| Wylie | e-texts based on the ACIP/ALL Input |
མོ་ཡོང་ཨེ་འགྲོ། ཉིད་ནས་ཀྱང་རྗེ་རིན་པོ་ཆེའི་བསྟན་པ་ཐུགས་ལ་བཞག་སྟེ་འཆད་ཉན་སོགས་ལ་ཧུར་བསྐྱེད་མཛོད་ཅེས་ཞལ་ཏ་དཔྱད་གཞི་ཅན་ཕེབས་པར་སྣང། དེ་ནས་ར་མོ་ཆེར་གནས་གཟིགས་སྔར་འཁྱུད་བཞིན་གནང་སྟེ ་ཕོ་བྲང་ཆེན་པོར་ཕྱགས་ཕེབས་ཉིན་གསུམ་གྱི་རིང་བསྙེན་རྫོགས་བསྒྲུབ་བྱ་ཉིས་བརྒྱ་དང་བདུན་ལ་ཚིགས་ཕྱི་མའི་སྡོམ་པ་གནང་ཞིང། འུར་དུ་སུ་ཏཱ་པའི་ལིའི་མི་སྣའི་གཡོག་རིགས་ལྔ་དགེ་བསྙེན་དུ་སྒྲུབ་པར་མཛད། སྐབས་འདིར་གོང་མ་ཆེན་པོས་རྗེ་བླ་མའི་སྐུའི ་མཚམས་ཞུར་མངགས་པའི་ཁི་ཡཱ་དང་སྨན་པ་གཞོན་ཕ་བཅས་འབྱོར་བསྟུན་འདིར་ཡོད་རྒྱ་དཔོན་བཅས་གསར་རྙིང་ཚང་མར་ཕྱག་དབང་ཇ་གྲལ་དཀར་སྤྲོ་བཀའ་འདྲི་སོགས་གནང། ཚུར་ལི་ཡཱ་དེའི་གདོང་གོང་མ་ཆེན་པོས་བཀའ་ཨི་མཚམས་འདྲིར་ཏཱ་ལའི་བླ་མའི་སྐུ ་འཁྲུགས་གདངས་བསྐྱེད་བྱུང་ཨེ་ཡོད་དང། ཆེད་མངགས་ཁི་ཡཱ་འདིས་སྐུ་ཁམས་ལ་ཞིབ་མཇལ་ངོས། སྐུ་ཁམས་གདངས་པའི་འཕྲོད་བསྟེན་གང་ལེགས་མཛད་དགོས་ཞུས་ནས་ཕྱིར་ལོག་རྒྱུ། སྨན་པ་གཉིས་ཡོད་པ་སྐུ་འཁྲུགས་མ་གདངས་པར་བོད་དུ་བསྡད་ནས་སྨན ་བཅོས་གང་ཟབ་འབུལ་རྒྱུ་ཡིན་སོགས་བཀའ་བཟང་པོ་བསམ་གྱིས་མི་ཁྱབ་པ་དང། མཛོད་ཀྱི་བཟང་གོས་གསེར་ཡོད་ཡུག་ཆེན་མང་བའི་གནང་རྟེན་བཅས་སྩལ་བ་བཀུར་གཟོས་ཀྱིས་བཞེས། དེ་ནས་ཁི་ཡཱ་དང་སྨན་པ་བཅས་སྐུ་མདུན་དུ་ཡོངས་ཏེ་སྨན་པ་དེས་ཕྱག ་རྩར་ནན་ཏན་དུ་བརྟག་པ་ཞུས་ནས་བསམ་ཚོད་སྙུན་བབས་དང་འཕྲོད་བཞེས་གནང་ལུགས་སོགས་ཞུས། སྨན་པ་རྒན་པ་དེ་ལོ་ཧ་ཅང་མཐོ་ཞིང་ལམ་དུ་ཤད་རྩོལ་གྱིས་ཡོངས་པ་བཅས་ལྷ་རི་ནས་ལག་པ་ན་བའི་རྐྱེན་གྱིས་རྗེས་ལུས་ལ་བརྟེན་ནུ་མ་རིར་མ་འཚོ་བའི་གནས ་ཚུལ་འབྱོར་འཕྲལ་གོང་མ་ཆེན་པོས་སྐུའི་སྲི་ཞུར་ཆེད་མངགས་གནང་བ་བཅས་ལ་དགོངས་དགེ་འདུན་བརྒྱ་ཕྲག་མང་པོར་མང་འགྱེད་ཀྱིས་བསྙེན་བཀུར་ཏེ་སྨོན་ལམ་གསུངས་ཤིང། འཕགས་པ་ལོ་ཀེ་ཤྭར་དང་གསེར་གདུང་རིན་པོ་ཆེ་སོགས་ལ་བརྒྱ་མཆོད་དང་ལྗགས ་བསྔོ་བཅས་དེར་དམིགས་ཀྱི་དགེ་བའང་རྒྱ་ཆེར་གནང། ཨམ་བན་གཉིས་དང་ཁི་ཡཱ་སྨན་པ་བཅས་སྐུ་མདུན་དུ་འོངས་ཏེ་སྨན་པ་ནས་ཕྱག་རྩར་བརྟག་པ་དང། གོང་ནས་གནང་བའི་རྒྱ་ལུགས་ཀྱི་སྨན་ཤིང་གི་རྩ་བ་དང་འབྲུ་སོགས་སྣ་བཅུ་གཉིས་སྐོར་ཚད་ལྟར་སྦྱར་བའི ་གསོས་སྨན་བཞེས་ལུགས་སོགས་ཞུས་ནས་གསོལ་དཔོན་བརྒྱུད་ལྗགས་ཐོག་ཏུ་སྨིན་རྒྱུར་ཕུལ། ལྷ་སའི་ལྷོ་ཕྱོགས་ཀྱི་ཆུ་ཀླུང་དབྱར་དུས་ཧ་ཅང་རྒྱས་སྐབས་གཙུག་ལག་ཁང་ལ་གནོད་ཉེན་ཤིན་ཏུ་ཆེ་བར་ཕན་བདེའི་རྩ་ལག་ཇོ་ཤཱཀ་རིན་པོ་ཆེའི་ཕོ་བྲང་གི་སྲི་ཞུར་དགོངས ་ཏེ་ཆུ་འགྲམ་དུ་སྔར་ནས་རྡོ་རགས་ཡོད་ཐོག་འདི་ལོའང་སྲ་ཐང་གསར་བརྩིག་དགོས་པའི་བཀའ་ཕེབས་བཞིན་དོ་དམ་ལྷ་ལུང་རྩེ་བ་ཅན་གྱིས་བྱས་ནས་གཙུག་ལག་ཁང་གི་སྲི་ཞུ་རྒྱ་ཆེར་བསྒྲུབས། སྔ་ཞོགས་ལ་མོ་ཚངས་པ་ཆེན་པོ་སྤྱན་འདྲེན་འཕྲིན་འཆོལ་གནང་ཞིང ་ཆོས་སྐྱོང་ནས་ལུང་དང་ཁྲུས་གསོལ་སོགས་ཕུལ། བི་རི་ཆོས་མཛད། ཚལ་དམ་ཨེར་ཏེ་ནི་དའི་ཆིང་གི་མི་སྣ་ཚོག་ཐུ་དགེ་སློང། ལྕགས་རི་བཻ་ཌཱུར་བ་ཨེམ་ཆི་བསྐལ་བཟང་སངས་རྒྱས་ངོ་གཡོག་བཅས་ལ་ཕྱག་དབང་དཔང་གནང་ཆ། སྨན་པ་འདིས་ཞུས་ངོར་ཨེར་ཁེ ་ཨེམ་ཆི་ཞེས་པའི་ཆོ་ལོ་བཅས་སྩལ། འདི་ནས་བཟུང་རྒྱའི་སྨན་པས་ཕྱག་རྩ་ཞུ་བ་དང་གསོས་སྨན་འབུལ་བ་བཅས་ལ་ཉིན་རི་བཞིན་སྟར་ཆགས་སུ་འོངས། སྐབས་འདིར་བཀྲ་ཤིས་ལྷུན་པོ་ནས་ཞབས་བརྟན་འབུལ་བར་ཆེད་མངགས་མགྲོན་གཉེར་དཀའ་ཆེན་ངོ་གཡོག ་ལ་འབྱོར་ཕྱག་མཇལ་ཁ་ཇ་གྲལ་བཀའ་འདྲི་སོགས་གནང། གོར་ཁ་རྒྱལ་པོའི་མི་སྣན་ཧར་བྷས་ཎ་དྷི་ཟེར་བ་ངོ་གཡོག་ལ་ཐོན་ཕྱག་གནང་ཆ། རྒྱལ་པོར་ཡང་བཀའ་ཤོག་དང་གནང་རྟེན་སོགས་རྒྱ་ཆེར་སྩལ། མི་སྣ་རང་ལ ་བཀའ་ངག་དང་རྒྱལ་པོར་བཀའ་ཤོག་བཅས་སྩལ་བའི་བརྗོད་དོན་དུ་བལ་བོད་ཚང་མའི་ཚོང་འགྲུལ་གནས་མཇལ་བ་སོགས་ལ་གནོད་འགལ་དུ་མ་སོང་བའི་རྒྱལ་སྲིད་ཆོས་ལྟར་སྐྱོང་དགོས་ལུགས་བཅས་གནང། དེ་ནས་ཚོམས་ཆེན་དུ་བཀྲ་ཤིས་ལྷུན་པོ་ནས ་གསོལ་སྟོན་ཆེན་མོའི་ཐོག་གྲ་ཚང་ཚོགས་ཡོངས་ཀྱིས་རྣམ་རྒྱལ་མའི་སྒོ་ནས་ཞབས་བརྟན་གསོལ་འདེབས་ཀྱི་བདེན་ཚིག་བརྗོད་ཅིང། པཎ་ཆེན་རིན་པོ་ཆེའི་ཞུ་ཡིག་དང་རྟེན་གསུམ། སྐུའི་ཉེར་དཔྱད་ན་བཟའ་བཞུགས་སྟན་སྐུ་སྙེ། གསེར་དངུལ་བཟང་གོས ་སོགས་དངོས་འབུལ་རྒྱ་ཆེར་ཕུལ་ཐོག་།པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་ནས་ཞུ་ཡིག་དང་མགྲོན་གཉེར་གྱི་ངག་ལམ་བཅས་ཀྱི་ཞུ་སྙིང་ལ་སྐུ་གསུང་ཐུགས་ཀྱི་འགལ་རྐྱེན་ཅི་མཆིས་ལྷག་མེད་དུ་ཞི་བ་དང། ཁྱད་པར་དགུང་ཀེག་ཏུ་ཕེབས་པར་འཚུབ་ལྷོངས ་རིགས་མེད་ངོས་ཞབས་པད་བསྐལ་བརྒྱར་བརྟན་པའི་ཞལ་བཞེས་བཟང་པོ་གནང་དགོས་ཞུ་གནང་ལ་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོས་བཀའ་དང་ཐུགས་བསྐྱེད་གནང་བ་བཞིན་མཆོག་གསུམ་ལ་གསོལ་བ་བཏབ་ནས་ཡུན་རིང་བདེ་བར་འཚོ་བའི་འདུན་པ ་བྱེད་ཕེབས་ཤིང་འདི་ཉིན་ནམ་དཔྱད་ལེགས་པ་སོགས་རྟེན་འབྲེལ་ཁྱད་པར་ཅན་བྱུང་སྣང། སེ་ར་ཐེག་ཆེན་གླིང་སློབ་དཔོན་འདུས་སྤྱིས་ཀྱང་དངོས་འབུལ་དང་བཅས་ཞབས་བརྟན་བདེན་ཚིག་གསུངས་ཤིང་དགེ་བའི་བཤེས་གཉེན་བླ་མ་བྱམས་པས་ཞབས་པད ་བརྟན་དགོས་པའི་ཞུ་བཤད་ཀྱང་རྒྱས་པར་མཛད། སྦྱོར་ར་སྤྲུལ་སྐུ་གཉིས་ཐུན་མོང་དང། གཟིམས་དཔོན་བྱམས་གླིང་མཁན་པོ་བློ་བཟང་ཚེ་རིང་སོ་སོས་དངོས་འབུལ་དང་བཅས་གྲཝ་ཚང་ནས་ཞབས་བརྟན་བདེན་ཚིག་གསུངས། ལྕགས་པོ་རིའི་གྲ་རིགས་ཕུན་ཚོགས ་ནས་རྒྱུད་བཞིའི་རྒྱུགས་ཕུལ་བར་གནང་ཆ་སྩལ། གོང་མ་ཆེན་པོས་མཚམས་ཞུར་གནང་བའི་ཕུ་ཁི་ཡཱ་ཕྱིར་ལོག་གདོང་མཚམས་རྟེན་གནང་འབྱོར་དང་སྐུ་ཁམས་སྐོར་བཅས་ཀྱི་ཞུ་ཡིག་རྟེན་ལྡན་འབུལ་བར་མཛད་ཅིང་ཕུ་ཁི་ཡཱ་རང་ལའང་ཐོན་གནང་གྱ་ནོམ་པ་སྩལ། ་ཁི་ཡཱ་ནས་སྨན་པ་འདི་སྐུ་འཁྲུགས་སིང་གདངས?་མ་བྱུང་བར་བོད་དུ་སྡོད་དགོས་གོང་མ་ཆེན་པོའི་བཀའ་ཡོད་པ་བཅས་སྡོད་རྒྱུར་སྨན་པ་རང་ལ་སྨན་བཅོས་འཕྲོད་བསྟེན་གང་ཟབ་འབུལ་དགོས་པའི་བསླབ་བྱ་ཡང་དག་བྱས་ཡོད་པས། སྐུ་འཁྲུགས་མྱུར་གདངས་ཡོང་པའི ་ཟབ་བཞེས་ཐུགས་རྗེ་གང་ཆེ་གནང་དགོས་ཞུས། འདི་སྐབས་ཨ་རི་ལུགས་ན་ཨེར་ཏེ་ནི་ནོ་མོན་ཧན་ཐོ་ཡོན་དར་རྒྱས་ནས་བསྐུལ་མའི་ཞུ་ཡིག་ཕུལ་བ་བཞིན་དགེ་འདུན་འདུ་བའི་འཁོར་ལོ་སྒྲུབ་ཚུལ་གྱི་བཀའ་རྩོམས་ཚུགས་ཙམ་གནང། ཡང་ཁོང་པས་དུས་འཁོར ་གྱི་སྲུང་འཁོར་རྒྱས་པ་དང་དབང་གི་སྐོར་སོགས་ཀྱི་དྲི་བ་འགའ་ཞིག་ཞུས་པའི་ལན་དང་བཀའ་ཤོག་གནང་རྟེན། མི་སྣར་ཐོན་ཕྱག་།ུ་རད་ཀྱི་མི་སྣར་ཐོན་ཕྱག་དང་སོ་སོའི་བླ་དཔོན་གྱི་བཀའ་ལན་བཅས་སྩལ། གྲ་སྡིངས་པོ་ཆེའི་སྤྲུལ་སྐུའི་སྐྱེ་བས་སྐྲ་ཕུད་ཕུལ་པར ་མིང་བསྐལ་བཟང་མི་ཕམ་རྣམ་རྒྱལ་ཞེས་པ་གནང། ཆབ་མདོ་ཞི་བཟང་དང་ལྕགས་ར་སྤྲུལ་སྐུ་གཉིས་ཆབ་མདོའི་ལར་རྒྱའི་ཁུར་འཛིན་སྐོར་ལ་བགེགས་དབང་གིས་རྩོད་གླེང་ཤར་བར། ཆབ་མདོའི་ལར་རྒྱ་དང་སྤྲུལ་སྐུ་གཉིས་རང་བཅས་ཚང་མར་འཕྲལ་ཕུགས ་སུ་ཕན་སླེབས་གང་ཆེའི་ལེགས་བསྡུམ་བཅད་མཚམས་གནང་བ་གཉིས་ཀ་ནས་བཀའ་བཞིན་ལྷུར་ལེན་ཞུས་ཏེ། ཆབ་མདོ་ཞི་བཟང་སྤྲུལ་སྐུ་ངོ་གཡོག་ཐོན་གདོང་ཕྱག་དབང་གནང་ཆ་སོགས་སྩལ་ནས་མདོ་སྨད་ཕྱོགས ་སུ་ཞྭ་སེར་གྱི་བསྟན་པའི་ཞབས་འདེགས་སུ་གང་འགྱུར་དང། ཆབ་ལྕགས་སྐོར་ཡང་ལེགས་ལམ་གང་ཆེ། ལྷག་པར་འཕགས་པ་ལྷའི་ཡང་སྲིད་མྱུར་གསལ་གྱི་སྐུ་རིམ་ལ་འབད་བརྩོན་དང། ཡང་སྲིད་མ་ཕེབས་པར་གདན་སའི་འཛིན་སྐྱོང་སོགས་ལ་འགན ་བཞེས་ཆེ་བ་མཛད་དགོས་ཀྱི་བཀའ་སློབ་ཀྱང་ཕེབས། བཀྲ་ཤིས་ལྷུན་པོའི་ཞབས་བརྟན་འབུལ་མི་མགྲོན་གཉེར་ངོ་གཡོག་ལ་ཐོན་ཕྱག་གནང་ཆ་དང་པཎ་ཆེན་རིན་པོ་ཆེར་བཀའ་ལན་གནང་རྟེན་བཅས་སྩལ། ཁོ་བོ་ཅག་ལ་ཆེད་དུ་གནང་བའི་འཚོ་བྱེད་བློ་བཟང ་སྙན་གྲགས་ངོ་གཡོག་དང་ལྕགས་ར་མཛོད་པ་བཅས་ལ་ཐོན་ཕྱག་གནང་ཆ་གྱ་ནོམ་པ་སྩལ། འདི་སྐབས་བཀའ་བློན་རྣམས་ནས་འགན་བཞེས་ཀྱིས་གསོལ་འདེབས་ཞུས་ཏེ་རྗེ་བླ་མའི་དགོངས་དཔྱད་དང། ཆོས་སྐྱོང་ཁག་ལ་ལུང་ཞུས་དོན་བཅས་དགུང་ཀེག ་གི་བགེགས་འཚུབ་ཞི་ཆེད་དུ་དམིགས་བཀའ་བསྟན་གསུང་སྒྲོགས་དང། ཆོས་སྲུང་སྤྱི་བསྐང། གཏོར་བཟློག་།གདུགས་ཤེར། ཚེ་གཟུངས། སྐུ་ཚེ་ཚེ་སྒྲུབ། རྣམ་འཇོམས་དང་ཡིག་བརྒྱ། སྒྲོལ་མ་བཅས་སྒྲུབ་པ་གནང་རྒྱུར་གྲཝ་ས་ཆེན་པོ་ཁག་དང་རྒྱུད ་གྲ་སོགས་ཀྱིས་གཙོས་དབུས་གཙང་གི་དགོན་ཁག་བཤད་སྒྲུབ་ཀྱི་སྡེ་ཆེ་བ་རྣམས་ལ་བརྒྱ་ཁག་དང་ཟླ་ཆོས། མང་སྐོལ་སོགས་རྒྱ་ཆེ་བ་དང། གནས་ཆེན་གསུམ་གྱིས་མཚོན་མཛའ་འདུལ་ཡང་འདུལ་རུ་གནོན་གྱི་གཙུག་ལག་ཁང་དང་གནས་རྙིང་བྱིན་ཅན ་ཁག་ཉི་ཤུ་རྩ་གསུམ་སོ་སོར་མཆོད་པ་རྣམས་ལྔ་སྟོང་ཚར་དང་བརྒྱ་ཚར་གང་འོས། སྙན་ཤལ། བཟང་གོས་ཤ་སྟག་གི་འཕན་ཕྱེ་བུར་སོགས་མཆོད་རྫས་མང་པོར་ཐུགས་སྨོན་བཀའ་རྩོམས་གསར་གནང་གིས་བརྒྱན་པ་བཅས་སྩལ་བའི་དགོས་ཆ་གང་ཅི་དངུལ ་ཐོག་ཏུ་ཕབ་སྲང་སུམ་ཁྲི་དྲུག་སྟོང་སྐོར་ཐོབ་པ་སོང་སྣང། ཡང་སྐབས་འདིར་ཁོ་བོ་ཅག་མིག་དང་རྐང་པ་མ་བདེ་བའི་གནས་ཚུལ་གསན་འཕྲལ་ཐུགས་བརྩེ་བ་ཆེན་པོས་དགོངས་ཏེ། རྗེ་ཉིད་ཀྱི་ཐུགས་དམ་བརྟག་པར་བབས་པ་དང་ཆོས་སྐྱོང་ཁག་ལ་ཆེད་གཉེར ་ལུང་ཞུ་མཛད་པའི་རིམ་གྲོ་རྣམས་གྲཝས་ཆེན་པོ་སེར་འབྲས་དགའ་གསུམ་དང། རྒྱུད་སྟོད་སྨད། ཉེ་སྐོར་ལྷོ་བྱང་ཡས་མས་ཀྱི་དགོན་ཁག་ཆེ་བ་ཚོར་མང་སྐོལ་གནང་སྟེ་འཕྲལ་དུ་སྒྲུབ་པར་མཛད། འཇིག་རྟེན་གྱི་ཁམས་ཐམས་ཅད་བདེ་བ་དང་བོད་ལྗོངས ་སུ་ཆར་ཆུ་དུས་འབེབས་དང་སྣོད་བཅུད་ཀྱི་དཔལ་འབྱོར་རྒྱས་ཕྱིར་ལོ་ལྟར་འཆར་ཅན་ས་བཅུད་གསོ་བའི་བུམ་གཏེར་ཉིས་སྟོང་དུ་ཉེ་བ་གྲཝ་ཚང་གྲ་པ་བརྒྱད་གྲ་ནས་ཆོ་ག་ཕྱག་ལེན་རྣམ་པར་དག་པའི་སྒོ་ནས་བུམ་རྫས་རྣམས་སྟ་གོན་ལེགས་པར་གྲུབ་པ་ལ་བུམ ་སྒྲུབ་ཀྱི་མགོན་དུ་ཕེབས་ཤིང་བུམ་པ་རྣམས་དབུས་གཙང་ལྷེ་བྱང་ཚང་མའི་ཡུལ་གྲུར་ཁག་བགོས་ཀྱིས་སྦ་བར་གྲཝ་ཚང་གི་གྲ་པ་རེ་དང་རྒྱུད་གྲ་རེ་རྫོང་དག་ནང་གདོང། དགའ་ལྡན་དུ་གསེང་གདུང་རིན་པོ་ཆེར་ཉེར་སྤྱོད་སྣ་ལྔ་དང་སྙན་ཤལ། འོལ་དགའ་ཕྱོགས ་ཀྱི་ཕ་བླ་མའི་སྒྲུབ་གནས་ཚང་མར་ཉེར་སྤྱོད་སྣ་ལྔ། སྙན་ཤལ། དགོན་སྡེ་དང་སྒྲུབ་སྡེ་ཁག་བཅས་ལ་མང་སྐོལ། དྲང་སྲོང་སྲིན་པོ་རི་རབ་དེ་མཆོག་གི་སྐུ་མདུན་དུ་ཉེར་སྤྱོད་སྣ་ལྔ། སྙན་ཤལ། ཚོགས་བརྒྱ། མལ་དྲོ་གཟི་ཅན་དང་གཉན་མཁར་ནག། ཡར ་འབྲོག་གཡུ་མཚོ་སོགས་ལྷ་ཀླུ་མཐུ་བོ་ཆེ་དང་བསྟན་མའི་གནས་ཡུལ་སོགས་ལ་མཐུན་རྫས་དང་འཕྲིན་འཆོལ་གྱི་བདེན་ཚིག་།བསམ་ཡས། ཁྲ་འབྲུག་།རྩེས་དང་ཐུབ་པ་གསེར་གླིང་མ། སྙེ་ཐང་སྒྲོལ་མ་བཅས ་ལའང་མཆོད་སྤྲིན་སྙན་ཤལ་རྭ་སྒྲེང་དུ་ཇོ་བོ་འཇམ་དཔལ་རྡོ་རྗེ་དང། ཇོ་འབྲོམ། ཁྲི་ཆེན་རྡོ་རྗེ་འཆང་གི་དངུལ་གདུང་སོགས་རྟེན་རྣམས་ལ་མཆོད་སྤྲིན་སྙན་ཤལ་ཆོས་སྲུང་ཁག་གི་བསྐང་བསྐུལ་སོགས་སྒྲུབ་ཐེབས་རྒྱ་ཆེར་སྩལ། དེ་ནས་ཚོགས་མཆོད་ཆེན་མོ ་སྔར་རྒྱུན་ཚུགས་ཉེར་འབྲས་སྤུངས་ཚོགས་ཆེན་དགེ་སྐོས་གཉིས་མཇལ་ཁར་བྱུང་བར་གྲཝས་ཁག་ལ་ཕྱོགས་ལྷུང་མེད་པའི་སྒོ་ནས་ཆོས་ཁྲིམས་གནའ་དུས་ལྟར་དྲང་པོར་སྲོང་བའི་ལྷག་བསམ་གང་ཆེ་དགོས་ལུགས་ཕེབས། དགའ་ལྡན་ཁྲི་རིན་པོ་ཆེ་ཚོགས་མཆོད་དུ ་ཕེབས་པར་བསུ་བསོགས་བཀུར་གཟོས་སྔར་བཞིན་གནང། ཉེ་སྐོར་དབེན་གནས་རི་ཁྲོད་པ་ཕལ་ཆེར་ལ་ཟླ་བ་གསུམ་གྱི་རིང་ཞབས་བརྟན་སྐུ་ཚེ་ཚེ་སྒྲུབ་སྒྲུབ་ཐེབས་གནང་བའི་ཚེ་རྫས་ཀྱང་འདི་སྐབས་རིམ་བཞིན་ཕུལ་བ་བཞེས། རྒྱལ་ཐང་དགའ་ལྡན་སུམ་རྩེན ་གླིང་གི་དགེ་རྒན། ར་ཉག་པ་སོགས་ཁམས་འགྲུལ་དང་ནག་ཆུ་ཁ་པ་སེར་སྐྱ་ཕོ་མོ་བརྒྱ་སྐོར་སོགས་ལ་ཕྱག་དབང་དང། འབྲུག་པའི་ལོ་གསར་འབུལ་མིར་ཐོན་ཕྱག་གནང་ཆ་སྡེ་སྲིད་རང་ལ་བཀའ་ལན་འབུལ་སློག་གནང་རྟེན་གྱ་ནོམ་པ་བཅས་སྩལ། དབུས་མདའ ་དཔོན་ཕུ་ལུང་པའི་བུ་བཙུན་པ་བློ་བཟང་རྣམ་རྒྱལ་ནས་པོ་ཏ་ལའི་རིག་གནས་སློབ་གྲཝར་སྦྱང་པ་བགྱིས་ནས་སྙན་ངག་ལེའུ་གསུམ་གྱི་རྩོམ་རྒྱུགས་དང། རྩིས་འབྲས་ཕྱག་ཐོ་བཅས་ཕུལ་བར་གནང་ཆ་སྩལ། དེ་ནས་ཚོགས་མཆོད་ཆེན་མོའི་མཆོད་སྐོར་ཞེས་རྒྱུད་སྡེ་བཞི ་ནས་བཤད་པའི་མཆོད་སྤྲིན་ཐོགས་པའི་སེར་སྦྲེངས་པ་རྣམས་ལྷས་ནས་ཚར་དུ་དངར་བ་དང་དུས་མཚུངས་སུ། ཕོ་བྲང་ཆེན་པོ་པོ་ཏ་ལའི་ལྷོ་ངོས་སུ་གོས་སྐུ་མཐོང་བ་དོན་ལྡན་བཀྲམ་ཞིང། ཞོལ་འབྲས་བུ་སྟེང་ནས་མཆོད་སྤྲིན་རབ་ཏུ་མང་པོ་སྤྲོས། སེར་འབྲས་དགའ་ ་གསུམ་གྱི་བླ་མ་གདན་ཟུར་འདུས་ཚོགས་དང་བཅས་པས་ཆོས་གོས་རྣམ་གསུམ་ཀླུབས་ཏེ་སྤྱན་འདྲེན་ཁྲུས་གསོལ་མཆོད་འབུལ་སྨོན་ལམ་རྣམས་གསུངས། རྗེ་བདག་ཉིད་ཆེན་པོ་ཡང་གཟིམས་ཆུངས་གསུམ་རྣམ་རྒྱལ་དུ་ཕེབས་ནས་ཐུགས་སྨོན་རྒྱ་ཆེར་མཛད། ་འདི་ཉིན་ནམ་མཁའ་དྭངས་ཤིང་རླུང་མི་ལྡང་བ་སོགས་ནམ་དཔྱད་ལེགས་པ་བྱུང་སྣང། འཕགས་པ་རིན་པོ་ཆེས་གཙོས་རྟེན་རྣམས་ལ་མཆོད་སྤྲིན་སྙན་ཤལ་བཅས་ཐུགས་སྨོན་ནན་ཏན་མཛད། དེ་ནས་ཚོམས་ཆེན་དུ་ཁྲི་རིན་པོ་ཆེས་དབུས་གདན་ས་ཆེན་པོ་རི་བོ་དགའ་ ་ལྡན་གྱི་སློབ་དཔོན་ལས་སྣེ་འདུས་ཚོགས་བཅས་ནས་མཎྜལ་དང། རྟེན་གསུམ། དངོས་འབུལ་རྣམས་ཕུལ་ཞིང། འདུས་ཚོགས་ནས་བརྟན་བཞུགས་ཀྱི་གསོལ་འདེབས་དང་ཤིས་བརྗོད་རྒྱས་པར་གསུངས། ཁྲི་རིན་པོ་ཆེ་སྐུ་རྐྱང་ལ་གསོལ་ཚིགས་ཐོག་མཇལ་ཁ་གནང ་ནས་ཆོས་ཕྱོགས་ཀྱི་བཀའ་མོལ་བསྐྱངས། ཕྱིར་ཕེབས་གདོང་གསོལ་རས་དང་བསྟན་འགྲོའི་ཕན་བདེ་རྒྱས་པའི་ཐུགས་བསྐྱེད་དང་ཆོས་སྲུང་རྣམས་ལ་འཕྲིན་བཅོལ་སོགས་གནང་དགོས་ཀྱི་བཀའ་ཕེབས། དེ་ནས་དགའ་ལྡན་བྱང་རྩེའི་བླ་མ་ལས་ཐོག་པ་དགོངས་པ ་ཞུས་ཁྲོལ་ཚབ་ཏུ་བྲག་གསེབ་བླ་མ་སངས་རྒྱས་ཆོས་འཕེལ་བསྐོ་བཞག་གིས་གྲཝ་ཚང་གི་ཆོས་འཆད་ཉན་སྒྲིགས་ལམ་ཀུན་སྤྱོད་རྣམས་བསྟན་པ་རིན་པོ་ཆེའི་བཙས་སུ་འགྲོ་བ་ཞིག་ཅི་ནས་ཀྱང་དགོས་ཞེས་ཕེབས། བཀའ་བློན་མདོ་མཁར་ཞབས་དྲུང་གི་ཁྱིམ་འཛིན་མ ་གཞོན་པ་འདས་ཆེད་དུ་ཞུས་ངོར་དེ་དང་གཞན་སེར་སྐྱ་མཆོག་དམན་གཤིན་པོ་ཉིས་བརྒྱ་སྐོར་ལ་ཆེད་དམིགས་གྲཝ་ཚང་གྲ་པ་ལྔ་བཅུ་བཅས་ནས་སྦྱང་ཆོག་གནང། འདི་སྐབས་ཆོས་འཁོར་རྒྱལ་མཁན་གྲ་སྤྱི་ཚོགས། ་སྣེ་གདོང་བན་ཚང་བ། ཤེལ་དཀར་ཆོས་སྡེ་བ། ལྷོ་བྲག་དོན་གཉིས་གླིང་པ། མཚོ་སྣ་དགོན་པ་རྩེ་བ། གསང་ནེའུ་ཐོག་པ། ཨེ་སེ་མདོ་དགའ་ལྡན་རྣམ་རྒྱལ། འཕན་ཡུལ་སྤོས་དཀར་རི་ཁྲོད་པ། གོང་དཀར་བཤད་སྒྲུབ་གླིང་པ། ལྷ་སར་སྡོད་མི་ངལ ་པོ་ཡམ་བུའི་འགོ་པ་མགོན་པོ་ཏཱ་ཤིང་ཟེར་བ། དབུས་སྟོང་སྟག་ཕུ་དགོན་པ་བ། ཀོང་པོ་འབྲུལ་མཁན་ཆེན་སྤྲུལ་སྐུ་དང་དུང་དཀར་མཛོད་པ་ཐུན་མོང་བཅས་སོ་སོས་དངོས་འབུལ་བཏེག་སྟེ་ཞབས་བརྟན་བདེན་ཚིག་བརྗོད། དེ་དག་ཚང་མར་འདོད་ཆོས་དང ་གནང་ཆ་གྲཝ་ཚང་ཚོར་མང་འགྱེད་སོགས་ཚིམ་པར་སྩལ། ཚོམས་ཆེན་དུ་དབུས་ཚོ་ཆེན་ནས་དགྱེས་སྟོན་དང་འབྲེལ་བའི་དངོས་འབུལ་བཏེག་སྟེ་རྣམ་རྒྱལ་གྲཝ་ཚང་ནས་ཞབས་བརྟན་བདེན་ཚིག་བརྗོད། རི་བོ་བདེ་ཆེན་གྱི་དུས་འཁོར་ཆོག་གྲཝ་བ་རྣམས་ཀྱིས་སྔར ་ནས་བསྐུལ་མ་ཞུས་ཐོག་།ཉེ་ཆར་རྣམ་རྒྱལ་གྲཝ་ཚང་གི་དུས་འཁོར་ཆོག་གྲཝའི་དབུ་མཛད་དགེ་སློང་བསྐལ་བཟང་འབྱོར་རྒྱས་ནས་བསྐུལ་མ་ཞུས་པ་བཅས་དུས་ཀྱི་འཁོར་ལོའི་ཚོགས་ཀྱི་མཆོད་པའི་ཆོ་ག་བདེ་ཆེན་འདོད་འཇོ་ཞེས་པ་བཀའ་རྩོམས་གནང། ལྷ་སའི ་གནས་ཚད་ནོར་བུ་བསམ་འཕེལ་སོགས་དུས་འདས་མང་པོའི་ཆེད་དུ་ཞུས་ངོར་སྦྱང་ཆོག་མཛད། དེ་ནས་ཤུ་ཏཱ་ཞིན་ནས་མཎྜལ་དངོས་འབུལ་དང་བཅས་པ་ཕུལ་ཏེ་རྣམ་རྒྱལ་གྲཝ་ཚང་ནས་ཞབས་པད་བརྟན་ཕྱིར་གསོལ་བ་བཏབ། ཧོར་ཟླ་གསུམ་པའི་ཚེས་བརྒྱད་ལ ་དཔལ་མགོན་སྟོབས་འཕྲོག་དབང་པོའི་དུས་གཏོར་འཆར་ཅན་ཚུགས་པར་མཆུད་ཞལ་པུ་ཏྲ་ལྕམ་སྲིང་བཅས་ཀྱི་ཞལ་བརྙན་སོ་སོར་སྙན་ཤལ་ཐུགས་སྨོན་བཀའ་རྩོམས་ཅན་འབུལ་བར་མཆོད་དཔོན་སྡེ་དྲུག་མཁན་པོ་བློ་བཟང་རྣམ་རྒྱལ་གནང། སྨར་ཁམས་གོ་པོ་དགོན ་གྱི་བླ་མར་འབྲས་སྤུངས་བློ་གསལ་གླིང་གཙང་པ་རབ་འབྱམས་པ་ཡེ་ཤེས་དཔལ་འབྱོར། ཡར་སྟོད་ཐོས་བསམ་དར་རྒྱས་གླིང་གི་བླ་མར་སེར་སྨད་སྐུ་སྐྱེ་བསྐལ་བཟང་རབ་རྒྱས། རྫོང་དགའ་བའི་ལ་རྒྱས་གླིང་གི་བླ་མར་དགའ་ལྡན་བྱང་རྩེ་རབ་འབྱམས་པ་དགེ ་འདུན་ལེགས་གྲུབ་བཅས་བསྐོ་བཞག་དང། བཀའ་བློན་གུང་པཎྜི་ཏ་འཕྲོད་བསྟེན་ཆུ་ཚན་དུ་ཐོན་པར་གནང་ཆ་རྒྱས་པ་སྩལ། དེ་ནས་ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས་སུ་དུས་འཁོར་སྒྲུབ་མཆོད་སྔར་རྒྱུན་བཞིན་ཚུགས་རྒྱུ་རས་གར་ལའང་དགྱེས་པ་ཆེན ་པོས་གཟིགས་ཤིང། ནག་ཟླའི་དུས་ཆེན་ཉིད་དང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་ཚུགས་པའི་མགོན་དུ་ཕེབས། ཞབས་ཕྱིར་དེ་མོ་སྤྲུལ་སྐུ་རིན་པོ་ཆེ་དང་ནང་མ་སྐུ་བཅར་བླ་མ་གྲཝ་ཚང་གི་ཆོག་གྲ་བ་བཅས་ལྷན་ཅིག་བས་གསུང་ཆོག་ཉིན ་འཁྱོངས་དང། ཚོགས་ཀྱི་མཆོད་པའི་ཆོ་ག་གསར་གནང་ཐོག་ནས་ཚོགས་མཆོད་རྒྱས་པར་གནང། དུས་འཁོར་དབུ་མཛད་དགེ་སློང་བསྐལ་བཟང་འབྱོར་རྒྱས་ནས་ཚོགས་དོད་དང། ཕྱག་ཌཱ་མ་ཕྱག་དྲིལ་སོགས་ཀྱིས་མཚོན་དངོས་འབུལ་ཕུལ། འདི་ཉིན་གྲཝས ་ཆེན་པོ་སེར་འབྲས་དགེ་གསུམ་དང། རྒྱུད་བསྟོད་སྨད་སོ་སོར་བསྟན་འགྲོའི་ཕན་བདེ་རྒྱས་ཆེད་དང། ཞབས་བརྟན་བཅས་ལ་ཆེད་དམིགས་ན་བཟའ་ཆ་ཚང་རེའི་སྦོམ་ཐག་གིས་མཚོན་མངའ་གྱེད་གྱ་ནོམ་པ་དང། དེ་མཚུངས་ཚོམས་ཆེན་རྙིང་པར་ཡང་སེར་འབྲས ་ཞིང་སེམས་ཅན་གྱི་དོན་རྒྱུན་ཆགས་པ་ཐར་པ་སྟེར་བར་བྱེད་པའོ། །དེ་བཞིན་དུ་བྱིས་པ་རྣམས་ལ་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་དང། ཕྲག་དོག་གི་དབང་གིས་ངན་འགྲོ་སྟེར་བར་བྱེད་པའོ། །ཅི་འཕགས་པ་རྣམས་ཀྱི ་དང། ཅི་བྱིས་པ་རྣམས་ཀྱི་ལས། འཕགས་པ་རྣམས་ཀྱི་དུས་གཅིག་མི་ཉམས་པའི་མཚན་ཉིད་གཟུང་བ་དང། འཛིན་པ་དང་བྲལ་པ། སྨྲ་བྱ་དང་སྨྲ་བྱེད་ལས་འདས་པ་ཆོས་ཀྱི་སྐུའི་རང་བཞིན་དེ་བཞིན་ཉིད་དང། ཡང་དག་པའི་མཛའ་དང། ་སྟོང་པ་ཉིད་དང། གཉིས་སུ་མེད་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། དོན་དམ་པ་དང། འོད་གསལ་བའི་བདག་ཉིད་དོ། །བྱིས་བ་རྣམས་ཀྱི་གཡོ་བའི་ཕྱིར་སེམས་ཉམས་ཤིང་སད་པའི་མཚན་ཉིད་ཀྱིས། རྒས་པ་དང། ན་བས ་འཇིགས་པ་དང། འཆི་བ་སྟེར་བར་བྱེད་པ་སྡིག་པའི་དབང་གིས་དམྱལ་བའི་འཇིགས་པ་འབྱུང་ངོ། །བསོད་ནམས་ཀྱི་དབང་གིས་མཐོ་རིས་ཀྱི་འབྲས་བུ་འཐོབ་བོ། །དེ་དེ་བཞིན་དུ་ཡང་རྣམ་པ་བཞི་ཞེས་པའོ། །དེ་ལ་རྫོགས་ལྡན་དང། གསུམ ་ལྡན་དང། གཉིས་ལྡན་དང། རྩོད་པའི་དུས་འབྱུང་བར་འགྱུར་ཏེ། དེར་ཚེ་རབས་སྔ་མའི་ཚོགས་གཉིས་ཀྱིས་དབང་གིས་སངས་རྒྱས་པ་རྣམས་སངས་རྒྱས་སུ་འགྱུར་རོ། །ཉན་ཐོས་ལ་སོགས་པ་ནི་མ་ཡིན་ཏེ། བདག་དང་བདག་གི་དང་གཟུང ་བ་དང་འཛིན་པའི་རྣམ་པར་རྟོག་པའི་དབང་གིས་འཁོར་བར་འཁོར་རོ། །དེ་བཞིན་དུ་འཆད་བཞིན་པ་ལས་རྒྱས་བར་བཤད་པར་བྱའོ། །དེ་བཞིན་དུ་འཇིག་རྟེན་ལས་འདས་པ་ཡང་གཅིག་གི་རྣམ་པ་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་?? ་མཚན་ཉིད་དུས་བཞི་རྣམས་ཀྱིས་ཡོངས་སུ་ཤེས་པ་སྨ་བྱ་དང་སྨྲ་བྱེད་ཀྱི་མཚན་ཉིད་དང་བྲལ་བ། བསྐྱེད་བྱ་དང་སྐྱེ་བྱེད་རྗེས་སུ་མཐུན་པར་གནས་པའོ། །འདི་ཡོངས་སུ་ཤེས་པས་སེམས་ཅན་ཐམས་ཅད་གྲོལ་བར་འགྱུར་རོ། །འདི་ནི་དུས་གཅིག ་གི་མཚན་ཉིད་དགོས་པའོ། །དེས་ན་འདིར་འདི་སྐད་བདག་གིས་ཐོས་པ་ངེས་པར་གཟུང་ཞེས་པའི་དོན་ཏོ། །འོན་ཀྱང་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་ནས་ཁ་སྦྱོར་ལས་བྱུང་བའི་རྒྱུད་ཅེས་པ་འདིའི་མཐར་ཐུག་པའི་དག ་དང་པོས་བརྗོད་པར་བྱ་བ་དང། དགོས་པ་ཉེ་བར་བཀོད་པ་ནི་ཉན་པ་པོ་རྣམས་གཞུག་པའི་ཕྱིར་བསྟན་ཏོ། །གཞན་དུ་གལ་ཏེ་བརྗོད་པར་བྱ་བ་དང། དགོས་པ་འདིར་མ་བརྗོད་ན། ཇི་ལྟར་སེམས་ཅན་རྣམས་མཉན་པ་ལ་ཡང་འཇུག་པར་འགྱུར། ཐམས ་ཅད་དུ་དགོས་པ་ལ་འདོད་པ་དང་བཅས་པའི་ཕྱིར་འཇུག་པར་འགྱུར་མོད། །ཇི་སྲིད་གསུམ་དུ་དགོས་པ་དེས་པར་མ་གསུང་བ་དེ་སྲིད་དུ་སྐྱེས་བུ་སུ་ཞིག་འཇུག་པར་འགྱུར། དེ་ཡང་སྐྱེས་བུའི་དོན་གྱི་དགོས་པ་ལ་སྦྱོར་བས་ཐབས་དང་བཅས་པར ་གལ་ཏེ་འགྱུར་པ་དེའི་ཚེ་འཇུག་གོ། དེ་ཡང་འདིར་ཡོད་པ་ཉིད་དེ། འདི་ལྟར་ཡང་འཆད་བཞིན་པའི་རྣམ་པ་ལ་སོགས་པའི་ཚུལ་གྱིས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་དེ་ཁོ་ན་ཉིད་དོན་དམ་པ་སྐྱེས་བུའི་དོན་དུ་དགོས་པ་དེའི་དོན་དུ་བསྟན ་པར་བྱའོ། །དེའི་ཕྱིར་འདིར་བརྗོད་པར་བྱ་བ་ནི་ཧ་རུ་ཀ་ལ་སོགས་པའི་མཚན་ཉིད་དེ་ཁོ་ན་ཉིད་དོ། །དགོས་པ་ཡང་དེ་ཡོངས་སུ་ཤེས་པའོ། །དེའི་ཕྱིར་དེ་ཡོངས་སུ་ཤེས་པས་མྱ་ངན་ལས་འདས་པ་ཐོབ་སྟེ། ཤིན་ཏུ་རབ་ཏུ་གྲུབ་པ་འདི་ནི་དགོས་པའོ། །གལ་ཏེ ་ཡང་སྒྲའི་དོན་གྱི་རྒྱུན་མེད་པའི་ཕྱིར་ཚད་མེད་དེ། དེ་ལྟར་ན་ཡང་དོན་ལ་ཐེ་ཚོམ་ཟ་བར་ཡང་འགྱུར་ཏེ། དེ་ལ་རྟོག་པ་དང་ལྡན་པར་འཇུག་གོ། དབང་པོ་རྣོན་པོ་འཇུག་སྟེ་གཞན་གྱི་རྣམ་པ་མེད་པའི་ཕྱིར་རོ། །དབང་པོ་རྣོན་པོས་སྐྱེས་བུའི་དོན་དེ་ཁོ་ན་ཉིད ་ལ་འཇུག་པར་བྱའོ། །འདི་ལྟར་ཡང་རང་གི་ངོ་བོས་དེ་ཁོ་ན་ཉིད་དེ་ལ་བརྗོད་པར་བྱ་བ་དང། རྗོད་པར་བྱེད་པའི་དངོས་པོ་མེད་དོ། །དེ་བླ་མས་བརྗོད་པ་ལས་ཀྱང་རང་གིས་རིགས་པ་མེད་དེ་།དེ་ཁོ་ན་ཉིད་ནི་དག་ཐམས་ཅད་ཀྱི་ཐ་སྙད་ལས་འདས་པའི ་ཕྱིར་རོ། །དེ་ལྟ་མོད་ཀྱི་ཡང་དག་པའི་རིགས་པ་ཅན་གྱིས་བླ་མའི་སྔགས་ལས་དེས་འགའ་ཞིག་རྙེད་དེ་ཕྱིས་ནས་འཇིགས་ཚོགས་ལ་ལྟ་བ་ལ་སོགས་པ་ཡོངས་སུ་སྤོང་བའི་མཚན་ཉིད་ཀྱི་ལམ་ཉེ་བར་དམིགས་པའི་རིམ་གྱིས་དད་པ ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་སློབ་མའི་བསྒོམ་པ་བརྒྱུད་པ་ལས་དེ་ཁོ་ན་ཉིད་དེས་རང་ཉིད་བྱིན་གྱིས་རློབ་པར་བྱེད་དོ། །རིགས་པས་ཐམས་ཅད་ཀྱི་ཤེས་པ་ངན་པའི་མཚན་ཉིད་ཡོངས་སུ་བཏང་བའི་ཕྱིར་རོ། །དེའི་ཕྱིར་མ་ལུས་པའི་ཤེས་པ་ངན་པ ་ཡོངས་སུ་སྤངས་པའི་ཕྱིར། ཡང་དག་པའི་ཡེ་ཤེས་གང་དོན་དམ་པ་དེད་ཉིད་ཀྱིས་རྙེད་པར་འགྱུར་ཏེ། སྣང་བས་མུན་པ་སེལ་བ་བཞིན་དང། ཉི་མས་མུན་པ་སེལ་བ་བཞིན་ནོ། །དེར་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་པ་འདིས་རྡོ་རྗེ་སྙིང་པོ ་ཐོས་པ་མང་བ་དང་ལྡན་པར་གསལ་བར་བསྟན་ཏེ། དུས་གཅིག་གི་ཚེ་ན་བདག་གིས་དེ་ཁོ་ན་ཉིད་འདི་ཐོས་ལ། གཞན་དུ་ནི་དེ་བཞིན་གཤེགས་པ་གཞན་ལས་ཀུན་རྫོབ་དུ་མ་དང་དོན་དམ་པའི་དབྱེ་བས་སོ། །དུ་མའི་དབྱེ་བས་བཅོམ་ལྡན་འདས་གཅིག་བུ ་བཞུགས་ཏེ། བརྟན་པ་དང་གཡོ་བ་དང་བུད་མེད་དང་སྐྱེས་བ་ལ་སོགས་པའི་དབྱེ་བས་དང། དེ་བཞིན་དུ་ཀུན་རྫོབ་དང་དོན་དམ་པའི་བདེན་པའི་དབྱེ་བས་སོ། །བཅོམ་ལྡན་འདས་དེ་ཉིད་ཀུན་རྫོབ་ཀྱི་གཟུགས་ཀྱང་ཡིན་ལ་དོན་དམ་པའི་གཟུགས་ཀྱང་དེ ་ཡིན་ནོ། །འདིས་དེ་ཁོ་ན་ཉིད་སྒྲིབ་པར་བྱེད་པས་ཀུན་རྫོབ་བོ། །དོན་ཡང་ཡིན་ལ་དམ་པ་ཡང་ཡིན་པས་དོན་དམ་པའོ། །དམ་པའི་སྒྲ་ནི་ཕུལ་དུ་བྱུང་བའི་རྣམ་གྲངས་སོ། །དེའི་ཕྱིར་བཅོམ་ལྡན་འདས་གཅིག་བུའི་གཟུགས་ཉིད་ཇི་ལྟར་དེ་སོ་སོའི་དབྱངས ་གནས་པར་འགྱུར་ཞེས་པའི་དོན་ཏོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་གཟུགས་དེ་ནི་ལྷན་ཅིག་སྐྱེས་པའི་དགའ་པའི་རང་བཞིན་དགའ་བ་རྒྱུན་མི་འཆད་པའི་ཡིད་ཀྱིས་རིག་པར་བྱ་བའོ། །འདིས་ནི་ཕྱག་རྒྱ་ཆེན་པོ་གསལ་བར་བསྟན་པར་འགྱུར། །འདི ་ནི་དགོས་པའི་དགོས་པའོ། །ད་ནི་བཅོམ་ལྡན་འདས་བཞུགས་ཞེས་པའི་ཚིག་གི་ཚུལ་གྱིས་གསུངས་པའི་ཕྱག་རྒྱ་ཆེན་པོ་འབྲས་བུལ་རྒྱུར་ཉེ་བར་བཏགས་པས་གནས་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྷ་ནི་སྲིད་པ་སྟེ། རང་བཞིན་གྱིས་བརླབས་པའི་ཉེ་བར་བཏགས་པས་ཀུན་རྫོབ་ཀྱི་བདེན་པར་བསྟན་པའི་ཕྱིར་རོ། །ག་བཱན་ཞེས་བ་ནི་མྱ་ངན་ལས་འདས་པར་འགྲོ་བར་འགྱུར་ཞེས་སྦྱར་རོ། །སུ་ཞིག་འགྲོ་བར་འགྱུར ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་སོ། །དེ་བཞིན་གཤེགས་པ་ཡང་དེ་ཡིན་ལ་ཐམས་ཅད་ཀྱང་དེ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ལས་བྱུང་བ་རྣམས་སོ། །འདིར་སྐུ་ལས ་བྱུང་བ་རྣམས་ནི་དགོངས་པ་བཤད་གཞན་གྱི་གསུངས་པ་འཇུག་པའི་ཚོགས་དྲུག་གི་རྣམ་པར་ཤེས་པ་རྣམས་སོ། །དེ་ཡང་འདི་ལྟ་སྟེ་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པ་རྣམས་སོ། །དེའི་ཕྱིར་གཟུང་བ་དང་འཛིན་པ་ཉམས་སུ ་མྱོང་བས་རེ་རེ་ཡང་གྲངས་མེད་པ་དེ་རྣམས་སུ་སྣང་སྟེ། བསྟན་པ་དང་གཡོ་བ་དང་ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་དང་ལྗོན་ཤིང་དང་གེལ་བ་དང། ལྕུག་མ་ལ་སོགས་པ་དང། དེ་བཞིན་དུ་གྲོང་དང་གྲོང་ཁྱེར་དང་ལམ་དང་ཚོད་དུས་ལ་སོགས ་པ་ན་གནས་པའི་སེམས་ཅན་སྣ་ཚོགས་པ་རྣམས་ཡང་དག་པར་མཐོང་བའི་ཕྱིར་དེ་རྣམས་དེ་བཞིན་གཤེགས་པ་རྣམས་ཉིད་དོ། །འོན་ཀྱང་མུ་སྟེགས་ལ་སོགས་པ་ནི་མི་ཤེས་པའི་སྒྲིབ་པས་གཡོགས་སོ། །སངས་རྒྱས་པ་སྙིང་རྗེ་ཅན་རྣམས་ནི་ཡང ་དག་པར་ཡོངས་སུ་ཤེས་པས་རི་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་གསུང་ལས་བྱུང་བའི་དེ་བཞིན་གཤེགས་པ། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རང་བཞིན་མ་རིགས་པ་ལ་སོགས་པའི་དྲི་མས་བསྒྲིབས་པ་རྣམས་ནི་འཁོར་བ་ནས་འཁོར་པར ་འཁོར་རོ། །འོན་ཀྱང་གཞན་གྱི་དོན་ལ་ཆགས་ཤིང་བརྩོན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་རྣམས་ཀྱི་སྐྱེ་བས་སྣ་ཚོགས་པར་སྤྲུལ་ཅིང་རང་གི་ལས་ཀྱི་སྲིད་པ་ལེན་ཏོ། །དེའི་ཕྱིར་ཉོན་མོངས་པ་ཅུང་ཟད་ཙམ་གྱིས ་བསྒྲིབས་མོད། །རང་གི་དབང་གིས་ནི་མ་ཡིན་ནོ། །དེ་བཞིན་དུ་ཐུགས་ལས་བྱུང་བ་ནི་སྔོན་གྱི་བག་ཆགས་ཀྱི་སྟོབས་ཀྱི་བརྟེན་ཅིང་འབྲེལ་པར་འབྱུང་བ་བཞིན་ཏེ། དེ་ཡང་དེ་བཞིན་གཤེགས་པ་རྣམས་སོ། །འོན་ཀྱང་རྣམ་པར་རིག་པ་ཙམ་ལ་ཆགས་པའི ་འཚོ་བ་ལུས་ལས་སྐྱེ་བ་གདོས་དང་ལྕགས་སྒྲོག་བཞིན་འཁོར་བར་བཅིངས་པ་རྣམས་ཏེ། རྒྱ་ལམ་ན་མཚན་མོའི་གློག་བཞིན་དགེ་བའི་གྲོགས་དང་ཕྲད་བས་གྲོལ་བར་འགྱུར་ཏེ། དེ་ལྟར་ཡང་རང་དབང་ཐོབ་པ་འཇིག་རྟེན་གྱིས་ཆོས་བརྒྱད་རྣམ་པར ་སྤངས་པའི་ཕྱིར་དེ་བཞིན་གཤེགས་པར་འགྱུར་རོ། །དེ་ལྟར་ཁམས་གསུམ་པའི་སེམས་ཅན་བུད་མེད་དང་སྐྱེས་པ་ལ་སོགས་པ་རྣམས་སྐུ་དང་གསུང་དང་ཐུགས་ལས་སྐྱེ་པར་འགྱུར་རོ། །འདི་རྣམས་ཀྱི་རང་གི་ངོ་བོ་ཡོངས་སུ་ཤེས་པ་དང། ཀུན ་རྫོབ་ཀྱི་བདེན་པ་མཐོང་བ་དང། དགེ་བའི་གྲོགས་མཆོག་མཉེས་པ་དང། ཕོ་ཉ་དང་ཕོ་ཉ་མོ་རྣམས་ཀྱི་མཆོད་པ་ལ་ཉེ་བར་གནས་པའི་ཉེ་བར་སྤྱོད་པ་དང། དེ་བཞིན་གཤེགས་པའི་གསུང་གི་ཕ་རོལ་ཏུ་འགྲོ་བ་དང་འདོད་པའི ་ཡོན་ཏན་ལྔ་ལ་ཉེ་བར་ལོངས་སྤྱོད་པ་དང་བྲལ་བ་དང། དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་དང་འདོད་པའི་ལྷ་མ་ཉེས་པ་དང། ཐེག་པ་གསུམ་གྱི་ཆོ་ག་དང། ཐེག་པ་མཆོག་རྟོགས་པ་དང། མོས་པས་སྦྱོད་པའི་ས་ལ་གནས་པ་དང། ཕ ་རོལ་ཏུ་ཕྱིན་པ་བཅུའི་ཚུལ་ཡོངས་སུ་རྫོགས་པ་དང། གཉིས་སུ་མེད་པ་དང། དེ་བཞིན་ཉིད་དང། འོད་གསལ་བའི་ཏིང་ངེ་འཛིན་ལ་གནས་པས་སོ། །འདི་མཛའ་དག་རྣམ་པར་མི་རྟོག་པ་དང་འབྲེལ་བའི་དེ་བཞིན་གཤེགས་པའི་སྐུ་དང་གསུང ་དང་ཐུགས་ཀྱི་བདག་ཉིད་རྣམས་སོ། །སྐུ་དང་གསུང་དང་ཐུགས་དབྱེར་མེད་པར་བྱས་ཤིང་རོ་གཅིག་པར་འགྱུར་བ་བདེ་བ་ཆེན་པོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསུམ་བསྡུས་པའི་བདག་ཉིད ་རྡོ་རྗེ་འཆང་ཧེ་རུ་ཀར་བཤད་དོ། །གང་དུ་བཞུགས་ཤེ་ན། རྡོ་རྗེ་བཙུན་མོའི་བྷ་ག་ལ་ཞེས་སོ། །རྡོ་རྗེ་བཙུན་མོ་ནི་སྤྱན་མ་ལ་སོགས་པ་སྟེ། དེ་རྣམས་ཀྱིས་བྷ་གའི་པདྨ་ལི་བྱེ་བ་ཕྲག་བརྒྱད་ཅུའི་འདབ་མའི་བདག་ཉིད་རང་གི་འཁོར་འདུས་པ་དང་ལྷན་ཅིག ་པ་རྣམས་ལ་བཅོམ་ལྡན་འདས་ཡེ་ཤེས་ཀྱི་རང་གི་ངོ་བོ་རོལ་པ་དང་ལྡན་པར་བཞུགས་ཞེས་སྦྱར་རོ། །པདྨ་ནི་འདོང་བསྡུས་ན་ལུས་སོ། །རྣམ་པར་རྟོག་པ་མཛའ་དག་བཅོམ་པའི་ཕྱིར་བྷ་གའོ། །བྱེ་བ་ཕྲག་བརྒྱད་ཅུའི་རང་བཞིན་གྱི་བདག་ཉིད་ནི་འདབ་མ ་རྣམས་སོ། །ཤེས་བྱའི་མཆོག་ཉིད་འདི་ཤེས་པའི་ཕྱིར་རྣམ་པར་ཤེས་པ་ནི་རྡོ་རྗེ་སྙིང་པོའོ། །རྡོ་རྗེ་ཡང་ཡིན་ལ་སྙིང་པོ་ཡང་ཡིན་པས་ན་རྡོ་རྗེ་སྙིང་པོ་སྟེ། བཅོམ་ལྡན་འདས་ཀྱི་གཟུགས་གཟུགས་བརྙན་གྱི་རང་བཞིན་སྤྲུལ་པའི་སྐུའི་མཚན་ཉིད་དོ། ། ་དེ་ལྟར་ཡང་རང་ཉིད་བྱེད་ཅིང་རང་ཉིད་འཕྲོག། རང་ཉིད་རྒྱལ་པོ་རང་ཉིད་གོ་ཙ། །དེ་ནི་སྟོན་པ་རང་ཉིད་དེ། །བསྟན་བྱ་ཡང་ནི་རང་ཉིད་དོ། །ཞེས་གསུངས་སོ། །འདེས་ནི་བསྡུད་པོའི་ངེས་པ་སྤང་པ་བསྟན་ཏོ། །དོན་འདི་ཉིད་གསལ་བར་བྱ་བ་གསུངས་པ། བཞུགས ་ཞེས་པ་ནི་རྡོ་རྗེ་བཙུན་མོ་རྣམས་ཀྱི་བྷ་ག་རྣམས་ལ་སྟེ། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱིས་གསང་བའི་བུ་ག་རྣམས་སུ་རོལ་བ་དང་ལྡན་པའོ། །སུ་ཞིག་ཅེ་ན། བཅོམ་ལྡན་འདས་ཡེ་ཤེས་སྐུའོ། །རྩ་འདི་རྣམས་ཀྱི་དབུས་སུ་ཁོང་སྟོར?