྱི་ངོ་བོ་ཡིས་སྟོང་ངོ། །ཡང་དག་འོད་ལས་ཐམས་ཅད་འབྱུང་ཞེས་པ་ནི་འདི་ལས་ཆད་པའི་དགའ་བ་དེ་ལས་མཆོག་གི་དགའ་བ་རིམ་པར་འབྱུང་ངོ། །དེའི་ཕྱིར་ཆོས་ཐམས་ཅད་ཀྱི་བདག་ཉིད། ཅེས་པ་ནི་འདུས་བྱས ་དང་འདུས་མ་བྱས་ཀྱི་ཆོས་མ་ལུས་པ་ཀུན་འདིས་ལས་འབྱུང་ངོ། །བཅོམ་ལྡན་འདས་དཔལ་ཡེ་ཤེས་ཐིག་ལེའོ། །ཞེས་པ་ནི་སྐུ་བཞིའི་དངོས་པོའི་བདག་ཉིད་བདེ་བ་ཆེན་པོའི་སྐུ་བཅོམ་ལྡན་འདས་སོ། །དེ་ལ་དང་པོ་རྣམ་པ་དང་བཅས་པའི་དཀྱིལ ་འཁོར་འཁོར་ལོའི་བསྐྱེད་པ་བསྒོམ་པ་དང། ཞེས་པ་ནི་ལེའུ་བཞི་པ་དང་བཅུ་པ་དང་བཅུ་བདུན་པས་རྣམ་པ་དང་བཅས་པའི་དཀྱིལ་འཁོར་སྟོན་ཏོ། །བཅུ་གཅིག་པས་དཀྱིལ་འཁོར་བསྐྱེད་པ་སྟོན་ཏོ། །ལྔ་པ་སྔགས་སྟོན་ཏོ། །བཟླས་པ་ནི་བཅུ་གཅིག ་པས་སོ། །སྦྱིན་སྲེག་ན་བཅུ་བཞི་པས་སྟོན་ཏོ། །མཆོད་སྦྱིན་ནི་དྲུག་པ་དང་བཅུ་གཅིག་པས་སྟོན་ཏོ། །གཏོར་མ་ནི་དགུ་པ་དང་བཅོ་ལྔ་པས་སྟོན་ཏོ། །མཆོད་པ་ནི་བདུན་དང་བཅུ་གཉིས་པས་སྟོན་ཏོ། །གནས་ནི་གཅིག་པས་སོ། །དབང་བསྐུར་བ་ནི་གསུམ ་པ་དང་བཅུ་གསུམ་པས་སྟོན་ཏོ། །དེ་རྣམས་ལ་ནི་རིམ་པ་དེ་དག་བཤད་དོ་ཞེས་བྱའོ། །དེ་ཡང་ལེའུ་དགུ་པ་ཡན་ཆད་དུ་ནི་དངོས་སུའོ། །གཞན་མ་རྣམས་ནི་སྤས་པ་སྟེ། འདིར་བདག་གིས་བྱེའོ། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་གཉིས་པའི་དཀའ་ ་བ་དཀྲལ་བའོ། །ལྟའི་དབང་ཕྱུག་གིས་གསོལ་བ་ཞེས་བྱ་བ་ནི་ཞུ་བ་པོའི་ཚིག་གོ་།ཚངས་པའི་ཞེས་པ་ནས་གཞན་འདིར་མ་གསུངས་ཞེས་བྱ་བའི་བར་དུ་སྡུད་པ་པོ་ཕྱག་ན་རྡོ་རྗེ་ཡིས་ཞུས་པའི་དོན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས ་བ་ནི་འཁོར་དཔའ་བོ་དང་དཔའ་མོར་བཅས་པ་ལ་གསུངས་སོ། །གཅིག་པུ་རྟོག་མེད་མ་སོ་ཤོ་མནའ་ཞེས་སྨོས་སོ། །དེ་ནི་གཞན་སྤངས་པའོ། །བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ཞེས་པ་ལ་སོགས་པ་ནི་དེ་ཐམས་ཅད་ཀྱི་དོན་འདིས་བྱེད། ཅེས་བསྡུས ་ནས་གསུངས་བའོ། །ལྷའི་དབང་ཕྱུག་གིས་གསོལ་བ་བྱ་ནི་ཡང་ཞུས་པའོ། །དེ་ལྟར་ཡིན་ཡང་བྱ་བ་ནི་བསྡུས་པའི་དོན་ཡིན་མོད་ཀྱི་ཞེས་པས་སོ། །སུམ་ཅུ་རྩ་གཅིག་ལ་མཚན་དང་གྲངས་ཞེས་པ་ལ་སོགས་པ་ཞུ་བའོ། །དེས་ནི་བདེ་ཆེན ་འཁོར་ལོ་རྩ་སུམ་ཅུ་རྩ་གཉིས་ཡོད་པ་ལ་ཨ་བ་དྷཱུ་ཏཱི་མ་གཏོགས་པའི་མི་རེའི་སྒོ་ནས་གྲངས་ཙམ་དུ་ཞུ་བ་ཡིན་ནོ། །སུམ་ཅུ་རྩ་གཅིག་གི་རྩའི་མིང་ཉོན་ཅིག་།ཅེས་པ་ནི་བདེ་བ་འབབ་པའི་རྩའོ། །དེ་ཡང་གསང་བ་ཞེས་པ་ལ་སོགས་པའོ། ་གསང་བ་ལ་སོགས་པའི་རྩའི་མི་ངེས་པ་ཁོ་ན་འམ་དེས་ཉམས་སུ་མྱོང་བ་སྟེ། ལས་དང་ངོ་བོ་ལ་སོགས་པའི་སྒོ་ནས་ཕྱེ་ནས་འདོགས་པའོ། །དེ་ཡང་དབྱེ་ན་མང་པས་འདིར་བསྡུས་པའི་དབྱེ་བ་བསྟན་ཏོ། །རྩའི་རྣམ་པའི་དབྱེ་བ་ནི་མདོར ་བསྡུས་པ་ན་བཅུ་ཞེས་སོ། །བྱང་ཆུབ་སེམས་ཀྱི་ཐིགས་པ་གསུམ། །དང་པོ་མཁའ་ལ་སྣང་བ་ལས། །ི་དང་པི་ག་སོ་ཤོ་མནའ། །འབྱུང་བ་དེ་ནི་རྒྱུ་ཡིན་ནོ། །གཞན་རྣམས་དེ་ལས་བྱུང་བ་དང། །སྔ་མའི་རིམ་ལས་ཕྱི་མ་འབྱུང། །དེ་ལྟའི་དབྱེ་བ ་ཐམས་ཅད་ནི། །བྱེད་པར་རྒྱུ་དུ་འདོད་པའོ། །རྩ་རེ་རྣམ་དག་དབྱེ་བ་ཡིས། །ལྷ་དང་ལྷ་མོ་འཁོར་ལོར་སྣང། །དཀྱིལ་འཁོར་མ་ལུས་རྫོགས་པ་འདི། །ཕྱི་ཡི་འབྲས་བུ་དམ་པ་འཕེལ། །སྔ་མ་རྣམས་ནི་རྒྱུར་འཐད་དོ། །ཕྱི་མ་དེ་བཞིན་འབྲས་བུ ་ཡིན། །ཁྱད་པར་ཅན་གྱིས་འབྲས་བུ་ཞེས། །འདི་ནི་ཡིན་པར་བདག་གིས་བཤད། །དབྱིབས་དང་ཁ་དོག་མཚན་མ་རྣམས། །སོ་སོར་གསལ་བ་གང་ཡིན་པ། །དེ་ནི་རང་གི་ངོ་བོར་སྣང། །དེ་ལྟར་རྟོགས་པ་ཁྱད་པར་ཡིན། །རྩ་ཡི་དྲ་བར་འབྲེལ ་བས་ན། །འདི་ནི་ངེས་པའི་ཚིག་ཏུ་འདོད། །དེ་ཡང་ཁྱབ་པ་ཡིན་ནི་ཕྱིར། །ཁྱད་པར་འདི་རུ་བ་དག་གིས་བསྟན། །བདེ་བ་ཆེན་པོའི་འཁོར་ལོ་ནི། །བྱང་ཆུབ་སེམས་ཀྱིས་གང་བའོ། །དེ་ཡང་རྩ་རྣམས་ཀུན་ནས་འབའ་?། །ལས་འདི་?་ཞེས་བྱ ་པའོ། །?་ཁྲག་བཤད་གཅི་མིག་རྡུལ་བསྣབས། །སེན་མོ་སྒྲ་སྤུ་རུས་པ་རྒྱུས། །མཁ་ལ་སྙིང་རུས་པ་གླ་བ་དང། །སྒྱུ་མ་དྲི་མ་ཆིལ?་དང་བརྣག་། ཁྲི་བ?་ཉེ་མ་ལྟོ་བསྡུ། །བད་ཀན་རྡུལ་དང་མཚིམ་གླང། །རྐང་མར་ཁུ་བ་ཁྲག་ཤོམ?།། ་རྣམས་འབབས་པར་ཁྱད་པར་ལས། །མདུད་པ་ལ་སོགས་རྟེན་ཕྱེད་པ། །གང་ཞིག་ཤེས་ཤིང་རིག་པ་འདི། །ངེས་ན་ཡེ་ཤེས་ཉམས་མྱོང་སྟེ། །མྱོང་བའི་མཚན་མ་མཚན་ཉིད་དོ། །དེ་ཡང་ཡེ་ཤེས་སོ་སོར་གསལ། །ཁྱད་པར་? ་བར་བཤད། །མཚན་ནི་རྩ་རུ་བཏགས་པ་དེ། །སྤྱི་ཡི་སྒོ་ནས་བོད་པའོ། །དེ་རེར་བཏགས་པ་གང་ཡིན་པ། །ཁྱད་པར་ཡིན་པར་དེ་བརྗོད་དོ། །རྩ་གསུམ་ནས་ནི་སྤུ་ཁུང་བར། །འདི་ནི་རྩའི་དབྱེ་བའོ། །འཁོར་ལོ་དྲུག་དང་བཞི་དང་གཅིག། ཨེ་ཏ ་ལ་སོགས་ཁྱད་པར་དབྱེ། །སྲོག་གི་དབྱུག་པ་དབུས་ན་འགྲེང། །ཀུན་གྱི་རྟེན་དུ་ཤེས་པར་བྱའོ། །གཅིག་ལ་གཅིག་རྟེན་ཀུན་གྱི་དང། །ཁྱད་པར་བརྟེན་པ་སོ་སོར་གསལ། །དཔེར་ན་ཤིང་ལ་སོགས་པ་བཞིན། །ཡལ་ག་ལོ་མ་འབྲས་བུས ་བརྒྱན། །དེ་ལྟ་བུར་ནི་དབྱེ་བ་འདི། །དོན་གྱིས་ཤེས་པར་འབད་པར་བྱ། །རྩ་རྣམས་མེད་ན་ཕུང་པོ་མེད། །ཕུང་པོ་མེད་ན་བདེ་མེད་པས། །མེ་ཏོག་མེད་ན་དྲི་མེད་ལྟར། །དེ་བས་འབྲས་མཆོག་ཐོབ་མི་འགྱུར། །ཐོབ་པར་བྱ་བའི་དོན་དུ་ནི། །མདོ་རུ ་བསྡུས་ན་བཅུ་པ་འདི། །དོན་འདི་མ་ནོར་བླ་མ་ལ། །ཡང་ནས་ཡང་དུ་ཞུ་བར་བྱའོ། །དེའི་ཕྱིར་ཤེས་པར་དཀའ་བས་འོན་ཀྱང་བསྡུས་པའི་དོན་གྱིས་གསང་བ་དང་ཟབ་པ་ལོགས་པའི་མཚན་ཅི་ལས་བཏགས་པ་ཤེས་པར་བྱའོ། །དེ་ནི་སུམ་ཅུ ་རྩ་གཉིས་ཞེས་པ་ལ་སོགས་པ་ན་གོ་སླའོ། །ཟླ་བ་ཉི་མ་གཟས་ཟིན་པའི་དུས་སུ་ཚིགས་རྒྱས་པའོ། །ཞེས་པ་ནི་ཐབས་དང་ཤེས་རབ་གཉིས་ཀའི་རིན་པོ་ཆེ་དང། སངས་རྒྱས་རིན་ཆེན་གྱི་སྡོད?་གཉིས་ཀ་བདེ་བ་ཆེན་པོས་རྒྱས་པ་སྟེ། ཚན་མའི ་དགའ་བ་དང་མཆོག་གི་དགའ་བའི་བར་རང་བཞིན་ཡེ་ཤེས་བརྟན་པ་ལས་གཟས་ཟིན་ཞེས་བཤད་དོ། །རྩའི་དོན་བསྟན་ནས་ད་དབང་གི་རིམ་པ་སྟོན་ཏོ། །དེ་ནས་ཞེས་པ་ནི་འབྲེལ་མཚན་པའི་ཚིག་ཡིན། །དབང་གི་རིམ་པ་བཤད་དེ་ཞེས་པ་ནི ་བུམ་པ་དང་གསང་བ་དང། ཤེས་རབ་ཡེ་ཤེས་དང་བཞི་པའི་དབང་ཨལ་དེ་སྐད་ཅེས་བྱའོ། །ཇི་ལྟའི་ནི་གོ་རིམས་ཞེས་པ་ནི་སྔ་མ་རྒྱུ་ཕྱི་མ་རྣམས་འབྲས་བུ་རིམ་པ་མ་ནོར་པར་བྱའོ། །ད་བདེ་བསྐུར་མཆོག་ནི་མཉམ་པ་གང?་ཞེས་?་ནི་རྒྱུད?་ ་འབྲས་བུའི་རིམ་པས་བཞི་པ་རྙེད་ཀྱི་མངོན་སུམ་དུ་ནི་མི་རྙེད་དོ། །ཐམས་ཅད་དུ་ནི་ཕོང་པར་འགྱུར། ཞེས་པ་ནི་བཞི་པ་ཐོབ་པའི་རྣལ་འབྱོར་པ་ནི་ཐུན་མོངས་དང་མཆོག་ལ་སོགས་པ་དང། ཅི་བསམས་པ་ཡང་འགྲུབ ་པར་བཤད་དོ། །དེས་ནི་དབང་གི་ཡོན་ཏན་དང་འབྲས་བུ་བསྟན་ཏོ། །ཡོན་ཏན་ཚུལ་ཁྲིམས་ལྡན་པའི་བུ་ནི་སྣོད་དང་སྐལ་བར་ལྡན་པ་སྡོམ་པ་དང་དམ་ཚིག་བསྲུང་བའི་སློབ་མའོ། །བླ་མས་དང་པོར་དབང་བསྐུར་བྱ་ཞེས་པ་ནི་ཀུན་གྱིས་མཆོག ་ཏུ་གྱུར་པའི་བླ་མས་སློབ་བུ་མཚན་ཐམས་ཅད་དང་ལྡན་པ་དེ་ལ་དབང་གིས་རིམ་པ་བསྐུར་བར་བྱའོ། །མཚན་དང་ལྡན་པ་ཅན་གང་ལ་བྱ། །བཅོམ་ལྡན་འདས་ཀྱིས་ནི་སེམས་ཅན་ཐམས་ཅད་ལ་དཔྲི་བཀོ་བ་མ་མཛད་ན། དེ་ལྷ་མོད་ཀྱི་འོན ་ཀྱང་སྔོན་གྱི་དུས་སུ་དེ་བཞིན་གཤེགས་པ་ལ་བཀུར་སྟི་རིམ་གྲོ་ལ་སོགས་པ་མ་བྱས་པ་རྣམས་ནི་ཚེ་འདི་དང་ཕྱི་མའི་དུས་ལ་སོགས་པར་བསོད་ནམས་ཞན་པས་བཅོམ་ལྡན་འདས་ཀྱི་བྱིན་བརླབས་དང་ཕྲད་པར་མི་འགྱུར་རོ། །མི་?་པའི ་ཕྱིར་ན་སྣོད་དང་མཚན་ཉིད་དང་མི་ལྡན་ནོ། །དེ་ཡང་འདི་སྐད་དུ་གང་འདི་དགེ་སློང་དངོས་གནས་དང། གང་ཞིག་རྒན་པོར་གནས་པ་དང། གང་ཡང་རྟོགས་ལ་དགའ་པའི་མི། །དེ་ལ་དེ་ཉིད་བསྟན་མི་བྱ་ཞེས་འབྱུང་ངོ། །གཞན་ཡང་སུ ་སྟེགས་པ་དང་ཉན་ཐོས་དངོས། །མ་ནིར་པས་ནི་དབང་མི་འཐོབ། །ཞེས་པས་སོ། རྒྱུད་འདི་ལས་ཀྱང་གང་གི་དྲ་བ་ཞེས་པ་ལ་སོགས་པ་གསུངས་སོ། །དེའི་ཕྱིར་སྣོད་མི་ལྡན་པ་ལ་གསང་སྔགས་ཀྱི་དབང་མི་བསྐུར་རོ། །མཚན་མ ་སོགས་པ་ནི་འགལ་བ་མེད་དེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ཡང་དགོངས་ནས་སོ། །ཁྲུས་བྱས་མིག་?་རས་ཀྱིས་བཅིང། །མེ་ཏོག་གིས་དགང་སྙིམ་པར་ལྡན། །ཡོན་དབུལ་ཟིན་ནས་དགའ་དང་བཅས། །ལྷ་ཡི་དབང་ཕྱུག ་དབང་བསྐུར་བྱ། །ཞེས་པར་སྔར་ས་དང་དཀྱིལ་འཁོར་གྱི་ཐིག་དང་སྟ་གོན་དང་རང་གནས་དང་ཁྲུས་ཀྱི་ཆོ་ག་ལ་སོགས་པ་ཀུན་རྫོགས་ནས་མིག་དགབ་པའི་ཆོ་ག་བྱས་ནས་བླ་མ་ལ་མེ་ཏོག་གཏོར་བ་དང། དཀྱིལ་འཁོར་ལ་གཏོར་བ་དང། དམ ་ཚིག་གི་ཆོ་ག་ནས་ཡོན་དབུལ་བའི་རིམ་པ་ཀུན་དབང་ནོད་ཀར་བྱའོ། །དབང་བསྐུར་བ་ལ་ནི་སངས་རྒྱས་ས་ཞེས་པ་ནི་སངས་རྒྱས་ཀྱིས་ནི་བཅུ་གཅིག་ནས་བཅུ་དྲུག་གི་བར་འཐོབ་བོ། །ཐེ་ཚོམ་མེད་པར་རྙེད་པར་འགྱུར། ཞེས་པ་ནི་བར་དེར ་ཐོབ་པར་ངེས་སམ་སོམ་ཉི་དང་ཡིད་གཉིས་མི་བྱའོ། །དེ་བས་ཐམས་ཅད་དུ་འབད་དེ། དཔལ་ལྡན་དབང་རྒྱལ་བླང་བར་བྱ། ཞེས་པ་ནི་སློབ་མས་བཀུར་སྟི་ཡོན་ལ་སོགས་པས་བླ་མ་མཉེས་པར་བྱ། བླ་མས་ཀྱང་རིམ་པ་དང་དོན་མ ་ནོར་བར་དབང་གི་རྒྱལ་པོ་བཞི་པ་ཡན་ཆད་གྲོགས་པར་སྦྱིན་ནོ། །དབང་བསྐུར་བཞི་དུ་དབྱེ་བ་ནི། ཞེས་པ་ནི་དང་པོ་བུམ་པ་དང། གཉིས་པ་གསང་བ་དང། གསུམ་པ་ཤེས་རབ་ཡེ་ཤེས་དང། བཞི་པ་དེ་ལྟར་དེ་བཞིན་ནོ། །སློབ ་དཔོན་ལ་སོགས་དབྱེ་བ་ཡིན། ཞེས་པ་ལ་སོགས་པ་ནི་གོ་སླའོ། །བཞི་གཉིས་རབ་ཏུ་དབྱེ་བ་ནི། ཞེས་པ་ནི་བཞི་གཉིས་ལ་བརྒྱུད་དེ་བུམ་པའི་དབང་ནི་མི་བསྐྱོད་པའི་འབྲས་བུ་དང་ལྡན་པའོ། །དབུ་རྒྱན་དང། རྡོ་རྗེ་དང། རྗེས་སུ་དང། མིང་དང ་དེ་བཞིན་ནོ། །རྡོ་རྗེ་བརྟུལ་ཞུགས་དང། ལུང་བསྟན་པ་དང། སྐྱབས་སྦྱིན་ལ་སོགས་པ་བརྒྱད་པོའི་དབང་བསྐུར་བ་ནི་སློབ་དཔོན་གྱིའོ། །རྡོ་རྗེའི་དབང་ལ་གསུམ་དུ་དབྱེ། །ནམ་མཁའ་མཉམ་དུ་བདག་གིས་གསལ། །ཞེས་པ་ནི་རྡོ་རྗེ་སློབ་དཔོན་གྱི་དབང ་ནི་ནམ་མཁའ་དང་མཉམ་དུ་ཁུངས་བསྟན་པ་སྟེ། དམ་ཚིག་གསུམ་གྱི་དབང་ངོ། །དབང་བསྐུར་དེ་ནི་རིན་པོ་ཆེ། ཁམས་གསུམ་གྱིས་ནི་ཕྱག་བྱས་པ། ཞེས་པ་ནི་བུམ་པ་རུ་སྨན་དང་འབྲུ་དང་རིན་པོ་ཆེ་ལ་སོགས་པ་དང་ལྡན་པའམ། བདུད་རྩི་ལྔ ་ལ་སོགས་པའི་དབང་བཅུ་གཅིག་པ་དང། ཀུན་རྫོགས་པ་ལ་འཇིག་རྟེན་གསུམ་གྱི་ཕྱག་དང་མཆོད་པའི་གནས་སོ། །ཡང་ན་ནང་གི་སློབ་དཔོན་གྱི་བུམ་པ་ལ་སོགས་པས་དབང་བསྐུར་བའམ། གསང་བའི་སློབ ་མ་རང་གི་བུམ་ལ་སོགས་པའི་དབང་རྫོགས་པར་བསྐུར་ན་དངོས་སུ་ཁམས་ཀྱིས་ཕྱག་བྱེད་པར་འགྱུར་རོ། །ཡང་ན་སངས་རྒྱས་རིན་པོ་ཆེའི་སྣོད་ན་རིན་པོ་ཆེ་སྣ་ལྔ་ལ་སོགས་པ་ཡོད་པ་ཐབས་ཀྱི་རྡོ་རྗེ་ལ་དབང་བསྐུར་བ་དང། ཕྱག་བྱ་བའི ་ངོ་བོས་རྫོགས་པ་སྟེ། ཤེས་རབ་ལ་ཡང་ང་བཞིན་ནོ། །ཡང་ན་དབང་གི་ཡོན་ཏན་གྱི་རིམ་པ་གསལ་པས་ཤེས་པར་འདོད་པས་དེ་རུ་བལྟའོ། །རྣལ་འབྱོར་རྒྱུད་ལ་མོས་རྣམས་ལ་ཞེས་པ་ནི་ཡོ་ག་ཕྱི་ལ་དགའ་བའི་སློབ་མ་ལ་བྱའོ། །དབང ་བརྒྱད་ཕྱེ་བ་སྦྱིན་པར་བྱ། ཞེས་པ་ནི་ཆུ་དང། དབུ་རྒྱན་དང། རྡོ་རྗེ་དང། དྲིལ་བུ་དང། མིང་དང་ལྔ་ནི་རིགས་ལྔའོ། །བརྟུལ་ཞུགས་དང། ལུང་བསྟན་དང། སྐྱབས་སྦྱིན་ཏེ་སྔར་ཏེ་སྔར་བསྟན་པ་བཞིན་ནོ། །རྣལ་འབྱོར་བླ་མ་མོས་རྣམས་ཞེས་པ་ནི ་རྣལ་འབྱོར་ཆེན་པོ་ཐོབ་པའི་ཐབས་ཀྱིའོ། །བཅུ་གཅིག་བདག་ཉིད་སྦྱིན་པར་བྱ། ཞེས་པ་ནི་སྔ་མའི་ཐོག་ཏུ་སྐུ་རྡོ་རྗེ་ལ་སོགས་པའི་དམ་ཚིག་གསུམ་སྟེ་བཅུ་གཅིག་གོ་།རྣལ་འབྱོར་མ་ལ་མོས་པ་རྣམས། ཞེས་པ་ནི་མ་རྒྱུད་དོ། །གསང་བའི་དབང ་ནི་སྦྱིན་པའོ། །ཞེས་པ་ནི་བཅུ་གཉིས་པའི་མཆོག་གོ་།གསང་བ་གཉིས་ཞེས་པ་ལ་སོགས་པ་ནི་ཀོ་སླའོ། །དེ་ནི་གསང་བ་གསུམ་དུ་དབྱེ། ཞེས་པ་ནི་འོག་ནས་གསུམ་དུ་སྟོན་ཏོ། །སྐྱེ་དང་ཞེས་པ་ནོར་བུའི་སྐྱེའི་མཆོག་གི་དགའ་བའི་གནས། ་མདོད?་དང་ཞེས་པ་ནི་ཨ་བ་དྷུ་ཏཱིའི་རྩེ་མོ་རང་བཞིན་གྱི་གནས་སོ། །དེ་བཞིན་དུ་ནི་པདྨའི་ཤེས་རབ་མའི་ཁ་ཆད་པའི་གནས་སོ། །ཞེས་རབ་གཉིས་སུ་དབྱེ་བར་བྱ། །བསྐྱེད་དང་རྫོགས་པའི་བྱེ་བྲག་གོ་།ཞེས་པ་ནི་ཕྱི་ནི་ཤེས་རབ་མའི་པདྨ་ནས ་འཐུང་བ་སྟེ་བསྐྱེད་པའོ། །གཏུམ་མོ་ལ་སོགས་པས་བདུད་རྩི་འཐུབས་པ་ནི་རྫོགས་པའོ། །འདི་ན་མར་གསང་བའི་ཡུམ་གྱི་མཚན་ཉིད་སྟོན་ཏེ། ཤེས་རབ་བརྒྱད་གཉིས་ལོ་དང་ལྡན། །བུ་མོ་ལོ་གྲངས་བཅུ་དྲུག་པ་དང། མེད་ན་ཉི་ཤུ་པའོ། །སྤྱན་རིངས ་ཞེས་པ་མིག་འཁྱུག་པ་སྨིན་མའི་བར་མཆད་པར་གནས་པ་གནག་ལ་འཚེར་བའོ། །ལོངས་སྤྱོད་མཁས་པ་ཞེས་པ་ནི་སྦྱོར་ཐབས་དྲུག་ཅུ་ལ་སོགས་པའི་ལས་དང། དབང་གི་རིམ་པ་ལ་མཁས་པའོ། །ཡན་ལག་ཙན་དན་སར་པའི་དྲི་ཞེས་པ་ནི་ལུས་དང ་ཡན་ལག་ཀུན་ལས་ཤིན་ཏུ་ཞིམ་པའི་དྲི་མནམ་པའོ། །ཤིན་ཏུ་འཇམ་པའི་ཁུ་པས་ཚིམ་ཞེས་གསུངས་ཏེ། ཡེ་ཤེས་ཀྱི་རྒྱུ་བདེ་ཞིང་ཆིམ་སྟེ། སི་ལ་ག་ཕུར་ལ་སོགས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་འཇམ་པ་དང་ལྡན་པའོ། གཟུགས་བཟང་སྔོ་ལ་སྐལ ་ལྡན་པ་ཞེས་པ་ནི་ལུས་སྦོམ་པ་མིན་པ་ཕྲ་ཡང་མི་ཕྲ། ཁ་དོག་སྔོ་ལྷ་དེ་སྣོད་བཟང་བཤེས་རབ་ཆེ་བའོ། །ནུམ་ཞེས་པ་ལ་སོགས་པ་ནི་ནུ་མ་འབུར་བརྐེད་དབུས་ཕྲ་བ། དད་པ་ལ་སོགས་པའི་ཡོན་ཏན་ཚངས་པ་དེ་འབང་ལ་སློབ་བུས་བཙལ་ཏེ་གསང་བའི ་དབང་ནོད་པའི་དོན་དུ་རིགས་དང་ལྡན་པ་ཕུལ་བ། བླ་མ་ལ་ཞུ་བའི་ཚིགས་བཅད་ལ་སོགས་པས་གསང་དབང་ཐོབ་པར་བྱའོ། །དབང་གི་མན་ངག་གསུམ་དུ་དབྱེ། ནང་གི་ཡིན་ནི་བདའ་བྱེད་པ། བཞི་པ་འབྲས་བུའི་ངོ་བོར་གྲགས། གསུམ་དང་? ་གསུམ་བདག་ཉིད། ཅེས་པ་ནི་བུམ་པ་དང། གསང་བ་དང། ཤེས་རབ་ཡེ་ཤེས་དབྱེ་བ་བྱས་ནས་ཁ་ཁ་མུ་ཁ་དང་བྷོ་ལར་སྦྱོར་བ་ལ་སོགས་པའི་ཡེ་ཤེས་འཁོར་ལོ་རྣམས་ལ་རིམ་གྱིས་བབས་པ་དང་དེ་ཡང་སྤྱིའི་དང། མགྲིན་པ་དང། སྙིང་གང་བསམ ་པའི་སྐྱེད་པའི་རིམ་པ་དོན་དངོས་པོ། །རྫོགས་པ་དགའ་བ་དང་མཆོག་གི་དགའ་བ་དང་ཆད་པའི་དགའ་བ་ལ་སོགས་པ་དང་དབང་གསུམ་རིམ་པར་སྦྲང་བ་ལས་བཞི་པ་བྱུང་བ་ནི་འབྲས་བུའོ། །དེ་ཡང་གསུམ་པོ་ལ་སོགས་ན་ཡང་མེད། གསུམ་པོ ་རང་ཡང་མ་ཡིན་དེ་མར་མེའི་དཀྱིལ་འཁོར་དང་འོད་བཞིན་ནོ། །དགའ་བ་ལ་སོགས་བྱེ་བྲག་ཏུ་རྡོ་རྗེ་གཞོན་ནུ་མས་གསལ་བྱེད། །ཅེས་པ་ནི་དགའ་བ་དང་མཆོག་དགའ་ལ་སོགས་པའི་ཡང་དག་པའི་ཡེ་ཤེས་ནི་ཐབས་དང་ཤེས ་རབ་གཉིས་མེད་པ་ལས་གསལ་བར་འབྱུང་སྟེ། དེ་ཡང་ཤེས་རབ་མཚན་དང་ལྡན་པ་ལས་སྐྱེའོ། །དེ་ཡང་རྒྱུད་གསུམ་ཞེས་པ་ལ་སོགས་པ་བསྟན་ནོ། །དབང་བསྐུར་གྱིས་ཞེས་པ་ལ་སོགས་པ་ནི་དབང་གི་ཡོན་ཏན་བསྟན་ནོ། །གཅིག་ནས ་གཅིག་གི་རིམ་པས་འབྱུང། ཞེས་པ་ནི་སྔ་མ་ནི་རྒྱུ། ཕྱི་མ་ནི་རིམ་པས་འབྲས་བུའོ། །བླ་མ་རབ་ཀྱི་ཞལ་ནས་བླང་ཞེས་སྨོས་སོ། །དེ་ཡང་དབང་ཐམས་ཅད་ཐོབ?་པ། རྒྱང་དང་མན་ངག་དང་དབང་ལ་སོགས་པ་ལ་མཁས་པ་གྲུབ་པ་ཐོབ་པ ་དང་ལྡན་པའོ། །ད་ནི་མནར་མེད་པར་ནི་འགྲོ་ཞེས་པ་ནི་བླ་མ་མཉེས་པར་མ་བྱས་ན་དེའི་སྐྱོན་གྱིས་དམྱལ་བར་འགྲོའོ་ཞེས་སྐྱོན་བསྟན་པའོ། །དེ་བས་ན་སྐྱོན་སྤོངས་ལ་བླ་མ་ལ་འབད་པས་མཆོད་པ་དང་ཡོན་ལ་སོགས་པས་དགྱེས་པར་བྱའོ།། ་རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་གསུམ་པའི་བཀའ་བ་བཀྲལ་བའོ། །དབང་བསྐུར་བས་སྣོད་དུ་རུང་བར་བྱས་ནས་སྒོམ་པའི་རིམ་པ་སྟོན་ཏོ། །དེ་ནས་གཞན་ཡང་བཤད་ཉོན་ཅིག་།ཅེས་པ་ནི་དབང་བཤད་མ་ཐག་ཏུ་གནས་ཀྱི་དོན ་བསྟན་པའོ། །ཀ་བ་གཅིག་དང་སྒོ་དབུར་ལྡན་ཞེས་པ་ནི་སྲོག་གི་དབྱུགས་པས་ཀ་བ་བྱས་པའི་སྒོ་དགུ་དབང་པའོ། །རྡོ་རྗེའི་རྩིག་པ་ནི་བ་སྤུའི་ངོ་བོ་རྩ་རེ་རེ་ལ་བྱང་ཆུབ་ཀྱི་སེམས་ཀྱིས་གང་པ་དེས་ལུས་ཀུན་རྩའི་དྲ་བས་ཁྱབ་པ་སྟེ། རྩ ་ཐམས་ཅད་བདེ་བའི་རང་བཞིན་གྱིས་རྒྱས་པ་ནི་ཡེ་ཤེས་རྣམ་པ་ལྔའི་རང་བཞིན་ནོ། །ཡེ་ཤེས་དེ་རྣམས་དབྱེར་མི་ཕྱེད་པའི་རང་བཞིན་རྡོ་རྗེའོ། །དེ་བས་ན་རྡོ་རྗེའི་རྩིག་པས་བརྒྱན་པའོ། །རྡོ་རྗེའི་ཐིག་ནི་རྩའི་དབྱེ་བས་ཕྱེ་བའོ། །བླ་དེ་ནི ་ཞེས་པ་ནི་བདེ་བ་ཆེན་པོའི་འཁོར་ལོ་ལ་སོགས་པ་སྟེ། ངེས་ནི་ཁྱབ་པ་ཀུན་ཏུ་ཡོངས་སུ་བསྐོར་བ་ཡིན་ཞེས་སྨོས་སོ། །རླུང་ལ་སོགས་པའི་རིམ་པས་དབྱེ། །འབྱུང་བ་བཞི་དང་ལྡན་པ་ཡིན། །ཞེས་པ་ནི་ཡམ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཞེས ་བྱ་བ་ལ་སོགས་པས་གསང་བའི་གནས་དང། ལྟེ་བ་དང། སྤྲུལ་པ་དང། སྙིང་ག་དང་རིམ་པས་བསམ། ཡང་ན་རླུང་གིས་མེ་སྤར་བ་ལས་རྩ་ཐམས་ཅད་ཁ་བྱེ་བ་ལས་བདེ་བ་ཆེན་པོའི་རང་བཞིན་འཁོར་ལོ་བཞི་ལ་ཁྱབ་པར་ལྡན་ཞིང་འབྱུང་ངོ།། ་ནམ་མཁའ་ཐམས་ཅད་མཛའ་ཀུན་ཏུ། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས་ཞེས་པ་ནི་བདེ་བ་ཆེན་པོའི་འཁོར་ལོ་ནམ་མཁའ་ཞེས་ཏེ་འཁོར་ལོ་གཞན་དང། མཛའ་མའི་རྩ་ཡན་ཆད་ཁྱབ་ནས་རང་བཞིན་དགའ་བའི་བདག་ཉིད་དུ་ལུས་ཐམས་ཅད ་བཞུགས། །ཡང་ན་ནམ་མཁའ་ཨི་ན་ཆོས་ཀྱི་འབྱུང་གནས་ཏེ། ཤིན་ཏུ་རྒྱ་ཆེ་བདེའི་ནང་ན་དབང་ཆེན་ལས་བསྐྱེད་པའི་གཞལ་ཡས་ཁང་ལ་སོགས་པའི་ཕྱི་རོལ་ཏུ་བསྟན་པ་བཞིན་ནོ། །འདིའི་དོན་ནི་འདི་ཡིན་ནོ། །དཀྱིལ་འཁོར་སྐུ་རུ་བསྟན་པ་དང། ད་བཞིན ་གསུང་དུ་བསྟན་པ་དང། ཐུགས་སུ་བྱང་ཆུབ་སེམས་བཤད་དོ། །ཞེས་པས་ཕྱི་ནང་གསང་བ་གསུམ་ཤེས་པར་བྱའོ། །ཡང་ན་གསང་བ་འདི་ལེའུ་བཅུ་པར་བལྟའོ། །བསྲུང?་བའི་འཁོར་ལོ་འཁོར་བ་བཞིན། ཞེས་པ་ནི་འདི་ནི་གཞན་གོ་སླ་བས་མ་བཤད ་དེ། །དེ་ཁོ་ན་ཉིད་བསྡུས་པས་བསྟན་ཏོ་རྣལ་འབྱོར་ཆེན་པོའི་དུས་སུ་ནི་སངས་རྒྱས་རིན་པོ་ཆེའི་སྣོད་རྙེད་ནས་བྱང་ཆུབ་ཀྱི་སེམས་ཉི་མ་བསྲུངས་ནས་སླར་འཁོར་ལོའི་ལྟེ་བའི་དཀྱིལ་དུ་གནས་པ་དེ་ནི་ཕྱིའི་རྟོགས་པ་རྒྱུ་དུ་མི་སྟེར་?་ཕ་རེག་བྱ་ཤིན་ཏུ ་འཇམ་བ་དྷུའི་ཟླ་བ་ས་ཀུན་རྫོབ་ཏུ་སྣང་བ་ལྟ་བུ་དེ་དང་དབྱེར་མི་ཕྱེད་པ་བཞིན་སྣང་བ་ནི་ཡེ་ཤེས་ཆེན་པོ་ཞེས་མན་དག་གོ་།རྩིབས་བཅུ་པ་ལ་གསེར་གྱི་མདོག་ཅེས་པ་ལ་སོགས་པ་ནི་གོ་སླ་བས་མ་བཤད་དོ། །འདིར་ནི་འཁོར་ལོའི་ལྟེ་བ་གྲུ་གསུམ ་གྱི་བྱད་གཟུགས་རི་བོང་ཅན་ཆོས་ཀྱི་འབྱུང་གནས་ཞེས་པའོ། །རྩིབས་བཅུ་པ་གསེར་གྱི་མདོག་སྟེ་གཤིན་རྗེ་མཐར་བྱེད་ལ་སོགས་པ་བཅུ་དང་ལྡན་པའི་དབུས་ཀྱི་ལྟེ་བ་ལ། དར་མོ་ཏ་ཡ་ཁ་དོག་དཀར་མོ་བྱང་ཆུབ་ཀྱི་སེམས ་ཀྱི་ངོ་བོ་འདི་གཟུང་འཛིན་ལ་སོགས་པའི་ཆོས་ཐམས་ཅད་བྱུང་བ་པའི་གནས་ཏེ། སྔར་བཤད་པ་བཞིན་རིམ་པས་དབྱེའོ། །དེའི་དབུས་སུ་ཞེས་པ་ནི་འཁོར་ལོའི་ལྟེ་པར་བྱའོ། །སྔར་བསྟན་པའི་ཞེས་པ་ནི་རླུང་ལ་སོགས་པའི་ཞེས་པར ་བསྟན་པ་བཞིན་ནོ། །འབྱུང་བ་བཞི་ནི་རླུང་དང་མེ་དང་ཆུ་དང་ཡའི་བཞི་སྟེ། ཆོས་ཐམས་ཅད་འདི་ལས་འབྱུང་བའོ། །ཇི་ལྟ་བུའི་རིམ་པས་ནི་ཡཾ་རཾ་བཾ་ལཾ་ལས་རླུང་ལ་སོགས་པ་བཞི་དེ་རྣམས་ཀྱི་སྟེང་དུ་བྷྲཾ་ལས་འཁོར་ལོའོ། །ཐམས་ཅད ་འོད་དུ་ཞུ་བ་ལས་རྣམ་པར་སྣང་མཛད་དོ། །རྣམ་པར་སྣང་མཛད་ཡོངས་སུ་གྱུར་པ་ལས་ཞེས་པ་ནི་འོད་དུ་ཞུ་ནས་ཕོ་བྲང་གྲུབ་བོ། །དུར་ཁྲོད་བརྒྱད་དང་ལྡན་པའི་ཞེས་པ་ནི་དེ་ཡང་ཡི་དགས་དང་ལྡན་པའི་གནས་མི་བཟད་པ་ཞེས་བྱ་བའི་? ་ཁྲོད་དང། མི་སྡུག་པ་དང་ཞེས་པས་སྟོན་ཏོ། །དེ་རྣམས་ལྡན་པའི་བཞུགས་གནས་སོ། །གཞལ་ཡས་ཞེས་པ་ནི་དཔག་པ་དང་གཞལ་བ་དང་ཚད་དང་བྲལ་བ་སྟེ། རྡོ་རྗེ་འཛིན་པའི་བཞུགས་གནས་ལ་དོགས་པ་ལ་སོགས་པའི་དངོས ་པོ་སྤངས་པས་ན་ཁང་པ་ཡངས་པ་ཆེན་པོའོ། །འཕར་མ་གཉིས་ནི་ཕྱི་ནང་ཕྱེ་བའོ། །ཉི་མའི་གདན་དུ་ཞེས་པ་ནི་ཉི་མའི་སྟེང་དུ་བདུད་པོ་མོའོ། །སྣ་ཚོགས་པ་ཞེས་པ་ནི་གོ་བར་སླའོ། །འདབ་མ་བརྒྱད་ཀྱི་ལྟེ་བར་ཞེས་པ་ནི་བཞི་? ་སྤངས་པའི་དབུས་སུ་ཉི་མ་ལ་སོགས་པ་སྔར་བཞིན་ནོ། །ཚུལ་དང་ཐིགས་པའི་རང་ངོ་བོའོ། །ཞེས་པ་ནི་བཀའ་ཨི་དངོས་པོ་ཐིགས་པ་ཨ་ཁོང་ན་གནས་པས་ཚུལ་ལོ། །དེ་གཉིས་ལས་སུ་ཨཱ་ལི་ཀཱ་ལིའོ། །ཱ་ལི་ནི་ཨ་ཨཱ་ཞེས ་པ་ནས་ཨོཾ་ཨ(རྒྱུད་འགྲེལ་ལས་བྱུང་བའོ། །ཐབས་དང་ཤེས་རབ་ཀྱི་བདག་ཉིད་མཾ་ཧཱུཾ་གཉིས་ལ་རྡོ་རྗེ་དང། གྲི་གུག་ས་བོན་དང་ལྡན་པ་འདི་རྣམས་ཐམས་ཅད་ལས་ཐབས་དང་ཤེས་རབ་ཀྱི་བསྐུར་བཞེངས་པ་ལ་དཔལ་ཡེ་ཤེས་ཐིག་ལེ་ཞེས་བྱའོ། །ཕྱག་རྒྱ་ཆེན་པོས ་འཁྱུད་ཅིང་ཞེས་པ་ནི་ཐབས་དང་ཤེས་རབ་ལ་བརྟེན་ཞེས་པ་སྟེ། དབྱེ་པས་ཕྱེ་ན་གོ་སླའོ། །ད་ནི་ཁ་དོག་དང་དབྱིབས་ལ་སོགས་པ་སྟོན་ཏོ། །ཞལ་བརྒྱད་ཕྱག་བརྒྱད་གཡས་བརྐྱང་བ་ཞེས་པ་ནི་རྣམ་པར་ཐར་པ་བརྒྱད་ལ་སོགས་པའི་ཡོན་ཏན ་དང་ལྡན་པ་སྟེ། ལེའུ་བཅུཔར་?