་གི་བདག་ཉིད་ཨ ་བ་དྷཱ་ཏཱིའི་རྣམ་པ་རང་གི་ངོ་བོས་འབར་བ་སྲོག་ལ་སོགས་པའི་རླུང་རྣམས་སྡུད་པ་ཕུང་པོ་དང་ཁམས་དང་།སྐྱེ་མཆེད་རྣམས་རང་བཞིན་མེད་པར་བྱེད་ཅིང་ཐིག་ལེའི་གནས་སུ་སོན་བ་མི་ཤིགས་པ་དང་འཁྱུད་པ་རོ་གཅིག་པའི་དངོས་པོ་བྱང་ཆུབ་ཀྱི་སེམས ་ཡེ་ཤེས་མི་འཛག་པ་ལས་རང་རིག་པའི་ཡེ་ཤེས་སྐྱེ་བ་ནི་ཕྱག་རྒྱ་སྟེ། ཕྱག་རྒྱ་ཆེན་བོའོ། །འོན་ཀྱང་སྲོག་ལ་སོགས་པའི་རླུང་རྣམ་པ་གསུམ་དུ་འགྱུར་ཏེ། རེ་ཞིག་ལས་དང། དབྱིབས་དང་རྡོ་རྗེ་ལྟ་བུ་རིམ་པ་བཞིན་དུ་དབུགས ་འབྱུང་བ་དང་འཇུག་བ་དང། འགྲོ་བ་དང་འོང་བའི་དབྱེ་བས་གནས་པ་ནི་ལས་སོ། །ཕུང་པོ་ལ་སོགས་བའི་ལུས་ཀྱི་རྩ་ལ་གནས་བ་ནི། དབྱིབས་སོ། །དེ་བཞིན་དུ་ཡེ་ཤེས་དང་རྣམ་པར་ཤེས་པ་ཕུན་སུམ་ཚོགས་པ་ནི་རྡོ་རྗེ་ལྟ་བུའོ། །དེ་ཡོངས་སུ ་ཤེས་པ་ནི་བླ་མ་བརྒྱུད་པའི་རིམ་པས་རྡོ་རྗེ་བཟླས་པ་ལ་སོགས་པའི་རྒྱུན་གྱི་སྟོབས་དང། སྦྱོར་བའི་ཡན་ལག་དྲུག་ཁོང་དུ་ཆུད་པའི་ཕྱིར་རོ། །དེ་ལ་ཡན་ལག་དྲུག་ནི་འདི་ལྟ་སྟེ། སོ་སོར་བསྒུད་དང་བསམ་གཏན་དང། སྲོག་དང་ཆོལ་བ་དེ་བཞིན་གཟུང ་རྗེས་སུ་དྲན་དང་ཏིང་འཛིན་རྣམས། །སྦྱོར་བའི་ཡན་ལག་དྲུག་དུ་འདོད་ཅེས་སོ། །དགོངས་བཤད་གཞན་གྱིས་དཔལ་གསང་བ་འདུས་པ་ལ་སོགས་པར་གསུངས་པའི་ཕྱིར་རོ། །དེ་ཡང་དུ་བ་ལ་སོགས་པའི་མཚན་མའི་མཚན་ཉིད་དང། སྟོང ་པའི་སྐུ་མཐོང་བའི་ཕྱིར་དང། ཇི་སྲིད་དུ་ཡན་ལག་དྲུག་ཅུར་འགྱུར་གྱི་བར་རོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་སྒྱུ་འཕྲུལ་དྲ་བ་ལས་གསུངས་ཏེ། ས་བཅུའི་དབང་ཕྱུག་མགོན་པོ་སྟེ། ས་བཅུ་ལ་ནི་རབ་ཏུ་གནས། །ཤེས་བཅུ་རྣམ་པར ་དག་པའི་བདག། ཤེས་བཅུ་རྣམ་པར་དག་པ་འཆད། །རྣམ་པ་བཅུ་པོ་དོན་གྱི་དོན། །ཐུབ་དབང་ཁྱབ་བདག་སྟོབས་བཅུའི་བདག། མ་ལུས་སྣ་ཚོགས་དོན་བྱེད་པ། །རྣམ་བཅུ་དབང་ལྡན་ཆེ་བ་པོ་ཞེས་སོ། །འདིའི་དོན་ནི་རྒྱུད་སྣ་ཚོགས་ཀྱི ་དགོངས་པས་རྟོགས་པར་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔས་མཛད་པའི་རྒྱ་ཆེར་འགྲེལ་ལས་ཉེ་བར་མཚོན་པར་བྱའོ། །བདག་གིས་ཀྱང་རྒྱུད་འདིའི་དོན་ཅུང་ཟད་རང་གི་བློའི་དབང་གིས་སྦྱོར་བར་བྱའོ། །འདི་ནི་རྣལ་འབྱོར་གྱི་རྒྱུད་ཀྱི་ངེས ་བའོ། །ཁ་སྦྱོར་ཐིག་ལེ་ཞེས་པ་རྒྱུད་ཀྱི་རྒྱལ་པོའི་རྒྱུ་ཆེར་འགྲེལ་ཡང་དག་པར་ལྟ་བའི་དྲན་པའི་སྣང་བ་ཞེས་བ་ལས་རྗོད་བྱེད་དང་བརྗོད་བྱ་ལ་སོགས་པས་རྒྱུད་ལ་འཇུག་པ་བསྟན་བ་སྟེ་དང་པོའོ།། །།ད་ནི་སྡུད་པ་པོའི་ཚིག་བསྟན ་བའི་ཕྱིར་དེར་ཡང་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་བའི་དཔའ་ཕྱུག་བྱེ་བ་ཕྲག་བརྒྱད་ཅུ་རྣམས་ཀྱིས་དབུས་སུ་རྡོ་རྗེ་སྙིང་པོ་ལ་གཟིགས་ཏེ་འཛུམ་པ་མཛད་དོ། །ཞེས་བྱ་བ་གསུངས་ཏེ། དེར་ཞེས་བ་ནི་དེའི་ཕྱིར་ཏེ། རིན་པོ་ཆེ་སྣ་བདུན་གྱི་རང་བཞིན ་ཀྱི་ཁང་པ་བརྩེགས་མའི་དབུས་སུ་བཅོམ་ལྡན་འདས་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་རྡོ་རྗེ་འཛིན་ནོ། །འདི་ལ་བཅོམ་པ་ཡོད་པ་ན་བཅོམ་ལྡན་ནོ། །ཡང་ན་མཆོག་ཏུ་གསང་བའི་རྣལ་འབྱོར་གྱི་བདུད་རྩིའི་ཆར་འབེབས་པའི་ཕྱིར་བྷ་པ། ་རིམས་ལས་བཟློག་པའི་འོད་ཟེར་གྱི་འཕྲེར་བས་ཁམས་གསུམ་པ་བསྐྱེད་བྱ་སྐྱེད་བྱེད་འབྲེལ་བའི་ཕྱིར་བཅོམ་ལྡན་འདས་ཞེས་བསྟན་ཏེ། ཡང་ཞེས་པ་ནི་ངེས་པའོ། །དེ་བཞིན་དུ་བཱན་ཞེས་པ་ནི་བྱེ་བ་ཕྲག་བརྒྱད་ཅུའི་འཁོར་དང་ཡང་དག་པར་ལྡན ་པའོ། །དེར་ཅི་ལྷག་པ་དང་ཆད་པ་མ་བརྗོད་དེ་བརྒྱད་ཅུ་ངེས་པར་སྨོས། །འདིར་གསུངས་སེམས་ཅན་ཐམས་ཅད་ཀྱི་དཔྲལ་བ་ནས་རྐང་བའི་མཐེ་བོང་བར་ལ་རང་གི་ལག་པའི་སོར་བརྒྱད་ཅུར་འགྱུར་རོ། །གཙུག་ཏོར་ལ་སོར་བཞིའི་ཚད་དོ། །དེའི ་ཕྱིར་སོར་རེ་རེ་ལ་བྱེ་བའི་གྲངས་ཀྱི་རྣལ་འབྱོར་གྱི་དབང་ཕྱུག་རྣམས་གནས་སོ། །དེ་ཅི་ཞེ་ན་དབུགས་ཕྱིར་རྒྱུ་བ་དང་ནང་དུ་རྒྱུ་བ་བཅིངས་པའི་རྣལ་འབྱོར་གྱིས་རང་བཞིན་རྣམས་སུ་འགྱུར་རོ། །དེའི་ཕྱིར་འདི་ལ་རྣལ་འབྱོར་ཡོད་པས་ན། རྣལ ་འབྱོར་བའི་དབང་ཕྱུག་སྟེ། ཕ་དང་བུ?་བཞིན་ནོ། །རྣལ་འབྱོར་ནི་རང་རིག་པའི་མཚན་ཉིད་འོད་གསལ་བའི་ཡེ་ཤེས་ཞེས་པའི་དོན་ཏོ། །དེའི་ཕྱིར་རང་བཞིན་རྣམས་སུ་འགྱུར་ཏེ། གཞན་ནི་མ་ཡིན་ནོ། །དེ་ཡང་བྱིས་པ་རྣམས་ལ་སྡུག་བསྔལ་སྟེར་བར ་བྱེད་དེ། རྒྱུ་དང་འབྲས་བུ་དང་བྲལ་བའི་ཕྱིར་དུ་འབོད་ལ་སོགས་པར་ལྟུང་བའོ། །རྒྱུ་དང་འབྲས་བུ་དེ་ཅི་ཞེ་ན། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་ནི་རྒྱུའོ། །འབྲས་བུ་ནི་རང་རིག་པའི་ཡེ་ཤེས་སྟོང་པ ་དང་སྙིང་རྗེ་དབྱེར་མེད་པའི་མཚན་ཉིད་དོ། །དེ་ལྟར་དག་པའི་རང་བཞིན་རྣམས་ནི་བསྟན་པར་བྱ་བའོ། །གཟུགས་བརྙན་གྱི་མཚན་ཉིད་ནི་བཅོམ་ལྡན་འདས་སྟོན་པའོ། །དེའི་སྒྱུ་མ་ལྟ་བུའི་ཆོས། །བདེན་པ་མ་ཡིན་བརྫུན་པ་མིན། །བརྟན་དགྲི? ་གཡོ་བ་སྣ་ཚོགས་པ། །རང་སེམས་རྒྱུ་ལས་འབྱུང་བ་ཡི། །སྒྱུ་མ་འདི་ནི་མ་ཤེས་པས། །འགྲོ་བ་དྲུག་ནི་ཉིད་དུ་འཁོར། །དེ་བཞིན་སྒྱུ་མ་གང་རིགས་པས། །སངས་རྒྱས་འགྱུར་རོ་གཞན་དུ་མིན། །དེ་ལྟར་རྣལ་འབྱོར་པའི་དབང་ཕྱུག ་རྣམས་ཀྱི་དབུས་སུ་རྡོ་རྗེ་སྙིང་པོ་ལ་གཟིགས་ཏེ་ཞེས་པལ་རྡོ་རྗེ་ནི་དབྱེར་མེད་པའི་ཡེ་ཤེས་སོ། །སྙིང་པོ་ནི་དེ་ཤེས་པ་སྟེ། རྣམ་པར་ཤེས་པ་ཞེས་པའི་དོན་ཏོ། །ཡུལ་དང་ཡུལ་ཅན་གཟུང་བ་དང་འཇིན་པ་ལ་སོགས་པ་ལ་དམིགས་པ ་ནི་གཟིགས་པའོ། །དེ་ཉིད་སེམས་ཅན་ལ་གཟིགས་པའི་སྙིང་རྗེའི་དབང་གིས་འཛུམ་པ་མཛད་དལ?་དེ་སྐད་ཅེས་བྱའོ། །འཛུམ་པ་མཛད་པ་ཐག་ཏུ་ཞེས་པ་ནི་འདིར་ཆོས་བདག་མེད་པས་གནས་པ་དང་ལྡན་པའི་དེ་བཞིན་གཤེགས་པ ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ནང་དུ་ཡང་དག་འཇོག་པས་ཆོས་ལ་དམིགས་པ་མངོན་དུ་བྱེད་པ་ནི་འཛུམ་པ་མཛད་ཞེས་པའི་དོན་ཏོ། །འདི་ཞེས་པ་ལ་བྱང་ཆུབ་སེམས་དཔའ་རྣམས ་ནི་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་ཇི་སྲིད་དུ་གང་ཟག་ལ་བདག་མེད་པ་ལ་ཆགས་པར་མི་བྱེད་བ་དེ་སྲིད་དུ་སྐྱེ་རབས་སྣ་ཚོགས་པ་རྣམས་ལ་ཡང་སྤྲུལ་པའི་སྐུས་འཇུག་པར་མི་འགྱུར་རོ། །དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི ་གཅིག་དང་དུ་མའི་ལུས་ཀྱི་དབང་གིས་གང་ཟག་ལ་བདག་མེད་པ་གྲུབ་པོ། །གང་གི་ཕྱིར་དམིགས་པ་མེད་པའི་སྙིང་རྗེས་ཀྱང་སེམས་ཅན་རྣམས་ཀྱི་བསམ་པའི་དབང་གིས་ཆོས་སྟོན་པའི་ཕྱིར་རོ། །དེའི་ཕྱིར་དེ་བཞིན་གཤེགས་པ་ལ་སྣ་ཚོགས ་པ་ནི་མེད་དོ་ཞེས་པའི་ཚིག་ནི་གསུང་རབ་ཁ་ཅིག་ལས་གསུངས་སོ། །དེ་ལྟར་སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་བརྗོད་པ་ཡིན། ཤེས་རབ་ཐབས་དག་ཡེ་ཤེས་ནི། །སྙིང་རྗེ་ཆེན་པོ་ཞེས་སུ་གསུངས། །རང་གི་སྟན་ལས་ལངས་ཏེ་ཞེས ་བྱ་བ་ལ་སོགས་པ་ལ། །ཤེས་རབ་དང་ཐབས་དག་གི་རྣལ་འབྱོར་བ་སྟེ། རྒྱུ་རྡོ་རྗེ་འཛིན་གྱི་དྲུང་ནས་སྒྱུ་མ་དང་གཟུགས་བརྙན་བཞིན་ནམ་མཁའ་ལས་སྐར་མ་བཞིན་ལངས་པའོ། །བླ་གོས་ཕྲག་པ་གཅིག་ལ་གཟར་ནས། །ཞེས་པ་ལ་བླ་གོས་ནི ་ཐེག་པ་གསུམ་ལ་སྔགས་ཀྱི་ཐེག་པ་ཆེན་པོ་གོང་མར་གྱུར་པའོ། །དེའི་གཟང?་བ་ནི་དེ་ལ་འཇུག་པའོ། །དྲན་བའང་རུང་གཟར་ནས་ཞེས་སྦྱར་རོ། །བུས་མོ་གཡས་པའི་ལྷང་སལ་བཙུགས་ཏེ་ཞེས་པ་ལ། བུས་མོ་གཡས་པ་ནི་དང་བོ་ལམ་བསྟེན་པའི ་དུས་སོའོ། །བུས་མོའི་ལྷ་ང་ནི་ཕྱག་རྒྱ་ཆེན་པོར་འགྲོ་བ་ལ་བརྩོན་པའི་སེམས་སོ། །དེ་ཉིད་ས་ལ་གཙུགས་པ་ཞེས་པ་ནི་ཆོས་ཐམས་ཅད་ཀྱི་གཞི་མ་རིག་པ་ཡིན་ཏེ། དེ་ལས་བྱུང་བའི་ཕྱིར་རོ། །ས་ལ་བཙུགས་པ་ནི་དེ་བཅོམ་བས་རོ་གཅིག་པར་བྱེད ་བའོ། །ཐལ་མོ་སྦྱར་བ་བྱས་བ་ནི་དངོས་པོ་ཐམས་ཅད་རོ་མཉམ་པར་རྟོགས་པའི་སེམས་དེ་ལ་དེ་སྐད་ཅེས་བྱའོ། །བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནི་འདི་ལྟར་བསྟན་དེ་བྲག་ཆ་བཞིན་དམིགས་པའི་དོན་ཏོ། །རྒྱུད་ཐམས་ཅད ་ཀྱི་གླེང་གཞི་གསང་ཆེན་ཁ་སྦྱོར་ལས་འབྱུང་བའི་མཚན་ཉིད་ཡེ་ཤེས་དབང་ཕྱུག་ལ་ཉན་པར་འཚལ་ལོ་ཞེས་པ་ནི་འདིར་གསུངས་པ། སྔོན་གྱི་ལས་དག་པའི་སྟོབས་ཀྱི་བག་ཆགས་ཀྱི་དབང་གིས་གཟུང་པ་ཉིད་ནི་ཉན་པའོ། །སེམས་སྣ་ཚོགས ་པ་རྣམས་ལ་ཆོས་བསྟན་པ་འཇིག་པ་ནི་འཚལ་བའོ། །ཡེ་ཤེས་ཀྱི་དབང་ཕྱུག་ཅེས་པ་ལ་ཡེ་ཤེས་ནི་མངོན་པར་ཤེས་པ་དྲུག་གི་མཚན་ཉིད་དེ། ཁྱབ་འཇུག་དང་དབང་ཕྱུག་ལ་སོགས་པ་རྣམས་ལ་མངོན་པར་ཤེས་པ ་འདི་རྣམས་མེད་པའི་ཕྱིར་དབང་ཕྱུག་གོ། གང་གི་ཕྱིར་ཕྱོགས་གཅིག་པར་མི་འགྱུར་ཏེ། ཐམས་ཅད་ལ་ཁྱབ་པར་བྱེད་པའི་ཕྱིར་རོ། །དེའི་ཕྱིར་རྒྱད་ཐམས་ཅད་ཀྱི་གླེང་གཞི་གསང་ཆེན་ཁ་སྦྱོར་ལས་བྱུང་བའི་མཚན་ཉིད་བཤད་དུ་གསོལ ་ཞེས་སྦྱར་རོ། །ད་ནི་དེ་བཞིན་གཤེགས་པའི་གསུང་བསྟན་ཏེ། ཨེ་མའོ་རྡོ་རྗེ་སྙིང་པོ་བརྩེ་བ་ཆེན་པོ་ལེགས་སོ་ལེགས་སོ་ཞེས་བྱ་བ་ལ་སོགས་པ་ལ། འདིར་སེམས་ཅན་ཐམས་ཅད་མི་ཤེས་པ་གསུམ་གྱིས་ཉེས་པ་ལས་དང་ཉོན་མོངས་པ་དང ་སྡུག་བསྔལ་རྣམས་ཀྱིས་འཁོར་བར་འཁོར་བར་འགྱུར་རོ། །སེམས་ཅན་དེ་རྣམས་ལ་སངས་རྒྱས་ཀྱི་སྔོན་གྱི་སྨོན་ལམ་གྱི་དབང་གིས་རྒྱ་ལམ་ན་སྐད་ཅིག་ཐང་ཅིག་ཙམ་བསོད་ནམས་བསགས་པའི་ཚུལ་གྱིས་སེམས་བསྐྱེད་དེ་བསོད ་ནམས་དེས་སུམ་ཅུ་རྩ་གསུམ་པའི་ལྷར་འགྱུར་རོ། །དེ་ནས་འཕོས་ནས་སླར་ཡང་མི་ལ་སོགས་པའི་འགྲོ་བ་སྔར་སྐྱེའོ། །དེའི་ཕྱིར་སྔོན་གྱི་ལས་ཀྱི་བག་ཆགས་ཀྱི་སྟོབས་ཀྱིས་ལྟ་བ་དྲུག་རྣམས་ལ་འཇུག་པར་བྱེད་དོ། །ལྟ་བ་དེ་རྣམས ་ཀྱང་དུས་ཀྱི་དབང་གིས་སེམས་ཅན་རང་རང་གི་སེམས་ལས་བྱུང་ངོ། །དེ་ལྟར་ལྟ་བ་པོའི་སེམས་ཅན་སྣ་ཚོགས་པ་གྲངས་མེད་པར་འགྱུར་རོ། །དེ་ལྟར་ཡང་འགྲོ་བ་ཐམས་ཅད་བདག་ལས་བྱུང། སྲིད་པ་གསུམ་ཡང་བདག་ལས་བྱུང། ། ་བདག་གིས་འདི་དག་ཐམས་ཅད་ཁྱབ། །བདག་ལས་གཞན་པའི་འགྲོ་བ་མེད་ཅེས་གསུངས་སོ། །འོན་ཀྱང་བྱང་ཆུབ་སེམས་དཔའ་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཀྱི་བདག་ཉིད་དང་དེ་བཞིན་དུ་སྦྱིན་པ་དང་ཚུལ ་ཁྲིམས་ལ་སོགས་པའི་ཡོན་ཏན་དང་ལྡན་པ་རྣམས་ཀྱི་རང་གི་དོན་དང་གཞན་གྱི་དོན་གྱིས་མི་ཤེས་པ་གསུམ་རིང་དུ་བྱེད་དོ། །དེ་འབའ་ཞིག་བྱེད་པར་མ་ཟད་ཀྱིས་མི་འདོད་བཞིན་དུ་སྐུ་གསུམ་མངོན་དུ་བྱེད་པའི་དོན་ཏོ། །དེའི་ཕྱིར་བཅོམ ་ལྡན་འདས་ཀྱི་ཨེ་མའོ་ཞེས་པའི་ངོ་མཚར་དང། ལེགས་སོ་ཞེས་པའི་ལན་གཉིས་གསུངས་ཏེ། གང་གི་ཕྱིར་རིག་པ་བདེ་བ་སྟེར་བར་བྱེད་ཞེས་པའི་དོན་ཏོ། ཡོན་ཏན་གྱི་འབྱུང་གནས་ཞེས་པ་ལ། ཡོན་ཏན་རྣམས་ཀྱི་འབྱུང་གནས་ཡིན ་པས་ན། ཡོན་ཏན་འབྱུང་གནས་སོ། །ཡོན་ཏན་ནི་རྣམ་པ་ལྔ་སྟེ། དེ་ལ་སའི་ཡོན་ཏན་ལྔ་གྲངས་བཞིན་དུ་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་ཨི་བདག་ཉིད་དོ། །དེ་བཞིན་དུ་ཆུའི་ཡོན་ཏན་བཞིའོ། །དེ་ཡང་ཆུ་དང་མེ་དང་རླུང་དང་ནམ་མཁའ་ཨི ་ཁམས་ཀྱི་བདག་ཉིད་དེ། །དེ་བཞིན་དུ་མེའི་ཁམས་ཀྱི་ཡོན་ཏན་ནི་གསུམ་སྟེ་མེ་དང་རླུང་དང་ནམ་མཁའ་ཨི་ཁམས་ཀྱི་བདག་ཉིད་དོ། །དེ་བཞིན་དུ་རླུང་གིས་ཁམས་ཀྱི་ཡོན་ཏན་ནི་གཉིས་ཏེ། རླུང་དང་ནམ་མཁའ་ཨི་ཁམས་ཀྱི་བདག་ཉིད་དོ། །དེ་བཞིན་དུ ་སྟོང་པའི་ཁམས་ཀྱི་ཡོན་ཏན་ནི་གཅིག་སྟེ། ནམ་མཁའ་ཨི་ཁམས་ཀྱི་བདག་ཉིད་དོ། །དེ་བཞིན་དུ་ཡེ་ཤེས་ཀྱི་ཁམས་ཐམས་ཅད་ཀྱི་བདག་ཉིད་གཅིག་པའི་མཚན་ཉིད་ཤེས་པ་སྣོད་ཀྱི་འཇིག་རྟེན་དུ་བསྟན་ཏོ། །དེ་ལྟར་འགྲོ་བ་ལྔའི་མི་ལ་སོགས་པའི་སེམས ་ཅན་རྣམས་རིམས་པ་བཞིན་ལྔ་དང་བཞི་དང་གསུམ་དང་གཉིས་དང་གཅིག་གི་ཡོན་ཏན་གྱི་བདག་ཉིད་དུ་འགྱུར་རོ། །དེ་ཡང་གོང་དུ་རྡུལ་ཕྲ་རབ་ཀྱི་ཆོས་ཅན་བརྫུན་པར་གནས་སོ། །འོན་ཀྱང་མ་རིག་པ་ལ་སོགས་པས་བསྒྲིབས་ཤིང་ལོག་པའི་ཆོས ་ལ་ཆགས་པ་དང། མི་དགེ་བའི་གྲོགས་དང་ཕྲད་པ་ལ་སོགས་པའི་ཉེས་པས་གོས་པའི་རྣམས་སྔོན་གྱི་བག་ཆགས་ཀྱི་དབང་གིས་འགྲོ་བ་སྣ་ཚོགས་བ་རྣམས་སུ་འཁོར་བར་འཁོར་པར་འགྱུར་རོ། །དེ་བཞིན་དུ་ཡང་ཡེ་ཤེས་ཀྱི་ཁམས་ཁམས ་དྲུག་གི་བདག་ཉིད་སྐྱེས་བུ་ཆེན་པོའི་གང་ཟག་འདི་ཉིད་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཆོས་སྐུའི་མཚན་ཉིད་སྟོང་པ་ཉིད་དང་ཡང་དག་པའི་མཛའ་དང་དེ་བཞིན་ཉིད་ཀྱི་བདག་ཉིད་ཀྱི་བདག་ཉིད་ཅན་གང་ལ་བསཾ་པ་འདི་ལྟ་བུ ་ཡོད་པའམ་དེའི་རིགས་ཅན་ནོ། །དེ་གཉིས་ཀྱིས་ན་ལེགས་སོ་ལེགས་སོ་ཞེས་པ་ལན་གཉིས་གསུངས་ཏེ་འདི་ནི་རྡོ་རྗེ་སྙིང་པོའི་དོན་བསྟན་ཏོ། །རྒྱུད་ཐམས་ཅད་ཀྱི་གསང་ཆེན་གང་ཡིན་བ་དེ་དག་ཐམས་ཅད་ཉན་པར་འདོད་པ་ཞེས་པ་ལ། འདོད་པ་ཞེས ་པ་ནི་རྡོ་རྗེ་སྙིང་པོའི་བྱེད་པའི་ཚིག་སྟེ། ཨེ་མའོ་ཞེས་པ་དང་འབྲེལ་ཏོ། །འོན་ཀྱང་འདིར་སྔགས་ཀྱི་ཐེག་པ་ཆེན་པོར་རྣལ་འབྱོར་མ་ཁ་སྦྱོར་བ་དེ་ནི་རྣལ་འབྱོར་གྱི་རྒྱུད་དང། རྣལ་འབྱོར་མའི་རྒྱུད་ཅེས་བརྗོད་དོ། །དེ་བཞིན་དུ་རྣལ་འབྱོར་གྱི་རྒྱུད་དང ་སྔོན་དུ་གསུངས་པའི་མཚན་ཉིད་ཀྱི་རང་བཞིན་ནོ། །ད་ནི་རྣལ་འབྱོར་མའི་རྒྱུད་ཀྱི་དབྱེ་བ་གསུངས་ཏེ། རྒྱུད་ཐམས་ཅད་ཀྱི་གསང་ཆེན་གང་ཡིན་པ་ཞེས་བྱ་བ་ལ། རྣལ་འབྱོར་གྱི་རྒྱུད་སུམ་ཅུ་རྩ་དྲུག་གི་གསང་བ་ནི་རྣལ་འབྱོར་མའི་རྒྱུད་དོ། །རྣམ ་བ་སུམ་ཅུ་རྩ་དྲུག་པོ་དེ་ཡང་འཆད་བཞིན་པའི་རྩ་བའི་རྣལ་འབྱོར་མ་སྐྱེས་པ་རྣམ་པ་མང་བས་བཤད་བར་བྱའོ། །དེ་ལྟར་རྣལ་འབྱོར་མའི་རྒྱུད་ནི་རྣལ་འབྱོར་གྱི་རྒྱུད་ཐམས་ཅད་ཀྱི་གསང་ཆེན་སྤས་པ་ཞེས་པའི་དོན་ཏོ། །དེ་ལ་གང་ལ་ཡོད ་ལ་དལ་དེ་སྐད་ཅེས་བྱའོ། །གང་ཡིན་པ་དེ་དག་ཐམས་ཅད་ཞུ་བ་ཞེས་པ་ནི་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ཤེས་རབ་དང་ཐབས་དང་སྟོང་པ་དང། སྙིང་རྗེ་དབྱེར་མེད་པ་རྣམས་ལ་ཞུ་བ་སྟེ་ཁོང་དུ་ཆུད་པའོ། །སེམས་ཅན་ཐམས་ཅད་ལ་ཡང ་དག་པའི་ལམ་སྟོན་པར་འདོད་པ་དེ་ནི་དེ་ལྟར་སྨྲས་པར་འགྱུར་རོ། །འདི་ནི་དེ་བཞིན་གཤེགས་པའི་ངེས་པའོ། །ད་ནི་འཁོར་གྱི་ཚིག་གསུངས་པ། དེ་ནས་རྡོ་རྗེ་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། ་དེ་ནས་ཞེས་པ་ནི་ཞུས་པའི་རྗེས་ཐོགས་སུའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་པ་ནི་སྐུ་རྡོ་རྗེ་ལ་སོགས་པ་གང་དག་གིས་དང་པོ་དེ་ནི་ཡོད་པ་ནི་རྡོ་རྗེ་སྙིང་པོ་ལ་སོགས་པ་ཡེ་ཤེས་དང་རྣམ་པར་ཤེས་པ་དག་གཅིག་ཏུ་འདྲེས་པའི་བདག ་ཉིད་ཅེས་པའི་དོན་ཏོ། །ཡང་ན་སྒྱུ་མའི་སྤྲུལ་པ་བཞིན་དུ་གཙོ་བོའོ། །དེའི་སྙིང་པོ་ནི་དབྱེར་མེད་པའི་དངོས་པོའི་ཕྱིར་རྡོ་རྗེའོ། །དེར་ཁྱད་པར་ཅན་གྱི་བག་ཆགས་ཀྱི་སྟོབས་ལས་བྱུང་བ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་སོ། །དེ་ཉིད ་ཀྱིས་ན་རབ་ཏུ་དགའ་ཞིང་མི་ག་གདངས་པ་ནི་ཡེ་ཤེས་ཀྱི་སྐུའི་བདག་ཉིད་ཅེས་པའི་དོན་ཏོ། །དེས་ན་དེ་བཞིན་གཤེགས་པའི་སྤྱན་དང་ཤའི་སྤྱན་དང། ལྷའི་སྤྱན་དང་ཤེས་རབ་ཀྱི་སྦྱན་དང་ཡེ་ཤེས་ཀྱི་སྤྱན་དང་སངས་རྒྱས་ཀྱི་སྤྱན་ནོ། །དེའི་ཕྱིར ་རབ་ཏུ་དགའ་བའི་མིག་གདངས་ཀྱི་སོ་སོའི་སྐྱེ་བོའི་ནི་མ་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོས་ཞུས་ཤེས་འབྲེལ་ཏོ། །ཡང་དང་ཡང་དུ་ཕྱག་བྱས་ཏེ། འདིར་རང་གི་ཐེ་ཚོམ་གྱིས་ཕྱིར་ཞུས་ཞེས་པའི་རིགས་པས་ཡེ་ཤེས་དང་རྣམ་ཤེས་གཅིག ་ཏུ་འབྲེས་པའི་བདག་ཉིད་དུ་གྲུབ་བོ། །འོན་ཀྱང་གང་གསུངས་པའི་མཚན་ཉིད་དེ་ཐམས་ཅད་དེ་དགོངས་བཤད་གཞན་གྱི་སྐལ་པ་དང་ལྡན་པའི་སེམས་ཅན་རྣམས་ཉེ་བར་སྤྱོད་པར་འགྱུར་གྱི། ད་ལྟའི་གདུལ་བྱ་རྣམས་ལ་ནི་མ་ཡིན་ནོ། །གང་གི་ཕྱིར ་བསྟན་བྱ་དང་སྟོན་བྱེད་དང་བསྟན་པ་རྣམས་ལ་འཇུག་པར་མི་འགྱུར་ཏེ། དེའི་ཚེ་གདུལ་བྱ་དཀའ་བ་བེམས་པོའི་སེམས་ཅན་རྣམས་འདུལ་བར་མི་འགྱུར་རོ། །རྒྱུ་དེས་ན་སྤྲུལ་པའི་ལུས་ཅན་དབྱེར་མེད་པ་ལ་ཉེ་བར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ ་ཆེན་པོ་རབ་ཏུ་དགྱེས་ཤིང་མིག་གདངས་ལ་གཟུགས་བརྙན་ལྟ་བུ་རྣམས་ཀྱིས་ཡང་དང་ཡང་དུ་ཕྱག་བྱས་ནས་རང་གི་ཐེ་ཚོམ་གྱིས་ཕྱིར་ཁ་སྦྱོར་ལས་བྱུང་བའི་རང་བཞིན་དེའི་བདག་ཉིད་ཞུས་ཏེ། འདིར་ཞེས་པ་ནི་ཚིག་འདིར་གསུངས་པའོ། །རྒྱུད ་རྣམས་ཐམས་ཅད་གང་ལ་བགྱི་ཞེས་པ་ནས། དེར་ནི་མཚན་ཉིད་ཇི་ལྟ་བུ་ཞེས་པའི་བར་ནི་ཞུས་པའི་ཚིག་གོ། ད་ནི་བཅོམ་ལྡན་འདས་ཀྱིས་ལན་གྱི་ཚིག་གསུངས་ཏེ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ ་ལ། སྡུད་པ་པོའི་ཉེས་པ་ཡོངས་སུ་སྤངས་པའི་དོན་དུ་གསུངས་ཞེས་སྦྱར་རོ། །རྒྱུད་ཀྱང་དེ་ཞེས་བྱ་བ་ལ་སོགས་པ་ནི་བསྡུ་བའི་ཚིག་གོ་།ཡང་ཐབས་ཀྱི་སྒྲ་ནི་འདུས་པ་ལ་སོགས་པར་ཤེས་པར་བྱའོ། །སོགས་པའི་སྒྲས་ནི་བྱ་བ ་དང་སྤྱོད་པ་གཟུང་ངོ། །འདིར་བྱ་བ་ནི་དེ་ཉིད་བསྡུས་པ་ལ་སོགས་པའོ། །དེ་བཞིན་དུ་སྤྱོད་པ་ནི་སྒྲོལ་མ་འབྱུང་བ་དང། འབྱུང་པོ་འདུལ་བྱེད་ལ་སོགས་པའོ། །འདི་དག་ཐམས་ཅད་རྣལ་འབྱོར་གྱི་རྒྱུད་དུ་ཉེ་བར་བཏགས་པའི་མཚན་ཉིད ་ཅན་དུ་བརྗོད་དོ། །སློབ་དཔོན་རྣམས་ཀྱིའོ། །གླེང་གཞི་ནི་སྒྱུ་འཕྲུལ་དྲ་བ་ལ་སོགས་པའང་རྣལ་འབྱོར་གྱི་རྒྱུད་སུམ་ཅུ་རྩ་དྲུག་གི་བར་དུས་ཀྱི་རྩ་སུམ་ཅུ་རྩ་དྲུག་གི་སྣང་བའི་མཚན་ཉིད་དོ། །དེ་ཡང་རྣམ་པ་གསུམ་སྟེ། སྣང་བ་དང་སྣང ་བ་མཆེད་པ་དང་སྣང་བ་ཐོབ་པ་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་དུ་རྟེན་དུ་ཤེས་པར་བྱའོ། །འོད་གསལ་བརྟེན་པར་ཤེས་པར་བྱའོ། །འདི་ནི་བསྡུད་པའི་མཚན་ཉིད་དོ། །སངས་རྒྱས་རྣམས་ཀྱི་ནི་རིམ་པ་ལས་བཟློག་པས་འོད་གསལ ་བ་ནི་རྟེན་ནོ། །བརྟེན་པ་ནི་སྣང་བ་གསུམ་ཏེ། སྒྱུ་འཕྲུལ་ཆེན་པོའི་འཛིན་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་སྒྱུ་འཕྲུལ་དྲ་བར་བཅོམ་ལྡན་འདས་ཀྱིས། །སྒྱུ་འཕྲུལ་ཆེན་པོ་འཆང་མཁས་པ། །སྒྱུ་འཕྲུལ་ཆེན་པོའི་དོན་འགྲུབ་པར། །སྒྱུ་འཕྲུལ་ཆེན་པོའི ་དགའ་བས་དགའ་། །སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་ཅན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྒྱུད་ཅེས་པ་ནི་འཁོར་བའི་སྡུག་བསྔལ་དུ་བྱིང་བའི་སེམས་ཅན་རྣམས་ལ་སྐྱོབ་པས་ན་རྒྱུད་དོ། །དེ་རྣམས་ཀྱི་གླིང་གཞི་ནི ་རྣལ་འབྱོར་གྱི་རྒྱུད་སུམ་ཅུ་རྩ་དྲུག་རྣམས་ཀྱི་གླེང་གཞི་ཡང་དག་པར་སྤྲོས་པའི་མཚན་ཉིད་དེ། དེ་ལས་བྱུང་བ་རྣམས་ནི་རྣལ་འབྱོར་མའི་ཚོགས་སམ་རྣལ་འབྱོར་གྱི་ཚོགས་སོ། །འདི་གཉིས་བསྡུས་པའི་དབང་གིས་བརྗོད་བྱ་དང་རྗོད་བྱེད་པ་དང་བྲལ ་བར་ངེས་པ་ཞེས་པའི་དོན་ཏོ། །ཡང་སྔོན་དུ་གསུངས་པའི་དུས་ལ་སོགས་པ་སྟེ་དེ་རྣམས་ཀྱི་གླེང་གཞི་ནི་ཁ་སྦྱོར་དུ་འགྱུར་བའོ། །དེས་པ་ནི་མི་འཁྲུལ་བའོ། །ཡང་ན་ཁ་སྦྱོར་ལས་བྱུང་བའི་ཐིག་ལེ་སང་པ་ལ་སོགས་པ་བཞིའི་རྣམ་པར་བཞག ་པ་དང་བྲལ་བ་ལྷན་ཅིག་སྐྱེས་པ་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་དེ། དང་པོའི་སངས་རྒྱས་རྒྱུ་མེད་པ་ཞེས་གསུངས་པའི་ཕྱིར་རོ། །ངེས་པར་ཞེས་པ་ནི་གསུངས་ཤིང་བསྟན་ཅེས་པའི་དོན་ཏོ། །སེངྒེ་དང་འབྲོག་བྱེད་ཅེས་པ་ལ་སོགས་པ་ལ། ། ་འདིར་ལུས་ལ་ལམ་དྲུག་ཏུ་སོང་བའི་རྩ་དྲུག་གོ་།དེ་ལ་ལྟེ་བའི་སྟེང་དུ་གསུམ་ཏེ། ལ་ལ་ནཱ་དང་རས་ནཱ་དང་ཨ་བ་དྷཱུ་ཏཱིའོ། །དེ་བཞིན་དུ་འོག་ཏུ་གསུམ་སྟེ། བཤད་བ་དང་གཅི་བ་དང་ཁུ་བ་འབབ་པའོ། །འདི་རྣམས་ཀྱི་མིང་རྣམས་རིམ་ལས་བཟློག ་པས་དབྱིག་གི་སྙིང་པོ་ནི་བཤད་པའི་རྩའོ། །འདིར་སེང་གེ་ནི་ཁུ་བའི་རྩའོ། །འབྲོག་བྱེད་ནི་དྲི་ཆུའི་རྩའོ། །དེ་བཞིན་དུ་ནི་ཟླ་བ་དང་ཉི་མ་དང་སྒྲ་གཅན་འབབ་པའོ། །དེ་ཡང་ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ཆེན་པ་ཆེན་པོའི་བདག་ཉིད་ཅན་དུས་ཀྱི་ཁྱད་པར་གྱིས ་དུས་ཀྱི་ཕོ་ཉ་འམ་དུས་ཀྱི་རྩར་བརྗོད་དོ། །འདི་རྣམས་ལས་སྐད་ཅིག་ཡུད་ཙམ་གྱི་དབྱེ་བས་མིག་ལ་སོགས་པའི་སྐྱེ་མཆེད་ཡུལ་དང་ཡུལ་ཅན་གྱི་དབྱེ་བས་རྣམ་ཤེས་ཚོགས་དྲུག་སེམས་ཀྱིས་འཁྲུལ་པའི་ཤེས་པ་སྐྱེའོ། །དེ་ལས་སྐྱེས ་ནས་རང་རང་གི་ལས་ཀྱི་དབང་གྲིས་སེམས་ལས་བྱུང་བའི་དངོས་པོས་ལྟ་བ་དྲུག་རྣམས་འཇུག་པར་བྱེད་དོ། །དེ་ལྟར་ལྟ་བ་རྣམས་ཀྱི་ནང་དུ་ཆུད་པ་ནི་སེམས་ཅན་རྣམས་ཏེ། སེམས་ཅན་གྱི་ནང་དུ་ཆུད་པ་ཡང་ལྟ་བ་རྣམས་ཞེས་པ་ལ་སོགས ་པ་ཇི་སྲིད་གྲངས་མེད་པའི་རྣམ་པར་རྟོག་པའི་བག་ཆགས་དང། གྲངས་མེད་པའི་ལུས་ཀྱི་རྩ་རྣམས་དང། གྲངས་མེད་པའི་ཡང་རྣལ་འབྱོར་མ་རྣམས་སྐྱེ་བར་འགྱུར་རོ། །དེའི་ཕྱིར་དེ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར ་གསང་ཆེན་ཞེས་པའི་སྔགས་ཀྱི་ཐེག་པ་ཆེན་པོ་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ཀྱི་རང་བཞིན་ཞེས་པའི་དོན་ཏོ། །ཡང་ན་གསང་ཆེན་ཞེས་པ་ནི་སྦས་པ་སྟེ་དུས་ཀྱི་ཕོ་ཉ་རྣམས་རྣམ་པར་འཇོམ་པའི་ཕྱིར་ཁྱབ་པར་བྱེད་པའི་རང་བཞིན་ནོ། ། ་གང་སྐད་ཅིག་བཞིས་མཚོན་པ་ཡང་དག་པའི་ལམ་ངག་གི་ལམ་ལས་འདས་པའི་སྤྱོད་ཡུལ་གཉིས་གཉིས་པ་ཐམས་ཅད་སྤང་པའོ། དེའི་ཕྱིར་སྤྱོད་ཡུལ་མ་ཡིན་པའི་ཕྱིར་གསང་བ་ནི་སློབ་པའི་ལམ་ཞེས་པའི་དོན་ཏོ། །དེ་ནི་ཡང་དག་པར ་སྦྱོར་བའི་རྣལ་འབྱོར་དུ་བྱེད་པ་གསུངས་ཏེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཁ་སྦྱོར་དེ་ཉིད་ལས་བྱུང་བ་ཞེས་པ་ནི་སེམས་དང་སེམས་ལས་བྱུང་བ་དངོས་པོ་གཅིག་ཏུ་བྱེད་པ་དང། ཕྱི་དང་ནང་གི་བདག་ཉིད་མི་ཕྱེད་པ་དང། སྟོང་པ ་དང་སྙིང་རྗེ་སྦྱོར་བ་དང། རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་དང། སྤྲོ་བ་དང་བསྡུ་བ་སྦྱོར་བ་དང། དཔལ་ཧེ་རུ་ཀ་དང་བདག་མེད་མ་སྙོམས་པར་འཇུག་པ་དང། ཟུང་དུ་འཇུག་པའི་མཚན་ཉིད་དང། ཆགས་པ་དང། ཆགས་པ་དང་བྲལ་བ ་རྣམ་པར་འདྲེས་པ་དང། འཁོར་བ་དང་མྱ་ངན་ལས་འདས་པའི་དངོས་པོ་དབྱེར་མེད་པ་དང། སྐྱེས་མ་དང་སྐྱེས་པའི་གཟུགས་གཉིས་མེད་པ་དང། ཀུན་རྗེ་བ་དང་དོན་དམ་པ་མི་ཕྱེད་པ་དང། རང་བཞིན་གྱིས་འོད་གསལ་བའི ་ཡེ་ཤེས་དང། རྒྱུ་དང་འབྲས་བུའི་བདག་ཉིད་གཉིས་སུ་མེད་པ་ནི་ཁ་སྦྱོར་གྱིས་དོན་ཏོ། །དེ་ལྟར་གཞན་ཡང་གཉིས་སུ་མེད་པའི་ཡེ་ཤེས་དང་རྣམ་པར་ཤེས་པ་ལ་སོགས་པ་དང་ཤེས་རབ་དང་ཐབས་ཀྱི་བདག་ཉིད་མ ་གསུངས་ཏེ། གཞུང་རྒྱས་པས་འཇིགས་པའི་ཕྱིར་རོ། །དེའི་ཕྱིར་བླ་མ་བརྒྱུད་པའི་རིམ་པས་ཐོས་པ་དང་བསམ་པ་དང་བསྒོམ་པའི་ཤེས་རབ་ཀྱི་སྟོབས་ཀྱིས་དབུགས་དབྱུང་བ་དང་འཇུག་པ་རྣམ་པར་བཅོམ་བས་བསམ་གྱིས་མི་ཁྱབ་པའི ་ལམ་ཡང་སྐྱེའོ། །དེ་ཡང་ཐིག་ལེ་ཞེས་བརྗོད་དེ་དཔྲལ་བར་ཐིག་ལེ་གཟུང་བཞིན་ནོ། །དེ་ལ་ཡང་དཔལ་གསང་བ་འདུས་པ་ལས། དངོས་པོ་མེད་པ་བསྒོམ་པའི་དངོས། བསྒོམ་པར་བྱ་བ་སྒོམ་པ་མིན། དེ་ལྟར་དངོས་པོ་དངོས་མེད་པས། ། ་སྒོམ་པ་དམིགས་པར་མི་འགྱུར་རོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེའི་ཕྱིར་ཁ་སྦྱོར་ནི་སྙོམས་པར་འཇུག་པས་ཞེས་པའི་དོན་ཏོ། །སླར་ཡང་འདིའི་དོན་གསལ་བར་བྱ་བའི་ཕྱིར་གསུངས་པ། །བ་སྦྱོར་ཞེས་པ་ནི་འཕགས་པ་རྣམས ་ཀྱི་ཆོས་དང་ལོངས་སྤྱོད་རྫོགས་པའི་བདག་ཉིད་ཀྱི་སྦྱོར་བ་དབྱེར་མེད་པའི་ཉེ་བར་སྤྱོད་པ་ལ་འཇུག་པ་དེ་ལ་སྙོམས་པར་འཇུག་པ་ཞེས་བརྗོད་དེ། མཆོག་དུ་མི་འགྱུར་བ་རྟོག་པ་ནི་ལྷན་ཅིག་སྐྱེས་པ་ཞེས་པའི་དོན་ཏོ། །དེ་ཡང་འཕགས་པ ་རྣམས་ཀྱི་བརྗོད་པར་བྱ་བའི་མཚན་ཉིད་དོ། །སླར་ཡང་འབྱུང་བ་ནི་སྐྱེས་པ་ཞེས་པ་ལ་མཆོག་ཏུ་མི་འགྱུར་བས་བསྒྲུབས་པའི་རང་རིག་པའི་ཡེ་ཤེས་སོ། །དེ་ལས་འབྱུང་བ་ནི་སྣ་ཚོགས་པ་སྟོང་པ་ཉིད་ཀྱི་སྐུ་སྣང་བ་མེད་པའི་རང་བཞིན ་ནོ། །དེའི་སྐྱེས་པ་དེ་ནི་མ་དང་ཕ་ཡང་དག་པར་སྦྱོར་བས་དང་སྔོན་གྱི་སྐྱེ་བོའི་བག་ཆགས་ཀྱི་དབང་གིས་སེམས་ཅན་ནི་ཐམས་ཅད་བསྒྲལ་པའི་རྒྱུར་འཇུག་པར་བྱེད་དོ། །དེ་ཉིད་བཅོམ་ལྡན་འདས་སྤྲུལ་པའི་སྐུའི་མཚན་ཉིད་དེ། དེ་ཡང་མཚོན ་བྱ་དང་མཚོན་བྱེད་ཀྱི་བདག་ཉིད་ངོ། །འདིར་དེ་ལྟ་བུར་གྱུར་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟ་བུ་ཞེས་པ་ནི་འདྲ་བའི་དོན་ཏོ། །སྔ་མའི་ཚིག་ཅེས་པའི་ཡང་ཕྱིར་རོ། །གྱུར་པ་ཞེས་ནི་སྐྱེས་པའོ། །དེ་ཅི་ཞེ་ན་བརྟན་པ་དང་གཡོ་བའི་དངོས་པོའི ་བདག་ཉིད་ཅེས་གསུངས་ཏེ། བརྟན་པ་ནི་སྣོད་ལ་སོགས་པའོ། །གཡོ་བ་ནི་མི་ལ་སོཊ་པ་ལོ། །དེ་རྣམས་སྐྱེས་པ་དེའི་རང་བཞིན་གྱི་བདག་ཉིད་ནི་བཅོམ་ལྡན་འདས་རྡོ་འཆང་ངོ། །དེ་ཡང་བསྐྱེད་བྱ་བ་དང་སྐྱེད་བྱེད་རྗེས་སུ་མཐུན་པར་ཡང་དག་པར་གནས ་པའོ། །འདིས་མཚོན་པས་ན་མཚན་ཉིད་དོ། །ཞེས་པ་ནི་བདུན་པའི་དོན་ལ་གསུམ་པའོ། །མཚོན་བྱ་དང་མཚོན་བྱེད་རྣམས་ལ་བཅོམ་ལྡན་འདས་རྡོ་རྗེ་འཆང་གི་སྐུ་བཞུགས་པ་འདིས་ཁོང་དུ་ཆུད་པར་བྱའོ། །ཡང་ན་མཚོན་པས་ཞེས་པ ་ནི་མཆོག་ཏུ་མི་འགྱུར་བའི་སྦྱོར་བས་སངས་རྒྱས་རྣམས་གུས་པ་དང་བཅས་པས་རྒྱུན་མི་འཆད་པར་ཞི་གནས་དང་ལྷོག་མཐོང་ལ་གོམས་པས་ཁམས་གསུམ་པའི་སེམས་ཅན་རྣམས་ཡང་དག་པར་ཉེ་བར་སྤྱོད་པའི་ཚུལ་ནི་མཚན ་ཉིད་དོ། །དེ་ལྟར་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་མཚོན་བྱ་དང་མཚོན་བྱེད་དག་གི་ཡང་དག་པའི་ལམ་བསྟན་པའི་ཕྱིར་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་ནི་མཚོན་པའོ། །དེའི་ཕྱིར ་འབྲས་བུ་ལ་རྒྱུར་ཉེ་བར་བཏགས་པའི་ཕྱིར་སེམས་ཅན་ལ་དམིགས་པའི་མཚན་ཉིད་ནི་རྗོད་པར་བྱེད་པའོ། །དེ་ལྟར་གཞུང་ཉེ་བར་བཏགས་པའི་ཚིག་ནི་འབྲེལ་བའོ། །ད་ནི་ཕྱོགས་གཞན་གྱི་དགོས་པ་བརྗོད་དེ། །ཡང་ན་ཞེས་བྱ་བ་ལ་སོཌ ་པ་ལ། ཡང་ན་ཞེས་པ་ནི་སྔོན་དུ་གསུངས་པའི་ལམ་རྟོགས་པར་བྱ་བ་དང། ད་ལྟར་གྱི་སེམས་ཅན་རྣམས་ལ་ཡང་དག་པའི་ལམ་བསྟན་པའི་ཕྱིར། རྒྱུད་ཅེས་པའི་སྒྲ་ནི་སྐྱེས་པར་བརྗོད་དོ། །དེ་བཞིན་དུ་རྒྱུད་ཅན་གྱིས་ནི་བུད་མེད་དུ་བརྗོད་དོ། ། ་ཐམས་ཅད་ཅེས་པ་ནི་བུད་མེད་དང་སྐྱེས་པ་དག་གཅིག་པ་ཉིད་དོ། །དེ་ལྟར་བུད་མེད་དང་སྐྱེས་པ་དག་ནི་ཁ་སྦྱོར་གྱི་སྒྲས་བསྟན་ཏོ། །དེའི་གླིང་གཞི་ཞེས་པ་ནི་བདེ་བ་ཆེན་པོའོ། །དེ་ཡང་འབྱུང་བ་ཆེན་པོ་ལྔའི་བདག་ཉིད་ཀྱི་རང་བཞིན་རྡོ་རྗེ་སེམས ་དཔའ་སྟེ། རྡོ་རྗེ་ཡང་ཡིན་ལ་སེམས་དཔའ་ཡོང་ཡིན་པས་ན་རྡོ་རྗེ་སེམས་དཔའ་ཨོ། །དེ་ལས་བྱུང་བ་ནི་སེམས་ཅན་ཐམས་ཅད་ཅེས་པའི་དོན་ཏོ། །འོན་ཀྱང་མི་ཤེས་པའི་དྲི་མས་བསྒྲིབས་པར་འགྱུར་ཏེ། གདུལ་བྱ་དེ་རྣམས་ཀྱི་དོན་དུ་བརྟེན་ཅིང་འབྲེལ་པར ་འབྱུང་བ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་སྲིད་པའི་དང་པོར་ཡང་དབུ་པར་བཞུགས་སོ། །དེ་ལྟར་ཡང་དང་ཡང་ལས་ཀྱི་སར་འཇུག་པར་བྱེད་ཅིང་འཇིག་རྟེན་......