་རོ། །ཞལ་བཞི་ནི་ཞེས་པ་ནི་བརྒྱད་ཀྱི་ཕྱེད་རྩ་བ་ནས་བགྲངས་པའོ། །གནག་ཞེས་པ་ནི་སྐུ་དང་མཐུན་པ་དབུས་སུ་བསམ་མོ། །སེར་པོ་ནི་གཡས་དམར་པོ་གཡོན་དང་རྒྱབ་མ་ལྗང་གུའོ། །གཞན་བཞི ་ནི་སྔོན་པོའི་པདྨ་ལྟ་བུའི་ཞེས་པ་ནི་སྔར་གྱི་མ་གཏོགས་པ་བཞི་ནི་ཨུཏཔ་ལ་སྔོན་པོ་དང་འདྲའོ། །རྡོ་རྗེ་ལ་སོགས་པ་ནི་ཕྱག་བརྒྱད་ན་གཡས་དང་གཡོན་ནའོ། །སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱིས་སྤྱི་བོར་བརྒྱན་པའོ། །ཟླ་བ་ཞེས་པ་ལ་སོགས་པ ་གོ་སླའོ། །ཕྱག་རྒྱ་དྲུག་གིས་སྐུ་བཅིངས་པ་ནི་འཁོར་ལོ་ལ་སོགས་པ་སྟེ། རིགས་དྲུག་གི་ངོ་པོ་ཡིན་ནོ། །གཞན་ཡང་དེ་ལྟར་ཤེས་པར་བྱའོ། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་བཞི་པའི་དཀའ་བ་བཀྲལ་པའོ། །ད་ནི་སྔགས ་མཆོག་བཤད་བྱ་བ། །ཞེས་པ་ནི་སྐབས་འདིར་སྙིང་པོ་ཕྱེ་ལ་བཤད་པའོ། །སྒྲུབ་པ་པོ་ནི་གང་གིས་འགྲུབ། ཅེས་པ་ལ་སོགས་པས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ལ་སོགས་པ་བཤད་པར་བྱའོ། །སྒྲུབ་པ་པོ་ཞེས་པ་ནི་རྣལ ་འབྱོར་པའོ། །གང་གིས་ནི་ཐབས་ཁྱད་པར་ཅན་ནོ། །འགྲུབ་ཅེས་པ་ནི་སྔགས་ངེས་འགྲུབ་པ་སྟེ། མཆོག་གི་དངོས་གྲུབ་ལ་སོགས་པའོ། །དེ་ཡང་སྔགས་ནི་མནྟྲ་ཞེས་སོ། །མན་ནི་སྟོང་པ་མཚན་མ་བྲལ། །ཁ་དོག་སྲོགས ་བྲལ་ཆེས་ཉིད་བདག་།རྡོ་རྗེ་འཛིན་པའི་དབུགས་འབྱུང་བ། །ཤེས་རབ་ཅེས་སུ་བཤད་པ་ཡིན། །ཏྲ་ནི་ཡེ་ཤེས་བདེ་བ་སྟེ། །མཚན་དང་དཔེ་བྱད་གཟུགས་སྐུར་གནས། །དེ་བཞིན་གཤེགས་པར་དབུགས་འབྱུང་སྟེ། །སྙིང་རྗེ་ཆེན་པོར་བདག ་གིས་བཤད། །སྙིང་རྗེ་ཤེས་རབ་གཉིས་པོ་འདི། །གང་དུ་གཅིག་ཏུ་གནས་པ་ཡི། །དངོས་པོ་མེད་པའི་དངོས་པོའི་ཚུལ། །དེ་ནི་སྔགས་སུ་བསྟན་པའོ། །དེ་ལྟ་བུའི་ཕྱག་རྒྱ་ཆེ། །ཤེས་ནས་བདག་ཉིད་མིང་མཚོན་པ། །མིང་ཡང་མ་ཡིན ་མཚོན་པ་མིང། །སུས་རྟོགས་སྔགས་ཀྱི་དངོས་གྲུབ་བོ། །ཞེས་པས་ཞེས་པ་ནི་ཤེས་རབ་དང་སྙིང་རྗེར་བཤད་དོ། །སྔགས་ཀྱི་དེས་ཚིག་ལ་སོགས་པ་གཞན་མི་བསྟན་པ་ཅི། གཞན་འདིར་མ་བསྟན་ཏེ་དེ་ཡང་དབང་གི་ཡོན་ཏན་གྱི་རིམ་པར ་བལྟའོ། །པདྨ་འདབ་མ་བརྒྱད་པ་བྱ། །ཞེས་པ་ནི་འདབ་མ་དང་ལྟེ་བར་བཅས་པ་བྲིའོ། །རྡོ་རྗེའི་ནི་རྡོ་རྗེ་གཞོན་ནུ་ཞལ་གསུམ་ཕྱག་དྲུག་པ་བསྒོམ་མོ། །བུར་བུ་བཅུ་ནི་གྲངས་སོ། །ཁྲོ་བོའི་སྔགས་ནི་མཁས་པས་གདབ། ཅེས་པ་ནི་རྡོ་རྗེ་གཞོན ་ནུ་ཁྲི་བོར་བསམ་ལ་ཨོཾ་བཛྲ་ཀྱི་ལི་ལ་སོགས་པ་རྣལ་འབྱོར་པས་ཕྱོས་དང་མཚམས་བྱེ་བྲག་ཏུ་གདབ་བོ། །ཱ་?་ལི་མཉམ་བྱས་ནས་ཞེས་སྨོས་ཏེ། ཨཱ་ལི་ནི་ཤེས་རབ་ཀྱི་ཡི་གེ་བཅུ་དྲུག་གོ?་ནི་སོགས་པ་ཐབས་ཀྱི ་ཡི་གེ་སུམ་ཅུ་གསུམ་མོ། །མཉམ་བྱས་ནི་ཨཱ་ལི་བཅུ་དྲུག་པོ་དང། ཀཱ་ལི་སུམ་ཅུ་རྩ་གསུམ་པ་གཉིས་ལྡན་པའོ། །དེས་རྒྱུ་བསྟན་ཏོ། །འདབ་མ་ཀུན་གྱི་རིམ་པས་དགོད། ཅེས་པ་ནི་རྟེན་དང་བརྟེན་ཅན་བསྟན་ཏོ། །ཡང་ན་སྙིང ་པོའི་སྔགས་ཏེ། འདི་སྐད?་བཤད་དེ། ཕུང་པུ་ནི་བཅུ་སྟེ་མིག་གི་དབང་པོའི་སྐྱེ་མཆེད་གཏི་མུག་མཁའ་འགྲོ་ལ་སོགས་པ་དོན་འདི་བླ་མ་རྗེ་བཙུན་རིམ་པས་བཤད་པར་འགྱུར་རོ། །ཱ་ལི་ནི་ལོངས་སྤྱོད་ཀྱི་རྩ་བཅུ་དྲུག་གོ་།ཀཱ་ལི་ནི་བདེ་བ་ཆེན ་པོའི་རྩ་སུམ་ཅུ་རྩ་གཉིས་དང་སྲོག་གིས་དབྱུག་པའོ། །མཉམ་བྱས་ནས་ཞེས་པ་ནི་དེ་རྣམས་ཐམས་ཅད་ལ་བྱང་ཆུབ་སེམས་དང་ལྡན་པའོ། །འདབ་མ་ཀུན་གྱི་རིམ་པས་དགོད། ཅེས་པ་ནི་ཐམས་ཅད་ལ་ཚང་བར་དགོད་དོ། །དེ་ལ་སྙིང་པོ་ལ ་སོགས་པའི་སྔགས་རིམ་པ་བཞིན་བཏུས་པས་ཡབ་ཀྱི་སྙིང་པོ་ཐབས་ཀྱི་རྩ་ནས་སྙིང་པོ་བགྲད་དོ། །ཡུམ་གྱི་སྙིང་པོ་ཤེས་རབ་ཀྱི་རྩ་ནས་སྙིང་པོ་བགྲངས་པ་ལ་སོགས་པས་སོ། །ཡང་ན་ཀཱ་ལི་ནི་ཟུར་གསུམ་ལ་སོགས་པ་ནས་ཏིལ་གྱི་མེ་ཏོག་རྒྱས ་པའི་བར་དུ་ཚེས་བཅུ་དྲུག་འཕོ་བ་དེ་སྡོང?་སྟེང་དུ་བཅུ་དྲུག་སྟེ་སུམ་ཅུ་རྩ་གཉིས་སོ། །ཱ་ལི་ནི་སུམ་ཅུ་གཉིས་ལས་བྱུང་བའི་བདེ་བ་བཅུ་དྲུག་གོ་།མཉམ་བྱས་ནས་ཞེས་པ་ནི་ཁུ་བ་དང་བདེ་བ་མཉམ་པས་དགའ་བ་བཅུ་དྲུག་གི་བདག་ཉིད་དོ། །དེ་ནི ་ཐབས་ཀྱི་སྙིང་པོའོ། །ཤེས་རབ་ཀྱི་རང་གི་ཤེས་པར་བྱའོ། །ཡང་ན་དགའ་བ་བཅུ་དྲུག་ལ་རང་བཞིན་བཅུ་དྲུག་རྫོགས་པ་ནི་ཤེས་རབ་ཀྱིའོ། །འདབ་མ་ཀུན་གྱི་ཞེས་པ་ལ་སོས་པ་ནི་གོ་སླའོ། །ཡང་ན་ཨཱ་ལི་ནི་ཤེས་རབ་ཀྱི་བསླབ་འདབ་མ་? ་པ་ཀུན་རྫོབ་ཟླ་བའི་དངོས་པོ་ཐིགས་བརྒྱད་ལ་དོན་དམ་པའི་རང་བཞིན་བརྒྱད་རྫོགས་པའོ། །ཀཱ་ལི་ཐབས་ཀྱི་ལ་དེ་བཞིན་དགོད་པའོ། །མཉམ་བྱས་ནས་ཞེས་པ་ནི་ལྟེ་བའི་དཀྱིལ་དུ་མཉམ་པ་སྟེ། དེ་ནི་ནམ་མཁའ་སྟོང་པའི་ངོ་བོའོ། །འདབ་མ་ཀུན ་གྱི་རིམ་པས་དགོད། ཅེས་པ་ནི་རང་བཞིན་དགའ་བས་ཐམས་ཅད་ཀུན་ལ་ཁྱབ་པ་མེད་པའོ། །དེ་ཡང་ཚིག?་དང་བྲལ་བ། ཡི་གེ་མེད་པ། ལྟར་མེད་པ། དབྱད་པས་རྙེད་པ་མ་ཡིན་པ། ཐོག་མ་དང། མཛའ་མ་དང་བྲལ་པ། མཛའ་མེད་པ། ?་ ་དུ་བྱུང་པ་དེ་ནི་རང་བཞིན་གྱི་ཡེ་ཤེས་དེ་ཁོ་ན་ཉིད་ཅེས་བྱའོ། །དེས་ནི་སྔགས་བསྟན་ཏོ། །ཱ་ལི་ཡེ་ཤེས་འདབ་མར་གཅིག་།ཅེས་པ་ནི་བཅུ་དྲུག་པ་ཀུན་འདབ་མ་གཅིག་ལ་?། །ཀཱ་ལི་འདབ་མ་བདུན་དུ་དྲན་ཞེས་པ ་ནི་གཞན་མ་ནི་བདུན་པའོ། །འདབ་མ་རེ་རེ་ཡི་གེ་ལྔ་ཞེས་པ་ནི་བདུན་གྱིས་གཉིས་མེ་གཏོགས་པ་ལྔ་གདབ་བོ། །ལྔ་པའི་ལྔ་པའོ་བྱ་བ་ནི་འདབ་མ་རེ་རེ་ལ་ལྔ་ལྔ་སྟེ། ཀ་ཁ་ག་གྷ་ད་དེ་ནི་གཅིག་ལའོ། །རྩལ་སོགས་པ་ལ་ཡང་དེ་བཞིན་ནོ། ། ་འདབ་མ་གཉིས་སུ་བཞི་གཉིས་ཏེ། གཅིག་ལ་ཡ་ར་ལ་ཝ་བཞིའོ། །གཉིས་པ་ལ་ཤ་ཥ་ས་ཧ་སྟེ་བཞིའོ། །ཀྵའི་ཡིག་འབྲུ་ལྟེ་ནང་དོ། །ཞེས་པ་ནི་འདབ་མ་བརྒྱད་པའི་ནང་དུ་ཀྵ་རྡོ་རྗེ་སེམས་དཔའ་ཨི་རང་བཞིན་བསམ་མོ། །དབྱངས་ཡིག་ནི། ་ཨ་ཨཱ་ཨི་ཨའི་ཨུ་ཨའུ། རི་རཱི་ལི་ལཱི་ཨེ་ཨཱི་ཨོ་ཨཽ་ཨོཾ་ཨ(རྒྱུད་འགྲེལ་བས་བྱེ་བྲག་ཀྱང་བསྟན་ནོ། །གཉིས་ཀྱི་ཡི་གེ་འདབ་མ་ཡིས། ཞེས་པ་ནི་ཐབས་དང་ཤེས་རབ་ཀྱི་ཡི་གེའོ། །སྔགས་ཀྱི་རྒྱལ་ངོ་དེ་ཉིད་དྲང་ཞེས་པ་ནི་ཡབ་ཀྱི་སྙིང་པོ་དང། ཉེ་བའི་སྙིང་པོ་དང། ཡུམ་ཀྱི་སྙིང་པོ་དང། ཉ་བའི་སྙིང་པའོ?། །དང་པོ ་གཟུགས་ཀྱི་རྒྱལ་པོ་དབང། ཞེས་པ་ནི་དང་པོ་ཁོ་ན་རྣམ་པར་སྣང་མཛད་ཀྱིས་ས་བོན་ཡི་གེ་ཨོཾ་མོ། །དེ་ནས་འདབ་གཉིས་ཀྱི་དང་པོར་ཞེས་པ་ནི་དེ་མ་ཐག་གཉིས་ཀྱི་དང་པོ་ཤའོ། །བཞི་བའི་དབྱངས་ཡིག་ནི་?་དང་བཅས་པ་ནི་ཤ?་བ?་ཨི ་རུ་ལྡན་པའོ་འོག་ཏུ་ནི་ཤའི་འོག་ཏུའོ། །རེ་ཕ་ནི་རའི་མིང་གི་རྣམ་གྲངས་སོ། །དེས་བ་རྒྱན་ཏེ། དེ་རྣམས་ཀྱིས་ཤི་རི་གྲུབ་པོ། །ཉི་ཤུ་རྩ་ལྔ་ཡོད་པའི་ཞེས་པས་མ་བསྟན་ཏོ། །འདབ་མ་གཉིས་པའི་བཞི་པའོ། །ཞེས་པ་ནི་བཞིན་? ་དབྱངས་ཡིག་གཉིས་པ་ལྡན་པ་ཞེས་པ་ནི་ཨ་སྟེ། ཧ་དང་ཨ་དང་ལྡན་པས་ཧཱ་ཞེས་སོ། །འཁོར་བའི་ངན་འགྲོ་དག་བྱེད་པ། ཞེས་པ་ནི་དཔལ་ཆེན་པོས་བདུད་ལ་སོགས་པ་ཐམས་ཅད་བསྒྲལ་ནས་ཡེ་ཤེས་ཀྱི་བདག་ཉིད་དུ་བྱེད་དོ། །འདབ་གཉིས་དང ་པོ་བཞི་པ་ཡིས་ཞེས་པ་སྐབས་འདི་ན་མར་མན་ངག་གིས་བསྟན་ཏེ། དང་པོའི་བཞི་པ་ནི་ཝའོ། །དེ་ནས་གསལ་བྱེད་པའི་བརྒྱད་ནི་ཛའོ། །འདབ་གཉིས་དང་པོའི་གཉིས་པ་ཡིས་ཞེས་པ་ནི་རའོ། །ལྡན་པ་ཐམས་ཅད་རིམ་འཕོག་བྱེད་ཅེས་པ་ནི་? ་ར་ལྡན་ནས་གནས་པ་ལ་ཝ་ཛྲ་ཞེས་སོ་རྡོ་རྗེས་ཐམས་ཅད་གཅོད་པ་དང། འབིགས་པ་ལ་སོགས་པ་བྱེད་དོ། །གསལ་བྱེད་པ་གསུམ་པ་སྟེ། ནི་གའོ། །བཅུ་པས་ཡང་དག་ལྡན་པའོ། །ཞེས་པ་ནི་ལེ་སྟེ་?་རུ་ལྡན་པའོ། །དབྱངས་ཀྱི་ཡི་གེ་ཞེས ་པ་ལ་སོགས་པ་ནི་བསྟན་པའོ། །བཞི་པ་ལྔ་པ་ནི་ན་ཡིན་ནོ། །དེ་ནས་དེའི་དང་པོའི་ཏའོ། །བཅུ་དྲུག་པའི་གསུམ་པས་ལྡན་ནི་ཨ་སྟེ་ཏི་རུ་ལྡན་ནོ། །ཐམས་ཅད་སྔགས་ཀྱི་ཚིག་གི་བཞི་ནི་འདི་རྩ་བ་འམ་བཞི་ཡིན་ནོ། །དེ་ནས་ས་ནི་དག་པ་དག་ལའོ། ་དེ་བཞིན་གསལ་བྱེད་དང་པོའོ། །ཞེས་པ་ནི་ཀའོ། །ཡན་ལག་གསལ་བྱེད་སུམ་ཅུ་གསུམ་ཞེས་པ་ཧའོ། །དབྱངས་ཡིག་དྲུག་པ་ཡང་དག་ལྡན་ཞེས་པ་ནི་ཨའུ་སྟེ་ཧ་ལ་ཨུ་ལྡན་ཧཱུའོ། །དེ་ནི་ཆོས་ཐམས་ཅད་འབྱུང་བ་སྟེ། དབྱེ་བ་ནི་ཞལ་ནས་ཤེས ་པར་བྱའོ། །ཟླ་ཆོས་ནི་དའོ། །ཐིག་ལེ་ནི་གོ་སླའོ། །དེ་ནི་ཞེས་པ་ནི་རྣམས་ལ་ཧཱུཾ་གྲུབ་བོ། །ཧཱུཾ་དེ་དང་ཉེ་བར་གནས་པ་ནི་ཡང་ཧཱུཾ་སྟེ། དོན་དུ་ནི་གཉིས་གྲུབ་པོ། །སེམས་ཀྱི་དབང་ཕྱུག་ཡི་གེ་མཆོག་།ཅེས་པ་ནི་བཅོམ་ལྡན་འདས་ཀྱིས་བསྐྱེད ་པའི་རྒྱུ་འདི་ཡི་གེ་ཐམས་ཅད་ཀྱི་མཆོག་གོ་།གང་ཞིག་ལྔ་པའི་གཉིས་པ་ཞེས་པ་ནི་པའོ། །གསུམ་པའི་དང་པོ་ཊ་དང་ལྡན་པའི་ཕཊ་དོ། །མཐར་ནི་སྭཱ་ཧཱ་ལྡན་པའོ། སྟེ་ཞེས་པ་ནི་དེ་ཐམས་ཅད་ཀྱི་ཞབས་སུའོ། །སྙིང་པོའི་སྔགས་ནི་ཡང་དག ་མཆོག་།ཅེས་པ་ནི་ཡབ་ཀྱི་སྙིང་པོའོ། །དང་པོ་རུ་ནི་གཟུགས་ཀྱི་མཆོག་ཅེས་པ་ནི་གཟུགས་ཀྱི་ས་བོན་ཨོཾ་མོ། །འདབ་གཉིས་ཀྱི་བཞི་པ་ནི་ཧའོ། །འོག་ཏུ་རེ་བས་ཡང་དག་ལྡན། ཞེས་པ་ནི་རའོ། །དབྱངས་ཀྱི་ཡི་གེ ་བཞི་པས་སྦྱར་ཞེས་པ་ནི་ཨའི་སྟེ། ཧ་དང་ར་དང་ཨི་དང་གསུམ་སྦྱར་བས་ཧྲཱིའོ། །རིག་པའི་རྒྱལ་པོའི་ཡི་གེ་མཆོག་།ཅེས་པ་ནི་རིག་པའི་སྙིང་པོའོ། །ཐིག་ལེ་ཡིས་ནི་མགོ་བོ་མནན་ཞེས་པ་ནི་ཧྲཱི་ཞེས་སོ། །དེ་རང་དུ་ནི་ཉེ་བར་གནས་ཞེས ་སྨོས་པས་ཡང་ཧྲཱི་བ་ཏུའོ། །ཐམས་ཅད་ཞི་བཞི་བ་མཆོག་།ཅེས་པ་ནི་བདེ་བ་ཆེན་པོའི་རང་བཞིན་ནོ། །ཐིགས་པས་མནན་པས་སུམ་ཅུ་གསུམ་ཞེས་པ་ནི་ཧོཾ་ངོ། །བཅུ་དྲུག་པའི་གཉིས་པ་ནི་ཨཱའོ། ལྡན་པ་ནི་ཧཾ་དང་ཨ་ར་ལྡན་པའི ་ཧཾ་དོ། །ཡང་ནི་དེ་ཉིད་ཡི་གེ་མཆོག་།ཅེས་པ་ནི་ཧཾ་དོ། །ཁམས་གསུམ་མུན་ནག་བྱེད་པར་བྱེད་ཅེས་པ་ནི་ཡོན་ཏན་གྱིས་སོ། །ཧཱུཾ་ཕཊ་དེ་ནི་གཉིས་ཀར་སྦྱར་ཞེས་པ་ནི་རེ་རེ་ཡང་གཉིས་གཉིས་སུ་སྦྱར་རོ། །ཐ་མར་ས་དང་ཧཱ་ས་ལྡན་ནོ། ། ་ཉེ་བའི་སྙིང་པོའི་སྔགས་ཞེས་བྱ། ཞེས་པ་ནི་དེ་ཡན་ཆད་དོ། །བཅོམ་ལྡན་ཡེ་ཤེས་ཐིག་ལེགས་སོ་ཞེས་པ་ནི་བཅོམ་ལྡན་འདས་ཁོ་ནའི་ཞེས་སོ། །དང་པོར་རྣམ་པར་སྣང་མཛད། ཅེས་པ་ནི་དག་པའི་དངོས་པོ་ཨོཾ་མོ། །ཉི་ཤུ་རྩ་དགུ་དེ ་རྣམས་སོ། །ཞེས་པ་ཝའོ། །གསལ་བྱེད་པའི་བརྒྱད་པའི་ཡིད་ཅེས་བྱ་བ་ནི་ཡི་གེ་ཛའོ། །ཉི་ཤུ་རྩ་བདུན་པས་ནི་ཞེས་པ་ནི་རའོ། །ཛ་དང་ར་དང་ལྡན་པས་བཛྲའོ། །ཉི་ཤུ་རྩ་ལྔ་པའི་གཞན་ཞེས་པས་མའོ། །དབྱངས་ཀྱི་ཡི་གེ་བདུན ་ནི་རེའོ། །མ་དང་ལྡན་པས་མྲེའོ། །བཞི་པ་ལས་ནི་གསུམ་པའོ། །ཞེས་པས་ནི་ད་སྟོན་ཏོ། །དེ་དང་ཉེ་བ་རླུང་ཡིན་ནོ། །ཞེས་པས་ནི་རླུང་གི་ས་བོན་ཡའོ། །དབྱངས་ཡིག་བཅུ་གཅིག་ནི་ཡེ་སྟ་ཡའོ། །ལྔ་པ་ནི་ལྔ་བ་ཞེས་པ་ནི་མེའོ། །ཧ་ནི ་རྟོགས་པར་གོ་སླའོ། །ལྔ་པ་ཡི་ནི་གསུམ་པ་དང་ཞེས་པས་པ་བསྟན་ཏོ། །ཉི་ཤུ་རྩ་བརྒྱད་དེ་ནས་སོ་ཞེས་པས་ལ་བསྟན་ནོ། །ལྔ་པ་ཡི་ནི་དང་པོ་དང་ཞེས་པས་ནི་པའོ། །ཉི་ཤུ་རྩ་བདུན་དེ་ནས་སོ་ཞེས་པ་ནི་བསྟོན་ནོ། །དབྱངས་ཡིག་གཉིས་པས ་ཞེས་པ་ནི་ཨཱའོ། །ལྡན་པས་བྱ་བས་རཱ་ཞེས་བཤད་དོ། །གསལ་བྱེད་ཀྱི་ནི་དང་པོ་ཞེས་པ་ནི་བཀའ་བཏུའོ། །སུམ་ཅུ་རྩ་གཅིག་པ་ནི་ཥའོ། །ལྡན་པའི་དེ་གཉིས་ཀྵ་རུ་ལྡན་ནོ། །ཉི་ཤུ་རྩ་ལྔ་དག་པ་ཞེས་པ་ནི་མའོ། །དབྱངས་ཡིག་གཉིས་པ་ཞེས ་པ་ནི་ཨཱའོ། །འདི་གཉིས་མའི་དངོས་པོ་ལ་ལྡན་ཞེས་བྱའོ། །ཉི་ཤུ་རྩ་དྲུག་གི་ཡི་གེ་མཆོག་ཅེས་པ་ནི་ཡའོ། །དབྱངས་ཀྱི་ཡི་གེ་བཅུ་གཅིག་ཞེས་པ་ནི་ཡི་གེ་ཨེ་སྟེ། ཡེ་རུ་ལྡན་པའི་སྭཱཧཱ་ཞེས་པ་ལ་སོགས་པ་ནི་གོ་སླ་བས་མ་བཤད་དོ། ། ་དང་པོ་ཡི་གེ་ཕྲན་ན་?་ཞེས་པས་ཨོཾ་མཚོན་པའོ། །འདབ་གཉིས་པའི་གསུམ་པྲི་ཞེས་བསྟན་པས་སོ། །ཡའི་སྡེ་ཚན་གཉིས་པ་ནི་ར་ཞེས་སྨོས་སོ། །ཉི་ཤུ་རྩ་དགུ་དེ་ནས་སོ། །ཞེས་པ་ནི་ཝ་རུ་བཤད་དོ། །དབྱངས་ཀྱི་ཡི་གེ་གསུམ་པ ་ཡིས། ཞེས་པ་ནི་གུ་གུ་སྟེ་ཝི་ཞེས་སྨོས་སོ། །དྲུག་ཅུ་རྩ་བཞི་ཕྱེད་དག་པ། ཞེས་པ་ནི་སུམ་ཅུ་གཉིས་སོ། །དེས་ས་བསྟན་ཏོ། །ངའི་ཡིག་འབྲུ་ནི་རའོ། །ཐ་མར་སྭཱཧཱ་དང་ལྡན་བའི་ནི་ཀུན་གྱི་མཐར་སྦྱར་རོ། །ཧཱུཾ་ཧཱུཾ་ཕཊ་ནི་སྤེལ་པ་ཡིན། ཞེས ་པ་ནི་བར་?་ཞུགས་པའོ། །ཉེ་བའི་སྙིང་པོའི་སྔགས་ཡིན་ནོ། །ཞེས་པ་ནི་བཅོམ་ལྡན་མོ་ཕྱག་རྒྱ་ཆེན་པོའི་ཉེ་བའི་སྙིང་པོའོ། །བཅོམ་ལྡན་འདས་ཡེ་ཤེས་ཐིག་ལེའི་ཕྲེང་བའི་སྔགས་ཀྱི་བརྙེན་པ་འབུམ་བྱས་ནས་ལས་ལ་སྦྱོར་བར་བྱའོ། །བཅོམ་ལྡན ་??་སྦྱར་བ་ལ་སོགས་པ་སྔ་མ་བཞིན་ནོ། །འཁོར་རྣམས་ཀྱི་ནི་ནམ་མཁའ་དྲི་མེད་དང། ཟླ་མའི་སྙིང་པོ་ནི་ཨོཾ་དྷཱུཾ?་དྷཱུཾ?་ཧཱུཾ་ཕཊ། ཤིན་ཏུ་རྩལ་ཆེན་དང། གཡོན་པ་མ་ལ་སོགས་པ་གཞན་རྣམས་ཀྱང་དེ་ལྟར་རོ། །རང་བཞིན་དུ་དཔའ་མོ་རྣམས་ཀྱི ་ཡང་ཡིན་ནོ། །ཀྱ་མ་མའི་ཨོཾ་ཨ་ཧཱུཾ་ཕཊ། འཇིཌ་མའི་ཨོཾ་ཨ:ཧཱུཾ་ཕཊ། འོད་མའི་ཨོཾ་མི་ཧཱུཾ་ཕཊ། གཞན་རྣམས་ཀྱང་དེ་ཁོ་ན་བཞིན་ནོ། །གཞན་འཁོར་ལོ་དྲུག་གི་སྔགས་དང་དབྱངས་ཡིག་།གསལ་བྱེད་ཀྱི་ཡི་གེ་དང། གཏོར་མའི་སྔགས་དང། ཁྲོ་བོའི ་སྔགས་དང། སྔགས། སྐུ་རྡོ་རྗེ་ལ་སོགས་པ་གསུམ་དང། འདི་རྣམས་ནི་བླ་བསམ་བཤད་དོ། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་ལྔ་པའི་དཀའ་བ་བཀྲལ་བའོ།། །།སྔགས་ཀྱི་རིམ་པ་བཤད་ནས་མཆོད་སྦྱིན་གྱི་རིམ་པ ་སྟོན་པ་ལ་ནི། དེ་ནས་མཆོད་སྦྱིན་རབ་བདག་བཤད་ཅེས་བྱའོ། །གནས་ལ་སོགས་པའི་རིམ་པ་སྦྱོར་ཞེས་པ་ནི་གནས་དང། ཉེ་བའི་གནས་ལ་སོགས་པའི་མཆོད་སྦྱིན་དང་པོར་སྦྱོར་རོ། །བསྐྱེད་བའི་བྱེ་བྲག་ཐིགས་པ་གསུམ། ཞེས་པ་ནི་བདེ་བ་ཆེན ་པོའི་འཁོར་ལོ་དང། ལོངས་སྤྱོད་ཀྱི་འཁོར་ལོ་དང། ཆོས་ཀྱི་འཁོར་ལོ་དང་གསུམ་དུ་རླག་པ། ལོངས་སྤྱོད་པ། དབང་གི་ཐིགས་པ་གསུམ་མོ། །རྫོགས་པའི་རིམ་གསུམ་དེ་ལྟར་རོ། །ཞེས་པ་ནི་དགའ་བ་དང། མངོན་པར་དགའ་བ་དང། ཆད ་པའི་དགའ་བ་དང་གསུམ་མོ། །ཡང་ན་ཡར་རྫོགས་པ་ལ་རྫོགས་ཞེས་བྱའོ། །རྣམ་ཤེས་ལ་སོགས་བྱེ་བྲག་ཏུ། ཞེས་པ་ནི་བདེ་བ་ཆེན་པོའི་འཁོར་ལོ་ལ་སོགས་པ་བཞི་དང། དངོས་པོ་ལ་སོགས་བའི་བྱེ་བྲག་གོ་།མཆོད་སྦྱིན་ཚངས་པའི་ཡུལ ་ས་ཆེ་ཞེས་པ་ནི་འཁོར་ལོ་བཞིའི་སྤྲུལ་བ་ལ་ཐུག་བས་སོ། །རྣམ་པར་ཤེས་པ་ཞེས་པ་ནི་ཆོས་ཀྱི་འཁོར་ལོ་སྟེ། གནས་སོ། །སྣང་བ་ནི་ལོངས་སྤྱོད་ཀྱི་འཁོར་ལོ་སྟེ་སྐྱེའོ། །ནམ་མཁའ་ཞེས་པ་ནི་བདེ་བ་ཆེན་པོའི་འཁོར་ལོའོ། །ཡེ་ཤེས་ཞེས་པ་ནི ་དགའ་བ་གསུམ་པོ་ཡང་འཁོར་ལོ་བཞིན་སྦྱར་རོ། །སྐུ་བརྒྱད་ཀྱི་ནི་བྱེ་བྲག་ཏུ་ཞེས་པ་ནི་ཕྱི་ནང་ལ་སོགས་བའི་རིམ་བ་དབྱེ་བ་ནི་སྐུ་བརྒྱད་གནས་ཀྱིས་འབྱེད་དོ། །དངོས་པོ་རྟེན་དང་རྣམ་པར་འབྱེད་ཅེས་པ་ནི་དགའ་བ་དང། མངོན་པར་དགའ་བ་དང། ་སྔར?་གྱི་ཆད་པའི་དགའ་བ་དང། འཁོར་ལོ་ལ་སོགས་པའི་དབྱེ་བ་ཀུན་རང་བཞིན་པས་འབྱེད་དོ། །དཔེར་ན་ཆུ་དང་རྙོག་མ་བཞིན་ནོ། །ཇི་བཞིན་འོད་བ་སྡུད་པ་ནི་ཞེས་པ་ནི། མཆོད་སྦྱིན་ཐམས་ཅད་ནི་སངས་རྒྱས་རིན་ཆེན་དུ་སྡུད་པ་སྟེ། དེ་ཡང་ཕྱི་ལ་སོགས་པའི ་ཐམས་ཅད་ཀྱང། མཆོད་སྦྱིན་རྣལ་འབྱོར་མ་དཀྱིལ་འཁོར་ཞེས་པ་ནི། རྣལ་འབྱོར་མ་འདུས་པའོ། །ུ་རྒྱན་ལ་སོགས་གནས་སུ་ནི་བྱ་བ་ནི་ཨུ་རྒྱན་གནས་དང། ཛ་ལན་དྷ་ར་དང། པུ་ལི་ར་དང། ཀ་མ་རུལ་སོགས་པའི་གནས་དང། ཉེ་བའི་གནས་ལ ་སོགས་པར་རོ། །ལེགས་དགྱེས་མ་སོགས་ལྷ་མོ་རྣམས། ཞེས་པ་ནི་ལྷ་མོ་རྣམས་ཀྱང་དེ་ལྟར་གནས་པ་བཞིན་དུ་དབྱེ་བར་བྱའོ། །ཀཱ་ལི་ཡེ་ཤེས་ཡིག་མཆོག་སྦྱིན། ཞེས་པ་ནི་ཡི་གེ་སུམ་ཅུ་རྩ་གཉིས་ལ་སོགས་པས་མཆོད་དོ། །ཕྱི་དང་ནང་དུ་བྱ་བའི ་ཐབས། ཞེས་བྱ་བ་ནི་ལུས་དང། རྩ་དང་རིམ་པ་ལྔར་བཞིན་ནོ། །མཆོད་སྦྲིན་བྱས་ན་སྦྱིན་པ་ཆེ་ཞེས་པ་ནི་དེ་རྒྱས་ན་བདེ་བ་ཆེན་པོ་ཐོབ་པོ། །འབྲས་བུ་བཀྲ་ཤིས་ལྡན་པ་སྐྱེ་ཞེས་པ་ནི་ཡོན་ཏན་གྱིས་སངས་རྒྱས་པའི་འབྲས་བུ་ལ་སོགས་པའོ། །སེམས ་དང་སེམས་ཀྱི་བྱེ་བྲག་ཅེས་པ་ནི་སེམས་བཟང་བ་དང་གན?་པ་ལ་སོགས་པའི་བྱེ་བྲག་གིས་སྟོན་པས་ཐབས་སྣ་ཚོགས་གསུངས་པའི། །ཁ་ཅིག་རྣམས་ལ་འདུལ་བའི་ཐབས། ཞེས་པ་ལ་སོགས་པས་བློ་ཚོད་དང་སྦྱར་བའི་ཆོས་ཀྱི་བྱེ་བྲག་མང་དུ ་གསུངས་སོ། །ཚེ་འདི་ལ་ནི?་སངས་རྒྱས་སོ། །ཞེས་པ་ནི་ཚེ་འདི་ལས་ཚེ་གཞན་མི་འཕོ་བ་ཕུང་པོ་ལྷག་མ་མེད་པའི་བདེ་བ་ཆེན་པོའི་སྐུའོ། །དཔེར་ན་རྒྱལ་པོ་ཆེན་པོ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ཨིནྡྲ་བྷཱུ་ཏི་མགོན་པོ་ལྟ་བུའོ། །ཡང་ན ་རྡོ་རྗེ་འཛིན་པའོ། །ཞེས་པ་ནི་སངས་རྒྱས་པའི་རང་བཞིན་ནོ། །ཡང་ན་ཕུང་པོ་སྤངས་བ་ཙམ་ཞེས་པ་ནི་ཡེ་ཤེས་ཀྱི་བག་ཆགས་དང་བཅས་ནས་གནས་པའོ། །བླ་ན་མེད་པའི་ཡེ་ཤེས་སྐུ་ནི་ས་བཅུ་དྲུག་ལྟ་བུའོ། །བརྩོན་པར་མི་ལྡན་པ་ཡིས་རྙེད། ་ཅེས་པ་ནི་བསམ་གཏན་གཡེལ་པས་ཀྱང་ཐོབ་རྙེད་ནས་བསམ་པ་ལ་བརྩོན་འགྲུས་རྒྱུན་མ་ཆད་ན་སྨོས་ཅི་དགོས་ཏེ། ཅི་བསམས་པ་ཐམས་ཅད་འགྲུབ་པོ་ཞེས་སོ། །དེ་ལྟར་ཡེ་ཤེས་ཀྱི་སྐུ་ལ་སོགས་པའི་འབྲས་བུ་ཡང་རྙེད་ན ་གཞན་གྱི་དངོས་གྲུབ་ལྟ་སྨོས་སུ་ཅི་ཡོང། དེ་ལྟ་བས་ན་བརྟན་པའི་བརྩོན་པས་དོན་ཐམས་ཅད། འབད་མིན་ཆེན་པོས་འགྲུབ་བ་ཡིན། ཞེས་གསུངས་པ་ཡིན་ནོ། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་དྲུག་པའི་དཀའ་བ་བཀྲལ་བའོ།། །། ་དེ་ནས་བྱ་བ་ནི་མཆོད་སྦྱིན་བཤད་ནས་བྱ་བའོ། །མཆོད་པའི་ཆོ་ག་ནི་ཞེས་པ་ནི་མཆོད་པ་བཤད་ཅེས་པའོ། །དེ་ནས་ཡང་ཡན་ལག་ཐམས་ཅད་དང་ལྡན་པའི་མཆོད་པ་ལ་ཆོ་ག་ཞེས་སོ། །སྡིག་པ་ཐམས་ཅད་འཇིག་བྱེད་པ། ཞེས་པ་ན་སྡིག་པ ་དང་ཉོན་མོངས་པ་ལ་སོགས་པ་ཀུན་འདིའི་ཡོན་ཏན་གྱིས་མེད་པར་བྱེད་པ། །ཡིད་འཕྲོག་ལྷའི་ཞེས་པ་ནི་ལྷ་ཐམས་ཅད་ཡིད་འཇུག་པའོ། །གང་ལ་འཇུག་ཅེ་ན་མེ་ཏོག་ཅེས་སྨོས་ཏེ་དེ་ལ་འཇུག་གོ་།དེའི་ཕྱིར་མེ་ཏོག་གིས་ཞེས་གསུངས་སོ།། ་ཟླ་བ་ཉི་མའི་འོད་དང་ལྡན། །མེ་དང་སྒྲོན་མ་རྨད་དུ་བྱུང། །མཆོད་སྦྱིན་དཀྱིལ་འཁོར་ལ་མཆོད་བྱ། ཞེས་པ་ནི་ཀུ་མུ་ཏ་དང་པདྨ་ལ་སོགས་པའི་མཆོད་པ་སྣ་ཚོགས་པ་དང། བདུད་རྩི་ལྔ་ལ་སོགས་པའི་མཆོད་པའ?་སྔར་གྱི་དཀྱིལ་འཁོར་ལ ་མཆོད་དོ། །མར་དོའི་དང་པོ་ཡིན་ནི་དབང། །བཅུ་དྲུག་བའི་དང་པོ་ཡིས། ཞེས་པ་ལ་སོགས་པ་སྟོན་ཏེ་མར་དེའི་ཆོས་བཅུ་དྲུག་གོ་།དབང་ཞེས་པ་ནི་རླག་པ་དང་ལོངས་སྤྱོད་བ་དང་དབང་གསུམ་ནི་མཆོད་པའི་དུས་སོ། །བཅུ་དྲུག་པ་ནི ་དབྱངས་ཀྱི་ཡི་གེ་བཅུ་དྲུག་པོ་འདི་སྔགས་རེ་རེར?་སྦྱར་བའོ། །ཀུན་གྱི་རིམ་པ་ཡང་དེ་བཞིན་ནོ། །ཡང་ན་ཟླ་བ་ནི་ཡབ་ཀྱི་སེམས་སོ། །ཉི་མ་ནི་ཡུམ་གྱི། བྲག་གོ་།དེ་གཉིས་ལས་རང་བཞིན་བདེ་བའི་འོད་དང་ལྡན་ནོ། །མེ་ནི་དྲི་ཆུ་སྟེ ་རང་བཞིན་གྱི་དོན་ལ་སྦྱར་བའོ། །སྒྲོན་མ་ནི་ཤ་ཆེན་ཏེ་བདེ་བའི་བདག་ཉིད་དོ། །?་དུ་བྱུང་ནི་དྲི་?་བདེ་བ་དང་བྲལ་བའི་ངོ་བོའོ། །མཆོད་སྦྱིན་དཀྱིལ་འཁོར་ལ་མཆོད་བྱ། ཅེས་པ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཡེ་ཤེས་ཀྱི་མཆོད་པས་མཆོད ་པའོ། །མར་དེའི་དང་པོའི་ཞེས་པ་ནི་ཆོས་བཅུ་དྲུག་པ་སྔར་བཞིན་ནོ། །དབང་ཞེས་པས་མཆོད་དེ་དེ་ཡང་བདེ་བའི་ཨཱ་ལིས་མཆོད་དེ་དེའི་ཕྱིར། བྱང་ཆུབ་སེམས་བྱུང་མཆོད་པ་ཡིས། ཞེས་སོ། །ཡར་ངོ་མར་?་བྱེ་ཕྲག་ཏུ། ཞེས་པ་ནི་ཨཱ་ལི་དང ་ཀཱ་ལི་ཡེ་ཤེས་ཀྱི་ཁྱབ་པར་རོ། །ཤེས་རབ་ཐབས་ནི་རབ་ཏུ་སྦྱོར་ནི། དེ་གཉིས་དབྱེར་མེད་པར་སྦྱར་བ་ལས་འདི་ལྟ་བུའི་འཁོར་ལོ་འབྱུང་ངོ། །སྐུ་གསུམ་ནི་བདེ་བ་ཆེན་པོ་རུ་རླག་པས་ཆོས་ཀྱི་སྐུའོ། །ལོངས་སྤྱོད་པ་ནི་ལོངས་སྤྱོད་རྫོགས་པའི ་སྐུའོ། །སྙིང་གང་དབང་བྱས་པས་སྤྲུལ་བའི་སྐུའོ། །ཡང་ན་རེ་རེ་ལ་ཡང་གསུམ་གསུམ་མོ། །ཡེ་ཤེས་ནི་སྐུ་གསུམ་དབྱེར་མེད་པ་འམ། དགའ་བའི་གནས་ལ་སོགས་པར་སྐུ་གནས་པ་ལའོ། །དེ་ལྟ་བའི་དངོས་པོ་ལ་དཀྱིལ་འཁོར་ཞེས་བྱའོ། ། ་ཆོས་དང་ཡི་གེ་སྔགས་ཀྱིས་སུ། ཞེས་པ་ནི་ཆོས་ཞེས་པ་ནི་ཡེ་ཤེས་ཀྱི་རིམ་པ་དང་ཡི་གེའི་ངོ་བོ་ཐིག་ལེ་དང་སྔགས་ཀྱི་ངོ་བོ་ཐབས་དང་ཤེས་རབ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་དེ་?་བའི་ཕྱིར་སྔགས་ཞེས་བྱའོ། །རི་བོང?་ཅན་ནི་འཕེལ་བར ་འགྱུར། ཞེས་པ་ནི་ཡེ་ཤེས་རྒྱས་པར་མཛད་དོ། །ཐིག་ལེ་དང་མཁའ་འགོག་པ་ཡིས། རང་བཞིན་དེ་ནི་འབྱུང་བར་འགྱུར། ཞེས་པ་ལ་སོགས་པ་སྨོས་སོ། །བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཐིག་ལེ་མཁའ་ལ་གནས་པ་དེ་ཡེ་ཤེས་རླུང་?་? ་ཧཱུཾ་ཕཊ་བཀོད་ལ་སྤྲོ་བསྡུས་རང་བཞིན་དགའ་བར་འབྱུང་ངོ། །དེ་ལྟར་མ་ཡིན་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་མི་རྙེད་དོ། །བླ་མའི་ཞལ་ལ་བལྟོས་ནས་འོང་རབ་འཐོབ་བོ། །དེ་ཐོབ་ན་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི ་བདག་ཉིད་ཡིན་ནོ། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་བདུན་པའི་དཀའ་བ་བཀྲལ་བའོ།། །།འདི་ན་མར་ནི་སྦྱིན་སྲེག་གི་ཆོ་ག་སྟོན་པ་ལ་ནི། དེ་ནས་ཡང་ནི་བཤད་བྱ་བ་ཞེས་པས་བཤད་པར་དམ་བཅའ་ ་བའོ། །སྦྱིན་སྲེག་སྡིག་ནི་འཇིག་བྱེད་པ། ཞེས་པ་ནི་འདིས་སྡིག་པ་ཐམས་ཅད་སྲེག་པ་ནི་ལས་དང་ཉོན་མོངས་པས་བསྐྱེད་པའི་ཕུང་པོ་ལྔ་དང། སྐྱེ་མཆེད་དང། ཁམས་ལ་སོགས་པའི་རྟོགས་པ་དང། མཚན་མའི་དངོས་པོའི་སྡིག་པ ་འཇིག་བར་བྱེད་པའོ། །དེ་ཡང་ཞི་བ་དང་ཞེས་པ་ལ་སོགས་པ་གསུངས་ཏེ། རྒྱས་པ་དང་དབང་དང་དྲག་པོའི་རིམ་པས་ནི་ལས་ཀྱི་སྒོ་ནས་མིང་དང་རིམ་པས་དབྱེའོ། །ཞི་བའི་ཧོཾ་ཁུང་ཞེས་པ་ནས་གྲུ་གསུམ་མོ། ཞེས་པའི་བར་གྱིS་དབྱིབས ་བསྟན་ཏོ། །དཀར་པོ་ཞེས་པ་ནས་རིམ་པས་སོ་ཞེས་པའི་བར་གྱིས་ཁ་དོག་བསྟན། རྒྱ་མཚོ་ཞེས་པ་ནས་ཚད་ཡིན་ནོ། །ཞེས་པའི་བར་གྱིས་མེ་ལྷའི་བརྡའི་སྒོ་ནས་ཆེད་དུ་བཤད་དོ། །གཞན་མ་བྱ་བ་ནས་གཞན་མ་གྲུབ་བྱེ་བའི་ཚིག ་གཉིས་ཀྱིས་དཀུག་པ་ལ་སོགས་པ་ཡང་སྔ་མས་འགྲུབ་པར་བསྟན་ནོ། །ཧོ་ཁུང་རེ་རེ་སྙིང་གར་པར། །རིགས་ཀྱི་ལས་ཀྱི་གོ་རིམས་སོ། །ཞེས་པ་ནི་ཞི་བ་ལ་སོགས་པའི་ལས་ཀྱི་དབྱེ་བས་པདྨའི་ཁ་དོག་བྱེ་ལ?་རང་རང་གི་བཞག་གོ་།དེ ་སྟེང?་སྣ་ཚོགས་རྡོ་རྗེ་སྟེ། ཞེས་པ་ལ་སོགས་པ་ནི་ཕྱག་མཚན་དང་སྣ་ཚོགས་རྡོ་རྗེ་ཧཱུཾ་གི་འོད་འགྲོ་བ་དང་རླུང་དན་ཉི་མ་དང་དེ་ཉིད་གསུམ་གྱི་ས་བོན་དང་བཅས་པ་ལས་དམ་ཚིག་སེམས་དཔའ་བསྒོམ་པ་དང། ཡེ་ཤེས་ཀྱི་མེ་ལྷ་སྤྱན་དྲངས ་ལ་མཆོད་ཡོན་ལ་སོགས་བ་དབུལ་བ་དང་གཉིས་སུ་མེད་པར་བསྙིམ་པ་དང། དེ་ལ་མཆོད་པ་ལ་སོགས་པ་རྫས་ཐམས་ཅད་དབུལ་བ་རྫོགས་པར་བྱའོ། །ཕྱི་ནང་ལ་སོགས་པའི་དབྱེ་བ་དང། གནས་ཀྱི་རིམ་པ་བསྟན་པ་དང། དགང ་གཟབ་ལ་སོགས་པའི་མཚན་ཉིད་ནི་སྐབས་དང་སྦྱར་ལ་ཤེས་པར་བྱའོ། །སྒྲུབ་པའི་དབང་པོ་ཡོན་ཏན་ལྡན། སྔགས་དང་རྒྱུད་ཀྱི་ཐོས་པ་ཆེ། སྔགས་ཀྱི་བཟླས་ལ་གཅིག་ཏུ་མོས། །ཡིད་མི་འཕྲོག་པ་གསལ་བའོ། །ཞེས་བྱ་བའི་རྣལ་འབྱོར་བ་དབང་གི་རིམ ་པ་དང། དམ་ཚིག་ལ་གནས་པ། སྐྱོན་གྱིས་མ་གོས་པ། ཤེས་རབ་དང། སྙིང་རྗེ་ཆེ་བ། རྒྱུད་ཐམས་ཅད་ཀྱི་ཐོས་པའི་དོན་ལ་བརྩོན་པ། བསམ་གཏན་དང། བཟླས་པ་ལ་བརྩོན་པ་འདི་ལྟ་བུའི་སྒྲུབ་པ་པོ་གཞན་གྱི་བསམ་པ་ལ་མི་འཕྲོགས་པ་ཞེས་བྱ་བ་སྟེ། ་ཆེ་བའི་ཡོན་ཏན་གྱིས་བརྒྱན་པ་ལ་འདི་ནི་རྣལ་འབྱོར་ཤེས་རབ་ཅན་ཞེས་གསུངས་སོ། །གང་ཟག་འདིའི་དོན་རིན་པོ་ཆེ་ལྟ་བུར་ཡང་བསྟན་ཏེ། ཐིག་ལེའི་ཚུལ་ནི་ཡེ་ཤེས་ཆེ། །བྱེ་བྲག་ཤེས་པ་རིན་ཆེན་རིགས། ཞེས་གསུངས་སོ། །དེ་ཡང་ཐིག་ལེ་ལ་སོགས ་པའི་དབྱེ་བས་དགའ་བ་ལ་སོགས་པའི་ཡེ་ཤེས་ཀྱི་ཁྱད་པར་ཤེས་པའི་བདག་ཉིད་ནི་རིན་པོ་ཆེའི་རིགས་སོ། །རིགས་ལྔའི་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་བའི་དེ་བཞིན་གཤེགས་པའི་རིགས་སོ། །གཞོན་ནུ་མ་ནི་ལྔ་ཞེས་པས་ནི་ལོ་བརྒྱད་གཉིས ་གྲངས་ལྔ་སྟེ། ཤེས་རང་མཚན་ལྡན་ཞེས་བྱའོ། །ཡིག་དགའ་ཁུ་བ་ཡིས་ནི་ཚིམ། སྐྱན་?་མ་དང་དག་པ་མ། ཞེས་པ་ལ་སོགས་པ་གསུངས་སོ། །ཤེས་རབ་མ་དེ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་རོས་བདེ་བ། མིག་འཁྱུས་ལ་རིང་བ། རྟག་བ་ཆུང་བ། ་ནུ་མ་འབུར་བ། སྲ་བ་འཇམ་པ་དང་ལྡན་པ། ཡན་ལག་ལ་སོགས་པ་མཛེས་པའོ། །དེ་རིགས་ཀྱི་ཡུམ་དུ་བྱིན་གྱིས་བརླབས་ལ་ལས་བསྒྲུབ་པའི་དོན་དུ་གཞུགས་པར་བྱའོ། །སྦྱིན་སྲེག་ལ་གཞན་བཅུག་པས་ཆོག་མེད་?། མི་བཏུང་པར་གསུངས་ཏེ། ་སྦྱིན་སྲེག་ལས་སུ་དོན་བསྒྲུབ་ཕྱིར། །རིགས་ལྔ་མོ་ནི་གཞུག་པར་བྱ། ཞེས་གསུངས་སོ། །འོ?་ན་?་ལྔ་མ་དངོས་ཁོ་ན་གཞུག་གམ་ཞེན་མ་ཡིན་ཏེ། རིགས་ཀྱི་མཚན་ཉིད་སོགས་པ་དང་ལྡན་པའོ། །དེ་ཡང་འདི་སྐད་དུ་འབྱུང་སྟེ། སྲིང་མོ་དང་ནི?་? ་བུ་མོ་ཆུང་མ་སྒྱུག་མོ་རྣམས། །རིགས་ལྔའི་ཡུམ་དུ་བཤད་པ་ཡང། །ཇི་བཞིན་མ་ཡིན་བདག་གིས་ཕྱེ། ཞེས་གསུངས་སོ། །ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། །བླ་མ་ཉིད་ཀྱིས་དང་པོར་མཆོད། །ཅེས་པ་ནི་བླ་མ་དང་ལྷན་ཅིག་བསྲུབ ་པ་དང་སྲུབ་ཐབས་ཀྱི་སྦྱོར་བ་ཡིས་དགའ་བའི་རིམ་པས་མཆོད་པ་དང། སངས་རྒྱས་རིན་པོ་ཆེའི་དགྱེས་པའི་མཆོད་པ་ནི་ཧཱུཾ་གི་བླུགས་གཟར་གྱིས་བླུགས་བདུན་བླུགས་པ་ཡིས། དགང་གཟར་གྱིས་གཅིག་མཆོད་པ་ནི་དང་པོ་བླ་མས་སོ། ། ་བརྟགས་པ་དང་ནི་མ་བརྟགས་པའི། །འཛིན་པ་འདིར་ནི་མི་བགྱིད་དོ། །ཞེས་བྱ་བ་ནི་སྦྱིན་སྲེག་གི་མཆོད་པ་འདི་ཡང་དག་པའི་མཆོད་པ་ལ་ངོ་བོ་དང་བྲལ་བ་སྟེ། གནས་དང་དགང་གཟར་དང་བླུགས་གཟར་ལ་སོགས་པ་ཀུན་མི་འཛིན་ཞེས་རྒྱ་ཆེར ་སྦྱར་རོ། །རང་སེམས་འབྱུང་པོས་ཟོས་པ་ཀུན། སྣ་ཚོགས་ཐབས་ནི་བདག་གིས་བསྟན། ཞེས་པ་ནི་བྱང་ཆུབ་སེམས་མི་གནས་པར་འབྱུང་ཞིང་རྟོག་པ་དང། མཚན་མ་ལ་སྒྱུ་བ་འདི་ཐབས་ཀྱི་བྱེ་བྲག་གིས་གཟུང་བར་གསུངས་སོ། །དོན་དམ་དུ་ནི ་ཕྱི་དོན་མིན། །ནང་གི་མ་ཡིན་པ་མ་ཡིན། ཞེས་གསུངས་ཏེ་དོན་དམ་པ་དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་ནི་ཕྱི་ཡང་མ་ཡིན་ནང་གི་ཟས་ལ་སོགས་པ་ཡང་མ་ཡིན་ཏེ། དེ་བས་ན་དོན་དམ་དུ་གསང་བའི་སྦྱིན་སྲེག་ཀྱང་མ་ཡིན་པ་འདི་ནི་རང་བཞིན་དཔའ་ ་བའི་བདག་ཉིད་དོ། །རྡུལ་མེད་རྣམ་པར་རྡུལ་མེད་དག། ཅེས་པ་ནི་རྟོག་པ་ལ་སོགས་པའི་རྡུལ་དང་བྲལ་བའི་རྣམ་པའི་བག་ཆགས་ཀྱི་རྡུལ་ཐམས་ཅད་མེད་པར་བྱས་ནས་རང་བཞིན་གྱིས་གནས་སུ་དག་པའོ། །སྟོང་པ་དང་ནི་སྟོང་མིན་བྲལ། ་ཞེས་པ་ནི་རྫོགས་པའི་དོན་གྱིས་སྤྲོས་པ་ཐབས་རང་བྲལ་བ་སྟེ། དེ་ཡང་རང་བཞིན་གྱི་སྦྱིན་སྲེག་འདི་ནི་གཟུགས་ཀྱང་མ་ཡིན། ཚོར་བ་ལ་སོགས་པ་མ་ཡིན། དབང་པོ་ཡང་མ་ཡིན། ཁམས་ཀྱང་མ་ཡིན། སྐྱེ་མཆེད་ཀྱང་མ་ཡིན། ཁམས ་རྣམས་ཀྱང་མ་ཡིན། ཤིན་ཏུ་སྟོང་པ་ཡང་མ་ཡིན། སྟོང་པ་ཆེན་པོ་ཡང་མ་ཡིན། མི་སྟོང་པ་ཡང་མ་ཡིན། བརྗོད་དུ་མེད་པ་ལྐོག་ཏུ་གྱུར་པ་རང་རིག་པའི་དངོས་དང་བྲལ་བ་སྟེ། རང་རིག་པ་ལས་གཞན་དུ་འདའ་བ་མ་ཡིན་པ་འདི་ནི་དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་ཅེས ་བཤད་དོ། །དེའི་ཕྱིར་ཕུང་པོ་ཁམས་ནི་རྣམ་པར་རྟོགས། །ལྷའི་དབང་ཕྱུག་གང་ཞིག་བསྲེག་།དེ་ནི་མི་ཡི་དོན་དམ་པར། །ཞེས་པ་ལ་སོགས་པ་གསུངས་སོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ནི་རྣམ་པར་རྟོག་པའི་དངོས་པོ་མ་ཡིན ་ཏེ་སྔར་བསྟན་པ་བཞིན་ནོ། །རྟ་དང་གླང་པོ་ལ་སོགས་པ་ནི་སློབ་དཔོན་ལ་སོགས་པའི་ཡོན་གནས་ལ་ཡོན་གྱི་རིམ་པ་ཕུལ་བས་བསོད་ནམས་ཀྱི་ཚོགས་ཀྱིས་དོན་གྲུབ་པར་བསྟན་ཏོ། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་བརྒྱད་པའི་དཀའ་བ་བཀྲལ ་བའོ།། །།དེ་ནས་ཡང་ནི་བཤད་བྱ་བ། ཅེས་པ་ནི་བར་མ་ཆད་པར་གཞན་བསྣན་ཏེ་བཤད་ཅེས་པའོ། །ཚོགས་ཀྱི་འཁོར་ལོ་གཏོར་མ་ཆེ། ཞེས་པ་ལ་སོགས་པ་བཤད་དོ། །ཚོགས་ཀྱི་དཀྱིལ་འཁོར་ཞེས་པ་ནི། ཚོགས་ཀྱང་ཡིན་ཏེ་ཐམས ་ཅད་ཚོགས་པས་སོ། །འཁོར་ཡང་ཡིན་ཏེ་ལྷ་དང་ལྷ་མོ་དང་བདུད་རྩི་ལ་སོགས་པས་འཁོར་ཞིང་ཁྱབ་པའོ། །གཏོར་མ་ཆེན་པོ་ཡིན་ཏེ་ཕྱི་ནང་གི་དབྱེ་བས་ནི་གཏོར་མ་བྱའོ། །དེ་ཡང་ཚོགས་ནི་བཞིར་དབྱེ་སྟེ། ཕྱིར་བསྟན་པ་ནི་དངོས་ས་བླ་མ་ལ་སོགས་? ་དཀྱིལ་འཁོར་དང་བདུད་རྩི་ལྔ་ལ་སོགས་པའི་ཞལ་ཟས་ལ་སོགས་པའི་རིམ་པའོ། །ནད་དུ་ནི་རྩ་རྣམས་ཀྱི་རིམ་པ་ལ་མཁའ་འགྲོ་ལ་སོགས་པའི་དཀྱིལ་འཁོར་དང། བདུད་རྩི་ལྔ་ལ་སོགས་པ་ཡང་དེ་བཞིན་ནོ། །གསང་?་པར་ནི་ཡེ་ཤེས་ཀྱི་ཚོགས? ་བཟའ་བའི་བདུད་རྩི་དང་བསྲུད?་པའི་བདུད་རྩིའི་ཚོགས་ཏེ། དེ་ཡང་རྒྱུའི་རིམ་པས་འབྲས་བུ་བཟའ་བ་དང། བསྲུང་བ་འགྲུབ་པ་དེ་བཞིན་གཤེགས་པ་ལ་སོགས་པའི་རང་བཞིན་མཆོད་པའོ། །དེ་ཁོ་ན་ཉིད་ནི་བཟའ་བའི་ཚོགས་?། ?་གཉིས་?།། ་བཟའ་བའི་བདུད་རྩི་བྱང་ཆུབ་ཀྱི་སེམས་ཀྱི་རྟོགས་པ་དང་བྲལ་པའམ། དེ་བྲལ་བའི་དབང་གིས་ཤེས་རབ་ཀྱིས་བསྲུང་རྒྱུ་མེད་པ་འདི་ནི་རིག་པ་དང་བྲལ་པའི་དངོས་པོ་གཉིས་སུ་མེད་པའི་ཚོགས་སྤྲོས་པ་ཐམས་ཅད་རང་བཞིན་གྱིས་བྲལ ་བ་སྟེ། ཕྱི་དང་ནང་དང་གསང་བ་དང། དེ་ཁོ་ན་ཉིད་འདུས་པའོ། །དེ་ནི་བདེ་བའི་ཚོགས་ཏེ་ཡེ་ཤེས་ཀྱི་རང་བཞིན་ཀྱི་ཚོགས་སོ། །ཚོགས་ཀྱི་དབྱེ་བ་བྱས་ནས། ཁྱིམ་ནི་སུམ་ཐོག་གི་གནས། ཞེས་པ་ནི་བདག་ཉིད་ཉམས་དགའ་བ་ལ་སོགས་པའི་རྒྱལ ་པོ་དང། མུ་སྟེགས་དང་ཚོམ་ཀུན་ལ་སོགས་པ་སྐྱོན་སྤངས་པ་བཙལ་ལོ། །ཚོམ་ཀུན?་ཀུན་དང་ལྡན་པ་ཡི། །ཕྱི་རོལ་ཡུལ་མིན་ནང་གི་མིན་ཞེས་གསུངས་སོ། །སློབ་དཔོན་འདུས་པས་བརྒྱན་པ་དང། །ཞེས་པ་ནི་ཕྲག་རྒྱ་དྲུག་ལ་སོགས་པ་རུས་པའི ་རྒྱན་དང་ལྡན་པས་གནས་པའོ། །རྡོ་རྗེ་མདའ?་ནི་རྣམ་པར་གཟུགས། ཞེས་པས་མངའ་བྱིན་གྱིས་བརླབས་པ་བཞི་གཟུགས་སོ། །རྡོ་རྗེ་སྐུད་ལ་སོགས་པས་བསྐོར་ཞེས་པ་ནི། ཚོན་སྣ་ལྔའི་སྐུད་པས་བསྐོར་དང། ཚོགས་དགུམ?་པ་བྱ་བ་?? ་སྔགས་དང། ཏིང་ངེ་འཛིན་དང་ལྡན་པ་ལ་རྡོ་རྗེའི་སྒྲ་རུ་བཤད་དོ། །དེ་ལྟ་བུའི་ཁང་མཆོག་ནི། ཞེས་པ་ནི་གོ་སླའོ། །མེ་ཏོག་ལ་སོགས་དཀྱིལ་འཁོར་བྱ་ཞེས་པ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་དམ་མེ་ཏོག་?་འམ། ཡང་ན་ཏིང་ངེ་འཛིན་གྱི་རིམ་པས ་བྱའོ། །སྣ་ཚོགས་དང་ནི་ཐམས་ཅད་རྫོགས། ཞེས་པ་ནི་དཀྱིལ་འཁོར་གང་ལ་ཡང་རྒྱལ་དང། མཆོད་པ་དང། སྒོ་དང། རྡོ་རྗེ་རབ་ཡན་ལག་རྫོགས་པར་བྱའོ། །སི་ལ་ག་པུར་གྱིས་ནི་མཛེས་བྱ་བ་ནི་ཕྱིའི་མེ་ཏོག་ལ་སོགས་བྱ་བ་ནས་རྒྱ་ཆེར ་སྦྱར་ཏེ་དཀྱིལ་འཁོར་གྱི་མཆོད་པའོ། །དེས་ནི་ཕྱི་དང་ནང་ལ་སོགས་པའི་དབྱེ་བའོ། །དེ་རུ་མཆོད་སྦྱིན་དོན་དུ་ནི། ཞེས་པས་ནི་ཚོགས་ཀྱི་དཀྱིལ་འཁོར་དུ་དགོད་པ་ལ་བྱའོ། །བྱལ?་སེང་གི་ནི་རབ་གཟུགས་བླང། ཞེས་ནཾ་ཀ་ཏི་མུག་བྱོལ་སོང་གི ་ངོ་བོ་དང་བྲལ་བའི་རོ་བླང་བར་བྱའོ། །སྐྱེ་བ་གཅིག་པ་ཞེས་པ་ལ་སོགས་པ་ནི་བར་མ་ཆད་པར་སྐྱེས་པ་ན་ཚོད་ལ་བབ་པའི་རོ་བླང་ཞེས་སོ། ནང་ཀུན་མེད་པ་བདེ་གྲུབ་པ། ཞེས་པ་ནི་ནད་དང་མི་བདེ་བ་དང་བྲལ་བའི་དངོས་གྲུབ་གྲུབ་པའི་རྒྱུར ་འགྱུར་བ་དེའོ། །དྲི་ཞིམ་རྡུལ་ནི་འབྱུང་བ་ཅན་ཞེས་པ་ནི་བྲི་ལ་སོགས་པའི་ཡོན་ཏན་གྱིས་གང་བ། ཡང་དག་པའི་བདུད་རྩི་རྒྱུ་སྟེ་བདེ་བའི་ངོ་བོའོ། །གང་ཞིག་མིག་ནི་ཡུན་རིངས་འཛུམས་ཞེས་བྱ་བ་ནི་བདུད་རྩི་ཡེ་ཤེས་ཀྱི་རང་བཞིན་བྱ་བའི་དོན་དུ་མཁས་པས ་བླངས་ཞེས་གསུངས་སོ། །སྣ་ཚོགས་པའི་མཆོད་སྦྱིན་གྱིས་ཞེས་པ་ནི་ཚོགས་ལ་མཆོད་པ་མང་པོའི་ཚོགས་པས་སོ། །གྲི་གུག་རུང་བས་བརྟག་པར་བྱ། ཞེས་པ་ནི་ཤེས་རབ་ཀྱི་རང་བཞིན་ཤིན་ཏུ་རྣོ?་བའི་གྲི་གུག་གིས་བཅད་པའི་ལས་བྱའོ། །ཡན་ལག་རང་ཀྱི ་པདམོའི་སྣོད། གཏུང་བའི་དོན་དུ་བླ་མའི་མདུན་ཞེས་པ་ནི་རྐང་པ་དང། ལག་པ་ལ་སོགས་པའི?་རབ་ནི་མགོ་བོའི་པདྨའི་སྣོད་དོ། །དེ་ལ་ནི་?་པཱ་ལ་བྱས་ལ་ལྷའི་ཆད་ཡང་དག་པས་བཀང་པ་ལས་ཡང་དག་པའི་ཚོགས་སུ་འགྱུར་རོ་ཞེས་གསུངས་སོ། །ཡང ་ན་ཀ་བླ?་ལ་ནི་ཚོགས་ཀྱི་རྩ་བ་ཡིན་ནོ། །ཕྱེད་ནི་འཁོར་ལ་བྲིམ་པ་སྟེ། ཕྱེད་ནི་གཏོར་མར་དབུལ་བར་བྱ་ཞེས་པ་ནི་ཕྱེ་མར་ཤ་དང་ཆང་ལ་སོགས་པ་འགོ་བའོ། །གཞན་ཡང་དེ་ལྟར་སྦྱར་རོ། །ཁྲག་ཆེན་ནི་མིའི་ཁྲག་གོ་།ཤ་ཚེན་ནི་ཤ་ཆེན་ཏེ་མིའི་དའོ?། ་ཇི་སྙད་པ་ནི་བརྟག་པ་ཡིན། ཞེས་པ་ནི་ཚོགས་ཚད་བཤམས་ལ་མཆོད་པའི་རྫས་གཞན་ནི་སྣ་ཚོགས་མཆོད་པ་བྱེ་བྲག་།ཅེས་པ་ནི་ཟས་ཀྱི་རྣམ་པ་མི་འདྲ་བས་ཀྱང་མཆོད་པའི་བྱེ་བྲག་གོ་།ཉ་དང་ཤལ་སོགས་པར་ལྡན་ཞེས་པ་མི་འདི་རྣམས་ཐམས ་ཅད་ཚོགས་པ་ལ་ལྡན་ཞེས་བྱའོ། །མི་འཚེ་བ་ནི་གཞན་ལ་གནོད་པ་མ་བྱས་པའོ། །སྐྱོན་ཀུན་བྲལ་ཞེས་པ་ལ་སོགས་པ་གོ་པར་ཟད་དོ། །དེ་རུ་དམ་ཚིག་དག་པ་ནི། ཞེས་པ་ལ་སོགས་པ་བཟའ་བའི་དམ་ཚིག་དང་བསྲུང་བའི་དམ་ཚིག་ལ་སོགས ་པ་སྔར་བཤད་པའོ། །འཁོར་ལོ་དང་བཅས་རིགས་རབ་ཚི་མ་ཞེས་པ་ནི་འཁོར་ལོ་ལ་སོགས་པའི་ཚིགས་དང། བླ་མར་བཅས་པས་མཆོད་པས་ཚིམ་པར་བྱས་ལ་ཕྱེད་གཏེར་མའི་ནང་དུ་དབུལ་ལོ། །ནམ་ཕྱེད་ལམ་གྱི ་བཞི་མདོར་རོ། །ཡང་ན་སུམ་མདོ་གྱེས་པ་རུ། ཞེས་པ་ནི་མཁའ་འགྲོ་མའི་རྒྱུ་སྲང་བཞི་མདོར་གཏོང་མ་ཆེན་པོ་གཏང་བ་འམ་སུམ་མདོ་རུ་གཏང་བའོ། །དུར་ཁྲོད་ཀྱི་ནི་ཆུ་ངོས་བསམ་ཞེས་པས་ནི་གནས་བསྟན་ཏེ། རྒྱ་ཆེན་པོར ་སྒྱར་རོ། །ལྷག་མ་མ་ཡིན་ཡང་ན་ཕུད་ཅེས་པ་ནི་ཚོགས་ཀྱི་ལྷག་མ་ལ་སོགས་པས་ཡི་དགས་རྣམས་ཚིམ་པར་བྱ་བའི་ཕྱིར་ཆུས་བསྲེས་ལ་བྱའོ། །གཞན་མ་ཀུན་ནི་སོ་སོར་གཞག་ཅེས་བྱ་བ་ནི་ཕྱོགས་སྐྱོང་བཅུ་ལ་གཏོར་མ་བཅུ་སོ ་སོར་གཞག་གོ་།རྩ་བ་ཅི་བཞིན་རིམ་པས་གཞག་།ཞེས་བྱ་བ་ནི་རྩ་བའི་གཏོར་མ་ཆེན་པོ་མདུན་ལ་གཞག་།ཕྱི་མ་ཡང་རིམ་པ་བཞིན་དུ་གཞག་གོ་།རང་གནས་ཕྱིན་པ་ཙམ་གྱིས་ནི་ཞེས་པ་ནི་དུར་ཁྲོད་ཆེན་པོའི་གནས་སམ། ་ཡང་ན་ཆུ་དོགས་ཆེན་པོར་ཕྱིན་པ་ཙམ་ནི་མན་ངག་གོ་།འཁོར་ལོ་ལ་ནི་སྣོད་གཅིག་བརྟག་།ཅེས་བྱ་བ་ནི་འཁོར་གྱི་ཚོགས་ཐམས་ཅད་ནི་གཅིག་ཏུ་བཏུད་པར་བརྟག་གོ་།སློབ་དཔོན་ལ་ནི་དུམ་བུ་གཅིག་།འབད་པ་ཡིས་ནི ་བསྲུང་བར་བྱ། རང་གི་ཚོགས་ལའང་སྦྱིན་མི་བྱ། །རང་དབང་བསྐུར་བའང་དེ་བཞིན་ནོ། །ཞེས་པ་ནི་བླ་མ་ལ་ཀ་པཱ་ལ་གླིང་གཅིག་པའི་འཛག་བུག་མེད་པ་དེར་བདུད་རྩི་བཀད?་ལ་བོར་མི་གཞུག་པར་བསྲུང་ངོ། །དེ་ཡང་རང་གི་དམ ་ཚིག་གིས་བསྡུས་པའི་ཡུམ་ལ་སོགས་པ་དང་ཡང་མི་བསྲེ་བར་གཟུང་ངོ། །རང་གི་དབང་ལ་སོགས་པའི་རིམ་པ་ཕྱས་པ་དང་ཡང་བསྲེ་བ་མ་ཡིན་ནོ། །གཞན་དག་ན་རེ་དེ་ནི་རང་གི་རང་ལ་དབང་བ་ཞེས་བྱ་བ་ཡིན་ནོ་ཞེས་ཟེར་རོ། ། ་དེ་ནི་དགོངས་པས་བཤད་པའོ། །དེའི་དུས་སུ་གལ་ཏེ། དེར་ནི་ཚོགས་ཀྱི་འཁོར་ལོ་ཆེན་པོའི་དུས་སུ་རྣལ་འབྱོར་མ་འོངས་པ་སྲིད་པས་བྱ་བའི་དོན་ནོ། །འོད་ན་ལ་སོགས་པ་གོ་སླའོ། །ཧ་ཧར་དགོད་པ་དེའི་ཚེ་ཞེས་པ་ནི་ངག་གི་བརྡའ་བརྗོད ་པའི་མཁའ་འགྲོ་མ་ལ་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་སྦྱིན། ཞེས་པ་ནི་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་དུ་སྦྲེལ་བའི་རྣམ་པ་གུད་མོ་དང་སྲིན་ལག་མཐེ་བོང་གིས་མནན་ལ་མཛུབ་མོ་གཉིས་ལྕགས་ཀྱུའི་ཚུལ་དུ་རྣམ་འབྱོར་པས ་བྱས་ལ། དེའི་དུས་སུ་ཧ་ཧ་ཧ་ཧ་ཞེས་ཁམས་གསུམ་དུ་ཐོས་པའི་སྒྲ་བྱའོ། །ཆུང་ཟད་ལ་སོགས་བའི་ངག་གིས་གསང་བ་དང་ལུས་ཀྱི་གསང་བ་དེ་བཞིན་དུ་གསང་བ་ལ་སོགས་པའི་ནི་གོ་སླའོ། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ ་དགུ་པའི་དཀའ་བ་འབྲལ?་བའོ།། །།བཅོམ་ལྡན་ཡེ་ཤེས་རྒྱལ་དབང་པོ། །དཀྱིལ་འཁོར་མདོ་འདི་བསྟེན་པ་གསུངས། །འདི་རུ་ངེས་བསྟན་ཇི་ལྟར་ལགས། །མངའ་བདག་ཆེན་པོ་ཉིད་བཀའ་སྩོལ། ཞེས་བྱ་བ་ནི་ལྷའི་དབང་ཕྱུག་གིས་བཅོམ ་ལྡན་འདས་ཡེ་ཤེས་ཐིག་ལེ་ལ་བོས་ནས་དཀྱིལ་འཁོར་གྱི་དོན་དེས་པ་ཁོ་ནར་ཞུས་པ་ནི་ཞེས་དང་གུས་པའི་ཚུལ་གྱིས་དྲིས་པའི་དོན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནི་འཁོར་རྣམས་དང་བཅས་པ་ལ་གསུངས་པ་སྟེ། འདིས་ཐམས ་ཅད་གོ་བར་འགྱུར་བའོ། །དཀྱིལ་འཁོར་གྱི་ནི་ངེས་བསྟན་པ་ཇི་བཞིན་དེ་ནི་དཔའ་བོ་ཉོན་ཞེས་པ་ནི་སྔར་ཞུས་པའི་དཀྱིལ་འཁོར་གྱི་དོན་ངེས་པར་བསྟན་ཀྱིས་བསྟན་པ་དེ་མནོད?་བར་སེམས་ལ་ཡང་དག་པར་ཆུང་ཤིག་།ཤེས་པར་དཔའ་བོས་ཀྱིས་ཤིག་པའོ?། ལྡན ་གསུངས་པའི་རྒྱུད་དོན་ལས། ཞེས་པ་ནི་གོང་དུ་གསུངས་པའི་དོན་འདི་རུ་བསྡུས་ནས་བསྟན་པར་བྱའོ། །ཱ་ལི་ཀཱ་ལི་བདེ་བ་ཆེ་ཞེས་པ་ནི་བདེ་བའི་བྱང་ཆུབ་ཀྱི་སེམས་ཐིག་ལེའི་ངོ་བོ་ཟླ་བ་དང་ཉི་མའོ། །མཾ་ཧཱུཾ་གཉིས་ལས་ཐིག་ཚུལ་གྲངས། ཞེས་བྱ ་བ་ནི་མཾ་ལས་ཚུལ་གྱི་དངོས་པོ་ཧཱུཾ་ལས་ཐིག་ལེ་དེ་གཉིས་ལས་ཕྱག་མཚན་གཉིས་སུ་གྱུར་པ་ནི། དེ་གཉིས་ལས་གྲི་གུག་དང། ཞེས་གསུངས་ཏེ། ཕྱག་མཚན་གཉིས་ཀྱང་ས་བོན་དང་ལྡན་པའོ། །ས་བོན་གཉིས་ལས་འོད ་ཕྱོགས་ཐམས་ཅད་དུ་སྤྲོ་བ་དང། བསྡུ་བ་བྱས་པ་ལས་བཅོམ་ལྡན་འདས་ཡེ་ཤེས་ཐིག་ལེ་ཡབ་ཡུམ་བཞེངས་པ་ལ་ནི། ཡེ་ཤེས་མེ་ལོང་ལས་ཡེ་ཤེས། །སྙིང་པོ་བདག་ཉིད་ཞུ་ལས་བྱུང་ཞེས་སོ། །སར་པ་སྤྲིན་དང་མཉམ་པའི་མདོག་ཅེས ་པ་ནི་སྐུ་མདོག་སྦྱིན་བཞིན་གནག་པར་གནས་ཞེས་སོ། །ཕྱག་ནི་བརྒྱད་གཉིས་པ་ཡིས་བརྒྱན། ཅེས་བྱ་བ་ནི་བརྒྱད་གཉིས་ལས་བཅུ་བཅུ་དྲུག་སྟེ། གཡས་པ་བརྒྱད་དང་གཡོན་པ་བརྒྱད་དོ། །བཅུ་དྲུག་ཕྱེད་ཀྱི་ཞལ་འཇིགས་པ་ཞེས་པ་ནི་ཞལ ་བརྒྱད་མངའ་བའོ། །ཞབས་བཞི་ཡིས་ནི་རབ་ཏུ་མཛེས། ཞེས་པ་ནི་ཞབས་བཞིས་བརྒྱན་པ་ལ་ནི་མཛེས་ཞེས་བྱའོ། །ཉི་ཤུ་རྩ་བཞིའི་སྤྱན་གྱིས་ཕྱུག་ཅེས་བྱ་བ་ནི་ཡོན་ཏན་དེ་ལྟ་བུ་དང་ལྡན་ནོ། །གཏི་མུག་གསུམ་གྱི་མུན་ནག་འཇོམས། ཞེས ་བྱ་བ་ནི་ཉོན་མོངས་པ་གསུམ་གསལ་བའི་བདག་ཉིད་ཡེ་ཤེས་དང་སྟོབས་གསུམ་མོ། །དཀར་པོ་ཞེས་པ་ལ་སོགས་པ་ལ་དབུས་གནག་པ་སྐུ་དང་མཐུན་གཡས་སེར་པོ་མ་དམར་པོའོ། །གཞན་ནི་སྔོན་པོའོ། །སྟེང་གི་ཤིན་ཏུ་འཇིགས་པ་? ་བུའི་ཞལ་ལ་བུང་བའི་མདོག་གོ་།གཡོན་རྐྱང་གཡས་བརྐྱང་ཞབས་ནི་ཞེས་པ་ལ་ཞབས་བཞི་བརྐྱང་ཞེས་བྱ་སྟེ། དོར་སྟབས་སུ་བཞུགས་ནས་གཡས་བརྐྱང་བས་འཇིགས་བྱེད་མནན་པ། གཡོན་གྱིས་ཉི་ཟླ་བརྫིས་པའོ། །དེའི་ཕྱིར་འཇིགས ་བྱེད་ཉི་ཟླ་གནོན་ཞེས་བྱའོ། །འཇིགས་བྱེད་མ་ལྡན་ཀ་པཱ་ལ། །ཁྲག་གིས་བཀང་བ་ཕྱག་ན་བསྣམས། །ཞི་བའི་པགས་པ་ན་བཟའ་མཆོག་།ཕྱག་གཉིས་དེ་ནི་གྱེན་དུ་བརྒྱད། ཞེས་བ་ནི་མཧཱ་དེ་བའི་པགས་རློན་བཤུས་མ་ཐག་ཕྱག ་གཉིས་ཀྱིས་གྱེན་ལ་དབྱངས་པའི་ཕྱག་དང་གཞན་ལྷག་མ་རྣམས་ཀྱིས་འཇིགས་བྱེད་མའི་ཁྲག་ཁ་ལ་སོགས་པ་ནས་འཛག་པ་ཡིས་ཀ་པཱ་ལ་བཀད་བས་བདག་ཉིད་བཏུང་བའི་རོལ་པ་མཛད་པའོ། །ཚངས་པའི་པགས་པ་རྐེད་ཤམ་ཐབས། ཞེས་གོ་སླའོ། ། ་ཕྱག་རྒྱ་དྲུག་གིས་སྐུ་ལ་བཅིངས་ཤེས་བྱ་བ་ནི་འཁོར་ལོ་ལ་སོགས་པ་དྲུག་སྟེ། དངོས་སུ་རིགས་དྲུག་གོ་།ཕྱག་རྒྱ་ཆེ་དང་གཉིས་མེད་སྦྱོར། ཞེས་པ་ནི་ཡུམ་གྱི་མཚན་ཡིན་ཏེ། ཡབ་ཡུམ་གཉིས་སུ་དབྱེར་མི་ཕྱེད་པ་སྦྱོར་བའི་ཚུལ་དུ་བཞུགས་པའོ།། ་གང་དང་ལྡན་པའི་ཚངས་སྤྱོད་བཞུགས་ཤེས་བྱ་བ་ནི་གར་མཁན་ནས་སྤྲུལ་པའི་བདག་ཉིད་དུ་བཞུགས་པའོ། །ཚངས་པའི་ཡུལ་ས་བྱེ་བ་ཁང། །ཚངས་པའི་ཡུལ་ས་ཞལ་གྱིས་རྒྱན། ཅེས་བྱ་བ་ནི་ཤ་ཆེན་ལ་སོགས་པ་གསོལ་བ་དང་མི་མགོ་ལ་སོགས ་བའི་རྒྱན་གྱིས་བརྒྱན་པའོ། །ཕྱག་རྒྱ་ཆེན་པོ་ནམ་མཁའ་སྔོ་ཞེས་པ་ནི་བཅོམ་ལྡན་མོའི་སྐུ་མདོག་སྔོ་བའོ། །ཚངས་པའི་ཕྱག་གཉིས་པ་ལན་བཟའ་གྲོལ། ཞེས་པ་ནི་གཅེར་བུ་གོས་མི་མངའ་བ་ཞལ་གཅིག་ཕྱག་གཉིས་པའོ། །གྲི་གུག་སྣོད་རྣམས་ཞི ་བའི་ཞལ། ཞེས་པ་ནི་ཕྱག་གཡས་གྲི་གུག་གཡོན་པ་པདྨའི་སྣོད་བསྣམས་པ་དགྱེས་པའོ་ཚུལ་དུ་མཛད་པའོ། །སྤྱན་གསུམ་པ་དང་སྒྲ་གྲོལ་བ། མགྲིན་པར་འཁྱུད་པ་གསང་བ་མཆོག་ཅེས་པ་ནི་སྤྱན་གསུམ་པ། སྒྲ་ཁམ་པ་གྱེན་དུ་གཡེངས་པ་ཡབ ་ཀྱི་མགྲིན་བར་ཡུམ་འཁྱུད་ནས་གནས་པ། ཡུམ་ལ་ཡར་ཡབ་ཀྱིས་འཁྱུད་པའོ། །དེ་ཡང་འདི་སྐད་སྟོན་ཏེ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཡིས། །རབ་གུར་དུ་བསམ་པར་བྱ། །དེ་དབུས་བྷྲུཾ་ལས་རྩིབས་བཅུ་སེར། །ཕྱོགས་སྤྱོད་བཅུ་དང། བྲོ་བོར་བཅས ་གཤིན་རྗེ་མདོག་གནས?་ཤར་དུ་བསམ། །ཞེས་གསུམ་ཕྱག་དྲུག་སྤྱན་གསུམ་པ། །རྡོ་རྗེ་རལ་གྲི་རྩེ་གསུམ་གཡས། །པདྨ་ཐོབ་དབྱུག་པ་གཡོན། །དད་པོའི་ཕྱག་གཉིས་རང་འོད་འཁྱུད། །ཞལ་གཡས་སེར་ལ་གཡོན་པ་དམར། །ཧཱུཾ་ལས་འ? ་བ་བསྒོམ་པར་བྱའོ། །ཤེས་རབ་མཐར་ཕྱིན་ལྷོའི་རྩིབས། །དཀར་པོ་དམར་པོ་སྔོན་པོའི་ཞལ། །དབྱུག་པ་རལ་གྲི་གཡས་ན་བསྣམས། །མཚོན་རྩེ་མགོ་བོ་གཡོན་དུའོ། །པདྨ་མཐར་ཕྱིན་ནུབ་ཀྱི་རྩིབས། །དམར་པོ་དཀར ་པོ་སྔོན་པོའི་ཞལ། །རལ་གྲི་འཁོར་ལོ་ཕྱག་གཡས་སུ། །ཟླ་ཕྱེད་དང་ནི་རི་རབ་གཡོན། །བདུད་རྩི་འཁྱིལ་བ་བྱང་གི་རྩིབས། །སྔོན་པོའི་དཀར་པོ་དམར་པོའི་ཞལ། །གཡས་ན་རལ་གྲི་རྡོར་རྒྱ་གྲམ། །མདུད་ཐུང་དུད་གཉིས་གཡོན་ན་བསྣམས། ་འདོད་རྒྱལ་སྔོན་པོ་དཀར་དམར་ཞལ། །རལ་གྲི་རིན་ཆེན་སྟ་རི་མདུང། །དབྱུག་སྔོན་སེར་པོ་ལྗང་དམར་ཞལ། །རྩེ་གསུམ་རལ་གྲི་གསལ་ཤིང་མེའོ། །སྟོབས་ཆེན་དུད་མདོག་སེར་དང་དམར། །རལ་གྲི་དུད་ཞག་རྟ་རྔ་ཡག་།མི་གཡོ ་དཀར་གནག་དམར་པོ་སྔོ། །རལ་གྲི་ལྕགས་ཀྱུ་བི་ཝང་བྱེའུ། །དྲང་སྲོང་ལ་སོགས་མཚམས་སུའོ། །གཙུག་གཏོར་འཁོར་སྒྱུར་སེར་སྔོ་དཀར། །འཁོར་ལོ་རལ་གྲི་ཀ་པཱ་ལ། ཁ་ཊཝཱཾ་ག་བཞི་ཕྱག་བསྣམས་ན། །བསྣམས་པ་ཤར་མཚམས ་རྩིབས་པའོ། །སུམ་རྒྱལ་སྔོན་པོ་ཞལ་གསུམ་པ། །སྔོན་པོ་ཉི་མའི་འོད་འདྲའི་ཞལ། །རལ་གྲི་ལྕགས་ཀྱུ་གྲི་གུག་དང། །ཐོད་པ་བསྣམས་པ་ནུབ་མཚམས་བསམ། །ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་སྟེ། །དང་པོ་གཉིས་ནི་ཡུམ་ལ ་འཁྱུད། །གཡས་བརྐྱང་པ་ལ་བཞིན་ཡང་འཇིགས། །གསུས་བློ་ལྗགས་འདྲིལ་མཆེ་བ་གཙིགས། །སྦྲུལ་གྱི་རྒྱན་གྱིས་ཐམས་ཅད་བརྒྱན། །ཡཀ་ཙོམ་དང་ནི་སྨིན་མ་མཉམ། །དབུ་སྐྲ་སེར་བ་གྱེན་འགྲེད་བའི། །ཁྲོ་བོ་བཅུ་ནི་བསྒོམ་པར ་བྱ། །ཀུན་ཀྱང་འཇིག་རྟེན་སྐྱོད་བའི་སྟེ། གར་དགུ་དང་ནི་ལྡན་པའོ། །ོཾ་ཛམྦྷ་ཛེམྦྷཱ་ཧཱུཾ་ཕཊ། ཨོཾ་གུ་གུ་རོ་ཧཱུཾ་ཕཊ། ཨོཾ་དྷ་ར་དྷ་ར་ཧཱུཾ་ཕཊ། ཨོཾ་བི་དྷ་ར་བི་དྷ་ར། ཨོཾ་ཏ་གྷེ་ཊ་ཊ་གྷེ་ཊ་ཊ་ཧཱུཾ་ཕཊ། ཨོཾ་སྭ་ལི་?