་གྱི་ཁམས་སྣ་ཚོགས་པ་རྣམས་སུ་ཡང་སྐྱུ་མ་ལྟ་བུའི ་ཏིང་ངེ་འཛིན་གྱི་བྱང་ཆུབ་བསྒྲུབས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་རོ། །ཡང་ལོངས་སྤྱོད་རྫོགས་པའི་སྐུར་བཞུགས་ནས་སླར་ཡང་འཇུག་པར་བྱེད་དོ། །དེ་ལྟར་གྲངས་མེད་པའི་དུས་རྣམས་སུ་གྲངས་མེད་པའི་སེམས་ཅན་རྣམས་ལ་གྲངས ་མེད་པའི་བསྟོན་པ་རྣམས་སངས་རྒྱས་རྣམས་ཀྱིས་སྟོན་པར་བྱེད་དོ། །གསང་ཆེན་ཞེས་བྱ་བ་འདིས་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་གསང་བ་སྦ་བར་བྱ་བ་ཞེས་བྱ་བའི་དོན་ཏོ། །མན་ངག་ལས་བྱུང་བ་ཞེས་པ་ནི་དེ་ལྟར་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་དང ་འབྲེལ་པ་དང་དགོས་པ་མ་གསུངས་ཀྱང་བཅོམ་ལྡན་འདས་ཀྱི་གསུང་གི་རྗེས་སུ་འབྲང་པས་ཁོང་དུ་ཆུད་པར་བྱའོ། །འདི་ནི་མན་དག་ཅེས་པའི་དོན་ཏོ། །སྔགས་བཏུ་བ་ཞེས་བྱ་བ་ལ་སོགས་པ་ནི་བསྡུས་པའི་དོན་ཏོ། །ཐབས་དང་ཤེས་རབ་བདག་ཉིད་རྒྱུན། །དེ་ནི ་བདག་གིས་བཤད་ཀྱིས་ཉོན། ཞེས་པ་ལ། །ཐབས་དང་ཤེས་རབ་བདག་ཉིད་ཅེས་པ་ནི་སྒྱུ་མའི་དངོས་པའི་མཚན་ཉིད་ཀྱི་ཕྱིར་རོ། །དེ་ཅི་ཞེ་ན་སྒྱུ་མ་ནི་ཤེས་རབ་བོ། །ཐབས་ནི་དངོས་པོའི་མཚན་ཉིད་དོ། །རྒྱུད་ཅེས་པ་ནི་བསྟན་པའི་ཆོས་སོ། །དེ་བདག ་གིས་ཞེས་པ་ནི་ཐམས་ཅད་ཀྱི་ཀུན་རྫོབ་ཀྱི་བདེན་པ་ལ་གནས་པའི་ཕྱིར་རོ། །པ་ཤད་ཀྱིས་ཞེས་པ་ནི་དོན་དམ་པའི་ཡུལ་གྱི་མཚན་ཉིད་སྒྱུ་མ་ལྟ་བུའོ། །ཉོན་ཞེས་པ་ནི་ངེས་པར་ཟུང་ཞེས་པའི་དོན་ཏོ། །ཡང་ན་རྡོ་རྗེ་སྙིང་པོ་ལ་སོགས་པའི ་དཔའ་པོ་རྣམས་ཐོས་པ་ལ་སྦྱོར་བ་སྟེ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་སྟོན་ཏོ་ཞེས་པའི་དོན་ཏོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལས་གསུངས་པ། ཡང་དག་པར་རྫོགས ་པའི་སངས་རྒྱས་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །ཞེས་བྱ་བ་ལ་སོགས་པ་དམ་པའི་ཆོས་ཀློག་པ་ལས་ཁོང་དུ་ཆུང་པར་བྱའོ། །ཞེས་པ་ནི་དེ་བཞིན་གཤེགས་པའི་དེས་པའོ། །ད་ནི་སླར་ཡང་དེ་ནས་རྡོ་རྗེ་སྙིང་པོ་ལ་སོགས་པ་ཞེས་པ ་ནས་ཉོན་ཞེས་པའི་མཐར་ཐུག་པའི་ཡི་གེ་དོན་གྱིས་ཕྱི་དང་ནང་གི་བདག་ཉིད་འབྱུང་བ་ལྔའི་བདག་ཉིད་ཅན་གྱི་ལུས་ལ་མིང་སྣ་ཚོགས་པ་འཇུག་པ་བརྗོད་དོ། །དེ་ཡང་རྣམ་པ་གསུམ་སྟེ། ལུས་དང་ངག་དང་སེམས་ཀྱི་བདག་ཉིད་དོ། །འདིར་དང་པོ ་ཉིད་དུ་ངག་གི་མིང་བརྗོད་དེ། འདིར་སེམས་ཅན་ཐམས་ཅད་ལ་མངལ་དུ་གནས་པའི་རང་རིག་པ་ནས་བརྩམས་ཏེ། ཇི་སྲིད་འཆི་བི་ལ་ཐུག་པ་དེ་སྲིད་ངག་གི་མིང་སྟེ། དེས་སྦྱོད་པ་དང་གྲོལ་བར་འགྱུར་རོ། །དེའི་ཕྱིར་ངག་གི་མིང་གི་ཐ་སྙད་ཀྱིས ་སེམས་ཅན་རྣམས་འཁོར་བ་ནས་འཁོར་བར་འཁོར་རོ། །རྒྱུ་དེས་ན་ཨ་ཞེས་པ་ཚིག་གི་མིང་དང་པོ་ཉིད་དུ་བསྟན་ཏེ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག་ཅེས་མཚན་ཡང་དག་པར་རྗོད་པ་ལས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་ཡང་ཨ་ནི་ནམ་མཁའ་ཨི ་ཁམས་ཀྱི་མཚན་ཉིད་སྲོག་གི་རླུང་ཞེས་པའི་དོན་ཏོ། །དེ་ཡང་རྣམ་པ་གཉིས་ཏེ། ཏ་དང་ར་དག་ཆུ་དང་མེའོ། །དེ་ལ་ཆུའི་ཁམས་ནི་བྱང་ཆུབ་སེམས་སོ། །དེ་ལས་བསྐྱེད་པའི་ཚོགས་པ་ཆེན་པོའི་རང་བཞིན་མེའོ། །རྐན་གྱི་བུ་གའི་མིད་ནི ་ཏའོ། །དེ་བཞིན་དུ་ལྟེ་བའི་བུ་གའ་མིང་ནི་རའོ། །ཅིའི་ཕྱིར་ཞེ་ན། རམ་མེའི་ས་བོན་ཡིན་པའི་ཕྱིར་རོ། །མེའི་དཀྱིལ་འཁོར་གྲུ་གསུམ་དུ་ལུང་ནས་གསུངས་པའི་ཕྱིར། ལྟེ་བ་ལམ་གསུམ་གྱི་བདག་ཉིད་ཅེས་པའི་དོན་ཏོ། །འདི་དག་རབ་ཏུ་སྦར ་བ་དང་འཇུག་པ་དག་གིས་རང་རིག་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །དེ་ནི་སེམས་ཅན་ཐམས་ཅད་རྣམས་ཀྱི་སྲོག་གཡོ་བའི་ཕྱིར་རླུང་སྟེ། སྲོག་གི་རླུང་དུ་བརྗོད་དེ་རྩའི་རང་བཞིན་ཞེས་པའི་དོན་ཏོ། །དེའི་ཕྱིར་ཐ་ཞེས་པ་ནི། བརྟན་པ་ལ་སོགས་པ་དང། ་གཡོ་བ་དང་བཅས་པ་བསྐྱེད་པའོ། །ཏེ་ཞེས་པ་ནི། དེ་ཀུན་སེམས་འབྱུང་ཆོས་རྣམས་སོ། །བ་ཞེས་པ་ནི་ལུང་དང་ལྡན་པས་བརྗོད་པའོ། །ཛྲ་ཞེས་པ་ནི་འདིར་གདག་གི་རང་གི་རོལ་བའོ། །ག་ཞེས་པ་ནི་དྲི་ཟའི་གྲོང་ཁྱེར་ལྟ་བུའོ། །བྷ་ག་ཞེས་པ་ནི ་ཀུན་སྣང་བར་བྱེད་པའོ། །པྲ་ཞེས་པ་ནི། འགྲོ་དྲུག་རབ་ཏུ་དགའ་བྱེད་པའོ། །མུ་ཞེས་པ་ནི། ཁའི་པདྨ་ཆོས་ཀྱི་ནི། །བདུན་རྩིའི་ཆར་ནི་འགུགས་པའོ། །ཁའ་ཞེས་པ་ནི། །བཟའ་དང་བཏུང་ལ་རྟག་ཆགས་ཤིང། འདོད་པ་ལན་ལ་ལོངས་སྤྱོད་པའོ། ་མ་ཞེས་པ་ནི། ཡིད་ཀྱི་ཆོས་ལ་ཆགས་བ་ཉིད། ཏ་ཞེས་པ་ནི། །ཆོས་རྣམས་ཐམས་ཅད་འཇིག་དང་མཚུངས། པོ་ཞེས་པ་ནི། ཁོང་ཆུད་ཉིད་ནི་བྱིས་པའི་གཙོ། །དྷི་ཞེས་པ་ནི། བློ་དང་ལྡན་པའི་སེམས་ཅན་རྣམས་།རྣམ་ཤེས་སྨྲ་བའི་སྙིང་པོ་མིན། ་ས་ཞེས་པ་ནི། ཐེག་པ་ཆེན་པོ་དྲན་པ་ཡིས། །འགྲོ་བ་དྲུག་ལས་གྲོལ་བར་འགྱུར་རོ། །ཏྭ་ཞེས་པ་ནི། ཁྱོད་ཀྱིས་འཕགས་པའི་ཆོས་རྣམས་ནི། །རྟོགས་པར་གྱིས་ཤིག་རྡོ་རྗེ་འཇིན། །པྲ་ཞེས་པ་ནི། རབ་དགའ་ཨི་སྐད་ཅིག་དབུས་སུའོ། །ཧ་ཞེས་པ་ནི། ་དགོང་དང་དེ་བཞིན་སྤྲོ་བའོ། །ཥ་ཞེས་པ་ནི། །བདག་ཉིད་ཆེན་པོ་མྱ་མྱ་ངན་བྱེད། །ཕུ་ཞེས་པ་ནི། དེ་བཞིན་བེམས་པོ་གདུང་མི་བྱེད། །ལལ་ཞེས་པ་ནི། མཚོན་བྱ་མཚོན་བྱེད་དབུས་སུའོ། །ལོ་ཞེས་པ་ནི། འདིར་ནི་སྐྱེ་བོ་འདོད་རྙེད་ཉིད། །ཙ་ཞེས་པ་ནི། བྱ་བ་ཕྲ་ཁ ་སྤྱོད་མི་བྱེད། །ནཱ(རྒྱུད་འགྲེལ་ཕྱུགས་རྣམས་ཉིད། ཧ་ཞེས་པ་ནི། ཀྱི་ཧུད་སུ་ཞིག་ལ་ནི་བརྟན། །སྭ་ཞེས་པ་ནི། རང་རིག་ལ་དགའ་སངས་རྒྱས་པ། །སམ་ཞེས་པ་ནི། ཡང་དག་ལམ་གྱི་རྗེས་འབྲངས་པའོ། །དེ་ཞེས་པ་ནི། ལུས་མེད་སྨྲ་བར་ནུས་མ་ཡིན ་ཧ། ཞེས་པ་ནི། མིག་ཤིགས་རྡོ་རྗེ་སེམས་དཔའ་ནི། །ལྟེ་བའི་དཀྱིལ་འཁོར་དུ་ནི་བརྒྱལ། །འབྱུང་བ་ཞེས་པའི་གྲངས་ནི་ལྔ། །ནམ་མཁའ་དེ་ལས་འབྱུང་བར་འགྱུར། །པྲ་ཞེས་པ་ནི། ཉིན་མཚན་ཚིག་ལས་འབྱུང་བ་ཡིས། །རྟོག་པའི ་དྲ་བ་རབ་བཅོམ་པའོ། །ཎི་ཞེས་པ་ནི། རྟག་ཏུ་ཆོས་སྐུ་མི་འགྱུར་བ། །བསྒོམས་པས་སྤྲོས་པ་རྣམས་དང་བྲལ། པ་ཞེས་པ་ནི། ཆོས་རྣམས་ཐམས་ཅད་མཆོག་གི་ནི། །ཆོས་ཕྱིར་རྣམ་པ་རང་བཞིན་ནོ། །ཊཡཾ་ཞེས་པ་ནི། སྐྱེ་ལུས་སངས་རྒྱས ་ཐམས་ཅད་ཀྱིས། །རིགས་ལ་ཞེན་པ་སྤང་བ་བྱ། །མུ་ཞེས་པ་ནི། ཆོས་ཞེས་པ་ཡི་ཕྱག་རྒྱ་བསྟེན། །ཧཱུ་ཞེས་པ་ནི། བྱིན་ཟ་ལ་ནི་འགྲོ་བ་གསུམ། །རྨུ་ཞེས་པ་ནི། ཐུབ་པ་ཐམས་ཅད་རྣམས་ཀྱིས་ནི། །ཧུ(རྒྱུད་འགྲེལ་པར་བྱ། །འདི་ནི་དག་གི་མིང་ངོ། །ད་ནི་ལུས་ཀྱི་མིང་ཡང་གསུངས་པ། ས་ཞེས་པ་ནི། སྐྱེ་བོ་དམ་པ་བསྐྲལ་བའི་ཕྱིར། །རྦ་ཞེས་པ་ནི། སྣ་ཚོགས་ལྷ་རུ་གནས་པའོ། །ཏཾ་ཞེས་པ་ནི། ཇི་སྲིད་ནམ་མཁའ་ཁྱབ་པར་དུ། །དེ་དེ་སེམས་ཅན་དོན་རྣམས་བྱེད། ། ་ཏྲཾ་ཞེས་པ་ནི། སེམས་ཅན་རྣམས་ལ་གནོད་བྱེད་པ། །གདུལ་དཀའ་རྣམས་ནི་སྐྲག་པར་བྱེད། །ཀིམ་ཞེས་པ་ནི། གཞན་ཡང་དེ་རྣམས་ཆོས་ཀྱི་རོ། །རྣམ་པ་སྣ་ཚོགས་དུ་མ་ཡིས། །སྙིང་རྗེའི་དབང་གིས་ཆིམ་པར་བྱེད། །ུ་ཞེས་པ ་ནི། ཐེག་ཆེན་ཆོས་ནི་རྒྱ་ཆེ་ཞིང། །ཟབ་པ་རྣམས་ལ་གཞུག་པར་བྱ། ཙཡ་པ་ཞེས་པ་ནི། སེམས་དང་སེམས་ཀྱི་རང་བཞིན་དང། ཤེས་པ་ཅན་ཡང་མཁའ་ཨི་གཟུགས་ཅན། །ཏ་ཞེས་པ་ནི། བདག་དབང་གི་ལྟ་བ་ནི། དེ་ཡི་དངོས་པོས ་གྲོལ་བར་འགྱུར། །ནི་ཞེས་པ་ནི། དམ་པའི་དོན་དུ་མྱ་ངན་འདས། །དཱ་ཞེས་པ་ནི། བདེན་པའི་ལྟ་བ་འབྱུང་བའི་ཕྱིར། །ན་ཞེས་པ་ནི། བདག་གིས་སུ་ལའང་བཤད་པ་མེད། ཙ་ཞེས་པ་ནི། སྤྱོད་པ་ཡང་ནི་སེམས་རང་བཞིན། །ཀ་ཞེས་པ་ནི། སྙིང་རྗེས་སེམས་ཅན ་ལ་ཕན་བྱ། །ཐི་ཞེས་བ་ནི། དབང་བོའི་གཞུ་བཞིན་བསྟན་བའོ། །བྷ་ཞེས་པ་ནི། འཇིགས་བས་སྐྲག་ལ་མི་འཇིགས་སྟེར། །སྲིད་པའི་རྒྱ་མཚོ་ལས་ཕར་སྒྲོལ། །བཏེ་ཞེས་པ་ནི། མཁས་པས་ཐམས་ཅད་ཆོས་དབྱིངས་ཀྱི། །ནང་དུ་ཆུང་པར་ཤེས ་རིག་པྱ། །ར་ཞེས་པ་ནི། དེ་བཞིན་ཉིད་ཀྱི་བདག་ལ་རོལ། །ཧ་ཞེས་པ་ནི། བདག་དང་གཞན་ནི་རིག་པ་མེད། །སྱེ་ཞེས་པ་ནི། འདི་ཡི་བདེ་བ་འདུས་པ་ལས། །སྡོན་གྱི་སྨྲོན་ལམ་ཉིད་ནི་དྲན། །ཏྱ་ཞེས་པ་ནི། སྙིང་ལས་འོད་ཟེར་རྣམས་ནི་གཏོང། །ཏྲ་ཞེས་པ་ནི། ་སྣང་བ་གསུམ་ནི་གསལ་བར་འབྱུང། །ཀི་ཞེས་པ་ནི། ཅུང་ཟད་ཐོས་པའི་སྒྲ་ཙམ་ཡང། །རྨི་ལམ་བཞིན་དུ་སེམས་ལས་བྱུང། ཨུ་ཞེས་པ་ནི། སྤྲོས་པ་མེད་པའི་ཆོས་དེ་རྣམས། །ཙཡ་ཞེས་པ་ནི། འཛག་པའི་ལམ་དུ་ངེས་པར་སྦ། །ཏེ་ཞེས་པ་ནི། དེ་ཡ ་སངས་རྒྱས་སྐུ་ལའོ། །སཾ་ཞེས་པ་ནི། ཐེ་ཆོམ་མེད་པར་ངེས་པ་ཡིན། །པུ་ཞེས་པ་ནི། བུ་ནི་བྱང་ཆུབ་སེམ་དའ་རྣམས། །ཊོ་ཞེས་པ་ནི། འདི་དག་གཉིས་མེད་བསྒྱིངས་པ་ལས། །དགེ་འདུན་གཞན་ན་བརྗོད་དུ་མེད། །བྷ་ཞེས་པ་ནི། འདས་པའི་སྤྱོད་པ་རྣམ་སྤངས་པ། ། ་འདིར་ནི་སེམས་ཅན་རྣམས་འཁོར་རོ། །བཞེས་པ་ནི། རིགས་དང་རིགས་མིན་རྣམས་དབྱང་ན། །ཐམས་ཅད་མཁའ་ལས་བྱུང་ངོ། །ཀ་ཞེས་པ་ནི། སངས་རྒྱས་གདན་འད་མི་བཞུགས་ཏེ། །རྐྱེན་གྱི་དོན་ནི་འབའ་ཞི་གོ། །ཐམ་ཞེས་པ་ནི་སྐམ་ལ་གནས ་པའི་སྐྱེ་བོ་རྣམས། །ནཱ་ཞེས་བ་ནི། སྣ་ཚོགས་ལས་ནི་ཀུན་ཏུ་སྨིན། །མ་ཞེས་པ་ནི། མི་ཡི་བདག་ཉིད་འབའ་ཞིག་གིས། །ལ་ཞེས་པ་ནི། དགེ་དང་མི་དགེ་མཆོན་པར་བྱ། །ཀྵ་ཞེས་པ་ནི། སྐད་ཅིག་བལྟས་པ་ཙམ་གྱིས་སོ། །ཎཾ་ཞེས་པ་ནི། ཐོགས་མེད ་དུས་སུ་དབང་དུ་འགྱུར། །ཏ་ཞེས་པ་ནི། དེ་རུ་དེ་ནི་འགྲོ་མཚན་ཉིད། །ཏྲ་ཞེས་པ་ནི། དུས་ནི་རྣམ་པ་གསུམ་རྣམས་སུ། །ཀ་ཞེས་པ་ནི། འདིར་ནི་མཐོང་བ་དག་ཏུ་བྱེད། །ཐཾ་ཞེས་པ་ནི། འདི་ལྟར་བདག་གིས་དུས་བསྟན ་པ། །རང་རིག་བདག་ཉིད་ཀྱིས་རྟོགས་བྱེད། །བྷ་ཞེས་པ་ནི། སྲིད་བའི་ཉེས་པ་འཇོམས་པར་བྱེད། །བཏེ་ཞེས་པ་ནི། དྲི་མ་མེད་པའི་ས་རྣམས་ནི། དེ་ཉིད་དུ་ནི་རིག་པར་བྱེད། །བྷ་ཞེས་པ་ནི། བྷ་ནི་དགའ་བ་སྟེ། དེ་བཞིན་ག་ནི་མཆོག་དགའ་ ་བརྡ། བཱ་ནི་ལྷན་ཅིག་སྐྱེས་པར་བཤད། །ནཱ་ནི་དགའ་དང་བྲལ་བར་བརྗོད། །ཧ་ནི་དགའ་བ་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའ་ཨི་མི་ཤིགས་པའོ། །དཱི་ནི་ལུས་ཀྱིས་མིང་དོ། །ད་ནི་འདིར་སེམས་ཀྱི་མིང་བརྗོད་དེ། ས་ཞེས་པ་ནི། ཀུན་ཏུ་བཟང ་རྦེ་ཞེས་པ་ནི། འགྲོ་བ་དེས་པར་གཟུང་བ་རི་རིག། ཙ་ཞེས་པ་ནི། གཡོ་བའི་ཕྱིར། ཏེ་ཞེས་པ་ནི། དེས་ན་ལམ་ནི་འདྲིས་པ་ཡིན། །ཏཾ་ཞེས་པ་ནི། རྣམ་ཤེས་དེ་ཡིས་མཚན་ཉིད་དོ། །ཏྭཱ་ཞེས་པ་ནི། འཁོར་བ་ལ་ནི་སྐྱོབ་བཞིན་པ། ། ་ཤཙ་ཞེས་པ་ནི། བྱ་བ་ཐམས་ཅད་ནི་སྤྱོད། །ས་ཞེས་པ་ནི། ཀུན་ཏུ་བཟང་པོ་བདག་གི་གང། རྦ་ཞེས་པ་ནི། འགྲོ་བ་མ་ལུས་ཕྱག་ན་བྱ། །ཏཾ་ཞེས་པ་ནི། དེ་ནི་རྟག་ཏུ་བསྐྱེད་པར་བྱ། །ཏཱ་ཞེས་པ་ནི། ཁམས་གསུམ་པ་ནི་སངས ་རྒྱས་བདག། ས་ཞེས་པ་ནི། ལུས་ལས་འོད་ནི་སྤྲོ་བར་བྱེད། །རྦ་ཞེས་པ་ནི། ནོར་འཛན་བདུད་རྩི་བདེ་སྟེར་བ། །ཤ་ཞེས་པ་ནི། འཁོར་ལོ་དྲུག་དུ་ཆད་པའོ། །བྷེ་ཞེས་པ་ནི། ལོ་སྦྱོར་རྣམ་སྤྱོར་པ་རུ་འགྱུར། །ན་ཞེས་པ་ནི། འཆི ་མཚན་ཉིད་ཀྱིས་འཁོ་མི་འགྱུར། །ས་ཞེས་པ་ནི། དངོས་བོ་རྣམས་ནི་ཐམས་ཅད་ལ། །སེམས་ནི་ལྷར་བཤད་གཞན་མ་ཡིན། །མཱ་ཞེས་པ་ནི། སངས་རྒྱས་སྒྱུ་འཕྲུལ་དྲ་བ་ཆགས། །ཛཱ་ཞེས་པ་ནི། སད་པ་ལ་སོགས ་བཞི་རྣམས་སོ། །ང་ཞེས་པ་ནི། སྐྱེ་བོ་རྣམས་ནི་སྟེར་བ་ཉིད། །ཡ་ཞེས་པ་ནི། གང་དཱུང་རུང་པའི་པུད་མེད་དམ། །དེ་བཞིན་དུ་ནི་སྐྱེས་པ་རྣམས། །ཏེ་ཞེས་པ་ནི། དེ་རྣམས་ཐོག་མ་ཐ་མར་གནས། །ཥཱཾ་ཞེས་པ་ནི། ཞི་གནས ་ཐོབ་པའི་རྒྱུ་ཡིས་ནི། །ནི་ཞེས་པ་ནི། བདག་ཉིད་ཆེན་པོ་བཞུགས་པ་ཡིན། །དཱ་ཞེས་པ་ནི། བདེན་པའི་དངོས་པོ་ཀུན་ནི་སྟེར། །ན་ཞེས་པ་ནི། དབང་པོའི་སྒོ་ཡིས་སྤྱོད་ཡུལ་མིན། བྷཱུ་ཞེས་པ་ནི། འབྱུང་པོ་ལྔ་པོ་རྣམས་ལ་ཡང། །ཏཾ ་ཞེས་པ་ནི། འདི་ཡང་དེ་ཡི། སྤྱོད་ཡུལ་མིན། །ནི་ཞེས་པ་ནི། འདུ་འཛི་ཅན་ནི་རྣམས་ཀྱི་དང། །དབང་པོ་མེད་རྣམས་ཀྱི་ཡང་མིན། །ཤཙི་ཞེས་པ་ནི། ཡིད་བཞིན་ནོར་བུ་ལྟ་བུ་ཡང། །ཏ་ཞེས་པ་ནི། དབའ་རླབས་ཀྱིས་ནི་དཀྲུགས་པ་འི་སེམས། ་མ་ཞེས་པ་ནི། ལོག་པའི་ཆོས་ལ་དགའ་བ་རྣམས། ཏྱ་ཞེས་པ་ནི། བདེ་ཅན་རྣམས་ཀྱིས་འདོར་བར་བྱ། །རྠ་ཞེས་པ་ནི། །ཉེར་སྤྱོད་རྣམས་ནི་དོན་མེད་འགྱུར། །ཧ་ཞེས་པ་ནི། ཀྱི་ཧུད་སྡུག་པ་ངུ་འབོད་འགྲོ། །རི་ཞེས་པ་ནི། ལུས་ལ་ཡོན་ཏན་སྟོང་པ ་བཞིན། །ཧ་ཞེས་པ་ནི། ཕ་རོལ་པོ་ཡི་རྫས་རྣམས་འཕྲོག། ར་ཞེས་པ་ནི། ཆགས་པའི་བདེབས་རོལ་བའོ། །ཧི་ཞེས་པ་ནི། དོར་དང་བླང་བའི་དོན་སྤངས་རྣམས། །ར་ཞེས་པ་ནི། དགའ་ལ་སོགས་པ་ཆགས་པའི་བདག། །ཎྱ་ཞེས་པ་ནི། རིགས་པའི ་ཆོས་ལ་ཕྱིར་བལྟས་པ། །ག་ཞེས་པ་ནི། །ཟབ་མོའི་ལུང་དང་བསྟན་བཅོས་རྣམས། །བསྟན་པ་དེ་བཞིན་དོན་དམ་པའོ། །རྦྷ་ཞེས་པ་ནི། །འཇིགས་པས་སྐྲག་པའི་སེམས་ཅན་རྣམས། །ལོག་པའི་ཆོས་ནི་རབ་སྟོན་བྱེད། །ཤྲཱ་ཞེས་པ་ནི། དད ་བའི་སེམས་ཅན་རྣམས་ལ་ནི། །འདོད་ཅན་སངས་རྒྱས་པ་ནི་བརྗོད། །བ་ཞེས་པ་ནི། གནས་དང་ཟས་དང་སྐོམ་ལ་སོགས། །མལ་ཆ་བདག་ལ་ཤིན་ཏུ་དགོས། །ཀ་ཞེས་པ་ནི། གལ་ཏེ་རིགས་ཀྱི་བུ་བྱེད་ན། །འཁོར་བའི་རྒྱ་མཚོ་ཕ་རོལ་འགྲོ། ་པྲ་ཞེས་པ་ནི། འདས་པའི་རང་བཞིན་མི་ཤེས་པར། །སེམས་ཅན་རྣམས་ལ་ཁྱབ་བྱེད་པ། །ཏྱ་ཞེས་པ་ནི། རང་དོན་གཞན་དོན་མེད་པ་རྣམས། །ཀ་ཞེས་པ་ནི། རང་དོན་ཙམ་ནི་འབའ་ཞིག་པ། །སངས་རྒྱས་པ་ནི ་འགྲོ་དྲུག་འགྲོ། །བུ་ཞིས་པ་ནི། ཆོས་རྣམས་མང་པོ་རྟོགས་པའི་ཕྱིར། །སེམས་ཅན་ལའང་ཕན་བྱེད་པ། དྷཱ་ཞེས་པ་ནི། སྲིད་བའི་རྩེ་རུ་བཞུས་གནས་སུ། །རྟོགས་པ་རྒྱས་པར་སྟེར་བར་བྱེད། །ནཱ་ཞེས་པ་ནི། བྱ་བ་མང་པོའི་ཡུལ་རྣམས་སོ། ། ་མ་ཞེས་པ་ནི། ཡིད་ཀྱི་བརྗོད་པར་སོང་བ་རྣམས། གོ་ཞེས་པ་ནི། སངས་རྒྱས་བློ་ཡིས་སྦས་པའོ། །ཙ་ཞེས་པ་ནི། སྤྱོད་དང་ཀུན་སྦྱོད་སྤངས་པ་ཉིད། །ར་ཞེས་པ་ནི། སེམས་ཅན་རྣམས་ནི་བཅོམ་པའི་ཕྱིར། །རྟག་ཏུ་སྤྲོས་པ་ལས་ནི་སྒྲོས། །ཊཝཱ་ཏ ་ནེས་པ་ནི། ཁྱོད་བདག་ལམ་ནི་དབྱེར་ནི་མེད། །ར་ཞེས་པ་ནི། དངུལ་ཆུར་རྫས་རྣམས་ཞུ་བ་བཞིན། །ཧ་ཞེས་པ་ནི། རྟ་ཡི་ནང་གི་སྒྲ་རྣམས་ནི། རྟག་ཏུ་སྐྱེ་དང་འགོག་པ་བཞིན། །དེ་བཞིན་སངས་རྒྱས་པ་ཡི་ལམ། །བྱ་བ་སྨིག་རྒྱུའོ་ཆུ་བཞིད ་ནོ། །སྱཾ་ཞེས་པ་ནི། །ཇི་ལྟར་འགའ་ཞིག་ཤིང་རྟ་ཞོན། །དེ་ལྟར་སྣང་བ་གསུམ་པོ་ལའང། སཾ་ཞེས་པ་ནི། རྟག་ཏུ་འདི་ལ་ཡང་དག་གནས། པུ་ཞེས་པ་ནི། སྐྱེས་བུ་མྱ་ངན་འདས་པར་འགྲོ། །ཊཾ་ཞེས་པ་ནི། ཐམས་ཅད་གར་གྱི་གནས་བཞིན་དུ། ། ་སྲིད་པ་གསུམ་ནི་མཐོང་བ་བཞིན། །བྲ་ཞེས་པ་ནི། འོད་གསལ་ཡེ་ཤེས་བཞི་ཡིན་ཏེ། ཛྙོ་ཞེས་པ་ནི། ཤེས་བྱ་ཆུ་ཡི་ཆུ་བུར་བཞིན། །དེ་ལྟར་སྙིང་རྗེ་ཅན་སེམས་ཅན། །སྣང་བ་གསུམ་ནི་སྟོན་པར་བྱེད། །བཱ་ཞེས་པ་ནི། ཕ་རོལ་འགྲོ་བའི་ཆོས ་རྣམས་ལ། །ཡ་ཞེས་པ་ནི། རང་བཞིན་དངོས་གྲུབ་དམ་པ་ལ། །དེ་ལ་བདག་ནི་བརྟེན་པ་རུ། །བྲག་ཆ་བཞིན་དུ་བཞུགས་པ་ཡིན། །ཏྨ་ཞེས་པ་ནི། མ་རིག་ལ་སོགས་མུན་པ་ཡིས། །གཡོགས་པའི་སེམས་ཅན་རྣམས་ལ་ནི། །ཀཾ་ཞེས་པ་ནི། ། ་ཐ་མར་ཐེག་པ་གསུམ་སྟོན་པ། ཏ་ཞེས་པ་ནི། དེ་དེའི་ཐབས་ནི་བདག་གིས་བསྟན། །དེ་ཞེས་པ་ནི། ལུས་ཅན་རྣམས་ཀྱི་གྲོལ་རྒྱུ་ཉིད། །བོ་ཞེས་པ་ནི། བྱང་ཆུབ་སེམས་དཔའ་གཞན་མ་དང། །སྐྱེ་བོ་ཐམས་ཅད་རྣམས་ཉིད་ལ། །ཐུན་མོང་དུ་ནི་ལམ་བསྟན་ཏོ། ། ་?་ཞེས་པ་ནི། འགྱུར་པ་འདི་ནི་ཐེ་ཚོམ་མེད། །བཾ་ཞེས་པ་ནི། རྡོ་རྗེ་སེམས་དཔའ་ཨང་སྙིང་ལའོ། །སཾ་ཞེས་པ་ནི། མི་ཤིགས་པ་ནི་རྟག་ཏུ་བཞུགས། །པུ་ཞེས་པ་ནི། ཁ་སྦྱར་བའི་ཏི་ངེ་འཛིན། །ཊི་ཞེས་པ་ནི། སེམས་དཔས་དཀྱིབས་ནི་བརྗོད་པའོ། །ས ་ཞེས་པ་ནི། ཏིང་འཛིན་འདི་ནི་བདག་གིས་བསྟན་མ་ཞེས་པ་ནི། དབུས་མ་ཨ་བ་དྷཱ་ཏཱི་ཡི། །པ་ཞེས་པ་ནི། སྲོག་དང་ཐུར་སེལ་གང་ཟག་ལས། །ཏྟི་ཞེས་པ་ནི། རྣལ་འབྱོར་བདུང་རྩི་རྣམས་ཀྱིས་ཚིམ། །རི་ཞེས་པ་ནི། སྟོད་བཞིན་ཡི་རྣལ་འབྱོར་ནི། ཏྱ ་ཞེས་པ་ནི། ཐོག་མ་ཐ་མ་མཚོན་པ་སྤངས། །རྠ(རྒྱུད་འགྲེལ་འབྱུང་བར་བསྟན། །བསྟེན་པའི་དོན་ནི་སྐྱེད་བྱེད་ཤེས། །དྡྷ་ཞེས་པ་ནི། སེམས་ཀྱི་གར་མཁན་ལས་བྱུང་བ། །བསྒོམས་པས་འདིར་ནི་བདེན་པ་མིན། །བ(རྒྱུད་འགྲེལ་མ་མིན། །ུ་ཞེས་པ་ནི། གླེགས་བམ་ཁ་ཅིག་ལས་ནི་གསུངས། །ཇི་ལྟར་ནམ་མཁའ་ལ་ནི་སྤྲིན། མདོག་དང་དབྱིབས་ནི་ཐ་དད་པ། །ནམ་མཁའ་ཨི་དབྱིངས་སུ་བྱུང་ནས་ནི། དེ་ཉིད་དུ་ནི་ཐི་མ་པར་འགྱུར། །དེ་ཕྱིར་རྣམ་རིག་ཙམ་སྨྲས་ཚད་མ་མིན། ། ་གླེགས་བམ་མཐོང་བས་ཁང་པས་ལོག་བརྗོད་ཕྱིར། །ཏིཏ(རྒྱུད་འགྲེལ་བའི་རང་བཞིན་གྱི་བདག་ཉིད་འདིས་མཚོན་པ་ནི་མཚན་ཉིད་ཅེས་པའི་དས་ནི་བསྡུས་པའི་དོན་ཏོ། །ཡང་ན་ཨེ་ཞེས་པ་ནི། ཆོས་ཀྱི་འབྱུང་གནས་སོ། །བཾ་ཞེས་པ་ནི། རྡོ་རྗེའོ། །བྷུ་ཞེས་པ་ནི་བདར་བའི་སྦྱོར་བ་ལས་དེར་ས་སྐྱེས ་པའོ། །ཏམ་ཞེས་པ་ནི། །དེ་དེའི་ཕྱིར་བདེ་བ་ཆེན་པོའོ། །ཞུབས་ན་ཆུ་སྟེ་ཁུ་བ་ཞེས་བརྗོད་དོ། །སྠི་ཞེས་པ་ནི། དེའི་བརྟན་པའི་ཕྱིར་མི་འགྱུར་བ་ཕུན་ཚོགས་པའོ། །ར་ཞེས་པ་ནི། རོལ་པའི་ཕྱིར་དེར་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེ་བའོ། །ཅ་ཞེས ་པ་ནི་གཡོ་རླུང་གི་ཁམས་སུ་འགྱུར་རོ། །འཕོ་བའི་ཆོས་བསྟན་པའི་ཕྱིར་ཡང་ཙའོ། །ལ་ཞེས་པ་ནི་རྟག་པའི་གོ་འཕང་རྙེང་པའོ། །སྤ་ཞེས་པ་ནི་རང་གི་སེམས་ནམ་མཁའ་ཨི་ཁམས་སུ་འགྱུར་རོ། །བྷ་ཞེས་པ་ནི། བསྒོམ་མིན་པའོ། །པཱ་ཞེས་པ་ནི ་ཨད་ན་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་བསྒོམས་པས་རང་ཉིད་ལས་བྱུང་བའི་དོན་ཏོ། །ཏམ་ཞེས་པ་ནི་ཡིད་ཀྱང་དེ་མི་བསམ་ཞིང་བསམ་དུ་མེད་པ་ལས་ཀྱང་ཀུན་ཏུ་སྤྲོ་བའོ། །ཀཾ་ཞེས་པ་ནི་ཅི་ལས་ཀུན་ཏུ་སྤྲོ་ཞེས་གསུངས་སོ། །མཚོན ་ཞེས་པའི་ཡི་གེ་གསུམ་དང་འབྲལ་བའི་ཕྱིར་གང་གི་ཕྱིར་བླ་མའི་མན་ངག་གི་ཚུལ་གྱི་སམ་ཚེ་རབས་སྔམ་གོམས་པའི་སྟོབས་གྱིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་བསྒྲུབ་བྱ་དང་སྒྲུབ་ཐབས་དང། སྒྲུབ་པ་པོས་སྐད ་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་མཐོང་བ་དེ་ནི་མཚོན་བྱ་གཟུང་བ་མོང་བའི་དོན་ཏོ། །མཚོན་ཆ་མེད་པའི་ཕྱིར་དེ་ལྟར་བསམ་དུ་མེད་པའི་དོན་ཏེ་འདིས་ཞེས་པ་ཡི་གེ་བཞི་དང་འབྲེལ་བ་དེའི་ཕྱིར་བསམ་དུ་མེད་པའི་དོན་འདི ་ལས་ཁྱུང་བ་ལས་གྱུར་བའི་སེམས་ཅན་ཐམས་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཚན་ཉིད་ཅེས་བ་ནི་འདུས་བྱས་བའི་གཟུགས་ཉམ་སུ་མྱོང་པ་དངོས་པོ་རེ་རེ་ལ་ཡང་མིང་དུ་མི་འགུག་སྟེ། དེ་ཡང་སྐྱེས་པ་དང་བུད ་མེད་དང། ལང་ཚོ་མ་དང། ནུ་མ་དང་སྐྲ་དང་ལྡན་པ་ཞེས་པ་ལ་སོགས་པ་མིང་དུ་མའོ། །གང་གི་ཕྱིར་བསམ་དུ་མེད་པ་ལ་སོགས་པ་ལས་བསམ་པའི་ཆོས་འབྱུང་སྟེ། ཆུ་པོ་དང་རྒྱ་མཚོ་བཞིན་དུ་རྟོགས་པར་བྱའོ། །འོ་ན་ཀྱང་ཆུའི་ཟླ་བ་བཞིན་དུ་མཚོན ་པར་བྱ་བཞིན་བ་རྣམས་སངས་རྒྱས་རྣམས་ལས་མི་འབྱུང་གི་སེམས་ཅན་རྣམས་འབའ་ཞིག་བ་ཡོད་འབྱུང་བའི་ཕྱིར་རང་གི་སེམས་ཀྱི་བག་ཆགས་ཀྱི་དབང་གིས་སངས་རྒྱས་བཅོམ་ལྡན་འདས་མཐོང་པོ། །སྐད་སྣ་ཚོགས་ཀྱིས་བསྟན་པ་ཉན་པ་དང ་མྱ་ངན་ལས་འདས་པང་བྱེད་དོ་སྐད་མ་འཕྲོ་བ་བཞིན་གང་ནས་བྱུང་བ་དེ་ཉིད་དུ་སོང་ཞོས་མ་གསུངས་ཀྱང་དེ་བཞིན་བཤེས་པར་བལྟ་བར་བྱའོ། །འདི་ནི་སེམས་ཀྱི་མིང་ངོ། །ད་ནི་སེམས་ལས་བྱུང་བ་རྣམས་ཀྱི་ཐ་སྙད་ཀྱི་ཕྱིར་མིང་གསུངས་པ་ཡང་ན ་ཞེས་བྱ་ལས་སོགས་པ་ལ། དེ་ནས་ཞེས་པ་ནི་སེམས་ཀྱི་མིད་གི་རྗེས་སུའོ། །ཡང་ན་མྱོགས་གཞོན་ནོ། །རྒྱུད་ཐམས་ཅད་ཀྱི་གླེང་གཞི་ཁ་སྦྱོར་གྱི་སྒྲས་ཤེས་པ། ཐམས་ཅད་ནི་གང་སྔོན་དུ་བསྟན་པ་རྣམས་སོ། །རྒྱུད་ནི་འདུས་པ་ལ་སོགས་པའོ། ། ་གླེང་གཞི་ཞེས་པ་ནི་དང་པོ་རྣལ་འབྱོར་གྱི་ལུགས་བསྟན་ཏེ། དེ་ཅི་ཞེ་ན། ཁ་སྦྱོར་ཞེས་གསུངས་ཏེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་ཆོས་སྟོང་པ་དང། སྙིང་རྗེ་དབྱེར་མེད་ཅིང་གཉིས་མེད་པའོ། །སྒྲས་ཞེས་པ་ནི་རྒྱུད་སྣོ་ཚོགས་པའི་ལུང་རྣམས ་ཀྱིས་ངའི་དོན་ཚིག་ཏུ་བརྗོད་པས་བསྟན་པའོ། །རྡོ་རྗེ་སེམས་དཔར་བརྗོད་ཅེས་པ་ནི་ཆོས་དེ་ཉིད་སེམས་ཅན་གང་དང་གང་གིས་རྗེས་སུ་དྲན་པ་དང། ཉན་ཕ་དང་འཆད་པ་དང། ཀློག་པ་དང། སྒོམ་པ་དེ་དང། དེ་ནི་རྡོ་རྗེ་སེམས་དཔར་བརྗོད་པར་འདིར ་སོམ་ཉིད་མེད་དོ། །དེ་ཡང་སེམས་ལས་བྱུང་བའི་ཆོས་སོ། །སླར་ཡང་སྐུ་གསུམ་དུ་རྣམ་པར་བཞག་པར་སེམས་ཅན་རྣམས་ལ་སྟོན་ཏེ། གང་གིས་ཕྱིར་ཨང་དེ་ཞེས་པ་ནི་ཕྱོགས་གཞན་དང་འབྲེལ་པའི་ཕྱིར་རོ། །འོན་ཀྱང་ཐམས་ཅད་ཅེས་ནི་ཐམས ་ཅད་རྣམས་ཀྱིས་ཐོག་མ་མེད་པའི་དུས་རྣམས་སོ། །རྒྱུད་ཅེས་པ་ནི་ཆོས་རྣམ་པར་གནས་པ་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་རྣམས་སུ་སངས་རྒྱས་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་དང། མཚན་ཡང་དག་པར་བརྗོད་པ་ལ་སོགས་པ་རྣམས་བསྟན་ནས་ཡང་ནུབ་པོ། །དེའི་གླེང་གཞི་ཞེས་པ་ནི་གདོང་ནས་མི་འཇིགས་པའི་ཕྱིར་རོ། །ཁ་སྦྱོར་ཞེས་པ་ནི་ཤེས་རབ་དང་ཐབས་ཀྱི་སྦྱོར་བ་མི་འཛག་པའོ། །གང་གི་ཕྱིར་སངས་རྒྱས ་ཐམས་ཅད་ཀྱིས་གཟུང་བའོ། །དེ་ཡང་སྒྲས་བརྗོད་དོ། །རྡོ་རྗེ་ཞེས་པ་ནི་མི་ཕྱེད་པའི་ཡེ་ཤེས་སོ། །དེའི་ཉེ་བར་སྦྱོད་པའི་ཚུལ་ནི་སེམས་དཔའ་ཨོ། །ཡང་ན་རྡོ་རྗེ་ཞེས་པ་ནི་སྙིང་རྗེའོ། །དེའི་འབྱུང་གནས་ནི་སྟོང་པ་ཉིད་དེ། རྣམ་པ་ཀུན་གྱི་མཆོག་དང་ལྡན ་བའི་མཚན་ཉིད་དོ། །དེའི་ཕྱིར་ཁྱབ་པར་བྱེད་པས་ན་རྡོ་རྗེ་སེམས་དཔར་བརྗོད་དེ། །འདི་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །ཡང་ན་ཨ་ཞེས་པ་ནི་སྣང་བ་མེད་ལས་རྣམས་ཀུན་འབྱུང་ཞེས་སོ། །དེས་ན་ཆོས་ཐམས་ཅད་གདོད་ནས་མ་སྐྱེས་པའི ་ཕྱིར་ཨའི་སྒོའོ། །ཞེས་གསུངས་པའི་ཕྱིར་རོ། །ཐ་ཞེས་པ་ནི་གནས་ཀྱིས་ཁྱད་པར་རྣམས་སུའོ། །ས་ཞེས་པ་ནི་གནས་དང་ཉེར་གནས་ཀུན་ཏུའོ། །རྦ་ཞེས་པ་ནི། སམས་ཅན་ཐམས་ཅད་བསྒྲལ་དོན་དུའོ། །ཏཾ་ཞེས་པ་ནི། སེམས་ཅན་ལ་ནི ་དེ་དེ་ལྟར། །འདོད་པའི་དོན་གྱི་མཆོག་རབ་སྟེར། །ཏྲ་ཞེས་པ་ནི། ཆོས་ཀྱི་ཚིམ་པ་རུ་ནི་འགྱུར། །ནི་ཞེས་པ་ནི། མྱ་ངན་འདས་ནས་མི་ཟད་པ། །དཱ་ཞེས་པ་ནི། །བུ་ཕོ་དང་ནི་བུ་མོ་རྣམས། །ཇི་ལྟར་རོལ་པ་དེ་བཞིན་འདིར། །ན་ཞེས་པ་ནི། འདིར ་ནི་བརྫུན་པ་འབྱུང་བ་མིན། །ས་ཞེས་པ་ནི། ཡང་དག་ལམ་ལ་དགའ་བ་ཉིད། །བུ་ཞེས་པ་ནི། བུ་རི་ལ་སོགས་པར་གནས་ཏེ། །རྟག་ཏུ་སྙིང་རྗེས་དགའ་བར་བྱ། །ཊ་ཞེས་པ་ནི། གཉེན་གྱིས་བསྐོར་བའི་སེམས་ཅན་རྣམས། །ས་ཞེས་པ་ནི། ་བསགས་པ་རྣམས་ལགས་པ་ཉིད། བྷེ་ཞེས་པ་ནི། ལོ་གཅིག་ཏུ་ནི་འཁོད་པ་ཡིས། །ན་ཞེས་པ་ནི། མི་ཡི་གཟུགས་སོང་སངས་རྒྱས་རྣམས། །བཞེས་པ་ནི། མཐོང་བ་ལ་ནི་ཕྱག་འཚལ་བའོ། །ཛྲ་ཞེས་པ་ནི། ཉོན་མོངས་ཟང་བ་ངར ་ནི་རོལ། །ས་ཞེས་པ་ནི། ཡང་དག་པ་ཡི་བླ་མ་ཡིས། །དྭོ་ཞེས་པ་ནི། ཁྱོད་ཆོས་ཀྱིས། །བི་ཞེས་པ་ནི། མངོན་པར་སྣོད། །དྷཱི་ཞེས་པ་ནི། བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས། །ཡ་ཞེས་པ་ནི་གང་གི་ཕྱིར། །ཏེ་ཞེས་པ་ནི། དེ་རྣམས་བསྟན་པ ་འདི་ལ་འགྲུབ། །དེ་ཕྱིར་ཁྱོད་ཀྱང་ད་ལྟར་ནི། །འགྲུབ་པར་འགྱུར་པར་སོམ་ཉི་མེད། །ད་ནི་འདི་འམ་ད་ལྟའི་སེམས་ཅན་རྣམས་ལ་བསྟན་པའི་རྗེས་སུ་འབྲངས་པས་ལམ་གྱི་མན་ངག་བརྗོད་དེ། གསང་ཆེན་ཞེས་བྱ་འདིས་ནི་ཞེས་བྱ་བ་ལ ་སོགས་པ་ལ་གསང་ཆེན་ཞེས་པ་ནི་སྦས་པ་ཏེ། རྒྱུའི་རྒྱུད་ཆོས་ཀྱི་སྐུ་དང། འབྲས་བུའི་ཕྱིར་ཡེ་ཤེས་ཀྱི་སྐུ་ཞེས་པའི་དོན་ཏོ། །ཞེས་པ་འདིས་ཞེས་པ་ནི་རྒྱུ་དང་འབྲས་བུ་འདིས་སོ། །མན་ངག་ཅན་གྱིས་ཞེས་པ་ནི་ཡང་དག་པའི་བླ་མས་ལུང ་རྒྱས་པའི་ཚུལ་ལས་དེ་འདིའི་དོན་བསྟན་ཏོ། །སྔཌ་བཏུ་བ་ལ་སོགས་པ་ནས། དབང་བསྐུར་བའི་མཚན་ཉིད་ཅེས་པའི་བར་དུ་ནི་གོ་སླའོ། །འདི་ནི་མདོར་བསྡུས་ཏེ་བསྟན་པའོ། །སོགས་པའི་སྒྲས་ནི་ལས་ཚོགས་ལ་སོགས་པ་དང་སྒྲུབ ་ཐབས་གཟུང་ངོ། །མན་ངག་གིས་ཞེས་པ་ནི་དེ་བཞིན་གཤེགས་པའི་ལམ་སང་པ་དང་རྨི་ལམ་དང་ཉལ་བ་དང་བཞི་པ་དང་བྲལ་བ་འཆད་བཞིན་པ་ལས་བཤད་པར་བྱའོ། །ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅེས་པ་ནི་དེ་ལྟར་གསུངས་པའི ་ཚིགས་ནས་ཡོངས་སུ་རྫོགས་པའི་བར་རམ་གླེང་གཞི་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་རྒྱུ་དད་སྟོད་པ་དང་སྙིང་རྗེའི་བདག་ཉིད་ཀྱི་ཆོས་སོ། །རྒྱུད་ཅེས་པ་ནི་ཐབས་ཏེ་འདིར་གཞུང་གི་ཚོགས་སོ། །དེ་བཞིན་དུ་ཤེས་རབ་དང་ཐབས་སྦྱོར་བ ་ཉིང་ནི་ཁ་སྦྱོར་ཞེས་བརྗོད་དེ། ཐབས་ཀྱི་རྒྱུད་ཅེས་པའི་དོན་ཏོ། །དེ་ཡང་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུའོ། །དེ་ནི་བདག་གི་བཤད་ཀྱིས་ཞེས་བ་ནི་བདག་ཤཱཀྱ་ཐུབ་པས་ཁ་སྦྱོར་གྱི་རྒྱུད་དེ་བཤད་ཅེས་པའི ་དོན་ཏོ། །ཉོན་ཞེས་པ་ནི་རྡོ་རྗེ་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བདག་གིས་སྤྲུལ་པའི་མཚན་ཉིད་རྣམས་མ་འོངས་པའི་སེམས་ཅན་རྣམས་གཞུག་པའི་ཕྱིར། ཉོན་ཞེས་གསུངས་ཏེ། ཚིག་འདི་ནི་དེ་བཞིན་གཤེགས ་པའི་ངེས་པའོ། །དེ་ནི་དང་པོ་སྟོང་པ་ཉིད་བསྟན་པའི་སྒོ་ནས་སེམས་ཅན་རྣམས་ལ་སྟོང་པའི་བྱང་ཆུབ་བསྟན་པའི་ཕྱིར། །དང་པོ་སྟོང་ཉིད་རྣམ་བསམས་པས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སེམས་ཅན་ཐམས་ཅད ་འཇུག་པའི་རྣམ་པར་ཤེས་པ་དྲུག་དང་གཟུང་བ་དང་འཛིན་པའི་དངོས་པོས་འཁོར་བར་བཅིངས་ཏེ། དེ་རྣམས་ཡོངས་སུ་ཟད་པར་བྱ་བའི་ཕྱིར། དང་པོ་སྟོང་པ་ཉིད་རྣམས་པར་བསམ་ཏེ་ཐུན་མོང་དུ་ཁྱབ་པར་བྱེད་པའི་ཕྱིར་ཆོས ་རྣམས་ཐམས་ཅད་ཀྱི་རང་བཞིན་ཉིད་སྣང་བ་མེད་པ་བསྟན་དུ་མེད་པ་རྣམ་པར་རིག་པ་མེད་པ་གཟུགས་མེད་པ་ཆོས་ལ་བདག་མེད་པའི་རང་བཞིན་དེ་བཞིན་དུ་རྣམ་པར་བསམ་མོ། །ལུས་ཅན་རྣམས་ཀྱི་དྲི་མ་བཀྲུ་བ་ཞེས་པ་ནི་ལུས ་འབྱུང་བ་དང་ལྡན་པས་ན་ལུས་ཅན་རྣམས་ཀྱི་སྟེ། སྟོང་པ་ཉིད་ཀྱི་མེས་མི་ཤེས་པའི་དྲི་མ་བསྲེག་ཅིང་སྔོན་བྱི་སྐྱེ་བ་བརྒྱུད་པ་བག་ཆགས་ཀྱི་དྲི་མ་བཀྲུ་ཞེས་པའི་དོན་ཏོ། །གཟུགས་ཁམས་ཞེས་བྱ་སྟོང་པ་སྟེ་ཞེས་བྱ་བ་ལ་སོགས ་པའི་ཚིགས་སུ་བཅད་པ་ཕྱེར་དར་གཉིས་ཀྱིས་སྐྱེ་མཆེད་དྲུག་ཀྱང་སྟོང་པ་ཉིད་དུ་བསྟན་པ་ནི་དེ་བཞིན་གཤེགས་པའི་དམ་པར་འགྱུར་རོ། །གཟུགས་ཁམས་ཞེས་པ་དང་པོའི་དོན་ལ་དྲུག་པའོ། །དེའི་ཕྱིར་གཟུགས་རྣམས་སྟོང་པའོ། ། ་དེ་བཞིན་དུ་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཡིད་ཀྱི་ཁམས་རྣམས་ཀྱང་སྟོང་བར་བྱ་བ་སྟེ། གསོལ་བ་གདབ་པ་དང། དེ་བཞིན་གཤེགས་པའི་ལམ་གྱི་ཆིག་གི་ཚུལ་གྱིས་སོ། །འདིར་གསུངས་པ། རྡོ་རྗེ་སྙིང་པོས་གསོལ་བ་ཞེས་པའི་དོན་ཏོ། །ཅི ་གསོལ་ཅོན་གཡོལ་པ། མིག་གི་བདག་ཉིད་ཅེས་བྱ་བ་ལ་སོགས་པ་ནས་དབུས་སུ་རྣམ་ཤེས་ཇི་ལྟར་འགྱུར་ཞེས་པའི་མཐར་ཐུག་པའི་ཆིགས་སུ་བཅད་པ་གསུམ་གྱིས་སྐྱེ་མཆེད་དྲུག་ལ་འཇུག་པའི་རྣམ་ཤེས་དྲུག་རྣམ་པར་གནས་པའི ་དོན་ཏོ། །ཇི་ལྟར་འགྱུར་ཞེས་པ་ནི་རྣམ་པ་གང་གིས་འགྱུར་ཞེས་པའི་དོན་ཏོ། །གང་གི་ཕྱིར་ཕྱི་དང་ནང་གི་བདག་ཉིད་ཀྱི་གཟུགས་དང་སྤྲ་དང་དྲི་དང་རོ་དང་རེག་བྱ་དང་ཡིད་རྣམས་རང་བཞིན་གྱི་སྟོང་པའོ། །འོན་ཀྱང་བྱིས་པ་རྣམས་བློ་བུར་བའི་དྲི ་མས་བསྒྲིབས་པས་གཟུང་བ་དང་འཛིན་པ་ལ་སོགས་པའི་རྒྱུས་སྔོན་གྱི་སྐྱེ་བའི་བག་ཆགས་ཀྱི་སྟོབས་ཀྱིས་བུམ་པ་དང་ཤིང་རྟ་ལ་སོགས་པ་རྣམས་ལ་འཁྲུལ་བའི་ཤེས་པ་སྐྱེའོ། །དེ་ལས་རྣཾ་པར་ཤེས་པར་སྐྱེ་བར་འགྱུར་ཞིང་མིག་ལ་སོགས ་པའི་དབང་པོ་རྣམས་ཀྱང་ངོ། །དེ་ཉིད་ཀྱིས་རྨོངས་པ་འཁོར་བར་འཆིང་ངོ། །དེ་ཉིད་ཀྱིས་ཡེ་ཤེས་ཅན་རྣམས་ཀྱི་ཡང་ནག་པ་ཡོངས་སུ་ཤེས་པས་འཁྲུལ་བ་ཡོངས་སུ་ཟད་ནས་གྲོལ་བར་འགྱུར་རོ། །གྲོལ་བ་འབའ་ཞིག་ཏུ་མ་ཟད་ཀྱི་མངོན ་པར་ཤེས་པ་དྲུག་ཀྱང་རྙེད་པར་འགྱུར་རོ། །དེའི་ཕྱིར་གཟུགས་མེད་ཅེས་བྱ་བ་ལ་སོགས་པའི་ཆགས་བཅད་ཕྱེད་དང་གཉིས་ནི་སྔོན་གྱི་ཆིག་དང་རྗེས་སུ་འབྲེལ་པའི་ཕྱིར་རྡོ་སྙིང་པོ་བདག་ཉིད་ལ་ཡིད་ཆེས་པར་འགྱུར་ཞེས་པའི་དོན་ཏོ། །གང་གི་ཕྱིར ་རྣམ་པར་ཤེས་པ་ནི་གཟུགས་མེད་པ། བསྟན་དུ་མོད་པ་ཐོགས་པ་མེད་པ། སྣང་བ་མེད་པ་རྣཾ་པར་མི་རིག་པ། བསམ་དུ་མེད་པ། ཚད་མེད་པ། བརྗོད་དུ་མེད་པ་བརྟག་ཏུ་མེད་པ། རྟོག་པ་མེད་པ། དབང་པོ་མེད་པ་ལ་སོགས་པས་མངོན་པར་འདུས ་བྱས་པ་དང་བྲལ་བར་བལྟའོ། །འོན་ཀྱང་དབང་པོའི་གཞུ་བཞིན་དུ་སྣང་བ་སྟེ། སངས་རྒྱས་རྣམས་ལ་སྒྱུ་མའི་རྣམ་པར་སྣང་བའི་ཕྱིར་རོ། །དེ་ཉིད་བྱིས་པ་རྣམས་ལ་དོན་མེད་པ་སྐྱེད་པའི་དོན་ཏོ། །དེ་ལྟར་ཡང་འཕགས ་པ་ཟླ་བའི་སྒྲོན་མ་ཞེས་པའི་མདོའི་རྒྱལ་པོ་ལས་བཅོམ་ལྡན་འདས་ཀྱིས། ཇི་ལྟར་གཞོན་ནུ་མའི་རྨི་ལམ་ནང་དུ་ནི། །དེ་ལ་བུ་སྐྱེས་ནས་ནི་ཤི་བ་ཡང་ནི་མཐོང། །སྐྱེས་པས་དགའ་ཞིང་ཤི་བས་ཡིད་མི་བདེ་བར་འགྱུར། །ཆོས་རྣམས་ཐམས་ཅད་དེ ་དང་འདྲ་བར་ཤེས་པར་བྱ། །ཞེས་གསུངས་སོ། །དེའི་ཕྱིར་གཟུགས་མེད་པ་ལྟ་བ་མེད་སྒྲ་མེད་དེ་བཞིན་དུ་ཉན་པ་མེད་དྲི་མེད་སྣོམ་པ་མེད་རོ་མེད་མྱོང་བ་མེད་རེག་མེད་རག་པ་ཡང་མེད་སེམས་མེད་སེམས་ལས་བྱུང་བ་ཡང་མེད་དོ། །དེ་ལྟར་སྐྱེ་མཆེད་བཅུ ་གཉིས་འགོག་པའི་ཕྱིར། །སྟོང་པ་ཞེས་པ་ནི་ཉེ་བར་མཚོན་པ་ཙམ་སྟེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཞེས་པའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཅི་གསུངས་ཤེ་ན། ཉན་པོའི་སྐྱེ་བོ་རྣམས་ཀྱི་ངོར་དེ་ཁོ་ན་ཉིད་བསྟན་པའི ་ཕྱིར་ལན་གྱི་ཚིག་གསུངས་ཏེ། ཇི་བཞིན་ལམ་གྱི་དེ་ཉིད་ཉོན་ཞེས་བྱ་བ་ལ་སོགས་པ་ལ། ཉོན་ཞེས་པ་ནི་རྡོ་རྗེ་སྙིང་པོ་ངེས་པར་གཟུང་བའོ། །ཅི་ངེས་བར་གཟུང་ཞེ་ན། སྔར་ཞུས་པ་དྲུག་གི་གཟུང་བ་དང་འཛིན་པ་གཉིས་ལས་གཉིས་མེད་པའོ། །དེ་ཉིད་ཅེས་པ ་འཆད་བཞིན་བའི་བླ་མའི་མན་ངག་བསྒོམ་པ་འདིས་གཟུང་བ་དང་འཇིན་པ་སྤངས་པ་གཉིས་མེད་པའོ། །ཇི་བཞིན་ལམ་ཞེས་པ་ནི་ཇི་ལྟ་བཞིན་གྱི་ཚུལ་གྱིས་ཏེ། བསྐྱེད་པ་དང་རྫོགས་པའི་རིམ་པ་གཉིས་ལ་བརྟེན་པའི་ལམ་གྱི་ཡེ་ཤེས ་ལྔའོ། །དེ་ཡང་ནམ་མཁའ་ལ་སོགས་པའི་ཁམས་ལྔ་རྣམས་སོ། །དེའི་རིམ་པ་ནི་འདི་ལྟ་སྟེ། ཨ་ཨི་རི་ཨུ་ལིའོ། །འདི་ནི་སྤྲོས་པའི་རིམ་པའོ། །སྡུད་པ་ནི་རིད་པོའོ། །དེ་བཞིན་དུ་ཨ་ཨེ་ཨར་ཨོ་ཨལ་ཞེས་པ་ནི་ཡོན་ཏན་ནོ། །དེ་བཞིན ་དུ་ཡ་ནའི་བསྒྱུར་བ་ཧ་ཡ་ར་ཝ་ལའོ། །ཧཾ་ཞེས་པ་ནི་མི་ཤིགས་པའམ། ། ཡང་རུང་བའོ། །འདི་ནི་དགའ་བ་བཅུ་དྲུག་གི་མཚན་ཉིད་ཀྱི་ཕྱིར་ལམ་ནི་ཟླ་བའི་སྟེ། ཇི་སྲིད་དཀར་པོའི་ཆོས་གཅིག་ནས་བརྩམས་ཏེ། ཉ་རྫོགས་པའི་མཐར་ཐུག ་བར་ཆ་བཅོ་ལྔའོ། །མཛའ་མ་བཅུ་དྲུག་པ་དོན་གྱི་བྱ་བ་མི་བྱེད་པའི་ཕྱིར་ཆར་མི་ཕོད་པའོ། །དེ་བཞིན་དུ་ཡང་ཉ་དང་མར་དོའི་ཚེས་གཅིག་གི་མཚམས་སུའོ། །དེ་ཡང་སངས་རྒྱས་རྣམས་ཀྱིས་ཡེ་ཤེས་ཀྱི་སྐུ་ཞེས་པའི་དོན་ཏོ། །གང་ཕྱིར་མཚན་ཕྱེད ་ཀྱི་དུས་ནི། མགོན་པོས་བྱང་ཆུབ་བླ་མེད་ཐོབ། ཅེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེ་ལྟར་ཤེས་རབ་ཀྱི་དེ་ཁོ་ན་ཉིད་དོ། །དེ་ཡང་སྙིང་རྗེ་བཅུ་དྲུག་གི་བདག་ཉིད་དོ། །དེ་ལ་དགའ་བ་རྣམས་བརྗོད་དོ། །སྤྲུལ་པའི་སྐུ་དང་གསུང་དང་ཐུགས ་ཡེ་ཤེས་གཅིག་སྡོམ་དགའ་བའོ། །ལོངས་སྤྱོད་རྫོགས་སྐུ་གསུང་དང་ཐུགས། །ཡེ་ཤེས་གཅིག་ཏུ་སྡོམ་དགའ་བ། དཔལ་ཆོས་སྐུ་དང་གསུང་དང་ཐུགས། །ཡེ་ཤེས་གཅིག་ཏུ་སྡོམ་དགའ་བ། ལྷན་ཅིག་སྐྱེས་པའི་སྐུ་གསུང་ཐུགས། །ཡེ་ཤེས ་གཅིག་དུ་སྔོམ་དགའ་བའོ། །དེ་བཞིན་ནག་པོའི་ཚེས་གཅིག་ནས་བརྩམས་ཏེ། ཇི་སྲིད་གནམ་སྟོང་གི་མཐར་ཐུག་པར་གུག་ཀྱེད་རིང་པོའི་དབྱེ་བས་སྡུད་པའི་རིམ་པས་བསྟན་ཏོ། །དེ་ཡང་སྟོང་པ་ཉིད་བཅུ་དྲུག་གི་དེ་ཁོ་ན་ཉིད་ཐབས་ཤེས་སུ་བརྗོད་དོ། ། ་ཉི་མའི་འཕེལ་བའི་རྒྱུད་ཉིད་ཀྱི་ཕྱིར་རོ། །གུག་ཀྱེད་ཀྱང་གསུངས་པ། ལཱ་ཝཱ་རཱ་ཡཱ་ཧཱ། དེ་བཞིན་དུ་ཨཱལ་ཨཽ་ཨཱ་ར་ཨི་ཨཱ། དེ་བཞིན་དུ་ལཱི་ཨའུ་རཱི་ཨའི་ཨཱ་ཨ(རྒྱུད་འགྲེལ་ཉིད་བཅུ་དྲུག་བརྗོད་པ་འདི་ལྟ་སྟེ། ནང་སྟོང་པ་ཉིད་དང། ཕྱི་སྟོང་པ་ཉིད་དང། ཕྱི་ནང་སྟོང་པ་ཉིད་དང། ཆེན་པོ་སྟོང་པ་ཉིད་དང། སྟོང་པ་ཉིད་སྟོང་པ་ཉིད་དང། དོན་དམ་པ་སྟོང་པ་ཉིད་དང། འདུས་བྱས་སྟོང་པ་ཉིད་དང། འདུས་མ་བྱས་སྟོང་པ་ཉིད་དང། མཛའ་ ་ལས་འདས་པ་སྟོང་པ་ཉིད་དང། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང། དོར་བ་མེད་པ་སྟོང་པ་ཉིད་དང། རང་བཞིན་སྟོང་པ་ཉིད་དང། རང་གི་མཚན་ཉིད་སྟོང་པ་ཉིད་དང། ཆོས་ཐམས་ཅད་སྟོང་པ་ཉིད་དང། དངོས ་བོ་མེད་པ་སྟོང་པ་ཉིད་དང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །དེ་ལྟར་ཤེས་རབ་ཐབས་དག་སྦྱོར། །སྟོང་པ་སྙིང་རྗེའི་བདག་ཉིད་ཀྱི་ལམ་ནི་བདུན་དུ་བསྟན་པ་ནི་འདི་དག་གཉིས་སུ་གསུངས་པ་ཡིན། །གཉིས་པོ་སྤངས་པའི་ཕྱིར་ན་འདི། ། ་གཉིས་སུ་མེད་པ་ཞེས་སུ་བརྗོད། །དེ་ཡང་མངོན་བྱང་ཆུབ་སྐད་ཅིག། དེ་བཞིན་བཅུ་དྲུག་པ་ནི་མཚམས། །ཐོབ་བྱ་མི་ཤེས་པ་རྣམས་ནི། །འགྲོ་བ་དྲུག་ཉིད་དུ་ནི་འཁོར་ཞེས་སོ། །བརྟག་ཏུ་མེད་ཅིང་ཤེས་བྱ་མིན། །དེ་བཞིན་རྟོག་གེ་པས་རྟོགས ་དཀའ་ཞེས་པ་ལ། བརྟག་ཏུ་མེད་ཞེས་པ་ནི་བརྟག་པ་ནི་དཔྱད་པའོ། །དེས་མི་རྙེད་པས་ན་བརྟག་ཏུ་མེད་པ་སྟེ། རྟོག་པ་མེད་ཅེས་པའི་དོན་ཏོ། །ཤེས་བྱ་མིན་ཞེས་པ་ལ། །ཤེས་བྱ་ནི་རྣམ་པར་ཤེས་པའི་འཁྲུལ་པ་སྔོན་པོ་དང་སེར་པོ་ལ་སོགས་པ ་མཐོང་བའོ། །ཤེས་པར་བྱེད་པ་ན་ཡིད་ཀྱི་དབང་པོའོ། །དེ་ལྟ་བུ་དང་འདྲ་བ་མེད་པའི་ཕྱིར་དོན་དམ་པར་ཡང་མི་སྣང་ངོ། །རིགས་པ་འདིས་ན་ཤེས་བྱ་མ་ཡིན་པའི་དོན་བཅོམ་ལྡན་འདས་ཀྱིས་བསྟན་ཏོ། །རྟོགས་དཀའ་ཞེས་པ་ནི་ཁོང་དུ་ཆུད ་པར་དཀའ་བའོ། །དེ་ཡང་རང་གི་བསོད་ནམས་ལས་ནི་ཤེས། །བླ་མ་བརྒྱུད་པ་ཉེ་བ་བསྟེན་བྱ་ཞེས་སོ། །དེ་བཞིན་རྟོག་གེ་པས་ཤེས་པ་ནི། །གླེགས་བམ་མང་པོ་མཐོང་བས་ཁེངས་ཞེས་པ་འམ། ཡང་ན་རྟོག་གེ་སྐམ་པོ་ལ་ཆགས་པ་རྨོངས་པ ་མཁས་པར་རློམ་པ་མངོན་པའི་ང་རྒྱལ་ཅན་རྣམས་ཀྱིས་བསྟན་པ་རི་མ་ནུས་ཤིང་དེས་འདི་རྟོགས་པར་མི་ནུས་ཤེས་པའི་དོན་ཏོ། །སངས་རྒྱས་ཀུན་གྱི་གསང་ཆེན་ནི་ནམ་མཁའ་མཉམ་བ་ལྟ་བུ་སྟེ། ཤེས་པ་ནི་འདིར་སོ་སོ་སྐྱེ་བོ་བྱིས་པ་མི ་མཁས་པ་རྣམས་འབའ་ཤིག་གིས་མི་ནུས་པར་མ་ཟད་དོ་ཞེས་བསྟན་པའི་ཕྱིར། སངས་རྒྱས་ཀུན་གྱིས་ཞེས་གསུངས་ཏེ། འདིར་རྣམ་པར་ཤེས་པའི་སྐད་ཅིག་རེ་རེ་ལས་རང་བཞིན་སྣ་ཚོགས་རྣམས་སྤྲོས་ཏེ། དེ་ལས་དབྱིབས་སྣ་ཚོགས་པར་སྐྱེས ་པའི་སེམས་ཅན་རྣམས་ཀྱི་བསམ་པ་དག་པ་ཉིད་ཀྱིས་སངས་རྒྱས་སུ་འབྱུང་བ་ནི་ཉེ་བར་བརྟགས་པའི་ཚིགས་གོ། མི་ཤེས་པ་དེ་རྣམས་ཀྱིས་ནི་སྔགས་ཀྱི་སྤྱོད་པ་གསུང་པ་དང་བྲལ་ཞེས་པའི་དོན་ཏོ། །ནམ་མཁའ་མཉམ་པ་ཞེས་པ་ནི་ཁྱབ་པར་བྱེད་པའི་ཕྱིར ་འདྲ་བ་སྟེ། འོད་གསལ་བའི་ཡེ་ཤེས་ཤེས་པའི་དོན་ཏོ། །ལྟ་བུ་ཞེས་པ་ནི་དེ་ལས་བསྐྱེད་པའི་རྒྱུ་དང་འདྲ་བ་སྟེ། འཆད་བཞིན་པའི་སྒོམ་པའི་མན་ངག་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ནམ་མཁའ་དང་མཉམ་པའི་རྒྱུ་དང་འབྲས་བུའི་བདག་ཉིད་སྔགས་ཀྱི ་ཐེག་པ་ཆེན་པོའོ། །དེ་ཡང་འབྲས་བུ་ལ་རྒྱུ་ཉེ་བར་བཏགས་པའི་ཕྱིར་འབྲས་བུའི་བདག་ཉིད་འདི་ལས་འབྱུང་ངོ། །དེའི་ཕྱིར་དེ་ཁོ་ན་ཉིད་དམིགས་པ་དང་འདྲ་བ་རྟོགས་པར་དཀའ་བ་ཞེས་པའི་དོན་ཏོ། །དེ་ལྟར་ཐེག་པ་ཆེན་པོ་ལ་དགའ་བ་སངས་རྒྱས ་པ་རྣམས་ཀྱི་སྟེ། དེ་ཡང་གསང་ཞིང་སྦས་ཞེས་པའི་དོན་ཏོ། །ཉན་ཐོས་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླ་སྟེ། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་དེ་དག་ཀུན་གྱིས་ཀྱང་མི་ཤེས་ཏེ། སྔོན་གྱི་སྨོན་ལམ་དང་བྲལ་བ་རྣམས་ཀྱིས་མི ་ཤེས་ཤིང་མི་དྲན་ཞེས་པའི་དོན་ཏོ། །གསང་ཆེན་སངས་རྒྱས་སྤྱོད་ཡུལ་ལོ་ཞེས་པ་ལ། སངས་རྒྱས་ཞེས་པ་ནི་སེམས་ཅན་རྣམས་སྨོན་ལམ་ཡོངས་སུ་རྫོགས་ཤིང་ཚོགས་རྫོགས་པས་ཡང་དག་པར་རྫོགས་པར་སངས་རྒྱས་ཀྱི་གཞན་ནི་མ ་ཡིན་ནོ། །དེའི་སྤྱོད་ཡུལ་དུ་གྱུར་པ་ཡེ་ཤེས་ནི་གསང་ཞིང་སྦས་པ་སྟེ། རང་རིག་པའི་ཡེ་ཤེས་ཚིག་གི་ལམ་གྱི་སྤྱོད་ཡུལ་མ་ཡིན་པའོ། །དེའི་ཕྱིར་རང་བཞིན་གྱིས་ཡོངས་སུ་དག་པ་ཕ་རོལ་ཏུ་ཕྱིན་པ་བཅུ་ཡོངས་སུ་རྫོགས་པ་ལ་སོགས་པའི་ཡོན ་ཏན་དང་ལྡན་པ། འཇིག་རྟེན་ལས་འདས་པའི་ཀུན་རྫོབ་ཀྱི་བདེན་པ་ལ་གནས་པ། དེ་བཞིན་དུ་རྒྱུན་དུ་གོམས་པ་དང་ལྡན་པ་དེའི་ཡང་སྤྱོད་ཡུལ་མ་ཡིན་པ་སྟེ། བརྗོད་དུ་མེད་པའི་ཕྱིར་བགྲོད་དུ་མེད་པའོ། །དེ་རང་བཞིན་ཉིད ་ཀྱི་ཕྱིར་རྟོགས་པར་དཀའ་བའོ། །མི་འགྱུར་བ་ལ་གནས་པའི་ཕྱིར་བརྟགས་པར་དཀའ་བའོ། །གཟུགས་མེད་པའི་ཕྱིར་ཤེས་བྱ་མ་ཡིན་པའོ། །གང་གིས་ཕྱིར་འཁོར་བའི་རྒྱ་མཚོ་རབ་འཇིགས་ལས། སྒྲོལ་བར་འགྱུར་བའི ་བསམ་པ་ཡིས་ཞེས་གསུངས་པའི་རིགས་པས་སོ། །ལུས་ཅན་རྣམས་ཀྱི་དབུས་གནས་པ། །སྒྲོལ་བ་ཡི་ནི་མཚན་ཉིད་བརྗོད་ཅེས་པ་ནི། །སེམས་ཅན་རྣམས་ཀྱི་ལུས་ཀྱི་དབུས་སུ་རང་རིག་པའི་ཡེ་ཤེས་གནས་ཞེས་པའི་དོན་ཏོ། །བསྒོམ་པ ་ཞེས་པ་ནི་རབ་ཀྱི་མཐར་སོང་བ་དེའི་མཚན་ཉིད་བསྟན་པ་འཆད་བཞིན་པ་ལས་གསུངས་ཏེ། མཚོན་བྱ་མཚོན་བྱེད་མཚན་ཉིད་ནི། །རྣམ་ཤེས་རྣམས་ནི་ཡེ་ཤེས་བསམ། །ཞེས་བྱ་བ་ལ་སོགས་པ་ལ། མཚོན་བྱེད་ཅེས་པ་ནི་སྲོག་དང་ཐུར ་སེལ་བཅིངས་པའི་སྦྱོར་བས་བརྟན་པ་དང་གཡོ་བའི་དངོས་པོ་མི་གཡོ་བར་བྱེད་པའོ། །འདིར་བསྟན་པ་ནི་ཕུང་པོ་ལྔ་རྣམས་སོ། །གཡོ་བ་ནི་སྲོག་ལ་སོགས་པའི་རླུང་བཅུ་རྣམས་སོ། །དེ་ལ་བརྟེན་ནས་སྣ་ཚོགས་པའི་མིང་ཅན་འཇིག་རྟེན ་དང། འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་རྣམ་པར་རྟོག་པ་བློ་བུར་པ་རྣམས་སྐྱེ་བའོ། །དེ་རྣམས་ཀྱི་མཚོན་བྱ་ཨ་བདཏཱུ་ཏཱིར་བཅུག་ཅིང་དེ་འགོག་པས་རྒྱུ་མཐུན་པ་ལ་སོགས་པའི་འབྲས་བུ་ཐོབ་པ་སྟེ། ལས་ཀྱི་ཕྱག་རྒྱ ་དང། ཆོས་ཀྱི་ཕྱག་རྒྱ་དང། ཡེ་ཤེས་ཀྱི་ཕྱག་རྒྱ་དང། ཕྱག་རྒྱ་ཆེན་པོའི་འབྲས་བུ་ཡང་འཐོབ་པ་འཆད་བཞིན་པའི་འཁོར་ལོ་བཞིའི་དབྱེ་བས་སྟོན་ཏོ། །དེ་ལྟར་མཚོན་པ་སྐུ་མཐོང་བ་ཁམས་གསུམ་པའི་བདག་ཉིད་དོ། །མཚན་ཉིད་ཅེས་པ ་ནི་འདིར་ཇི་ལྟར་འགའ་ཞིག་ཏིང་ངེ་འཛིན་རྙེད་པའི་བསྒོམ་པའི་རིམ་པས་མཚན་མ་མཐོང་ངོ། །དེ་བཞིན་དུ་འདིར་ཡང་མཐོང་བས་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་དབང་གིས་མར་མེའི་རྩེ་མོ་བཞིན་ཕྱིའི་ཆོས་རྣམས་ལ་བརྟེན་ཏེ་འཇུག་པར ་འགྱུར་རོ། །དེའི་ལས་ཀྱིས་སེམས་ཅན་གྱི་དོན་དུ་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་དེ་ལྟར་མཚན་ཉིད་རྣམས་དང་ལྡན་ནོ། །རྣམ་པར་ཤེས་པ་ཡེ་ཤེས་པས་མ་ཞེས་པ་ནི་ཆོས་རྣམས་ཐམས་ཅད་ཀྱི་མཚན་ཉིད་འདི་རྣམས་ལོངས་སྤྱོད་རྫོགས་པའི་སྐུ་ལས ་བྱུང་སྟེ། ཡེ་ཤེས་བསམ་ཞེས་པའི་ཕྱིར་རོ། །དེ་བཞིན་དུ་ཡང་འདིར་ཡེ་ཤེས་ནི་ལྷན་ཅིག་སྐྱེས་པའི་སྐུའོ། །བསམ་ཞེས་པ་ནི་ཆོས་ཀྱི་སྐུའི་མཚན་ཉིད་དོ། །ཤེས་རབ་དང་ཐབས་འདི་དག་སྙོམས་པར་འཇུག་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ ་ཞེས་བརྗོད་དོ། །སྔོན་དུ་གསུངས་པ་ཉེ་བར་བརྟགས་པ་དེའི་དབང་གིས་རྣམ་པར་ཤེས་པ་ཞེས་པ་དེ་སྐྱེད་པར་བྱེད་དོ། །དེའི་ཕྱིར་མཚོན་བྱ་དང། མཚོན་བྱེད་དང་མཚན་ཉིད་རྣམས་དང་ལྡན་པའི་བཅོམ་ལྡན་འདས་སུ་གྲུབ་པོ། །ཡང་ན་མཚོན་བྱ་ནི་ཆོས་ཀྱི་སྐུའོ ་མཚོན་བྱེད་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །མཚན་ཉིད་ནི་སྤྲུལ་པའི་སྐུ་སྟེ། དེས་འགྲོ་བའི་དོན་བྱ་བའི་ཕྱིར་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་དེ་བསྟན་ཏེ། དེ་བཞིན་གཤེགས་པའི་ངེས་པའོ། །ད་ནི་གང་ཟག་གི་ཆོས་ལ་གནས་པའི ་སེམས་ཅན་རྣམས་ཀྱི་ཡེ་ཤེས་དང་ཤེས་བྱའི་མཚན་ཉིད་མེད་པར་གཟུང་བ་དང་འཛིན་པའི་དབྱེ་བ་བརྗོད་དེ། །ཡེ་ཤེས་ཀྱིས་ནི་ཤེས་བྱ་བལྟ། །ཤེས་བྱ་རྣམས་ཀྱི་འགྲོ་བ་བརྟག་ཅེས་པ་ལ་སོགས་པ་ལ། ཡེ་ཤེས་ཀྱི་ནི་ཞེས་པ་ནི་མིག་ལ ་སོགས་པའི་སྐྱེ་མཆེད་རྣམས་ལས་སྐྱེས་པའི་རྣམ་པར་ཤེས་པ་དེ་ནི་ཡུལ་ཅན་ཞེས་བརྗོད་དོ། །དེས་གང་ཕྱིའི་གཟུགས་ལ་སོགས་པ་ལ་དམིགས་པ་དེ་ནི་ཤེས་བྱ་ལ་བལྟ་བའོ། །འགྲོ་བ་བརྟག་ཅེས་པ་ནི་དབང་པོའི་རྟོག་པ་འགྲོ་བས ་དངོས་པོ་མཐོང་བ་ལ་རྟོགས་པའོ། །ཤེས་པ་དང། ཤེས་བྱ་འདི་དག་སྙོམས་པར་འཇུག་པའི་དོན་ཏོ། །འགྲོ་བ་ཞེས་པ་ནི་གཞན་དུ་འགྲོ་བ་ལ་འཇུག་པའོ། །དེ་ཅི་ཞེ་ན། རྟོག་པའི་སེམས་ཀྱིས་རང་དགའ་ལ་སོགས ་ལམ་འགྲོར་འགྱུར་ཞེས་གསུངས་སོ། །བསམ་ཞེས་པ་ནི་སེམས་ལས་བྱུང་བའི་དངོས་པོར་འགྱུར་རོ། །རྟོག་པ་ཞེས་པ་ནི་དེའི་རང་བཞིན་གྱིས་ལྟ་བ་སྟེ། དེའི་སྔོན་གྱི་བག་ཆགས་ཀྱི་དབང་གིས་སོ། །རང་འདོད་ལ་སོགས་ཞེས ་པ་ནི་རང་ཉིད་ཀྱི་ལས་ཀྱིས་རྗེས་སུ་འབྲངས་པས་སོ། །སོགས་པའི་སྒྲས་ནི་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ཀྱིས་གང་བྱས་པའི་ལས་དེས་འགྲོ་བའོ། །ལམ་ཞེས་པ་ནི་ལམ་དེར་འགྲོད་པར་བྱ་བ་ཡིན་བས་ན་དེ་ལ་དེ་སྐད་ཅེས་བྱའོ། ། ་ཡང་ནི་ཡེ་ཤེས་ཀྱིས་ཞེས་པ་ནི་ཀུན་གཞི་རྣམ་པར་ཤེས་པས་སོ། །ཤེས་བྱ་བལྟ་ཞེས་པ་ནི། གང་ཕྱི་རོལ་སྔོན་པོ་དང་སེར་པོ་ལ་སོགས་པའི་རྣམ་པ་རྣམས་ལ་མིག་ལ་སོགས་པས་བལྟ་བའོ། །ཤེས་བྱ་རྣམས་ཀྱི་ཞེས་པ་ནི་དངོས་པོ་མཐལ ་དག་པ་དེ་རྣམས་ཀྱིའོ། །འགྲོ་བ་ཞེས་པ་ནི་དེ་རྣམས་ལ་ཀུན་གཞི་རྣམ་པར་ཤེས་པ་འཇུག་པའོ། །ལྟ་བ་ཞེས་པ་ནི་ལྷའི་དབང་པོའི་སྒོ་ནས་ལྟ་བས་ན་ཁྱབ་པར་བྱེད་པ་ཁམས་གསུམ་མཐོང་བ་ཞེས་པའི་དོན་ཏོ། །དེ་ཡང་གཅིག་དང་དུ་མའི ་རང་བཞིན་གྱིས་སེམས་ལས་བྱུང་བའི་དངོས་པོར་བརྗོད་དེ་བག་ཆགས་མང་པོའི་དབང་གིས་སོ། །འགྲོ་བ་ནི་དེའི་བགྲོད་པ་སྟེ། དངོས་པོ་སོ་སོ་ཐ་དད་པ་མཐོང་བའོ། །དེའི་ཕྱིར་རང་གི་འདོད་པས་རང་རང་གིས་ལས་དང་རྗེས་སུ་མཐུན་པས ་ལམ་ལ་འཇུག་ཅིང་ལམ་ལ་སོགས་པ་ལ་བགྲོད་དེ་དེ་ལ་བརྟེན་ཞེས་པའི་དོན་ཏོ། །དེ་ལྟར་དགེ་བའི་ལས་ཅན་བདེན་པ་གཉིས་ལ་བརྟེན་པ་དགེ་བའི་གྲོགས་བཟང་པོ་དང་ཕྲད་པའི་དབང་གིས་འགྲུབ་སྟེ། སྔོན་དུ་གསུངས ་པའི་ནང་དུ་འགའ་ཞིག་དགེ་བའི་དབང་གིས་འགྲུབ་པའི་དོན་ཏོ། །འོན་ཀྱང་འཆད་བཞིན་པའི་ཚུལ་གྱིས་བར་བར་དུ་བཤད་པར་བྱའོ། །ད་ནི་སྔོན་དུ་གསུངས་པའི་སྟོང་པ་ཉིད་ཀྱི་ལུས་ཀྱི་རིམ་པས་བྱང་ཆུབ་སེམས་ཀྱི་བསྒོམ་པའི ་ཐབས་ཀྱིས་དེ་ཁོ་ན་ཉིད་བརྗོད་དེ། ཡེ་ཤེས་ལྔ་ཞེས་པ་ལ་སོགས་པ་ལ། འདིར་ཡེ་ཤེས་ལྔའི་དངོས་པོ་དེ་ཉིད་ཅེས་པ་ནི་དེ་བཞིན་གཤེགས་པ་ལྔ་འམ་ཁམས་ལྔའོ། །དེ་ཡང་སྲོག་ལ་སོགས་པའི་རླུང་ལྔ་རྣམས་སོ། །དེ་ཁོ་ན་ཉིད་ཅེས་པ་ནི་ཧཱུཾ ་ཡེ་ཤེས་ཀྱི་ཕུང་པོའོ། །ཉུངས་ཀར་སྤོམ་པོའི་ཚད་ཙམ་སྟེ་ཞེས་པ་ནི་འདིར་མ་གསུངས་ཀྱང་གཏུམ་མོའི་སྦྱོར་བར་བརྗོད་དེ། འདིར་ལྟེ་བ་འདབ་མ་དྲུག་ཅུ་རྩ་བཞི་པས་སྤྲུལ་པའི་འཁོར་ལོ་ཁ་དོག་སེར་པོའོ། །དེའི་དབུས་ཀྱི་ལྟེ་བར་ཨ་འོད་ཟེར ་ལྔའི་རང་བཞིན་འཕྲོ་བའོ། །སྙིང་གར་འདབ་མ་བརྒྱད་པ་ཆོས་ཀྱི་འཁོར་ལོ་ཁ་དོག་སྔོན་པོ་འཕྲོ་བའོ། །དེའི་ལྟེ་བར་ཧཱུཾ་ཁ་དོག་སྔོན་པོ་ཁ་འོག་ཏུ་བལྟ་བའོ། །དེ་བཞིན་དུ་མགྲིན་པར་ལོངས་སྤྱོད་རྫོགས་པའི་འཁོར་ལོ་འདབ་མ་བཅུ་དྲུག་པ་ཁ ་དོག་དམར་པོ་འཕྲོ་བའོ། །དེའི་དབུས་ཀྱི་ལྟེ་བར་ཨོཾ་མདོག་དམར་པོ་ཁ་སྟེང་དུ་བལྟས་པའོ། །སྤྱི་བོར་བདེ་བ་ཆེན་པོའི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས་པ་ཁ་དོག་དཀར་པོ་འཕྲོ་བའོ། །དེ་དབུས་ཀྱི་ལྟེ་བར་མི་ཤིགས་པ་ཟླ་བའི་འོད་འཕྲོ་བ་ཁ་འོག ་ཏུ་བལྟས་པའོ། །སྤྱི་གཙུག་ཏུ་ནམ་མཁའ་ཨི་འཁོར་ལོ་འདབ་མ་ལྔ་པ་ལྗང་ཁུའོ། །དེའི་དབུས་ཀྱི་ལྟེ་བར་ཁཾ་གི་ས་བོན་ལྗང་སྔོན་ནོ། །དེ་བཞིན་དུ་གསང་བར་ཡེ་ཤེས་ཀྱི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས་པ་མདོག་སྣ་ཚོགས་པའོ། །དེའི་དབུས་སུ ་ཧོ་དཀར་པོ་དང་དམར་པོར་སྣང་བའོ། །དེ་ལྟར་འཁོར་ལོ་དྲུག་ལ་རིམ་པ་བཞིན་རྣམ་པར་སྣང་མཛད་དང། མི་བསྐྱོད་པ་དང། འོད་དཔག་མེད་དང། དོན་ཡོད་གྲུབ་པ་དང། རིན་ཆེན་དབང་པོ་དང་རྡོ་རྗེ་སེམས་དཔའ་ཨོ། །དེ་བཞིན་དུ་ཁམས་ཀྱི་དབྱེ ་བས། སྤྱན་མ་དང། མཱ་མ་ཀཱི་དང། གོས་དཀར་མོ་དང། སྒྲོལ་མ་དང། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང། བདག་མེད་མའོ། །དེ་རྣམས་ཀྱི་དབུས་སུ་རྩ་གསུམ་སྟེ། ལ་ལ་ནཱ་དང། ར་ས་ནཱ་དང། ཨ་བ་དྷཱུ་ཏཱི ་རྣམས་སོ། །དེའི་ཕྱིར་ཡུངས་ཀར་ཞེས་པ་ནི་འཁོར་ལོ་ལྔའི་ནང་དུ་ཆུད་པའི་ལུས་དང་ངག་དང་སེམས་ཀྱི་བདག་ཉིད་རྩ་གསུམ་མོ། །དེའི་ནང་ནས་ཀྱང་བྱང་ཆུབ་ཀྱི་སེམས་འཛག་པ་ནི་ཨ་བ་དྷཱུ་ཏཱི་ཞེས་བྱ་སྟེ། སེམས་ཀྱི་གཟུགས་ཡིན ་པའི་ཕྱིར་རོ། །གང་ཕྱིར་ཆོས་རྣམས་ཐམས་ཅད་ལ། སེམས་ཀྱིས་ཁྱབ་པར་བྱེད་པའི་ཕྱིར་ཞེས་གསུངས་པའི་ཕྱིར། དེ་ལྟར་ཡི་གེ་གསུམ་གྱི་ངེས་པའི་ཚིག་བསྟན་པའི་ཕྱིར། ཡུངས་ཀར་ཞེས་གསུངས་ཏེ། སར་ཥ ་བ་ཞེས་པའི་ཡི་གེ་དབུས་མ་ཕྱི་བའི་ཕྱིར་སརྦ་ཞེས་འབྲེལ་ཏོ། །དེ་ལྟར་སརྦ་བི་ལྟར་ཞེས་གསུངས་པའི་ཕྱིར་རོ། །སྦོམ་པོ་ཞེས་པ་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྣམས་ལ་ཁྱབ་པར་བྱེད་པའོ། །ཚད་ཙམ་ཞེས་པ་ནི་ཨ་ཙམ་མོ། །ཅི་ཕྱིར ་ཨའི་གུག་ཀྱེད་ཙམ་ཞེ་ན། དེ་ལྟར་ཡང་གསུངས་པ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག། དོན་ཆེན་ཡི་གེ་དམ་པ་སྟེ། །སྲོག་ཆེན་པོ་ནི་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པའོ་ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་རཱ་ཞེས་པ་ནི ་ཆགས་པ་ཆེན་པོའི་རང་བཞིན་ཡིན་པའི་ཕྱིར། ཧཎ་ཞེས་པ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ཀུན་རྫོབ་ཀྱི་རྣམ་པ་ཞེས་པའི་དོན་ཏོ། །གསང་བ་ཞེས་པ་ནི་འཁོར་ལོ་ལྔ་པོ་རྣམས་ཀྱི་བར་བར་དུ་ཁྱབ་པར་བྱེད་པ་ཉིད་ཀྱིས ་ན་གསང་བ་སྟེ། སྦས་པ་ཞེས་པའི་དོན་ཏོ། །དེའི་ཕྱིར་ཡེ་ཤེས་ཀྱི་འཁོར་ལོ་ཞེས་བརྗོད་དོ། །དེ་ལྟར་ཀུན་རྫོབ་དོན་དམ་པར་གསུངས་པར་འགྱུར་རོ། །དེ་བཞིན་དུ་འདིར་དོན་དམ་པ་བསྟན་པའི་ཕྱིར། དེའི་དབུས་ན་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། དེའི་ཞེས་པ་ནི་སྔོན་དུ་གསུངས་པའི་བདེ་བ་ཆེན་པོའི་དབུས་སུ་གནས་པའོ། །དེ་ཅི་ཞེ་ན། བྷ་ཞེས་པ་ནི། སྣང་བ་མེད་པའི་ཡེ་ཤེས་རང་བཞིན་གྱིས་འོད་གསལ་བའོ། །མི་གསལ་གསལ་བའི་རང་བཞིན ་ཅན་ཞེས་པ་ནི་དེ་ཉིད་ཡེ་ཤེས་ཆེན་པོ་སྟེ། སངས་རྒྱས་རྣམས་ཀྱི་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་དབང་པོའི་སྒོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའོ། །དེའི་ཕྱིར་མི་གསལ་བའོ། །དེའི་རང་བཞིན་ཉིད ་ཀྱི་ཕྱིར་གསལ་བ་སྟེ། དེས་ན་དེའི་རབ་བཞིན་ཞེས་པའི་དོན་ཏོ། །གུག་ཀྱེད་ཕྱེད་པ་མཆོག་ཕྲ་བ། །ཐིག་ལེའི་གཟུགས་ཅན་ཡིད་ལྟ་བུ་ཞེས་པ་ནི་འདིར་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་ཕྱིར་རོ། །གུག་ཀྱེད་ཕྱེད་པ་ཞེས་པ་བསྒོམ ་པ་རྟོགས་པས་མཐོང་བའི་རྣམ་པ་ཙམ་གྱི་སྒྲ་ཞེས་པའི་དོན་ཏོ། །ཕུལ་དུ་བྱུང་བས་ན་མཆོག་གོ། ཕྲ་བ་ཞེས་པ་ནི་དམིགས་པ་དང་བྲལ་བས་སོ། །ཐིག་ལེ་ཞེས་པ་ནི་ཡི་གེ་ལྟ་བུའོ། །གང་གི་ཕྱིར་མི་འཇིག་པའི་ཕྱིར་ཡི་གེ་སྟེ། རྩའི ་ཁོང་སྟོང་ནས་སྟེང་དུ་འགྲོ་བའི་ཕྱིར་འཛག་པའི་ཡེ་ཤེས་ཀྱི་བདུད་རྩིའི་ཕ་རོལ་ཏུ་སོན་པ་ཞེས་པའི་དོན་ཏོ། །རྟག་ཏུ་སྙིང་གི་དབུས་ན་གནས། །གཟི་བྱིན་ཆེན་པོའི་འོད་བཞིན་ལྡན་ཞེས་གསུངས་པ་ལ། འདིར་སྙིང་ཞེས་པ་ནི་སྙིང ་པོའི་དོན་ཏོ་འོན་ཀྱང་དབུས་མ་ཨ་བ་དྷཱུ་ཏཱི་ལ་བརྟེན་པའི་སེམས་སོ། །དེ་ཡང་དབང་པོ་དང་བྲལ་བ་སྟེ། སྒོ་དགུ་འགོག་པའི་ཕྱིར། །དེའི་ཕྱིར་སྤྱི་གཙུག་ལ་སོགས་པ་ལས་འོངས་པའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་དེའི་དབུས་སུའོ། །རྟག ་ཏུ་གནས་ཞེས་པའི་ནི་ཆོས་ཀྱི་སྐུའོ། །དེའི་གཟི་བརྗིད་ཆེན་པོ་ནི་ཆོས་ཐམས་ཅད་སྣང་བ་སྟེ་ཡེ་ཤེས་དང་ཤེས་བྱ་དག་གཅིག་ཅིང་སྟོང་པ་དང་སྙིང་རྗེ་གཉིས་མེད་པའོ། །དེ་བཞིན་དུ་འོད་ལྡན་ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། བྱམས ་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཀྱི་རང་བཞིན་བསམ་གཏན་བཞིའི་བདག་ཉིད་དོ། །ཡང་ན་སྣང་བ་བཞིའི་བདག་ཉིད་དེ། །དེ་ཡང་སྣང་བ་དང་སྣང་བ་མཆེད་པ་དང་སྣང་བ་ཐོབ་པ་དང་འོད་གསལ ་བའོ། །དེ་ནི་འོད་ཟེར་བཞི་ཞེས་པའི་དོན་ཏོ། །བཅུ་གཉིས་མཛའ་དང་དགུ་ཡི་མཛའ་། །རྐང་པ་ནས་ནི་སྤྱི་མཛའ་ཐུག་ཅེས་པ་ནི་འདིར་སྔོན་དུ་གསུངས་པའི་ཡེ་ཤེས་ལྔའི་རང་བཞིན་དབུགས་ཏེ། དེ་ཡང་དཀྱིལ་འཁོར་ལྔའི་རང་བཞིན ་གྱིས་རབ་ཏུ་རྒྱུ་བ་རྟོགས་པར་བྱའོ། །འདིར་གཡོན་དང་གཡས་ཀྱི་སྣའི་བུ་ག་དག་ལས་སྤྲོ་བ་དང་སྡུད་པའི་དབྱེ་བས་དཀྱིལ་འཁོར་ལྔ་ལྔ་རྒྱུ་བར་འགྱུར་ཏེ། གཡོན་ནས་ནམ་མཁའ་ལ་སོགས་པའོ། །དེ་བཞིན་དུ་གཡས་ནས་ས་ལ ་སོགས་པའོ། །དེ་ལྟར་དཀྱིལ་འཁོར་བཅུ་རྒྱུ་བའི་རིམ་པས་སྲོག་གི་རླུང་དུ་བརྗོད་དེ། དེ་ཡང་ཡེ་ཤེས་ལྔའི་བདག་ཉིད་ཅེས་པའི་དོན་ཏོ། །དེ་ལྟར་ཡང་འདུས་པ་ཕྱི་མ་ལས་བཅོམ་ལྡན་འདས་ཀྱིས། །ཡེ་ཤེས་ལྔ་ཡི་རང་བཞིན ་དབུག། ཡུངས་ཀར་སྤོམ་པོའི་ཚད་ཙམ་སྟེ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་རིག་པས་རྟག་ཏུ་བསྒོམ་ཞེས་གསུངས་སོ། །དེ་ཉིད་འཆད་བཞིན་པ་ལས་བཤད་པར་བྱའོ། །དེ་བཞིན་དུ་འདིར་བཅུ་གཉིས་མཛའ་ཞེས་པ་ནི་འདིར ་དབུགས་དབྱུང་བ་དང་འཇུག་པའི་སྦྱོར་བ་དག་ལས་གང་གི་ཕྱིར་འགྲོ་བའི་སྲོག་དེ་ནི་སོར་བཅུ་གཉིས་ཀྱི་ཚད་ཙམ་དུ་འབྱུང་ངོ། །དགུའི་མཛའ་ཞེས་པ་སྲོག་དེ་ཉིད་འཇུག་པའི་ལམ་ནས་སོར་གསུམ་མི་ཚད་པར་འགྱུར་རོ། །རྐང་པ་ནས ་ནི་སྤྱི་མཐར་ཐུག་ཅེས་པ་ནི་སྤྱི་གཙུག་ནས་མཐེ་བོའི་བར་དུ་བླ་མའི་མན་ངག་གིས་ཚུལ་གྱིས་གཞུའི་རྣམ་པ་ལྟ་བུ་ནི་གུག་ཀྱེད་ཕྱེད་པའོ་ཞེས་བརྗོད་པའི་ཕྱིར་བརྟན་པ་ལས་ནི་ཁྱབ་པར་བྱེད་དོ། །དེའི་ཕྱིར་འགོག་པར་བརྗོད་དོ། །ཡང་ན ་མགྲིན་པ་ནས་དཔྲལ་བ་དང་མགོ་བོའི་མཚམས་ཀྱི་མཐར་ཐུག་པ་ནི་ཕྱིའོ། །ནང་དུ་དེ་ཙམ་དུ་སྲོག་འགྲོ་བའི་ཕྱིར་བཅུ་གཉིས་ཀྱི་མཛའ་ཨོ། །སླར་ལ་དེ་ཉིད་སྨིན་མའི་དབུས་ནས་མགྲིན་པའི་མཐར་ཐུག་པར་འོང་བ་དེ་ནི་དགུའི་མཛའ་ཨོ། །དེ་བཞིན་དུ་ཡང ་གསང་བ་དང་ལྟེ་བ་དང་སྙིང་གའི་འཁོར་ལོ་རྣམས་སུ་སྔོན་དུ་གསུངས་པའི་རིགས་པས་རྣལ་འབྱོར་གྱི་ལམ་ལ་དགའ་བའི་རྣལ་འབྱོར་པས་ཐུན་ཚད་ཀྱིས་དུས་ཀྱི་ཁྱད་པར་གྱིས་སམ། །ཡང་ན་རྒྱུན་མི་འཆད་པར་གོམས་པ་བཅུ་གཉིས་ཀྱི ་མཛའ་དང་དགུའི་མཛའ་ཉེ་བར་མཚོན་པར་བྱའོ། །དེའི་ཕྱིར་ཇི་སྐད་དུ་གསུངས་པ་དེ་ལ་དེ་སྐད་ཅེས་བྱའོ། །འཁོར་ལོ་འདི་རྣམས་ཀྱི་བསྒོམ་པའི་ཁྱད་པར་གསུངས་པ། སྣལ་མ་གཅིག་ནི་ཡང་དག་འབྱུང་ཞེས་བྱ་བ་ལ་སོགས་པ་ལ། ཆ་ལྔ་པའི ་ཚད་དང་ལྡན་ཞེས་པ་ནི་འདིར་སྔོན་དུ་གསུངས་པའི་ཧའི་གདན་ཨུའི་མིང་ཅན་ནོ། །འོན་ཀྱང་ཀླུ་དབང་རྣམ་པར་རབ་རྒྱས་པ་ཞེས་པ་ལྟེ་བའི་སྟེང་དུ་ཁུང་དུ་འཁྱིལ་བའི་རྣམ་པ་སྐོར་ཕྱེད་དང་བཞིའི་བདག་ཉིད་དེའི་སྣལ་མ་གཅིག་ཡང་དག་པར་བྱུང་ཞིང ་སྤྱི་གཙུག་གི་མཐར་ཐུག་པར་སོང་བའོ། །དེ་ཡང་གཏུམ་མོ་ཞེས་བརྗོད་དེ། །གང་གི་ཕྱིར་ལྟེ་བར་གཏུམ་མོ་སྦར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང། །སྤྱན་མ་ལ་སོགས་པ་ནི་བསྲེགས། །བསྲེགས་པས་རི་བོང་ཅན་ཧཾ་འཇིག་ཅེས་བཅོམ ་ལྡན་འདས་ཀྱིས་གསུངས་སོ། །ཆ་དེ་ཡང་ནི་ཕྱད་ནས་སུ། །རྡོ་རྗེ་དབུས་སུ་ངེས་པར་བྱུང་ཞེས་པ་ནི། །ཀླུ་དབང་ལས་བྱུང་བ་སྣལ་མ་གཅིག་པོ་དེ་མི་ཤིགས་པ་རྡོ་རྗེ་སེམས་དཔའ་ལ་འཁྱུད་ཅིང་རོ་གཅིག་པར་བྱས་པ་བུམ་པ་གང་བ་བཞིན ་བདུང་རྩིའི་རྒྱུན་འཇག་པའོ། །དེའི་ཕྱིར་ཡང་འོངས་ཏེ། གང་གི་ཕྱིར་ཛཱ་ལན་དྷ་རའི་སྒོ་རུ་སོང་ནས་ཨོ་ནྱན་གྱི་སྒྲོར་ཡང་འོང་བའོ། །དེའི་ཕྱིར་དབྱེར་མེད་ཅིང་གཅིག་ཏུ་འདྲེས་པར་འགྱུར་རོ། །རྡོ་རྗེའི་དབུས་སུ་ཞེས་པ་ནི། དེ་བཞིན་དུ་ཨ་བ་དྷཱུ ་ཏཱིའི་དབུས་སུ་རྩ་གཉིས་བྱུང་བའི་ཕྱིར་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཁོང་སྟོང་གཉིས་ཏེ། དེ་ལྟར་ཨ་བ་དྷཱུ་ཏཱིར་སྟེང་དད་འོག་ཏུ་འབབ་པ་གཉིས་སོ། །དེའི་ཕྱིར་རྡོ་རྗེ་ཞེས་བརྗོད་དེ། གང་གི་ཕྱིར་སེམས་རྡོ་རྗེ ་རྡོ་རྗེ་དེར་སོང་ནས་རྡོ་རྗེ་དེ་ལ་ཡང་འོང་བའི། །དེ་བཞིན་དུ་དབུས་སུ་ངེས་བར་བྱུང་སྟེ། ཞིག་ནས་སླར་ཡང་སྙིང་རྗེ་ཆེན་པོའི་དབང་གིས་རང་རིག་པ་སྐྱེའོ། །ཕྱག་རྒྱ་ཆེན་པོ་བདེ་བའི་དབང་གིས་དམ་ཚིག་གི་ཕྱག་རྒྱ་ཞེས་བརྗོད་དེ། ལོང་སྤྱོད ་རྫོགས་པའི་སྐུའི་ཁྱད་པར་ཅན་ཞེས་པའི་དེན་ཏོ། །ཇི་ལྟར་སངས་རྒྱས་ཐམས་ཅད་ཀྱི་འདུས་པའི་དུས་དེས་ཆོས་ཐམས་ཅད་འདུས་པའོ། །དམ་ཚིག་དང་ཆོས་འདི་དག་གི་ཕྱག་རྒྱ་སྙོམས་པར་འཇུག་པ་དེ་ནི་དམ་ཚིག་གི་ཕྱག་རྒྱའོ། །འདི་དག ་གི་རང་ཀྱི་མཐར་ཐུག་པའི་ཕྱག་རྒྱ་ཆེན་པོ་ཐོབ་པ་ནི་རྡོ་རྗེ་སེམས་དཔའ་ཞེས་བརྗོད་དོ། །འདི་གསུངས་པ། རྡོ་རྗེ་མི་ཕྱེད་ཅེས་གསུངས་པ། སྲིད་གསུམ་གཅིག་པ་སེམས་དཔའ་ཨོ། །ཤེས་རབ་རིགས་པ་འདི་ཡིས་ནི། རྡོ་རྗེ་སེམས་དཔའ་ ་ཞེས་སུ་བརྗོད་ཅེས་སོ། །ས་བོན་སྐྱེ་གནས་དབུས་སུ་གནས་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་སྔོན་དུ་གསུངས་པའི་ཨོ་ནྱན་གྱི་སྒོ་ལས་ཡང་འོངས་བའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་སྐྱེ་གནས་དབུས་སུ་གནས་པ་ཞེས་པ་ལྟེ ་བའི་དབུས་སུ་གནས་པའོ། །ས་བོན་ཞེས་པ་ནི་ཇི་ལྟར་དངུལ་ཆུ་བསད་པ་དང་གཟགས་པའི་རིམ་པས་བསད་པ་དང་འཛག་པས་ལས་བྱེད་དེ་བརྒྱ་སྟོང་ཕྲག་དུ་མ་དང་སྲིད་གྲངས་མེད་པར་འབྱེད་དོ། །དེ་བཞིན་དུ་འདིར་ཡང་རྫོགས་པའི་རིམ ་པས་ས་བོན་གྱིས་བཟུགས་སུ་གནས་པ་ནི་ཡེ་ཤེས་ཆེན་པོ་ཞེས་པའི་དོན་ཏོ། །དེ་ཆོས་ཀྱི་དབྱིངས་སུ་ཞུ་བར་བྱས་ཤིང་ཀུན་གཞི་རྣམ་པར་ཤེས་པ་ལ་ཐིམ་པར་གྱུར་ཅེས་པའི་དོན་ཏོ། །མ་རིག་པ་ལ་སོགས་པའི་སྒྲིབ་པ་ཟད་པར་ངེས ་བར་གསུངས་པའི་ཚིག་གོ། དེ་ལྟ་དངུལ་ཆུ་བཞིན་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པ་གསད་ཅིང་དེ་བཞིན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་བཅུ་གཉིས་དང། དེ་བཞིན་དུ་ལས་ཀྱི་དབང་པོ་དྲུག་དང་དེའི་བྱ་བ་དྲུག་ཀྱང་གསང་ཅེས་པའི་དོན ་ཏོ། །འདིར་ནི་རང་དབང་ཐོབ་པའི་དེ་བཞིན་གཤེགས་པར་འགྱུར་རོ། །རང་དབང་ཐོབ་པ་དེ་ནི་གང་དང་གང་དུ་འགྲོ་འདོད་པ་དེ་དང་དེར་འགྲོ་བར་འགྱུར་ཏེ། གཞན་དུ་ནི་མ་ཡིན་ནོ། །དེ་བཞིན་དུ་དེའི་རིམ་གྱིས་འཕོ་བར་འགྱུར་ཞེས་པ་ན་ཏིང་ངེ་འཛིན ་ལ་གནས་པས་ཡེ་ཤེས་ཀྱི་དབང་གིས་སྒོ་དགུ་ནས་གང་དུ་འདོད་པ་དེར་འཕོ་བར་བྱེད་དེ། དེ་ཡང་མིག་ལ་སོགས་པའི་སྐྱེ་མཆེད་ཀྱི་སྒོ་ནས་འགྲོ་བའི་དོན་ཏོ། །འོན་ཀྱང་ཇི་ལྟར་སྒྲ་བརྙན་དང་སྣ་ཚོགས་ནོར་བུ་བཞིན་སྔོན་གྱི་དངོས་ལོས ་སོ། །ཐམས་ཅད་དུ་ཞེས་པ་ནི་རྣམ་པ་ཐམས་ཅད་ཀྱིས་སོ། །ཚངས་པའི་མེ་ནི་འདི་དེ་བཞིན་ཞེས་པ་ལ། མེ་ཞེས་པ་ནི་ཆགས་པ་ཆེན་པོའོ། །དེས་ནི་ཚངས་པ་ཞེས་པ་ནི་སངས་རྒྱས་སོ། །འདི་ཞེས་པ་ནི་རང་གིས་གནས་ཀྱི་སེམས་རྟོགས་པའི་ཕྱིར ་རོ། །དེ་བཞིན་ཞེས་པ་ནི་མཆོག་གི་གོ་འཕངས་རྟོགས་པའི་ཕྱིར་ཚངས་པ་འམ། རང་བཞིན་གྱིས་སྡུད་པའི་ཕྱིར་མེ་སྟེ། གཏུམ་མོ་ཞེས་པའི་དོན་ཏོ། །ཡང་ན་མེ་ཞེས་པ་ནི་དུས་མེ་སྟེ་དབང་པོ་ཐམས་ཅད་བསྲེགས་པའི་ཕྱིར་རོ། །དེའི་ཚེ་ཕྱིར ་ཚངས་པ་འདི་ནི་བདག་མེད་པའི་དེ་ཁོ་ན་ཉིད་རིག་པའོ། །དེ་བཞིན་གཤེགས་པ་ནི་འཆང་བཞིན་པའི་སྒོའི་དབྱེ་བ་ལས་སོ། །འདིར་སྒོའི་དབྱེ་བས་གསུངས་པ། ས་ཞེས་བྱ་བ་ལ་སོགས་པ་ལ། འདིར་སྒོ་དགུ་རྣམས་ལ་པུ་ག་བཅུ་དྲུག་ཉིད་དུ ་འགྱུར་ཏེ། འདི་རྣམ་པ་ལ་དཀུ་ནི་གསལ་ལོ། །དེ་བཞིན་དུ་བདུ་ནི་མི་གསལ་བ་སྟེ། དེ་ཡང་རིམ་ལ་བཞིན་མགྲིན་པར་གཉིས་དང། དེ་བཞིན་དུ་དཔུང་པའི་རྩ་བ་དག་དང། སྙིང་ག་དང། ལྟེ་བུའི་རྩ་བ་དག་དང་དེ་བཞིན་དུ་ཁུ་བའི་བུ་གའོ། །འདི་རྣམས་ཀྱི་དགག ་པའི་ཕྱིར་རང་བཞིན་གྱིས་གྲུབ་པའི་ས་བོན་གྱི་ཡི་གེ་རྣམས་བརྗོད་དོ། །དེ་ལ་སའི་ས་བོན་གཉིས་ཞེས་པ་ནི་སྤྱིལ་ལཱའི་ས་བོན་གཉིས་སོ། །དེ་བཞིན་དུ་རླུང་གིས་བོན་ཡ་ཡཱའོ། །ནམ་མཁའ་ཨི་ཧ་ཧའོ། །སོགས་པའི ་སྒྲས་ནི་མེའི་ས་བོན་ར་རཱའོ། །བདུད་རྩིའི་ཀྵཾ་ངོ། །ཆུའི་ནི་པཾ་ངོ། །འཕྱང་བ་དག་གི་ཨུ་ཨའུའོ། །གློ་བཱི་ཧཱུཾ་ཧུའོ། །སྙིང་གི་གོང་བུའི་ཧུའོ། འཁྱིལ་བ་ཅན་གྱི་ཨ་ཨཱའོ། །ངེས་པའི་ཚིགས་ཅན་གྱི་ཡི་གེ་གསུངས་པ། ཨ་ཨི་རི་ཨུ་ལི་ཞེས་པ་ནི་ནམ་མཁའ་ལ་སོགས ་པོའོ། །དེ་ལྟར་ཡང་གསུངས་པ། ཨ་ཀུ་ཧ་ཀཾ་ཆེ་ག་དྲག་མགྲིན་པ་ཅན་ཞེས་པ་ནི་ནམ་ཁའི་བདག་ཉིད། ཨི་ཙུ་ཡ་ཤ་རྐན་ཅན་ཞེས་པ་ནི་རླུང་གི་བདག་ཉིད་དོ། །རི་ཊུ་ར་ཥ་མེ་སྟེ་སྤྱི་བོ་ཅན་ཞེས་པ་ནི་མེའི་བདག་ཉིད་དོ། །ུ་པུ་ཝ་བ་མ་ཆུ་ཅན་ཞེས ་པ་ནི་ཆུའི་བདག་ཉིད་དོ། །ལི་ཏུ་ལ་ས་སོ་ཅན་སའི་བདག་ཉིད་དུ་འགྱུར་ཞེས་པའི་རིགས་པས་སོ། །དེའི་ཕྱིར་ས་ལ་སོགས་པའི་ས་བོན་རྣམས་བརྗོད་དེ། ལི་ལཱི་ཨི་ཨའི་ཨཾ་ཨ(རྒྱུད་འགྲེལ་གཏུམ་མོ་དང་དྲག་མོ་ལ་སོགས་པའི་ས་བོན་རྣམས་གཞན་དུ་གོ་སླ་བ་ཉིད་ཀྱི་ཕྱིར་མ་བྲིས་སོ། །དེ་ལྟར་འདི་རྣམས་ཀྱི་ས་བོན་རྣམས་བསམས་པར་བྱ་སྟེ། རིམ་པ་བཞིན་དེས་པར་གཟུང་སྟེ། བསམ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ས་བོན་དེ་རྣམས ་ལ་སྲོག་དང་ཐུར་སེལ་འགོག་པས་དབང་པོ་ཐམས་ཅད་དང་མིག་ལ་སོགས་པ་ཡང་ཐིམ་པར་བྱའོ། །བདུད་རྩི་ཞེས་པ་ནི་གསང་བའོ། །སོགས་པའི་སྒྲས་ནི་དྲི་ཆེན་དང་དྲི་ཆུའི་བུ་ག་དག་གཟུང་ངོ། །དབང་ཕྱུག་གཙོ་ཞེས་པ་ནི་བསྲུབ་ཅིང ་བསྲུང་བའི་སྦྱོར་བས་གཉིས་དང་རྐན་གཉིས་ཀྱི་བདག་ཉིད་བདེ་བ་སྟེ། འཇིག་རྟེན་དབང་ཕྱུག་ཅེས་པའི་དོན་ཏོ། །མགྲིན་པར་ཞེས་པ་ནི་ལྕེ་ཆུང་གཉིས་སོ། །དཔུང་བར་ཞེས་པ་ནི་དཔུང་བའི་བུ་གའི་རྩ་བ་ནས་མཆན་ཁུང་གི་ལམ་དུ ་སོང་ཞིང་གློ་བའི་མཐར་ཐུག་པར་སྲོང་བའོ། །སྙིང་གའི་ཕྱོགས་སུ་བསྐྱོད་པ་ཞེས་པ་ནི་པདྨའི་རྩ་བའི་སྣལ་མ་ལྟ་བུའི་རྩ་དེས་མདུད་པས་མདུད་པ་ཐམས་ཅད་དུ་ཁྱབ་པ་སྟེ། མགོ་བོ་དང་ལག་པ་དང་རྐང་པ་ལ་སོགས་པའི་སོར་མོ་རྣམས་སུ ་ཡང་ཁྱབ་པའི་དོན་ཏོ། །ཕྱུགས་ཞེས་པ་ནི་འདིར་གསུངས་པ། གང་དུ་སྐྱེས་པའི་ཕྱུགས་ཐམས་ཅད། ཁུ་བ་ལྷུང་བའི་རྒྱུ་ཡིས་ནི། གསང་བའི་གནས་སུ་འདི་གསལ་ཏེ། །རང་ཉིད་སེམས་ནི་མེད་པར་འགྱུར། །གང་གི་ཕྱིར་པ་དང་མ་ཡང་དག ་པར་སྦྱོར་བས་ཀུན་གཞི་རྣམ་པར་ཤེས་པ་དང་ལྷན་ཅིག་བརྒྱལ་བརྒྱལ་བ་དེའི་ཕྱིར་དོན་མེད་པ་བྱེད་པ་དེའི་ཕྱིར་ཕྱུགས་ཞེས་བརྗོད་དོ། །དེ་བཞིན་དུ་ཁུ་བ་དང་བུ་གའི་གནས་དེ་དག་བསད་པ་འདིར་ཆགས་པ་དང་བྲལ་བ་སྐྱེས་པའི་དོན་ཏོ། །ལྟེ་བའི་རྩ ་བར་ཞེས་པ་ནི། གསང་བ་དང་ལྟེ་བ་དག་ཏུ་གཟུང་བའི་ཕྱིར་གཉིས་གཉིས་དང་བྲལ་བའི་སྦྱོར་བསྐྱེ་བར་འགྱུར་རོ། །ཡན་ལག་བརྒྱད་ཀྱི་ཞེས་པ་ནི་སྔོན་དུ་གསུངས་པའི་ཡན་ལག་བརྒྱད་ཀྱི་ས་བོན་རྣམས་སོ། །ཡན་ལག་ནི་མིག་ལ་སོགས་པའི ་སྐྱེ་མཆེད་རྣམས་སོ། །དེའི་ས་བོན་ནི་རྣམ་པར་ཤེས་པ་དང་དབང་པོའོ། །དེའི་འགོག་པ་ནི་ཚོགས་ཡན་ལག་བརྒྱད་དུ་དགོད་པའོ། །དེ་ལྟར་ས་བོན་དང་ཡན་ལག་ཏུ་གཟུང་བས་སོ། །ཚོགས་ཞེས་པ་ནི་སྔོན་དུ་གསུངས་པའི་རིགས་པས་སོ། །སླར ་ཡང་འབྲས་བུ་དང་རྒྱུའི་ཏིང་ངེ་འཛིན་དང་འབྲེལ་བའི་ཕྱིར་རབ་ཀྱི་མཐར་སོན་ཅིང་ནང་ལ་གནས་པའི་རྣལ་འབྱོར་པ་རྣམས་ཀྱི་ཕྱིའི་རྟེན་བསྟན་པའི་ཕྱིར་འགྲོ་བ་ཀུན་ལ་ཁྱབ་པ་པོ་ཞེས་བྱ་བ་ལ་སོགས་པ་ལ། ཁྱབ་པ་པོ་ཞེས་པ་ནི་རང་རིག་པའི་ཡེ ་ཤེས་ཀྱི་བདག་ཉིད་ཀྱི་སེམས་སོ། །འགྲོ་བ་ཞེས་པ་ནི་ཁམས་གསུམ་པའི་འགྲོ་བ་རྣམས་སོ། །ཀུན་ཞེས་པ་ནི་སྒོ་ང་ལས་སྐྱེས་པ་དང། མངལ་ནས་སྐྱེས་པ་དང། དྲོད་གཤེར་ལས་སྐྱེས་པ་དང། བརྫུས་ཏེ་སྐྱེས་པའོ། །བརྟན་པ་ཞེས་པ་ནི་ཤིང ་ལ་སོགས་པ་དང། རི་དང་འབྱུང་བ་ཆེན་པོ་བཞི་ཡང་གཟུང་ངོ། །གཡོ་བར་བཅས་པ་ནི་རྐང་གཉིས་པ་དང་རྐང་བཞི་པ་ལ་སོགས་པའི་སེམས་ཅན་དེ་རྣམས་ལ་ཡང་ཁྱབ་པར་འགྱུར་རོ། །དེའི་བརྟེན་དུ་གྱུར་པ་ཡིན ་ཞེས་པ་ནི་ཁྱབ་བྱ་དང་ཁྱབ་པར་བྱེད་པའི་ཤེས་བྱ་ལ་སོགས་པའི་སྒྲིབ་པ་སྤོང་བའི་སྟོབས་བཅུ་དང། མི་འཇིགས་པ་བཞི་ལ་སོགས་པའི་ཡོན་ཏན་དང་ལྡན་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་ལྡན་པ་ཡན་ལག་བཅུ་གཉིས ་སྤོང་པ་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱིས་ཆོས་རྣམས་ཡང་དག་པར་རྗེས་སུ་རྟོགས་པ། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྫོགས་པ། ལུས་དང་ངག་དང་སེམས་གསུམ་གྱི་དྲི་མ་དང་བྲལ་བ་བདག་དང་བདག་གི་དང། གཟུང་བ་དང་འཛིན་པའི་དངོས ་བོ་དང་བྲལ་བ་བྱམས་པ་ལ་སོགས་པའི་གནས་རབ་ཏུ་སྐྱོང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དེའི་རྟེན་དུ་འགྱུར་ཏེ། དེ་བཞིན་དུ་ཚངས་ལྷ་དང་ལྷ་མིན་གྱི་ཡང་ངོ། །སོགས་པའི་སྒྲས་ནི་ཁྱབ་འཇུག་དང་དྲག་པོ་དང་མི་དང་མི་མ་ཡིན་པ་ལ་སོགས ་པ་བསྡུའོ། །དེ་ལྟར་ཁྱབ་བྱ་དང་ཁྱབ་བྱེད་ཉམས་སུ་མྱོང་བས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཉེ་བར་མཚོན་པར་བྱའོ། །གཙོ་བོ་གང་དུ་སྤྱོད་པ་ཡི། །གནས་ནི་བྷ་ག་ཞེས་སུ་གསུངས་ཞེས་པ་ནི་གནས་ནི་གནས་ཤེས་བརྗོད་དེ། དེ་ལ་ཡང་ཕྱི་དང་ནང་གི ་གཟུགས་ཅན་ནོ། །དེ་ལ་ནང་གི་ནི་ལུས་ལ་གནས་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོ། །རྩ་དེ་ལ་བྷ་ག་ཞེས་བརྗོད་དེ། །དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །རྩ་དེ་རྣམས་ལ་གཙོ་བོ་གང་དུ་སྤྱོད་པ་ཞེས་པ། ་སྲོག་གི་རླུང་ཡེ་ཤེས་ཀྱི་བདག་ཉིད་རྒྱུ་བ་སྟེ། དུས་ཀྱི་ཁྱད་པར་དང་འཕོ་བཅུ་གཉིས་ཀྱི་དབྱེ་བས་ཞེས་པ་ནི་མདོར་བསྡུས་པའོ། །འོན་ཀྱང་རྩའི་དབྱེ་བས་སྟོང་ཕྲག་བདུན་ཅུ་རྩ་གཉིས་བརྗོད་དོ། །ཅིའི་ཕྱིར་ཞེ་ན། འཕོ་བའི་ཕྱིར་ན་འཕོ་བ ་ཞེས་བརྗོད་དོ། །འདིས་ནི་ཉི་ཁྲི་ཅིག་སྟོང་དྲུག་བརྒྱའི་སྲོག་རྒྱུ་བའི་ཕྱིར་ཞེས་པ་བསྟན་ཏོ། །ཡང་ན་རྩ་ཇི་ལྟར་བ་བཞིན་དེའི་ཆད་ཀྱི་རྣལ་འབྱོར་མ་རྣམས་སོ། །དེ་བཞིན་དུ་གནས་དང་ཉེ་བའི་གནས་དང་ཞིང་ལ་སོགས་པ་རྟོགས་པར་བྱའོ། །ཇི ་ལྟར་ཕྱི་རུ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣ་ཚོགས་པའི་འཇིག་རྟེན་གྱི་ཁམས་རྣམས་ཤར་དང་ནུབ་དང་ལྷོ་དང་བྱང་དང་འོག་དང་སྟེང་དུ་འཕྱང་བར་གནས་ཏེ། སླར་ཡང་དེ་རེ་རེ་ལ་ཡང་དེ་ལྟར་འགྱུར་རོ། ། ་འདི་དག་ཐམས་ཅད་ནི་ཁམས་གསུམ་པའོ། །དེ་བཞིན་དུ་ནང་དུ་རྩིའི་དབྱེ་བས་གནས་དང་ཉེ་བའི་གནས་ལ་སོགས་པ་རྟོགས་པར་བྱའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྤུལ་པའི་སྐུའི་མཚན་བསྟན་པར་འགྱུར་ཏེ། དེས་འགྲོ ་བའི་དོན་བྱེད་པའི་བྱ་བ་ལ་ཡང་དག་པར་ཉེ་བར་སྤྱོད་པར་འགྱུར་རོ། །ཇི་སྲིད་ལུས་ལ་གནས་ཀྱི་བར། །དེ་ཡིས་ལས་དང་ལས་མིན་འགྱུར་ཞེས་པ་ནི་འདིར་སྤྱིར་སེམས་ཅན་རྣམས་ཀྱི་ལུས་ལ་ལུས་དང་ངག་དང་སེམས་ཀྱི་བདག་ཉིད ་ཀྱི་ལས་ཀྱིས་འཁོར་བར་འཆིང་སྟེ། དེ་ཡང་ལས་ནི་གཉིས་ཏེ་དགེ་བ་དང་མི་དགེ་བའོ། །སེམས་ཅན་རྣམས་ནི་རྣམ་པ་གསུམ་དུ་འགྱུར་རོ། །དེ་ཅི་ཞེ་ན། གསུངས་པ། དགེ་བའི་ལས་དང་མི་དགེ་བའི་ལས་དང་འདྲེས་པའི་ལས་སོ། །དེ ་ལྟར་གང་དག་དགེ་བཅུའི་ལས་ཀྱིས་ལམ་རྣམས་ལ་ཆགས་པ་དེ་དག་ནི་དགེ་བའི་ལས་ཅན་ནོ། །དེ་བཞིན་དུ་གང་དག་རིམ་པ་ལས་བཟློག་པ་ལ་ཆགས་པ་དེ་དག་ནི་མི་དགེ་བའི་ལས་ཅན་ནོ། །དེ་བཞིན་དུ་གཉིས་པོ་དེ་དག་གང་ལ་ཡོད་པ་ཞེས ་པ་དེ་དག་ཐམས་ཅད་འདྲེན་མ་ཅན་ནོ། །དེའི་ཕྱིར་ལུས་དང་ངག་དང་ཡིད་ཀྱི་ལས། །རང་བྱས་དགེ་དང་མི་དགེ་གང། །འཇིག་རྟེན་དེ་ཡིས་འབྲས་ལ་སྤྱོད། །བྱེད་པོ་གཞན་ནི་སུ་ཡང་མེད་ཅེས་གསུངས་སོ། །གང་གི་ཕྱིར་འཁོར་བ་ལས་དང ་ཉོན་མོངས་པ་དང་སྡུག་བསྔལ་བློ་བུར་བ་རྣམས་ཀྱིས་དང། རྟེན་ཅིང་འབྲེལ་པ་ཡན་ལག་བཅུ་གཉིས་ཀྱི་ཚུལ་གྱིས་འཁོར་བར་འཁོར་བར་འགྱུར་རོ། །ཅིའི་ཕྱིར་ན། ཇི་སྲིད་ཉེ་བར་ལེན་པའི་ཕུང་པོ་ལྔ་ལས་ཏེ། ལུས་ཞེས་པ་ནི་ལུས་དེ་ལ ་གནས་པའི་ཀུན་གཞི་རྣཾར་ཤེས་པ་ལ་སོགས་པའི་རྣམ་པར་ཤེས་པ་ཚོགས་བརྒྱད་དོ། །འོན་ཀྱང་ཀུན་གཞི་རྣམ་པར་ཤེས་པ་འབའ་ཞིག་ལས་འཇུག་པའི་རྣམ་པར་ཤེས་པ་དྲུག་དང་ཉོན་མོངས་པ་ཅན་གྱི་ཡིད་ཀྱང་སྐྱེ་སྟེ། སྔོན་གྱི་བག་ཆགས་ཀྱི་དབང ་གིས་སོ། །ཡང་དང་ཡང་ལས་ཀྱི་རྣམ་པར་སྨིན་པས་སེམས་བསྐྱེད་དེ། དེའི་ལས་དང་ལས་མ་ཡིན་པར་འགྱུར་ཏེ། མགལ་མེའི་འཁོར་ལོ་བཞིན་ནོ། །བློ་དང་ལྡན་པ་འམ་བྱང་ཆུབ་སེམས་དཔའ་ཨི་སྤྲུལ་པའི་སྐུའི་དབང་གིས་ལས་ཞེས་པ་ནི། ་སེམས་ཅན་སྣ་ཚོགས་པ་ཡོངས་སུ་སྨིན་པའི་ཕྱིར་ཆོས་སྟོན་ངོ། །གང་གི་ཕྱིར་སངས་རྒྱས་རྣམས་ཀྱི་གང་ཅི་ཡང་རུང་བའི་ངག་གི་ལས་དེ་ནི་ཆོས་སྟོན་པ་ལ་གནས་པ་ཞེས་གསུངས་པའི་ཕྱིར་རོ། །ལས་མིན་ཞེས་པ་ནི་སྟན་པ་དེ་སྒྲ་བརྙན་བཞིན ་ཏེ། རྐན་དང་ལྕེ་དང་མགྲིན་པ་དང་མཆུ་རྣམས་ཀྱིས་བརྗོད་པ་ནི་མ་ཡིན་ནོ། །དེའི་ཞེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་དེའིའོ། །འགྱུར་ཞེས་པ་ནི་ངེས་པར་རོ། །འོན་ཀྱང་ཇི་སྲིད་ལུས་ལ་རྣམ་གནས་པར་ཞེས་པ་ནི། གང་དུ་དེ་བཞིན་གཤེགས ་པའི་ཆོས་སྟོན་པའི་དུས་སུ་འཁོར་འདུས་པ་དེ་ནི་འདིར་སྔོན་གྱི་ལས་ཀྱི་དབང་གིས་ཐེག་པ་གསུམ་ལ་མོས་པ་རྣམས་དང། བླ་ན་མེད་པའི་ཐེག་པ་ལ་གནས་པ་རྣམས་ཀྱི་རང་གི་སེམས་བསྐྱེད་པའི་དབང་གིས་སོ། །འདི་ཐམས་ཅད ་སེམས་ཀྱི་ནང་དུ་འདུས་ཤིང་སེམས་ཀྱང་ཐམས་ཅད་ཀྱི་ནང་དུ་འདུས་སོ། །དེའི་ཕྱིར་སྔོན་གྱི་ལུས་ལས་བྱུང་བའི་སེམས་ཅན་རྣམས་ཀྱི་ལུས་དེ་རྣམས་......་ཉིད་འཁོར་འདུས་པ་ཡིན་གྱི་གཞོན་ནི་མ་ཡིན་ནོ། །དེ་ལྟར་ཡང་བཅོམ ་ལྡན་འདས་ཀྱིས་ཐམས་ཅད་གསང་པའི་རྒྱུད་ལས་གསུངས་པ། རྣལ་འབྱོར་པ་དང་སེམས་ཅན་ཀུན། །འདོད་དང་མི་འདོད་དངོས་པོ་ཡིས། །ཉོན་མོངས་བག་ཆགས་ངེས་པས་བསྒོས། །ལུས་ཅན་ངེས་པར་འཁོར་བར་འགྱུར། །སེམས ་གང་སྡུག་བསྔལ་དེ་ཉིད་དེ། །ལུས་ཅན་གྱིས་ནི་ལུས་འབྱུང་ཕྱིར། །སེམས་དེ་སོ་སོར་རྟོགས་པ་ཡིས། །སྐྱེ་བོ་ཡིས་ནི་སྡུག་བསྔལ་གནོན། །རྣམ་པར་སྣང་མཛད་རྒྱལ་པ་མགོན། །སངས་རྒྱས་ཐམས་ཅད་གཅིག་འདུས་པ། །སེམས་ཅན་ཐམས ་ཅད་སངས་རྒྱས་ཉིད། །སངས་རྒྱས་སེམས་ཅན་སྒྲོལ་བྱེད་པའོ་ཞེས་བྱ་བ་ལ་སོགས་པས་རྟོགས་པར་བྱའོ། །ཡང་དེ་ཉིད་ལས་གསུངས་པ། །རང་སེམས་ཉིད་ནི་རྫོགས་སངས་རྒྱས། །རྟོགས་པར་བྱ་བའི་སེམས་ཉིད་དེ། །རང་སེམས་ཉིད་ནི ་བསང་བྱ་སྟོ། །སེམས་ནི་བསད་པར་བྱ་བ་ཡིན། །རྣལ་འབྱོར་པ་ནི་འབྱོར་འབྲེལ་ཕྱིར། །རེས་འགའ་ཨང་དངོས་པོ་འབྱུང་བ་མིན། །སངས་རྒྱས་གང་དེ་རྣལ་འབྱོར་པ། །སངས་རྒྱས་ང་རང་ཞེས་ནི་བསྒོམ། །མདོར་ནི་ཏིང་འཛིན་ཡེ་ཤེས་ནི། ། ་སངས་རྒྱས་ཉིད་དུ་འབྱུང་བ་ཡིན། །སངས་རྒྱས་རྣལ་འབྱོར་མ་གཏོགས་པར། །སངས་རྒྱས་རྣལ་འབྱོར་བས་མི་འཐོབ། །ཇི་ལྟར་ཕྲ་མོའི་དངོས་པོ་མཐོང། །དེ་ལྟར་དངོས་དང་དངོས་མེད་བསྒོམ། །དངོས་དང་དངོས་མེད་དངོས་པོ་ནི། །བསྒོམ་པ ་ཡོངས་སུ་བརྟགས་པ་ཉིད། །དངོས་པོ་བསྒོམ་པ་དངོས་པོ་མེད། །བསྒོམ་པ་ཉིད་ནི་བསྒོམ་པ་མིན། །དངོས་དང་དངོས་མེད་དག་གི་དངོས། །རང་གི་སེམས་ཀྱི་ལས་ནི་ཉིད། །སངས་རྒྱས་ཡུལ་ནི་སངས་རྒྱས་མིན། །སེམས་ཅན་ཡུལ་དུ་མི་འགྱུར་ཏེ། ་སངས་རྒྱས་རྟོགས་ལས་སངས་རྒྱས་མིན། །རང་སེམས་ཐུལ་བ་སངས་རྒྱས་ཉིད། །ཅེས་པ་ལ་སོགས་པས་རྟོགས་པར་བྱའོ། །དེའི་ཕྱིར་མེ་ལོང་གི་གཟུགས་བརྙན་བཞིན་དུ་སེམས་ཅན་རྣམས་ཀྱི་རང་གི་བདག་ཉིད་ཀྱི་དབང་གིས་སངས ་རྒྱས་མཐོང་བར་འགྱུར་གྱི། རིགས་གཞན་མེད་ཅེས་པའི་དོན་ཏོ། །དགེ་དང་མི་དགེ་གང་ཅུང་ཟད། བྱས་པའི་ལས་རྣམས་ཐམས་ཅད་བྱེད་ཅེས་པ་ནི་གང་གི་ཕྱིར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས ་པས་གཡོགས་པ་གདུལ་དཀའ་བ་ལ་སོཊ་པའི་སོཾ་རྣམས་ལ་དེའི་ལས་རྣམས་བྱེད་དེ་ལས་ཚོགས་ཀྱི་ཚུལ་གྱི་ཆོས་སྟོན་ཞེས་པའི་དོན་ཏོ། །ཐམས་ཅད་ཅེས་པ་ནི་བསད་པ་དང་བསྐྲད་པ་དང་དབྱེ་བ་དང་རྨོངས་པ་དང་དབང་ལ་སོགས་པའོ། །བྱས་བ་ཞེས ་པ་ནི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་རང་གི་ཆ་ལས་བསྐྱེད་པའི་དབང་གིས་དེ་བཞིན་གཤེགས་པའི་ལས་དེ་ནི་བྱས་པའི་ལས་ཏེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་རང་གི་སེམས་ཀྱི་མི་དགེ་བའི་དབང་གིས་བསང་བ་ལ་སོགས་པས ་རྣམ་པར་གཞོམ་མོ། །བདེ་བའི་དབང་གིས་ནི་ཐམས་ཅད་ཀྱིས་དགེ་བ་ཉམས་སུ་མྱོང་ངོ། །གང་གི་ཕྱིར། རང་ཉིད་བྱེད་པོ་རང་འཕྲོག་པོ། །རང་ཉིད་རྒྱལ་པོ་རང་གཙོ་བོ། །ཞེས་གསུངས་པའི་ཕྱིར་རོ། །འོན་ཀྱང་ཐུན་མོང་པའི་སེམས་ཅན་མི ་དགེ་བའི་གྲོགས་ལ་ཆགས་པ་རྣམས་མི་དགེ་བའི་དབང་གིས་མནར་མེད་པ་ལ་སོགས་པའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །དེ་བཞིན་དུ་དགེ་བའི་དབང་གིས་མཐོ་རིས་ལ་སོགས་བ་རྣམས་སུ་ལོངས་སྤྱོད་རྙེད་ཅེས་པ་ནི་ཐམས་ཅད་དུ་གྲགས ་པའོ། །ད་ནི་ལས་དང་པོ་པའི་ཚུལ་གྱིས་བསྒོམ་པའི་སྦྱོར་བ་གསུངས་པ། སྦྱོར་བ་ཞེས་བྱ་བ་ལ་སོགས་པ་ལ། འདིར་འཆད་བཞིན་པའི་ཚུལ་གྱིས་དབང་ཇི་ལྟ་བ་བཞིན་ཐོབ་པའི་སློབ་མ་ཡང་དག་པར་རྗེས་སུ་གནང་བ་དེའི་རང་རང་གཞན་གྱི ་དོན་དུ་བསྐྱེད་པའི་རིམ་པའི་ཚུལ་གྱིས་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པའི་རྣམ་པར་ལྷ་དམིགས་བས་ཐ་མལ་པའི་ང་རྒྱལ་ཡོངས་སུ་སྤངས་པའི་དོན་དུ་ལྷའི་ང་རྒྱལ་འཆང་ངོ། །དེའི་སྦྱོར་བ་ཞེས་པ་ནི་གནས་བསྲུང་བ་དང་བདག་བསྲུང ་བ་དང་རྣལ་འབྱོར་བསྲུད་བ་དང། དང་པོའི་སྦྱོར་བ་དང། དཀྱིལ་འཁོར་རྒྱལ་པོ་མཆོག་དང། ལས་རྒྱལ་པོ་མཆོག་དང། ཐིག་ལེའི་རྣལ་འབྱོར་དང། ཕྲ་མོའི་རྣལ་འབྱོར་རོ། །དུའི་སྒྲ་ནི་ངེས་པར་གཟུང་བའོ། །མཉམ་པ་ཉིད་ཅེས་པ་ནི་སྦྱོར་བ ་དེས་སེམས་རྣམ་པར་གཡེངས་པ་སྤངས་པའི་ཕྱིར་དེའི་ཞི་བ་ནི་མཉམ་པ་ཉིད་དུ་གསུངས་ཏེ། སྦྱར་བར་བྱ་ཞེས་དགོངས་སོ། །དེའི་ཕྱིར་བསྒོམ་པ་རུ་ནི་འགྱུར་ཞེས་པ་ནི་དངོས་པོ་བསྒོམ་པར་བྱའོ། །དེ་ཅི་ཞེ་ན། བཅོམ་ལྡན་འདས་ཀྱི་གཟུགས་དཔལ་ཧེ་རུ ་ཀའི་རྣམ་པ་ལ་སོགས་པ་དམིགས་པའོ། །དེ་ཉིད་བསྒོམ་པར་བྱ་བར་འགྱུར་ཞེས་པ་ནི་ངེས་པའོ། །དེའི་རང་བཞིན་ཉིད་ཀྱིས་ན་ཀུན་གཞི་རྣམ་པར་ཤས་པ་དེ་རབ་ཀྱི་མཐར་སོང་པའི་ཕྱིར་རོ། །བསྒོམ་པའི་དངོས་པོ་དང་བསྒོམ་པ་པོ་གཅིག་ཏུ་འདྲེས་པའི་བདག་ཉིད་ཅེས ་པའི་དོན་ཏོ། །གང་ཚེ་ལས་ཀྱི་ལུས་ཞིག་ན། །དེ་ལྟ་བུ་ཡི་ལུས་སུ་འགྱུར་ཞེས་པ་ནི་འདིར་གང་ཚེ་འཆི་བའི་དུས་སུ་ཕུང་པོ་ལྔ་རྣམས་འཇིག་པར་འགྱུར་བ་དེའི་ཚེ་ལུས་དང་ངག་དང་སེམས་ཀྱི་ལས་རྣམས་ཀྱང་འཇིག་གོ་།འོན་ཀྱང་སྔ་མ་ལ་བལྟོས་པའི ་ཕྱིར་བག་ཆགས་ཀྱང་འཇིག་པས་ཆོས་ཐམས་ཅད་ལ་དམིགས་པ་དགེ་བ་འམ་མི་དགེ་བའི་འབྲས་བུར་འགྱུར་རོ། །དེའི་ཕྱིར་འདིར་ཡང་དཔལ་ཧེ་རུ་ཀ་ལ་སོགས་པའི་དམིགས་པས་དེ་འདྲ་བའི་ལྷ་རུ་འགྱུར་རོ། །དེ་ལྟར་རྣལ་འབྱོར་པས་འཆི་བའི་ཚེ་གང ་དང་གང་གི་གཟུགས་གཟུང་བདེ་དང་དེ་རུ་སྣང་ངོ། །ཇི་ལྟར་སྐྱེས་པའམ་བུད་མེད་འགའ་ཞིག་གཉིད་མ་ལོག་པའི་གནས་སྐབས་སུ་ཆགས་པ་ཡིད་ལ་བྱེད་པ་དེ་ཉིད་ཀྱིས་གཉིད་ལོག་པའི་གནས་སྐབས་ཀྱི་དུས་སུ་རྣམ་པར་རྟོག་པས་རྨི་ལམ་དུ་ཡང་ཉམས ་སུ་མྱོང་བར་འགྱུར་རོ། །གང་གི་ཕྱིར། །འགའ་ཞིག་གཉིད་ལོག་སད་པ་ན། །རེག་དང་ཉམས་སུ་མྱོང་མི་རྙེད། །དེས་ན་དེ་ནི་བརྫུན་པར་འགྱུར། །དེ་འདི་སེམས་ཀྱི་ཐོ་འཚམ་པའོ། །དེའི་ཕྱིར་རྣལ་འབྱོར་པའི་སེམས་ཉིད་ལྷའི་གཟུགས་སུ ་འགྱུར་རོ། །དེའི་ནུས་པ་དེ་ཚེ་ངེས། །གང་གིས་བརྟན་དང་གཡོ་བ་ཁྱབ། ཅེས་པ་ནི་ལྟ་དེའི་གཟུགས་ཀྱི་ནུས་པ་ནི་སྟོབས་སོ། །དེ་ཆེ་ཞེས་པ་ནི་ངེས་པར་གཟུང་པའོ། །དེའི་ཞེས་པ་ནི་སྒྲུབ་པ་པོའི་འོ། །གང་གིས་ཁྱབ་ཅེས ་པ་ནི་སྟོན་ཀའི་ནམ་མཁའ་ཨི་ཉི་མ་ཕྱེད་དུ་སྣང་བ་ལྟ་བུ་ཀུན་གཞི་རྣམ་པར་ཤེས་པ་དེས་ཁྱབ་པའོ། །བརྟན་གཡོ་ཞེས་པ་ནི་ཁྱབ་བྱའོ། །བརྟན་པ་ནི་སྣོད་ལ་སོགས་པའོ། །གཡོ་བ་ནི་རྐང་གཉིས་པ་དང་རྐང་བཞི་པ་ལ་སོགས་པའོ། །དེ་ལྟར་ཐམས ་ཅད་ཀྱི་ཁྱབ་པར་བྱེད་པ་དེ་ལ་དེ་སྐད་ཅས་བྱའོ། །ཡང་ན་ཆོས་རྣམས་ཐམས་ཅད་ཀྱི་རྟག་པ་ཉིད་ཀྱིས་ན་ཁྱབ་པར་བྱེད་པ་ནི་ཆོས་ཀྱི་སྐུའོ། །རྣལ་འབྱོར་པ་དེ་ཉིད་ཀྱི་སེམས་དེ་རྡོ་རྗེ་འཆང་ལྷའི་གཟུགས་དེ་ཕྱི་དང་དང་གི་གཟུགས་རྣམས་ལ་ཁྱབ་པའོ། ། ་དེའི་ཁ་དོག་ཤེས་པར་བྱ། །ལུང་དང་མཉམ་པ་ལྟ་བུའོ་ཞེས་པ་ནི། དེའི་ལྷའི་བདག་ཉིད་ཀྱི་སེམས་ཀྱིའོ། །ཁ་དོག་ནི་དཀར་པོ་དང་སེར་པོ་དང་དམར་པོ་ངང་ནག་པོ་དང་ལྗང་གུའོ། །གང་ལུང་དང་མཉམ་པ་ལྟ་བུ་ཞེས་པ་ནི་བྱ་བ་དང་སྤྱོད་པ་དང་རྣལ ་འབྱོར་དང་རྣལ་འབྱོར་བླ་མ་དང་རྣལ་འབྱོར་བླ་མའི་རྒྱུད་རྣམས་སུ་གང་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཞི་བ་ལས་ཀྱི་ཚུལ་གྱིས་ཤེས་པར་བྱ་ཞེས་པ་དེ་ཉིད་སྒྲུབ་པ་པོས་མོས་པའི་དབང་གིས་ལྟེ་བར་མཚོན་པར་བྱའོ། །ཡང་ན་ཁ་དོག་ཐམས་ཅད་དོ། ། ་མྱ་ངན་འདས་གནས་དཔའ་པོ་ནི། །གོས་པ་མེད་ཅིང་དྲི་མས་སྤགས་ཞེས་པ་ལ་མྱ་ངན་འདས་ཞེས་པ་ནི་ཆོས་ཀྱི་སྐུའོ། །དཔའ་བོ་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་སྐུའོ། །མི་འཇག་པའི་ཕྱིར་དཔའ་བོ་སྟེ། །ཡན་ལག་མ་རྣམས་ཀྱི་བདེ་བ་ལ་རེག་པས ་རེས་འགའ་ཡང་འཛག་པར་མི་འགྱུར་ཞེས་པའི་དོན་ཏོ། །ཡང་ན་དཔའ་བོ་དང་བཅས་པའི་ལྷན་ཅིག་སྐྱེ་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་དེ་བཞིར་གཤེགས་པ་རྣམས་ནམ་མཁའ་ཨི་ཁམས་ཀྱི་མཐར་ཐུག་པར་བཞུགས་པ་ནི་དཔའ་བོ་སྟེ་མི་འཛག་པའི ་རྒྱུད་ཅེས་པའི་དོན་ཏོ། །ཡང་ན་བདུད་བཞི་བཅོམ་པའི་ཕྱིར་སྙིང་རྗེ་ཆེན་པོ་མངོན་དུ་བྱེད་ཅིང་ཕྱིར་མི་ལྡོག་པའི་ཕྱིར་དཔའ་བོའོ། །ཡང་ན་དཔའ་བོ་རྣམས་ཐུལ་པའི་ཕྱིར་དཔའ་བོའོ། །གོས་པ་མེད་ཅེས་པ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང ་དྲག་དོག་ལ་སོགས་པ་ནི་གོས་པ་སྟེ། ནམ་མཁའ་ལ་སྤྲིན་བཞིན་འགེགས་པར་བྱེད་པ་དེ་བཞིན་དུ་སེམས་ལ་མ་རིག་པ་ལ་སོགས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་བློ་བུར་བའི་དྲི་མ་རྣམས་ཀྱིས་འགེབས་པར་བྱེད་དོ། །དེ་རྣམས་དང་བྲལ་བ་ནི ་དགོས་པ་མེད་པ་སྟེ། ལོངས་སྤྱོད་རྫོགས་པའི་སྐུའོ། །དྲི་མས་སྤགས་ཞེས་པ་ནི་སྤྲུལ་པའི་སྐུའོ། །དེ་ཡང་མ་དང་ཕ་ཡང་དག་པར་སྦྱོར་བའི་དབང་གིས་ཕུང་པོ་ལྔ་ལ་སོགས་པ་རྣམས་ལ་བརྟེན་པར་བྱེད་དོ། །དྲི་མ་དེ་རྣམས་ཀྱིས་འོད་གསལ་བའི ་ཡེ་ཤེས་སྟོང་པ་དང། སྙིང་རྗོའི་བདག་ཉིད་ཀྱི་སེམས་སྤགས་པའོ། །གང་གི་ཕྱིར་ཕུང་པོ་ལྔ་མ་གཏོགས་པར་སངས་རྒྱས་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་མི་འགྱུར་རོ། །རྒྱུ་དེས་ན་སྐྱེ་རབས་སྣ་ཚོགས་པ་རྣམས་སུ་འཁྲུངས་པའི་ཕྱིར་མ་འོངས་བར ་ཡང་སྒྲུལ་པའི་སྐུས་ཅུང་ཟད་འདོད་ཆགས་ལ་བརྟེན་པའི་ཐུགས་ཀྱིས་བརྟེན་པར་བྱེད་དོ། །འདོང་ཆགས་ནི་སེམས་ཀྱི་དྲི་མ་སྟེ། དངོས་པོ་རྣམས་ལ་ཆགས་པའི་དྲི་མ་དེས་སྤགས་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་འཇུག་པའི་དོན་ཏོ། །དེ་ལྟར་སྐུ ་བཞི་གོ་རིམས་བཞིན་རྣལ་འབྱོར་པ་རྣམས་དང་འབྲེལ་བར་བྱའོ། །ད་ནི་ཕྱི་དང་ནང་དུ་རྩིའི་དབྱེ་བས་འཕོ་བ་བཅུ་གཉིས་ཀྱི་དབར་གིས་བཅུ་གཉིས་བསྟན་པ་དང་རིགས་ཀྱི་རྣལ་འབྱོར་མ་རྒྱུ་བའི་དམ་ཚིག་བསྟན་པའི་ཕྱིར། །མ་དང་སྲིང་མོ་ཞེས་པ ་ལ་སོགས་པ་གསུངས་ཏེ་འདིར་ལྟེ་བར་འཁོར་ལོ་རྩི་བས་བཅུ་གཉིས་པའི་རང་བཞིན་ཐུན་མོང་དུ་བསྟན་པའོ། །འོན་ཀྱང་ཚད་མ་ནི་རྩིབས་བཅུའོ། །དེ་ཅི་ཞེ་ན། འདིར་ཕྱོགས་བརྒྱད་ཀྱི་དབྱེ་བས་རྩིབས་བརྒྱད་ཐུབ་བརྒྱད་ཀྱི་བདག་ཉིད་དོ། །དེ་བཞིན་དུ ་ཐུན་ཚོད་གཉིས་ཀྱི་དབྱེ་བས་གཉིས་ལྷག་པའོ། །དེ་ལྟར་རྩིབས་བཅུ་དཀྱིལ་འཁོར་བཅུ་འབབ་པའི་ཕྱིར་ཡང་བཅུའོ། །དེའི་འོག་དང་སྟེང་གི་དབྱེ་བས་འདབ་མ་གཉིས་ཏེ། རྩ་གཉིས་ཁུ་བ་དང་ཁྲག་འབབ ་པའོ། །དེ་ལྟར་རྩིབས་བཅུ་གཉིས་འདིར་རིམ་པ་བཞིན་རྩ་རྣམས་འདུས་ཏེ། མ་ནི་སེར་སྐྱ་མའོ། །སྲིང་མོ་ནི་ཡིད་བཟངས་མའོ། །བུ་མོ་ནི་ཨི་ཊའོ། །གཉིན་མོ་ནི་སྣར་མའོ། །བྲམ་ཟེ་མོ་ནི་བླང་པོ་ཆེའི་ལྕེའོ། །རྒྱལ་རིགས་མོ་ནི་རྒྱལ་ཞེས་པའོ། །རྗེའུ ་རིགས་མོ་ནི་རྒྱལ་མའོ། །དམངས་རིགས་མོ་ནི་ཨི་ངའོ། །གར་མཁན་མ་ནི་སྲེག་མའོ། །ཚོས་མཁན་མ་ནི་དུང་ཅན་མའོ། །འོག་ཏུ་ཡེ་ཤེས་ཅན་ཏེ་དེ་ནི་གཡུང་མོའོ། །སྟེང་དུ་རྣམ་པར་ཤེས་པ་སྟེ། དེ་ནི་གཏུམ་མོར་ཤེས་པར་བྱའོ། ། ་ཤེས་རབ་ཐབས་ཀྱི་ཆོ་ག་ཡིས་ཤེས་པ་ནི་ཤེས་རབ་ནི་རྣལ་འབྱོར་མ་བཅུ་གཉིས་སོ། །དེ་རྣམས་ཀྱི་ཐབས་ནི་སྲོག་ལ་སོགས་པའི་རླུང་རྣམས་སོ། །ཆོ་ག་ཡིས་ཞེས་པ་ནི་དུས་ཀྱི་ཁྱད་པར་གྱིས་སོ། །མཆོད་པར་བྱ་ཞེས་བྱ་བ་ནི་ཇི་ལྟ་བའི་དུས ་ཀྱིས་ཉེ་བར་མཚོན་པར་བྱའོ། །དེ་ཉིད་རིགས་ཞེས་པ་ནི་རྣལ་འབྱོར་པ་ཁོ་ན་ཉིད་ཆོལ་ཞིང་རིག་པ་དེ་ནི་དེ་ཉིད་རིག་པའོ། །དེ་ཁོ་ན་ཉིད་ཅེས་པ་ནི་རང་རིག་པའི་ཡེ་ཤེས་རབ་ཀྱི་གནས་སྐབས་སུ་སོན་པས་རྡོ་རྗེ་འཛིན་པ་ཆེན་པོའི་ས་ཐོབ་བོ། །དུས་འདིའི ་ཆོ་ག་མ་གསུངས་ཀྱང་བླ་མ་བརྒྱུད་པ་ལས་རྟོགས་པར་བྱའོ། །དེའི་རིམ་པ་ནི་འདི་ཡིན་ཏེ། རྩིབས་བཅུའི་དབྱེ་བ་རྣམས་ལ་རྩིབས་རེ་རེ་རྩ་རེ་རེའི་བདག་ཉིད་ཀྱིས་འཕོ་བ་བཅུང་འགྱུར་ཏེ། འོག་དང་སྟེང་གི་རྩ་གཉིས་ཀྱི་དབྱེ་བས་ཐུན་ཚོང་བཞི ་དང་ལྷན་ཅིག་འཕོ་བ་གཉིས་སོ། །ཅིའི་ཕྱིར་ཞེ་ན། ཕྱི་རོལ་ཏུ་ཡང་ལུག་དང་སྲང་གི་འཕོ་བའི་དུས་གཉིས་མཉམ་པའི་ཕྱིར་རོ། །དེ་ལྟར་ནང་དུ་མཉམ་པར་སྦྱོར་བའི་བྱིར་རྡོ་རྗེ་ལྟ་བུར་སྲོག་དང་ཐུར་སེལ་འགོགས་པས་རྩ་གཉིས་རྟོགས་པར་བྱའོ ་དེ་ལྟར་འཕོ་བ་བཅུ་གཉིས་ཉེ་བར་མཚོན་པར་བྱའོ། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང་གི་བདག་ཉིད་དོ། །དེ་ཡང་འཕོ་བ་རེ་རེ་ལ་གཡོན་དང་གཡས་ཀྱི་སྣའི་བུ་གའི་དབྱེ་བས་དཀྱིལ་འཁོར་ལྔ་ལྔ་རྒྱུ་བར་འགྱུར་ཏེ། དཀྱིལ་འཁོར་རེ་རེ་ལ་སུམ་བརྒྱ་དྲུག་ཅུའི ་སྲོག་རྣམས་སུ་འགྱུར། །དེ་ལྟར་དབྱུག་ཆོང་དྲུག་ཅུ་དང་རྩ་དྲུག་ཅུ་རྣམས་ཡང་འགྱུར་རོ། །དེ་བཞིན་དུ་ཨ་བ་དྷཱུ་ཏཱིའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ཆ་ལ་དཀྱིལ་འཁོར་བཅུ་གཉིས་སུ་བརྗོད་དེ། དེ་རྣམས་ལྷན་ཅིག་བདུན་ཅུ་རྩ་གཉིས་སུ་འགྱུར་རོ། ་དེ་རྣམས་ལས་རྣལ་འབྱོར་མ་དང། རྣལ་འབྱོར་གྱི་རྒྱུད་རྣམས་སྐྱེ་བ་བརྗོད་དེ། དེ་ལ་དེ་ལྟར་སྤྲོ་བ་དང་སྡུད་པ་གཡོན་གྱི་རྩ་རྣམས་ལ་རྣལ་འབྱོར་མའི་རྒྱུད་དྲུག་ཏུ་འགྱུར་རོ། །དེ་བཞིན་དུ་གཡས་ཀྱི་རྩ་ལ་རྣལ་འབྱོར་གྱི་རྒྱུད་དྲུག་ཏུ་འགྱུར་རོ། །དེ་ཡང་གཡོན་རྣམས་ལ་འཁོར་ལོ་སྡོམ་པ་དང། གདན་བཞི་པ་དང། རྣལ་འབྱོར་རྗེས་སུ་རིག་པ་དང། ཀུན་ཏུ་སྤྱོད་མ་དང། བརྗོད་པ་བླ་མ་དང། ཧེ་རུ་ཀ་མངོན་པར་འབྱུང་བའོ། །དེ་བཞིན་དུ་གཡས་རྣམས་ལ་འདུས ་པ་དང། སྒྱུ་འཕྲུལ་དྲ་བ་དང། རྡོ་རྗེ་བདུང་རྩི་དང། རྡོ་རྗེ་འཇིགས་བྱེད་དང། གཤིན་རྗེའི་དགྲ་དང། དཔལ་མཆོགས་དང་པོའོ། །དེ་ལྟར་རྣམ་པ་གཉིས་ནི་ཁ་སྦྱོར་ཞེས་བརྗོད་དེ། །དུས་ཀྱི་ཕོ་ཉ་དྲུག་དྲུག་གི་དབྱེ་བས་སོ། །དེ་ལས་རྣལ་འབྱོར ་མ་དང་རྣལ་འབྱོར་གྱི་རྒྱུད་དག་འབྱུང་སྟེ། །སུམ་ཅུ་གཉིས་དྲུག་ཅུར་འགྱུར་ཞེས་སྦྱར་རོ། །དེ་ལས་དཔལ་དགྱེས་པའི་རྡོ་རྗེ་འབུམ་ཕྲག་ལྔ་པ་ཞེས་པ་རྟོག་པ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་དོ། །དེས་ན་རྒྱུད་ཉུང་ངུར་བྱང་ཆུབ་ཀྱི་སེམས་འོང་པ ་པའི་རྩ་སུམ་ཅུ་རྩ་གཉིས་གསུངས་ཏེ་དེ་ནི་བསྡུས་པའི་དོན་ཏོ། །དེ་དེ་ལྟར་མི་ཤེས་པའི་སེམས་ཅན་རྣམས་ཁ་སྦྱོར་ཐིག་ལེ་ལས་བྱུང་བ་རྣལ་འབྱོར་གཙོ་བོར་བཅོམ་ལྡན་འདས་ཀྱིས་བསྟན་ཏོ། །སླར་ཡང་རྩ་འདི་དག་རྣམས་ཀྱི་རྩིབས་བཅུ་གཉིས ་རྣམས་ལ་རླུང་རྣམ་པར་བཞག་པ་བརྗོད་དེ་སྲོག་དང། ཐུར་སེལ་དང། མཉམ་པ་དང། གྱེན་རྒྱུ་དང། ཁྱབ་བྱེད་ལྔའོ། །ཀླུ་དང་རུས་སྦལ་དང་རྩངས་པ་དང་ལྷས་བྱིན་དང་ནོར་རྒྱལ་ཞེས་པ་བཅུ་ནི་རྩིབས་བཅུ ་ལའོ། །དེ་བཞིན་དུ་འོག་དང་སྟེང་དུ་ཡེ་ཤེས་འཆར་བ་དང། རྣམ་པར་ཤེས་པ་འཆར་བའོ། །དེ་རྣམས་ཀྱི་འཕོ་བ་བཅུ་གཉིས་ཀྱི་དབྱེ་བས་དཀྱིལ་འཁོར་རྒྱུ་བའི་དབང་གིས་དང་བླ་མའི་མན་དག་གི་དབང་གིས་ཨ་བ་དྷཱུ་ཏཱིར་སྲོག་རྒྱུ་བས ་འཕོ་བའི་དཀྱིལ་འཁོར་རྣམས་འགོག་པར་འགྱུར་རོ། །རྒྱུན་དུ་གོམས་པའི་ཡན་ལག་བཅུ་གཉིས་རྣམས་འགོག་པར་འགྱུར་རོ། །དེས་ནས་བཅུ་རྣམས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པར་འགྱུར་ཏེ། གང་གི་ཕྱིར་མ་ཞེས་པ་ལ་སོགས་པ ་ཚོས་མཁན་མའི་མཐར་ཐུག་པ་རབ་ཏུ་དགའ་བ་ལ་སོགས་པས་ས་བཅུ་རྣམས་ཀྱི་ཏིང་ངེ་འཛིན་གྱིས་ཡོན་ཏན་དོན་དམ་པའི་བདེན་པའོ། །འདིའི་རྒྱུ་ཡང་ཀུན་རྫོབ་ཀྱི་བདེན་པ་ལ་སོགས་པའི་རྩ་རྣམ་པ་བཅུ་ཕ་རོལ་ཏུ་ཕྱིན་པ་བཅུ་སྟེ། དེས ་རབ་ཏུ་ཐོབ་པའི་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་སྟོང་པ་ཉིད་ཡང་དག་པའི་མཛའ་ནི་གཡུང་མོ་ཞེས་བརྗོད་དོ། །དང་ནི་སྡུད་པའི་དོན་ཏོ། །དེ་དག་ནི་མ་གསུངས་ཀྱང་དོན་གྱིས་རྟོགས་པར་བྱ་ཞེས ་པའི་དོན་ཏོ། །དེ་བཞིན་དུ་སྙིང་རྗེའི་དབང་གིས་མོས་པས་སྤྱོད་པའི་ས་ནི་བཅུ་གཉིས་སོ། །དེ་ཡང་དང་པོར་འགྱུར་ཏེ། གང་གི་ཕྱིར་རྣལ་འབྱོར་པའི་བསམ་གཏན་ཐམས་ཅད་ཀྱི་དང་པོར་སྙིང་རྗེ་ལ་དམིགས་པའི་བསམ་གཏན་དེ་བཞིན ་གཤེགས་པས་བསྟན་ཏོ། །དེ་ཡང་གཏུམ་མོ་ཞེས་བརྗོད་དེ་ཤིན་ཏུ་གདུག་ཅིང་གཏུམ་པ་ལོག་པའི་ཆོས་ཀྱིས་ཉེ་བར་བསྣུན་པ་རྣམས་ཀྱི་བློ་ངན་པ་རྣམ་པར་གཞོམ་པའི་ཕྱིར་དྲག་པོ་ལ་སོགས་པའི ་གཟུགས་དང་སྙིང་རྗེས་བརླན་པའི་ཐུགས་ཀྱིས་ལས་ཚོགས་སྣ་ཚོགས་པ་དེ་བཞིན་གཤེགས་པས་གསུངས་སོ། །དེའི་ཕྱིར་གཏུམ་མོས་གཏུམ་པོའི་ལས་རྣམས་གཞོམ་པའི་ཕྱིར་སྟེང་གི་རྩ་དག་གོ་།དེ་ལྟར་སྲོག་དང་ཐུར་སེལ་གྱི་སྦྱོར་པའི་ཤེས་རབ་དང ་ཐབས་ཀྱི་ཆོ་གའི་སྦྱོར་བ་དེས་རྡོ་རྗེ་ལྟ་བུའི་སེམས་མཆོད་པར་བྱའོ། །ཡང་ན་དབང་གིས་དུས་སུ་རྣལ་འབྱོར་མ་བཅུ་སྲོབ་མས་སློབ་དཔོན་ལ་དབུལ་བར་བྱའོ། །གཡུང་མོ་དང་གཏུམ་མོའི་བུ་མོ་སྐྱེ་གནས་མཉམས་པ་གཉིས་ཁྲུས་ཀྱི་ངོན་དུ་ཡང་དབུལ་ལོ། ། ་དེ་རྣམས་དང་ལྷན་ཅིག་སློབ་དཔོན་གྱིས་སྙོམས་པར་འཇུག་པར་བྱ་སྟེ། སློབ་མ་ལ་གསང་བའི་དབང་བསྐུར་བའི་རྒྱུར་རོ། །དེ་ཡང་བུད་བའི་དྲ་དང་ཁ་ཁྱོར་དང་བྱེ་མཐག་དང། །བསྐུམས་པ་དང། བརྐྱང་པ་ལ་སོགས་པ་འབྱེད་པའི་ཚོགས་འདོད་པའི་བསྟན ་བཅོས་སུ་གསུངས་པའི་ཚུལ་གྱིས་རྟོགས་པར་བྱའོ། །དེ་བཞིན་དུ་བཅུའི་ནང་ནས་གཅིག་དབང་ཕྱི་མའི་དོན་དུ་སློབ་མ་ལ་གཏད་པར་བྱའོ། །གཅིག་ཀྱང་འབྲས་བུ་དང་རྒྱུའི་དབང་གིས་བཅུར་འགྱུར་ཏེ། དེ་ཅི་ཞེ་ན། གསུངས་པ། དང་པོ་ནུ་མ་ལ་རེག་པའི ་ཕྱིར། མ་ཞེས་བརྗོད་དོ། །དེ་ཡང་གདུང་བ་དང་བཅས་པས་ལྟ་བ་ནི་སྲིང་མོའོ། །བརྩེ་བ་བརྟན་པས་འཁོར་བའི་སྡུག་བསྔལ་སེལ་ཏོ། །ད་ནི་དེས་པར་གཟུང་བའོ། །དེ་ཡང་ཐམས་ཅད་ཀྱི་རྗེས་སུ་འབྲེལ་བར་བྱའོ། །དེ་བཞིན་ཞེས་པ་ནི་མ་ལྟ་བུ་དང་སྲིང་མོ་ལྟ ་བུའོ། །བུ་མོ་ལྟ་བུ་ཞེས་པ་ནི་ཡང་དང་ཡང་དུའོ་བྱ་བའི་ཕྱིར་རོ། །དེ་བཞིན་དུ་གཉེན་མོ་ནི་འཁྱུད་པའི་ཕྱིར་རོ། །བྲམ་ཟེ་མོ་ནི་དམ་པའི་དོན་རིག་པའོ། །རྒྱལ་རིགས་མ་ཞེས་པ་ནི་ཤིན་ཏུ་ཆགས་པའི་སྦྱོར་བས་རེས་འགའ་ཡང་ཡོངས་སུ་མི་ཚིམ་པའོ། ། ་ཡང་ནི་ཤིན་ཏུ་གདུངས་པས་ཀྱང་མི་ཚིམ་པའོ། །ཡང་ན་བྲམ་ཟེ་མོ་ཞེས་པ་ནི་ཚངས་པའི་གནས་སུ་ཤེས་པར་བྱ་བ་སྟེ། རང་གི་ལག་པས་མཚན་མ་གཟུང་ནས་རང་གི་མཚན་མར་རིག་པར་བྱེད་པའོ། །དེ་བཞིན་དུ་རྗེའུ་རིགས་མོ་ཞེས་པ་ནི་ཆ་ལུགས ་སྣ་ཚོགས་པའི་གཟུགས་སྣ་ཚོགས་པས་འདོད་པའི་བསྟན་བཅོས་ཀྱི་ཚུལ་གྱིས་སིད་ཅེས་པའམ། ཧ་ཞེས་པ་འདོན་པའོ། །དེ་བཞིན་དུ་དམངས་རིགས་མོ་ནི་འཛག་པ་སྟེ། ཇི་ལྟར་རིའི་རྩེ་མོ་ནས་ཆུ་རྒྱུན་འཛག ་པ་དེ་བཞིན་དུ་པདྨའི་ལྟེ་བ་ནས་བྱང་ཆུབ་སེམས་ཀྱི་འཇིག་པའོ། །དེ་བཞིན་དུ་གར་མཁན་མ་ཞེས་པ་ནི་ཡན་ལག་བརྒྱད་ཀྱིས་བསྐོར་བའི་ཕྱིར་རོ། །དེ་བཞིན་དུ་ཚོས་མཁན་ཞེས་པ་ནི་ཆགས་པ་ཆེན་པོའི་བདེ་བས། བདེ་བ་མི་མཆོར་བར་བྱེད་པའོ། །དེ་ལྟར ་འདོད་པའི་གནས་སྐབས་བཅུ་རྒྱས་པ་ལས་ཤེས་པར་བྱའོ། །དེ་ནས་གཡུང་མོ་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་དུས་སུ་ཡེ་ཤེས་སྨྲར་མེད་པ་དང་རེག་ཏུ་མེད་པའི་ཕྱིར་དབང་པོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱིས་ངག་གི་ལམ་དང་བྲལ་པ ་ཞེས་པའི་དོན་ཏོ། །དེ་ཉིད་གཏུམ་མོར་ཤེས་པར་བྱ་བ་སྟེ། རྣམ་པར་རྟོག་པའི་ཤིང་བསྲེག་པས་གཏུམ་མོའོ། །དགའ་བ་དང་བྲལ་བ་རྣམས་བྲལ་བར་བྱེད་ཅིང་དེ་བཞིན་བདེ་བར་བྱེད་པའོ། །དེ་ལྟར་ཕྱི་དང་ནང་གི་སྦྱོར་བ་ནི་དམ་ཚིག་ཅེས་པའི་དོན་ཏོ། །དེས ་ན་འདུས་པ་དམ་ཚིག་ཏུ་བལྟ་བའོ། །དེ་ཉིད་རིག་པས་མཆོད་ཅེས་པ་ནི་གཉིས་ཏེ། སྒྱུ་མ་ལྟ་བུ་དང་རྣམ་པར་རིག་པའོ། །སྒྱུ་མ་ལྟ་བུའི་ནི་སྔོན་དུ་གསུངས་པའི་འཁོར་ལོ་རྩིབས་བཅུ་གཉིས་པའི་ཚུལ་གྱིས་ས་ལ་བརྟེན་པའོ། །དེའི་ཕྱིར་རྣམ་པར་རིག་པ་ནི་ད ་ལྟའི་སེམས་ཅན་རྣམས་ཀྱི་རང་གི་སེམས་ཀྱི་བསམ་བས་ལས་ཀྱི་ཕྱག་རྒྱ་དང། སྦྱར་བས་སངས་རྒྱས་ཉིད་ཐོབ་པས་དེ་ལ་དེ་སྲིད་ཅེས་བྱའོ། །ད་ནི་དམ་ཚིག་བསྲུངས་པ་དང་ཉམས་པའི་སྐྱོན་དང་ཡོན་ཏན་བསྟན་པའི་ཕྱིར། ཇི་ལྟར་དབྱེ་བ་སྐྱེ་མེད་པར་ཞེས་པ ་ལ་སོགས་པ་གསུངས་ཏེ། འདིར་སྔོན་དུ་གསུངས་པའི་ཏིང་ངེ་འཛིན་བསྟེན་པའི་དུས་སུ་དེ་ཡང་རབ་ཏུ་འབད་པས་བསྟེན་པར་བྱའོ། །རབ་ཏུ་འབད་པས་ཞེས་པ་ནི་ལུས་དང་ངག་དང་སེམས་ཀྱི་ཉེས་པས་རྩ་རྒྱུ་བའི་དུས་སུ་ཇི་ལྟར་སེམས་རྣམ་པར་གཡེང ་པར་མི་འགྱུར་བ་དེ་ལྟར་དུས་འཇིག་པར་བྱེད་དེ་སྐད་ཅིག་མ་གཅིག་ལ་མཚོན་པ་ཞེས་པའི་དོན་ཏོ། །གང་གི་ཕྱིར་རྣམ་པར་གཡེང་བར་འགྱུར་བ་དེའི་ཚེ་ཉེས་བ་སྐྱེ་སྟེ། ཏིང་ངེ་འཛིན་ལ་གནས་པའི་སེམས་ཉམས་སོ། །སེམས་ཉམས་པ་དེས་ཇི་ལྟར་དབྱེ་བ་ཞེས་པ་དུས ་ཀྱི་དབྱེ་བ་སྐྱེའོ། །དེས་ན་སྐལ་པ་མེད་པར་འགྱུར་ཏེ། མིག་ལ་སོགས་པ་རྣམ་པར་ཤེས་པ་རྣམས་གཡེང་བའི་དོན་ཏོ། །དེས་མཐོང་བའི་ཉེས་པའི་ཕྱིར་དམ་ཚིག་ཉམས་པར་འགྱུར་རོ། །ཡང་ན་དབང་ལ་སོགས་པའི་དུས་སུ་དམ་ཚིག་ལ་སྤྱོད་པའི་དབང་གིས་གསད་པར ་མི་བྱེད་ཅེས་པ་ནི་གདུལ་དཀའ་བའི་སེམས་ཅན་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་དེ་མཐོང་པས་སྡུག་བསྔལ་ཞེས་པ་ནི་མནར་མེད་པ་ལ་སོགས་པའི་དམྱལ་བ་རྣམས་སུ་འགྱུར་རོ། །རྣལ་འབྱོར་གྱི་སྤྱོད་པ་ལ་མཐོ་འཚམ་པ་སྦྲུལ་ལ་སོགས་པས་གསད་ནས ་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །དེའི་ཕྱིར་དམ་ཚིག་བསྲུངས་པས་དངོས་གྲུབ་འཐོབ་ཅེས་པ་ནི་ངེས་པའོ། །ད་ནི་རྣལ་འབྱོར་མ་ཞིར་སྐྱེས་བརྒྱད་ཀྱི་རིགས་རྣམས་བསྟན་པའི་ཕྱིར། རིགས་ཀྱི་དབྱེ་བས་ཕྱེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་འདིར་ཞིང་དང་ཉེ་བའི་ཞིང་ལ་གནས་པའི་རྣལ་འབྱོར་པ་རྣམས་ཀྱི་རིགས་ཀྱི་དབྱེ་བས་ཕྱེ་བ་ཞེས་པ་ནི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་གྱི་བདག་ཉིད་མཚོན་པར་བྱའོ། །དེས་ན་ཉེ་བར་མཚོན་པས་སྒྲུབ་པ་པོ་རྣམས་ལ་མཚོག་སྟེར་བར་འགྱུར་རོ། །ཅིའི ་ཕྱིར་ཞེ་ན། སེམས་ཀྱི་རིགས་ཀྱི་དབང་གིས་གཅིག་དང་དུ་མའི་སེམས་ལས་བྱུང་བའི་དངོས་པོའི་ཕྱིར་དེས་ན་དག་པའི་རང་བཞིན་གྱི་འཁོར་ལོ་ལས་ཕྱི་རོལ་ཏུ་རྣལ་འབྱོར་མ་རྣམས་སྐྱེའོ། །དེས་ན་ཡང་སྒོམ་པ་ཙམ་གྱི་རྣམ་པར་རྟོག་པའི་དབང་གིས་སྒྲུབ ་པ་པོ་རྣམས་ཀྱང་དུས་མཉམ་པ་ལ་སྐྱེའོ། །དེའི་ཕྱིར་གཅིག་ལ་གཅིག་མཐོང་བས་གྲོལ་བར་འགྱུར་རོ། །དེ་ལྟར་ཞིང་བརྒྱད་ཀྱི་རྣལ་འབྱོར་མ་རྣམས་རང་གི་རིགས་དང་འཁྱུད་པས་ཕྱག་རྒྱ་ཞེས་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ ་ཡང་རྣམ་པ་ལྔ་རུ་གསུངས་ཏེ། བྲམ་ཟེ་མོ་ལ་སོགས་པའོ། །དེ་བཞིན་གཤེགས་པར་འདོད་ཅེས་པ་ནི་རྣམ་པར་སྣང་མཛད་ཅེས་པའོ། །དཔག་མེད་རྡོ་རྗེ་ཞེས་པ་ནི་འོད་དཔག་ཏུ་མེད་པའི་རིགས་ལས་སྐྱེས་པའོ། །ལས་ཀྱི་རིཌ་ལས ་སྐྱེས་པ་ནི་དོན་ཡོད་པར་འགྲུབ་པའི་རིགས་ལས་སྐྱེས་པའོ། །དམངས་མོ་ནི་ཞི་བ་མོ་ལ་སོགས་པའི་རིགས་མའོ། །རྣམ་སྣང་མཛད་ནི་ཆེན་པོར་འདོད་ཅེས་པ་ནི་ནང་དུ་རང་རིག་པའི་གཟུགས་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་མ་ཞེས་པའི་དོན་ཏོ། །རྡོ་རྗེ ་ཞེས་པ་ནི་མི་བསྐྱོད་རྡོ་རྗེའོ། །རིན་ཆེན་ཞེས་པ་ནི་རིན་ཆེན་འབྱུང་ལྡན་གྱི་རིགས་སོ། །ཕྱག་རྒྱ་རྣམ་པ་ལྔར་ངེས་པའོ་ཞེས་པ་ནི་སྔོན་དུ་གསུངས་པའི་ཞིང་སྐྱེས་ཀྱི་རྣལ་འབྱོར་རིགས་ལྔ་ལས་སྐྱེས་པ་རྣམས་སོ། །དེ་ལྟར་ཕྱག་རྒྱ་ཆེན་པོ་ལྔར་ངེས་པའི་དོན་ཏོ། ། ་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས། །འདི་ནི་མདོ་རུ་བསྡུས་པར་བརྗོད། ཅེས་པ་ནི་རིགས་ལྔ་པོ་འདི་དག་ནི་འདོད་ཆགས་ཆེན་པོ་དང། ཞེ་སྡང་ཆེན་པོ་དང། གཏི་མུག་ཆེན་པོ་དང། ཕྲག་དོག་ཆེན་པོ་དང། སེར་སྣ་ཆེན་པོའི་རིགས་ལྔའོ། ། ་རིགས་དེ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་སོང་བ་དེ་བཞིན་གཤེགས་པས་མདོར་བསྡུས་ཏེ་རབ་ཏུ་བསྟན་ཏོ། །འོན་ཀྱང་རིགས་མཛའ་ཡས་པས་ཕྱག་རྒྱ་མཛའ་ཡས་ཏེ། གཅིག་ལ་གཅིག་འཁྱུད་པའི་དབང་གིས་རང་གིས་རིགས་ལ་མངོན ་པར་བགྲོད་པས་དེ་རྣམས་དང་ལྷན་ཅིག་འགྲུབ་པ་ལ་འདིར་སོམ་ཉི་མེད་དོ། །སུའོ་ཞེ་ན། དེ་བཞིན་ཉིད་དུ་སོང་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་ཉིད་དང་ཡང་དག་པའི་མཛའ་དང་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་སྟོང་པ་ཉིད་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་མེད་པའི་འོད་གསལ་བ་གྲོལ་བའི་ལམ་གྱི་མཚན་ཉིད་དངོས་པོ་རྣམས་དང་རོ་གཅིག་པར་བྱེད་པའི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་ཞེས་བརྗོད་དེ། །དེར་སོང་བ་ནི་སེམས་ལས་བྱུང་བའི་དངོས་པོ་གཉིས་སོ། །དཔལ་ལྡན ་ཞེས་པ་ལ། དཔལ་ཞེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །ལྡན་ཞེས་པ་ནི་དེར་རིགས་པའི་སེམས་དེའི་བདག་ཉིད་དོ། །དེ་བཞིན་དུ་སླར་འོངས་པ་ཞེས་པ་ནི་དེ་ལས་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་བཞིན་དུ་དེ་ཉིད་ལས་འོངས་པས་སྤྲུལ་པའི་སྐུ ་གཟུང་ནས་སེམས་ཅན་གྱི་དོན་བྱེད་ཅིང་སླར་ཡང་དེ་ཉིད་དུ་སོང་ནས་སྔགས་ཀྱི་ཐེག་པ་ཆེན་པོའི་ཆོས་རྗེས་སུ་དྲན་པ་སྐུ་བཞི་ཐོབ་པའོ། །དེ་ལྟར་དེ་བཞིན་གཤེགས་པ་སླར་ཡང་བྱོན་ཞེས་པའི་དོན་ཏོ། །ཤེས་རབ་འདིའི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རིགས ་ཞེས་བྱ་བ་ལ་སོགས་པ་ནི་འདིར་སྔར་གསུངས་པའི་རིགས་ལྔ་པོ་དེའི་ཁྱད་པར་ཉིད་བརྗོད་པའོ། །མཛའ་ཡས་ཞེས་པ་ནི་རང་བཞིན་རྣམས་མཛའ་ཡས་པ་དེས་ན་མཛའ་ཡས་པའི་རིགས་སོ། །བརྒྱ་ཞེས་པ་ནི་རང་བཞིན་དེ་རེ་རེ་ལ་རིགས་བརྒྱར་འགྱུར་ཏེ། དབུག ་པ་དང་ཡུད་ཙམ་ཀྱིས་དབྱེ་བས་སོ། །དེ་ཡང་སྟོང་ཕྲག་ཏུ་འགྱུར་རོ། །དེ་ལྟར་རིགས་མཛའ་ཡས་པ་ནི་སེམས་སོ། །དེ་བཞིན་དུ་རིགས་བརྒྱ་ནི་ལུས་སོ། །རིགས་སྟོང་ནི་ངག་གོ། ཕྱིས་ཞེས་པ་ནི་སྐུ་དང་གསུང་དང་ཐུགས་ཀྱི་དབྱེ་བས་ཤེས་པ་སྟེ། ཉེ་བར ་བསྡུ་བའི་དོན་ཏོ། །སླར་ཡང་ཚིགས་སུ་བཅད་པ་ཕྱེད་ཕྱིད་དཀྲུགས་ཏེ་གསུངས་པ། རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་བསྐྱེད་པའི་རིམ་པ་བསྟན་ཏོ། །དེ་ཅི་ཞེ་ན་གསུངས་པ། རྡོ་རྗེ་ཞེས་པ་ནི་མི་བསྐྱོད་རྡོ་རྗེ་སྟེ། མི་ཕྱེད་པའི་ཡེ་ཤེས་དེ་འཛིན་པའི་ཕྱིར་རོ། །དེས ་སངས་རྒྱས་རྣམས་ཀྱིས་རྣམ་པར་ཤེས་པའི་ཕུང་པོ་བསྐྱེད་པ་ནི་ནམ་མཁའ་ཨི་ཁམས་སོ། །རིན་ཆེན་ཞེས་པ་ནི་རིན་ཆེན་འབྱུང་ལྡན་ཏེ། ཡང་དག་པའི་ཡེ་ཤེས་འཛིན་པའི་ཕྱིར་རོ། །དེས་སངས་རྒྱས་རྣམས་ཀྱི་ཚོར་བའི་ཕུང་པོ་བསྐྱེད་དེ། །རིགས་པའི ་ཡེ་ཤེས་ཟེར་བའི་ཕྱིར་རོ། །པདྨ་ཞེས་པ་ནི་འོད་དཔག་མེད་དེ་པདྨའི་རྩ་བའི་སྣལ་མ་ལྟ་བུའི་རྩ་རྐང་པ་ནས་སྤྱི་བོར་འཛིན་པའི་ཕྱིར་ཡང་དག་པའི་དྲན་པ་དེས་སངས་རྒྱས་རྣམས་ཀྱི་འདུ་ཤེས་ཀྱི་ཕུང་པོ་བསྐྱེད་དེ་ཡང་དག་པའི་ཏིང་ངེ་འཛིན་མངོན་དུ་བྱ་བའི་ཕྱིར་རོ། ། ་ནོར་བུ་ཞེས་པ་ནི་དོན་ཡོད་གྲུབ་པའོ། །ཅིའི་ཕྱིར་ནོར་བུ་ཡིན་ཞེ་ན། ཨིནྡྲ་ནཱི་ལ་ལྟ་བུའི་རལ་གྲི་འཛིན་པའི་ཕྱིར་རོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་སྣ་ཚོགས་པའམ། འདོད་ཆགས་ལ་སོགས་པ་རྣམ་པ་ལྔ ་འཇོམས་པའི་ཕྱིར་ངེས་སངས་རྒྱས་ཀྱི་འདུ་བྱེད་ཀྱི་ཕུང་པོ་བསྐྱེད་པར་འགྱུར་རོ། །འཁོར་ལོ་ཞེས་པ་ནི་རྣམ་པར་སྣང་མཛད་དེ། རྣམ་པར་སྣང་མཛད་ཅེས་པའི་རླུང་ཆེན་པོ་དེ་འགོག་པའི་ཕྱིར་དེས་སངས་རྒྱས་རྣམས་གཟུགས་ཀྱི་ཕུང་པོ་བསྐྱེད ་པའོ། །དེ་བཞིན་དུས་དང་ཆུ་དང་པོ་དང་རླུང་གི་ཁམས་རྣམས་རིམ་པ་བཞིན་དུ་རྟོགས་པར་བྱའོ། །དེའི་ཕྱིར་དཀྲུགས་པས་སྔར་གྱི་ཚིགས་སུ་བཅད་པ་ཕྱེད་ཀྱི་དོན་བསྟན་པའི་ཕྱིར། འབྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་གང་གི་ཕྱིར ་ཡེ་ཤེས་ལྔ་རྣམ་པར་གཟུང་བའི་ཕྱིར་དོ་འདུས་སུ་རིགས་གཅིག་ནས་བརྩམས་ཏེ། ཇི་སྲིད་གྲངས་མེད་པའི་རིགས་རྣམས་བསྐྱེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གསུངས་པ། ཕུང་པོ་ལྔའི་ཞེས་པ་ནི་སྲོག་ལྔ་ལ་སོགས་པའི་རླུང་རྣམས་སོ། །དེ ་ལྟར་འབྱུང་བ་ཆེན་པོ་ལྔའི་རང་བཞིན་དེ་ནི་བརྟེན་པའོ། །དེ་རྣམས་ཀྱི་རྟེན་ནི་ཕུང་པོ་ལྔའོ། །དེའི་རང་བཞིན་ཁམས་རྣམས་སོ། ཁམས་རྣམས་ལས་རིགས་རྣམས་འབྱུང་ངོ། །དེའི་རིགས་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་སུ ་འགྱུར་ཏེ། བྱ་བ་བྱེད་པ་དང་འབྲེལ་བའི་ཕྱིར་རོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་ལང་ཀར་གཤེགས་པ་ལས་གསུངས་ཏེ། དུ་བ་ལས་ནི་མེད་ཤེས་ཤིང། །ཆུ་སྐྱར་ལས་ནི་ཆུ་ཡིན་ཏེ། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། རིགས ་ནི་མཚན་མ་རྣམས་ལས་ཤེས་ཤེས་སོ། །དེ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྐྱེས་ཞེས་པ་ནི་ཕུང་པོ་ལྔ་དེའི་རང་བཞིན་དུ་བསྐྱེད་པར་འགྱུར་རོ། །དེའི་ཕྱིར་རིགས་ཞེས་པ་ནི་སེམས་ཅན་སྣ་ཚོགས་པའི་ཁམས་སུ་བསྐྱེད ་པའོ། །སེམས་ཅན་ཐམས་ཅད་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ཕྲག་དོག་དང་དྲེགས་བ་དང་སེར་སྣ་དང་བརྒྱལ་གྱི་དྲིམས་བསྒྲིབས་པ་འགྲོ་བ་དྲུག་ཏུ་སྡུག་བསྔལ་ཉམས་སུ་མྱོང་བ་མ་ཡིན་ནམ། ཅིའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་རྣམས་ཀྱི་རིགས་སྐྱེས། གང་གི་ཕྱིར་གསུམ་ལ་སྐྱབས་སུ་འགྲོ་བ་ཙམ་གྱིས་ཀྱང་ངན་འགྲོར་མི་འགྲོ་ན་གཞན་ལྟ་ཅི་སྨོས། གང་དག་དང་རྒྱས་སྐྱབས་འགྲོ་བ། །དེ་དག་ངན་འགྲོར་མི་འགྲོའོ། །མི་ཡིས་ལུས་ནི་སྤངས་ནས་སུ། །དེ་ཡིས ་ལྷའི་ལུས་ནི་རྙེད། །དོ་བཞིན་དུ་ཆོས་དང་དགེ་འདུན་ལ་སྐྱོབས་སུ་འགྲོ་བས་ཀྱང་དོ། །ཁྱད་པར་དུས་བཅུའི་དབང་ཕྱུག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་རྣམས་སུ་སྐྱེས་པའི་སེམས་ཅན་ཐམས་ཅད་ཀྱི་ཁམས་རྣམས་དམྱལ ་བ་ལ་སོགས་པའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་སྙམས་པའི་དོགས་པ་འགའ་ཞིག་ལ་ཡོད་དེ། །དེའི་ཕྱིར་འདིར་ལན་གསུངས་པ། བདེན་མོང་ཀྱང་མི་ཤེས་པའི་དྲི་མས་བསྒྲིབས་པས་མུ་སྟེགས་པ་ལ་སོགས་པའི་བྱིས་པ་རྣམས་ལག་པའི ་ཆོས་ལ་ཆགས་པ་མི་དགེ་བའི་གྲོགས་ཀྱི་དབང་གིས་ཕྱིན་ཅི་ལོག་གི་ཆོས་རྣམས་ལས་ཡོངས་སུ་རྟོག་གོ་།དེའི་ཕྱིར་དེ་རྣམས་ཀྱི་ལྟ་བ་ངན་པ་རྣམས་རྣམ་པར་གཞོམ་པའི་ཕྱིར་དེ་བཞིན་གཤེགས་པས་ཆོས་སྣ་ཚོགས་པ་སྟོན་པར་མཛད་དོ། ། ་གང་གི་ཕྱིར་ཏིང་ངེ་འཛིན་བར་བར་དུ་ཆད་པས་ཇི་སྲིད་དུ་སེམས་རབ་ཀྱི་མཐར་ཐུག་པར་མ་གྱུར་པ་དེའི་ཕྱིར་དེ་ཁོ་ན་ཉིད་ཀྱི་ལེའུའི་ཚུལ་གྱིས་དེ་ཁོ་ན་ཉིད་བསྒོམ་པ་བཅོམ་ལྡན་འདས་ཀྱིས་བསྟན་ཏེ། གང་དམིགས་པས་སེམས་རྩེ་གཅིག་པར ་འགྱུར་རོ། །དོ་ཅི་ཞེ་ན། སྒོམ་པ་པོ་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། །སྒོམ་པ་པོ་མེད་བསྒོམ་བྱ་མེད་ཅེས་པ་ནི་འདིར་སེམས་ཅན་རྣམས་ཀྱི་གཟུང་བ་དང་འཛིན་པའི་དངོས་པོས་དབང་པོའི་སྒོ་ནས་ཕྱིའི་དངོས་བོ་རྣམས་ལ་འཇུག་པར ་འགྱུར་རོ། །དེའི་ཕྱིར་ཕུང་པོ་ལྔའི་ང་རྒྱལ་སླར་ཡང་དགེ་བའི་བག་ཆགས་ཀྱི་དབང་གིས་མ་དང་ཕ་ཡང་དག་བར་སྤྱོད་བས་ཕུང་པོ་དང་ཁམས་ལ་སོགས་པ་ལ་བརྟེན་པ་འཛིན་ཏོ། །གང་ལས་ཤེ་ན་།སེམས ་ཀྱི་རྟོག་པའི་དངོས་པོ་ལས་སོ། །སེམས་ཀྱད་མི་བདེན་པ་སྟེ། མི་བདེན་པ་ལ་བདེན་པར་ཡོངས་སུ་བརྟགས་པ་དེས་འཁོར་བར་འཆིང་བར་འགྱུར་ཏེ། མི་ཤེས་པ་སོ། །འདི་ནི་འགལ་ལོ། །ཅི་ཞེས། དེར་བསྟན་པ་ཅི་གད་དང་གང་བསྟན་པས་སེམས་ཅན་ཐམས ་ཅད་ཀྱི་ཉོན་མོངས་པ་རྣམས་ཟད་པར་བྱེད་དོ། །དེ་ཡང་རྣམ་པར་རྟོག་པའི་བདག་ཉིད་དུ་འགྱུར་ཏེ། སྡུད་པ་བྱེད་པས་གསུངས་པའི་དམ་པའི་ཆོས་སྣ་ཚོགས་པའི་གླེགས་བམ་གྱི་ཚུལ་གྱིས་དེ་རྣཾས་སུ་ངག་གི་རྣམ་པར་རྟོག་པས་དངོས་པོའི་དཔེ་བརྗོད་པའི་ཕྱིར་རོ། ་དེ་འདིར་བརྗོད་དེ། འདིར་སངས་རྒྱས་རྣམས་ཀྱིས་གཟུང་པ་དང་འཛིན་པའི་བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་དང། ཉོན་མོངས་པ་རྣམས་སྤངས་པའི་ཕྱིར་རྣམ་པར་མི་རྟོག་པའི་བདག་ཉིད་ཀྱི་ལམ་བསྐྱེད་དོ། །གང་གི་ཕྱིར་དགྲ་བཅོམ་པ ་རྣམས་ཀྱི་ནི་ལྷག་མ་དང་བཅས་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ནི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་ལམ་དུ་འགྱུར་རོ། །དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་རྣམ་པར་མི་རྟོག་པའི་བདག་ཉིད་ཀྱི་སེམས་རང་བཞིན ་དང་བྲལ་བ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དོ། །འོན་ཀྱང་ཀུན་རྫོབ་ཀྱིས་རྒྱུས་སེམས་མིང་ཙམ་དུ་བརྗོད་དོ། །དེ་ལྟར་ཡང་རྒྱལ་བའི་ཡུམ་ལས་གསུངས་ཏེ། རབ་འབྱོར་སེམས་གང་སེམས་དེ་ནི་སེམས་མེད་པར་ཡང་དག་པར་ཇི་ལྟ་བ ་བཞིན་དུ་རབ་ཏུ་ཤེས་པའི་སེམས་དེ་ནི་སེམས་མེད་པའོ། །དེ་བཞིན་དུ་ཡང་ཡོང་པ་མེད་པ་མིན། །ཡང་དང་མེད་པ་གཉིག་མིན། །གཉི་གའི་བདག་ཉིད་མེད་པའང་མིན། །མཛའ་བཞི་ལས་ནི་རྣམ་གྲོལ་བ། །དེ་ཉིད་དབུ་མ་པ་ཡིས་ཤེས། ། ་དེ་ཕྱིར་སྒོམ་པ་བ་མེད་དེ་སེམས་མེད་ཅེས་པའི་དོན་ཏོ། །དེ་མེད་པའི་ཕྱིར་ཕུང་པོ་ལྔའི་ང་རྒྱལ་ཡང་མེད་དོ། །ཕུང་པོ་ལྔ་མེད་པའི་ཕྱིར་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ཀྱང་མེད་དོ། །སྐྱེ་མཆེད་རྣམས་མེད་པས་འཛིན་པ་ཡང་མེད་དོ། །འཛིན་པ་མེད ་པས་གཟུང་བའི་དངོས་པོ་ཡང་མེད་དོ། །ཅི་རི་ཕྱིར་མེད་ཅེ་ན། གཅིག་དང་དུ་མ་དང་བྲལ་བའི་ཕྱིར་རོ། །ཁམས་རྣམས་ཀྱི་གོང་བུ་རྡུལ་ཕྲ་རབ་ཏུ་སོན་ཅིང་རྡུལ་ཕྲ་རབ་ཀྱང་ཆ་དྲུག་ཏུ་ཕྱེ་ཞིང་ཕྱོགས་ཆ་དྲུག་གི་དབྱེ་བས་ཆ་མེད་པ་ཉིད་དུ་འགྱུར་བའོ། །དེ་ལྟར་ཕུང ་པོ་ལྔ་དང་སྐྱེ་མཆེད་རྣམས་བདེན་པར་མེད་དོ། །དེའི་ཕྱིར་སྒྱུ་མ་ལྟ་བུའི་ཆོས། །བདེན་པ་མ་ཡིན་བརྫུན་པ་མིན། །སྒྱུ་མའི་དཔེ་ནི་བཅུ་གཉིས་ཀྱིས། །རྟོགས་པར་བྱའོ། །འདི་ལྟ་སྟེ། །སྒྱུ་མ་དང་ནི་སྨིག་རྒྱུ་དང། །དྲི་ཟ་ཡི་ནི་གྲོང་ཁྱེར་དང། །མདུན་གྱི་ཆུ་ཡི་ཟླ་བ ་དང། །མེ་ལོང་གི་ནི་གཟུངས་བརྙན་དང། །དེ་བཞིན་རྨི་ལམ་དབང་པོའི་གཞུ། །སྦྲིན་གྱིས་སིབ་མ་གསལ་སྣང་དང། །ཆུ་ཡི་ཆུ་བུར་མིག་འཕྲུལ་དང། །མུན་པ་ཡི་ནི་རབ་རིབ་བོ། །དམ་པའི་ཀུན་རྫོབ་ཀྱི་བདེན་པ་གསུངས་པ་ནི་སྣ་ཚོགས་ཀྱི་དོན་འབྱུང་བའི་ཕྱིར་རོ ་ཞེས་པ་ནི་ངེས་པའོ། །རིགས་པ་འདིས་དངོས་པོ་མེད་ཅེས་པ་ནི་རྣལ་འབྱོར་གྱི་སྲེད་པ་བསལ་བའོ། །ཡང་ན་བསྒོམ་པར་བྱ་བ་དང་སྒོམ་པ་དང་སྒོམ་པ་པོ་བསྒོམ་པ་བྱ་བའི་རྣལ་འབྱོར་ལ་གོམས་པས་ཅུང་ཟད་ཉམས་སུ་མྱོང་བ་དང་བཅས་པའི་སེམས་ཀྱི་ལམ ་མཐོད་དོ། །འདི་གཉིས་འདི་ལྟར་བསྒོམ་པར་བྱ་བ་མི་ཕྱེད་པའི་སྦྱོར་བ་བལྟའོ། །རྩ་རྣམས་ཀྱི་རང་བཞིན་གྱིས་འཁོར་ལོས་སྲོག་དང་ཐུར་སེལ་འགོག་པ་ཡང་ཕན་ཚུན་ཕྱི་དང་ནང་འཁྱུད་པའོ། །དེ་ལྟར་བསྒོམ་པ་ཡང་དེ་དག་གི་སྒྱུ་མ་ལྟ་བུ་གསལ་བཙམ ་ཉིད་ཀྱིས་ཏེ། །གཞན་དུ་དོ་ཁོ་ན་ཉིད་འདི་མོས་པར་བྱ་བ་མ་ཡིན་ནོ་ཞེས་དགོངས་སོ། །ད་ནི་དོན་དམ་པའི་བདེན་པའི་ལྟ་བ་བསྟན་པའི་ཕྱིར། །སྔགས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རྣལ་འབྱོར་པ་རྣམས་ཀྱི་སྔགས་ཞེས་པ་ལ། ་སྔགས་ནི་རྣམ་པ་གསུམ་མོ། །དེའི་རིམ་པ་ནི་འདི་ལྟ་སྟེ། དབྱིབས་དང་བྱང་ཆུབ་སེམས་དང་རླུང་ངོ། །དེ་ལ་དབྱིབས་ནི་རྣམ་པ་གཉིས་ཏེ། སྔགས་དང་དབྱིབས་ཀྱི་བདག་ཉིད་དོ། །དེ་ཡང་ཡིད་སྐྱོབ་པའི་དོན་གྱིས་དེ་བཞིན་ཉིད ་ཀྱི་བདག་ཉིད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་ཀྱི་དབྱེ་བ་གཉིས་ཏེ། གཅིག་ནི་ལུས་ལ་དབྱིབས་ཀྱི་རྩའོ། །དེ་བཞིན་དུ་བྱང་ཆུབ་སེམས་རྒྱུ་བའི་དུས་སུ་གང་སྣལ་མར་བརྗོད་པ་དེའོ། །དེ་བཞིན་དུ་རླུང་ཡང་རྣམ་པ་གཉིས་ཏེ། གཅིག་ནི་དོན ་དམ་པའི་སྲོག་གོ། དེ་བཞིན་དུ་གཉིས་པ་ནི་ངེ་རྒྱུ་བའི་ཕྱིར་སྣལ་མ་དང་སྣལ་མ་མེད་པ་སྟེ། སྤས་པ་ཉིད་ཀྱིས་ཡན་ལག་དྲུག་གིས་སྦྱོར་བས་ཤེས་པའོ། །དེ་ཡང་མེད་དེ། བསྒོམ་པའི་རྣམ་པར་རྟོག་པའི་དབང་གིས་སོ་ཞེས་པ་ནི་ངེས་པའོ། ། ་ལྷ་ཡང་མེད་ཅེས་པ་ནི་དོན་དམ་པར་རང་རིག་པའི་ཡེ་ཤེས་ཀྱི་ལྷ་དེ་ཡང་མེད་ཅེས་པའི་དོན་ཏོ། །དེ་ཅི་ཞེ་ན། གསུངས་པ། གཟུང་བ་དང་འཛིན་པའི་དངོས་པོའི་ཕྱིར་རོ། །དེ་ལྟར་མ་ཡིན་ན་དེར་ཅི་ཞིག་རྟོགས་པར་བྱ་ཞེ་ན། །སྤྲོས་པ་མེད་པར་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྤྲོ་སྤ་མེད་པ་ལས་བཟློག་པ་བསྒོམ་པར་ཀུན་ཏུ་འཛིན་པའོ། །དེ་བཞིན་དུ་འཁྲུལ་པ་རྣམས་ཀྱིས་སྦྱོང་ཡུལ་མ་ཡིན་པ་ཆོས་ཀྱི་དབྱིངས་དང་དེ་བཞིན་དུ་ཡང་བཞི་བ་ལས་འདས་པའི་ཡེ་ཤེས་ཀྱི་ཁམས་སོ། །དེ་དག ་གཉིས་མེད་བ་ནི་སྤྲེས་པ་མེད་པ་དམིགས་པ་ཡང་དག་པའི་ཡེ་ཤེས་བདེ་བ་ཆེན་པོའི་རང་བཞིན་འཁྲུལ་བའི་རྒྱུ་ཐམས་ཅད་ཆུབ་པས་ན་སྤྲོས་པ་མེད་པའོ། །ཡང་དག་པའི་ཡེ་ཤེས་དེ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པའི་ས་བོན་ཐམས་ཅད་ཟད་པའི་ཕྱིར་རྡོ་རྗེ་འཛིན ་ཆེན་པོའི་ས་བཅུ་གསུམ་པ་ཟག་པ་མེད་པས་སྤྲོས་པ་མེད་པ་འོད་གསལ་བའི་ཡེ་ཤེས་ཤེས་པའི་དོན་ཏོ། །དེ་ཉིད་སྔགས་དང་ལྷ་དེའི་བདག་ཉིད་དུ་བཞུགས་ཞེས་སྦྱར་རོ། །སྔགས་རྣམས་ལས་བྱུང་བའི་ལྷ་ཉིད་སྔགས་ཀྱི་ལྷ་སྡེ། ཡན་ལག་དྲུག་གིས ་སྦྱོར་བས་འོད་གསལ་བའོ། །གང་གེས་ཕྱིར་སྣ་ཚོགས་པ་དེའི་ངོ་བོ་དེའི་རང་བཞིན་དེའི་བདག་ཉིད་ཅེས་པ་ནི་ངེས་པའོ། །དེ་ལ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། །འོད་གསལ་རང་བཞིན་སྣ་ཚོགས་པ། འོད་གསལ་ལས་ནི་སྣ་ཚོགས་འབྱུང། །དེ་ཉིད ་འོད་གསལ་བདག་ཉིད་དོ། །འདི་ཉིད་དུ་ནི་ཐིམ་པར་འགྱུར། །འོན་ཀྱང་སྒྱུ་མ་ལྟར་སངས་རྒྱས། །སེམས་ཅན་རྣམས་ཀྱི་ལུས་སུ་འབྱུང། །སྣང་བ་ཡི་ནི་རང་བཞིན་ཆོས། །བསྟན་ནས་དེ་ཉིད་དུ་ཐིམ་འགྱུར། །དེ་ལྟར་ཡིད་ཆེས་ཆོགས་བརྣམས། །སངས་རྒྱས ་རྣམས་ཀྱིས་བསྟན་པ་ནི། །ཡིད་ཆེས་པ་ནི་འབའ་ཞིག་ཙམ། །སེམས་ཅན་རྣམས་ནི་བསྒྲལ་བའི་རྒྱུར། །གང་དང་གང་གི་ལས་ཀྱིས་ནི། །སེམས་ཅན་རྣམས་ནི་བསྒྲལ་པའི་ཕྱིར། །དེ་དང་དེ་ཡི་ལམ་ཉིད་ནི། །དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟན། ་ལྟ་བ་དྲུག་ལ་གནས་པ་ནི། །སེམས་ཅན་དེ་ཉིད་འདོད་གང་དག། དེ་རྣམས་རང་གི་སེམས་དབང་གིས། །བསྟན་པ་དེ་ཉིད་ཅེས་སུ་བརྗོད། །ད་ནི་སངས་རྒྱས་བཅོམ་ལྡན་འདས་ཁྱབ་བྱ་དང་ཁྱབ་བྱེད་ཀྱི་དེ་ཁོ་ན་ཉིད་བསྟན་པ་བརྗོད་དེ། །འདིར་དང་པོ་ཉིད་དུ་སངས ་རྒྱས་པ་རྣམས་དེ་བཞིན་གཤེགས་པ་དྲུག་གཟུགས་ཀྱི་དེའི་རང་བཞིན་གྱི་བདག་ཉིད་རྣམས་ལ་དེ་ཁོ་ན་ཉིད་བསྟན་པའི་ཕྱིར། རྣམ་སྣང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་སྣང་མཛད་དང་མི་སྐྱོང་པ། རིན་ཆེན་དཔག་མེད་སེམས་དཔའ་རྣམས་ཞེས ་པ་ལ་ངང་གིས་ནི་དོན་ཡོང་གྲུབ་པ་གཟུང་ངོ། །སེམས་དཔའ་ཞེས་པ་ནི་རྡོ་རྗེ་སེམས་དཔའ་ཨོ། །དེ་དང་པོ་བརྗོད་པར་འདོད་པས་གསུངས་པ། འདིར་རྡོ་རྗེ་སེམས་དཔའ་གཅིག་པུར་འགྲུབ་པ་རྟོག་པ་ཐམས་ཅད་ཀྱི་ཆོ་ག་དང་གཞན་རྣམས་སུ་བར་པར་དུ་ཇི་ལྟར་འདོད་པ ་ངེས་པར་སྐྱོབ་བའི་ཕྱིར་རོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་སངས་རྒྱས་མཉམ་སྦྱོར་ལས་གསུངས་པ། སྣ་ཚོགས་ཆོ་ག་འདོད་རྣམས་ཀྱིས། སྣ་ཚོགས་ཆོ་གའི་སྦྱོར་བ་ཡིས། སེམས་ཅན་རྣམས་ནི་འདུལ་དོན་དུ། བདེ་བ་ཐམས་ཅད་རབ། ་གྲུབ་ཕྱིར་ཞེས་བྱ་བ་ལ་སོགས་པས་སོ། །དེ་ཉིད་རྣམ་པར་སྣང་མཛད་ཤིན་ཏུ་སྟོང་པ་དང་ལྡན་པའོ། །ངེས་སེམས་ཅན་ཐམས་ཅད་འབྱུང་བའི་ཕྱིར་དེར་འགོག་པའི་ཆོས་ཉིད་ལ་འགོག་ཅིང་ཡོངས་སུ་མྱ་ངན་ལས་འདས ་པ་དེ་རྣམས་ཇི་སྲིད་ནམ་མཁའ་ཨི་མཐར་ཐུག་པར་བཞུགས་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པས་བསྐུལ་ལོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། དེ་ཉིད་བཅོམ་ལྡན་འདས་སྦྱོར་བ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། ་རྣམ་ཐར་ཐམས་ཅད་རྣམ་དག་ཕྱིར། །སངས་རྒྱས་མྱ་ངན་འདས་པ་འཛིན། །སྟོང་པ་མ་ཡིན་མི་སྟོང་མིན། །དབུ་མ་དམིགས་པར་མི་འགྱུར་ཏེ། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ། །སྙིང་རྗེ་ཐབས་ཀྱི་བདག་ཉིད་དོ། །དེ་ཕྱིར་སྙིང་རྗེ་བཅས་པའི་ཐབས ་ཤེས་རབ་ཕ་རོལ་ཕྱིན་པར་གསལ། །རྣམ་པར་མི་རྟོག་ལྷག་མོས་པས། །རྟོག་པ་ཐམས་ཅད་བརྟག་པར་བྱ། །རྣམ་པར་མི་རྟོག་ཆོས་རྣམས་ལ། །སེམས་ཅན་དོན་ནི་ཡོངས་སུ་བརྟགས། །བྲག་ཆ་སྒྲ་ནི་ལྟ་བུ་རུ། །ཆོས་ཀྱི་གསུངས ་ན་བལྟ་བར་བྱ་ཞེས་བྱ་བ་ལ་སོགས་པས་སོ། །དེ་ལྟར་འགྲོ་བའི་དོན་བསྒྲུབས་པ་མཆོག་མཉམ་པ་མེད་པ་རྟག་ཏུ་སྣང་བར་བྱེད་པ་ར་རྩེ་པ་ཆེན་པོའི་བདག་ཉིད་སྙིང་རྗེ་མི་འདོད་བ་འདིས་རྣམ་པར་སྣང་མཛད་དོ། །དེ་ཉིད་མི་བསྐྱོང་རྡོ་རྗེ་ཀུན་ཏུ ་འབྱུང་སྟེ། །ཤིན་ཏུ་གདུག་ཅིང་གཏུམ་ལ་དྲག་བའི་སེམས་ཅན་རྣམས་ཀྱི་ལས་དེས་དུ་འབོར་ལ་སོགས་པར་ལྟུང་དོ། །དེར་ཤི་ནས་སླར་སེམས་ཀྱི་བག་ཆགས་ཀྱི་སྦྱོར་བས་སེམས་ཅན་དུ་འགྱུར་ཏེ། ཤིན་ཏུ་གདུག་པ་ཆེ་རྒྱལ་པོ། ་བདུད་ཀྱིས་བྱིན་གྱིས་བརླབས་པ་རྣམས། །རིམས་དང་དུག་དང་སྦྱར་དུག་ནད། །མཁའ་འགྲོའི་ཉེ་བར་འཚེ་དང་གདོན། །བདུད་དང་ལོག་འདྲེན་ཉིད་དང་ནི། །ཤིན་ཏུ་འདུག་པ་ཆེན་པོར་འགྱུར། །སྲིད་བ་གསུམ་ནི་བརླག་པར་བྱེད། །ལེགས་པ ་རྣམས་ནི་ཟང་བྱེད་ཅིང། །ལྷ་ལ་སོགས་པས་སྐྱོ་བར་བྱེད། །བསྟན་པ་རྣམས་ནི་འཇོམས་པར་བྱེད། །དེ་ཕྱིར་དབང་པོ་དང་བཅས་པ། །ཚངས་པ་ལ་སོགས་པ་ལ་བརྟེན། །དེ་རྣམས་ཀྱི་སྐྱབས་ལ་ཉེ་བར་བརྟེན་ཏོ། །ཚངས་པ་སོགས་པ་དེ་རྣམས་ཀྱང་རྡོ་རྗེ ་འཛིན་ལ་སྐྱབས་སུ་འགྲོའོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། །དེའི་ཕྱིར་དབང་པོར་བཅས་པའི་ལྷ། །ཚངས་པ་ལ་ནི་ཉེ་བར་བརྟེན། །ཚངས་པ་དབང་པོར་བཅས་པའི་ལྷ། །ཁྱག་འཇུག་ལ་ནི་སྐྱབས་སུ་སོང། །ཚངས་པ་དང་ནི་ཁྱབ ་འཇུག་ལྷ། །ལྷ་ཆེན་པོ་ལ་ཉེ་བར་བརྟེན། །ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེ། །རྡོ་རྗེ་ཅན་ལ་སྐྱབས་སུ་སོང་ཞེས་སོ། །དེའི་ཕྱིར་མི་བསྐྱོད་རྡོ་རྗེའི་ཏིང་ངེ་འཛིན་གྱིས། །དཔལ་ཧེ་རུ་ཀ་ལ་སོགས་པ་དྲག་པོའི་གཟུགས་སྙིང་རྗེ་ཆེན་པོ་ཅན་མངོན་དུ་མཛད་དོ། ། ་དེ་བཞིན་དུ་རྡོ་རྗེ་སེམས་དཔའ་ཨི་ཡང་དག་པའི་སྦྱོར་བ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱིས་སངས་རྒྱས་ཐམས་ཅད་དང་ཁྲོ་བོ་ལ་སོགས་པ་འདུས་པར་བྱའོ། །ཏེ་རྣམས་ཀྱང་རྡོ་རྗེ་འཆང་གི་བཀའ་ཙམ་གྱིས་འཁོར་གྱི་འཁོར་ལོ་འདུས་པས་ཁམས་གསུམ ་ཡང་ངེས་པར་བསྲེག་གོ། གང་ཕྱིར་སངས་རྒྱས་ཀུན་བྱོན་ན། །གཞན་དག་སྨོས་ལྟ་ཅི་ཞིག་དགོས། །ཤིན་ཏུ་གདུག་ཅིང་དྲག་རྣམས་ལ། །ཞི་བ་ཉིད་ནི་ཉེར་མི་སྦྱར། །སངས་རྒྱས་ཀུན་ནམ་ཅི་ཡང་དུང། །ཁམས་གསུམ་པ་ནི་ཁྱད་པར་ཉིད། །དེ ་ནས་སྣ་ཡི་རྩེ་མོ་རུ། །ཡིད་ཀྱིས་བརྟན་སོར་གཟུང་བར་བྱ། །སྣ་ཡི་དབུགས་ནི་སྤྲོ་བསྡུས་པས། །ཕྱག་རྒྱའི་སྦྱོར་བས་རྒྱལ་བ་ནི། །ཧེ་རུ་ཀ་སོགས་སྤྲོ་བར་འགྱུར། །དེ་ལྟར་ཡང་གླེགས་བམ་ལ་ལར་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ ་ལྟེ། དེ་ཉིད་བཅོམ་ལྡན་འདས་སྦྱོར་བས། །རྡོ་རྗེ་ཁྲོ་བོ་རྣམ་པར་སྤྲོ། །ཧེ་རུ་ཀ་དཔལ་དྲག་ཆེན་པོ། །འཇིགས་པའི་ཐིལ་བ་ཉེ་བར་འབར། །སེམས་དཔའ་སྔོན་པོ་འབར་རང་བཞིན། །འོད་ཀྱི་དཀྱིལ་འཁོར་དམར་འབར་བ། །འཇིགས་པ་ཆེན་པོའི ་ལུས་ལྟར་འབར། །དུར་ཁྲོད་ཀྱི་ནི་མེ་ལྟ་བུ། །སྐྲ་ལས་འོད་ནི་ཆེན་པོ་འབར། །ཐོད་པ་དག་ནི་ཅོད་པན་གཙིགས། །འཇིགས་པ་ཆེན་པོའི་དུས་ལྟར་དྲག། དུར་ཁྲོད་ལྟ་བུར་འཇིགས་ཤིང་གཏུམ། ་དྲག་པོ་ལ་སོགས་ཉམས་སྦྱོར་བས། །སྣ་ཚོགས་ཞལ་ནི་རྣམ་པར་འཁོར། །རེ་ནི་རྣམ་འཁོར་སྨིན་མ་གཉེར། །མར་མེ་འོད་ལྟར་གར་བྱེད་པས། །དྲག་པོའི་དབང་པོ་ཉེ་དབང་པོ། །ཟླ་བ་ཉི་མ་གཤིན་རྗེར་བཅས། །སྲིད་པ་གསུམ་ནི་ཉེ ་བར་འབར། །ཐལ་བར་འཇིགས་པར་བྱེད་པ་འདི། །རྡོ་རྗེར་བཅས་ཤིང་ཁ་ཊཝཱཾ་བཅས། །དྲིལ་བུར་སིལ་སིལ་སྒྲ་སྒྲོགས་པས། །ཡང་དག་ཕབ་ནས་སླར་ཐམས་ཅད། །ཐལ་བར་སོང་བདེ་ཡང་འཆེ། །དེ་ལས་ཉི་མའི་འོད་ནི་འབྱུང། །གྲིབ་མ་མཆོག་ཏུ ་རྣོ་པའོ། །བདུད་ལ་སོགས་པ་མ་ལུས་སྤྲོ། །བདུད་ཀྱི་ཁྲག་ནི་གསོལ་བར་སྤྱོད། །དེ་རྣམས་ལྷན་ཅིག་རྒྱལ་པོ་ནི། །དུར་ཁྲོད་དུ་ནི་ཐལ་བར་བྱེད། །ཐམས་ཅད་རྡོ་རྗེ་མཉམ་པར་སྦྱོར། །མཁའ་འགྲོ་མ་དཀྱིལ་ཉེ་བར་འབར། །ཤིན་ཏུ་གདུག་ཅིང་དྲག་པ ་གཏུམ། །སེམས་ཅན་ཁམས་ནི་རྣམ་དག་ཉིད། །སངས་རྒྱས་ཞིང་ནི་དག་རྣམས་སུ། །སངས་རྒྱས་བྱང་ཆུབ་ལ་ནི་བཞུགས། །རྡོ་རྗེ་ཅན་འདོད་ཁྲོ་སོགས་ཀྱིས། །རྟོགས་པ་ཐམས་ཅད་བླ་མེད་པས། །ནམ་མཁའ་ཨི་ཁམས་ཀྱི་མཐར་ཐུག་པར། ། ་སེམས་ཅན་ཁམས་ནི་རབ་ཏུ་བསྒྲུབས་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་དེས་པའོ། །དེ་ཉིད་ནི་རིན་ཆེན་ཞེས་པ་ནི་རྡོ་རྗེ་ཉི་མའོ། །འདིར་ཤིན་ཏུ་གདུག་ཅིང་བརྐམ་བ་དེས་སེམས་ཅན་ཐམས་ཅད་འདོད་པའི་བདག་ཉིད་ཅན་དུ་འགྱུར་རོ། །ཤིན་ཏུ་སེར་སྣ ་ཆེ་བ་དེས་ཀྱང་སེམས་ཅན་རྣམས་དམྱལ་བར་ལྟུང་བར་འགྱུར་རོ། །དེར་ཡང་ཤི་ནས་ཡང་དབུལ་ཆེས་པར་འགྱུར་རོ། །དེའི་ཕྱིར་ལྟོགས་པ་དང་སྐོམས་པ་ལ་སོགས་པའི་ཉེས་པ་རྣམས་ཀྱིས་ཕ་རོལ་གྱི་རྫས་འཕྲོག་པ་དེ་རྣམས་འདུལ་བའི་དོན་ནི ་དུ་དེ་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ། །དེ་ཉིད་བཅོམ་ལྡན་འདས་སྦྱོར་བས། །དོན་དམ་པ་ནི་ནོར་ཆེན་པོ། །ཤིན་ཏུ་གདུག་པ་དག་དོན་དུ། །རྡོ་རྗེ་ཉི་མ་འབྱུང་བར་འགྱུར། །ནམ་ཁའི་སྙིང་པོ་ཀུན་གྱི་བདག། བསམ་བ་ཐམས་ཅད་ཡོངས ་རྫོགས་བྱེད། །མཁའ་ལས་བཙུན་མོ་སོགས་རིན་ཆེན། །རིན་ཆེན་ཐམས་ཅད་སྒྱུར་བྱེད་པ། །ཤིན་ཏུ་གདུག་ཅིང་གཏུམ་རྣམས་ལ། །ཞི་བ་ཉིད་ནི་ཉེར་སྦྱར་མིན། །ཤེས་རབ་ཐབས་དངོས་ཉི་མས་ནི། །སྒྲུབ་པོ་ཐམས་ཅད་གདུང་བར་བྱེད། །བྱེད་པ་དང ་ནི་གཟུང་བ་དང། །འཕྲོག་པོ་ཡི་ནི་ཁྱད་པར་ཉིད། །འདི་དོན་ཐམས་ཅད་རྣམ་པར་བསམ། །སྲིད་པ་གསུམ་ནི་སྡུད་པར་འགྱུར། །ཁམས་གསུམ་རྣམ་པར་རྒྱལ་སོགས་ཀྱི། །རྟོག་པ་ཀུན་གྱི་བླ་མོད་པས། །ནམ་མཁའ་ཁམས་ཀྱི་མཐར་ཐུག་པར། །སེམས ་ཅན་ཁམས་ནི་རབ་ཏུ་བསྒྲུབ། །ཅེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་ཉིད་འཇིག་རྟེན་མགོན་པོ་སྟེ། །དེ་བཞིན་དུ་པདྨ་གར་གྱི་དབང་ཕྱུག་གོ། ལོག་པའི་ལྟ་བ་ལ་ཆགས་པ་དང། །དེ་བཞིན་དུ་མུ་སྟེགས་པ་ལ་སོགས་པ་གཞན་ཡང་ངོ། །དེས ་སེམས་ཅན་ཐམས་ཅད་བསྐྱེད་དེ། །དེ་ཡིས་ཡང་ཤིན་ཏུ་གདུག་ཅིང་མི་བཟང་པས་དུ་འབོར་ཆེན་པོ་རྣམས་སུ་ལྟུང་བར་འགྱུར། །དེ་རྣམས་ཀྱི་ཡང་རྣམ་པར་གཞོམ་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ། །དེ་ཉིད་བཅོམ་ལྡན་འདས་སྦྱོར་བ། ། ་རྡོ་རྗེ་སེམས་དཔའ་རྣམ་དག་ཕྱིར། །པདྨ་རཱུ་གའི་རང་བཞིན་སྦྱོར། །རྡོ་རྗེ་ཆོས་ནི་རབ་ཏུ་གནས། །ཇི་ལྟར་པདྨ་དམར་པོ་འདི། །འདོད་ཆགས་དྲི་མས་མ་གོས་ཏེ། །དེ་བཞིན་བག་ཆགས་སྐྱོན་རྣམས་ནི། །སྣ་ཚོགས་གྱིས་དག་ཁམས་གསུམ་པ། །དེ་ལ་ཀུན་ཏུ ་བལྟས་པའི་ཕྱིར། །དབང་ཕྱུག་དག་གི་རྒྱལ་བར་འགྱུར། །དཔལ་ལྡན་ཀུན་ཏུ་གཟིགས་དབང་ཕྱུག། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །འདོད་ཆགས་ཐམས་ཅད་རྣམས་དག་ཕྱིར། །བཅོམ་ལྡན་མཆོག་ནི་སྟེར་བའི་མཆོག། །སྣ་ཚོགས་འདུལ་བའི ་ཐབས་དང་ནི། །སྣ་ཚོགས་འདུལ་བའི་སྤྲོ་བ་ཡིས། །སྤྱན་རས་གཟིགས་དབང་ཕྱུག་རྒྱལ་པོ། །པདྨ་གར་གྱི་དབང་ཕྱུག་འགྱུར། །པདྨ་འབར་བ་མཉམ་སྦྱར་བ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །དཔལ་ལྡན་གར་གྱིས་དབང ་སོགས་ཀྱིས། །རྟོག་པ་ཀུན་ནི་བླ་མེད་པས། །ནམ་མཁའ་ཨི་ཁམས་ནི་མཐར་ཐུག་པར། །སེམས་ཅན་ཁམས་ནི་རྣམ་པར་སྦྱངས་ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །དེ་བཞིན་དུ་དེ་ཉིད་ཀྱིས་མཆོག་ཏུ་གཟུང་སྟེ། །ཤིན་ཏུ་བརྩོན་འགྲུས་དམན་པའི ་ཕྱིར་ད་ལས་སེམས་ཅན་ཐམས་ཅད་བསྐྱེད་པར་འགྱུར་ཏེ། །སླར་ཡང་བརྩོན་འགྲུས་དམན་པ་དེས་མནར་མེད་པའི་དམྱལ་བར་ལྟུང་བར་འགྱུར་ཏེ། །དེ་རྣམས་ཀྱིས་བརྩོན་འགྲུས་ཐོབ་པར་བྱ་བའི་ཕྱིར། །རྟ་མགྲིན་གྱི་ཏིང་ངེ་འཛིན་གྱིས་བཅོམ་ལྡན་འདས ་ཀྱིས་གསུངས་པའི་ཚིག་བརྗོད་དེ། །དེ་ཉིད་བཅོམ་ལྡན་སྦྱོར་བ་སྟེ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དཔལ་ལྡན་རྟ་ཡི་སྦྱོར་ཆོགས། །རྟ་ཡི་མཆོག་ནི་འབྱུང་བར་འགྱུར། །ཐམས་ཅད་དག་པར་མོས་པ་ཡིས། །རབ་བསྒྲུབས་སྟོབས་ཀྱིས ་མི་འགྲོའོ། །ཐམས་ཅད་གནོན་པ་ཉིད་ཀྱིས་ནི། །འཇིག་རྟེན་ཐམས་ཅད་རབ་གཟིར་བྱ། །སེམས་ཅན་ཁམས་ནི་སྣ་ཚོགས་པས། །ཤིན་ཏུ་གདུག་ཅིང་མི་བཟད་གཏུམ། །བྱི་བྱེད་ཆོམ་པོ་གསོད་བྱེད་པ། །ཐམས་ཅད་དེ་ལྟར་རྣམ་སྦྱངས་བྱ། ་དོར་ཐམས་དང་ནི་རྒྱུད་ཉིད་ཀྱིས། །རབ་བསྒྲུབས་སྟོབས་དང་ལྡན་དེ་བཞིན། །མཚོན་ཆ་ལྔ་དང་ཉེ་མཚོན་ལྔས། །འཇིག་རྟེན་ཀུན་ལས་རྒྱལ་དེ་ཚེ། །འགྲོ་བ་བརྟན་དང་གཡོ་བ་ནི། །མ་ལུས་སྣ་ཚོགས་པ་ནི་འགྲུབ། །སྣ་ཚོགས་འདུལ་བའི ་ཐབས་རྣམས་ཀྱིས། །རྒྱལ་སྲིད་ཆགས་བ་རྗེས་སུ་བསྐྱང། །འདོད་ཅན་རྣམས་ལ་འདོད་པར་འགྱུར། །དྲག་པོ་རྣམས་ལ་དྲག་པོར་འགྱུར། །ཞི་བ་རྣམས་ལ་ཞི་བར་འགྱུར། །གཞི་རྣམས་ཀྱང་ནི་རྣམ་པར་གནོན། །དབང་ཕྱུག་དམ་པ་གནས་པར ་བྱ། །རབ་བསྒྲུབས་སྟོབས་ཀྱིས་མི་འགྲོའོ། །འཇིགས་པའི་ལྷ་མོ་བཀུག་ནས་ནི། །རང་ཉིད་ཉེ་བའི་ལོངས་སྤྱོད་སྤྱོད། །ཁྱབ་འཇུག་ཡང་དག་པར་མནན་པར། །རབ་བསྒྲུབས་སྟོབས་ཀྱིས་དེ་མི་འགྲོ། །དཔལ་མོ་ཡང་དག་བཀུག་ནས་ནི། །རང་གི་ཉེ་བའི་ལོངས་སྤྱོད་སྤྱོད། ། ་སྐྱེ་དགུའི་བདག་པོ་ཡང་དག་གནས། །རབ་བསྒྲུབས་སྟོབས་ཀྱིས་མི་འགྲོའོ། །རབ་ཞི་ལྷ་མོ་ཡང་དག་མནན། །རང་ནི་ཉེ་བའི་ལོངས་སྤྱོད་སྤྱོད། །འདོད་པའི་ལྷ་ནི་ཡང་དག་མནན། །རབ་བསྒྲུབས་སྟོབས་ཀྱིས་དེ་མི་འགྲོ། །དགའ་མ་བརྩེ་བརྟན་དབང་ཕྱུག་མ། ། ་ཡང་དག་བཀུག་ནས་ཉེར་ལོངས་སྤྱོད། །དེ་སོགས་མཛའ་མེད་དང་པོ་ནི། །ཆོས་དབྱིངས་མཉམ་དང་མི་མཉམ་པ། །ནམ་མཁའ་ཁམས་ཀྱིས་མཐར་ཐུག་པ། །རྡོ་རྗེ་བུ་མོ་མཆོག་ནི་གནོན། །ནམ་མཁའ་ཀུན་གྱི་སྐབས་ན་དཔལ། །རྡོ་རྗེ་སེམས་དཔའ་རབ་ཏུ་བཞུགས། ། ་བསྒྲུབས་པའི་རྟ་ཡི་སྦྱོར་བ་ཡི། །སྐྱེས་བུ་གཞོན་ནུའི་སྒྲུབ་ཐབས་ཀྱིས། །མ་ལུས་འཇིག་རྟེན་གསུམ་རྒྱལ་པོ། །རྡོ་རྗེ་འཛིན་བཅས་ཡང་དག་ཐོབ། །བྱང་ཆུབ་སེམས་ནི་མཛའ་མེད་བརྩེ། །བཙན་ཐབས་སྦྱོར་བས་བསྒྲུབ་པར་བྱ། །ཐམས་ཅད་བདག ་ལ་མོས་པ་ཡིས། །བསྒྲུབས་པའི་སྟོབས་ཀྱི་དེས་མའི་འགྲོ། ཕ་རོལ་སྟོབས་ནི་མནན་པ་ཡིས། །སངས་རྒྱས་བྱང་ཆུབ་རབ་བརྙེས་བྱས། །བདུད་མེད་དཀའ་སྤྱོད་ཀྱིས་བསྒྲུབས་ཅིང། །སངས་རྒྱས་བྱང་ཆུབ་བདེ་ཆེན་པོ། །དེ་ཡི་སྦྱོར་བའི་བདག་ཉིད་ཐོབ། ། ་གོ་འཕང་མཆོག་ཏུ་རྟག་པའོ། །སེམས་ཅན་ཁམས་ནི་སྣ་ཚོགས་པ། །མ་ལུས་པ་ནི་མངོན་དུ་བྱ། །བདུང་མེད་དཀའ་སྤྱོད་བྱང་ཆུབ་བ། །སེམས་ཅན་རྣམས་ལ་གནས་བརྟན་སྟེར། །མ་ལུས་ལུས་པ་མེད་པ་ཡི། །རྟོག་པ་ཐམས་ཅད་དབང་དུ་འགྱུར། ། ་རྟ་ཡི་མཆོག་གི་རྣམ་འཕྲུལ་གྱིས། །སེམས་ཅན་དོན་ནི་ཐམས་ཅད་བྱེད། །དེ་ཕྱིར་དཔལ་ལྡན་རྟ་སོགས་ཀྱིས། །རྟོག་པ་ཀུན་ནི་བླ་མེད་པས། །ནམ་ཁའི་ཁམས་ནི་མཐར་ཐུག་པར། །སེམས་ཅན་ཁམས་ནི་རབ་ཏུ་བསྦྲུབས་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས ་པའོ། །དེ་སོགས་མཛའ་མེད་དང་པོ་ནི། །ཆོས་དབྱིངས་མཉམ་དང་མི་ཉམས་པའི། །ཆོས་ཀྱི་ཡེ་ཤེས་རང་བྱུང་བ། །ནམ་མཁའ་ཀུན་གྱི་སྐབས་ན་དཔལ། །རྡོ་རྗེ་སེམས་དཔའ་རབ་ཏུ་ཞུགས། །ཐམས་ཅད་བདག་ཉིད་རབ་ཏུ་འཇུག། ་དངོས་གྲུབ་དབང་ཕྱུག་རབ་ཏུ་སྟེར། །དེ་ལྟར་སངས་རྒྱས་པ་རྣམས་ཀྱིས་འཁོར་ལོས་སྒྱུར་བར་དྲུག་གི་ཚུལ་གྱིས་ཆོས་སྟོན་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །གང་གི་ཕྱིར། བདག་གི་གཞན་རིག་ཐམས་ཅད་ལ། །ཀུན་ལ་ཕན་པའི་གང་ཟག ་མཆོག། དབེར་བྱ་ཀུན་ལ་འདས་པ་པོ། །ཤེས་དང་ཤེས་བྱ་བདག་པོ་མཆོག་ཅེས་སྒྱུ་འཕྲུལ་དྲ་བར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཚིག་གིས་སོ། །ཡང་ན་དོན་དམ་པའི་བདེན་པ་འོད་གསལ་བའི་པད་གཉིད་དེ་ཉིད་རྣམ་པར་སྣང་མཛད་དེ་དས། །སྣང ་བ་ཙམ་ཉིད་ཀྱིས་སྣང་བ་གསུམ་མཐོད་པའི་ཕྱིར་སྣང་བ་ཙམ་དེ་བསྟན་བའི་ཕྱིར་སྣང་བ་མེད་པའི་གཟུགས་སུ་འགྱུར་རོ། །དེ་ཉིད་མི་བསྐྱོད་པ་སྟེ། མི་གཡོ་བའི་ཏིང་ངེ་འཛིན་ཡིན་པའི་ཕྱིར་ཆོས་ཀྱི་སྐུའོ། །དེ་ཉིད་དོན་ཡོང་གྲུབ་བ་སྟེ། །དོན་སྣ ་ཚོགས་བྱེད་པའི་ཕྱིར་རོ། །དེ་ཉིད་རིན་པོ་ཆེ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཆོས་རྣམས་རྙེད་པའི་ཕྱིར་རོ། །དེ་ཉིད་ནི་འོད་དཔག་མེད་དེ། །དེ་རྣམས་ཀྱིས་བདག་ཡང་དག་པར་ཡོངས་སུ་བཅད་ཕྱིར་རོ། །དེ་ལྟར་ཡེས་ལྔའི་རང་བཞིན་ཉིད་ཀྱི་ཕྱིར། །དེ་ཉིད་སེམས ་ཅན་ཏེ། ཡེ་ཤེས་ནམ་མཁའ་ལྟ་བུ་མི་གཡོ་བའི་ཕྱིར་རྡོ་རྗེ་སེམས་དཔའ་ཞེས་པའི་དོན་ཏོ། །ད་ནི་ཚངས་པ་ལ་སོགས་པའི་ཆོས་ཀྱི་ཚངས་པ་ལ་སོགས་པའི་ལོངས་སྤྱོད་ལ་བརྟེན་པའི་སེམས་ཅན་རྣམས་འདུལ་བ་བསྟན་པའི་ཕྱིར། །ཚངས་པ ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྔོན་དུ་གསུངས་པའི་དེ་བཞིན་གཤེགས་པ་ལྔ་ལ་སོགས་པ་ནི་བརྟེན་པའོ། །དེ་ཡང་ཆངས་པ་ལ་སོགས་པ་རྟེན་དུ་གྱུར་པ་ཉིད་ཀྱིས་ན་སངས་རྒྱས་རྣམས་འབྱུང་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། ཚངས ་སོགས་ལྷ་རང་ལྷ་མ་ཡིན། དེ་ལ་བརྟེན་པར་འགྱུར་བ་ཡིན་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །དེ་ལྟར་ཆངས་པ་ལ་སོགས་པའི་ལྟ་བ་ལྔ་རིམ་པ་བཞིན་རྟོག་པར་བྱ་པའོ། །དེའི་རིམ་པ་ནི་འདི་ཡིན་ཏེ། ཚངས་པ་ཞེས་པ་ནི་ཚངས་པའི ་ལྟ་བའོ། །དེ་བཙན་ཅིན་དུ་ཁྱད་འཇུག་གི་ལྟ་བ་དང། ཞི་བྱད་ཀྱི་ལྟ་ངའོ། །ཀུན་ཞེས་པ་ནི་གཅེད་བུ་པའི་ལྟ་བའོ། །རྣམ་རྟོག་ཅེས་པ་ནི་འཇིག་རྟེན་རྒྱང་པན་པའི་ལྟ་བའོ། །གང་དགེ་ལྟ་བ་དེ་རྣམས་ལ་གནས་པ་དེ་དག་ནི་དེའི་ལྟ་བ་པང་འགྱུར་ཏེ། དེ་ཐམས ་ཅད་ཀྱང་དེ་ཁོ་ན་ཉིད་འདོད་པའོ། །འོན་ཀྱང་མི་དགེ་བའི་གྲོགས་ཀྱི་དབང་གིས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཉམས་སུ་མྱོང་ངོ། །འདིར་དེ་བཞིན་དུ་དེ་རྣམས་ཀྱང་སྔོན་ལོག་པའི་ཆོས་ལ་སེམས་ཀྱིས་རྟོག་གོ་།དེ་ལས་སེམས་ཅན་རྣམས་བྱུང ་བའི་ཕྱིར་ལྟ་བ་རྣམས་ཀྱི་རྗེས་སུ་འབྲང་ངོ། །དེའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཚངས་པ་ལ་སོགས་པའི་ལུས་རྣམས་འཁྲུད་པར་འགྱུར་རོ། །དེས་ན་སེམས་ཅན་སྔོན་གྱི་ལས་ཀྱི་རྗེས་སུ་འབྲངས་པ་རྣམས་ལ་ཆོས་སྟན་ཏོ། །དེ ་རྣམས་ཀྱང་གཅིག་ལ་གཅིག་རྗེས་སུ་འབྲང་ངོ། །དེ་ལྟར་ཐམས་ཅད་ཀྱིས་དེ་ཁོ་ན་ཉིད་ཅེས་བརྗོད་དོ། །ཅིའི་ཕྱིར་ཞེ་ན། དེ་ཁོ་ན་ཉིད་བརྗོད་ཅས་གསུངས་པའི་ཕྱིར་རོ། །ཇི་སྲིད་དུ་སངས་རྒྱས་ཀྱི་ཆོས་རྣམས་ལ་བརྟེན་པར་མི་ཕྱེད་པ་དེ་སྲིད་དུ་འགྲོ་བའི་རི་དྲུག་པོ་འདིར ་ཡང་འཁོར་བར་འགྱུར་རེ། །གང་གི་ཕྱིར་འདིར་གསུངས་པ། ཚངས་པ་མྱ་ངན་འདས་སངས་རྒྱས་ཞེས་པ་ནི་སེམས་ཅན་གང་དག་ཚངས་པའི་ཡེ་ཤེས་འདོད་པ་དེ་རྣམས་ཀྱི་མྱ་ངན་ལས་འདས་པ་ཞེས་པ་ནི་མྱ་ངན་ལས་འདས་པའི་ཡམ་བསྟན་པའོ། །དེ་ཡང ་སངས་རྒྱས་ཤེས་པ་ནི་ཤིན་ཏུ་རྣམ་པར་དག་པ་རྟོགས་པའི་རང་བཞིན་གྱི་ཕྱིར་འདི་ནི་སངས་རྒྱས་ཏེ་དེ་ཁོ་ན་ཉིད་དེ་བཞིན་དུ་བྲམ་ཟེ་མཆོག་གི་ལམ་བསྟན་པའི་ཕྱིར་རོ། །ཅི་རིག་བྱེད་ལ་སོགས་པ་ལ་མངོན་སུམ་དུ་སྤྱོད་པ་མ་ཡིན་ནམ། གསུངས་པ་དེ ་ནི་བདེན་མོད། །འོན་ཀྱང་གདུལ་དཀའ་བ་ལ་སོགས་པའི་སེམས་ཅན་རྣམས་གདུལ་བའི་དོན་དུ་དེ་བཞིན་གཤེགས་པས་ཐབས་ཀྱི་སྒོ་ནས་སྤྲུལ་པ་སྤྲུལ་ཏེ་བྱ་བ་བྱེད་དོ། །གང་གི་ཕྱིར། སེམས་ཅན་གང་དང་གང་གི་ནི ་སེམས་ནི་དངེས་པོ་ལ་རེག་པ། །སེམས་ཅན་དེ་དང་དེ་ཡི་ནི། །གཟུགས་དང་མཐུན་པ་བརྟེན་པ་ཡིན། །ལས་དང་རིགས་དང་བྱ་དེ་བཞིན་ཞེས་སོ། །འདིར་ལས་ནི་བཟོ་སྣ་ཚོགས་ཀྱིས་ལས་དང། །བཟེ་མ་ཡིན་པའི་ལས་སོ། །རིག་ནི་རིགས་དྲུག་ཅུ་རྩ་དྲུག ་གི་ཁྱད་པར་ཏེ་ཚོང་པ་དང་ཕྲེང་རྒྱུད་མ་ལ་སོགས་པ་རྣམས་སོ། །དེ་བཞིན་བྲམ་ཟེ་ལ་སོགས་པ་རིགས་བཞིའམ་རུས་སོ། །བྱ་བ་ཞེས་པ་ནི་སེམས་ཅན་འདི་རྣམས་ཀྱི་རང་རང་གི་ལས་དང་རྗེས་སུ་མཐུན་པས་བྱ་བ་སྣ་ཚོགས་པ་ཆོས་དང་ཆོས ་མ་ཡིན་པ་རྣམས་ལ་འཇུག་པའོ། །དེ་ལྟར་ལས་ལ་སོགས་པ་གསུམ་ལ་བརྟེན་ཏེ་དེ་བཞིན་གཤེགས་པ་བརྟེན་པར་མཛད་པའི་གཟུགས་ཀྱི་ཐབས་གདུལ་བྱའི་དོན་དུ་མཛད་དེ། རྒྱལ་པོ་ལ་སོགས་པའི་ཆད་པས་ནི་མ་ཡིན་ནོ། །དེའི་ཕྱིར་རིག་བྱེད ་ལ་སོགས་པའི་མུ་སྟེགས་ཀྱི་ཆོས་ཀྱི་ཚུལ་གྱིས་དེ་བཞིན་གཤེགས་པས་སྐབས་སུ་བསྟན་པ་ལ་ཉེས་པ་ཅི་ཡོད། །གང་ཕྱིར་སྣ་ཚོགས་འདུལ་བའི་ཐབས། །གཟུགས་བྱས་ནས་ནི་དེ་ཉིད་དུ། །སྙིང་རྗེས་རོལ་དམིགས་ནས་སུ། །དེ་བཞིན ་གཤེགས་པས་དེ་ཉིད་གསུངས། །དེ་བཞིན་དུ་འཇུག་པས་ཁྱབ་འཇུག་ཅེས་སུ་བརྗོད་ཅེས་པ་ནི་མངོན་དུ་གསུངས་པའི་སེམས་ཅན་རྣམས་དེའི་བདག་ཉིད་ཀྱིས་རང་རང་གི་ཆོས་ལ་འཇུག་པའི་ཕྱིར་དང། ཕྱིས་ཟབ་པའི་ཆོས་བསྟན་པའི་ཕྱིར་རོ། །བི ་ཥའི་སྐང་བྱིངས་ལས་བི་ཥ་པྲ་བཥ་སྟེ། རིམས་ཀྱིས་འཇུག་པའི་དོན་ཏོ། །ཞི་བྱེད་རྟག་ཏུ་དགེ་བ་ཡིན་ཞེས་པ་ནི་དེ་ལྟར་ཞི་བྱེད་ཉིད་ཀྱིས་དུས་ཐམས་ཅད་དུ་དགེ་བ་སྟེར་བར་བྱེད་པ་ཐར་པ་སྟར་ཞེས་བའི་དོན་ཏོ། །ལྷག་མ་ནི་སྔོན་བཞིན་ནོ། །ཀུན་ནི ་ཐམས་ཅད་བདག་ཉིད་བཞུགས་ཞེས་པ་ནི་ད་ལྟར་གཅེར་གུ་པའི་རིས་དྲུག་ཅེས་བྱ་བ་ལ་སོགས་པའི་ཆོས་རྣམས་ལ་གནས་ཤིང་དེ་རྣམས་ཀྱི་བདག་ཉིད་ཀྱི་ཆོས་དེ་ཆོས་སྟོན་པར་བྱེད་པ་ལ་གནས་ཏེ། དེའི་ལམ་གྱིས་སངས་རྒྱས་ཀྱི་ཆོས་ལ་འཇུག ་ཅིང་རིག་པར་བྱེད་པ་ཉིད་ལ་གནས་པའོ། །དེ་བཞིན་དུ་བདེ་བ་དཾ་བས་དེ་ཁོ་ན་ཆུབ་བས་རྣམ་པར་རྟོག་པར་བཞེད་ཅེས་པ་ནི་འཇིག་རྟེན་རྒྱད་པན་གྱི་གཞུང་ལུགས་རྣམས་ལ་དེའི་གཟུགས་ལ་བརྟེན་ཏེ་ངེས་བསྟན་པས་རྣམ་པར་རྟོག་པའོ། །ཅིའི་ཕྱིར་ཞེ་ན། རྟོགས་པར ་འདོད་པས་སོ། །བདེ་བ་དམ་པ་ཞེས་པ་ནི་སྟོང་པ་དང་སྙིང་རྗེ་དབྱེར་མེད་པ་ཉིད་ཀྱིས་ན་དེ་ཁོ་ན་ཉིད་དེ། དེ་རྟོགས་པར་འདོད་པ་ནི་གཞན་རྣམས་ལ་སྟོན་པར་བྱེད་པས་ལམ་ལ་འཛུད་པ་ཞེས་པའི་དོན་ཏོ། །འོན་ཀྱང་ད་ལྟར་གྱི་མུ་སྟེགས་ལ་སོགས ་པའི་སེམས་ཅན་རྣམས་ཀྱི་མུ་སྟེགས་པའི་ཡེ་ཤེས་གསལ་བའི་དོན་དུ་རྟོགས་པ་བརྒྱད་པའི་རབ་ཏུ་བྱེད་པ་གཉིས་པར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། བདག་གིས་ཀྱང་དེ་ཉིད་དུ་ཅུང་ཟད་བཤད་པར་བྱའོ། །དེ་ལྟར་ལྟ་བ་དྲུག་བསྟན་པ་ནི ་བཅོམ་ལྡན་འདས་ཀྱི་ངེས་པའོ། །ཡང་ན་ཕྱི་དང་ནང་དུ་རྣམ་པར་སྣང་མཛད་ལ་སོགས་པ་འཁོར་ལོ་དྲུག་གི་དབྱེ་བས་རྣམ་པར་གནས་པར་གསུངས་ཏེ། འདིར་རྣམ་པར་སྣང་མཛད་ནི་ལྟེ་བའི་འཁོར་ལོའི་གཙོ་བོ་སྟེ། དེ་ཡང་སའི་ཁམས ་སོ། །མི་བསྐྱེད་པ་ནི་སྙིང་གི་འཁོར་ལོའི་གཙོ་བོ་སྟེ། ཆུའི་ཁམས་སོ། །དེ་བཞིན་དུ་འོད་དཔག་མེད་ནི་མགྲིན་པའི་འཁོར་ལོའི་གཙོ་བོ་སྟེ། མེའི་ཁམས་སོ། །དོན་ཡོད་གྲུབ་པ་ནི་དཔྲལ་བའི་འཁོར་ལོའི་གཙོ་བོ་སྟེ། རླུང་གི་ཁམས་སོ། །རིན ་ཆེན་འབྱུང་ལྡན་ནི་གཙུག་ཏོར་གྱི་འཁོར་ལོའི་གཙོ་བོ་སྟེ། ནམ་ཁའི་ཁམས་སོ། །སེམས་དཔའ་ཅན་ནི་གསང་བའི་འཁོར་ལོའི་གཙོ་བོ་སྟེ། ཡེ་ཤེས་ཀྱི་ཁམས་སོ། །དེ་རྣམས་ཀྱང་གྲངས་བཞིན་ཚངས་པ་ནི་ལྟེ་བར་རོ། །ཁྱབ་འཇུག་ནི་སྙིང ་གར་རོ། །ཞི་བྱེད་ནི་མགྲིན་པར་རོ། །ཐམས་ཅད་ནི་དཔྲལ་བར་རོ། །རྣམ་པར་རྟོག་ནི་གཙུག་ཏོར་དུའོ། །དེ་ཉིད་ནི་གསང་བར་འགྱུར་རོ། །ཀུན་རྫོབ་ཏུ་དྲི་ཆེན་ལ་སོགས་པ་ཐམས་ཅད་འོག་ཏུ་འབབ་པས་ཁམས་དྲུག ་ཟད་བར་རྟོགས་པར་བྱའོ། །དོན་དམ་པར་ནི་ཡང་ཐམས་ཅད་སྟེང་དུ་འབབ་པར་འགྱུར་རོ། །དེ་ལྟར་ཡང་ཚངས་པ་མྱ་ངན་འདས་སངས་རྒྱས་ཞེས་གསུངས་ཏེ། དྲི་ཆེན་གྱི་ཁམས་མི་འཛག་པའི་ཕྱིར་རོ། །འཇུག་པས་ཁྱབ་འཇུག་ཅེས་པ་ནི་དྲི་ཆུའི ་ཁམས་འཛད་པ་འགྲོ་བ་མེད་པའི་ཕྱིར་རོ། །བརྗོད་ཅེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཞེས་པའི་དོན་ཏོ། །དེ་བཞིན་དུ་ཞི་བྱེད་ཅེས་པ་ནི་ཁུ་བ་འཛག་པ་མེད་པའི་ཕྱིར་རོ། །དེ་ཡང་རྟག་ཏུ་ཤིན་ཏུ་རྣམ་པར་དག་པའི་དགེ་བ་བྱེད་པས་སངས་རྒྱས ་ཞི་བ་སྟེ། །གཞན་ནི་མ་ཡིན་ཞེས་པའི་དོན་ཏོ། །ཐམས་ཅད་བདག་ཉིད་བཞུགས་ཞེས་པ་ནི་དོན་ཡོད་གྲུབ་པ་སྟེ་སྲོག་གི་རླུང་དེ། །དེ་ཡང་རྩ་རྣམས་ཐམས་ཅད་ཀྱི་བདག་ཉིད་ཁམས་སུམ་ཅུ་དྲུག་པོ་དེ་རྣམས་ལ་ཁྱབ་པར་བྱེད་པའི་རླུང་སྟེ་དེ་མི་ཟད་པའི ་ཕྱིར་འདུ་བྱེད་མེད་པའོ། །དེ་ཡང་ཐམས་ཅད་ཀྱི་བདག་ཉིད་ཡེ་ཤེས་དང་རྣམ་པར་ཤེས་པ་རོ་གཅིག་པར་གྱུར་པ་ཞེས་པའི་དོན་ཏོ། །ཆུབ་པས་རྣམ་པར་རྟོགས་པར་བཞེད་ཅེས་པ་ནི་རིན་ཆེན་འབྱུང་ལྡན་ཏེ། ཁྲག་གི་ཁམས་དེ་འཛག་པ་མེད་པའི ་ཕྱིར་སྡུག་བསྔལ་མེད་པའོ། །དེ་མེད་པའི་ཕྱིར་བདེ་དང་སྡུག་བསྔལ་མཐར་བྱེད་པ་དེ་རྟོགས་པའི་ཕྱིར་ལྷའི་མིག་ལ་སོགས་པས་གཞན་གྱི་སེམས་ཤེས་པ་ལ་ཁྱབ་པའི་ཕྱིར་རྣམ་པར་རྟོགས་པ་ཞེས་པའི་དོན་ཏོ། །དེ་བཞིན་དུ་བདེ་བ་དམ་པས་དེ ་ཁོ་ན་ཞེས་པ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་དམིགས་པ་མེད་པ་ཟག་པ་མེད་པ་སྟོང་པ་ཉིད་མཚོན་མ་མེད་པ་སྨོན་པ་མེད་པ་མངོན་པར་འདུ་མ་བྱས་པ། །རྣམ་པར་ཐར་པ་གཅིག་པའི་རང་བཞིན་སྙིང་རྗེ་ལ་སོགས་པ་བཞིའི་རང་བཞིན་ཅན་དམིགས ་པ་མེད་པའི་རང་བཞིན་གྱིས་མི་དམིགས་པ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་སངས་རྒྱས་ཞེས་བརྗོད་ཨོ། །དེ་ལྟར་གང་ཡེ་ཤེས་ཀྱིས་དམིགས་པས་སེམས་དང་སེམས་ལས་བྱུང་བ་གཉིས་མེད་པ་ནི་དེ་ཁོ་ན་ཉིད་ཅེས་བརྗོད་དེ། དེ་གང་ལ་ཡོད་པའི་ལྷ་དེ་ནི ་དེ་ཁོ་ན་ཉིད་ཅེས་བརྗོད་དོ། །དེ་ཉིད་གསུངས་པ། ལུས་ལས་བྱུང་བ་ཉིད་ཀྱི་ཕྱིར། ལྷ་ཞེས་བྱ་བར་བརྗོད་པ་ཡིན་ཞེས་པ་ནི་འདིར་སྔོན་དུ་གསུངས་པའི་ལྷའི་འཁོར་ལོ་དྲུག་གི་ཚུལ་གྱིས་རྣལ་འབྱོར་པ་རྣམས་ཀྱི་ལུས་ལས་མི་འཛག་པའི་ཕྱིར་རྡོ་རྗེ་ལུས ་སོ། །དེ་ལས་བྱུང་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་བདག་མེད་པའི་ཡེ་ཤེས་རྡོ་རྗེ་འཆང་གི་སྐུ་དེ་ཉིད་ལྷའོ། །དེའི་ཕྱིར་ཀུན་རྫོབ་ཀྱི་བདེན ་པས་བརྗོད་ཅེས་པ་ནི་དམིགས་པ་དེའི་རང་བཞིན་དུ་བྱ་ཞེས་པའི་དོན་ཏོ། །ཡང་འཆད་བཞིན་པའི་ཕོ་ཉ་མོ་བཅུ་གཉིས་ཀྱི་བདག་ཉིད་དུ་སངས་རྒྱས་འཁྲུངས་ཏེ། ཀུན་གཞི་རྣམ་པར་ཤེས་པའི་ཡང་དག་པར་སྦྱོར་བས་མའི་ལྟོ་བར་སྔོན་གྱི་ལུས་ལས ་འོངས་པ་དེའི་ཕྱིར་ཀུན་རྫོབ་ཀྱི་བདེན་པར་དགོངས་སོ། །འདི་ལ་སྐལ་པ་ཡོད་པ་ཞེས་པ་ནི་དམིགས་པ་སྔོན་དུ་འགྲོ་བ་དེ་གང་ལ་ཡོད་པ་དེ་ནི་སངས་རྒྱས་ཀྱི་སྐལ་པ་རིག་པ་ཉིད་དེ་ཀུན་རྫོབ་དང་དོན་དམ་པ་དེའི་སྐལ་པ་དང་ལྡན་པ་དེ་བཞིན་ཉིད་ཀྱི་བདག་ཉིད་ཀྱི ་ཕྱིར་རོ། །གསུངས་ཞེས་པ་ནི་ཤེས་པར་བྱ་ཞེས་དགོངས་པའི་དོན་ཏོ། །དབང་ཕྱུག་ལ་སོགས་ཡོན་ཏན་ནི། །སྐལ་པ་རྨམ་པ་དྲུག་ཏུ་བཤད་ཅེས་པ་ནི་འདིར་སྐལ་པའི་སྒྲ་ནི་རྣམ་པ་དྲུག་སྟེ། དབང་ཕྱུག་དང་ནི་གཟུགས་བཟང་དང། །དཔལ་དང ་གྲངས་དང་ཡེ་ཤེས་དང། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་དེ་ལ་ལྡན་ཞེས་བརྗོད། །དེ་ལྟར་ཡོན་ཏན་གྱི་ཁྱད་པར་གྱིས་ཇི་ལྟ་བའི་དུས་ཀྱིས་འཁོར་ལོ་དྲུག་རྣམས་སུ་ཇི་ལྟ་བའི་རིམ་པས་རྟོགས་པར་བྱའོ། །ཡང་ན་ཉོན་མོངས་ལ ་སོགས་བཅོམ་ཞེས་པ་ནི་སྔོན་དུ་གསུངས་པའི་ཚངས་པ་ལ་སོགས་པའི་ལྟ་བ་ལ་གནས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པས་སྤགས་པའི་སེམས་ཅན་དེ་རྣམས་ཀྱི་བག་ཆགས་འཇོམས ་པའི་ཕྱིར་བཅོམ་ལྡན་འདས་ཞེས་བརྗོད་དོ། །ཡང་ན་བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་སྤངས་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྒྲར་བརྗོད་དོ། །ད་ནི་འཁོར་ལོ་དྲུག་རྣམས་སུ་སྤྲོ་བ་དང་སྡུད་པའི་བདག་ཉིད་ཀྱི་རྣལ་འབྱོར་མ་བཅུ་གཉིས་རྣམས ་ཀྱི་བསྐྱེད་བྱ་དང་སྐྱེད་བྱེད་ཀྱི་དབང་གིས་སངས་རྒྱས་རྣམས་ཀྱི་རྫོགས་པའི་རིམས་པ་ལས་བསྐྱེད་པའི་རིམ་པས་བསྐྱེད་པ་བརྗོད་དེ་འགྲོ་བའི་ཞེས་པ་ལ་སོགས་པ་ལ། འདིར་བསྐྱེད་མ་ཞེས་པ་ནི་མའོ། །ཤེས་རབ་ཅེས་པ་ནི་སྔོན་གྱི་ལྟ་བའི་བུ་ག་ནས་ཡོད་པ་དང་མེད་པ ་ཉེ་བར་མཚོན་པའི་ཕྱིར་བློའོ། །དྲ་ཞེས་པ་ནི་དེ་རབ་ཀྱི་མཐར་ཐུག་པ་སོང་པ་ཉིད་ཀྱིས་ནི་ཤེས་རབ་བོ། །དེའི་ཛྙཱ་ཞེས་པ་ནི་ཤེས་པར་བྱེད་པའི་ཕྱིར་རོ། །གང་གི་ཕྱིར་ཛྙཱ་ཁོང་དུ་ཆུད་པར་སྐད་ཀྱི་བྱིངས་ནས་བརྗོད་དོ། །དེ་ལ་ཅུང་ཟད་ཆགས་པ་དེའི་སེམས་དེའི ་རང་བཞིན་སྐྱེས་པ་ནི་ཡན་ལག་མ་སྟེ། དེ་ཡང་ཞེས་བརྗོད་དོ། །གང་གི་ཕྱིར་འགྲོ་བ་བསྐྱེད་པས་མ་ཞེས་པ་ལ་གང་གི་ཕྱིར་ཞེས་པ་ནི་འདིར་སེམས་ཅན་ཐམས་ཅད་རྣམས་ཀྱི་སྐྱེད་པར་བྱེད་པ་ནི་ཕ་ལས་འོངས་པའི་ཁུ་བར་བརྗོད་དོ། །དེའི་ཡང་བསྐྱེད་པ ་ནི་ཤེས་རབ་ཀྱི་རྡུལ་གྱི་ཁམས་སོ། །སུ་ཞིག་བསྐྱེད་ཅེ་ན། འདིར་གསུངས་པ། ལས་ཀྱིས་བྱིན་གྱིས་བརླབས་པའི་དྲི་ཟའི་སེམས་ཅན་ནོ། །འོན་ཀྱང་འཕགས་པ་རྣམས་ནི་ལས་བཟང་པོས་བྱིན་གྱིས་བརླབས་པའོ། །དེ་བཞིན་དུ་སོ་སོའི་སྐྱེ ་བོ་ནི་ལས་ངན་པས་བྱིན་གྱིས་བརླབས་པའོ། །དེ་ཡང་འཆི་བའི་མཐར་བརྫུས་ཏེ་སྐྱེས་པའི་ཡན་ལག་ཀུན་གཞི་རྣམ་པར་ཤེས་པའོ། །དེ་ཡང་འདིར་འགྲོ་བ་ཞེས་པའི་སྒྲས་བརྗོད་དོ། །གང་གི་ཕྱིར་རྒྱལ་བའི་སྲས་དག་ཁམས་གསུམ་པ་འདི ་དག་ནི་སེམས་ཙམ་མོ་ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་འགྲོ་བའི་སྒྲ་ཉིད་ནི་འགྲོ་བ་བསྐྱེད་པས་ཤེས་པའི་རིགས་པས་སོ། །དེ་ལྟར་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ནི་རྡུལ་དང་ཁུ་བའི་ཁམས་སོ། །ཤེས་རབ་དེ་ཉིད་ལ་སྲིང་མོ་ཞེས་བརྗོད་དོ། །ཆ་ཤས ་དུ་མ་སྟོན་པའི་ཕྱིར་ཞེས་པ་ནི་ཁྲག་གི་བ་སྤུ་དང་པགས་པ་ལ་སོགས་པའི་ཁམས་རྣམས་འགྱུར་བའི་མཚན་ཉིད་དོ། །དེ་བཞིན་དུ་ཁུ་བའི་རྩ་དང་རྐང་ལ་སོགས་པའི་ཁམས་རྣམས་ཆ་ཤས་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡང་གསུངས་པ། མ་ལས་འགྱུར་བ ་རྣཾས་པ་གསུཾ། དེ་བཞིན་པ་ལས་གྱུར་པ་གསུཾ་དྲུག་གི་སྦུབས་ཅན་གོང་བུ་འདི། །ལུས་ཀྱི་ཁམས་སུ་བརྟགས་པ་ཡིན། ཤེས་རབ་དེ་ཉིད་ཡོན་ཏན་འཇོ་བའི་ཕྱིར་ཞེས་པ་ལ་ཡོན་ཏན་ནི་ལྔ་སྟེ། གཟུགས་དང་སྒྲ་ལ་སོགས་པའི་ཡུལ་དེ་རྣམས་ལ་དེ་རྣམས ་འཇོ་བའི་ཕྱིར་ཡང་དག་པའི་ཡེ་ཤེས་གཟུང་ཞེས་པའི་དོན་ཏོ། །ཡང་ན་སྔོན་དུ་གསུངས་པའི་ཁུ་བ་དང་ཁྲག་ལས་བྱུང་བའི་ཁམས་རྣམས་ཐམས་ཅད་པདྨའི་རྩ་བའི་སྣལ་མ་བཞིན་རོ་མཉམ་པར་བྱེད་པའི་ཕྱིར་དེ་བཞིན་གཤེགས་པར་འགྱུར ་ཏེ། །ཤེས་རབ་དེ་ལ་བུ་མོ་ཞེས་བརྗོད་དེ། །ཉོན་མོངས་པའི་ཕུང་པོ་འཇོམས་པར་བྱེད་ཅིང་ལྷའི་ཕུང་པོ་བསྐྱེད་པའི་ངང་ཚུལ་ཅན་ཞེས་པའི་དོན་ཏོ། །ཁམས་དེ་རྣམས་ཐམས་ཅད་ཀྱི་དབང་པོའི་སྒོ་ནས་བསྐྱེད་པ་ནི་བུ་མོའོ། །དེ་ལ་རེ་ཞིག་དབང ་པོ་དྲུག་དང། གཟུགས་ལ་སོགས་པའི་སྐྱེ་མཆད་དྲུག་གོ། དེ་ལ་དེ་བཞིན་གཤེགས་པའི་སྤྱན་ལྔ་གཟུང་བའི་ཕྱིར་ཤའི་སྤྱན་དང། ལྷའི་སྤྱན་དང། ཤེས་རབ་ཀྱི་སྤྱན་དང། ཡེ་ཤེས་ཀྱི་སྤྱན་དང། སངས་རྒྱས་ཀྱི་སྤྱན་ནོ། །དེ་བཞིན ་དུ་སྒྲ་ནི་ལྔ་སྟེ། ཐུན་མོང་གི་སྒྲ་དང། ལྷའི་སྒྲ་དང། ཤེས་རབ་ཀྱི་སྒྲ་དང། མི་ཤིགས་པའི་སྒྲ་དང། ཡེ་ཤེས་ཀྱི་སྒྲའོ། །དེ་བཞིན་དུ་དྲི་ལྔ་ནི་ཤ་ལ་སོགས་པའི་དྲི་དང། ལྷའི་དྲི་དང། མཆོག་ཏུ་མི་འགྱུར་བ་རང་རིག་པ་བདེ་བའི་དྲི་དང་བཟླས ་པའི་དྲི་དང། བསམ་གཏན་གྱི་དྲིའོ། །དེ་བཞིན་དུ་རོ་ལྔ་ནི་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སྙིང་རྗེ་ལ་སོགས་པའི་རོ་དང། དམ་པའི་ཚས་ཀྱི་རོ་མྱང་བའི་རོ་དང། བླ་མའི་མན་ངག་གི་དབང་གིས ་བརྟགས་པའི་བདེ་བའི་རོ་དང། མཆོག་གི་བདུད་རྩིས་ཚིམ་པའི་རོ་དང། རིག་པའི་དོའོ། །དེ་བཞིན་དུ་རེག་བྱ་ལ་ཡང་རྣམ་པ་ལྔ་སྟེ། དང་པོ་ཉིད་དུ་མ་དང་པའི་དབང་གིས་ཀུན་ཏུ་སྦྱོར་བའི་རེག་བྱའོ། །དེ་ཡང་མངལ་དུ་ཞུགས་པ་ནས ་སྐྱེས་པ་ལ་ཐུག་པར་མྱང་པའི་རེག་བྱའོ། །དེ་བཞིན་དུ་སྙིང་རྗེས་ཕན་པའི་སེམས་ཅན་ལ་དབང་པོའི་ཤེས་པ་ལ་ཀུན་ལྟ་བའི་རེག་བྱའོ། །ཕུང་པོ་ལྔ་ལ་སོགས་པ་ནས་ཁམས་སུམ་ཅུ་རྩ་དྲུག་འཇུག་པའི་མཐར་ཐུག་པས་དེ་རྣམས་ཀྱི་སོ་སོ ་ཐ་དད་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བསྐྱེད་པའི་ཚུལ་གྱིས་གནས་དང་ཉེ་བའི་གནས་སུ་རྒྱུ་བ་དེ་ན་འཚད་བཞིན་པའི་རབ་ཏུ་བྱེད་པ་གཉིས་པར་ལྟ་བའི་བདེ་བ་བསྐྱེད་པའི་རེག་བྱའོ། །མྱ་ངན་ལས་འདས་པའི་རེག ་བྱ་ནི?