་ཧཱུཾ་ཕཊ། ཨོཾ་ཨ་ཊ་ཧ་ས་ཧཱུཾ་ཕཊ། ཨོཾ་ཨ ་ཌཧ་ཨ་ཌཧ་ཧ་ས་ཧཱུཾ་ཕཊ། ཨོ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་བི་ཀྲ་མ་བི་ཀྲ་མ་ཧཱུཾ་ཕཊ་ཞེས་པ་སྔགས་ཀྱིས་བསྲུངས་པའོ། །དེའི་ལྟེ་བའི་དུས་སུ་ནི། །དྷརྨ་ཏ་ཡ་ཀུནདྷ་མཚུངས། །ཡེ་ལས་བྱུང་བ་བསམ་པར་བྱའོ། །རླུང་ལ་སོགས་པའི་འཁོར་ལོ་བཞི། །མཾ་རཾ ་བཾ་ལཾ་ལས་བྱུང་བའོ། །བྷུཾ་ལས་འཁོར་ལོའི་སྟེང་དུ་བདག་།རྣམ་པར་སྣང་མཛད་ངོ་བོར་གནས། །དཀྱིལ་འཁོར་དང་བཅས་ཡོངས་གྱུར་པ། །གཞལ་ཡས་ཁང་པ་རིམ་གཉིས་སོ། །གྲུ་བཞི་པ་ལ་སྒོ་སོགས་ལྡན། །ཤིང་དང་དུར་ཁྲོད་རྣམས ་ཀྱིས་བསྐོར། །མི་བཟད་མི་སྡུག་ཅེ་སྦྱང་སོགས། །འཇིགས་སུ་རུང་ཡང་ཤ་ཟའི་ཁ། །ཧ་ཧར་རྒོད་དང་ནག་པོའི་མེ། །འཇིགས་བྱེད་བརྒྱད་པོས་རྣམ་པར་བརྒྱན། །དཔལ་གྱི་མེ་ཏོག་མིག་རྫི་ཤིང། །ནཱ་ག་གེ་སར་ཝ་དང་དང། །པ་ལ་དང་ནི་ཤར ་དང། །ཁར་བ་ཤིང་དང་ཤ་མི་བརྒྱད། །བྱི་ལ་བྱ་རྒོད་ཉི་མ་འཇིགས། །སྟག་དང་གླང་ཆེན་ཅེ་སྤྱད་དང། །ཁྱི་དང་རྟ་ལ་སོགས་པ་བརྒྱད། །དུར་ཁྲོད་ཤིང་ལ་དབང་བྱེད་པའོ། །ཡང་ན་ཁྲལ་སོགས་པ་བརྒྱད། །རིགས་པས་དུར་ཁྲོད་དུ་བཤད་པའོ། ། ་འདོད་མ་ལ་སོགས་རྩ་བརྒྱད་ནི། །འབྲས་བུ་མེ་ཏོག་ཡོད་པས་ཤིང། །ཤིང་ལ་དབང་བྱེད་དཔའ་བོ་རྣམས། །རང་རང་ངོ་བོར་གནས་པའོ། །དེ་ལྟའི་རྒྱན་གྱིས་བརྒྱན་པའོ། །དབུས་ན་འདབ་བརྒྱད་ཁ་དོག་དམར། །ཟླ་བ་ཉི་མ་མཛེས་པའི་གདན། ། ་དབྱངས་ཡིག་དཔེ་བྱད་ལས་བྱུང་བའི། །ཟླ་གཉི་མ་གཉིས་སུ་གསལ། །དབུས་སུ་ས་བོན་གཉིས་གྱུར་པ། །པད་སྣོད་གྲི་གུག་མི་ཧཱུཾ་ལྡན། །ཐམས་ཅད་འདི་རུ་གཅིག་པ་ལ། །བཅོམ་ལྡན་ཡེ་ཤེས་ཐིག་ལེ་བཞེངས། །སྐུ་མདོག་གནག་ལ་ཁྲོས་པའི ་ཞལ། །ཞལ་བརྒྱད་དང་ནི་སྤྱན་གསུམ་པ། །དབུས་མ་གནག་ལ་སྐུ་དང་འདྲ། །སེར་པོ་དམར་པོ་ལྗང་གུའི་མདོག་།གཡོན་ནས་བསྐོར་བའི་རིམ་པའོ། །གཞན་ནི་ཨུཏཔལ་སྔོན་པོ་མཚུངས། །རྡོ་རྗེ་དྲིལ་བུ་རྡེའུ་ཆུང་དང། །ཀ་པཱ་ལ་དང། པ ་རལ་གྲི་དང་ནི་མངའ་གཞུ་རྣམས། །ཕྱག་ནི་བཞི་གཉིས་ན་ནི་བསྣམས། །སྣ་ཚོགས་རྡོ་རྗེ་སྤྱི་བོར་མཚན། །ཟླ་ཕྱེད་དབུལ་བརྒྱན་པ་ལ། །མི་བསྐྱོད་པའི་ཅོད་པན་ཅན། །མགོ་བོ་རློན་པས་དོ་ཤལ་བྱས། །གཤིན་རྗེ་རྒད ་པའི་ཤམ་ཐབས་ལ། །ཐོད་པའི་དུམ་བུའི་སྐ་རགས་བཅིངས། །སྐུ་ནི་ཕྱག་རྒྱ་དྲུག་གིས་བརྒྱན། །བཞེངས་ཏེ་གར་དགུའི་སྒྲ་ཆེན་སྒྲོགས། །ཞབས་ཀྱིས་འཇིག་རྟེན་མནན་ནས་རོལ། །ཕྱག་རྒྱ་ཆེ་དང་གཉིས་མེད་སྦྱོར། །བདེ་བ་ཆགས ་ཆེན་རང་བཞིན་ལས། །འཕྲོས་པའི་ལྷ་མོ་རྣམས་ཀྱིས་མཆོད། །ཀྱེ?་རབ་སྐུ་མཆོག་གི་ངོ་བོ་ཡི་མཚན་ཉིད། །གང་ན་བཞུགས་པ་མྱ་ངན་འདས་མཚན་ཉིད། །དེ་ཁོ་ན་ཉིད་དང་བྲལ་པའི་སྟོང་དེ་ཆད། །གཉིས་མེད་པའི་བདེ་བས་མི ་ཚོར་རམ་ཅི། །མཚོ་སྐྱེས་མ་དང་གསུང་རྡོ་རྗེར?་སྦྱོར་ཡོངས་གཟིགས། །གང་ཞིག་དངོས་པོ་དངོས་མེད་དེ་ནི་སྐྱོང། །གླུ་ཡིས་མཆོད་ཅིང་བསྐུལ་བ་ལས། །རང་བཞིན་ལས་ནི་མཾ་ཧཱུཾ་ངོ། །གྲི་གུག་པད་སྣོད་དེ་ལས་བྱུང། ལྟེ་བའི། ། ་ནང་དུ་ས་བོན་གནས། །སྙིང་པོ་ཞུ་ལས་བཅོམ་ལྡན་འདས། །འཇིགས་བྱེད་ཟླ་ཉི་སྟེང་ན་བཞེངས། །དཔའ་བོ་དཔའ་མོ་རྣམས་ཀྱིས་བསྐོར། །ཞལ་བརྒྱད་ཕྱག་ནི་བཅུ་དྲུག་སྟེ། །ཞབས་བཞི་གཡས་བརྒྱད་གཡོན་ཀྱང་བརྐྱང། ། ་སྤྱན་གསུམ་པ་ནི་སྐུ་མདོག་གནག་།ཞལ་གསུམ་དཀར་དང་དམར་དང་སེར། །གཞན་རྣམས་ཞལ་ནི་བུང?་བ་མཚུངས། །སྟེང་མ་འཇིགས་པ་བུད?་བུའི་བྱང། །ཁྱོད་སྐུ་མཆེ་བ་འཇིགས་པ་གཙིགས། །སྐུ་ལ་བསྐལ་པའི་མོར?་འབར། ་བཞེངས་ནས་དྲེགས་པ་འཇོམས་པར་མཛད། །ཐོད་རློན་རྒྱུ་མས་བརྒྱུས་པས་བརྒྱན། །སྐྲ་སེར་སྨིན་མ་གྱེན་དུ་འགྲེང། །ཞི་བའི་པགས་པ་རློན་པ་ནི། །ཕྱག་གཉིས་གྱིས་ནི་གྱེན་དུ་སྦྱངས། །ལྷག་མའི་ཕྱག་རྣམས་འཇིགས ་བྱེད་མའོ། །ཁ་ནས་ཁྲག་མཛག་ཀ་པཱ་ལར། །བཏུང་བཟའ་ཨི་ཕྱིར་ནི་ཕྱག་ན་བསྣམས། །ཕྱག་རྒྱ་དྲུག་གིས་སྐུ་ལ་བརྒྱན། །ཚངས་པའི་པགས་པས་ཤམ་ཐབས་བྱས། །སྐྱེ་རགས་བཅིངས་ཞིང་གང་དུ་སྒྲོགས། །ཧ་ཧ་བཞད་པ་ཁྲོ་བོའི་འཇིག ་ཕྱག་རྒྱ་ཆེ་དང་མཉམ་སྦྱོར་ཞིང། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྡེ། །སྤྱན་གསུམ་སྐྲ་གྲོལ་གཉིས་ཀ་འཁྱུད། །རུས་པའི་རྒྱན་དང་ཐོད་པས་བརྒྱན། །མི་བསྐྱོད་ཅོད་པན་ཡབ་དང་མཉམ། །གཅེར་བུ་ཁམ་དུ་ཐམས་ཅད་གསོལ།། ་ཕྱག་གིས་གྲི་གུག་སྣོད་འཛིན་པ། །རྒྱན་རྣམས་ཡབ་དང་མཚུངས་པའོ། །སྣ་ཚོགས་པདྨའི་ཤར་ཕྱོགས་སུ། །དཔའ་བོ་ལ་སོགས་བཞུགས་པ་རྣམས། །ཤར་དུ་ཨུ་རྒྱན་གནས་སུ་ནི། །ནམ་མཁའ་དྲི་མེད་བསམས་པར་བྱ། །ཛ་ལནྡྲ?་བྱང ་དུ་སྟེ། །ཤིན་ཏུ་རྩལ་ཆེན་བསྒོམ་པའོ། །པུ་ལི་རིམ?་ནུབ་ཏུ་སྟེ། །ལྷའི་དབང་ཕྱུག་བསམ་པའོ། །ཀ་མ་རུ་པ་ལྷོ་ཡི་ཕྱོགས། །གསང་བའི་བདག་པོ་དེ་ལྟར་རོ། །མ་ལ་པ་རུ་འོད་དྲ་བ་སྟེ། །སིནདུའི་ཡུལ་དུ་ཉི་འགྲོའོ། །ན་གར་དུ་ནི་མཆོག་དགའ་ ་སྟེ། །སིང་ཀར་ཐམས་ཅད་བྱེད་པའོ། །གནས་དང་ཉེ་གནས་བྱ་བའོ། །མུ་མུར་ཨུཏཔལ་སྙིང་པོ་སྟེ། །དེ་བི་ཀོ་ཊིར་ཞིང་ཆེན་བདག་།ཀུ་ལུ་ཏ་རུ་ནག་པོ་འདུལ། །?་འབྱུང་དཔའ་བོ་ཨ་རཱུ་ཏར། །ཞིང་དང་ཉེ་ཞིང་ཞེས་འདིར་བཤད། །ཧ་ལི? ་ལོར་གྲགས་ཆེན་ཏེ། །ཀུ་ཏ་པར་ནི་དྲག་འཛོམས་སོ། །རི་རབ་རྟ་ནི་ལམ་པ་ཀ་།ཙ?་ཀར་ནི་ནམ་མཁའ་ཨི་ཞལ། །ཚན་དོ་དང་ནི་ཉེ་ཚན་དོ། །ཤར?་དང་བྱང་ལ་སོགས་པ་རུ། །དཔའ་མོ་རྣམས་དང་སྔོན་དང་མཚུངས། །ལས་ཀྱི་ཡུལ་དུ་བླ་མ་?། ། ་གཡོན་པ་མ་ནི་གསེར་གླིང་དུ། །མི་མཉམ་མ་ནི་ཀུ་ལུ་ཏར། རླུང་ཟ་མ་ནི་ཙན?་རོ། །འདུས་པ་དང་ནི་ཉེ་བའི་འདུས། །ཡི་དགས་འདས་པར་བསིལ་སྦྱིན་མ། །སྙིང་པོའི་འདབ་མའི་ཆུའི་ངོས། །བག་ཡོད་ཐོར་ཙག་ཅ་རི་ཊར། །ཉི་འདུལ་གཞན ་ནུའི་གྲོང་ཁྱེར་དུ། དེ་ནི་དུར་ཁྲོད་ཉེ་དུར་?། །ཞི་ཚེར་ཕོ་ཉ་ཀསྨི?་རང། །ལྗང་ཙོན་མ་ནི་ཀེ་ཏ་རར། །ནེབ་ལེ་རུ་ནི་འོང?་བདུན་མ། །ཚངས་པའི་མ་ནི་ཀ་ནུ་ཛར། །བྱི་ལ་ཉེ་བའི་བྱི་ལའོ། །འཆི་མེད་གྲོང་ཁྱེར་ཁྱབ་འཇུག་མ། །ཐོག་ཁ ་མ་ནི་མིའི་ཡུལ། ཐམས་ཅད་སྤྱོད?་བྱེད་ས་འོག་ཏུ། །དཔའ་བོའི་ཡུལ་ནི་?་བརྩེར། །དེ་ནི་སྦྱོར་དང་ཉེ་བའི་སྦྱོར། །དཔའ་བོ་རྣམས་དང་ལྷན་ཅིག་སྦྱོར། །སྐུ་མདོག་བཞུགས་ཐབས་ཡབ་དང་འདྲ། །ནག་པོ་དཀར་པོ་དམར་པོ་སྔོ། །ལྗང་གུ ་ཡང་སྔོན་ཟླ་དཀར་དང། །དམར་ཆེན་ཨུཏཔལ་སྔོན་པོ་མཚུངས། །གསེར་ཞོགས་མིག་སྨན་དུ་བའི་མདོག་།སྤྲིན་མདོག་གསེར་འོད་དམར་ནག་དང། །སེར་པོ་ལ་སོགས་རིམ་པ་བཞིན། །ཞལ་བཞི་ཕྱག་བཞི་དཔའ་བོ་ཀུན། །ཁ་ཊཝཱཾ?་ག་དང ་ཀ་པཱ་ལ། །རྩ་བར་བསྣམས་ནས་ཤེས་རབ་འཁྱུད། །དྲིལ་བུ་རྡེའུ་ཆུང་འོག་གཉིས་བསྣམས། །འཇིགས་བྱེད་ཟླ་ཉི་ཞབས་ཀྱིས་མནན། །རྒྱལ་པོའི་བཤུགས་ཐབས་བཞིན་དུ་བཞུགས། །ཕྱག་རྒྱ་རྣམ་པ་ལྔ་ཡིས་བརྒྱན། །སྣ་ཚོགས་པ ་ཡིས་རྣམ་པར་བརྒྱན། །ཞལ་གཅིག་ཕྱག་གཉིས་དཔའ་བོ་རྣམས། །ཐམས་ཅད་པར་སྣོད་གྱི་གུག་ཐོགས། །རྒྱན་དང་ཆ་ལུགས་ཡབ་དང་མཐུན། །རིམ་གཉིས་སྣ་ཚོགས་འདབ་བརྒྱད་པ། །?་དུ་སྐམ་མ་སྤྲིན་མདོག་སྟེ། །?་དུ ་འཇིགས་མ་གསེར་གྱི་མདོག་།ནུབ་དུ་རྒྱུན་འོད་ཁ་དོག་དམར། །ལྷོ་རུ?་མཆུ་འཕྱངས་མ་ནི་ལྗང། །མེ་མཚམས་རི་རབ་སོ་མ་ཟླ། །གནོད་སྦྱིན་མཚམས་སུ་བདེ་བ་སེར། །རླུང་མཚམས་དམིག་སྟོང་ཤེལ་གྱི་མདོག་།བྱང་མཚམས་? ་མ་?་མཚུངས། །ནུབ་མཚམས་གཏུམ་མོ་རིན་ཆེན་མདོག་།ལྷོ་མཚམས་འདོད་གཟུགས་སྣ་ཚོགས་མདོག་།ལུས་འཕགས་པོ་དང་སྒྲ་མི་སྙན། །བ་ལང་སྤྱོད་དང་ཛམྦུ་གླིང། །ལམ་དར་ཉེ་བའི་ལམ་ཡིན་ཏེ། །རྣལ་འབྱོར་མ ་རྣམས་གནས་པའོ། །ཞལ་ནི?་མིག་ཨུཏཔལ་མདོག་དབང་ལྡན་མཚམས་སུ་མེ་ཞལ་སེར། །འོད་མ་སེར་མོ་ཤར་གྱི་སྒོར། །ལྕེ་རིངས་དཀར་མོ་བྱང་གི་སྒོར། །ཆོས་དཇར་ཟླ་མདོག་ནུབ་ཀྱི་སྒོར། །འདེ?་ནམ་ལྗང་གུ་ལྷོ་ཡི་སྒོར། །ཤར་མཚམས ་ཕྱག་བཞི་སྣ་ཚོགས་གཟུགས། །སྐྲ་དང་ན་བཟའ་གྲོལ་བ་ཡིས། །སྤྱན་གསུམ་པ་ལ་རུས་པས་བརྒྱན། །ཕྱག་རྒྱ་ལྔ་ཡིས་ཤིན་ཏུ་མཛེས། །རལ་གྲི་དང་ནི་ཀ་པཱ་ལ། །ཁྲག་གིས་བཀང་བ་ཕྱག་ན་བསྣམས། །གཞན་ན་ཁ་ཊ?་རྡེའུ་རླུང་ངོ། །རོ་སྟེང ་གཡོན་བརྒྱད?་རྣལ་འབྱོར་མ། །དེ་ལྟ་བུར་ནི་ཐམས་ཅད་གནས། །རང་འོད་ཐབས་དང་ལྡན་པའོ། །སྤྱི་བོ་དང་ནི་སྤྱི་གཙུག་དང། །མཚོགས་མ་དང་ནི་སྨིད་དབུས་དང། །སྣ?་ཡི་རྩེ་མོ་མིག་གཉིས་དང། །རྣ་བ་གཉིས་དང་ཁ་?་དང། །ཀོས་ཀོ་དང་ནི ་མགྲིན་གླིང་དང། །རྒྱབ་གླིང་དེ་བཞིན་?་མའི་སྣོད། །སྙིང་ག་དང་ནི་ལྟེ་བ་དང། །གསང་བའི་པདྨ་མཚན་གྱི་དབུས། །མཆིན?་རྩ་དང་ནི་གཞེང་ཁང་དང། །བརླ་གཉིས་དེ་བཞིན་བུས་མོ་གཉིས། །?་དར་གཉིས་དང་རྐང་པ་གཉིས། །མ? ་བོང་དད?་ནི་སེར་མོ་དང། །ལུས་ཐམས་ཅད་དང་རྐང་མཐིལ་གཉིས། །ལྟག་པ་དང་ནི་རྐེད་པ་དང། །ཚོས་འཁོར་དེ་བཞིན་ལྟེ་བ་དང། །མེ་འཁོར་དེ་བཞིན་གསང་སྣའོ། །སྤུ་མཚམས་དེ་ལྟར་དེ་ཡི་འོག་།རིན་མགྲིན་རྡོ་རྗེའི་དཔྲལ་པའི་གནས། ་དེ་ནི་གནས་དང་ཉེ་བའི་གནས། །ཞིང་དད?་དེ་བཞིན་ཉེ་ཞིང་སྟེ། །ཚན་དོ་དང་ནི་ཉེ་ཚན་ངོ། །འདུས་པ་ཉེ་འདུ་དེ་ལྟར་ནི། །དུར་ཁྲོད་ཉེ་བའི་དུར་ཁྲོད་རབ། །བྱི་ལ་ཉེ་བའི་བྱི་ལ་དང། །སྦྱོར་བ་དང་ནི་ཉེ་བའི་སྦྱོར། །ལཾ་དང་མ?་ཉེ་ལམ་ལ་སོགས ་གནས། །དེ་ནི་གནས་ནི་བརྒྱད་དུ་བསྟན། །ཉེ་བའི་གནས་ཀྱང་དེ་བཞིན་ནོ། །རང་བཞིན་བདེ་ཆེན་ནམ་མཁའ་གནས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། །སྔགས་དང་ལྡན་པའི་ཕྱག་རྒྱས་དགུག་།ཐེའུ་ཆུང་ལུ་གུ་རྒྱུད་སྦྲལ་ཏེ། །མཛད? ་རྩེ་གཉིས་ནི་ནམ་མཁར་བསྒྲེང། །མཐེ་བོང་མནན་པས་བརྟན་པར་བྱ། །ཡེ་ཤེས་སེམས་དཔའ་ཨི་དཀྱིལ་འཁོར་རྣམས། །དམ་ཚིག་སེམས་དཔའ་ལ་བསྟིམས་ལ། །སྔགས་འདིས་རྟག་ཏུ་ང་རྒྱལ་བྱ། །ོཾ་ཤི་སརྦ་ཏ་ཐཱ ་ག་ཛྙཱ་ན་མཧཱ་ཨཏྨ་ཀོ་ཧི། །ཇི་ལྟར་ཆུ་ལ་ཆུ་ཐིམ་ལྟར། །ཡེ་ཤེས་སེམས་དཔའ་བསྟིམ་པའོ། །དེ་ནས་སྐུ་གསུང་ཐུགས་རྡོ་རྗེ། །སྤྱི་བོ་སྙིང་ག་མགྲིན་པར་བསྒོམ། །རིགས་སུ་དབྱེ་བས་འཁོར་ལོ་གསུམ། །གནས་གསུམ་དུ་ནི་བསྒོམ་པའོ། ། ་ཨོཾ་ཨཱ:ཧཱུཾ་དང་ལྡན་པ་ཡི། །རྡོ་རྗེ་གསུམ་གྱི་དམ་ཚིག་གོ་།བདག་ཉིད་ཕྱག་རྒྱ་དྲུག་ལྡན་པས། །དེ་ཕྱིར་གོ་ཆ་མི་བགོས་སོ། །འཁོར་ལོ་རྣ་ཆ་མགུལ་དོ་དང། །གདུ་བུ་སྐེ་རགས་ཐལ་བ་དྲུག་།གཏི་མུག་མཁའ་འགྲོ་ལ་སོགས་པའོ། ། ་དྲུག་ཏུ་བདག་གིས་བཤད་པའོ། །ཕྱག་རྒྱ་ཆེན་པོ་ལས་ཀྱང་གསུངས། །ཕྱག་རྒྱ་དྲུག་ལ་བསྟན་པ་སྟེ། །སྐྱེ་མཆེད་དྲུག་ནི་དག་པ་སྟེ། །རིགས་དྲུག་རིམ་པར་ཤེས་པར་བྱ། །ལྷ་མོ་བདག་ཉིད་ཕྱག་རྒྱ་དྲུག་།དེ་ཡི་ཕྱིར་ན་གེ་མ་རྫོགས། །དེ ་ནས་དབང་བསྐུར་བདེ་བ་ནི། །བཅོམ་ལྡན་འདས་ལ་དབང་བསྐུར་དོན། །འོད་ཟེར་དང་ནི་བཅས་པས་བསྐུལ། །དེ་ནས་བདེ་ཆེན་ནམ་མཁའ་གནས། །བདུད་རྩི་དང་ལྡན་?་པ་ཡིས། །རང་གི་སྤྱི་བོར་དབང་བསྐུར་བས། །དྲི་མ་དག་ནས་མི ་བསྐྱོད་པའི། །རང་བཞིན་ཡེ་ཤེས་སུ་ནི་འགྱུར། །རླུང་མེའི་དཀྱིལ་འཁོར་ལ་སོགས་སྟེང། །བདེ་འཁོར་ཀ་པཱ་ལ་ཡི་དབུས། །གླ་རྩི་གཞི་མཉམ་སི་ཧཱ?་དང། །ག་བུར་དང་ནི་ཤ་ལི་ཟ། །ཡེ་ཤེས་གནས་པའི་རིགས་ཀྱི་ལྷ། །རླུང་མས ་བསྐུལ་ནས་མེ་ནི་འབར། །རིགས་ལྔ་བདུད་རྩིའི་ངོ་བོར་ཞུ། །ོཾ་གྱི་འོད་ཀྱིས་ཡང་དག་འབར། །ཧཱུཾ་གིས་བདུད་རྩི་དགའ་བར་སྦྱངས། ། ཡིས?་གཉིས་མེད་རྟོགས་པར་བརླབས། །དེ་ནས་བདུད་རྩི་?་འབར་བྱ། །རང་ལྕེ་པདྨའི་འདབ་མ ་རུ། །ཧཱུཾ་བྱུང་རྡོ་རྗེ་དཀར་དགོད་ལ། །ཕྱི་ནང་རབ་ཆིམ་འདི་ཡིས་སོ། །ཉི་ཟླ་ལ་སོགས་མཆོད་པ་ཡིས། །ཕྱི་དང་ནང་གཉིས་སྐུ་ལ་མཆོད། །རིམ་གཉིས་རྣལ་འབྱོར་མ་རྣམས་ཀྱིས། །སྔགས་འདུས་མཆོད་པ་རྟག་ཏུ་བྱ། །ོཾ་དང་ཧཱུཾ་ཕཊ་བར་དུ ་ནི། །དབྱངས་ཡིག་རེ་རེ་སྤེལ་བ་ཡིས། །མར་ངོ་ཚེས་གཅིག་ནས་གཟུང་སྟེ། །བཅུ་དྲུག་བར་དུ་མཆོད་བྱའོ། །དཔྲལ་བ་ལ་སོགས་གནས་རྣམས་ན། །བདེ་ཆེན་སྐུ་ནི་བཞུགས་པ་ལ། །སྔགས་དང་མེ་ཏོག་ལྡན་པའི་དུས། །དུས་དང ་ཆོས་གྲངས་མནོར་བར། །ཟླགས་དང་ལོངས་སྤྱོད་དབང་གིས་ནི། །སྐུ་བརྒྱད་པ་ནི་མཆོད་བྱས་པས། །སྐུ་གསུམ་བདག་ཉིད་རྡོ་རྗེ་འཛིན། །བཅུ་དྲུག་དགའ་བའི་ས་ཐོབ་པོ། །དེ་ནས་བསྟོད་པ་སྣ་ཚོགས་ཀྱིས། །འཁོར་ལོ་ལ་ནི་བསྟོད་པའོ། །དོན ་ཐམས་ཅད་ནི་བསྒྲུབ་པའི་ཕྱིར། །སྔགས་རྣམས་བཟླས་པ་གསལ་བར་བྱ། །ོཾ་ཤྲཱི་མཧཱ་བཛྲ་ཀླེ་ན་ཏི་ལ་ཀ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཧྲཱི(རྒྱུད་འགྲེལ་ཡོན་ཏན་ཡོད། །ོཾ་བཛྲ་མྲ་ཏ་ཡེ་མཧཱ་བ་ལ་པ་རཀྵ་མ་ཡེ་ཧཱུཾ་ཕཊ་ཕཊ་སྭཱཧཱ། །ོཾ་ས་ར་ཨི་ས་རི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། །བཅོམ་ལྡན་མེའི་སྙིང་པོ་དང། །ཉེ་བའི་སྙིང་པོ་སྙིང་པོ་འདི་གཉིས་ཀྱིས། །དོན་ཀུན་ཐམས་ཅད་འགྲུབ་པའི་མཆོག་།ཡང་ན ་ཕྲེང་བའི་སྔགས་ནི་མཆོག་།བསྙེན་པ་རྫོགས་པར་བྱས་ནས་ནི། །དེ་ནས་ལས་ཀྱི་དབྱེ་བ་བྱ། །འདིས་ནི་ཐམས་ཅད་ལས་གྲུབ་བྱེད། །ོཾ་དྷཱུཾ་དྷཱུཾ་ཧཱུཾ་ཕཊ། ཨོཾ་ཀྲུཾ་ཀྲུཾ་ཧཱུཾ་ཕབས། ཨོཾ་གྲོཾ་གྲོཾ་ཧཱུཾ་ཕཊ། ཨོཾ་ཌོཾ་ཌོཾ་ཧཱུཾ ་ཕཊ། ཨོཾ་?་ཧཱུཾ་ཕཊ། ཨོཾ་པྲཾ་པྲཾ་ཧཱུཾ་ཕཊ། ཨོཾ་སྲོཾ་སྲོཾ་ཧཱུཾ་ཕཊ། ཨོཾ་དྲོཾ་དྲོཾ་ཧཱུཾ་ཕཊ། ཨོཾ་དྲོཾ་དྲོཾ་ཧཱུཾ་ཕཊ། ཨོཾ་ཕྲོཾ་ཕྲོཾ་ཧཱུཾ་ཕཊ། ཨ་བྲོཾ་བྲོཾ་ཧཱུཾ་ཕཊ། ཨོཾ་ཡརོཾ་ཡརོཾ་ཕཊ། ཨོཾ་ཧྲོཾ་ཧྲོཾ་ཧཱུཾ་ཕཊ། ཨོཾ་ཁྲོཾ་ཁྲོཾ་ཧཱུཾ་ཕཊ། དཔའ་བོ་དཔའ་མོ་བཅུ་དྲུག་གཉིས ་སྙིང་པོ་མཆོག་ཏུ་བསྟན་པའོ། །འཕར་མ་གཉིས་པོའི་རྣལ་འབྱོར་མ། །སྙིང་པོ་སྔགས་ཀྱང་དེ་ལྟར་རོ། །ོཾ་ནི་དང་པོ་ཧཱུཾ་ཕཊ་མཐར། །བར་དུ་མིང་ནི་སྤེལ་བའོ། ། ཨཱ་ཨི་ཨའི་ཨུ་ཨའུ་རི་རཱི་ལི་ལཱི་ཨེ་ཨི་ཨོ་ཨཽ་ཡཾ་ཨ: ་ཡང་ན་ཨཱ་ལི་ཀ་ལི་སྔགས། དཔའ་བོ་དཔའ་མོ་སྙིང་པོ་སྔགས། །དེ་ནས་གཏོར་མའི་ཆོ་ག་བསྟན། །ཛ:ཧཱུཾ་བ་ཧོ(རྒྱུད་འགྲེལ་སྔག་རྣམས་ཀྱིས། །བགྱེས་པའི་རྡོ་རྗེ་བརྟག་གཉིས་ལས། །འབྱུང་བའི་སྔགས་ཀྱིས་གཏོར་མ་སྦྱིན། །ཁྲོ་བོའི་ངོ་བོར་བདག་ཉིད་གནས། །སེམས་ཅན་བསྲུངས་བའི་དོན་དུ་ནི། །རྡོ་རྗེ་སྙིམ་པ་ཁ་ཕྱེ་ལ། །མཚན་ཕྱེད་འཇིགས་པ་མེད ་པས་སྦྱིན། །དུར་ཁྲོད་ལ་སོགས་གནས་སུ་བཏང། །དེ་ནས་བདག་གིས་རྣམ་དག་བསྟན། །རྒྱུད་འདིར་དེ་ནི་གསལ་བས་ན། །འདི་རུ་དབྱེ་བ་བདག་གིས་ནི། །དལ་བས་འཇིགས་པས་མ་བྲིས་སོ། །ཡང་ན་འདི་ལྟ་བུ་རུ་བསྟན། །རྡོ་རྗེ ་གུར?་སོགས་དབུས་སུ་ནི། །ཆོས་ཀྱི་འབྱུང་གནས་བསམ་པ་སྟེ། །བདེ་འཁོར་ཟུར་གསུམ་ཡོད་པ་ནི། །དེ་ནི་ཆོས་ཀྱི་ངོ་བོ་སྟེ། །ནང་ན་གནས་པའི་བྱང་ཆུབ་སེམས། །འབྱུང་བའི་གནས་ཞེས་དེ་ལ་བྱ། །ནམ་མཁའ་ཆོས་ནི་ཡིན་པ་སྟེ?། ་ས་བོན་འབྱུང་གནས་གཡོན་པའོ། །ཆོས་ནི་བྷ་ག་ཡིན་པར་བཤད། །བྷ་གའི་གནས་ནི་རིན་ཆེན་ཏེ། །དེ་བཞིན་གཤེགས་པ་བཞུགས་པའི་ཕྱིར། །འདི་ནི་ཆོས་ཀྱི་འབྱུང་གནས་སོ། །འབྱུང་བ་བཞི་ནི་བྱང་སེམས་ལས། །འཁོར ་ལོ་ལས་བྱུང་ཐམས་ཅད་ཁྱབ། །ཞུ་བ་ཤེལ་གྱི་གཞལ་ཡས་ཁང། །ཆར་ཡང་ཐིག་ལེའི་ཚུལ་དགའ་བཞིའི། །གྲུ་བཞི་པ་ཡིས་རྣམ་པར་མཛས། །སྟོང་པ་བཞི་དང་དགའ་བ་བཞིས། །སྒོ་བཞི་ཟུར་བཞི་པར་ནི་བྱས། །རྟ་བབས་ལ ་སོགས་དབྱེ་བ་ཡིས། །འཁོར་ལོ་ལ་སོགས་དེ་ལྟར་སྦྱར། །ཡང་ན་བྱང་སེམས་ཐིག་ལེ་དེ། །སྟོང་པ་སྙིང་རྗེ་རོ་གཅིག་པས། །གྲུ་བཞི་སྒོ་བཞི་ཟུར་བཞི་སོགས། །ཚད་མེད་རྣམ་པར་དེ་བཞིན་སོགས། །དེ་ལྟར་ཆོས་རྣམས་ཡེ་ཤེས་སུ། །དབྱེ ་མེད་ཤེས་པ་དེ་ཉིད་དོ། །དུར་ཁྲོད་ལ་སོགས་རྣམས་ཀྱིས་བརྒྱན། །རྣམ་པར་ཁྱབ་དང་ཤིང་ཚིག་དང། །ཕྱེད་ཚིག་སྭ་སྭ་ཙེག་ཙེག་དང། །དུམ་མགོ་རྣམ་བཅས་ཡི་དགས་ལྡན། །འཇིགས་པར་བྱེད་དང་མེ་འབར་ཕྲེང། །དེ་ནི་དུར་ཁྲོད ་གསང་ཡིན་ནོ། །ཡང་ན་མཚན་རྟོགས་བག་ཆགས་གསང། །བདེ་བའི་ཡེ་ཤེས་འཛིན་པའི་རོ། །འཛིན་པ་ཆད་ནས་རང་འོད་ཐིམ། །སླར་ལ་རང་གི་རིན་ཆེན་ཁར། །ཧཱུཾ་གིས་བྱིན་བརླབས་ཤ་ཆེན་སྟེ། །ཤིང་དང་དུར་ཁྲོད་དབང་བྱེད་བའི། ། ་དཔའ་བོ་རྣམས་ཀྱི་ཟ་ཞིང་བཞད། །ཧ་ཧའི་སྒྲ་ནི་འཇམ་པ་བསྒྲོགས། །དེ་ལྟ་བུ་ཡི་དུར་ཁྲོད་ནི། །བླ་མའི་ཞལ་ལས་ཤེས་པར་བྱ། །རིན་ཆེན་མ་དང་པདྨ་དང། །གཤེ་ཚན་མ་དང་སྟོབས་ཆེན་མ། །མགོ་ཆེན་མ་དང་མྱོས་ཆེན་དང།། ་དགའ་ཆེན་མ་དང་དགའ་མེད་ཆེ། །འདི་ནི་ཤིང་གི་དངོས་པོ་སྟེ། །འབྲས་བུ་དང་ནི་མེ་ཏོག་ལྡན། །ཡན་ལག་ཡོད་པའི་རྩའི་ཤིང། །གཞལ་ཡས་ཁང་ནི་རྣམ་པར་བརྒྱན། །དེ་ཡི་དབུས་ན་པདྨའི་གདན། །ཟུར?་གསུམ་ལ་སོགས་རྣམ་པར ་གནས། །གཟུང་འཛིན་སྟེང་དུ་ཉི་ཟླའི་གདན། །ཁུ་བདེ་དབྱངས་ཡིག་དཔེ་བྱད་ལས། །ཟླ་བ་ཉི་མ་ས་བོན་གནས། །དེ་ལས་བདེ་ཆེན་རང་བཞིན་གསལ། །རྡོ་རྗེ་སེམས་དཔའ་ཉིད་ཅེས་བརྗོད། །འདི་ནི་གཙོ་བོའི་བཅོམ་ལྡན་འདས། །མཆོག་དང ་ཆད་པའི་དབུས་ན་བཞུགས། །རླག་དང་ལོངས་སྤྱོད་དེ་བཞིན་ནོ། །ཤར་བ་དང་ནི་ནུབ་པ་མིན། །རྟག་ཏུ་ཤར་བ་བཅོམ་ལྡན་འདས། །ཡུ་རྒྱན?་ཞེས་པ་ཟུར་གསུམ་མོ། །པདྨའི་འབྲས་བུ་ཛ་ལནདྷར། །དྲག་པོའི་མིག་འདྲ་པུ་ལི་ར། །རིགས་ཀྱི་? ་ཏོག་ཀཱ་མ་རུ། །ཚངས་པའི་མིག་འདྲ་མ་ལ་བ། །དུར་གི་མིག་འདྲར་སིནདྷུའི་ཡུལ། །རྣ་བའི་མིག་འདྲར་ན་གར་རོ། །བ་ཡི་མིག་འདྲར་སིད?་ཀར་ཏེ། །དུང་གི་ལྟེ་འདྲར་མུ་མུར་རོ། །གླང་ཆེན་ལྟེ་འདྲར་དེ་ཀཽ་ཊར། །ུཏཔལ་ལྟེ ་འདར་ཀོ་ལུ་ཏར།?་།པདྨའི་ལྟེ་འདྲར་ཨརྦུ་ཏར། །བུད་བའི་ལ་འདྲར་ཧ་རི་ཀོ་ལ། །རྨ་བྱའི་ཁ་?་གོ་ར་བར། །རྡོ་རྗེའི་ཁ་འདྲར་ལམ་པ་ཀར། །ཏིལ་གྱི་མེ་ཏོག་རྒྱས་འདར་རུ། །ཀཉྩི་ཀར་ཞེས་པ་ཡི་གནས། །དེ་ནི་དཔའ་བོ་རྣམས་ཀྱིས་གནས། ་ཡན་ལག་མ་རྣམས་བསྟན་པར་བྱ། །ཏིལ?་གྱི་མེ་ཏོག་རི་རབ་རྩེ། །ས་འོག་དེ་ནི་རྡོ་རྗེ་བར། །མི་ཡུལ་དེ་ནི་རྨ་བྱའི་ཁར། །འཆི་མེད་གྲོར་ནི་བུང་བའི་ཁར། །ཀརྣ?་ཛར་ནི་པདྨའི་ལྟེར། །ནེ་བ་ལ་ནི་ཨུཏཔལ་ལྟེར། །ཀ་ར་ཏར་ཞེས་གླང་ཆེན་སྟེར།། ་ཀརྨི?་ར་ནི་དུད་གི་ལྟེར། །གཞོན་ནུ་གྲོང་ཁྱེར་པ་ཡི་ཚིག་།ཙའི་ཊར་ཞེས་སྣ་པའི་མིག་།ཆུ་དོགས་དེ་ནི་དུད་གི་མིག་།ཡི་དགས་འདུས་པ་ཚངས་པའི་མིག། །ཙིནྟར་ཞེས་པའི་རིགས་མེ་ཏོག་།ཀོ་ལུ་ཏ་ནི་དྲག་པོའི་མིག་།གསེར་གླིད ་པདྨའི་འབྲས་བུའི་གནས། །ལས་ཀྱི་ཡུལ་གནས་ཟུར་གསུམ་ཡིན། །འདི་ནི་དོན་དུ་གསང་བའི་གནས། །ལུས་འཕགས་པོ་ནི་སྲོག་རྩམ། །སྒྲ་མི་སྙན་ནི་ལ་ལཱ་ནཱ། །བ་གླང་སྤྱོད་ནི་ར་ས་ནཱ། །འཛམྦུའི་གླིང་ཞེས་པ་ཡི་གནས། ། བ ་དྷཱུ་ཏཱའི་ཞེས་པའོ། །འདི་ལས་གཞན་པའི་གནས་རྣམས་ནི། །རྙེད་པར་སླ་བར་ཡོད་མི་འགྱུར། །གནས་བརྒྱད་རང་གི་ངོ་བོ་དུ། །སྐུ་བརྒྱད་པོ་ནི་བསྒོམ་པའོ། །གནས་ནི་གསང་ཆེན་པདྨའི་གནས། །ལྟེ་བ་ཡོད་པའི་འདས་བརྒྱད་ནི་།གང ་གང་བཞུགས་དང་རྟེན་ས་རྣམས། །དེ་དང་དེ་ནི་གནས་ཞེས་བརྗོད། །རང་བཞིན་གང་དུ་སྐྱེ་བ་ནི། །ཞིང་རབ་ཅེས་ནི་དེ་བསྟན་ཏོ། །དེ་བཞིན་ཡང་དག་བྱང་ཆུབ་སེམས། །འགྱུར་བས་ཆེན་དོག་བསྟན་པའོ། །གསུམ་དང་དྲུག་སོགས་དབྱེ ་བ་རྣམས། །གཅིག་ཏུ་འདུས་པས་འདུས་པར་བསྟན། །ཁུ་བ་བདེ་བ་གཉིས་སུ་རྟོག་།དབྱེར་མེད་ཐིམ་པ་དུར་ཁྲོད་དོ། །གང་དུ་ཡེ་ཤེས་ཡང་དག་མཐོང། །དེ་ཡང་མཐོང་མིན་བྱི་ལར་བརྗོད། །སྟེང་ནས་འོག་ཏུ་འཕྲོ་བ་ཡི། །ཡེ་ཤེས་བསྟེན ་ནས་ཉམས་མྱོང་ལམ། །རིན་ཆེན་ཁ་རུ་བདུད་རྩི་འགོག་།འོད་རབ་ངོ་བོ་གནས་ཕྱིར་སྦྱོང?། །འདི་ནི་དེ་ནི་གནས་བརྒྱད་དེ། །སྐུ་བརྒྱད་དང་ནི་སྦྱོར་བའི་གནས། །ཐམས་ཅད་སྟོང་དང་བདེ་ཆེན་དང། །རང་བཞིན་དགའ་དང་འོད་རབ་དང། །ཆར ་ཡང་ཆེན་པོ་ཡེ་ཤེས་ཆེ། །ཕྱག་རྒྱ་ཆེ་དང་རྡོ་རྗེ་སེམས། །སྐུ་བརྒྱད་བདག་ཉིད་ཡེ་ཤེས་བརྒྱད། །ཡང་ན་མཚན་མ་བརྒྱད་མཆོག་སྟེ། །ཟླ་བ་ཉི་མ་ཤེས་རབ་ཐབས། །འདི་རྣམས་ལས་ནི་འབྱུང་པའི་སྐུ། །མཆོད་སྦྱིན་གྱིས་ནི་དེ་ལ་མཆོད། ། ་ཡང་ནི་བདུད་རྩི་རིམ་པ་ལྟར། །རླུང་འཁོར་སྟེང་དུ་ཡེ་ཤེས་མེ། །བདེ་འཁོར་གསང་པད་ཀ་པཱ་ལ། །དེ་བཞིན་གཤེགས་པ་ལྔ་དང་ལྡན། །རླུང་མ་དང་ནི་གཉིད་མ་ཡིས། །ཡེ་ཤེས་མ་འབར་གསལ་བ་ལས། །བདེ་གཤེགས་ལྔ་རྣམས་བདུད ་རྩིར་གཞུ། །རྡོར་གསུམ་ས་བོན་འབར་སྦྱངས་རྟོགས། །དགའ་བ་གསུམ་དང་ལྡན་ནས་གནས། །བདུད་རྩི་གསང་བའི་ཀ་པཱ་ལར། །གནས་པ་མཐོང་ནས་བདག་ཉིད་བཏུད། །གསང་བའི་རྡོ་རྗེ་དུ་གུས་སོ། །དེ་ནས་མཆོད་བྱས་མཆོད་བྱིན ་བྱའོ། །བྱང་ཆུབ་སེམས་ཀྱི་མེ་ཏོག་གིས། །སྔགས་དང་དུས་ཚོང?་མ་ནོར་པར། །རླག་དང་ལོངས་སྤྱོད་ལ་སོགས་པས། །མཆོད་པ་བྱས་པས་བསོད་ནམས་འཕེལ། །བདེ་བ་ལ་སོགས་གནས་སུའོ། །ཡང་ན་དགའ་མཆོག་གནས་སུ ་འམ། །དེ་རླག་པ་ནི་མཆོག་གི་དགའ་། །ཆད་པ་རུ་ནི་ལོངས་སྤྱོད་དེ། །དེ་གཉིས་དབུས་སུ་དབང་གཉིས་བསྟེན། །མཆོད་པ་འདིས་ནི་ཡེ་ཨེཤེས་འཕེལ། །དེ་བཞིན་དགའ་བ་འཕེལ་བའོ། །དེ་ཁོན་ཉིད་ཀྱི་མཆོད་པ་སྟེ། །གནས་བརྒྱད་པའི ་སྐུ་ལ་མཆོད། །ཉེ་བའི་གནས་ན་གནས་པ་ཡང། །དེ་ཡི་བརྒྱད་ཤིན་ཚིམ་པའོ། །དེ་ནས་བདེ་གཤེགས་སྙིང་པོ་སྔགས། །དེ་ནི་ཨཱ་ལི་བཅུ་དྲུག་བདེ། །ཀུན་རྫོབ་ཏུ་ནི་ཆུ་ཟླ་བཞིན། །དེ་ནི་བཟློགས་ཅིང་དྲང་བར་བྱའོ། །ཡང ་ན་རྡོར་གསུམ་ཡེ་ཤེས་ཀྱི། །སྤྲོས་པ་རང་རིག་མ་ཡི་མཁའ་། །བསྡུས་པས་རང་བདག་མཁའ་ལ་སྟེ། །གནས་པར་རང་བཞིན་ཡེ་ཤེས་སོ། །དེ་ནི་སྤྲོས་བྲལ་ནམ་མཁའ་བཞིན། །དེ་ནི་དོན་དམ་སྙིང་པོའོ། །སེམས་ཅན་ཐམས་ཅད་བསྲུང ་དོན་དུ། །རྣལ་འབྱོར་པས་ནི་གཏོར་མ་སྦྱིན། །གཏོར་མ་བ་ལིང་ཞེས་བཤད་པས། །བ་ནི་ཤེས་རབ་ལིམ་ནི་ཐབས། །དེ་གཉིས་མཆོག་གང་ཆད་པ་སྟེ། །གཉིས་སྦྱོར་བ་ནི་ཆད་པའི་དགའ་། དེའུ་བསྲུངས་པས་སེམས་ཅན་རྣམས།། ་སངས་རྒྱས་ཉིད་འགྱུར་ཐེ་ཚོམ་མེད། །དེ་ལྟའི་གཏོར་མ་ཆེན་པོ་གཏང། །ཡང་ན་སེམས་ཅན་དོན་དུ་ནི། །འདི་ལྟ་བུའི་གཏོར་མ་སྦྱིན། །སྲོག་ཆགས་ཐམས་ཅད་བདག་ཉིད་ཀྱིས། །གཅིག་ཀྱང་མ་ཤེས་པ་རུ་བསད། །བསད་ཅིང ་བསད་པས་ཐར་པ་འཐོབ། །འགྲོ་བ་ཐམས་ཅད་འགོག་བྱེད་པའོ། །འདི་ནི་སྐུ་བརྒྱད་དཀྱིལ་འཁོར་ཏེ། །དེ་ལྟའི་སྒྲུབ་ཐབས་ཤེས་པར་དཀའ་། །དཀྱིལ་འཁོར་སྐུ་རུ་བསྟན་པ་དང། །དེ་བཞིན་བྷ་གའི་དཀྱིལ་འཁོར་དང། །བྱང་ཆུབ ་སེམས་ཀྱི་དཀྱིལ་འཁོར་དང། །དེ་ཁོ་ན་ཉིད་ཀྱི་དཀྱིལ་འཁོར་དང། །དཀྱིལ་འཁོར་བཞི་ནི་མཆོག་ཏུ་བཤད། །དེ་ལྟར་སྐུ་བརྒྱད་ཀྱི་སྒྲུབ་ཐབས་བསྟན་ནས། །འདི་ལྟར་བཤད་དོ། །ཡང་ན་སྙིང་པོའི་དཀྱིལ་འཁོར་བསྟན་ཅེས་པ ་ནི་དཀྱིལ་འཁོར་གསུམ་པོ་ལས་གཞན་ཏེ་དེ་ཁོ?་ན་ཉིད་ཀྱི་ཡིན་པ་སྟེ་འོག་ནས་སྟོན་ཏོ། །རང་གིས་ནི་བདག་རྣལ་འབྱོར་པའོ། །བདེ་བ་ལེན་པའི་ཕྱིར། ཞེས་པ་ནི་རང་བཞིན་དགའ་བ་ཐོབ་པར་བྱ་བའི་ཆེད་དུ་ཁྱད་པར་ཅན་གྱི་དཀྱིལ ་འཁོར་བརྗོད་དོ། །མ་ཡི་ཡིག་འབྲུ་འདབ་མར་བརྗོད། །ན་ཡི་ཡིག་འབྲུ་ལྟེ་བར་དྲན། །དེ་ཡཾ་ཡིག་འབྲུ་གེ་སར་དག་།ལ་ཡི་ཡིག་འབྲུ་བདེ་ལྡན་ནོ། །ཞེས་བྱ་བ་ལ་སོགས་པ་ནི་དཀྱིལ་འཁོར་ལ་བྱའི་མཎྜལ་ལ་ཞེས་པས་བསྟན་ཏེ། ཤེས ་རབ་ཀྱི་དཀྱིལ་འཁོར་ཡེ་ཤེས་ཀྱི་ལྷ་དང་གཞལ་ཡས་ཁང་རྫོགས་པ་གདན་དང་ཐམས་ཅད་རྫོགས་པ་སྟེ། དེ་ཡང་འདབ་མ་ལ་སོགས་པ་ནི་གནས་ལ་རང་བཞིན་དགའ་བས་གཙོ་བོ་བྱས་པ་དང། །བདེ་བ་གཞན་རྣམས་འཁོར། མ་ཡི་ཡིག ་འབྲུ་རིན་ཆེན་གྲགས། །ན་ཡི་ཡིག་འབྲུ་མདུད་པར་བརྗོད། །དེ་ཡི་ཡིག་འབྲུ་རིང་པོའི་དངོས། །ལ་ཡི་ཡིག་འབྲུ་ཁར་བརྗོད་དོ། །ཞེས་པ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཞལ་ཡས་?་ཞེས་བྱ་སྟེ། དངོས་སུ་གསང་བའི་རིན་པོ ་ཆེ་དང་གསང་པའི་རྡོ་རྗེ་འབྲེལ་པའི་རྩའི་མདུད་བ་དང། བཅས་པ་རིན་པོ་ཆེའི་ཁར་དེ་བཞིན་གཤེགས་པའི་ཡེ་ཤེས་བདེ་བ་ཆེན་པོ་དེ་ཤེས་རབ་ཀྱིས་ནམ་མཁའ་ཨི་དབྱིངས་ནས་ཐབས་ཀྱིས། སྤྱན་དྲངས་ནས་བཞུགས་པའོ། །བདག་གི་གཞལ ་ཡས་ཁང་ན་བཞུགས་ཙམ་ན་རང་བཞིན་དགའ་བའི་ངོ་བོ་རྡོ་རྗེ་སེམས་དཔའ་དེ་ཐབས་ཀྱི་ཡེ་ཤེས་ཀྱི་ལྷའོ། །སླར་མཁའ་དབྱིངས་སུ་གསོལ་བས་ཤེས་རབ་ཡེ་ཤེས་ཀྱི་ལྷའོ། །དེ་གཉིས་འབྲེལ་པའི་ལྷ་རྡོ་རྗེ་སེམས་དཔའ་ཡིན་པར ་བསྟན་པའི་ཕྱིར། །མ་ཡི་ཡིག་འབྲུར་ཤུ་ཀྲའི་གཟུགས། །ནི་ཡི་ཡིག་འབྲུ་ཞུ་བའི་དངོས། །དེ་ཡི་?་འབྲུ་འོད་དང་ལྡན། །ལ་ཡི་ཡིག་འབྲུ་བདེ་གཟུགས་སོ། །ཞེས་གཟུགས་ཏེ། བྱང་ཆུབ་ཀྱི་སེམས་དེ་རྟོག་པ་དང་མཚན་མ ་ཐམས་ཅད་བཅད་ནས་གཉིས་སུ་མེད་པའི་རང་བཞིན་དགའ་བ་འོད་སྣ་ཚོགས་འཕྲོ་བ་གང་ཡིན་པ་ནི་བཅོམ་ལྡན་འདས་ཡབ་ཡུམ་གཉིས་ཀྱི་པདྨ་དང་རིན་པོ་ཆེའི་གཞལ་ཡས་ཁང་ནའང་པར་འཕྲོ་ཚུར་སྦྱོར་ཞིང་བདེ་བ་ཆེན་པོ་རྡོ་རྗེ ་སེམས་དཔའ་ཨི་གཟུགས་སུ་བཞུགས་སོ། །མའི་ཡིག་འབྲུ་སྣང་ཞེས་གྲགས། །ན་ཡི་ཡིག་འབྲུ་སྣང་བ་མཆེད། །ད་ནི་སྣང་བ་སྣང་བ་ཐོབ། །ལ་ནི་ཡང་དག་དྲི་མེད་མཆོག་ཅེས་བྱ་བ་ནི་ཡང་དག་དྲི་མེད་འོད་རབ ་ཀྱིས། །གཙོ་བོ་ཡིས་ནི་རང་བཞིན་བྱས། །གཞན་སྣང་བ་གསུམ་འཁོར་གྱི་རང་བཞིན་ནོ། །འོད་རབ་ལས་ཡེ་ཤེས་ཀྱི་སྣང་བ་ཐོབ་པ་སྤྲོ་བ་དང། དེ་ལས་ཡང་སྔར་བཞིན་སྣང་བ་མཆེད་པ་སྤྲོའོ། ་།དེ་ལས་ཡང་ཡེ་ཤེས་ཀྱི་ངོ་བོ་སྣང་བ་མཆེད་པ་འཕྲོས་པས་དེ་བཞིན་གཤེགས་པའི་གཞལ་ཡས་ཁང་རྫོགས་པའོ། །དེ་ནས་ཡང་རིམ་གྱིས་ཡང་དག་དྲི་མེད་ལ་བསྡུས་ལ་ཐམས་ཅད་ཀྱི་ངོ་བོ་འོད་རབ་ལ ་གནས་པ་ལ་ནི་དཀྱིལ་འཁོར་ཞེས་བྱའོ། །མ་ཡི་ཡིག་འབྲུ་དགའ་བར་གྲགས། །ན་ཡི་ཡིག་འབྲུ་མཆོག་ཏུ་དྲན། །ད་ཡི་ཡིག་འབྲུ་ཆད་པའི་དགའ་། །ལ་ཡི་རང་བཞིན་དྲན་པའོ། །ཞེས་པ་ནི་དཀྱིལ་འཁོར་དགའ་བ་རྣམས་སུ་ཡང ་བཤད་དེ། བདག་པོ་དང། འཁོར་དང། སྤྲོ་བ་དང། བསྡུ་བ་རྣམས་སྔར་བསྟན་པ་བཞིན་ནོ། །འདིར་ཤེས་རབ་?་དང་ལྡན་པ་ལ་སོགས་པས་ནི་དགའ་བ་དང། །ཐབས་དང་ཤེས་རབ་ལྟ་ཏུ་གནས་པ་མཆོག་།རྡོ་རྗེ་དང་དྲིལ་བུ ་གཉིས་དབྱེར་མི་ཕྱེད་པར་སྦྱོར་བ་ཆད་པའི་དགའ་བ། མཚན་མ་དང་རྟོག་པ་ཐམས་ཅད་སྤངས་ནས་ནམ་མཁའ་བཞིན་གནས་པ་ནི་རང་བཞིན་ནོ། །ཡང་ན་བདེ་བ་ཆེན་པོ་ཞུ་བ་ལ་སོགས་པ་འམ། ལྟེ་བ་ནས་མདུད་པ་ལ་སོགས ་པ་སྟེ། དེ་ཡང་དཀྱིལ་འཁོར་ལ་སོགས་པ་ཐམས་ཅད་ཀྱི་ངོ་བོ་ནི་རང་བཞིན་དགའ་བ་ཞེས་གསུངས་སོ། །མ་ཡི་ཡིག་འབྲུས?་ཞེས་བྱ། །ན་ཡི་ཡིག་འབྲུ་ཆུ་ཞེས་བསྟན། །ང་ཡི་ཡིག་འབྲུ་ཡིན་མེ?། །ལ་ཡི་ཡིག་འབྲུ་རླུང་གི? ་གཟུགས། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ནི་ས?་བའི་ཆོས་ཅན་ཏེ་བརྟན་པ་མི་ཤིགས་པའོ། །དེ་ཡང་ཆུ་ཡིས་བསྡུས་པས་སོ། །མེས་སྨིན་པར་བྱས་པའམ། དྲོད་དང་ལྡན་པའོ། །རླུང་གིས་འབབ་པ་འམ། ཡང་ན་ཡེ་ཤེས་ཀྱི་རླུང་གིས་ཁྱབ ་ནས་གནས་བ་ལ་ནི། གཡོ་བའི་ཕྱིར་ནི་?་དུ་བརྗོད། །ཡང་ན་ཁྱབ་པའི་ཕྱིར་རུ་དྲན་ཞེས་སོ། །རང་བཞིན་དགའ་བ་ལ་ཡིག་འབྲུའི་བདག་ཉིད་གང་ཡིན་པ་དེ་ནི་རྟོག་དང། མཚན་མ་ཐམས་ཅད་སྤངས་ནས་གནས་བྱ་བ་དང། རླུང་གཡོ་བ་གཉིས ་མི་འགལ་ལམ་ཞེ་ན། དེ་ནི་མི་འགལ་ཏེ། དང་པོ་བདེ་བ་ཆེན་པོའི་འཁོར་ལོ་ནས་བྱང་ཆུབ་ཀྱི་སེམས་གཡོ་བ་བྱེད་ལ། རླུང་གིས་གཡོ་བ་ཡང་མི?་འགལ་ལ། དེ་ཡང་རྒྱུ་ཡིན་པ་དང་རང་བཞིན་དང་བདེ་ཆེན་དུ་སྦྱར་བ་ཡང་ཡིན་ལ། དེར་མ ་ཟད་དེ་རང་བཞིན་དགའ་བ་ལས་དགའ་བ་གཞན་རྣམས་གཡོ་བར་བྱེད་པ་དང། རང་བཞིན་དགའ་བ་དང་ལྡན་པའི་རླུང་ལ་གཡོ་བོ་ཞེས་མ་གཏགས་ནས་རྡོ་བཞིན་གནས་པའམ། སྟོང་པ་ཕྱོགས་གཅིག་པར་ཡང་འགྱུར་རོ། །དེ་ནི་ཕྱིར་རང་བཞིན ་དགའ་བ་ལ་རླུང་དུ་བཤད་དོ། །རླུང་ནི་ཡེ་ཤེས་ཀྱི་རླུང་ཞེས་བྱ་བ་ལ་སོགས་བས་བསྟན་ནོ། །དེ་ཏར་རྒྱུད་ཕྱི་མའི་ལེའུ་བརྒྱར་བ་ལས་ཀྱང་གསུངས་སོ། །རླུང་ནི་ཡེ་ཤེས་ཡིན་པ་སྟེ། །ཡེ་ཤེས་ནམ་མཁའ་ཡིན་པ་སྟེ། །ནམ་མཁའ་སྟོང་པར ་བསྟན་པའོ། །སྟོང་པ་ལས་ནི་ཐམས་ཅད་འབྱུང། །ཞེས་པས་སོ། །ངེས་ན་ཡེ་ཤེས་རྙེད་པའི་ཕྱིར། །བདེ་བ་ཡིན་ཆེན་པོ་ལན། །ཡེ་ཤེས་ངོ་བོ་བདེ་བ་ཆེ། །དཀྱིལ་འཁོར་དུ་ནི་ཡང་དག་བཞུགས། །ཞེས་གསུངས་ཏེ་རང་བཞིན་དགའ་ ་བ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཆེན་པོ་ནི་དེ་ལས་གཞན་པའི་བདེ་བ་སུས་ཀྱང་མི་རྙེད་པ་སྟེ། འདི་ཁོན་ཉིད་ཡང་དག་པ་མ་ནོར་བ། གཏིད་དཔག་དཀའ་བ་སྐྱེ་འགག་མེད། །ནམ་མཁའ་དང་འདྲ་རང་བཞིན་དགའ་། །དེ་ཡོན ་ཉིད་ཅེས་བྱའོ། །དཀྱིལ་འཁོར་སངས་རྒྱས་རིན་ཆེན་གཙོ། །ཐིག་ལེའི་ངོ་བོ་ཡི་གེ་བྲལ། ཞེས་གསུངས་སོ། །རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ཀྱི་བདག་པོ་འམ། གཙོ་བོ་ནི་འོད་རབ་དེ་ཡིན་ལ་ཡི་གེ་ལ་སོགས? ་པའི་ཆོས་ཐམས་ཅད་དང་བྲལ་བའི་རྡོ་རྗེ་སེམས་དཔའ་ནི་དཀྱིལ་འཁོར་བདག་པོ་ཡིན་ནོ། །དེ་ལྟར་ཡིན་པའི་ཕྱིར་འདི་ན་མར་རྣམ་པ་ཐམས་ཅད་རྣམ་མེད་ཅེས་བྱ་བ་ལ་སོགས་བརྒྱ་ཆེར་གསུངས་སོ། །བདག་འཛིན་པ་ནི་ཉོན་མོངས ་ཆེ། ཞེས་བྱ་བ་ལ་སོགས་པའི་ནི་ལྟ་བ་ངན་པའི་ཕྱོགས་དགག་པའོ། །དེ་ཡང་ཉན་ཐོས་པའི་ལྟ་བ་དང་མུ་སྟེགས་བྱེ་བྲག་པ་ལ་ཁྱད་ཆུང་བས་དེ་རྣམས་སྤངས་ནས་བཟང་བར་བསྟན་པ་དང། དེ་ཡང་དག་པར་སྨད་ན་ངན་པས་སོ། ། ་ཀུན་རྫོབ་ཀྱི་ཐབས་ཀྱིས་ཟིན་པར་བྱའོ། །དེ་བཞིན་དུ་དོན་གྱི་ཞེ་གནས?་མི་སྨད་ལ། འཇིག་རྟེན་པའི་ལྟ་བ་དང་ཆ་མཐུན་པས་མཆོད་ཀྱང་མི་མཆོད་དོ། །ཕྱིའི་འཕར་མ་གཅིག་གནས་སུ། ཞེས་པ་ནི་འཕར་མ་གཉིས་ཡོད་པའི་ཕྱིའི་རིམ ་ན་གནས་པའོ། །དཀྱིལ་འཁོར་འདིར་བཞུགས་རྣལ་འབྱོར་མ། ཞེས་བྱ་བ་ནི་ཕྱི་རོལ་གྱི་གནས་ན་བཞུགས་པ་རྣམས་ཏེ། རྣལ་འབྱོར་མ་བཅུ་དྲུག་གིས་ཞེས་སོ། །རྟག་ཏུ་མེ་ཏོག་སྤོས་སོགས། ཞེས་པ་ནི་མཆོད་པའི་རྫས་མེ་ཏོག ་དང། སྤོས་དང། མར་མེ་དང། དྲི་ཆབ?་དང། ལྷ་བཤོས་ལ་སོགས་པའི་རྫས་རྣམས་དང་བདུད་རྩི་ལྔ་ལ་སོགས་པའོ། །སྔགས་འདི་ཡིས་ན་མཆོད་པར་བྱ། ཞེས་པ་ནི་ཤེས་རབ་དུ?་སྙིང་རྗེར་ལྡན་པའི་སྒོ་ནས་མེ་ཏོག་ལ་སོགས ་པའི་སྔགས་འདིའོ། །ོཾ་ནི་དང་པོ་ཧཱུཾ་ཕཊ་མཐར། །བར་དུ་མིང་ནི་སྤེལ་བར་བྱ། ཞེས་པ་ནི་སྔགས་ཏེ། བར་དུ་ཨཱ་ལི་གཞུག་པ་ནི་རྣལ་འབྱོར་མའི་མིང་སྟེ། རེ་རེར་སྤེལ་བ་དང། ?་དང། དྷུ་པ་ལ་སོགས་པས་མཆོད་པའི་མཆོད ་པས་མཆོད་དོ། །སྣ་ཚོགས་ལྔ་ཡི་མཆོད་སྦྱིན་གྱིས། ཞེས་པ་ནི་གོ་སླབས་བདག་གིས་མ་བཤད་དོ། །དཀྱིལ་འཁོར་པ་ལ་རབ་ཏུ་མཆོད། ཅེས་བྱ་བ་ནི་སྔར་སྨོས་པའི་གཙོ་བོ་དང་འཁོར་དུ་བཅས་པ་ལ་ཕྱི་ནང་ལ་སོགས་པས་ཕྱེ་ནས་མཆོད་དོ།། ་མཆོད་པ་བྱས་ནས་རབ་ཏུ་འགྲུབ་ཅེས་པ་ནི་ཡོན་ཏན་གྱིས་བསོད་ནམས་ཀྱི་ཚོགས་དང། ཡེ་ཤེས་ཀྱི་ཚོགས་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ། །རང་བཞིན་དགའ་བའི་སྒྲོན་མ་ལས། ལེའུ་བཅུ་པའི་དཀའ་བ་བཀྲལ ་བའོ།། །།དེར་སྐུ་བརྒྱད་དང་བཅས་པའི་དཀྱིལ་འཁོར་བསྟན་ནས། ད་ནི་འདིར་སྔགས་ཀྱི་ཟླ་བཙམ་ཞིག་བཤད་དོ། །མཆོད་སྦྱིན་ནི་དཔལ་དགའ་བའི་མེ་ཏོག་ལས་ཤེས་པར་བྱའོ། །དགའ་བ་ལ་སོགས་པ་ལས་བྱུང། ཞེས་པ་ནི་དགའ་ ་བ་དང་མཆོག་གི་དགའ་བ་དང། ཚད་པའི་དགའ་བ་དང། རང་བཞིན་དགའ་བའི་ནང་ནས་སྔགས་བྱུང་ངོ། །ཡང་ན་དགའ་བ་གསུམ་པོ་ཡིས་རྒྱུ་བྱས་ནས་བྱུང་བའོ། །ཡིད་ནི་སྔགས་ཞེས་བརྗོད་པ་ཡིན། །ཞེས་པ་ནི་གོ་སླའོ། །སྡུག་པ་དང་? ་སྒྲུབ་པའི་སྔགས་ཞེས་པ་ནི་ཐབས་དང་ཤེས་རབ་སྦྱོར་བ་ནི་ཟློས་པ་སྟེ། དེ་ཡང་འདི་ན་མར་སྔགས་ཀྱི་ངོ་བོ་བསྟན་པས་འབྲས་བུ་རྙེད་པའོ། །སྔགས་ནི་བདུད་རྩི་བསྟན་པའོ། །ཞེས་པ་ནི་ཨཱ་ལི་ཀཱ་ལི་རྒྱུ་བྱང་ཆུབ་སེམས་བདུད་རྩི་སྟེ། དེས ་ནི་མིང་དང་རྒྱུ་བསྟན་ནོ། །ལམ་གྱི་ཐར་པ་དེ་ནི་སྔགས། ཞེས་བྱ་བ་ནི་བདེ་བ་ཆེན་པོ་འཁོར་ལོ་ནས་ཆད་པའི་དགའ་བའི་བར་ནི་ལམ་ཡིན་ནོ། །རང་བཞིན་དགའ་བ་ཤེས་རབ་དང་སྙིང་རྗེ་ཆེན་པོ་དབྱེར་མེད་པ་ནི་ཐར་པ་ཆེན་པོ་ཡིན་པས་? ་ཞེས་བྱའོ། །དེ་ནི་སྔགས་ཐམས་ཅད་ཀྱི་འབྲས་བུའོ། །ཚིག་རྒྱས་པ་ནི་དེ་བཞིན་ནོ། །ཞེས་པ་ནི་ནོར་བུའི་མཛའ་རྒྱས་པ་ནི་ལུས་ཐམས་ཅད་བདེ་བ་ཆེན་པོ་ཡིས་རྒྱས་པ་ནི་རང་བཞིན་དགའ་བས་སོ། །ཕྲག་པ་གཉིས་ཀྱི་དབུས་ན ་གནས། ཞེས་པ་ནི་ཤེས་རབ་དང་ཐབས་ཀྱི་སྦྱོར་བའི་དུས་སུ་བོ་ལ་དང་ཀཀྐོ?་ལ་ཕྲད་པས་ཉི་མ་དང་ཟླ་བའི་དུས་ཞེས་བརྗོད་དོ། །དེ་ནི་དོན་དམ་པའི་སྔགས། ཞེས་བྱ་བ་དེ་ནི་ཚིག་དང་ཡི་གེས་བརྗོད་པར་མི་ནུས་པ་སྟེ། ་མཆོག་གི་དགའ་གཡང་མ་ཡིན། ཆང་པ་ཡང་མ་ཡིན། མཆོག་དང་ཆད་པ་གཉིས་ཀ་དང་བྲལ་བའི་རང་བཞིན་གསལ་བའོ། །སྔགས་ནི་ཨཱ་ལི་ཀཱ་ལི་ཡིན། ཞེས་པ་ནི་ཨཱ་ལི་བཅུ་དྲུག་དང། ཀཱ་ལི་སུམ་ཅུ་རྩ་གཉིས་ཀྱིས་ནི་ངོ ་པོར་སྣང་བ་ལ་མཚན་བརྗོད་ནས་བྱང་ཆུབ་ཀྱི་སེམས་ཐབས་དང་ཤེས་རབ་ཏུ་དབྱེ་བའོ། །བརྗོད་པ་དེ་ནི་བཟླས་པའོ། །ཞེས་པ་ནི་སྔགས་སྔར་གྱི་ཀུན་གྱི་མཚན་ཉིད་བརྗོད་པར་བྱས་པའོ། །ངེས?་ནི་བཟླས་པ་བསྟན་ཏོ། །དེ་ཡང་འདི ་སྐད་སྟོན་ཏེ། བསྐྱེད་དང་བཟླས་པའི་བྱེ་བྲག་ཏུ། སྔགས་ཀྱིས་བཟླས་པ་རབ་ཏུ་གྲགས། ཞེས་པས་བཟླས་པ་བསྟན་ཏེ། དགའ་བའི་རིམ་པ་གནས་གསུམ་དུ་བསྐྱེད་པ་དང། ཡང་སླར་གསུམ་དུ་རྫོགས་པ་དང། དེ་གཉིས་?? ་བྲག་ལས་རང་བཞིན་གྱི་སྔགས་འབྱུང་བ་ནི་དོན་དམ་པའི་བཟླས་པ་སྟེ། དེ་ཁོ་ན་ཉིད་ཀྱི་སྔགས་བཟླས་པའོ། །གང་དུ་སྐེ་དང་རྐན་ནི་གཉིས། བསྐྱེད་བ་གང་དུ་མི་འབྱུང་བ། ཞེས་པ་ནི་དབུགས་མི་རྒྱུ་བར་རྡོ་རྗེའི་སྐེ་མདུད་པའི ་གནས་ནས་པདྨའི་བར་གྱི་རྐན་གྱི་མགུལ་པར་གནས་ཏེ་ཡོད་པའོ། །སྲོག་གི་རྩ་ཡི་ནང་ཡོད་པ། ཞེས་པ་ནི་སྲོག་པ་རྩའི་ནང་ན་ཨཱ་ལི་ལ་སོགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཡོད་པས་མཚངས་བ་ཞེས་བྱའོ། །ལུགས་དང་? ་མིན་རྒྱུན་མི་འཆེད?། ཅེས་པ་ནི་ཤེལ་གྱི་ཕྲེང་བ་ལུགས་སུ་ཐུར་ལ་དྲངས་ལ་བཟླས་པ་དང། གྱེན་ལ་སླར་ལ་བཟློག་ཅིང་དྲངས་སྔགས་བཟླས་སོ། །ཐིགས་གསུམ་ཡིག་གསུམ་དག་ལ། ཞེས་པ་ནི་དགའ་བ་ཐིག་ལེ་གསུམ ་གྱིས་ལུགས་སུ་འབྱུང། །རྫོགས་པ་གསུམ་གྱི་དགའ་བ་གསུམ་དག་པར་བྱེད་པའོ། །རང་འོད་མ་བཅས་བརྗོད་པར་བྱ། ཞེས་པ་ནི་ལས་ཀྱི་ཕྱག་རྒྱ་ལ་སོགས་སྤངས་ལ་བདག་ཉིད་ཀྱིས་བཟླས་བརྗོད་བྱའི། །རྐྱེན་ལ་རག་མ་ལུས་པར་བྱའོ། ། ་ཅིའི་ཕྱིར་ཞེ་ན། ཤེས་རབ་དང་བྲལ་བ་ལ་དེ་སྐད་ཅེས་བྱའོ། །དཔེར་ནམ་ཧེ་ས་སྟེང་མཉམ་པ་ལྟ་བུའོ། །རྐན་གྱི་ནང་དུ་ལྕེ་བཅུག་པ། ཞེས་བྱ་བ་ནི་ལྕེ་རྡོ་རྗེ་དང་རྐན་པདྨ་གཉིས་ཤེས་རབ་དང་ཐབས་ཀྱི་བྱོར་བས་ནི་ཡེ་ཤེས་ཀྱི་མེ་འབར་བས་བདེ་ཆེན ་ལས་བྱང་ཆུབ་ཀྱི་སེམས་འཕབ་པར་བསམ་མོ། །རོ་མ་ཡིས་ནི་མནན་པར་བྱ། ཞེས་བྱ་བ་ནི་ལྕེ་སྟོངས་མནན་ཅིང་སྦྱར་བ་སྟེ། སློབ་དཔོན་ཆེན་པོ་གསུང་པར་འགྱུར་རོ། །ཡང་ན་རྩེ་མོའི་ཆའ་རེག་བྱ། ཞེས་བྱ་བ་ནི། ལྕེ་རྩེ་?་བསམ་?་དེ་ལས ་མེ་མཚོན་གང་བཙམ་ཞིག་འབར་བས་རྐན་གྱི་ནང་ནས་འབར་བར་བསྒོམས་པས་བདེ་བ་ཉམས་སུ་མྱོང་བ་ཡི། མཉམ་སྦྱོར་རྣམ་པའི་བསམ་གཏན་གྱིས། ཞེས་གསུངས་སོ། །དེ་ལྟ་བུའི་བསམ་གཏན་ལ་སེམས་རྩེ་གཅིག་ཏུ་དུས་རྟག་ཏུ་གནས ་པའོ། །གྲགས་པ་མེད་པ་བདུད་རྩི་བཞིན་ཞེས་པ་ནི་ཡང་དག་པའི་བྱང་ཆུབ་ཀྱི་སེམས་འདི་ནི་མ་རིག་པ་དང། ཉོན་མོངས་པ་ལ་སོགས་པ་ཐམས་ཅད་ཀྱི་རྩིར་གྱུར་པ་སྟེ། ཚིག་དང་ཡེ་གེས་བརྗོད་བར་མི་ནུས་པའི་ཕྱིར་རོ། །དེ་ནས་ཚུལ་ནི ་འབྱུང་པར་འགྱུར། ཞེས་བྱ་བ་ནི་ཡེ་ཤེས་དེ་ལས་རང་བཞིན་གྱི་དགའ་བ་དྲི་མ་ཐམས་ཅད་དང་བྲལ་བ་འབྱུང་བའོ། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་བཅུ་གཅིག་པའི་དཀའ་བ་བཀྲལ་བའོ།། །།འདི་ལྟར་མཆོད་པའི ་རིམ་པ་བསྟན་པ་ལས་བྱུང་བ་ནི། །གཡས་གཡོན་ཡན་ལག་གཉིས་སུ་ནི་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཐུར་དུ་འབྱུང་བ་ནི་གཡོན་ནས་མར་འབབ། གྱེན་དུ་གཡས་ནས་ལྡོག་པ་གཉིས་ལས་འབྱུང་བ་བསྟན་པའི་ཕྱིར། ཁུ་བ་ཡི་ནི་འབྱུང ་བར་དྲན་ཞེས་བྱ་སྟེ། གཅིག་ནས་གཅིག་ཏུ་ཐིགས་རེ་རེ་འབྱུང་བས་བཅོ་ལྔ་འབབ་པའོ། །བཅུ་དྲུག་པ་འཕོ་བ་དང་འགྲོ་བ་ལས་གྲོལ་བའོ། །མར་དོ་དེ་བཞིན་ཡར་ངོ་ཡི། །བཟློག་པ་ཡིས་ནི་འབྱུང་བའི་ཚེ། ཞེས་བྱ ་བ་ནི་?་དང་བདེ་བ་སི་ཧ་ལ་དང་ག་བུར་གཉིས་ཤེས་རབ་ཐབས་སྦྱོར་བ་ལས་འབྱུང་བའི་བདེ་བ་ཆེན་པོ་སྟེ་རྟོགས་པར་དཀའ་ཨོ། །བཅུ་དང་ལྔ་ཡི་གཉིས་མེད་སྦྱོར། ཞེས་པ་ནི་ཚེས་བཅོ་ལྔའི་བདག་ཉིད་ཡེ་ཤེས་བཅོ་ལྔ་ལ་བདེ་བའི་བྱང ་ཆུབ་ཀྱི་སེམས་དང་གཉིས་ཀྱི་བྱེ་བྲག་སྤངས་པའོ། །བདེ་བ་འདི་ཡིས་འབྱུང་བའི་ཕྱིར། ཞེས་པ་ནི་འདི་ཁོ་ན་ལས་འབྱུང་སྟེ། བཅོ་ལྔའི་ཡེ་ཤེས་ལས་འབྱུང་བའོ། །དེ་ཡང་གཞན་ལས་མི་འབྱུང་བ་དང། དེ་ལས་ལོགས་ན ་མེད་པར་བསྟན་པའི་ཕྱིར། དེ་ཉིད་གསུམ་ཤེས་བཅུ་དང་ལྡན། །ཤེས་རབ་དང་བྲལ་བདེ་བ་ཆེ། ཞེས་གསུངས་ཏེ། དགའ་བ་དང། མཆོག་གི་དགའ་བ་དང། ཆད་པའི་དགའ་བ་གསུམ་མ་ནོར་བར་རྟོགས་པས་བཅོ་ལྔ་པོ་? ་རྟོགས་པ་ཡིན་ལ། དགའ་བ་གསུམ་དང་བཅོ་ལྔའི་རང་བཞིན་གང་གསལ་བ་ནི་ཤེས་རབ་རིགས་ཐམས་ཅད་དང་བྲལ་བའི་བདེ་བའོ། །གཞན་དག་ན་རེ་ཆར་ཡང་ཐིག་ལེ་གསུམ་ལ་ནི་དེ་ཉིད་གསུམ་ཞེས་བཤད་ལ། དེ་རྣམས ་ཤེས་པ་ནི་ཡེ་ཤེས་བཅོ་ལྔ་སྟེ། བཅོ་ལྔ་ལས་ལོགས་ན་ཤེས་རབ་དང་ཐབས་གཉིས་དང་བྲལ་བའི་བདེ་བ་ཆེན་པོ་མེད་དོ་ཞེས་ཟེར་རོ། །འདི་ལྟ་བུའི་དགའ་བའི་དོན་རང་བཞིན་དགའ་བ་བཅུ་དྲུག་གི་ཆ་ཡོད་མེད་གཉིས་ལས? ་གྲོལ་བ་དེ་ནི་བླ?་མ་?་ཐོབ་པར་བྱ་བའི་ཕྱིར། བླ་མའི་ཞལ་སྡའི་བཀའ་དྲིན་གྱིས། །གཉིས་སུ་མེད་པའི་བདེ་ཡེ་ཤེས། ཞེས་གསུངས་ཏེ། ཐབས་དང་ཤེས་རབ་ལ་སོགས་པ་གཉིས་དང་?་བའི་བདེ་བ་ཆེན་པོ་འོད ་རབ་དེ་ནི་བླ་མས་ཤེས་པར་བྱའོ། །རྟག་ཏུ་གོམས་པ་ཡིས་ནི་ཤར་ཞེས་བྱ་བ་ནི་བླ་མས་དབང་གི་རིམ་པ་བསྐུར་བས་ཡེ་ཤེས་ཉམས་སུ་མྱོང་བ་ལ་ཡང་དང་ཡང་འདྲིས་ཤིང་གོམས་པས་རང་བཞིན་དགའ་བ་ཤར་བའོ། །བསམ་གཏན་གྱིས་ནི་ཤེས ་བའོ། ཞེས་པ་ནི་བསྒོམས་པས་རྟོགས་ཀྱི་བརྗོད་པས་རང་བཞིན་དགའ་བརྙེད་པར་མི་འགྱུར་རོ། །བཅུ་དྲུག་གི་ནི་ཡི་གེའི་གཟུགས། ཞེས་པ་ནི་ཤེས་རབ་ཀྱི་རང་བཞིན་ཨཱ་ལའི་ངོ་བོ་གཡོན་དུ་འབབ་པའོ། །དེའི་ཕྱིར་འདི་སྐད་སྟོན་ཏེ། ཨཱ་ལིའི ་ཐིག་ལེ་རང་ངོ་བོ། །ཱ་སོགས་ཡིག་འབྲུའི་?་ཡང་འབྱུང། །ཱ་ལིའི་ཡེ་ཤེས་བདེ་བདག་ཉིད་?་གསུངས་ཏེ། དེ་ཡང་བདེ་བའི་ཐིག་ལེ་བཅུ་དྲུག་གྲངས་ཀྱི་ཆར་ཡང་དང། དོན་གྱི་ཆར་ཡང་དང། དོན་གྱི་ཆར་ཡང་ནི་ཤེས་རབ་ཡེ་ཤེས ་བདེ་བ་འབྱུང་བའི་རྒྱུ་གྲགས་ཀུན་རྫོབ་ལས་དོན་འབྲས་བུ་རྙེད་པའོ། །ཀ་སོགས་ཡིག་འབྲུའི་ཆར་ཡང་འགྱུར། ཞེས་བྱ་བ་ནི་ཐབས་ཀྱི་རང་བཞིན་ཀ་?་གཡས་ནས་?་པ་?་པའི་ངོ་བོ་ཐིགས་བཅུ་དྲུག་ཀུན་རྫོབ་ལས་དོན་དམ་པའི་རང ་བཞིན་ནོ། །ཀཱ་ལའི་ཡེ་ཤེས་བདེ་བ་ཆེ་ནི་མཆོག་གི་ཡེ་ཤེས་སུ་བསྟན་བས་ཆད་པའི་ཡེ་ཤེས་ཀྱང་ཤེས་སོ། །ཱ་ལི་ཀཱ་ལི་གཉིས་སྦྱོར་ལས། ཞེས་བྱ་བ་ནི་ཐབས་ལས་ཤེས་རབ་གཉིས་ཀྱིས་མཚོན་?་?་རྣམས་?་ཆེན་ཞེས་ཏེ། བཅོམ ་སྦྱིན་གྱི་ནི་རང་མཆོག་བྱ་ཞེས་པས་ནི་མཆོད་སྦྱིན་ཐམས་ཅད་ཀྱི་མཆོག་ནི་མཆོད་པ་འདི་རྣམས་ཡིན་ནོ། །དེ་བས་མཆོད་པ་ཡིན་དེ་བཞིན་ནོ། ཞེས་བཤད་དོ། །གསང་བའི་པདྨའི་སྙིང་?་རོ། །ཞེས་པ་ནི་འཁོར་ལོ་རྣམས་སམ། ?་དགའ་ ་པའི་ཕོ་བྲང་ལ་སོགས་པའི་ལྟེ་བར་རོ། །གསང་བའི་དེ་ཉིད་གསུམ་ཞེས་བྱ། ཞེས་པ་ནི་རླག་པ་ལ་སོགས་པ་གསུམ་ནི་སྐུ་གསུམ་དུ་བསྟན་པ་ལ་གསར་བ་ཞེས་བྱའོ། །རླག་དང་ལོངས་སྤྱོད་སོགས་བྱེ་བྲག་?་བ་ནི་ཤེས་རབ་ཐབས་སྦྱོར་བའི་རྡོ་རྗེ ་དང་པདྨ་ཕྲང་པ་ནི་མཆོད་སྤྱིན་གྱི་སྐབས་སུ་རླག་པ་ལ་སོགས་པ་ལ་ནི་མཆོད་པ་ཞེས་བྱ་བ་སྟེ། པདྨའི་གནས་ཀྱི་ཕོ་བྲང་རྣམས་ན་རི་བོང་ཅན་གནས་པའི་ཚེན་ཡང་དག་པའི་?་སྦྱིན་ནོ། །རླག་པ་ནི་ལོངས་སྤྱོད་དབང། ཞེས་པ་ནི ་མཆོད་པ་དངོས་ཡིན་པར་བསྟན་པའོ། །དགའ་བ་གསུམ་དུ་བསྟན་པའོ། །ཞེས་པ་ནི་རླག་པ་ལ་སོགས་པའི་མཆོད་པ་ནི་དགའ་བ་དང་མཆོག་དགའ་དང་ཆང་དགའ་གསུམ་མོ་ཞེས་སོ། །ད་ནི་ཐིག་ལེ་གསུམ་ཞེས་བྱ་ཅེས་པ་ནི་དགའ་བའི ་ཐིག་ལེ་དང། མཆོག་གིས་ཐིག་ལེ་དང། ཆད?་དགའ་ཨི་ཐིག་ལེའོ། །སྐུ་གསུམ་ཡིག་གསུམ་བདག་ཉིད་དོ། ཞེས་པ་ནི་ཆོས་ཀྱི་སྐུ་དང། ལོངས་སྤྱོད་རྫོགས་པའི་སྐུ་དང། སྤྲུལ་པའི་སྐུ་གསུམ་དང། ཨོཾ་ཨཱ:ཧཱུཾ་གི་རང་བཞིན་གྱི་མཆོད་པའོ།། ་ཚངས་པའི་བུ་ག་དེ་བཞིན་སྐེར། རྙིང་གར་རུ་ནི་ཐིག་ལེ་གསུམ། ཞེས་པ་ནི་སྤྱི་བོར་སྐུའི་ཐེག་ལེ། མགྲིན་པར་གསུང་གི་ཐིག་ལེ་སྙིང་གར་ཐུགས་ཀྱི་ཐིག་ལེའི་གནས་སོ། །ཡང་ན་རིམ་པ་བཞིན་རླག་ཚངས་པའི་བུ་ག་སྟེ་ཆོས་ཀྱི་སྐུའོ། ། ་གཞན་གཉིས་ལོངས་སྤྱོད་རྫོགས་པའི་སྐུ་དང། སྤྲུལ་པའི་སྐུའོ། །དེ་ནི་བསྐྱེད་པའི་རིམ་ཞེས་བྱ། ཞེས་པས་ནི་འོག་མ་རྣམས་ལ་བལྟོས་ནས་བསྟོད་པ་ཞེས་བཤད་དེ། །མདུད་པའི་ནང་ནི་མན་ཆད་དོ། ཞེས་པ་ནི་དེས་གནས་ཀྱི་དོན་བསྟན་ཏེ། ་བཟློག་པ་ཡི་ནི་ཐིག་ལེ་གསུམ་པ་མི་ཆད་དགའ་རུ་གཅིག་།མངོན་དགའ་རུ་གཉིས་དགའ་བའི་གནས་དང་གསུམ་ལས་བཟློག་པའི་ཞེས་བྱ་སྟེ། དེ་ཡང་འདི་སྐད་དུ་འབྱུང་ངོ། །གྱེན་དུ་རྫོགས་པའི་རིམ་པ་ཡི་ནི། ཞེས་པས་གསལ?་བར ་བཤད་དོ། །རྒྱུ་འབྲས་རྣམ་དག་བྱེ་བྲག་ཏུ། །ཐིག་ལེ་དྲུག་ནི་རབ་ཏུ་གྲགས། ཞེས་པ་ནི་བསྐྱེད་པ་རྣམས་རྒྱུ་ལ། རྫོགས་པ་རྣམས་འབྲས་བུའོ། །ཡང་ན་དགའ་བའི་རིམ་པས་རྒྱུ་ལ་རང་བཞིན་གྱི་རིམ་པས་འབྲས་བུ་ནི་སྔ་མ་དང། ཕྱི་མ་རྣམས་? ་ཡང་སྦྱོར་རོ། །དྲི་མེད་ཡེ་ཤེས་ཆར་ཡང་དྲུག་།དེ་ནི་རྣམ་ཤེས་སྦྱོར་དྲུག་བཤད། ཅེས་པ་ནི་བསྐྱེད་རྫོགས་ཀྱི་ཐིག་ལེ་དྲུག་ལ་རང་བཞིན་གྱི་ཆར་ཡང་དྲུག་སྟེ། དེ་ལ་ནི་དོན་དམ་པར་སྤྲོས་པ་དང་བྲལ་བའི་རང་བཞིན་སྦྱོར་རོ། །སྦྱོར་པ་ལ་ནི་རྣམ་པར་ཤེས། ་ཞེས་པས་སོ། །དེ་ཡི་དབུས་སུ་དེ་ཉིད་ཞུགས། ཞེས་པ་ནི་སྦྱོར་བ་དྲུག་པོ་དེའི་དབུས་སུ་རང་བཞིན་དགའ་བ་བདེ་བའི་དངོས་པོ་འདི་ལྟ་བུ་གནས་སོ། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་བཅུ་གཉིས་པའི་དཀའ་པ་བགྲལ་པའོ།། །།རྒྱུད ་གསུམ་ཀྱི་ནི་རིམ་པ་ཡིས། །དབང་དྲུག་རེ་བ་བསྟན་པའོ། །ཞེས་བྱ་བ་ནི་རྒྱུད་ལ་སོགས་པ་ཕྱི་མ་ཐུབ་པའི་རྒྱུད་གསུམ་དུ་ནི་རིགས་ལྔའི་ཐོག་ཏུ་ཕྱིར་མི་ལྡོག་པ་བསྣན་པས་འབྲས་བུ་དང་བཅས་པའོ། །ཆུའི་དབང་བསྐུར་དབུ་རྒྱན་དག་ཅེས་པ་ནི་བུམ་པ ་ཆུ་ལ་སོགས་པའི་རྫས་རྣམས་ཀྱིས་གང་བ་དང་ལྡན་པ་ནི་མི་བསྐྱོད་པའི་འབྲས་བུའོ། །དབུ་རྒྱན་ཡང་གསེར་རམ་པ་སོ་ལ་སོགས་འབུར་དུ་བཏོད་པ་འམ། ཐད་ཀ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་བསྐྱེད་དཀུག་གཞུགས་པ་ལ ་སོགས་པ་དང་ལྡན་པའི་རིན་ཆེན་འབྱུང་ལྡན་འབྲས་བུ་ཡོད་པའོ། །བྱ་བའི་རྒྱུད་ལས་རབ་ཏུ་གྲགས། ཞེས་པ་ནི་དབང་གཉིས་པོ་དེ་བྱ་བའི་སྒོ་ནས་འཇུག་དངོས་སུ་གྲགས་སོ། །རྡོ་རྗེ་དྲིལ་བུ་མིང་གི་དབང། ཞེས་པ་ནི་རྡོ་རྗེ་ལ་?་བ་མཛའ་ ་ཡས་བསྐྱེད་པ་ལ་སོགས་པ་དང་འབྲས་?་ཡང་དེ་བཞིན་ནོ། །དྲིལ་བུ་དོན་ཡོད་གྲུབ་པ་དང། མིང་གིས་རྣམ་པར་སྣང་མཛད་ལ་སོགས་པའི་འབྲས་བུ་ལ་སོགས་པའོ། །སྤྱོད་པའི་རྒྱུད་ལས་རབ་ཏུ་གསལ་ཞེས་པ་ནི་གཉིས་? ་ཡང་ལྟ་སྤྱོད་པའི་བྱེ་བྲག་ཀྱང་བྱ་བའི་ཕྱིར་གསལ་ལོ། །ཕྱིར་མི་ལྡོག་པའི་དབང་ཞེས་པ་ནི་བཀའ་སྩལ་པ་ལ་སོགས་པས་ནི་འབྲས་བུ་དེ་བཞིན་གཤེགས་པ་ཐམས་ཅད་དང་ལྡན་པ་?་བཞིན་ནོ། །རྣལ་འབྱོར་རྒྱུད་བུ་གསལ་བར་བྱས། ཞེས་པ ་ནི་ཡོ་ག་རུ་བཞི་པོ་རྣམས་གསལ་སྟེ། དེ་རྣམས་ནི་ཐུན་མོང་གི་དབང་དུ་ཤེས་སོ། །དེ་ནི་དྲུག་གི་བྱེ་བྲག་དབང། ཞེས་པ་ནི་ཆུ་ལ་སོགས་པའི་འབྲས་བུའི་སྒོ་ནས་དབྱེ་བའོ། །ཡང་ན་ས་བོན་འདེབས་པའི་དབང་སྟེ་རྒྱུའི ་སྒོ་ནས་དབྱེ་བ་ནི་སློབ་དཔོན་གྱི་རུ་གྲགས་པའོ། །རྣལ་འབྱོར་བླ་མའི་མཚན་ཞེས་པ་ནི་རྣལ་འབྱོར་ཆེན་པོ་ཐབས་ཀྱི་རྒྱུད་ཀྱི་མིང་ངོ། །གསང་བའི་དབང་ནི་དབང་རྒྱལ་བཤད་ཅེས་པ་ནི་གསང་བའི་ཕྱིར་ན་གསང་བ་སྟེ། མ་ཧཱ་ཡོ་ག་ར ་གྲགས། །ཤེས་རབ་ཡེ་ཤེས་བླ་ན་མེད་ཅེས་པ་ནི་བླ་ན་མེད་པ་ནི་མ་རྒྱུད་དེ། དེ་རུ་ཤེས་རབ་ཡེ་ཤེས་ཀྱི་དབང་གྲགས་སོ། །བཞི་པ་དེ་ལྟར་ན་དེ་བཞིན་ནོ། །ཞེས་པ་ནི་གོང་མའི་དབང་དེ་རྣམས་ཀྱི་ཁོངས་ནས་འབྱུང་སྟེ། ཆར་ཡང་བཅུ་དྲུག ་ལྟ་བུའོ། །དགུ་ཡི་བྱེ་བྲག་དབང་ལ་སོགས། །འབྲས་བུའི་ཕྱིར་ནི་བརྒྱད་དུ་འགྱུར། ཞེས་པ་ནི་ཆུ་དང་དབུ་རྒྱན་དང། རྡོ་རྗེ་དང་དྲིལ་བུ་དང། མིང་དང། བརྟན་པ་དང། གསང་བ་དང། ཤེས་རབ་ཡེ་ཤེས་ཀྱི་དབང་ལ་སོགས་པ་བརྒྱད་ནི་རྒྱུ ་ཡིན་ལ། དགུ་པ་ནི་སྔར་ནི་ནད་ན་ཡོད་པས་འབྲས་བུས་དངོས་པོ་ཡང་བརྒྱད་བོ་ན་ཡོད་ལ། དེ་བཞིན་དུ་བཞི་པ་ཡང་ཡོད་པའོ། །བཞི་པ་དེ་ལྟར་དེ་བཞིན་བརྗོད། ཅེས་པ་ནི་གོ་ཀླའོ། །ཞེས་རབ་ཡེ་ཤེས་དེའི་འབྲས། ཞེས་པ་ནི་དེའི་འབྲས་བུ་དབང ་ཡིན་ལ། དགུ་པ་ནི་སྔར་ནི་ནང་ན་ཡོད་པས་འབྲས་བུའི་དངོས་པོ་ཡང་བརྒྱད་པོ་ན་ཡོད་ལ། དེ་བཞིན་དུ་བཞི་པ་ཡང་ཡོད་པའོ། །བཞི་པ་དེ་ལྟར་དེ་བཞིན་བརྗོད། ཅེས་པ་ནི་གོ་ཀླའོ། །ཤེས་རབ་ཡེ་ཤེས་དེའི་འབྲས། ཞེས་པ་ནི་དེའི་འབྲས་བུ་དབང ་བཞི་པ་སྟེ་འདི་སྐད་སྟོན་ནོ། །དངོས་པོ་སོ་སོར་ཤེས་མི་བྱ། ཞེས་པ་ནི་རྒྱུ་དང་འབྲས་བུ་གཅིག་པའོ། །བཞི་པ་ལ་སོགས་ན་མེད་པ་ལ་དེ་སྐད་བཤད་དོ། །དེ་ལྟར་ཞེས་ནི་ཚད་མེད་དོ། ཞེས་པ་ནི་བཞི་པ་ལ་ཚད་དང་རགས་པས་གཞལ་པར་མི ་ནུས་པར་བསྟན་ནོ། །དེ་བས་འབྲས་བུའི་ཚིག་དོན་ནི། རིགས་པ་མ་ཡིན་པ་ཡི་སེམས་ཤེས་གསུངས་ཏེ། འབྲས་བུའི་ངོ་བོ་བཞི་པ་ནི་བརྗོད་པར་དཀའ་ལ་རྟོགས་པར་དཀའ་བ་ནི་རིགས་པ་སྤངས་ཏེ་ཡེ་ཤེས་དེ་ནི་བླ་མའི་མན་ངག་གིས ་བསྒོམ་པ་ལས་འབྱུང་བར་བསྟན་ནོ། །དེ་ཡང་འབྱུང་བའི་དང་བྲལ་བའི་དངོས་པོ་སྟེ། གསལ་བར་བྱེད་པའོ། །ཞེས་གསུངས་སོ། །འོ་ན་ཆོས་ཉིད་ཀྱི་རང་བཞིན་བཞི་པ་ནི་འབྱུང་བར་བསྟན་ཏེ། འདིར་འབྱུང་བ་མེད་པའི་དངོས་པོ་ཡི། ཞེས་པ་ཇི ་ལྟ་བུ་ཞེ་ན། བུ་མོ་ལ་སོགས་པའི་དབང་གི་རིམ་པ་ལས་འབྱུང་ལ། ཤེས་རབ་ཡེ་ཤེས་ལས་ལོགས་ན་མེད་པའི་ཕྱིར་མི་འབྱུང་སྟེ། དེ་བས་ན་འདི་སྐད་སྟོན་ནོ། །དེ་ཡང་དོན་དམ་པའི་དངོས་པོ་བདེ་བ་ནི་འབྱུད་ལ། ཀུན་རྫོབ་ཀྱི་དངོས་པོ་ཁུ་བ ་ནི་མི་འབྱུང་བ་ལ་བྱ་ཡང་འགལ་བ་མེད་དོ། །དེ་བཞིན་རེ་ཞིག་དགའ་བའི་རིམ། །ཇི་ལྟ་བུའི་ནི་ཡོད་པར་འགྱུར། ཞེས་པ་ནི་སྡུད་པ་བོས་དགའ་བ་ལ་སོགས་པའི་དངོས་པོ་དང། གནས་དང་རྒྱུ་དང། འབྲས་བུ་འབྱུང་བའི་རིམ་པ་དང། བསྐྱེད་རྫོགས ་རྣམས་ཞུས་པའོ། །དགའ་བ་ལུས་སུ་གྲགས་པ་སྟེ། ཞེས་པ་ལ་སོགས་པས་ནི་མཆོག་གི་དགའ་བ་དང། ཆད་པའི་དགའ་བ་དང། དགའ་བ་ལ་སོགས་པ་ནི་སེམས་ཅན་གྱི་གནས་སྐབས་སུ་ལུས་ངག་ཡིད་གསུམ་ཡིན་པ་ལ་བྱ་ལ། སངས ་རྒྱས་ཀྱི་གནས་སྐབས་སུ་སྐུ་གསུང་ཐུགས་སོ། །རང་བཞིན་དགའ་བ་དེ་ནི་རྣམས་ལས་གཞན་དུ་མི་རྙེད་དོ། །དེ་བས་ན་སེམས་ལས་གཞན་ནི་ཡོད་པ་མིན། ཞེས་གསུངས་ཏེ། སེམས་སོགས་ན་ཡང་མེད། སེམས་རང?་ཡང་མ་ཡིན་པ་དེ་ཨི་? ་བཞིན་དགའ་བའོ། །ལུས་ཀྱི་མགོ་པོའི་གནས་སུ་དགའ་བ་ཞེས་བྱ་བ་ལ་སོགས་པ་ནི་ལུས་ཀྱི་དགའ་བ་ལ་སོགས་པ་ནི་མགོ་བོ་ལ་སོགས་པའི་གནས་རྣམས་སུ་ཤེས་པར་བྱའོ། །ལུས་རྒྱུ་འབྲས་བུ་དེ་ནི་དག་།ཅེས་པ་ལ་སོགས་པས་སྔ་མ ་རྣམས་ལ་ཕྱི་མའི་རིམ་པས་འབྲས་བུར་ཤེས་ལ། དེ་ཡང་ཉིད་ཆེས་པི་ཆད་པའི་དགའ་བ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་རྟོགས་ནས་གནས་པ་ལ་རང་བཞིན་དགའ་བ་ཞེས་བྱ་སྟེ། དོན་དམ་པའི་མནོར་བའི་འབྲས་བུའོ། །དེ་ནི་འདི་སྐད་སྟོན་ཏེ། དེ་ཉིད ་གསུམ་བདག་ཡེ་ཤེས་གང། དེ་ནི་བཞི་པ་གསུམ་དང་བྲལ། ཞེས་པ་ནི་དགའ་བ་གསུམ་པོ་དབང་གསུམ་གྱི་བདག་ཉིད་གང་ཡིན་པའི་ཡེ་ཤེས་དེ་ནི་རང་བཞིན་དགའ་པ་བཞི་པ་དབང་གསུམ་དང་བྲལ་བ་གསུམ་གྱི། ་བདག་ཉིད་དོ། །རྩ་གསུམ་ནང་གི་དབུས་ན་བཞུགས། །ཞེས་པ་ནི་སྲོག་མའི་དངོས་པོའི་ནང་ན་ལིང་ག་ལ་དང། ཡི་ད་དང། སོ་ཤོ་མནའ་དང། གསུམ་པའི་དབུས་ནི་བྱ་གདོང་མ་སྟེ། དེའི་ནང་ན་འབྲས་བུ་བཞུགས་པའོ། །གནས་གསུམ ་ཁྱབ་མ་སྐྱེ་བ་མེད། །འོད་གསུམ་སྲིད་པ་གསུམ་དང་བྲལ། །འོད་རབ་གནས་ནི་རབ་ཀྱི་མཆོག་།དེ་ནི་བཞི་པ་རབ་ཀྱི་དབང་ཞེས་གསུངས་ཏེ། དེ་ནི་མགོ་བོ་དང། མགྲིན་པ་དང། སྙིང་ག་གསུམ་དུ་ཁྱབ་པའི་དབང་གསུམ་ལས ་བྱུང་བ་སྐྱེ་བ་མེད་པ་འདི་བདེ་པ་གསུམ་དང། ཁུ་བ་གསུམ་པོ་དང། བྲལ་བའི་རང་བཞིན་དགའ་བའི་རྣམ་གྲངས་འོད་རབ་ཀྱི་གནས་གསུམ་པོ་དང་མི་འདྲ་བའི་གནས་རབ་ན་གནས་པ་དེ་བཞི་པའི་དབང་ཡིན་ནོ། །གཞན་དག་ན་རེ་རྩ་གསུམ ་ལ་ནི་གནས་ཡིན་ལ་སྐྱེ་བ་མེད་པ་བཞི་པའི་དབང་པོ། །འོད་ལ་སོགས་པ་ནི་སྣང་བ་དང། སྣང་བ་མཆེད་པ་དང་སྣང་བ་ཐོབ་པ་དང། ལ་ལ་?་རླག་།ར་ས་ནཱ་ས་ལོངས་སྤྱོད། ཨ་བ་དྷུ་ཏི་ད་དབང་སྟེ། དེ་རྣམས་དང་བྲལ་བ་ཡང་དག་དྲི་མེད་སངས ་རྒྱས?་རིན་པོ་ཆེའི་གནས་ན་བཞུགས་པ་དབང་བཞི་པའི་ངོ་བོ་ཡིན་ཟེར་རོ། །བདུན་གཉིས་བྱེ་བྲག་ཏུ་ནི་ཡོད། ཅེས་བྱ་བའི་བུམ་པའི་དབང་བཅུ་གཅིག་གསང་བའི་དབང་བཅུ་གཉིས། ཤེས་རབ་ཡེ་ཤེས་དང་བཅུ་གསུམ་དེ་ལྟར་དེ་བཞིན་པའི་སྟེ། ་དེ་ནི་བཅུ་བཞི་པའི་དབང་གི་བྱེ་བྲག་གོ་།དེ་ཡང་རྒྱུ་འབྲས་དང་གནས་གྱི་སྒོ་ནས་བསྡུས་ལ་དབྱེས། ཡན་ལག་རབ་ཀྱི་མདོར་བསྡུས་པ་ཞེས་བྱ་བ་ནི་ཡན་ལག་དང་ཉིད་ལག་ཐམས་ཅད་ནི་རབ་ནི་མགོ་བོར་བསྡུས་པས་སོ། །ཆུའི་དབང་བསྐུར་བས། ་ཅེས་པ་ནི་རང་གི་ལས་ཀྱི་ཕྱག་རྒྱའི་གསང་བའི་མཁའ་པདྨ་ལ་བྱང་ཆུབ་ཀྱི་སེམས་ཀྱི་དངོས་པོ་འགྲོ་ལ། །འགྲོ་བས་ནི་ཐབས་ཀྱི་རྩ་དང་ཤེས་རབ་ཀྱི་རྩ་གཉིས་ཀ་རྒྱས་པའི་ངོ་བོ་ལས་ཉམས་སུ་མྱོང་ལ། དེ་གྱེན་དུ་ཐབས་ཀྱིས་དྲངས་པས ་ནི་རང་བཞིན་དགའ་བའི་འབྲས་བུར་བསྟན་ཏེ། དེ་ལྟར་བཞི་པ་རབ་ཏུ་གྲགས་ཞེས་གསུངས་སོ། །མདུད་པ་ནི་ཐབས་ཀྱི་མདུད་པའོ། །ནང་ནི་རིན་པོ་ཆེ་ནོར་བུའི་ནང་དུ་འགྲོ་བ་ལ་གྲགས་ཞེས་བྱའོ། །མཚན་ཉིད་དང་བྲལ་འབྲས་བུར་གྲགས་ཞེས ་པ་ནི་ཆོས་ཐམས་ཅད་ཀྱང་བྲལ་བའི་ཆོས་ཐམས་ཅད་ཀྱི་འབྲས་བུར་འདོད་དེ། དེ་ཡང་མདུད་པའི་བྱ་བ་ནས་དབང་གི་ཡེ་ཤེས་དེས་བསྟན་ཏོ། །ཞེས་བྱ་བའི་བར་གྱིས་བཞི་པའི་འབྲས་བུ་བསྟན་ནོ། །འོ་ན་དབང་གསུམ་པོའི་འབྲས་བུ་མ་བསྟན ་ནམ་ཞེས་ན། འདིར་བསྟན་མོད་ཀྱི་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་འབྲས་བུ་འདི་ཡིན་པས་ན་རང་བཞིན་གཙོ་བོར་སྨོས་པ་དང། དབང་བཞི་ཡིས་འབྲས་བུ་འདི་ཚོལ་བ་ལས་འབྲས་བུ་གཞན་ནི་དེ་ལྟར་མ་ཡིན་ཏེ། དཔེར་ན་རྒྱལ་པོའི་ཕོ་བྲང་བསྐྱོད ་པས་འཁོར་དང་ལྡན་ནས་ཆས་པ་བཞིན་ནམ། ཡང་ན་རྒྱལ་པོ་སྤྱན་འདྲོངས་ན་འཁོར་མེད་ཀྱང་བསམ་པ་འགྲུབ་པ་ཡིན་ནོ། །ཡེ་ཤེས་དེ་ནི་རྒྱུད་གཞན་དུ་སྟོན་པས་གསལ་བར་མ་གསུངས་ཏེ། རྡོ་རྗེ་ག་བ་དེ་བཞིན་གསང་ཞེས་པ་ལ་སོགས ་པ་ནི་རྡོ་རྗེ་ཀ་པཱ་ལའི་རྒྱུད་ལ་སོགས་པ་རུས་སྦས་པའོ། །ཁྱོད་ཀྱི་ངོར་མཛད་དབང་གི་དོན། ཞེས་པ་ནི་བྱང་ཆུབ་སེམས་དཔའ་ལྷའི་དབང་ཕྱུག་ལ་ངོ་བོ་ཡོད་པར་བྱ་བ་སྟེ། རྒྱུད་གཞན་དུ་དབང་གི་ཡེ་ཤེས་སྲས་ཞེས་བྱ་བའོ། །ཁྱོད་ཀྱིས་དོར་མཛད? ་དབང་གི་དང། །རྒྱུད་འདི་རུ་ནི་རབ་ཏུ་གསལ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་ལྷའི་དབང་ཕྱུག་ཁོ་ནའི་ངོར་བཅོམ་ལྡན་འདས་ཀྱིས་མཛད་པའི་དབང་གི་དོན་དཔལ་ཡེ་ཤེས་ཐིག་ལེར་གསལ་བར་གསུངས་སོ། །ཚད་མ་ཤེས་དང་ཞེས་བྱ་བ་ལ་སོགས ་པ་ནི་སྣོད་ངན་པར་བསྟན་ཏེ། ཡང་དག་ལས་ཤེས་སློབ་དཔོན་གྱིས། ཞེས་པ་ནི་དོན་དམ་པའི་ལམ་ཤེས་པའི་བླ་མ་གོང་མའི་སྐལ་བ་དང་མི་ལྡན་པ་ལ་མི་བསྟན་པར་གསུངས་སོ། །འི་ཡིག་འབྲུས་ཞེས་པ་ལ་སོགས་པའི་དངོས་པོས་ནི་དབང་བསྟན་ཏེ། ་ཨ་བྷི་ཥེ་ཀ་ཞེས་པ་ནི་དབང་ངོ། །དེ་ཡང་དབང་གི་རྒྱུ་བྱས་པས་འབྲས་བུ་དགའ་བ་ལ་སོགས་པའི་ཡེ་ཤེས་སུ་འདི་ནས་མར་འབྱུང་སྟེ་བདག་གིས་ནི་མ་བཤད། །རང་བཞིན་དགའ་བའི་སྒྲོན་མ་ལས། ལེའུ་བཅུ་གསུམ་པའི་དཀའ་བ་བཀྲལ་བའོ།། །། ་དེ་ནས་ཡང་ནི་བཤད་བྱ་བ། ཞེས་པ་ནི་དབང་བསྟན་ནས་བར་མཆད་པར་ནང་ལ་སོགས་པའི་སྦྱིན་སྲེག་བཤད་དོ། །ནང་གི་མཚན་ཉིད་སྦྱིན་སྲེག་གོ་།ཞེས་པ་ནི་ནང་དག་གསང་བ་ལ་སོགས་པ་ལས་འདིར་ནང་ཁོ་ན་བསྟན་པའོ། །ཁ་ནི་ཧོ་མ་ཁུང ་ཞེས་པ་སྟེ། སྔར་ཟས་བདུད་རྩིར་བྱིན་གྱིས་བརླབས་ལ། བསང་གཏོར་དང་རྫས་ཀྱི་རྣམ་པ་འོག་ནས་མར་བསྟན་ནོ། །དེ་ཡང་ཕྲག་དོག་ལ་སོགས་བསང་གཏོར་བྱ་ཞེས་པས་བསྟན་ནོ། །དུམ་བུ་གསུམ་པ་ཞེས་བྱ་བ་ལ་སོགས་པ་ནང་དང་གསང་བ ་ལ་སོགས་པའི་བྱིན་གྱིས་བརླབས་པ་སྟེ། བདུད་རྩི་མཆོག?་ནི་ཞུ་བར་བྱེད་ཅེས་པའི་བར་གྱིས་སོ། །གསང་བའི་སྦྱིན་སྲེག་ལ་ལས་ཀྱི་ཕྱག་རྒྱལ་བརྟེན་པ་དང། དམ་ཚིག་གི་ཕྱག་རྒྱ་ལ་བརྟེན་པ་དང། ཡེ་ཤེས་ཀྱི་ཕྱག་རྒྱལ་བརྟེན་པའི་སྦྱིན་སྲེག ་ལས་དོན་དམ་པའི་ཕྱག་རྒྱ་ཆེན་པོའི་འབྲས་བུ་འཐོབ་བོ། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་བཅུ་བཞི་པའི་དཀའ་བ་བཀྲལ་པའོ།། །།དེ་ནས་གཏོར་མ་ཆེན་པོའི་ལས་ཀྱི་ངེས་པར་བསྟན་པའི་དོན་བཤད་དོ་ཞེས་པ་ནི་བདེ་བ་ཆེན ་པོ་བྱང་ཆུབ་ཀྱི་སེམས་ཀྱི་རྟོག་པ་ལ་སོགས་པ་བསང་པའི་རྫས་རྣམས་དགའ་བ་ལ་སོགས་པའི་སྦྱོར་བས་བྱིན་གྱིས་བརླབས་ཏེ་ཆད་པའི་དགའ་བར་རྫས་ཚོགས་པར་བདུད་རྩིར་གྱུར་ཏེ། སེམས་ཅན་ཐམས་ཅད་བསྲུང་བའི་ཕྱིར་གནས ་དུར་ཁྲོད་ཆེན་པོ་མཚན་མོ་ཤི་བ་དབུགས་དང་བྲལ་བའི་བདེ་བའི་རོ་དང་ལྡན་པའམ། ཡང་ན་ཆུ་བོ་ཆེན་པོའི་རྣམས་དགའ་བ་དོགས་སྲོག་གི་རྩའི་གནས། རིན་པོ་ཆེའི་ཁར་བྱང་ཆུབ་སེམས་ཀྱི་རྒྱུན་མི་འཆད་པའི་གནས་སུ ་གཏང་ངོ། །ངེས་ནི་བར་ཆད་བྱེད་པའི་འབྱུང་པོ་ལ་སོགས་པ་ཐམས་ཅད་ཞི་ནས་ཁམས་གསུམ་གྱི་སེམས་ཅན་རྣམས་པར་ཆད་མི་འབྱུང་བར་ཚོགས་གཉིས་མཆོག་དང་ཆང་དགར་རྫོགས་ནས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་པདྨའི ་སྣོད་དུམ་བུ་གཅིག་པ་ཤིན་ཏུ་རྒྱ་ཆེ་བའི་ནང་དུ་གང་ངོ། །དེ་ཡང་ཧེ་རུ་ཀར་རྣལ་འབྱོར་པ་བསམ་ལ་ཡེ་ཤེས་ཀྱི་ཕྱག་རྒྱ་བཅའ་མཐེའུ་ཆུང་ལུ་གུ་རྒྱུད་དུ་སྦྲེལ་མཛུབ་མོ་གྱེན་དུ་བགྲེང་བར་མ་སྦྱར་ལ་བཏང་བའི་སྔགས་ནི་བ་ལིམ་དང་ཧས ་གཏང་ངོ། །དེ་ལྟ་བུའི་གཏེར་མས་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པའི་འབྲས་བུ་རྙེད་པར་འགྱུར་རོ། །རང་བཞིན་དགའ་བའི་སྒྲོན་མ་ལས། ལེའུ་བཅོ་ལྔ་པའི་བཀའ་བ་བཀྲལ་བའོ།། །།བསྡུས་པའི་ངེས་པའི ་དོན་རྣམས་གསུངས་པའི་གཏིང་ལ་ནི་དེ་ནས་བཅོམ་ལྡན་འདས་མོ་ཕྱག་རྒྱ་ཆེན་པོས་ཞེས་གསུངས་ཏེ། སྔར་ཞུས་པའི་བཤད་ཟིན་པར་དངོས་ནས་བཅོམ་ལྡན་མོ་ཐེ་ཚོམ་ཆོས་ནས་སྡུད་པ་བོ་ལ་བོས་ནས་བསྐུལ་བ་བྱང་ཆུབ་སེམས་དཔའ་ ་སེམས་དཔའ་ཆེན་པོ་ལྷའི་དབང་ཕྱུག་པོས་ཏེ། ཞེས་པ་ནི་འཁོར་བྱེ་ཕྲག་བདུན་ཅུ་རྩ་གཉིས་ཀྱི་ནང་ནས་སྦྲུལ་པའི་སྐུ་བྱང་ཆུབ་སེམས་དཔའ་ལྷའི་དབང་ཕྱུག་ལ་དམིགས་ཀྱིས་པོས་ཏེ་བདག་གིས་ཐེ་ཚོམ་སོལ་ཅག་བྱའོ། །དེ་ཡང་ཀྱེ་དཔའ་ ་བོ་ཆེན་པོ་ལྷའི་དབང་ཕྱུག་ཅེས་ཏེ་སྙན་ཅིང་དགྱེས་པའི་སྒོ་ནས་བོས་སོ། །དེ་ཁོ་ན་ཉིད་གསུམ་གྱི་བདག་ཉིད་ཀྱི་དང་ངེས་པར་བསྟན་པ་ཞེས་པ་ལ་སོགས་པ་མི་ཞུ་པ་འམ་ཅི་ཞེས་པ་ནི་བཅོམ་ལྡན་འདས་མ་ལེའུ་དང་བར་ད་ཁ་ནས་སོགས ་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་སྐབས་འདིར་དེས་དོན་ཞུ་བར་རིགས་སོ་ཞེས་པའོ། །ལྷའི་དབང་ཕྱུག་གིས་གསོལ་པ་ཞེས་པ་ནི་སླར་བཅོམ་ལྡན་འདས་ལ་དགྱེས་ནས་གསོལ་པའོ། །མཆོག་གི་དབང་ཕྱུག་མ་ཞེས་པ་ནས་ནམ་མཁའ་ཨི་མཛའ་ལེཌ ་སོ་ལེགས་སོ་ཞེས་པ་ལྷའི་དབང་ཕྱུག་གི་ཚིག་སྟེ། ཡོན་ཏན་ཐམས་ཅད་ཀྱིས་བསྟོད་ནས་རྗེས་སུ་ཡི་རང་ངོ་ཞེས་པའོ། །ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་པ་ནི་སྦྲུལ་པའི་སྐུ་ས་བཅུ་པའི་དབང་ཕྱུག་གིས་སོ། །བཅོམ ་ལྡན་འདས་མོས་?་དུ་ཆུད་པས། ཞེས་པ་ནི་བཅོམ་ལྡན་འདས་མོས་ནི་ལྷའི་དབང་ཕྱུག་གིས་ཁོང་དུ་ཆུད་ཅིང་ཤེས་པར་བྱ་བའི་དོན་དུ་ནི་འདི་སྐད་བཤད་དོ། །དགའ་བ་ཆེན་པོ་སེམས་ཀྱིས་ཞེས་པ་ནི་ཤེས་པའི་དབང་གིས་དགའ་བ་བདེ་བའི་བདག ་ཉིད་ཀྱིས་སྤྲུལ་པ་མང་པོ་དགྱེ་བ་ལ་སོགས་པའོ། །རྫུ་འཕྲུལ་དང་ཆོ་འཕྲུལ་དང་?་དུ་བྱུང་བ་སྤྲུལ་ཏེ་ཞེས་པ་ནི་ལྷའི་དབང་ཕྱུག་གིས་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པས་གང་བའི་རྫུ་འཕྲུལ་དང་དེ་རེ་རེ་ལས་མཆོད་པའི་ལྷ་མོ་དཔག་? ་བ་སྤྲུལ་པའི་ཆོ་འཕྲུལ་དང། དེ་རྣམས་ཐམས་ཅད་ཀྱི་ཕྱག་ན་པདྨ་དང་ཀུ་མུ་ཏའི་རང་བཞིན་ཟླ་བ་དང་ཉི་མའི་མེ་ཏོག་པའི་རྨད་དུ་བྱུང་པ་མང་པོ་སྤྲུལ་པའི་མཆོད་རྫས་སོ། །རྣམ་པ་དུ་མ་ཚེགས་པའི་མཆོད་པའི་མཆོད་སྦྱིན་བྱས་? ་ནི་ལྷ་དང་ལྷ་མོ་དང་མེ་ཏོག་ལ་སོགས་པའི་རྣམ་པ་ཐམས་ཅད་ཚོགས་ནས་བཅོམ་ལྡན་འདས་ལ་མཆོད་པ་བྱ་བ་ལ་སོགས་པས་དགྱེས་པ་བྱས་ནས་སོ། །སྔར་གྱི་དྲིས་པ་ཞེས་བྱ་ནི་བཅོམ་ལྡན་འདས་མོས་དྲིས་པའོ། །ཞུས་སོ་? ་དབང་ཕྱུག་གིས་བཅོམ་ལྡན་འདས་ཡེ་ཤེས་ཐིག་ལེ་ལ་ཞུས་པའོ། །བཅོམ་ལྡན་འདས་ནི་སྟོན་པ་སྟེ། །བདུད་བཅོམ་པ་དང་ལྡན་པའི་བདག་ཉིད་དོ། །དེ་ཁོ་ན་ལ་སོགས་པ་ངེས་པའི་དོན་ཞུས་པ་སྟེ། བཀའ་སྩལ་དུ་སྩོལ?་ཞེས་པའི་ཚིག་རྣམས་ ་ཉོན་ཅིག་བདག་གིས་རབ་ཏུ་བཤད། ཅེས་པ་ནི་ལྷའི་དབང་ཕྱུག་ལ་སོགས་པའི་འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ལ་སེམས་མ་ཡེངས་པར་ཉོན་ཅིག་པའོ། །སྟོན་པ་པོ་བཅོམ་ལྡན་འདས་བདག་གིས་བཤད་པ་སྟེ། ་འཁོར་རྣམས་ཀྱི་ནང་དུ་དམ་བཅས་པའི་ཚིག་ཏུ་གསལ་བའོ། །མཚན་ཉིད་ལས་སྐྱེད་ཁོ་ན་ཉིད་ཅེས་པ་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ལས་སྐྱེས་པ་ནི་དེ་ཁོ་ན་ཉིད་དོ། །དེ་ལྟར་མིན་ན་ཞེས་པ་ནི་ཆོས་ཉིད་ལས་སྐྱེ་བ་བདེ་བའི་ངོ་བོ་སྟེ། དེའི་ཕྱིར་མི་མཐུན ་ནོ་ཞེས་སོ། །དེ་ཡང་ཀུན་རྫོབ་ཏུ་བརྗོད་པ་དང་མི་མཐུན་བཤད་དོ། །འདི་སྐད་ཀྱང་མ་མནན་ཏེ། རང་རིག་བའི་བདག་ཉིད་ཕྱིར། །དེ་བས་བརྗོད་པར་མི་ནུས་སོ། །ཞེས་པ་ནི་ཆོས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བའི་རང་རིག་པ་ཡིན་ལ། དེ་ལ་བརྗོད ་པའི་ཚིག་དང་ཡི་གེས་ཐོག་ཏུ་མི་ཕེབས་ཏེ་དེའི་ཕྱིར་ཀུན་རྫོབ་བ་ཙམ་དུ་བརྟེན་ལ་བརྗོད་དོ། །དེ་ཁོ་ནའི་བདག་ཉིད་གསུམ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཡེ་ཤེས་གསལ་བ་དང་ཤིན་ཏུ་གསལ་བ་དེ་ཡང་བདག་ཉིད་ཀྱི་དབང་དུ་འདུས་ནས་ཐོབ་པ་དང། ་ཡེ་ཤེས་དུས་རྟག་ཏུ་ཡང་དག་པའི་འོད་དང་ལྡན་ནས་གནས་པ་དེ་དཔེ་དོན་གཉིས་ཀའི་སྒོ་ནས་བསྟན་པའི་འབྲས་བུ་སྟེ། དེ་ལ་འདི་སྐད་འབྱུང་ངོ། དེ་ནི་གནས་མཆོག་ཡེ་ཤེས་ཏེ་བྱ་བ་ནི་ཡེ་ཤེས་ཐམས་ཅད་ཀྱི་མཆོག་གི་རང་བཞིན་དགའ་བའི་ཡེ ་ཤེས་སུ་བཤད་པ་ཡིན་ནོ། །དེ་ལ་བལྟ་བར་དཀའ་བའི་མཚན་ཉིད་དོ་ཞེས་གསུངས་ཏེ། དཔྱད་པས་མི་རྙེད་པ་བལྟས་པས་མི་མཐོང་བའི་ངོ་བོ་འདི་བསྒོམས་ཀྱང་རྙེད་པ་མ་ཡིན་ནོ། །དེ་ནི་འདི་ནས་མར་རྒྱས་བར་བཤད་དོ། །ཆར་ཡང་དད་ནི་ཐིག་ལེའི ་ཚུལ། །དེ་ཉིད་གསུམ་བདག་བརྗོད་པའོ། །འཁོར་ལོ་གསུམ་ཡོད་མེད་རླུང་ཆུ། །དངོས་པོ་འདུ་ཤེས་རང་ངོ་བོ་ཞེས་བྱ་བ་ནི་གསང་བར་རླུང་དང་རྩ་རུ་ལྡན་པའི་རླུང་གི་འཁོར་ལོའི་གནས་སུ་ཆར་ཡང་གནས་པའོ། །དེའི་སྟེང་ལྟེ་བར་མེའི་འཁོར ་ལོའི་གནས་སུ་ཐིག་ལེ་གནས་པ་སྤྲུལ་པའི་འཁོར་ལོ་འབྱུང་བ་ཆུའི་གནས་སུ་ཚུལ་བསྟེན་པའོ། །དེ་གསུམ་དང་སྣང་པའི་ཞེས་བྱ་པའི་དངོས་པོའི་དགའ་བ་རང་གི་ངོ་བོ་རུ་གནས་སོ། །དེ་ཁོ་ན་ཉིད་གསུམ་དུ་བསྟན་པའོ། །ཚུལ་ཙམ་ཟླ་པ་ཡིན་པ་དེ། ས་ཡི ་འཁོར་ལོ་དེ་ནི་མཆོག་།དེ་ནི་རྟེན་གྱི་འདུ་ཤེས་ཏེ། །ལྷ་ཡི་དབང་ཕྱུག་ཤེས་པར་བྱ། ཞེས་པ་ནི་འབྱུང་པ་སའི་རང་བཞིན་སྙིང་གར་ཆོས་ཀྱི་འཁོར་ལོ་ལ་རྟེན་པའི་ཚུལ་ཙམ་དྲི་མ་དང་བྲལ་ནས་གནས་པ་སྟེ། སྣང་བ་མཆེད་པའི་རང་བཞིན་སྟེན་ཞེས་པའི ་མཆོག་གི་དགའ་བ་ལ་ནི་ཟླ་བ་བདེ་བ་མཆོག་།ཅེས་བཅོམ་ལྡན་འདས་ཀྱིས་པོས་ནས་བསྟན་པ་ཤེས་པར་གྱིས་ཞེས་སོ། །ཕྱག་རྒྱ་ཆེན་པོ་འདིར་ནི་མཆོག་།ནམ་མཁར་ཡེ་ཤེས་འདུ་ཤེས་སོ། །ཞེས་པ་ནི་འགྱུར་བ་ནམ་མཁའ་ཨི་རང་བཞིན་སྐེར་ལོངས་སྤྱོད ་ཀྱི་རྫོགས་པའི་འཁོར་ལོའི་གནས་སུ་མཆོག་གནས་ཏེ། སྣང་པ་ཐོབ་པའི་རང་བཞིན་ཡེ་ཤེས་ཞེས་བྱ་བའི་ཆད་བའི་དགའ་བའོ། །དེ་ལ་ནི་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །དེ་ཡི་མཛའ་ནི་གཞན་གྱི་མཆོག་།བདེ་ཆེན་མཆོག་གི་ནམ་མཁར་རོ། །དེ་ནི་རྣལ ་འབྱོར་ངོ་བོར་གྲགས། གཉིས་སུ་མེད་པའི་ཡེ་ཤེས་རབ་ཅེས་བྱ་བ་ནི་འབྱུང་བ་གཞན་གྱི་ནམ་མཁའ་ཨི་རང་བཞིན་བདེ་བ་ཆེན་པོའི་འཁོར་ལོ་རྩ་གསུམ་ཅུ་རྩ་གཉིས་ཡོད་པའི་གནས་ན་གཞན་མཆོག་ཆོས་ཉིད་དང་འདྲ་བའི་གནས་སོ། །དེར་འོང་རབ་ཀྱི་རང ་བཞིན་རྣམ་པར་འབྱེད་པ་ཞེས་བྱ་བའི་རང་བཞིན་དགའ་བ་མཆོག་གི་དགའ་བ་དང། ཆད་པའི་དགའ་བ་གཉིས་སུ་མེད་པའོ། །དེ་ལ་ནི་དེའི་མཛའ་ཞེས་བྱའོ། །དེ་ནི་འཁོར་ལོ་དྲུག་དབུས་གནས། །རྣམ་ཤེས་དྲུག་གི་རང་ངོ་བོ་ཞེས་པ་ནི་རླུང་གི་འཁོར ་ལོ་རྩ་དྲུག་དང། མེའི་འཁོར་ལོ་དང། སྤྲུལ་པའི་འཁོར་ལོ་དང། ཆོས་ཀྱི་འཁོར་ལོ་དང། ལོངས་སྤྱོད་ཀྱི་འཁོར་ལོ་དང་བདེ་བ་ཆེན་པོའི་འཁོར་ལོ་དང། དྲུག་གི་དབུས་ན་སྦྱོར་བ་དྲུག་གི་རྣམ་ཤེས་སོ། །དངོས་པོ་རྟེན་ལ་སོགས་བྱེ་བྲག་ཅེས་? ་ནི་ཡེ་ཤེས་དང་རྣམ་པར་འབྱེད་པ་བསྡུས་པའོ། །བཞིར་ནི་དབྱེ་བར་ཡོད་པའོ། །ཞེས་པ་ནི་རང་བཞིན་དགའ་བ་ལ་ཡོན་ཏན་འབྱུང་བས་དངོས་པོའི་ཡེ་ཤེས་དང། རྟེན་གྱི་ཡེ་ཤེས་དང། ཡེ་ཤེས་ཀྱི་ཡེ་ཤེས་དང། རྣམ་པར་འབྱེད ་པའི་ཡེ་ཤེས་རྣམས་འབྱུང་ངོ། །དེ་ཡང་དངོས་པོ་ནི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་འཁོར་ལོ་ནི་གནས་པའོ། །རྟེན་ནི་འཁོར་ལོ་ལོངས་སྤྱོད་ནས་མར་འབབ་པའི་མཛའ་ལ་རྟེན་ནོ། །ཡེ་ཤེས་ནི་དེ་ལ་ཀུན་རྫོབ་དང་དོན་དམ་པ་གཉིས་སུ ་ཤེས་པ་ལ་དོན་དམ་པ་ལ་གནས་པར་ཤེས་སོ། །རྣམ་པར་འབྱེད་པ་ནི་གནས་པ་ལ་སོགས་པའི་ཡེ་ཤེས་ཐམས་ཅད་སྤངས་པ་སྟེ། བརྗོད་པ་དང་སྤྱོད་པ་ལ་སོགས་མི་རྙེད་དེ་འབྱེད་པའོ། །དེ་ཉིད་གསུམ་བདག་བྱེ་བྲག་གིས་ཞེས་པ་ལ ་སོགས་པ་ནི་ཆར་ཡང་ཐིག་ལེ་དང་ཚུལ་དང་གསུམ་དུ་ཡང་དབྱེའོ། །དེ་ཡང་ཀུན་རྫོབ་ཀྱི་སྒོ་ནས་དོན་དམ་པར་བརྗོད་དོ། །མཚན་མོ་ཉིན་མཚན་བྲལ་ཕྱིར། ཞེས་པ་ནི་མཚན་མོ་ཡེ་ཤེས་ནི་ཟླ་བཤར?་པ་ལྟ་བུ་སྟེ་སྣང་བའོ། །ཉིན་མོ་ནི་ཉི ་མ་ཤར་བ་ལྟ་བུའི་ཡེ་ཤེས་སྣང་བ་མཆེད་པའོ། །མཚམས་ནི་ཉིན་མོ་དང་མཚན་མོ་གཉིས་དང་བྲལ་བའི་ཕྲ་ཞིང་བདག་མེད་པ་སྲོག་དང་རྩོལ་བ་མི་རྒྱུ་བ། རྒྱུ་བ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་སྣང་བ་ཐོབ་པའི་བདག་ཉིད་དོ། །དེ་རྣམས ་ཀྱང་སེམས་དང་སེམས་ལས་ཕྱུང་བ་དང་མ་རིག་པ་དང་གསུམ་གྱི་མཚན་ཉིད་ཅན་དེ། དེ་རྣམས་དང་བྲལ་བས་འོད་རབ་ཅེས་བྱ་བ་ལ། གཅིག་པུ་ཡིན་ནི་བདེ་བ་ཆེ་ཞེས་གསུངས་སོ། །རང་བཞིན་ཞེས་པ་ལ་སོགས་པ་ནི་གོང་མ་ལྟར ་བདག་གིས་མ་བཤད་དོ། །ཅིའི་ཕྱིར་ཞེ་ན། ཤེས་པར་བླ་མས་བྱེད་པའི་ཕྱིར་རོ། །དེ་བས་ན་བླ་མའི་ཞལ་ནས་རྙེད་པར་འགྱུར་ཞེས་པ་ལ་སོགས་པ་ནི་བླ་མས་བསྟན་པས་རང་བཞིན་དགའ་བ་ལ་སོགས་པའི་དངོས་གྲུབ་རྙེད་དེ། དེ ་བས་ན་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་བླ་མ་ཡིན་པར་བསྟན་པའོ། །ས་བཅུ་ཡི་ནི་དབང་ཕྱུག་བདག་།ཅེས་པ་ལ་སོགས་པ་ནི་བླ་མ་དེ་ཡང་སྤྲུལ་བའི་སྐུས་བཅུ་བྱང་ཆུབ་སེམས་དཔའ་དཔེར་ན་རྒྱལ་པོ་རྣལ་འབྱོར་གྱི་དབང་ཕྱུག་ཨིནྡྲ་བྷུ་ཏི་ལྟ་བུའི་བླ ་མ་ཡིས་སློབ་མ་ལ་བསྟན་པ་སླའོ། །འོ་ན་ས་བཅུ་པའི་བྱང་ཆུབ་སེམས་དཔའ་ཨིནྡྲ་བྷུ་ཏི་ལྟ་བུ་ཁོ་ན་ལས་གཞན་མས་བླ་མ་མི་བཏུབ་པོ་ཞེ་ན། དེ་ལྟར་མ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་སེམས་དཔའ་ནས་རིམ་པས ་དབང་ལ་སོགས་པ་ཐོབ་པའི་རྣལ་འབྱོར་པས་བླ་མ་བཏུབ་སྟེ། བཏུབ་པ་མ་ཡིན་ནོ། །དེ་ཡང་ལུང་ལས་སློབ་དཔོན་རྡོ་རྗེའི་བཅུ་གཅིག་དབང། གསང་བའི་དབང་ནི་བཅུ་གཉིས་པ། ཤེས་རབ་ཡེ་ཤེས་བཅུ་གསུམ་སྟེ། །དེ་ལྟར་དེ་བཞིན་བཅུ་བཞི་པའོ། །དབང་རེ ་ལ་ནི་ས་རེ་སྦྱར། །དེ་རྣམས་མའི་དབང་ཕྱུག་བདག་ཅེས་གསུངས་སོ། །དེའི་ཕྱིར་ཡང་དབང་ཐོབ་པའི་བླ་མ་མི་འགལ་ལོ། །དེ་མ་ཟད་དེ་ལུང་གཞན་ནས་ཀྱང་འབྱུང་སྟེ། བུམ་པའི་དབང་ནི་དང་པོ་སྟེ། །གསང་བའི་དབང་ནི་གཉིས་པ་མཆོག།། ་ཤེས་རབ་ཡེ་ཤེས་གསུམ་པ་སྟེ། དེ་ལྟར་དེ་བཞིན་བཞི་པའོ། །ས་བརྒྱད་ལ་སོགས་དབྱེ་བ་ཡིས། །རིམ་བཞིན་སླར་ནས་དབང་བསྐུར་ཐོབ། །དེས་ནི་བླ་མ་སློབ་དཔོན་གྱུར། །གཞན་རྣམས་ལ་ཡང?་དབང་བསྐུར་ནུས། །ཞེས་གསུངས་པས ་ཀྱང་བཏུབ་སྟེ། མི་འགལ་བར་བཤད་དེ། །དེ་བས་འདིར་བླ་མ་ལས་ལྷག་པ་གཞན་སྟོན་པ་ཆེན་པོ་ཡོང་པའམ་ཞེས་གསུངས་ཏོག?་སླའོ།?་།དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་བླ་མ་ཡིན་པར་བསྟན་ནས། འདི་ནས་མར་སྔགས་ཀྱི ་བླ་མའི་དོན་གཟུང་བ་དང། འཇིག་རྟེན་པའི་ཆོས་སྤང་ཞིང་སྒྲ་མཁན་ལ་སོཌ་པ་ལ་དབང་དང་མན་ངག་མ་བསྟན་པར་བཤད་དེ། གང་ཞིག་བླ་མའི་བསྟན་བཅས་ལ། མཛད་དམ་བཤད་པ་གང་ལ་ལར?། ཞེས་པ་ནི་བླ་མ་རྗེ་བཙུན་གྱིས་བསྟན་པའི་སྒྲུབ་ཐབས ་ལ་སོགས་པའམ་ཡང་ན་མཛད་པའི་སྒྲུབ་ཐབས་ལ་སོགས་པའོ། །ཡང་ན་མན་ངག་བསྟན་པའི་ཡང་རུད་པའི་ཆོས་གང་ན་གོང། །དེ་ནི་བསྟན་བཅོས་དེ་ཚད་དོན། དེ་ནི་དེ་ཉིད་འཁྲུལ་པ་མེད། ཅེས་བྱ་བ་ནི་དེ་ཞེས་པ་དང ་གང་ཞེས་པ་འབྲེལ་བ་སྟེ། བླ་མས་གང་ན་གང་གིས་བསྟན་ཅིང་བཤད་པའམ། མཛད་པའམ། མན་ངག་ལ་སོགས་པའི་ཆོས་དེ་ནི་ཡང་དག་པའི་ཚད་མའི་དོན་ཏེ། དེ་ཡང་རྩ་བའི་རྒྱུད་ལས་རྗེས་དཔག་མངོན་སུམ་ཚད་མའི་དོན། །ཐར ་འདོད་པས་ནི་ངེས་པར་བཟུང། གཟུང་ནས་རྗེས་དཔག་བསྒོམས་པ་ལས། དོན་དམ་པའི་བདེན་པ་རྙེད་ཅེས་གསུངས་སོ། །ཡང་དག་པའི་ཚད་མ་ནི་བླ་མས་མངོན་སུམ་དུ་ཞལ་གྱི་མན་ངག་བསྟན་པ་ལ་རྗེས་སུ་དཔག་ནས་གཟུང་བ་དེ ་ཡང་ཕྱག་རྒྱ་ཆེན་པོ་ཐོབ་པར་འདོད་པས་ངེས་པར་བྱས་ནས་མ་བརྗེད་པར་གཟུང་བ་དེ་ལ་བསྒོམས་པའི་འབྲས་བུ་དོན་དམ་པའི་བདེན་པ་ཕྱག་རྒྱ་ཆེན་པོ་རྙེད་པར་འགྱུར་རོ། །གཏན་ཚིགས་དེས་མཚན་མ་ལ་སོགས་པའི་འཁྲུལ་པའི་ཆོས ་ཐམས་ཅད་ཀྱང་འགག་པ་ལ་ནི་འཁྲུལ་པ་མེད་ཅེས་བྱའོ། །སློབ་དཔོན་སྨྲས་དང་བདག་གིས་སྨྲས། །དེ་ལ་བྱེ་བྲག་མི་དབྱེའོ། །ཞེས་པ་ནི་དོན་དམ་པ་རྟོགས་པའི་སློབ་མ་བླ་མ་དྲིན་ཅན་དེ་ལྟ་བུའི་རྣལ་འབྱོར་པ་ནི་བླ་མ་དང་གཉིས་བྱེ་བྲག་ཆོས ་གང་ལ་ཡང་མེད་པར་ཤེས་ཤིང་རྟོགས་པའོ། །དེ་ནི་སློབ་དཔོན་སྨྲས་དང་ཞེས་པ་ལ་སོགས་པའི་དོན་ནོ། །རྣལ་འབྱོར་ཞེས་པ་ནི་ཐུབ་པའི་རྒྱུད་ཤེས་པའི་ཕྱིའི་རྣམས་སོ། །ཕྱིའི་ནི་ཡོ་གའོ། །རྣལ་འབྱོར་མ་རྒྱུད་ཅེས་བྱ་བ་ནི་?་ཀྱི་རྒྱུད ་རྣམས་དང། ཤེས་རབ་ཀྱི་རྒྱུད་རྣམས་ཤེས་པའོ། །སློབ་དཔོན་བསྟན་བཅོས་བྱེད་པ་གང་ཞེས་པ་ནི་བརྩམས་ཤིང་བྱས་པའི་ཆོས་རྣམས་སོ། །དེ་ལ་སྒྲ་དང་སྒྲ་ངན་དུ། །ལྷ་ཡི་དབང་ཕྱུག་བརྟག་མི་བྱ། །ཅེས་བྱ་བ་ནི་དེ་ལ་ཞེས་པས ་འབྲེལ་པར་སྔར་བཤད་དེ། བླ་མས་མཛད་པ་དང་བརྩམས་པའི་ཆོས་ཐམས་ཅད་ནི་སྒྲ་ངན་པ་ཡིན་པར་བཅོམ་ལྡན་འདས་ཀྱིས་ལྷའི་དབང་ཕྱུག་པོས་ནས་གསུངས་སོ། །འདི་ལྟ་བུ་ལ་སྒྲ་ངན་པར་བསྟན་ཏེ། སྙན་ངག་ཟློས་གར་གྱི་བསྟན་བཅོས ་ཞེས་པ་ནི་ཕྱིན་ཅི་ལོག་གི་ཚང་མ་ལ་སོགས་པ་ནི་སངས་རྒྱས་ཀྱིས་མཛད་པའི་ཆོས་དང་མི་འདྲ་བ་འདི་ནི་མུ་སྟེགས་ལ་སོགས་པ་དང་མཐུན་པའོ། །དེ་ལ་ནི་སྒྲ་དང་སྒྲ་ངན་བརྟག་པར་བྱ་ཅེས་གསུངས་སོ། །སྔགས་ཀྱི་བསྟན་བཅོས་གཏན་ལ་ཕབ ་ཅེས་པ་ནི་གོ་སླ་བས་མ་བཤད་དོ། །ཡང་ན་རྩ་བཞིའི་དོན་དུ་རྣམ་པ་ལ་སོགས་པར་ཤེས་པར་བྱའོ། ཞེས་པ་ནི་ལ་ལ་ནཱ་འགྲོ་བ། བྱ་གདོང་མ་དེ་ཁོ་ན་ཉིད་གསུམ་བདག་ཉིད་ཀྱི་རྣམ་པའོ། །ར་ས་ནཱ་འཇུག་པ་ནི་གཏུམ་མོའོ། །ཟླ་བ་བདེ་བ་མཆོག ་གི་ཚད་དུ་བསྟན་ནོ། །སྲོག་མ་བརྟེན་པ་བདག་ཉིད་དེ། ཕྱག་རྒྱ་ཆེན་པོའི་རང་གི་ངོ་བོ་ཞེས་པའོ། ། བ་དྷཱུ་ཏཱི་གནས་པའི་རྟོག་མེད་མའི་རང་བཞིན་དེའི་མཛའ་ལ་རྣམ་པ་ལ་སོགས་པ་དང་བྲལ་བའོ། །རང་བཞིན་དགའ་བའི་སྒྲོན་མ་ལས། ལེའུ ་བཅུ་དྲུག་པའི་དཀའ་པ་བཀྲལ་བའོ།། །སྔར་དེ་ཁོ་ན་ལ་སོགས་པ་བཤད་པས་དོན་རྟོགས་པའི་ཕྱིར། དེ་ནས་ལྷ་མོ་རབ་ཏུ་དགྱེས་ཞེས་བྱ་བ་ནི་བཅོམ་ལྡན་འདས་མ་ཕྱག་རྒྱ་ཆེན་པོར་གྱེས་པའོ། །རང་བཞིན་དོན་ནི་གསལ་བའི ་ཕྱིར་ཞེས?་བྱ་བ་ནི་གོང་དུ་བཤད་པ་ནི་རང་བཞིན་དགའ་བའི་ངོ་བོར་གསལ་ཞིང་ཁོང་དུ་ཆུད་པའི་ཕྱིར་རོ། །དམ་པོ་རུ་ནི་འཁྱུད་བྱས་ནས། པདྨ་དམ་པ་རབ་ཏུ་བསྐྱེད་ཅེས་པ། བཅོམ་ལྡན་མོ་བཅོམ་ལྡན་འདས་ལ་སྒོར་པའི་ཚུལ་དུ་འཁྱུད་དེ། ་གསང་བའི་གོ་?་ལ་དང་པོ་ལ་གཉིས་བསྐྱོད་པའི་སྦྱོར་བ་ལས་བཞེངས་ནས་ཡར་ཞུ་བ་བགྱིད་དོ། །དུར་ཁྲོད་ལ་སོགས་པ་ཡི་དོན། །རྡོ་རྗེ་རྒྱལ་པོ་ལ་ནི་ཞུས་ཞེས་པ་ནི་དུར་ཁྲོད་དང་ཤིང་དང་རྩ་དང་ལྷ་མོ་ལ་སོགས་པའི་དོན་བཅོམ་ལྡན ་མོས་ཞུས་པའོ། །བསྲུབ་དང་ཞེས་པ་ནི་ལ་ལ་དང་འདའ་ལ་གཉིས་གཉིས་སྦྱོར་བའོ། །བསྲུབ་པའི་སྦྱོར་བ་ནི་ཡང་ནས་ཡང་དུ་བསྐྱོད་པ་སྟེ། ཐབས་དང་ཤེས་རབ་སྦྱོར་བ་ཞེས་བཤད་དོ། །སྦྱོར་བ་ལས་དགྱེས་པ ་ལ་ནི་ལས་ཞེས་པའོ། །དཔལ་བདག་དགྱེས་ནས་བཀའ་སྩལ་ཏོ། །ཞེས་པ་ནི། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དཔལ། དཀྱིལ་འཁོར་ཐབས་ཀྱི་བདག་པོ་ཡིན་སྦྱོར་ལས། །ཡེ་ཤེས་མྱོང་བས་དགྱེས་པ་དེས། །བཅོམ་ལྡན ་མ་ལ་བཀའ་སྩལ་ཏོ། །དུར་ཁྲོད་ལ་སོགས་ཀྱི་ནི་དོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱི་དང་ནང་དང་གསང་བའི་དབྱེ་བས་དུར་ཁྲོད་དང་ཤིང་དང་ལྷ་མོ་ལ་སོགས་པའི་དོན་གསུངས་པའོ། །འདི་ལ་རྩའི་འཁོར་ལོ་ལྟེ་བར ་ཞེས་པ་ནི། སྤྲུལ་པའི་འཁོར་ལོ་ལ་སོགས་པའི་དབུས་ཀྱི་ལྟེ་བ་ནི་སྲོག་གི་རྩ་ཡིན་པར་སྟོན་ནོ། །སྲོག་རྩ་བ་དང་ལྷན་ཅིག་རྩ་གསུམ་དང་ལྡན་པའི་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་དང་སྲོག་རླུང་གི་རྟེན་བྱེད་པའི་དང། ལ་ལ་ནཱ་དང། ་ར་མ་ནཱ་དང། ཨ་བ་དྷཱ་?་གསུམ་ལྷན་ཅིག་སྟེ་སྲོག་གི་རྩའི་ནང་ན་གསུམ་གནས་པ་ལ་ནི་ལྡན་ཞེས་བྱའོ། །འདབ་མ་གསུམ་གྱི་པདྨའི་གཡས་ངོས་སུ་པིང་ག་ལ། གཡོན་ངོས་སུ་ཨི་དང་དབུས་སུ་སོ་ཤོ་མནའ། འཇུག་པ་དང། གནས་པ ་འགྲོ་བ་འགྲུབ་པར་བྱེད་དོ། ཞེས་བྱ་བ་ནི་སྲོག་གི་རྩའི་ནང་དུ་གསུམ་པོ་གནས་པ་བྱ་གདོང་མའི་པདྨ་དང་ལྟེ་བར་བཅས་པ་འདབ་མ་གསུམ་པའི་བདག་ཉིད་གཡས་ལ་ལ་ནཱ་དྲི་ཆུ་འགྲོ་བར་བྱེད་པ་དང། གཡོན་འོས་སུ་ར་ས་ནཱ་ཨི? ་ལ་ཕྱིར་མི་འབྱུང་བར་འཇུག་པར་བྱེད་དོ། །དབུས་སུ་ཨ་བ་དྷཱུ་ཏཱི་བྱང་ཆུབ་ཀྱི་སེམས་ག་པུར་གནས་པར་བྱེད་པའོ། །དེ་འཛིན་མ་དང། རོ་མ་དང། རྟོག་མེད་མ་གསུམ་དུ་གསང་བའི་པདྨའི་སྙིང་པོ་ཡིན་ཏེ། དེ་བདེ་བ་གསུངས? ་དང་ལྡན་པའོ། །དེ་དག་ནི་བཞི་པའི་རྩ་རྣམས་བསྟན་པའོ། །དངོས་པོ་དང་ནི་སྣང་བའི་ཡེ་ཤེས་སྲོག་རྩ་དང་ལྡན་པའོ། །རྟེན་ནི་སྣང་བ་མཆེད་པ་ཡེ་ཤེས་ར་ས་ནཱ་དང་ལྡན་པའོ། །ཡེ་ཤེས་ནི་སྣང་བ་ཐོབ་པའི་ཡེ་ཤེས་ལ་ལ་ནཱ་དང་ལྡན་པའོ། ། ་རྣམ་པར་འབྱེད་པ་ནི་ཡང་དག་དྲི་མེད་རང་བཞིན་ཡེ་ཤེས་སྤྲོས་པ་དང་བྲལ་པོའི་ངོ་བོ་ཨ་བ་དྷཱུ་ཏཱི་དང་ལྡན་པའོ། །ལས་ནི་དེ་རྣམས་ཀྱི་འབྱུང་བ་རུ་བསྟན་པའོ། །ཞལ་བཟངས་མོ་ནི་བཅོམ་ལྡན་མལ་བོས་པའོ། །དེ་རུ་ཤེས་པར་བྱ་བ་ནི་རྩ་དེ་རྣམས་སུ ་གནས་ས་རུ་བསྟན་པ་སྟེ། ཡེ་ཤེས་རྣམས་དེ་རུ་ཞེས་བྱ་བས་སོ། །ཤར་བ་ནི་ལོངས་སྤྱོད་པའི་དངོས་པོ་མཆོག་གི་དགའ་བའོ། །ནུབ་པ་ནི་རླག་པའི་མཚན་ཉིད་བྱང་ཆུབ་ཀྱི་སེམས་ཆད་པའོ། །དུས་ནི་རླག་དང་ལོངས་སྤྱོད་གཉིས་ལས ་གྲོལ་བ་དབང་གི་རང་བཞིན་ཏེ། མཆོག་དང་ཆད་པའི་དབུས་སུ་རང་བཞིན་དགའ་བའི་དུས་སོ། །རྩའི་འཁོར་ལོ་ཞེས་པ་ནི་བདེ་བ་ཆེན་པོའི་འཁོར་ལོ་ནས་རླུང་གི་འཁོར་ལོ་ཡན་ཆད་ཀྱི་འཁོར་ལོ་དྲུག་པོ་དྲུག་པོ་རྣམས་སོ། །འབྱུང་བ་ཐམས་ཅད ་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་རྣམས་དེ་རུ་འབྱུང་པས་ན་རྣམ་པ་དུ་མར་འབྱུང་བའོ། །འབད་བས་བཙལ་བར་བྱའོ་ཞེས་པ་ནི་རྣལ་འབྱོར་པས་བྱང་ཆུབ་ཀྱི་སེམས་བདེ་བའི་ངོ་བོར་བཙལ་བའོ། །གང་གི་ཕྱིར་རྩའི་འབྱུང་བ་མེད་བདེའི་ཕྱིར་ཞེས ་པ་ནི་?་བཙལ་ན་ཅི་ཉེས་བ་ཞེས་ན་བྱས་པ་དང་རྩའི་ནང་ནས་བྱང་ཆུབ་ཀྱི་སེམས་མ་བཙལ་ན་བདེ་བ་ཆེན་པོའི་ཡེ་ཤེས་མི་རྙེད་པའི་ཕྱིར་རོ། །དེ་བས་ན་འབད་ལ་བཙལ་དགོས་སོ། །བྱང་ཆུབ་ཀྱི་སེམས་ཀྱི་ཞེས་པ་ནི་ཀུན་རྫོབ་དང་དོན་དམ ་པའི་?་གཉིས་སུ་བསྡུ་པའོ། །བདུད་རྩི་བདེ་བའི་ཡེ་ཤེས་ཞེས་པ་ནི་ཉོན་མོངས་པའི་བདུད་དེའི་རྩི་རུ་འགྱུར་བ་ནི་དོན་དམ་པའི་ཡེ་ཤེས་དེ་ཡིན་ནོ། །འདི་འཇུག་པ་ལ་སོགས་པ་གསུངས་པ་ཡིན་ནོ། །བྱང་ཆུབ་ཀི་སེམས ་མེད་ན་འཇུག་པ་ལ་སོགས་པའི་དགའ་བ་མི་ཤེས་པར་བསྟན་ནོ། །མ་ཤེས་ན་ཇི་ལྟར་ཕྱག་རྒྱ་ཆེན་པོའི་སྒྲུབ་བ་རྙེད། ཅེས་པ་ནི་ལས་དང། དམ་ཚིག་དང། ཡེ་ཤེས་དང། ཕྱག་རྒྱ་ཆེན་པོ་དང་བཞིའི་དངོས་པོ ་འཇུག་པ་དང། གནས་པ་དང། འགྲོ་བ་དང། སྐྱེ་བ་བཞི་ཕྱག་རྒྱ་བཞི་ལམ་བརྟེན་ཅིང་བདེ་བའི་ཡེ་ཤེས་མ་རྙེད་ན་ཕྱག་རྒྱ་ཆེན་པོའི་གྲུབ་པ་མི་རྙེད་དོ། །མི་ཤེས་སོ། །དེ་བས་ན་འདི་སྐྱོན་ཡོད་པ་ཡིན་པས་བྱའོ། །ཕྱག་རྒྱ་ཆེན ་པོའི་དོན་འདོད་པའི་རྣལ་འབྱོར་གྱི་དབང་ཕྱུག་བསམ་གཏན་ལམ་གཡེལ་བར་བྱའོ། ཞེས་གསུངས་ཏེ། བརྗོད་དུ་མེད་པ། སྐྱེ་བ་མེད་པ། འགག་པ་མེད་པ། ཆོས་ཐམས་ཅད་ཀྱི་ཆོས་ཉིད། ཤིན་ཏུ་ཟབ་པའི་གཏིང་དཔག་དཀའ་བ། ་ཡང་དག་པའི་མཐར་ཤར་བ་ཡང་མ་ཡིན་ནུབ་པ་ཡང་མ་ཡིན་པ་རྟག་ཏུ་ཤར་བའི་རང་བཞིན་ཆར་ཐིག་ལེ་མཆོག་ཏུ་གྱུར་པ་ནི་ཕྱག་རྒྱ་ཆེན་པོའོ། །དེ་ལྟ་བུའི་དངོས་གྲུབ་འདོད་པའི་ཐབས་དང་ཤེས་རབ་ཀྱི་དོན་ལ་སྦྱོར་བའི་རྣལ ་འབྱོར་པས་དབང་ཐམས་ཅད་ཐོབ་ནས་སེམས་རྩེ་གཅིག་ཏུ་བླ་མ་རྗེ་བཙུན་གྱིས་གསུངས་པ་ལ་གནས་པས་དངོས་གྲུབ་ཐོབ་པར་འགྱུར་རོ། །རྒྱས་པར་མ་བསྟན་པར་བླ་མ་ལ། ཁུངས་བསྟན་པ་བཅོམ་ལྡན་འདས་མོས་ཞུས ་པའོ། །ལྷ་མོས་གསོལ་པ་ནི་བཅོམ་ལྡན་འདས་ལ་གསོལ་པའོ། །བཅོམ་ལྡན་ནི་བཅོམ་ལྡན་འདས་ལ་བོད་པའོ། །རྣལ་འབྱོར་དབང་ཕྱུག་གི་བསམ་ཏན་འདིར་ནི་ཇི་ལྟ་བུ་ཞེས་པ་ན་ལྔ?་དང་གིས་བཤད་པས་འདི་རུ་མ་བཤད ་དོ། །བཅོམ་ལྡན་ལ་སོགས་གོ་སླའོ། །ཀུན་རྫོབ་ཡེ་ཤེས་བསྟན་པ་ལས་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་འཁོར་ལོའི་དཀྱིལ་ན་ཨའི་ཚུལ་དུ་གནས་བདེ་ཆད་དགའ་ཨི་ཕོ་བྲང་དུ་བརྟེན་པས་ཡེ་ཤེས་ཀྱི་དངོས་པོའོ།། ་གཉིས་སུ་མེད་པའི་གནས་རབ་རྙེད་ཅེས་པ་ནི་ཀུན་རྫོབ་དང་དོན་དམ་པ་གཉིས་སུ་མེད་པ་ཡེ་ཤེས་ཐམས་ཅད་ཀྱི་རབ་མཆོག་རྙེད་པར་འགྱུར་རོ། །ཉེར་འགྲོ་བསམ་གཏན་མཆོག་གིས་ནི། ཞེས་པ་ནི་གནས་དེ་ལྟ་བུར་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས ་ཉེ་བར་འགྲོ་བ་སྟེ་འགྲོ་བ་དེ་ལ་སེམས་ཀྱི་བསམ་པ་བརྟེན་པར་གནས་པ་ནི་མཆོག་ཡིན་ནོ། །གྲུབ་པ་ཆེན་པོ་རྙེད་པར་འགྱུར། ཞེས་བྱ་བ་ནི་མཆོག་དེ་ལ་དུས་རྟག་ཏུ་སེམས་བརྟན་པར་གནས་པས་ཕྱག་རྒྱ་ཆེན་པོ་གྲུབ་པ་དང་ལྡན་པར་འགྱུར་རོ། ། ་ཡིད་དང་མཐུན་པའི་རང་གནས་སུ་ནི་རང་དགའ་བའི་གནས་ཏེ་ཡེ་ཤེས་སྐྱེ་བའི་གནས་ནི་ཆད་པའི་དགའ་བའི་གནས་སོ། །སྐྱོན་ནི་ཐམས་ཅད་དང་བྲལ་བ་ནི་ཉོན་མོངས་པའི་མཚན་མ་དང་རྟོག་པའི་གཞི་མ་རིག་པ་སྟེ། སྐྱོན་དེ་དང་བྲལ་པའི། ་འཇིགས་པ་མེད་པའོ། །སྲ་བ་སྤངས་པའི་ལུས་པོ་ཡི་ཞེས་པ་ནི་ལུས་ཐམས་ཅད་ཆད་པ་མ་ཡིན་པ་སྟེ། ལུས་མི་བསྒྲིམས་པར་ཀློད་ལ་ཅི་བདེར་བྱས་པའོ། །རླབས་མེད་པའི་སྟན་ཞེས་པ་ནི་མཚན་མ་ལ་སོགས་པའི་རླབས་དང། བྲལ་བ་ནི ་ལྟར་བདེ་བའི་སྟན་པདྨའི་ལྟེ་བར་རོ། །ལྟེ་བའི་དབུས་ན་ཡོད་པའི་ཚུལ་ཞེས་པ་ནི་རང་འབྱུང་གི་མེ་སྤྲུལ་པའི་འཁོར་ལོའི་ལྟེ་བ་ན་ཚུལ་དུ་ཡོད་པའོ། །ཧཱུཾ་གི་ཡི་གེ་འབྲུ་གྲགས་ཆེན་གྲགས་མེ་དང་འབྱུང་གི་མེ་ཧཱུཾ་ཡིན་པ་དེས་རྟོགས་པ་དང་མཚན ་མ་དང། འཁོར་ལོ་ཀུན་འབར་ཞིང་བསྲེགས་པ་ལ་སོགས་པའི་དྲག་པོ་བཞིན་གྲགས་སོ། །དེ་ཡང་འདི་སྐད་བསྟན་ཏེ། ལྟེ་བ་ལ་སོགས་གནས་བཞིར་ནི། འཁོར་ལོ་བཞི་ནི་བསྒོམ་པར་བྱ། །ལྟེ་བར་སྤྲུལ་འཁོར་དྲུག་ཅུ་བཞི། །སྙིང་གར ་ཆོས་འཁོར་འདབ་བརྒྱད་པ། མགྲིན་པར་ལོངས་སྤྱོད་བཅུ་དྲུག་འདབ། སྤྱི་བོར་བདེ་འཁོར་སུམ་ཅུ་གཉིས། །པདྨའི་དངོས་པོ་རྩ་རེ་རེ། །གསང་བར་རླུང་དཀྱིལ་གཞུ་འདྲ་དང། །དེ་སྟེང་མ་འཁོར་གྲུ་གསུམ་མོ། །ཡི་གེ་འབྲུའི་དངོས་པ ་རྟོག་པ་ཡིན། །བཙུམས་པ་དང་ནི་ཕྱེ་བ་ཡིས། །ཤེས་རབ་ཐབས་ལས་མེ་འབྱུང་བས། །ལས་ཀྱི་རླུང་གིས་མེ་འབར་རོ། །ལྟེ་བའི་དབུས་ནས་འོད་ཆེན་འབར། །རྟོག་པའི་བདག་ཉིད་མཁའ་འགྲོ་སྲེགས། །དེ་ནས ་གྱེན་དུ་འགྲོ་བའོ། །ལོངས་སྤྱོད་འཁོར་ལོ་ལན་གསུམ་བསྐོར། །ན་ས་གཡས་བྱུང་སྨིན་གཉིས་ཕྲག་།ུ་རྒྱན་ཚིགས་རྒྱས་གསེར་སྒོར་གཤེགས། །བདེ་ཆེན་ཡོད་པའི་བདུད་རྩིར་འཇུག། རི་བོང་ཅན་གྱི་བདུད་རྩི་གསོལ། །ཐུགས ་རྗེའི་ཆར་གྱི་རྒྱུན་འབབ་པ། །སྔར་ལམ་ཞུགས་ནས་སྨིན་ཕྲག་ཞུགས། །བྱང་ཆུབ་སེམས་ཀྱིས་ལོངས་སྤྱད?་གནས། །སྡུག་སྲེགས་མཁའ་འགྲོ་རབ་ཏུ་ཆིམ། །ལྟེ་བའི་དབུས་ན་གནས་པའོ། །ཡར་གྱིས་བསྲེགས་ལ་མར ་གྱིས་གསོ། །སྐྲ་ཡི་རྩེ་མོ་འབུམ་གྱི་ཆ། །འགྲོ་དང་འོད་བའི་མཐོང་བར་དཀའ་ཞེས་པའོ། །སྲོག་དང་རྡུབ་པ་འགོག་པ་ཡིས། ཞེས་པ་ནི་བྱང་ཆུབ་སེམས་དང་རླུང་དུ་ལྡན་པའི་སྲོག་དང་སྩོལ་བའི་རླུང་གཉིས་འགྲོགས་ན་བདེ་བ་ཆེན? ་བོའོ། །སྲོག་དང་རྡུབ་པའི་བཟའ་བ་གསོལ། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་དེ་ཕྱིར་མི་གཏང་བར་ནང་དུ་བཟའ་བར་བྱའོ། །སྲོག་དང་རྡུབ་པ་གཉིས་ཟོས་ནས། ཤེས་པ་ནི་མཆོག་དགའ་དང་ཆད་པའི་དགའ་ ་བ་གཉིས་ཀྱི་གནས་རེ་རུ་ཟོས་པའི་ནི་ཀུན་རྫོབ་ཏུ་ཆུ་ཟླ་ལྟར་རོ། །དེ་ན་གང་ཡིན་པར་འགྱུར་ན་ཆུ་ཟླ་ལྟ་བུ་དེ་ན་བྱང་ཆུབ་ཀྱི་སེམས་བདུད་རྩི་ཡི་ཁམས་གསུམ་གང་ནས་ཡེ་ཤེས་དང་ལྡན་པས་ནི་འཁོར་བ་མཆོག་དགའ་དང ་མྱ་ངན་ལས་འདས་པ་ཆང་དགའ་གཉིས་བདུན་རྩིས་ཚིམ་པའོ། །དེ་ནས་དེ་ནི་རྟགས་ནི་ཀུན། ཞེས་པ་ནི་རིན་ཆེན་ཁར་ཟླ་བ་གང་པའི་དུས་ན་སྣའི་རླུང་ལ་སོགས་པ་ཡང་འགགས་ནས་རྡོ་རྗེ་འཛིན་པའི་གནས་ནས་རྟགས་བརྒྱད ་འབྱུང་ངོ། །མཚན་མ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །དེ་ཡང་བསྒོམ་པ་ལ་སེམས་བརྟན་པ་ལས་རྟགས་འབྱུང་ངོ། །དེ་ནས་རྣལ་འབྱོར་དབང་ཤེས་ནས་ནི་རྣལ་འབྱོར་དབང་ཕྱུག་གི་བསམ་གཏན་གྱི་རིམ་པ་ཤེས་ནས། རྣམ་པར་ཤེས་པའི་ཡི་གེ ་མཆོག་གི་ཨའི་ཚུལ་དུ་མི་དམིགས་པར་བསྒོམ་པའི་དོན་ནོ། །ནང་དུ་ལྟ་བ་བྱས་པས་ན་སེམས་རྩེ་གཅིག་ཏུ་མི་གཡེལ་བར་བདག་རང་གི་ནང་དུ་གཏད་པའོ། །སྟེང་མཚམས་ནི་མགོ་བོའི་སྐྲའི་མཚམས་སུ་སྟེ་མཚོགས་མར་རོ། །རྩེ་མོ་ཟབ་བ?་རུ་ནི ་དེའི་སྟེང་གི་རྩེ་མོ་ནི་བདེ་ཆེན་གནས་པ་ཚངས་པའི་བུག་པ་ཆོས་ཐམས་ཅད་ཀྱི་དབྱིངས་ཡིན་པས་ཟབ་པའོ། །མཆོག་གི་ནམ་མཁའ་རུ་ནི་མཁའ་ཞེས་པ་ནི་ཆོས་ཐམས་ཅད་ཀྱི་དབྱིངས་དེ་ནི་བརྗོད་དུ་མེད་པ་རབ་མཆོག་།རྨད་དུ་བྱུང་བ་འདི་བདེ་ཆེན ་གྱི་ནམ་མཁའ་རུ་གནས་ཏེ་ཨའི་དངོས་པོའི་ཚུལ་དུ་བཤད་དོ། །ཡི་གེ་མཆོག་ནི་ཚོར་བྱས་ནས་ནི་ཨ་སྐྱེ་བ་མེད་པ་དེ་ལ་བསྒོམས་པས་ཉམས་སུ་མྱོང་ནས་རྟོགས་པའི་ཤེས་རབ་བོ། །ཚངས་པའི་ཡུལ་སའི་པད་ཕུག་བྱས། ཞེས་བྱ་བ་ནི་སྤྲུལ་པའི་འཁོར ་ལོའི་ལ་ལའི་ལྟེ་བ་རྒྱས་པར་བྱ་བའི་བདེ་བ་ཆེན་པོའི་ཡེ་ཤེས་སོ། །ཆགས་པ་དང་བྲས་གནས་སུ་འགྲོ་ཞེས་པ་ནི་བདེ་བ་ཆེན་པོ་ཡེ་ཤེས་དེ་སྤྲོས་པ་བྲལ་བའི་རང་བཞིན་དགའ་བའི་གནས་སུ་ཤེས་པར་འགྱུར་རོ། །དེ་ནི་དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་གནས་ཡིན་པར་སྟོན་ནོ། །དཔལ་དང་ལྡན་པའི་རྡོར་འཛིན་པའི། །ལྷ་མོ་གནས་དེར་ཤེས་པར་བྱ། ཞེས་པ་ནི་ཐབས་ཀྱི་མཁའ་དང་ཤེས་རབ་ཀྱི་དབྱིངས་ཤེས་པས་གནས་ཏེ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པ་འཁོར་དང་དཔག་ཏུ་མེད་པའི ་ཡང་དཔག་ཏུ་མེད་པ་རབ་བཅས་ནས་བཞུགས་པ་?་ནི་ལྷ་མོ་ལ་བོས་ནས་ཤེས་པར་གྱིས་ཤིག་པའོ། །དེ་ལྟ་བུའི་འདུས་པའི་པའི་ཞེས་པ་ནི། མཁའ་འགྲོ་མ་དང་རྣལ་འབྱོར་མ་ལ་སོགས་པ་སྔར་བཤད་པའི་འཁོར་ཐམས་ཅད་སྔར་གྱི་གནས་སུ ་འདུས་པ་ལ་དེ་སྐད་ཅེས་བྱའོ། །དུར་ཁྲོད་ཆེན་པོའི་ཆོས་ཀྱི་འབྱུང་གནས་ཀྱི་གཞིར་ཞེས་པ་ནི་དབུགས་འབྱུང་བ་ལ་སོགས་པ་སྤངས་པའི་དུར་ཁྲོད་ཡེ་ཤེས་ལ་སོགས་པའི་ཤིན་ཏུ་བདེ་བ་ཆེན་པོ་འདུས་བྱས་ཀྱི་ཆོས་ཐབས ་ཅད་དང་འདུས་མ་བྱས་ཀྱི་ཆོས་རྣམས་དེ་ལས་འབྱུང་བའི་ཕྱིར་ནི་ཆོས་ཀྱི་འབྱུང་གནས་ཐམས་ཅད་ཀྱི་སྐྱེ་བ་དང། འགག་པ་དང། གནས་ས་ཡིན་པས་ན་གཞི་ཞེས་བཤད་དོ། །གྲངས་མེད་པ་ནི་བྱེ་བས་ཡང་དཔག་ཏུ་མེད་པའི་ཡང་ཡའི? ་དཔག་ཏུ་མེད་པའོ། །རྣལ་འབྱོར་ནི་རང་བཞིན་དགའ་བའི་དོན་ལ་མཆོག་གི་དགའ་བ་དང་ཆད་པའི་དགའ་བས་སྦྱོང་བས་སོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ་ཞེས་པ་ལ་སོགས་པའི་དོན་ནི་སྔར་བཤད་དོ། །རང་བཞིན་དགའ་བའི་སྒྲོན་མ ་ལེའུ་བཅུ་བདུན་པའི་དཀའ་བ་བཀྲལ་བའོ།། །།སོར་བཅུ་གཉིས་ནི་ཚིགས་པ་མེད་ཅེས་པ་ནི་མགྲིན་པའི་སྟེང་ནས་ཚིགས་པའམ། མདུད་པ་མེད་པའི་སད་དེ་འདུག་པའི་སོར་བཅུ་གཉིས་ཀྱིས་ཚངས་པའི་བུ་གའི་བར་དུའོ། །འོག་གི ་མ་ནི་བཅུ་གཉིས་ཕྱེད་ཅེས་པ་ནི་མགྲིན་པའི་འོག་ནས་རླུང་གི་འཁོར་ལོ་ཡན་ཆད་དུ་བཅུ་གཉིས་ཕྱེད་དེ་མདུད་པ་དྲུག་ཡོད་པའོ། །དེ་བཞིན་སྤྲུལ་བའི་པདྨ་རུ་ཞེས་པ་ལ་སོགས་པ་ནི་སྔར་བཞིན་དུ་མདུད་པ་སྤྲུལ་པའི་འཁོར་ལོའི་གསང་བའི་པདྨ་ལ ་རྩ་གཙོ་བོ་གསུམ་སྟེ། ?་གལ་ལ་དང། ཨིད་དང། སོ་ཤེ་སྣ་གསུམ་གྱིས་པདྨའི་འདབ་མ་གསུམ་མོ། །དེས་ནི་ཡེ་ཤེས་གསལ་བར་བྱེད་དོ། །དེ་རྣམས་ལ་ནི་འདི་ལྟར་བསྟན་ཏེ། རྩ་དང་བཅས་བའི་ལྟེ་ནང་དུ་ཞེས་པ་གསུངས་སོ་།རྩ་དང ་པདྨར་བཅས་པའི་ལྟ་པ་ཡོད་པའི་ནང་དུ་འབྱུང་ངོ། །རྩ་བ་རྩ་བའི་ནང་འོངས་ནས། ཞེས་པ་ནི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་འཁོར་ལོ་ན་ཡོད་པའི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ་།རྩ་བ་དེ་རྩ་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རྩ་? ་གི་ནང་དུ་འོངས་ནས་བདེ་བ་ལ་གནས་སོ། །དེ་ཡང་འདི་ལྟ་སྟེ། འདབ་མའི་སྐྱེ་རུ་བཅར་ཏེ་གནས་ཞེས་པ་ལ་སོགས་པ་ནི་སྲོག་རྩ་དང། བདེ་བ་དང། འཛིན་མ་དང། རོ་མ་དང། རྟོག་མེད་མ་དང་བཅས་པ་སྟེ་གསུམ་གྱིས་འདབ་མ་ལ་གནས་པ ་རྩའི་རྩེ་མོ་སླར་ལ་དུམ་ཅིག་བཀུག་ནས་ཡོད། །པ་དེ་ནི་སངས་རྒྱས་རིན་ཆེན་སྣོད་དོ། བུ་ག་ཕྲ་མོས་ནང་ན་ལྡན་ཞེས་པ་ལ་སོགས་པ་ནི་སྲོག་གི་རྩ་བ་ལ་བུ་ག་དང། །འཛིན་མ་ལ་སོགས་པའི་རྩ་གསུམ་དང་ལྡན་ནས་གནས་པའོ།། ་འཛིན་མ་ལ་སོགས་པའི་རྟེན་ཀྱང་ཡིན་ཏེ་དགའ་བའི་རང་བཞིན་རྩ་གསུམ་གྱི་རྟེན་ནོ། །རྒྱུ་དང་འབྲས་བུ་གཉིས་མེད་ཀྱིས་ཞེས་པ་ནི་སྲོག་གི་རྩ་ནི་རྒྱུ་ལ་རྩ་གཞན་གསུམ་པོ་ནི་འབྲས་བུ་སྟེ་བདེ་བ་ཆེན་པོའི་རང་བཞིན་དགའ་བ་ནི་གཉིས་སུ་མེད ་པའི་ཡེ་ཤེས་ཀྱིས་སོ། །རྩ་བ་འབྲས་བུ་རྒྱ་ཡིས་བཏབ་པ་ནི་རང་བཞིན་གྱི་ཡེ་ཤེས་ཀྱིས་རྒྱུ་དང་འབྲས་བུའི་རྩ་ལ་སོགས་པའི་དངོས་པོ་ཐམས་ཅད་ནི་གཉིས་སུ་མེད་པ་འོད་རབ་ཀྱིས་རྒྱས་བཏབ་པའོ། །དྲུག་ཕྱེད་རྩ་བ་དང་ལྡན་ནི་ལ་སོགས་པ་ནི ་སྲོག་?་རྩ་དང་རྩ་གསུམ་ལྡན་པའི་བདག་པོ་འམ། ཡར་ན་སྲོག?་གི་རྩ་ལ་སོར་གསུམ་བྱ་གདོང་དུ་ཡོད་པ་ལ་བྱ་བ་ལ་བསྟན་ནོ། །སྲོག་གི་རྩ་ནི་བྱད?་དང་གཟུགས་ལ་སོགས་པ་གསལ་བའི་ཆོས་ཅན་ཡིན་ནོ། །དེ་ཡང་ལོངས་སྤྱོད་རྫོགས ་པའི་སྐུ་དང་སྤྲུལ་པའི་སྐུ་ལ་སོགས་པའི་ཡོན་ཏན་ནོ། །བཅུ་དྲུག་ཕྱེད་ཕྱེར་བྱེ་བྲག་ཏུ་ཞེས་པ་ནི་བཅུ་དྲུག་བྱེད་བརྒྱད་དེའི་ཕྱེད་བཞི་སྟེ། ལ་ལ་ནཱ་དང། ར་ས་ནཱ་དང། ཨ་ཐ་དྷཱུ་ཏཱི?་དང། སྲོག་གི་རྩ་དང་བཞི་ལ་ནི་སྲོག་མ་འཛིན་མ་རོ་མ། རྟོག ་མེད་མ་བཞི་རུ་།བཤད་དེ། །དེ་ནི་རྩེའི་སྐུད་པ་གཅིག་བུའོ། །ཞེས་པ་ནི་དོན་དམ་པ་རུ་གཅིག་པའོ། །རྩ་བ་གསུམ་དབྱེ་སྐལ་ལྡན་མོ། །ཞེས་པ་ལ་སོགས་པ་ནི་ཡང་ན་འཛིན་མ་ལ་སོགས་པ་གསུམ་ལ་འབྲས་བུ་ཡང་དེ་དང་པོ། ། ་ཡང་ན་སྲོག་རྩ་བྱ་གདོང་གི་གནས་སུ་སོར་གསུམ་ན་རེ་མདུད་པ་མེད་པར་འདུག་གོ་།འབྲས་བུ་གསུམ་པོའི་སྣ་ལ་སོར་གཅིག་གནས་པ་འདི་ནི་རྩ་དང་འབྲས་བུ་གཉིས་ཀྱི་གནས་ནི་ལ་ལ་ནཱ་དང། ར་ས་ནཱ་དང། ཨ་བ་དྷཱུ ་ཏཱི་དང་གསུམ་གྱི་གནས་ནི་སྲོག་གི་རྩའོ། །གསུམ་པོ་རྒྱུ་དང་འབྲས་བུའི་བྱེ་བྲག་ལ་ནི་བཅུ་གཉིས་བྱེད་དོ། །གཅིག་པོ་ནི་དེ་རྣམས་འབྲས་བུ་གཅིག་པའོ། །འབྲས་བུ་ནི་ཕྲ་བའི་རང་བཞིན་ནམ་འཇམ་པ་རྟོག་མེད་མའོ། །རིན་ཆེན་ཁ ་ནང་ཡན་ཆད་དོ། །ཞེས་པ་ལ་སོགས་པ་ནི་བདེ་བ་ཆེན་པོའི་འཁོར་ལོའི་ལྟེ་བ་ནས་རླུང་གི་འཁོར་ལོ་ལྟེ་བ་རིན་པོ་ཆེའི་ཁ་རུ་གནས་པ་ཡེ་ཤེས་ཀྱི་རང་བཞིན་ཐིག་ལེ་རྒྱུ་བའི་རྩ་བའི་སྐུད་པ། སྦྱོར་བ་དྲུག་གི་རྟེན་བྱེད་པའི་སྐུད་པ་ཡོད་དོ།། ་སྦྱོར་བ་དྲུག་ནི་ཆར་ཡང་ཞེས་པ་ལ་སོགས་པ་བསྟན་ནོ། །དཔལ་ནི་གཞན་མིན་འདིར་ནི་ཆར། །ཞེས་པས་རྒྱུད་ཀྱི་མཚན་དང་ཚད་བསྟན་ཏེ་དཔལ་ཡེ་ཤེས་ཐིག་ལེ་ནི་སྦྱོར་བ་དྲུག་ཏུ་བཤད་དོ། །འདི་སྐད་དུ་ཤྲཱི་ཛྙཱ་ན་ཏི་ལ་ཀ་ཞེས་པ ་ནི། ཆར་ཡང་དང་ཐིག་ལེའི་ཚུལ། ཚུལ་ཙམ་མཆོག་གཞན་མཆོག་དྲུག་དང། ཉུངས་ཀར་ཞེས་པས་སོ། །དཔལ་ལྡན་ཡེ་ཤེས་ཐིག་ལེ་འདི་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ངོ་བོ་རུ་བཞུགས་པ་འདི་ནི་ཐམས་ཅད ་གྱི?་བདག་པོའོ། །མཁའ་འགྲོ་མའི་འཁོར་ལོ་སྒྱུར་ཞེས་པ་ལ་སོགས་པ་གསུངས་ཏེ། མཁའ་འགྲོ་མ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་སོགས་པའི་དཀྱིལ་འཁོར་བ་དང། དེ་ཡང་རྩའི་དངོས་པ་ཡིན་ཏེ། རྩ་རེ་རེ་མཁའ་འགྲོ་མ་རེ་རེ ་བསྟན་ཏེ། མཁའ་ནི་སྟོང་པ་ལ་བྱང་ཆུབ་ཀྱི་སེམས་འགྲོ་བའོ། །ཡང་ན་ཆོས་ཐམས་ཅད་དབྱིངས་སུ་འགྲོ་བའོ། །འཇུག་པ་གནས་པ་ལོངས་སྤྱོད་ཡིན། ཞེས་པ་ནི་གཡོན་གྱི་ཨི་ད་ས་ཧི་ལ་གྱེན?་དུ་འཇུག་པའི་སྟེང་?་འགྲོ་བ་ལོང་སྤྱོད? ་ཀྱི་གནས་པའོ། །རླག་པ་འགྲོ་བའི་གནས་སུ་ཡོད་ཅེས་པ་ནི་ལ་ལ་ནཱ་གླ་རྩི་འགྲོ་བ་འོག་ཏུ་འགྲོ་བ་རླག་པའི་གནས་སོ། །འབྱུང་བ་དགང་གི་གནས་སུ་སྟེ། ཞེས་པ་དབུས་ཀྱི་སོ་ཤོ་མནའ་ག་པུར་གནས་པ་དབུས་སུ་གནས་ནས་དབང་གི་གནས་སོ།། ་རང་བཞིན་དེ་ནི་མཆོག་གཞན་མཆོག་།ཅེས་པ་ནི་རླག་པ་དང། ལོངས་སྤྱོད་དང། དབང་དང་ལ་སོགས་པའི་འབྲས་བུ་ཕྱག་རྒྱ་ཆེན་པོའི་རང་བཞིན་ནི་མཆོག་དང་མཆོག་གི་ཡང་མཆོག་གོ་།གཡོན་ལ་སོགས་པ་ནི་ཤེས་པར་སླའོ། ། ་དེ་བཞིན་འདི་ནི་དྲན་པའོ། །ཞེས་པ་ནི་གཡོན་པ་ལ་སོགས་པའམ། སྟེང་འོག་ལ་སོགས་པ་དང་འདྲའོ། །དེ་རྣམས་ལྟེ་བའི་དབུས་སུ་ནི། ཞེས་པ་ནི་རྩ་རྣམས་ལ་སོགས་པ་གསང་བའི་ལྟེ་བའི་དབུས་ན་ཡོད་དོ། །སྐྲ་རྩེ་བྱེ་བ་བརྒྱ་ཡི ་ཆ་ཞེས་པ་ནི་མཚན་པའི་ངོ་བོའི་ཚུབ་སྟེ་རབ་ཏུ་གསུངས་སོ། །ཚད་དང་དེ་བཞིན་དུ་ནི་གནས་ཞེས་པ་ནི་དེ་ཡན་ཆད་དུ་ཚད་དང་གནས་བསྟན་པའི་སྐབས་སུ་མཚན་ཀྱང་བསྟན་པའོ། །ཞལ་བཟངས་ཡེ་ཤེས་ཐིག་ལེའོ། ཞེས་པ་ལ་སོགས ་པ་གོ་སླའོ། །དེ་ཀུན་ས་ཡི་དབང་ཕྱུག་བདག་།ཅེས་པ་ནི་ས་བཅུ་དྲུག་གི་བདག་པོ་ནི་བཅོམ་ལྡན་འདས་དཔལ་ཡེ་ཤེས་ཐིག་ལེ་དབང་ཕྱུག་ཆེན་པོའོ། ?་ལ་སོགས་པ་དགའ་བའི་གནས་ཞེས་པ་ནི་གནས་དང་ཉེ་བའི་གནས ་ལ་སོགས་པ་བཅུ་དྲུག་པོ་ནི་དགའ་བ་བཅུ་དྲུག་ཏུ་སྦྱར་རོ། །ས་ཡི་སྒྲ་ཡིས་བརྗོད་ཡིན་ནོ། ཞེས་པ་ནི་མོས་པ་སྤྱོད་པ་ལ་སོགས་པ་བཅུ་དྲུག་དང་ཡང་སྦྱོར་རོ། །ཇི་ལྟར་སྦྱོར་ཞེས། དེ་ནི་གནས་དང་ཉེ་བའི་གནས་ལ་སོགས་པའི་རིམ་པས ་སྦྱར་ཏེ། དེ་ཡང་འདི་སྐད་བསྟན་ནོ། །གནས་ལ་སོགས་ཉི་མ་དབྱེ་བ་ཡིས། །དགའ་སོགས་རིམ་པར་དབྱེ་བའོ། །དེ་ལྟར་ས་ཡི་དབྱེ་བའོ། །གནས་དང་འདོད་དགའ་མོས་སྦྱོད་པ། །ཉེ་གནས་འདར་དགའ་རབ་དགའ་ས། །ཞིང?་དག? ་འགྲོ་དགའ་དྲི་མེད་ས། །ཉེ་ཞིང་དགའ་བ་འོད་བྱེད་པ། །ཚན་དོ་རྒྱས་དགའ་འོད་འཕྲོ་བ། །ཉེ་ཚན་གདུང་དགའ་སྦྱང་དགའ་བ། །འདུས་པ་འབྱུང་དགའ་མངོན་གྱུར་པ། །ཉེ་འདུས་མཆོག་དགའ་རིང་དུ་སོང། །དུར ་ཁྲོད་འབར་དགའ་མི་གཡོ་བ། །ཉེད་དུས་ཐིག་དགའ་ཆགས་བློ་གྲོས། །བྱིལ་མོས་དགའ་བ་ཆོས་སྤྲིན་པ། །ཉེ་བྱི་ཆད་དགའ་ཀུན་ཏུ་འོང། །ལམ་ནས་ཨུཏ་དགའ་ཀུན་སྣང་མཆེད། །ཉེ་བའི་ཚུལ་དགའ་སྣང་བ་ཐོབ། །སྦྱོར་བ་གཉིས ་དགའ་འོད་རབ་ས། །ཉེ་སྦྱོར་རང་བཞིན་བརྗོད་དུ་མེད། །གནས་ལ་སོགས་པའི་དབྱེ་བ་ཡིས། །དགའ་བ་ས་དང་ཕྱེ་ལ་སྦྱར་ཞེས་སོ། །གཞན་ཡང་རྒྱ་ཆེར་སྦྱར་རོ། །མོས་པ་སྤྱོད་པ་ནི་དྲོད་རྩེ་མོ་ཟོད་པ་འཇིག་རྟེན་ཆོས་ཀྱི་མཆོག་དང ་ལྡན་པའི་ས་སྟེ་དང་པོའོ། །ཆུའི་དབང་གིས་འབྲས་བུའོ། །རང་བཞིན་དགའ་བའི་སྒྲོན་མ་ལས། ལེའུ་བཅོ་བརྒྱད་པའི་དཀའ་བ་བཀྲལ་བའོ།། །།རྒྱུད་ལ་སོགས་པའི་ཚད་ལ་སོགས་པ་བསྟན་ནས་བཅོམ་ལྡན་མོས་སློབ ་དཔོན་དང་སློབ་མ་འབྲེལ་བར་བྱ་བའི་ཕྱིར་དང། རྒྱུད་ཀྱི་རིམ་པ་གོང་དུ་མ་གསུངས་པ་དེས་ཞུས་པས། དེ་ནས་ཡང་ནི་བཤད་བྱ་བ་ནི་ཞུས་མ་ཐག་བཤད་པར་ཞལ་གྱིས་བཞེས་པ་སྟེ་གོང་དུ་བསྟན་ཀྱང་ཞེས་པའོ། །བླ་མ་སློབ་མའི ་མཚན་ཉིད་དོ། །ཞེས་པ་ལ་སོགས་པ་ནི་དེ་གཉིས་འབྲེལ་པའི་མཚན་ཉིད་དེ། དེ་ཡང་སྔོན་ལ་བླ་མའི་ཡོན་ཏན་བསྟན་ནོ། །གཞན་ཞེས་པ་ལ་སོགས་པ་ནི་བུམ་བའི་དབང་ལ་སོགས་པ་དབྱེ་བ་དང་གསང་བའི་དབང་དང་ཤེས ་རབ་ཡེ་ཤེས་ཀྱི་དབང་དང་བཞི་པའི་དབང་ལ་སོགས་པ་དགོངས་པའི་དབང་ཡན་ཆད་ཐོབ་པ། སེམས་ཅན་ལ་སྙིང་རྗེ་དང་ལྡན་པ། སྔགས་ཀྱི་སྤྱོད་པ་ལ་སོགས་པ་རླགས་ཆེན་པོ་དང་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པའི་བླ ་མ་རྡོ་རྗེ་སེམས་དཔའ་དངོས་སོ། །སློབ་མ་ཡང་དེ་ལྟར་ཡོན་ཏན་ཚང་བའི་སློབ་མ་གཟུང་ངོ། །རང་བཞིན་དགའ་བའི་སྒྲོན་མ་ལས། ལེའུ་བཅུ་དགུ་པའི་དཀའ་བ་བཀྲལ་བའོ།། །།སློབ་དཔོན་ལ་སོགས་པའི་མཚན་ཉིད་བཤད་ནས ་རྒྱུད་ཀྱི་རིམ་པ་དང་དོན་དང་བཅས་པས་བཤད་དོ། །ས་བོན་ལས་ནི་མྱུ་གུ་བཞིན། ཞེས་པ་ནི་ས་བོན་མྱུ་གུ་དེ་ལས་སྡོང་བུ་དེ་བཞིན་དུ་རྩ་བའི་རྒྱུད་ལས་བརྟག་པའི་རྒྱུད། དེ་ལས་རྒྱུད། དེ་ལས་རྒྱུད་ཕྱི་མ། དེ་ལས་ཕྱི་མའི་ཕྱི་མ། དེས་ལས་བཤད ་པའི་རྒྱུད། དེ་ལས་འབྲས་བུའི་རྒྱུད། དེ་ལས་རྨད་དུ་བྱུང་པའི་རྒྱུད་དེ། །རྒྱུད་ཀུན་རིམ་ཤེས་རིམ་པས་སོ། །ཞེས་པ་ནི་སྔོན་མའི་རྒྱུད་དེ་ལྟར་ཤེས་པས་གཞན་རྣམས་ཀྱང་ཤེས་པའི་རིམ་པ་ནི་འབྲེལ་པ་ལ་རྒྱུད་ཅེས་བཤད་དོ། །ཡང་ན་དོན་ནི་རྒྱུད ་ཡིན་ཏེ། ཞེས་པ་ནི་རྡོ་རྗེ་སེམས་དཔའ་ཨི་དོན་ནི་ཚིག་དང་ཡི་གེས་མཚོན་པས་འབྲེལ་པ་ལ་རྒྱུད་ཅེས་པ་འམ། ཡང་ན་རྡོ་རྗེ་སེམས་དཔའ་ཨི་དོན་བརྗོད་པ་ལ་ནི་སྔར་བཞིན་རྒྱུད་འཛིན་ཞེས་བྱའོ། །ཡང་ན་རིམ་པ་གཉིས་ནི་རྒྱུད་ཅེས་པ་ནི་བསྐྱེད་པའི་རིམ ་པའི་སྒོ་ནས་ཞུགས་པས་རྫོགས་པའི་རིམ་པ་ཐོབ་པ་འབྲེལ་པའོ། །ལྷ་མོ་ནི་བོས་ནས་བཤད་པའོ། །གང་དུ་སྐལ་ལྡན་མོ་ཞེས་པ་ནི་དུས་གཅིག་ཏུ་གནས་པའི་ས་སྟེ། དེ་ཡང་ཤེས་རབ་ཐབས་གཉིས་ཕྲད་པའི་ས། །དེ་ནི་རྒྱུད་དུ་བཤད་པ་ཡིན། ་ཞེས་བྱ་བ་ནི་ཡབ་ཡུམ་གཉིས་བསྲུབས་པ་ལས་ཟླ་བ་ཉི་མ་ཕྲད་པ་གང་ཡིན་པའི་སྐལ་བ་དང་ལྡན་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་སླར་རྡོ་རྗེ་འཛིན་པ་རིགས་གཅིག་ཏུ་བྱུར་བ་དེ་རྒྱུད་དུ་བཤད་དོ། །ཡང་ན་ཡེ་ཤེས་ལས་འབྱུང་བ་ཞེས་བྱ་བ ་ལ་སོགས་པ་ནི་ཏནྟྲ?་ནི་རྒྱུད་དེ། ཡབ་ཡུམ་གཉིས་ལྷའི་སྐུ་རྫོགས་ནས་ཐམ་ལ་པའི་རྟོག་པ་ལ་སོགས་པའི་དྲི་མ་སྤངས་ནས་ཟླ་བ་དང་ཉི་མའི་དངོས་པོ་འདྲེས་པ་ལས་ཆད་པའི་དགའ་བདེའི་རྣམ་པ་ལས་རང་བཞིན་དང་?་དོན་དམ་པ་མཚན་མ ་ལ་སོགས་པ་དང་བྲལ་བ་ཀུན་རྫོབ་ཏུ་ཆུའི་ཟླ་བ་ཉ་གང་བ་བཞིན་དུ་གནས་པ་ནི་ཨའི་དོན་ནོ། །ཅིའི་ཕྱིར་ཞེ་ན། ཨ་ནི་སྐྱེ་བ་དང་འགག་པ་མེད་དེ་གང་ལ་སྐྱེ་འགག་མེད་པ་དེ་ལ་ནི་དོན་དམ་པ་ཞེས་བྱའོ། །མཚན་ཡང་དག་པར ་བརྗོད་པ་ལས་ཀྱང་ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག་།ཁོང་ནས་འབྱུང་བ་སྐྱེ་བ་མེད། ཅེས་གསུངས་སོ། །ལུང་ལས་ཀྱང་འདི་སྐད་སྟོན་ཏེ། ཨ་ཞེས་ནམ་མཁའ་ཨི་དབྱིངས་ན་བདེ། །བརྗོད་པ་ཐམས་ཅད་སྤངས་པ་སྟེ། །འགག་པ་མ་ཡིན་སྐྱེ་བ་མིན། །སྐྱེ ་འགག་གཉིས་དང་བྲལ་བ་མིན། ཞེས་གསུངས་སོ། །དེས་ནི་དམ་པའི་ཚུལ་གྱི་རྒྱུད་ཀྱི་དོན་ཡང་བཤད་དོ། །རང་བཞིན་དགའ་བའི་སྒྲོན་མ་ལས། ལེའུ་ཉི་ཤུ་པའི་དཀའ་བ་བཀྲལ་བའོ།། །།རྒྱུད་ཅེས་བྱ་བ་ཡབ་ཡུམ་གཉིས་ཡིན་བར ་བསྟན་པས་བཅོམ་ལྡན་འདས་མོས་བདག་རང་གི་ངོ་བོ་དང་རྒྱུ་གང་ཡིན་པ་ཞུས་པའོ། །བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་ནི་བསྟན་གྱིས་དེ་བཞིན་དུ་རྟོགས་པར་?་བའི་དོན་ནི་སྒྲུབ་པ་པོ་ཡང་དག་པའི་ཡེ་ཤེས་དང་ལྡན་པས་བཅོམ་ལྡན ་མོ་རྙེད་པའོ། །ལྷ་མོ་ཁྱོད་ནི་འབྱུང་བ་མིན། ཞེས་པ་ལ་སོགས་པ་ནི་རྒྱུ་ལས་ཀྱང་མི་འབྱུང་གཅིག་ནས་གཅིག་ཏུ་ཡང་མི་སྐྱེ། གོང་ནས་འོག་ཏུ་ཡང་འཕོ་བ་མ་ཡིན། སྐྱེ་ཤིའི་མཚན་ལ་སོགས་པའི་ཆོས་དང་བྲལ་བའི་རླབས་ཅན་ནོ། །རང་གི ་ངོ་བོ་ཡེ་ཤེས་འོད་ཅེས་པ་ལ་སོགས་པ་ནི་བཅོམ་ལྡན་ཡེ་ཤེས་ཐིག་ལེ་སྔར་བསྟན་པ་དེའི་འོད་དོ། །དེ་བས་ན་རང་འོད་ཀྱི་ཤེས་རབ་ཅེས་གསུངས་སོ། །འདི་ནི་ཀུན་རྫོབ་དང་དོན་དམ་པའི་བྱེ་བྲག་གིས་ཕྱེ་ན་ཕྱི་ལ་སོགས་པའི་རང་ག?་ཤེས ་རབ་བཅས་པའི་དབྱེ་བའོ། །གཞན་མིན་བདག་དང་ཁྱོད་མིན་ན་ཞེས་པ་ལ་སོགས་པ་ནི་ཡབ་དང་ཡུམ་གཉིས་མེད་ན་དེ་བཞིན་གཤེགས་པས་ཀྱང་རྙེད་པར་དཀའ་ཨི་འཇིག་རྟེན་ཐམས་ཅད་ཀྱིས་བླ་ན་མེད་པའི་འབྲས་བུ་ཐོབ་པའི་སྦྱོན?་ཡོད་དེ ་དེ་བསན་མགོ་བོ་བཅད་པའི་མི་བཞིན་དུ་ཞེས་གསུངས་སོ། །ཐམས་ཅད་མཁྱེན་པའི་ཆོས་དང་འདྲ་བ་ཤེས་ནས་འདི་ལྟར་སེམས་ཅན་རྣམས་རྡོ་རྗེ་འཛིན་པའི་འབྲས་བུ་རྙེད་པ་ཡང་ལྷ་མོའི་ཡོན་ཏན་དུ་བརྗོད་དོ། །དོན་དམ་པར་དེ་ལྟར་ཡིན་ཡང་ཀུན་རྫོབ།? ་བསྐྱེད་པའི་རིམ་པར་ནི། མཆོག་གི་ནམ་མཁའ་ཨི་གནས་ནས་བྱོན་ཞེས་པ་ལ་ལ་སོགས་པ་ནི་བདེ་བ་ཆེན་པོའི་འཁོར་ལོ་མཆོག་ཁྱད་པར་ཅན་གྱི་ནམ་མཁའ་ནས་བྱོན་ནས་ལོངས་སྤྱོད་རྫོགས་པའི་འཁོར་ལོར་གཤེགས་པ་དང་ཆོས་ཀྱི་འཁོར་ལོར་གནས ་སོ། །དེ་ནས་སྤྲུལ་པའི་འཁོར་ལོར་དུས་རྟག་ཏུ་བཞུགས་ཏེ། བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་ནི་རྒྱུ་ཡིན་ལ། ལོངས་སྤྱོད་ནི་འབྱུང་བའི་ཁུངས་སོ། །ཆོས་ནི་གནས་པའི་རྟེན་སྤྲུལ་པ་ནི་རང་བཞིན་གྱི་གཞིའོ། །ཀུན་རྫོབ་དམ་པའི་གཟུགས་སུ ་ནི་ཞེས་པ་ལ་སོགས་པ་ནི་ཀུན་རྫོབ་ལས་དོན་དམ་པའི་ཡེ་ཤེས་ཀྱི་སྐུ་ཡང་ཀྱི་བྱང་ཆུབ་ཀྱི་སེམས་དང། ཡུམ་གྱི་བྱང་ཆུབ་ཀྱི་སེམས་ཀྱི་ཚུལ་དུ་གསང་སྣའི་སྙིང་པོ་ན་བཞུགས་སོ། །ལངས་ན་བདེ་བ་ཡིན་པདྨ། ཐིག་ལེ་ཁོང་དུ་ཆུད་པའི་ཕྱིར། ཞེས ་པ་ནི་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྟོགས་ནས་རྙེད་པར་བྱ་བའི་དོན་དུ་ཐབས་དང་ཤེས་རབ་ཀྱི་སྦྱོར་བ་ལས་རླུང་གིས་མེ་སྦར་བ་ལས་ལངས?་ཏེ་སྤྲུལ་པར་འབར་བའོ། །གཤེགས་ནས་བསྟེན་ཀུནཀ?་ཙིག་ཅེས་པ་ནི། ལྟེ?་བ་ནས་? ་དུ་གཏུམ་མོའི་འོད་གཤེགས་པས་ཆོས་ཀྱི་འཁོར་ལོའི་རྟོག་པའི་དངོས་པོའི་ཕུང་པོ་དང་ཁམས་ལ་སོགས་པ་ཀུན་བསྲེགས་པའོ། །རྒྱལ་བའི་ཐིག་ལེ་ཁྱེར་ནས་སུ། ཞེས་པ་ནི་དེ་བཞིན་གཤེགས་པའི་འོད་ཀྱིས་ལོངས་སྤྱོད་ལ་སོགས་གནས? ་གསེར་སྒོར་ཞུགས་པས་བདེ་བ་ཆེན་པོའི་བདུད་རྩི་ལ་རོལ་ཅིང་ཡང་སྔར་གྱི་ལམ་ནས་འབབ་པའོ། །ཡང་ནི་ཁྱོད་འདིར་བྱོན་པའི་དོན། ཞེས་པའི་ཐབས་དང་ལྷན་ཅིག་སྣོད་རང་གི་པདྨ་རུ་བྱོན་པའོ། །དེ་ལ་འདི་སྐད་སྟན་ནོ། །ཆོས་ཀྱི?་འཁོ ་ལོའི་སྦར་བསྲེགས་པའི་གསོས་ནས་ལྟེ་བའི་སྤྲུལ་པའི་འཁོར་ལོའི་དབུས་ན་གནས་པའོ། །དེའི་ཚེ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །རང་བཞིན་དགའ་བའི་སྒྲོན་མ་ལས། ལེའུ་ཉི་ཤུ་རྩ་གཅིག་པའི་དཀའ་བ་བཀྲལ ་བའོ།། །།ཕྱག་རྒྱ་ཆེན་པོའི་རང་གི་ངོ་བོ་བསྟན་ནས་ཡང་བཤད་དོ། །བྱང་ཆུབ་སེམས་ནི་གསང་བ་ཡིན། ཞེས་པ་ནི་གསང་བ་དོན་རབ་འབྲིང་ཐ་མའི་དབྱེ་བས་གསུམ་དུ་བཤད་དོ། །ཁུ་བའི་བྱང་ཆུབ་ཀྱི་སེམས་ལ་སྐབས་འདིར་གསང ་ཞེས་བསྟན་ཏེ། ཁུ་བའི་ངོ་བོ་འཕུར་དང་བྲལ་ཞེས་པ་ལ་སོགས་པ་ནི་ཁུ་བ་དེ་འགྲོ་བ་དང་འཕོ་བ་ལ་སོགས་པ་དང་བྲལ་བ་ཤེས་རབ་ཀྱི་བྷ་ག་ལ་གནས་པ་སེམས་ཅན་ཐམས་ཅད་ལ་ཡང་གནས་པ་དགའ་བ་མྱོང་བར་བྱེད་པའི་དངོས ་པོའོ། །བཅོམ་ལྡན་མོས་གསོལ་པ་ཞེས་པ་ལ་སོགས་པ་ནི་བཅོམ་ལྡན་འདས་ལ་སླར་ཞུས་ཏེ་བརྒལ་བ། བྱང་ཆུབ་ཀྱི་སེམས་ཀྱི་ཁུ་བའི་གཟུགས་གསང་བ་ཡིན་ཕན་ཆད་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱིས་གསང་བ ་ཤེས་པས་དེའི་ཕྱིར་བུམ་པའི་དབང། གསང་བའི་དབང་ལ་སོགས་པ་བསྐུར་མི་དགོས་པར་ཐལ་བར་འགྱུར་བའི་སྐྱོན་ཡོད་པས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་སླར་ལྷ་མོ་ལ་བསྐྱར་བའོ། །སངས་རྒྱས་ཀྱི་ཡུམ ་དེ་ནི་བདེན་ཞེས་པ་ལ་སོགས་པ་དེ་ནི་དེ་བཞིན་གཤེགས་པའི་རིགས་ལྔ་ལ་སོགས་པའི་བསྐྱེད་པའི་མ་བྱང་ཆུབ་ཀྱི་སེམས་གསང་བ་ཁུ་བ་ཡིན་པས་མ་ནོར་བར་ངེས་པར་གཟུང་ངོ། །འོན་ཀྱང་ནི་དེ་ལྟར་ཡིན་ཡང་དྲང་བའི་དོན་དང ་ངེས་པའི་དོན་གཉིས་སུ་དབྱེའོ། །དེ་ཡང་དྲང་བའི་དོན་ཚིག་གིས་ལྡན་ཞེས་པ་ནི་དྲང་དོན་དུ་བྱས་པའི་དབང་གིས་ཚིགས་?་ཏུ་སྨོས་པས་སྐྱེ་ན་ཚིག་དང་དོན་དུ་ལྡན་ནོ། །རྟེན་གྱི་དོན་ཕྱིར་ཡང་དག་ངེས་པའི་དོན་རྟེན་མེད་ན་ནི་འབྲས་བུ་རྙེད ་མི་འགྱུར། ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཁུ་བའི་གཟུགས་གསང་བ་ལ་བརྟེན་པ་དྲང་བའི་དོན། །ཡིན་ཡང་ངེས་པའི་དོན་གྱིས་བདེ་བའི་ཡེ་ཤེས་རྙེད་ལ། ཁུ་བའི་ངོ་བོ་རྟེན་ན་ངེས་པའི་ཡེ་ཤེས་ཀྱི་འབྲས་བུ་མི་རྙེད་པའོ། །ལུས་ཀྱི་དངོས ་མེད་ཇི་ལྟར་འདི་རུ་སེམས། །ཇི་ལྟར་དོན་མཐུན་གསང་ཞེས་པ་ནི་དཔེར་ན་ལུས་པོ་མེད་ན་སེམས་གནས་པ་མེད་པ་བཞིན། དཔེ་དེ་ལྟར་ཁུ་བ་མེད་ན་བདེ་བ་མེད་པ་ནི་དོན་མཐུན་པའོ། །འོ་ན་སྐྱེ་མཆེད་མུ་བཞི་ལ་གཟུགས་མེད་པའི་ཁམས་སོ།། ་དེའི་ཕྱིར་འདོད་ཆགས་ཀྱི་ཆོས་བསྟན་པའོ། །ཁུ་བའི་གཟུགས་གང་ཡིན་པ་ལུས་ཏེ། དེ་ན་བདེ་བའི་སེམས་ཡོད་པ་མི་འགལ་ལམ་ཞེན་དེ་ནི་དེ་ལྟར་བདེན་ཏེ་འོན་ཀྱང་མེ་ཏོག་གཟུགས་མེད་པར་དྲིའི་དངོས་པོ་མི་འབྱུང་བའི་དཔེ་དང་གཟུགས ་མེད་པའི་དབང་དུ་ཆོས་བསྟན་པ་མ་ཡིན་གྱི། འདོད་ཁམས་པའི་དབང་དུ་ཆོས་བསྟན་པའོ། །དེས་ནི་ཐ་མའི་གསང་བ་བསྟན་ནོ། །དྲང་བའི་དོན་མིན་ངེས་པའི་དོན་ཡང་མིན། ཞེས་ལ་སོགས་པ་ནི་ཀུན་རྫོབ་ཀྱི་བསྐྱེད་རིམ་དང་བྲལ་ནས ་དོན་དམ་པའི་རྫོགས་པའི་གསང་བ་སྟེ་རབ་ཀྱི་གསང་བ་བསྟན་ནོ། །ཡང་ན་འབྲིང་གི?་དོན་གྱིས་སུ་ཞེས་པ་ལ་སོགས་པ་ནི་འབྲིང་གི་གསང་བ་སྟེ། དེ་ནི་རང་བཞིན་དགའ་བ་རབ་གྱི་གསང་བ་རྙེད་པར་འགྱུར་རོ། །དེ་རྙེད་པ་ནི་བརྗོད་དུ་མེད་པ་ནམ་མཁའ་ ་རང་བཞིན་གྱི་ངོ་བོ་ཡིན་ནོ། །རང་བཞིན་དགའ་པའི་སྒྲོན་མ་ལས། ལེའུ་ཉི་ཤུ་རྩ་གཉིས་པའི་དཀའ་བ་བཀའ་པའོ།། །།གསང་བའི་དོན་བཅོམ་ལྡན་འདས་ཀྱིས་རང་བཞིན་དགའ་བ་ཞེས་གསུངས་པས་རང་བཞིན་རྟོགས་ན་ཆོས ་ཐམས་ཅད་ཀྱི་རྩ་བ་དོན་དམ་པ་ཡིན་པར་དགོངས་ནས། དེ་ནས་བཅོམ་ལྡན་མོ་འཇམ་པའི་དབྱངས་ཀྱིས་ཡང་ཞུ་བར་བྱེད་དོ་ཞེས་པ་ལ་སོགས་པས་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མགོན་མ་མཆིས་པའི་མགོན་དུ་གྱུར་པའི ་མགོན་པོ་ཞེས་དབྱངས་སྙན་ཅིང་འཇམ་པ་བརྗོད་ནས་ཆོས་ཐམས་ཅད་ཁྱོད་ཀྱིས་སྔར་གཏན་ལ་ཕབ་པའི་དོན་རང་བཞིན་དགའ་བ་ཇི་ལྟ་བ་ལགས་ཞེས་ཞུས་པ་སྟེ་ལྷ་མོས་སོ། །དེ་ལྟ་བུའི་ཚིག་ཐོས་ནས་ཞེས་པ་ནི་རང ་བཞིན་དགའ་བའི་དོན་དམ་པ་སྤྲོས་པ་དང་བྲལ་བ་དེའི་ངོ་བོ་ལྟ་བུ་ཞེས་པའི་ཚིག་ཐོས་ནས་བཅོམ་ལྡན་འདས་ཅད་མི་གསུང་བའི་དངོས་པོས་ཞེས་པ་ལ་སོགས་པས་ནི་རང་བཞིན་དགའ་བའི་དོན་ལ་ཞུགས་ཏེ་བཞུགས་པའོ། །ཅིའི་ཕྱིར་ཞེ ་ན། །རང་བཞིན་དགའ་བའི་དོན་ནི་མཆོག་དང་ཆད་པའི་གཉིས་ལས་གྲོལ་བ། ཚིག་དང་བྲལ་བ། ཡི་གེ་དང་བྲལ་བ། རྒྱུ་འབྲས་སྤངས་པ་སྟེ། འདི་ལྟ་བུའོ། །ཟད་པ་མེད་ཅིང་འཕེལ་བ་མེད། །སྐྱེ་བ་མེད་ཅིང་འགག་པ་མེད། །འོང་བ ་མེད་ཅིང་འགྲོ་བ་མེད། །འཕོབ་མེད་ཅིང་གནས་པ་མེད། །ཐོག་མ་མ་ཡིན་ཐ་མ་ཡིན། །དབུ་མ་མིན་ཞིང་མཛའ་ཡང་མིན། །མྱ་ངན་འདས་མིན་འཁོར་བ་མིན། །གཟུང་བ་མ་ཡིན་འཛིན་པ་མིན། །ཤེས་རབ་ཐབས་སུ་སྙོམ་འཇུག ་བའི། །ཐམས་ཅད་དེར་ནི་འདུས་པ་ཡིན། །རྣལ་འབྱོར་དབང་ཕྱུག་དུས་ཤེས་པ། །དུས་དང་བྲལ་པ་རང་བཞིན་དོན། །དེ་ལྟའི་རང་བཞིན་དོན་དམ་པ། །ཤར་བ་མེད་ཅིང་ནུབ་པ་མེད། །གཉིས་པོ་གང་སྦྱར་བ་ཡི་དུས། །དེ་ནི་རང ་བཞིན་དགའ་བར་བཤད། ཅེས་སོ། །དེ་ནས་བཅོམ་ལྡན་མོ་ཞེས་པ་ནི་ཅང་མི་སྨྲ་བར་བཞུགས་སོ་ཞེས་པའི་བར་གྱིས་རང་གི་དོན་ཞུས་པས་འགྱོད་པའོ། །དེའི་དུས་སུ་བྱ་བ་ནས་སྣ་ཚོགས་པད་ནང་ཡོད་པ་ཞེས་བྱ་བ་སོགས་པ་ནི ་བཅོམ་ལྡན་མོ་འཁོར་དང་བཅས་པ་སྣ་ཚོགས་པདྨའི་ནང་ཆོས་ཀྱི་འབྱུང་གནས་སྟོང་བར་མཐོང་བྱ་བ་ལ་སོགས་པའོ། །དེ་ཡང་སྣ་ཚོགས་ཞེས་པ་ནི་འཁོར་རྣམས་དང་བཅས་པའི་ཚིགས་པའོ། །པདྨ་ཞེས་པ་ནི་ཆོས་ཉིད་སྐྱེ་བ་མེད ་པའི་དབྱིངས་སྐྱོན་དང་བྲལ་པའོ། །ཆོས་ཀྱི་འབྱུང་གནས་ནི་སྔར་བཤད་དོ། །སྟོང་པ་ལ་སོགས་པ་ནི་གོ་བས་མ་བཤད་དོ། །ཀྱེ་བྱང་ཆུབ་སེམས་དཔའ་ཞེས་པ་ལ་སོགས་པ་ནི་བཅོམ་ལྡན་འདས་མོ་འཁོར་དང་བཅས་པས་དྲིས་པའོ། །ལྷའི ་དབང་ཕྱུག་གིས་ཞེས་པ་ལ་སོགས་པ་ནི་གོ་སླའོ། །ཅིའི་ཕྱིར་ཞེ་ན། རང་བཞིན་བརྗོད་དུ་མེད་པ་དང་ཞེས་པ་ལ་སོགས་པའི་དོན་ནི་སྔར་བཤད་དོ། །རིག་པ་མེད་པ་དེའི་ཕྱིར་དྲིས་པ་ལ་ལན་མེད་པས་ཞེས་པ་ནི་སྔར་བསྟན་ཀྱང་འདིར་ནི་ཤེས ་རྒྱུ་འམ། རིག་རྒྱུ་འམ། རྟོགས་པ་མེད་པ་ལ་བསྟན་དུ་མེད་པ་སྟོན་ཅིག་གསུངས་པས་ན་ལན་མེད་པས་ན་བཞུགས་ཤེས་བཤད་དོ། །རང་བཞིན་དགའ་བ་དཔེ་ཇི་ལྟར་སྣང་བ་མེད་པ་དང། དེ་ལྟར་ཉམས་སུ་ཀུན་རྫོབ་ཏུ་མྱོང་བ་ཡིན ་ཞེས་ནའོ། །རང་བཞིན་དགའ་བ་ནི་ནམ་མཁའ་བཞིན་སྣང་བ་མེད་དེ་སྣང་བ་ཐམས་ཅད་དང་བྲལ་བའོ། །ཉམས་སུ་མྱོང་བ་ནི་ཀུན་རྫོབ་ཏུ་དཔེར་ན་བུ་མོ་ལོ་བཅུ་དྲུག་ལོན་པའི་བདེ་བ་ཤིན་ཏུ་རྒྱས་པ་བཞིན་ནོ། །དེ་ཡང་ལུང་ལས་ནི། ཇི་ལྟར་གཞོན ་པའི་ཆགས་དགའ་དང། །ཇི་ལྟར་ལྐུགས་པའི་རྨི་ལམ་དང། །དེ་བཞིན་ཉིད་ཀྱིས་མིག?་རྒྱས་བཏབ། །རང་བཞིན་འདི་ནི་ཤིན་ཏུ་ཕྲ་ཞེས་གསུངས་སོ། །དེ་ཡང་འདི་སྐད་ཀྱང་བསྟན་ཏེ། རྟོགས་ཤིག?་རབ་རྟོགས་བྱེད་པ་ན། །གསལ་འགྱུར་འདི་ནི་བཞི་པ ་ཡིན། །ཡེ་ཤེས་སྙིང་པོ་ཤིན་ཏུ་ཕྲ། །རྡོ་རྗེ་སེམས་དཔའ་མཁའ་དང་མཚུངས་ཞེས་གསུངས་སོ། །དེ་ཅི་ཡང་མ་ཡིན་པའི་བདེ?་བཞིན་དགའ་བའི་དོན་རྙེད་པའོ། །རང་བཞིན་དགའ་བའི་སྒྲོན་མ་ལས། ལེའུ་ཉི་ཤུ་རྩ་གསུམ་པ?་འདི་?་?། ་གཞན་རྣམས་ནི་བླ་མས་འཆད་བར་འགྱུར་པ་དང། ཐམས་ཅད་ཀྱི་རྩ་བ་རང་བཞིན་དགའ་བ་ནོར་བུ་རིན་པོ་ཆེ་དང་འདྲ་བ་ལས་འབྲས་བུ་མེད་པས་མ་བཤད་དོ། །དེ་བས་ན་འདིར་བསྡུས་པའོ། །རང་བཞིན་དགའ་བའི་སྡོམ་གང་ཡིན། །སུམ? ་ཤེས་རྣལ་འབྱོར་དབང་ཕྱུག་སྟེ། །དེ་ནི་བདག་གིས་གསལ་བཤད་པ། །རང་བཞིན་མཁའ་འགྲོ་བཟོད་པར་གསོལ། །དབང་བཞི་ཐོབ་པའི་རྣལ་འབྱོར་པས། །སྐབས་སུ་བཤད་བཞི་ཕྱེ་བ་ཡིས། །དགའ་བ་བཞི་ཡི་འབྲས་བུ་བཙལ།། ་མཁའ་འགྲོ་མ་བཞི་བཟོད་པར་གསོལ། །སྨྱོན་པ་ལྟ་བུའི་ཚིག་ཡིན་ཡང། །དྲན་པ་ལྟ་བུའི་དོན་འབྱུང་བས། །སངས་རྒྱས་ལྟ་བུའི་བླ་རྣམས་ལ། །སྒྱུ་མ་ལྟ་བུའི་བཟོད་པ་གསོལ། །རང་བཞིན་དགའ་བའི་རིན་ཆེན་འདི། །ཡེ་ཤེས་སྒྲོན་མས ་གསལ་བར་བྱས། །རྙེད་ནས་དབུལ་འཕོངས་བྲལ་བ་བཞིན། །སེམས་ཅན་ཀུན་གྱི་རིན་ཆེན་ཤོག་།རང་བཞིན་དགའ་སྒྲོན་དཀའ་འགྲེལ་འདི། །བདག་གིས་བརྩམས་པའི་དགེ་བ་འདིས། །ཁམས་གསུམ་ཡེ་ཤེས་སྒྲོན་གྱུར་ནས། །རང་བཞིན་དོན ་ནི་རྙེད་པར་ཤོག་།དཔའ་རང་བཞིན་དགའ་བའི་སྒྲོན་མ་ཞེས་བྱ་བའི་དཀའ་འགྲེལ། ཁོག་དོན་བསྡུས་པ་སློབ་དཔོན་ཆེན་པོ་རྡོ་རྗེ་གསང་པའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མ་ཧཱ་ཡོ་གི་ཤྲཱི་པྲཛྙཱ་གུཔཏས ་བསྒྱུར་ཅིང་བཤད་པའོ།། །།རིན་ཆེན་ལྟ་བུའི་འགྲེལ་པ་འདི། །སྣོད་དང་ལྡན་པའི་བུ་ལ་གཏད། །མུན་པ་ལྟ་བུའི་དབང་མེད་ལ་།ལྕགས་ཀྱུ་ལྟ་བུའི་སེམས་ཀྱིས་བསྡོམས། །ཞེས་གཏད་པའི་གཏད་ཚིག་ཆོ་ག་དང་བཅས་པའི།། །། ་དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ་སློབ་དཔོན་ཨཱ་ཙརྱ་ཛྙཱ་ན་ས་ར་མ་ཡིས་མཛད་བ་བཞུགས་སོ།། །།*། །རྒྱ་གར་སྐད་དུ། ཤྲཱི་ཛྙཱ་ན་ཏི་ལེ་ཀ་པཉྩི་ཀ་ནཱ་མ་གུ་ཧཡ་ཏེ་ཏ?། བོད་སྐད་དུ། དཔལ་ཡེ་ཤེས་ཐིག་ལེའི་དཀའ་འཕྲེལ།?་གསང་པའི་དེ་ཁོ་ན་ཉིད ་