་ལྟ་པའོ། །དེ་དག་ནི་ཐབས་སོ། །འདིའི་ཤེས་རབ་ཀྱི་རང་བཞིན་གཟུགས་དྲུག་པ་དང། སྒྲ་དྲུག་པ་དང། དྲི་དྲུག་པ་དང་རོ་དྲུག་པ་དང། རེག་བྱ་དྲུག་པ་དང། དེ་དག་ཐམས་ཅད་དྲུག་པ་ཆོས་ཀྱི་དབྱིངས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི ་བདག་ཉིད་དེ་བཞིན་གཤེགས་པའི་དེས་པའོ། །དེ་བཞིན་དུ། ཤེས་རབ་ཚོས་མཁན་མ་ཞེས་བརྗོད་ཅེས་པ་ནི་མང་ལ་གྱི་གནས་ནས་བྱུང་བས་ཚོས་མཁན་སྟེ། དེའི་ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་བསྒོམས་པ་དེ་ཉིད་མཐོང་སྟེ ་སེམས་ཅན་ཐམས་ཅད་འཆོད་པས་ཞེས་པ་དབང་པོ་ལ་སོགས་པའི་ལྷ་དང་མི་ལ་སོགས་པ་རྣམས་སྙིང་རྗེས་ཆགས་པས་འཚེད་པའི་ཕྱིར་རོ། །ཚོས་མཁན་མར་ནི་དེ་བཞིན་བརྗོད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའོ། །བརྗོད་ཅེས་པ་ནི་ཉེ ་པར་མཚན་པར་བྱ་བའི་དོན་ཏོ། །བརྩེ་བ་ཆེན་པོ་གཡོ་བས་ན། །ཤེས་རབ་གར་མཁན་མ་ཞེས་བརྗོད་ཅེས་པ་ནི་འདིར་དེ་བཞིན་གཤེགས་པ་འཁྲུངས་པའི་ཕྱིར། །གར་མཁན་མ་ཞེས་པ་ནི་ཆོས་སྟོན་པའི་སྒོ་ནས་སེམས་ཅན་རྣམས་འདུལ་བའི་ཕྱིར་བྱང ་ཆུབ་ཀྱི་ལམ་དུ་གཤེས་ནས་བྱང་ཆུབ་བསྒྲུབས་ཏེ་བདུད་བཅོམ་པར་མཛད་པའི་སངས་རྒྱས་རྣམས་ཀྱི་རོལ་མོ་ནི་གར་རོ། །དེའི་ཕྱིར་ཤེས་རབ་དེ་ནི་གར་མཁན་མ་སྟེ། སྔོན་གྱི་བྱང་ཆུབ་ཀྱི་རོའི་གར་བྱེད་པའི་ཕྱིར་རབ་ཀྱི་མཐར་སོང་བས་གཡོ་བ་ནི་རྟོག་པ ་སྤངས་པའི་དོན་དུ་གནས་མེད་པ་ནི་སྦྱོར་བས་སེམས་དེ་ཉིད་གནས་མེད་པ་ཉིད་དེ། ཏིང་ངེ་འཛིན་ཕུལ་དུ་སོང་བ་ཉིད་ཀྱ་སེམས་ཉིད་སེམས་མེད་པ་ཉིད་དུ་གྱུར་པའོ། །བརྩེ་བ་ཆེན་པོ་ཞེས་པ་ནི་རྡོ་རྗེ་སྙིང་པོལ་འབོད་པའོ། །འོན་ཀྱང་དེ་བཞིན་གཤེགས་པ་ཉིད ་རྡོ་རྗེ་སྙིང་པོ་སྟེ་དབྱེར་མེད་པའི་ཡེ་ཤེས་པས་དེ་བཞིན་གཤེགས་པ་འཁྲུངས་པའོ། །དབྱེར་མེད་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་དེ་ནི་རྡོ་རྗེའོ། །དེ་ལས་མར་མེའི་རྩེ་མོ་ལྟ་བུའི་དེ་བཞིན་གཤེགས་པའི་སྙིང་རྗེའི་དབང་གིས་བྱོན་པའོ། །དེའི་ཕྱིར་བརྩེ་བ་ཆེན ་པོ་ཞེས་པ་བདག་ཉིད་ལ་བྱད་པ་ཡིན་གྱི་གཞན་ལ་ནི་མ་ཡིན་ཞེས་དགོངས་སོ། །དེ་བཞིན་དུ་ཤེས་རབ་དེ་ནི་གཡུང་མོ་སྟེ། གང་གི་ཕྱིར་བསམ་གཏན་གྱི་སྦྱོར་བས་བདེ་བ་སྣ་ཚོགས་པའི་འགྱུར་བ་འབྱུང་སྟེ། བདེ་བའི་མཐར་ཐུག་པའོ། །དེ་ཡང་བརྗོད ་དུ་མེད་པའི་ཕྱིར་རེག་དུ་མེད་པའོ། །དེའི་ཕྱིར་དེ་བཞིན་གཤེགས་པའི་ཛུ་འཕྲུལ་དང་ཆོ་འཕྲུལ་རབ་ཏུ་བསྟན་པའི་ཕྱིར་གཡུང་མོའོ། །ཌཾ་ནི་ནམ་མཁར་འགྲོ་བ་ཞེས་པ་འདིར་སྐད་ཀྱི་བྱིངས་ལས་བརྗོད་དོ། །མ་བའི་ཞེས་པ་ལ། ཨམ་བ་ནི་མ་སྟེ། ་ཤེས་རབ་དེ་ནམ་མཁའ་འགྲོ་བ་ཞེས་པའི་དོན་ཏོ། །དེ་ལྟར་རྫུ་འཕྲུལ་གྱི་ཆོ་འཕྲུལ་ནམ་མཁར་བསྟན་པ་གང་གི་ཕྱིར་བཅོམ་ལྡན་འདས་ལ་དེའི་བདག་ཉིད་ཀྱི་བློ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་ལྟེ་བར་པའོ། །སྙིང་གར་སྲིང་མོའོ། །མགྲིན ་བར་ཚོས་མཁན་མའོ། །དཔྲལ་བར་བུ་མོའོ། །གཙུག་ཏོར་དུ་གར་མཁན་མའོ། །དེ་བཞིན་དུ་གསང་བར་གཡུང་མོའོ། །འདིར་བསྡུད་པ་ལས་ཕྱི་རུ་སྤྲོ་བའི་རིམ་པས་བསྐྱེད་པ་ནི་ངེས་པའོ། །དེ་བཞིན་དུ་མ་གསུངས ་ཀྱང་དགོངས་བཤད་གཞན་གྱི་མན་ངག་གིས་གཉེན་མོ་ལ་སོགས་པ་རྣལ་འབྱོར་མ་དྲུག་རྣམས་ཀྱི་ངེས་པའི་ཚིགས་བསྟན་པའི་ཕྱིར། །བཟླས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏོ། འདིར་བཟླས་པའི་ཡུལ་གཉེན་མོ་ཤེས་རབ་མའོ། །དེ་བཞིན་དུ ་དཀྱིལ་འཁོར་གྱི་ཡུལ་ལ་བྲམ་ཨེཟེ་??་མའོ། །དེ་བཞིན་དུ་ལག་པའི་བྱ་བ་རྣམས་ལ་རྒྱལ་རིགས་མའོ། །དེ་བཞིན་དུ་བླང་བ་དང་དོར་བའི་བྱ་བ་ལ་རྗེའུ་རིགས་མའི་ཤེས་རབ་མའོ། །དེ་བཞིན་དུ་བདེ་བའི་ལས་ནི་དམངས་རིགས་མའི་ཤེས་རབ་མའོ། ། ་དེ་བཞིན་དུ་འཆི་བའི་གནས་སྐབས་འཇོམས་པ་ནི་གཏུམ་མོའི་ཤེས་རབ་མ་ཞེས་པ་སྟེ། དེས་པའོ། །དེའི་ཕྱིར་དེ་བཞིན་གཤེགས་པའི་བཟླས་བ་བཟློས་པར་བཤད་པ་ཞེས་པ་ནི་གང་དག་གི་བརྗོད་ཅིང་ཟློས་པ་དེ་ནི་བཟླས་པ་བརྗོད་དེ། དབྱངས་དང ་གསལ་བྱེད་ཀྱི་ཆོགས་སོ། །ཡང་ན་སྲོག་དང་རྩོལ་བའི་སྦྱོར་བས་བརྟན་པའོ། །དཀྱིལ་འཁོར་ཞེས་པ་ནི་དབུས་མ་ཨ་བ་བ་ཏཱ་ཏཱིའོ། །རྐང་པས་འདྲི་འགྱུར་ཞེས་པ་ནི་ལ་ལ་ནཱ་དང་ར་ས་ནཱའི་རྩ་གཉིས་ཀྱི་སྲོག་མནན་པ་ནི་རྐད་པའོ། ། བ་བྷུ་ཏེར ་འཇུག་པ་ནི་འདྲི་བ་སྟེ། སྔོན་གོམས་པའི་ཕྱིར་རོ། །འགྱུར་ཞེས་པ་ནི་ངེས་པར་ཞེས་པའི་དོན་ཏོ། །ཉེད་ཕྱིར་དཀྱིལ་འཁོར་ཞེས་བྱ་བར་བརྗོད་ཅེས་པ་ལ། ཉེད་པ་ནི་རྡུལ་ཆགས་པ་ཆེན་པོ་རང་རིག་པའི་ཡེ་ཤེས་མཆོག་ཏུ་བདེ་བ་སྟེ། དེས་སྣ ་ཚོེཊ་རྒྱས་བཏབ་པའི་དེས་ན་དཀྱིལ་འཁོར་ཏེ། རང་དང་གཞན་ཀུན་རྫོབ་པ་དག་གཅིག་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་ལག་པ་རྐྱོང་བ་ཞེས་བྱ་བ་ལ་སོགས་པ་ལ། ལག་པ་ནི་སྣ་ཚོགས་འདུལ་བའི་འོད་ཟེར་རྣམས་ཏེ། དེ་རྣམས་ཀྱི་རྐྱོང་པ ་པ་ནི་གསལ་བར་འགྱུར་ཞེས་སྦྱར་རོ། །ཕྱག་རྒྱ་ཞེས་པ་ནི་ཁམས་གསུམ་པ་རྣམས་བདུད་རྩིའི་རོ་རྣམས་ཀྱིས་ཚིམ་པར་བྱེད་པའི་ཕྱག་རྒྱ་སྟེ། སེམས་ཅན་རྣམས་ཀྱི་གཟུགས་བརྙན་གྱི་མཚན་ཉིད་ཅེས་དགོངས་སོ། །སོར་མོ་བསྐུམ་ལའང ་དེ་བཞིན་ནོ། །ཞེས་པ་ནི་ཆོས་ཀྱི་བདུད་རྩིའི་འོད་ཟེར་རྣམས་ཀྱིས་བསྐུམ་པ་ནི་བསྐུམ་པ་སྟེ། སེམས་ཅན་ཐམས་ཅད་རང་གི་ཡེ་ཤེས་ཀྱིས་དེ་རྣམས་དང་རོ་མཉམ་པར་བྱེད་པའི་ཕྱིར་རོ། །གང་ཞིག་བསམ་པ་དེ་བསམ་གཏན་ཞེས་པ་ནི་དེ་བཞིན ་དུ་སེམས་ཅན་ཐམས་ཅད་རྣམས་ཀྱི་སོ་རིམ་གྱིས་རྣམ་པར་གཞག་པར་བྱ་སྟེ། གང་ཞིག་བསམ་པ་དེ་བསམ་གཏན་དུ་གཟུང་བར་བྱ་བ་རྣལ་འབྱོར་བའི་སེམས་ཀྱིས་གཞན་གྱི་སེམས་ཤེས་པར་བྱེད་པའོ། །གང་ཕྱིར་རྣམས་བསམ་བསམ་གཏན་ནོ། ། ་ཞེས་པ་ནི་གང་གི་ཕྱིར་བསམ་དུ་མེད་པ་དེ་བཞིན་གཤེགས་པའི་གཟུང་བ་དང་འཛིན་པ་མེད་པའི་ཕྱིར་རྣམ་པར་མི་རྟོག་པའི་ལམ་ཞེས་པའི་དོན་ཏོ། །འོན་ཀྱང་རྣལ་འབྱོར་པ་རྣམས་ཀྱིས་གང་བསམས་པ་ལས་ཐོབ་པའི་བདེ་བ་གང་ཞེས་པ་ནི་ལྔ་པའི་དོན ་ལ་བདུན་པའོ། །ཕ་ལས་ཐོབ་པའི་འཆི་བའི་མཐར་བསྐྱེད་པའི་བདག་ཉིད་བདེ་བ་འཛག་པའི་གནས་སྐབས་སུ་མྱོང་བའི་བདེ་བ་དེ་ཉིད་ལོ་བཅུ་དྲུག་གི་མཐར་སྐྱེས་པ་རང་ཉིད་ཀྱི་སྤྱོད་དོ། །བུད་མེད་ཀྱིས་ཀྱང་ལོ་བཅུ་གཉིས་མཐར་རང་ཉིད་ཀྱིས་སྤྱོད་དོ། ། ་གང་གི་ཕྱིར་བདེ་བ་གང་གིས་འདིར་མི་འཆི་ཞེས་པ་ནི་འདིར་འཁོར་བ་པ་རྣམས་ནི་སྐད་ཅིག་ཙམ་གྱི་བདེ་བས་འཁོར་བ་ནས་འཁོར་བར་འཁོར་རོ། །བློ་དང་ལྡན་པ་རྣམས་ཀྱིས་ནི་གང་གི་ཆེ་བདེ་བ་ཉིད་བརྟན་པར་འགྱུར་བ་དེའི་ཚེ་རྣལ་འབྱོར་པ་རྣམ་ཀྱི་བསམ ་གཏན་དུ་བརྗོད་དོ། །གང་གི་ཕྱིར་བཅོམ་ལྡན་འདས་བདེ་བའི་རྣམ་པ་སྟེ། བདེ་བས་འགྲོ་ལ་ཁྱབ་པ་ཉིད། །འདིར་ནི་བདེ་ལས་བདེ་གཞན་གྱི། །འཆི་དང་སྐྱེ་བ་འབྱུང་མི་འགྱུར། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཞེས་པ་ནི་རྒྱུད་འདིའི ་བརྗོད་པ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །སོགས་པའི་སྒྲས་ནི་བསྟན་པ་དང། སྟོན་པ་ལ་འབྲེལ་པ་ལ་སོགས་པ་རྣམས་ནི་སྔོན་དུ་གསུངས་སོ། །དེ་ཁོ་ན་ཉིད་ཀྱི་རབ་ཏུ་བྱེད་པ་ཞེས་པ་ནི་རྟོག་པ་བཅུ་གཅིག་གི་མདོར ་བསྡུས་པ་སྟེ། དེ་རྣམས་ལ་ཁྱབ་པར་བྱེད་པའི་ཕྱིར་རོ། །དེ་ཁོ་ན་ཉིད་ནི་དམ་པའི་དོན་ལ་འཇུག་པའི་དོན་ཏོ། །དེ་ནི་རྟོག་པ་ཐམས་ཅད་ཀྱི་རབ་ཏུ་བྱེད་པའོ། །དེ་ཡང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བར་བྱེད་པ་རབ་ཀྱི་མཐར་འགྲོ་བའི་ཕྱིར། རབ་ཏུ་བྱེད་པའོ། ། ་དེ་ཉིད་དང་པོ་སྟེ། དང་པོའི་མིང་ཡིན་པའི་ཕྱིར་རོ། །འདི་ནི་དེ་བཞིན་གཤེགས་པའི་ངེས་པའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རབ་ཏུ་བྱེད་པ་དང་པོའི་རྒྱ་ཆེར་བཤད་པ་ཡང་དག་པར་ལྟ་བཱི་དྲན་པའི་སྣང་བཞེས་བྱ་བའི་གཞུང་མདོར་བསྟན་པ་སྟེ་དང་པོའོ།། །། ་ད་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སུམ་ཅུ་རྩ་བདུན་གྱི་རྣམ་པར་འགྲེལ་བ་བཅོམ་ལྡན་འདས་ཀྱིས་གསུངས་པ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་པ་ནི་དེ་ཁོ་ན་ཉིད་ཀྱི་རབ་ཏུ་བྱེད་པའི་རྗེས་ཐོགས་སུ་རབ་ཏུ་བྱེད ་པ་གཉིས་པ་བཤད་ཅེས་པའི་དོན་ཏོ། །ཡང་ན་དེ་ནས་ཞེས་པ་ནི་གཅིག་གི་ཚིག་གི་རིགས་ཏེ། རབ་ཏུ་བྱེད་པ་དང་པོ་དེའི་དོན་སྣ་ཚོགས་འབྱེད་ཅིང་རྟོགས་པར་བྱེད་པའི་བསྟན་བཅོས་ཞེས་བྱ་བ་ཞེས་པའི་ཚད་མའི་དག་ཅེས་པའི་དོན་ཏོ། །འདིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སུམ་ཅུ་བདུན་ཞེས་པ་ནི་འདིར་བྱང་ཆུབ་ཀྱི་ཆོས་རྣམས་ནི་ཕུང་པོ་ལྔ་དང། ཁམས་ལྔ་དང། དབང་པོ་ལྔ་དང། ཡུལ་ལྔ་དང། དེ་བཞིན་དུ་ལས་ཀྱི་དབང་པོ་ལྔ་དང། དེའི་བྱ་བ་ལྔའོ། །དེ་ལ་དྲུག་པ་ཡེ་ཤེས་ཀྱི་ཕུང་པོ་དང། ་ཡེ་ཤེས་ཀྱི་ཁམས་དང། ཡེ་ཤེས་ཀྱི་དབང་པོ་དང། ཡེ་ཤེས་ཀྱི་ཡུལ་དང། དེ་བཞིན་དུ་ཡེ་ཤེས་ཀྱི་ལས་ཀྱི་དབང་པོ་དང། དེའི་བྱ་བའོ། །དེ་རྣམས་ལ་ཁྱབ་པར་བྱེད་པ་ནི་སུམ་ཅུ་རྩ་བདུན་པ་སྟེ། དེ་ཡང་ཆོས་ཅན་ཡེ་ཤེས་ཀྱི་ཁམས་ཤེས་པའི ་དོན་ཏོ། །དེ་ལྟར་ཆོས་རྣམས་སུམ་ཅུ་རྩ་བདུན་ཏེ། ཆོས་དེ་རྣཾས་ཀྱི་ཕྱོཊ་སོ་ཕྱོགས་ཤེས་པ་ནི་ཡན་ལག་ཅེས་བརྗོད་དོ། །དེའི་ཡན་ལག་ནི་རྣམ་པ་གསུམ་མམ་རྣམ་པ་མང་པོར་འགྱུར་པའོ། །དེ་ཐམས་ཅད་བཤད་པར་བྱ་ཞེས་པ་ནི་འཆང་བཞིན་པ་དེས་རྒྱས ་པར་གསུངས་ཏེ། ནང་གི་ལུས་ཤེས་པ་ལ། ལུས་ཤེས་པ་ནི་གཟུགས་ཀྱི་ཕུང་པོའོ། །དེ་ཡང་རྣམ་པ་གསུམ་སྟེ། དེ་ནི་ལུས་ཀྱིས་ཉེ་བར་མཚོན་པར་བྱའོ། །འདིར་ནང་གི་ལུས་གསུངས་པ། གང་རྣལ་འབྱོར་པ་རྣམས་ཀྱི་གཏུམ་མའི་ཚོགས་པ ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྲོག་གི་རླུང་གཟུང་བའི་གནས་དེར་ལུས་ཀྱི་རྗེས་སུ་ལྟ་བ་ཞེས་པ་ནི་རང་རིག་པའི་ཡེ་ཤེས་རང་གི་སེམས་དང་གཉིས་སུ་མེད་པའི་དངོས་པོའོ། །དེ་ཡང་སེམས་ཅན་རྣམས་ལ་རབ་ཏུ་བསྟན་པ་སྟེ། རང་དབང་ཐོབ་པའི་སེམས ་ཅན་རྣམས་འཁོར་ལོ་ཅན་ཐོབ་པར་བྱ་བའི་ཕྱིར་ཏེ། རྣམ་པར་སྤྱོད་ཅེས་པ་ནི་སྤྲོས་པའི་ཕྱིར་རོ། །དེ་ནས་ཤེས་བཞིན་ཤེས་པ་དང་གི་སྒྲ་ནི་སྡུད་པའི་དོན་ཏོ། །དེས་ཤེས་བཞིན་ནི་ཡང་དག་བར་རབ་ཏུ་ཤེས་པ་སྟེ། ལྷའི་དབང་པོས་སེམས་ཅན་རྣམས་ཀྱི་ལུས ་ཀྱི་ལས་ཤེས་པའོ། །དེས་ན་དྲན་པ་དང་ལྡན་པའི་འཇིག་རྟེན་གྱི་རྣམ་པར་གསལ་ཏེ་ཞེས་པ་ནི་མངོན་དུ་མངོན་ཤེས་ཐོབ་པས་རང་ལས་བྱུང་བའི་འཇིག་རྟེན་གདུལ་བྱ་དེ་རྣམས་དེས་དྲན་པ་དེའི་བདག་ཉིད་ཀྱིས་དྲན་ཞིང་རྟོག་ཤེས་པའི་དོན་ཏོ། །གང་གི་ཕྱིར ་རང་གི་བདག་ཉིད་ལས་བྱུང་བའི་སེམས་ཅན་སྔོན་དགེ་བའི་རྩ་བ་བསགས་པ་དེ་རྣམས་ཀྱི་ཅི་ཞིག་རྣམ་པར་སེལ་ཞེས་བརྗོད་ས་བོན་གྱི་ཁྱད་པར་ལས་འབྲས་བུའི་ཁྱད་པར་སྐྱེ་པར་འགྱུར་བ་མ་ཡིན་ནམ། ཇི་ལྟར་འབྲས་ཀྱི་མྱུ་གུ་ལས་འབྲས་ཀྱི་འབྲས་བུ་འབྱུང ་གི་ཁྲེ་ནི་མ་ཡིན་ནོ། །འདི་ལྟར་ཤིན་ཏུ་རྣམ་པར་དག་པའི་སེམས་ཀྱི་ས་བོན་དང། ལས་ཁྱད་པར་ཅན་ལས་འབྲས་བུ་ཁྱད་པར་ཅན་སྐྱེ་བར་འགྱུར་རོ། །ཞེས་འགའ་ཞིག་སོམ་ཉི་བྲ་བར་འགྱུར་ན། དེ་ལ་བརྗོད་པ་དེ་ནི་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། མ་རིག ་པ་དང་ཡིད་མི་བདེ་བ་ཞེས་གསུངས་ཏེ། འདིར་སྔོན་ནས་འཁོར་བར་སྐྱེ་བར་བྱེད་པ་ནི་མ་རིག་པའོ། །དེས་ན་སེམས་ཅན་ཐམས་ཅད་ཀྱི་རྣམ་པར་རྟོག་པའི་བག་ཆགས་ཀྱིས་ཉེས་པ་རྣམས་ཀྱིས་འཆིང་བར་འགྱུར་རོ། །རྟོགས་པ་རྣམས ་ཀྱིས་ནི་དེ་རྣམ་པར་བཅོམ་པའི་ཕྱིར་བཅིངས་པ་ལས་གྲོལ་བར་འགྱུར་རོ། །འོན་ཀྱང་སྔོན་གྱི་ལས་ཀྱི་བག་ཆགས་ཀྱི་དབང་གི་ཇི་སྲིད་དུ་སངས་རྒྱས་སུ་མི་འགྱུར་བ་དེ་སྲིད་དུ་འཁོར་བའི་བཅིངས་པ་ལས་གྲོལ་བར་མི་འགྱུར་ཏེ། རང་གི་ཕུང་པོ་ལ་སོགས ་པའི་སྒྲིབ་པ་རྣམས་བྲད་པའི་ཕྱིར་གྲོལ་བར་བརྗོད་དོ། །དེ་ལྟར་ཕན་ཚུན་ཟོ་ཆུའི་འཁྲུལ་འཁོར་བཞིན་སེམས་ཅན་གྱི་རིགས་གྲངས་མེད་པ་དང། སངས་རྒྱས་ཀྱི་རིགས་གྲངས་མེད་པ་རྣམས་ཏེ་བར་མཚོན་པར་བྱའོ། །འོ་ན་འདི་ལྟར་ཕ་ལས་བུ་སྐྱེ་བར ་འགྱུར་མོད་པ་ནི་མཁས་པ་ཆེན་པོ་བྱང་བ་མཆོད་དང་ལྡན་པ་ལ་སོགས་པའི་ཡོན་ཏན་དང་ལྡན་ལ། དེའི་བུ་ནི་ལས་དན་པ་ལ་དགའ་བ་རྨོངས་པ་ཆོས་མི་བྱེད་པ་ལ་སོགས་པའི་ཉེས་པས་གོས་པ་དང་ལྡན་ནོ། །དེས་ན་འདིར་མ་རིག་པ་དང་ཡིད་མ་བདེ ་བས་སེམས་ཁྱད་པར་ཅན་ལས་སེམས་ཅན་རྣམས་བསྐྱེད་པར་བྱེད་དོ། །ཕྱིའི་ལུས་ལ་བརྟེན་པ་དེ་ཐམས་ཅད་ཧེས་པས་གོས་པར་འགྱུར་རོ། །ཇི་ལྟར་མེ་ལོང་གསལ་བ་ཉིད་ལ་དངོས་པོ་སྣ་ཚོགས་པ་བསྟན་པའི་ཕྱིར་དེ་ལ་གཟུགས་བརྙན་སྣང་བས་གསལ ་པ་ཡང་སྔར་གྱིས་གཟུགས་སྤངས་ནས་བེམས་པོར་འགྱུར་རོ། །འོན་ཀྱང་འདིར་ལུས་དང་ངག་དང་སེམས་གསལ་བ་རྣམས་མི་གསལ་བར་འགྱུར་ཏེ། དེས་ན་སྐྱེ་བོ་ལ་སོགས་པ་རྣམས་ཀྱི་དངོས་པོ་སྣ་ཚོགས་པ་མཐོང་བས་གསལ་བའི་སྔོན་གྱི་གཟུགས་སྤངས ་ནས་རྨོངས་པ་ཉིད་དུ་འགྱུར་རོ། །དེ་རྣམས་བཏུལ་པའི་རྒྱུས་དེ་བཞིན་གཤེགས་པའི་ཤེས་བཞིན་ནོ། །དེ་རྣམས་འདུལ་བའི་དུས་སུ་ཡང་དེ་བཞིན་གཤེགས་པ་མཐོང་བའི་ཕྱིར་སེམས་དྲན་པ་དང་ལྡན་པར་འགྱུར་རོ། །དེ་བཞིན་དུ་ལུས་གསུམ་རིམ་པ་བཞིན ་དུ་རྟོགས་པར་བྱའོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ། ནང་གི་བདག་ཉིད་ཀྱི་ལུས་དེ་བཞིན་གཤེགས་པ་སྐྱེད་པར་བྱེད་པའི་རྒྱུའོ། །དེ་ཡང་སྔོན་དུ་གསུངས་སོ། །དེ་ནས་ཕྱིའི་ལུས་རྐྱེན་གྱི་བདག་ཉིད་དེ་བཞིན་གཤེགས་པའི་གཟུགས་སོ། །དེ་བཞིན་དུ་ནང་དང ་ཕྱིའི་ལུས་ནི་འཇིག་རྟེན་གྱི་བས་ལ་བ་བྱང་ཆུབ་སེམས་དཔའ་ཨི་རིགས་སོ། །དེ་ཡང་འབྲས་བུའི་བདག་ཉིད་ཅན་སངས་རྒྱས་ཀྱི་མཛད་པ་བྱེད་པའི་ཕྱིར་ཞེས་པའི་དོན་ཏོ། །དེ་ལྟར་གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་ཀྱི་རིགས་སྐུ་གསུམ་དུ་རྣམ་པར་བཞག ་པ་འམ་ཡང་ན་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའོ། །ཞེས་པ་སྟེ་ངེས་པའོ། །ད་ནི་དེ་བཞིན་དུ་ཚོར་བ་རྣམ་པ་གསུམ་བསྟན་པའི་ཕྱིར། ནང་གི་ཚོར་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཚོར་བའི་ཕུང་པོ་ནི་རིན་ཆེན་འབྱུང་ལྡན ་ཏེ། དེའི་ལུས་དང་དག་དང་སེམས་ཀྱི་བདག་ཉིད་ཀྱི་ཚོར་བ་རྣམ་པ་གསུམ་མོ། །འདིར་རིན་ཆེན་འབྱུང་ལྡན་ནི་རྡུལ་གྱི་ཁམས་སོ། །དེ་ལས་བྱུང་བ་ནི་ཚོར་བ་སྟེ། བདེ་བ་དང་སྡུག་བསྔལ་བ་དང། བདེ་བ་དང་སྡུག་བསྔལ་བ་དག་གོ་།དེམ་གང་ཚོར ་བ་བདེ་བ་ནི་ནང་གི་བདག་ཉིད་དེ། དེས་བདེ་བའི་རྣམ་པའི་བཅོམ་ལྡན་འདས་རང་རིག་པའི་ལུས་ཀྱི་བདག་ཉིད་ཅེས་པའི་དོན་ཏོ། །དེར་གང་ཆོང་བསྡུག་བསྔལ་པ་དེ་ནི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་སྟེ། ངག་གི་བརྗོད་པས་ཆོས་མང་པོ་སྟོན་པའི ་ཕྱིར་རོ། །གང་ཚོར་བ་བདེ་བ་དང་སྡུག་བསྔལ་བ་དེ་ནི་སེམས་ཅན་གྱི་རིགས་ཅན་གྱི་སྟེ། དངོས་པོའི་ཚོགས་པས་གཞན་གྱི་སེམས་ཁོང་དུ་ཆུད་པ་དེའོ། །ཞེས་པའི་དོན་ཏོ། །དེས་ན་ཡང་ཚོར་བའི་ཡོངས་སུ་ལྟ་ཞེས་པ་ནི་སེམས་ཅན་དེ་རྣམས ་ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་རྗེས་སུ་སྟོན་པའི་ཚོར་བ་དོན་མཐུན་པ་ཉིད་ཀྱི་བསྡུ་བའི་དངོས་པོ་ཞེས་པའི་དོན་ཏོ། །ཤེས་བཞིན་དང་རྣམ་པར་སྤྱོད་ཅེས་པ་ལ་དང་གི་སྤྱོད་ནི་སེམས་ཅན་དེ་རྣམས་ཀྱི་ཡང་དག་པའི་ལམ་ཤེས་ནས་སྤྱོད་པ ་སྟེ། ཀུན་རྫོབ་དང་དོན་དམ་པའི་རྣལ་འབྱོར་གྱིས། ཇི་སྲིད་ནམ་མཁའ་ཨི་མཐར་ཐུག་པར་སེམས་ཅན་གྱི་དོན་བྱེད་པའོ། །མ་རིག་པ་དང་ཡིད་མི་བདེ་བ་ཞེས་པ་ནི་དེ་ལྟར་ཚོར་བ་རྣམ་པ་གསུམ་ལ་བརྟེན་པའི་སེམས་སོ། །ཚོར ་བ་ཞེས་པ་གང་ཞེ་ན། མ་རིག་པའི་དབང་གིས་ཚོར་བའོ། །དེ་སད་པ་ནི་ཚོར་བ་བདེ་བའོ། །དྲན་པ་དང་ལྡན་པ་ནི་རིག་པ་བཟང་པོ་སྐྱེད་པར་བྱེད་དོ། །ཞེས་པའི་དོན་ཏོ། །དེ་ལྟར་ལུས་བཞིའི་བདག་ཉིད་ཚོར་བ་ནི་ཚོར་བའི་ཕུང་པོའོ། །དེའི་ཡང ་དག་པའི་དྲན་པའི་ཕྱིར་དྲན་པ་ཉེ་བར་གཞག་པ་གཉིས་པའོ། །དེ་བཞིན་དུ་ཆོས་རྗེས་སུ་དྲན་པ་ཉེ་བར་གཞག་པ་བསྟན་པའི་ཕྱིར། ནང་གི་ཆོས་རྣམས་ཞོས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ལུས་དང་ངག་དང་སེམས་ཀྱི་བདག་ཉིད་ཆོས་རྣམས ་ཀྱི་ཚིག་གི་ལམ་གྱིས་ངེས་པར་གསུངས་ཤིང་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་ཏོ། །དེ་ཡང་སྟོང་པ་ཉིད་དང། མཚན་མ་མད་པ་དང། སྨོན་པ་མེད་པའི་བདག་ཉིད་དེ། དེ་དག་ནི་ལུབ་གཞན་རྣམས་ལས་རྒྱས་པར་རྟོག་པར་བྱའོ། །བདག་གིས ་ནི་གཞུང་རྒྱས་པས་འཇིགས་པས་མ་བརྗོད་དོ། འོན་ཀྱང་མན་ངག་གིས་བརྗོད་དོ། །ནང་གི་ཆོས་རྣམས་ཞེས་པ་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པདྨའི་སྐུད་རྩ་ལྟ་བུ་རྣམས་ལ་གང་བརྟེན་པའི་སེམས་ཏེ། དེ་ཡང་ཆོས་ཅན་ཞེས་བརྗོད་དེ ་རང་རིག་པའི་བདག་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་དེའི་རང་བཞིན་གྱིས་ཡུལ་དང་ཡུལ་ཅན་རྣམས་ལ་ལྟ་བའི་ཆོས་ནི་ནང་གི་ཆོས་རྣམས་སོ། །ཕྱིའི་ཆོས་རྣམས་ཞེས་པ་ནི་དེ་ལྟ་བུའི་ཆོས་རྣམས་ལ་ལྟས་པས་དངོས་པོ་སྣ་ཚོགས་པའི ་མིང་རྣམས་ལ་འཇུག་སྟེ། དེའི་རང་གི་ལས་ཀྱི་དབང་གིས་དགེ་བ་འམ་མི་དགེ་བ་འབྱུང་ངོ། །དེས་དངོས་པོ་སྣ་ཚོགས་པ་བསྐྱེད་དེ་འབྱུང་བ་ཆེན་པོའི་བདག་ཉིད་འབྱུང་བར་འགྱུར་རོ། །དེ་བཞིན་དུ་རྣལ་འབྱོར་པ་རྣམས་ངང ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེ་རབས་ལྔ་མའི་བག་ཆགས་ཀྱི་དབང་གིས་དགེ་བའི་ལས་ཀྱིས་དམ་པའི་ཆོས་སྣ་ཚོགས་པའི་དངོས་པོ་རྣམས་ལ་སེམས་བསྐྱེད་དོ། །ལས་དེས་ཕྱི་རུ་བྲག་ཆ་བཞིན་ཆོས་སྟོན་ཏོ། །ཉན་པ་དང། སྟོན་པ ་དང། ཀླག་པ་དང། རྒྱས་པར་ཡང་དག་པར་རབ་ཏུ་སྟོན་ཏོ། །དེ་བཞིན་དུ་དམ་པའི་ཆོས་སྣ་ཚོགས་སྟོན་པའི་གླེགས་བམ་རྣམས་སྡུད་པར་བྱེད་པ་དང། འཛིན་པར་བྱེད་པ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་བཅོམ་ལྡན ་འདས་ཀྱིས་གསུངས་པའི་བཀའ་ཐམས་ཅད་བྱེད་དོ། །དེ་བཞིན་དུ་ནང་ཕྱིའི་ཆོས་རྣམས་ལ་ཞེས་པ་ནི་འདིར་ཆོས་ལ་དམིགས་པའི་སྙིང་རྗེས་གང་དག་སྣ་ཚོགས་པར་སྤྲུལ་པའི་སེམས་ཅན་དེ་རྣམས་ཀྱི་བློ་ངན་པའི་ཉེས་པ་གཞོམ་པའི་ཕྱིར། ཆོས ་རྣམས་ལ་རྗེས་སུ་ལྟ་བ་ཞེས་པ་ནི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་ལམ་གྱིས་རྗེས་སུ་ལྟ་པའོ། །དེས་ན་རྒྱས་པར་ཡང་ཆོས་སྟོན་པའོ། །རྣམ་པར་དཔྱོད་པ་དང། ཤེས་བཞིན་ཞེས་པ་ནི་དེ་ལྟར་སེམས་ཅན་དེ་རྣམས ་ཀྱི་བག་ཆགས་ཙམ་སྤང་པའི་ཕྱིར་བཏུལ་ཞེས་པ་ནི་སྔོན་བཞིན་དུ་བཅོམ་ལྡན་འདས་ཀྱི་ཏིང་ངེ་འཛིན་གྱི་ཚུལ་གྱིས་རྗེས་སུ་ཞུགས་པའོ། །མ་རིག་པ་དང་ཡིད་མ་བདེ་བ་ཞེས་པ་ནི་བདག་ཏུ་འཛིན་པས་གཟུང་བ་དང་འཛིན་པ་ལ་དམིགས་པའི ་ཕྱིར་མ་རིག་པའོ། །དེས་ན་ཡིང་མི་བདེ་བ་ཞེས་པ་ཅུང་ཟད་འདོད་ཆགས་ཀྱིས་གཡོགས་པར་འགྱུར་རོ། །དྲན་པ་དང་ལྡན་པ་ཞེས་པ་ནི་དེའི་ཕྱིར་དེ་བཞིན་གཤེགས་པ་མཐོང་བས་སྔོན་གྱི་གཟུགས་སྤངས་ཏེ། རང་བཞིན་གྱིས་གཟུགས་ཀྱི ་རྗེས་སུ་དྲན་པའོ། །ཇི་ལྟར་ཉི་མ་འཆར་བས་པདྨ་ཁ་བྱེ་བ་བཞིན་དུ་འགྱུར་རོ། །དེ་བཞིན་དུ་མ་རིག་པས་གཡོགས་པས་ཡང་སངས་རྒྱས་ཀྱི་ཉི་མ་ཆར་བ་མཐོང་བས་ཁ་བྱེད་པར་འགྱུར་རོ། །དེ་ལྟར་དེ་རྣམས་ཀྱིས་ཡང་དག་པའི་ལམ ་རབ་ཏུ་ཤེས་པས་ན་ཤེས་བཞིན་ནོ། །འཇིག་རྟེན་གྱི་བ་ཏུལ་ཏེ་ཞེས་པ་ནི་དེ་ལས་བྱུང་བའི་ཕྱིར་རོ། །འཇིག་རྟེན་དེ་ལས་ཆོས་སྟོན་པར་བྱེད་དོ། །དེས་བག་ཆགས་པའི་བདག་ཉིད་བཅོམ་ལྡན་ནས་པ་དང་མཉམ་པར་བྱེད་ཅེས ་བའི་དོན་ཏོ། །དེ་བཞིན་དུ་རྣམ་པར་སྤྱོད་པ་ནི་ཐོག་མ་དང་བར་མ་དང་ཐ་མར་རོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་ཐོག་མར་དགེ་བ་བར་དུ་དགེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་པས་དུས་གསུམ་དུ་དགེ་བ་ལ་རྣམ་པར་སྤྱོད་དོ། །དེ་ཡང་འདུ ་ཤེས་ཀྱི་ཕུང་པོ་འོད་དཔག་ཏུ་མེད་པའི་ཆོས་དེའི་ཡན་ལག་ནི་ཕྱོགས་དེ་ཡང་བྱང་ཆུབ་དེ་ནི་སྒྲུབས་ཐབས་ཀྱི་ཕྱིར་དྲན་པ་ཉེ་བར་གཞག་པ་གསུམ་པའོ། །བཞི་དབང་དུ་བྱས་ཏེ་གསུངས་པ། ནང་གི་སེམས་ཞེས་བྱ་བ་ལ་སོགས་པ་ལ། ་འདིར་སེམས་ནི་རྣམ་པ་གསུམ་སྟེ། དེ་ལ་ཀུན་གཞི་རྣམ་པར་ཤེས་པ་ནི་ནང་གི་སེམས་སོ། །ཕྱིའི་སེམས་ཤེས་པ་ནི་ཉེན་མོངས་པ་ཅན་གྱི་ཡིད་དོ། །ནང་དང་ཕྱིའི་སེམས་ཤེས་པ་ནི་འཇུག་པའི་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་དེ་རྣམས ་བགག་པའི་ཕྱིར་གང་ནང་གི་སེམས་དེ་ནི་སྣང་བ་མེད་པའི་ཡེ་ཤེས་ཏེ། རྣལ་འབྱོར་པ་རྣམས་ཀྱིས་སྔོན་དུ་བཀག་པའི་ཕྱིར་རོ། །གང་ཕྱིའི་སེམས་དེ་ནི་རྫུན་ཏེ། གང་གི་ཕྱིར་སེམས་ལས་བྱུང་བའི་དངོས་པོ་སྒྱུ་མ་ལྟ་བུའོ། །དེ་བཞིན་དུ་སངས་རྒྱས ་རྣམས་ཀྱི་སྐུ་ལ་རྣམ་པར་རིག་པ་འགོག་པའི་ཕྱིར་རོ། །དེའི་ཕྱིར་གང་ནང་གི་སེམས་དང་ཕྱིའི་སེམས་སྒྲིབ་པ་མེད་པ་དེ་ནི་དམིགས་པ་མེད་པའི་སྙིང་རྗེ་སྟེ། སྔོན་དུ་རྣམ་པར་ཤེས་པ་འགོག་པའི་ཕྱིར་རོ། །མ་རིག་པ་དང་ཡིད་མི་བདེ་བ་ཞེས་པ་ནི་གང་གི ་ཕྱིར་སྔོན་དུ་འགོག་པས་དམིགས་པ་མེད་པར་འགྱུར་ཏེ། དེའི་ཆོ་ཉེ་བའི་ཉོན་མོངས་པ་ཅུང་ཟད་འཛག་པ་དེ་ནི་མ་རིག་པའི་ཆགས་པ་རྣམ་པར་བཅོམ་པའི་ཕྱིར་སེམས་ཀྱི་རྗེས་སུ་ལྟ་བའོ། །སེམས་ཅན་དེ་རྣམས་ཀྱི་སེམས་གང་སེམས་མེད་པར་བསྟན་པ ་སྙིང་རྗེ་གསུམ་ལས་སྙིང་རྗེ་ཆེན་པོ་བསྒྲུབས་པ་དེ་ཆོས་ཀྱི་དབྱིངས་གཉིས་མེད་པ་སྟོང་པ་ཉིད་ཡང་དག་པའི་མཛའ་དོན་དམ་པ་འོད་གསལ་བ་དེ་ཁོ་ན་ཉིད་ཅེས་པ་རྣམ་གྲངས་ཏེ། དེའི་རྗེས་སུ་ལྟ་ཞིང་བཅོམ་ལྡན་འདས་རྣམ་པར་སྤྱོད་ཅེས་སྦྱར་རོ། ། ་ཅི་ལ་རྣམ་པར་སྤྱོད་ཅེ་ན། གསུངས་པ། ཤེས་བཞིན་དང་ཞེས་པ་ནི་དེ་ལྟར་སེམས་ཅན་གྱིས་རིས་ལ་ཡང་དག་པར་ཤེས་བཞིན་པ་ལམ་བསྟེན་པ་དེས་ཤེ་བར་མཚོན་པར་དྲན་པ་དང་ལྡན་པ་ཞེས་པ་རྡོ་རྗེ་འཆང་གི་སྐུའོ། །འཇིག་རྟེན་གྱི་བཏུལ་ཏེ་ཞེས་པ་ནི ་དེ་ཉིད་སྒྱུ་མ་ལྟ་བུའི་ཆོས་ཏེ། རང་བྱིན་གྱིས་བརླབས་པའི་ཆོས་ཀྱིས་འདོད་ཆགས་ཟད་པའི་སྐུ་ཀུན་རྫོབ་དང་དོན་དམ་པ་དག་དབྱེར་མེད་པ་ལ་རྣམ་པར་སྤྱོད་ཅེས་དགོངས་སོ། །དེ་ལྟར་འདུ་བྱེད་ཀྱི་ཕུང་པོ་ནི་དོན་ཡོད་པར་གྲུབ་པའི་ཆོས་སོ། །དེའི་ཡན ་ལག་བྱང་ཆུབ་ཀྱི་ཕྱོགས་དྲན་པ་ཉེ་བར་གཞག་པ་བཞི་པ་སེམས་སུ་བཤད་པ་དེས་ན་རྣམ་པར་སྤྱོད་ཅེས་པ་ནི་བཅོམ་ལྡན་འདས་ཀྱིས་ཞེས་པའོ། །བཞི་པོ་ཞེས་པ་ནི་གྲངས་ཙམ་མོ། །དེ་རྣམས་ཞེས་པ་ནི་དེ་ལྟར་སྔོན་དུ་གསུངས་པའོ། །དན་པ ་ཉེ་བར་གཞག་པ་རྣམས་ཞེས་པ་ནི་འཁོར་རྣམས་ལ་བསྟན་པའོ། །ད་ནི་ཡང་དག་པར་སྤོང་བ་བཞིན་རྣམས་བརྗོད་པའི་ཕྱིར། སྡིག་པ་མི་དགེ་བའི་ཆོས་ཞེས་བྱ་བ་ལ་སོགས་པ་གསུང་སྟེ། འདིར་སངས་རྒྱས་ཀྱི་ཞིང་ཤིན་ཏུ་རྣམ་པར་དག ་པ་རྣམས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འབྱུང་བར་འགྱུར་རོ། །དེའི་དུས་འབྱུང་བ་ཆེན་པོ་བཞིའི་བདག་ཉིད་ཀྱི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ། །དེ་ཡང་རྣམ་པར་བཞིར་འགྱུར་ཏེ། ངེ་ལ་བརྫུས་ཏེ་སྐྱེས་པ་ནི་གཟུགས ་མེད་པའི་ཁམས་ས། །དེ་རྣམས་ཀྱི་ལུས་ནི་རླུང་དང་རྣམ་པར་ཤེས་པའི་བདག་ཉིད་དོ། །དེས་ན་གཟུགས་མེད་པར་གནས་སོ། །དེ་ལ་གཙུག་ཏོར་ནོས་དཔྲལ་པའི་འཁོར་ལོའི་མཐར་ཐུག་པར་སོར་བཞི་རྣམས་སུ་གནས་བཞི་དང་ལྡན ་པ་འབྱུང་བར་འགྱུར་རོ། །དེ་རྣམས་ཀྱི་བག་ཆགས་ཀྱི་ཉེས་པ་བཟློག་པའི་ཕྱིར་སྒྲོལ་མ་རླུང་གི་ཁམས་བསམ་ཏེ། དེ་ཡང་ཡང་དག་པར་སྤོང་པའོ། །སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་ཤེས་པ་ནི ་གཟུགས་མེད་པའི་ཁམས་འགོག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་འདི་རྣམས་ཀྱི་ཏི་ངེ་འཛིན་གྱིས་ཇི་སྲིད་དུ་དེ་རྣམས་ཀྱི་གནས་སུ་འཆི་བར་མི་འགྱུར་རོ། །སྔོན་གྱི་བག་ཆགས་ཀྱི་དབང་གིས་ཤི་ནས་སྡིག་པ་མི་དགེ་བའི་ཆོས་རྣམས ་ལ་བློ་འཇུག་སྟེ། དེས་སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་བར་འགྱུར་རོ། །དེའི་ཕྱིར་དེ་རྣམས་ཀྱི་མི་བསྐྱོད་པར་བྱ་བའི་ཕྱིར་ཞེས་པ་ནི་སྡིག་པའི་བློ་དང། མིད་གེ་བའི་བློ་དང། ཆོས་མ་ཡིན་མཔའི་བློ་ཇི་སྲིད་དུ་སྐྱེ་བར་མི་འགྱུར་བ་དེ་སྲིད་དུ ་བཅོམ་ལྡན་འདས་ཀྱིས་བསྟན་ཏོ། །དེ་ཉིད་བསྟན་པའི་ཕྱིར། འདུན་པ་བསྐྱེད་དོ། །ཞེས་པ་ནི་སྔོན་གྱིས་གནས་རྗེས་སུ་དྲན་པར་བྱེད་པའོ། །འདུན་པ་དང་རིམ་པ་དང་འདྲ་བའི་ཚིག་གམ་སྔོན་གྱིས་ཆོ་དང་ལས་དེ་དང་འདྲ་བ་ནི་དེ་བཞིན ་གཤེགས་པའི་གསུངས་ཤེས་པའི་དོན་ཏོ། །དེས་ནི་སངས་རྒྱས་ཀྱིས་རྣམས་ལ་འཇུག་པར་འགྱུར་རོ། །དེས་ནི་ལུས་རྣམ་པར་དབེན་བས་ལུས་ཀྱི་ཏིང་ངེ་འཛིན་ལ་བརྟེན་པར་བྱེད་དོ། །དེ་ཡང་སྤྲོས་པ་དང་བཅས་པ་སྟེ། རྡོ་རྗེ་སེམས་དཔའ་ལ ་སོགས་པའི་དཀྱིལ་འཁྲོ་གྱི་འཁོར་ལོ་ལ་དམིགས་པའོ། །དེས་ན་དེན་ནོ་ཞེས་པ་ནི་དེ་རྣམས་ལ་སླར་དེ་ལ་སོགས་པ་སྟོན་ཅིང་འཛིན་པར་བྱེད་ཅིང་སླར་ཡང་མི་སྐྱེ་བ་འཛིན་པར་བྱེད་དོ། །དེའི་ཕྱིར་བརྩོན་འགྲུས་རྩོམ་མོ་ཞེས་པ་ནི་བླ་མ་དང་དགེ ་བའི་གཤེས་གཉེན་རྣམས་མཉེས་པར་བྱེད་དོ། །བརྩོན་འགྲུས་ཀྱི་སྤྲོ་བས་སྦྱིན་པ་དང་ཤིན་ཏུ་སྦྱིན་པ་དང་སྦྱིན་པ་ཆེན་པོ་སྟེར་རོ། །དེས་ན་ཐེག་པ་གསུམ་ལ་སོགས་པའི་ཆོས་རྣམས་ཉན་ཏོ། །དེའི་ཕྱིར་བླ་མའི་མན་ངག་ལ་དམིགས་སོ། །དེས ་ཀྱང་ཉོན་མོངས་པའི་ཕུང་པོ་རྣམས་ཡོངས་སུ་སྤོང་པར་བྱེད་ཅིང་དངོས་གྲུབ་ཀྱང་ཐོབ་པར་འགྱུར་རོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། བརྩོན་འགྲུས་སྤོ་བའི་རང་བཞིན་ཆོས། །སྒྲུབ་པ་པོ་ནི་ཕ་རོལ་འགྲོ། །བརྩོན་འགྲུས་དང ་ནི་བྲལ་ན་ནི། །སྒྲུབ་པོ་དངོས་གྲུབ་ཐོབ་མི་འགྱུར། །དེ་ལྟར་བརྩོན་འགྲུས་བརྟེན་པ་ཡིས། །མཁས་པ་རྣམས་ནི་འགྲུབ་པར་འགྱུར། །ཇི་སྲིད་མི་རུ་མ་སྐྱེས་པར། །བརྩོན་འགྲུས་ཉིད་ནི་བྱ་བ་ཡིན། །ཆོས་ནི་མང་པོ་མཉམ་པ་དང། །བསྒོམ ་པ་རྣམས་ནི་སྒྲུབ་ཕར་བྱེད། སེམས་ཅན་རྒྱུ་བདག་སྦྲུལ་པར། །སྨོན་ལམ་ཡང་ནི་འདེབས་པར་བྱེད། །དེ་བཞིན་དུ་སེམས་རབ་ཏུ་འཛིན་ཏོ། །ཞེས་པ་ནི་སྟོང་པའི་ཏིང་ངེ་འཛིན་ཡོངས་སུ་སྤངས་ཏེ། སྦིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ ་དྲུག་སྟོན་ཅིང་དེས་ཡང་དག་པའི་སྨོན་ལམ་རྫོགས་པར་བྱས་པའོ། །སྨོན་ནོ་ཞེས་པ་ནི་སེམས་ཅན་ཐམས་ཅད་རྣམས་ལ་ཡང་དག་པའི་ལམ་སྟེ་ཞེས་པ་སྟེ་ངེས་པའོ། །དེ་བཞིན་དུ་གཟུགས་ཀྱི་ཁམས་པ་རྣམས་ཀྱི་བསྟན་པའི ་ཕྱིར། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་འདིར་གཟུགས་ཀྱི་ཁམས་པའི་ལྷ་ནི་གཙོ་བོར་མེའི་ཁམས་ཀྱི་བདག་ཉིད་དོ། །དེ་རྣམས་ཀྱང་སྔོན་གྱི་དགེ་བའི་རྩ་བས་བདག་ཉིད་ཆེན་པོར་འགྱུར་རོ། །འོན་ཀྱང ་དགེ་བའི་གྲོགས་མཆོག་དང་བྲལ་བའོ། །དེས་ན་དགེ་བའི་ཆོས་རྣམས་ལ་སེམས་བསྐྱེད་པར་མི་འགྱུར་ཏེ། གང་དང་གང་ཡང་དག་པར་སྤོང་པ་བསྐྱེད་པའི་དགེ་བའི་ཆོས་དེས་ཡང་དག་པར་རྫོགས་པའི་བྱང་ཆུབ་རྙེད་པར་འགྱུར་བའོ། །གང་འདུན་པ ་བསྐྱེད་དོ། །ཞེས་བྱ་བ་ལ་སོགས་པ་ནི་སྔོན་བཞིན་དུ་རྟོགས་པར་བྱ་སྟེ། གང་གི་ཕྱིར་དཔྲལ་བ་ནས་མགྲིན་པའི་འཁོར་ལོ་མཐར་ཐུག་པར་སོར་བཅུ་དྲུག་ནས་དེར་སྐྱེ་སྟེ། གཟུགས་ན་སྤྱོད་པ་བཅུ་དྲུག་གི་ལྷ་རྣམས་ཀྱི་གནས་བཅུ་དྲུག་པོ་དེ ་རྣམས་སུ་སྐྱེ་བར་འགྱུར་རོ། །དེའི་ཕྱིར་དེ་བཞིན་གཤེགས་པའི་གདུལ་བྱའོ། །དེ་བཞིན་དུ་མེའི་ཁམས་གོས་དཀར་མོའོ། །དེས་ན་ཡང་དག་པར་སྤོང་བ་བསྒོམ་པར་བྱའོ། །གང་དུ་བསྒོམས་པར་བྱ་བ་ཡང ་དེར་སྐྱེས་པའི་སེམས་ཅན་རྣམས་སྡིག་པ་མི་དགེ་བའི་ཆོས་རྣམས་ཀྱི་བློ་དང་ལྡན་ཏེ། དེས་འཁོར་བར་ཡང་དང་ཡང་དུ་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །དེས་ན་འདུན་པ་བསྐྱེད་དོ། །ཞེས་པ་དགེ་བ་དང་མི་དགེ་བའི་ཆོས ་སྟོན་པ་ཉན་ཏེ། །དེས་ན་འདུན་པ་དང་ལྡན་པར་གྱུར་ཏོ། །བཅོམ་ལྡན་འདས་མཐོང་བས་སོར་ཕྲེང་བཞིན་བརྒྱལ་བར་འགྱུར་ཏེ། ཕྱིས་དྲན་པར་བྱེད་དོ། །དེ་ཡང་འབད་དོ་ཞེས་པ་ནི་དེ་ལྟར་བཅོམ་ལྡན་འདས་ཀྱི་བཀའ་དྲན་པའམ་འཛིན་པར་བྱེད་དོ། ། ་སྡིག་པ་མེ་དགེ་བའི་ཆོས་རྣམས་འདོར་ཞེས་དགོངས་སོ། །དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་བརྩོན་འགྲུས་རྩོམ་མོ་ཞེས་བྱ་བ་ལ་སོགས་པ་ནི་སྔོན་བཞིན་ཏེ། ཡང་དག་པར་སྤོང་བ་གཉིས་པའོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་གསུམ་པའི་དབང ་དུ་བྱས་ཏེ་གསུངས་པ། དགེ་བའི་ཆོས་མ་སྐྱེས་པ་རྣམས་ཞེས་བྱ་བ་ལ་སོགས་པ་ནི་འདིར་འདོད་པའི་ཁམས་ཀྱི་ལྷ་རྣམས་ནི་གཙོ་བོར་ཆུའི་ཁམས་ཀྱི་བདག་ཉིད་དོ། །ལྷག་མ་ནི་དེའི་ནང་དུ་འདུས་སོ། །དེ་ལ་མགྲིན་པ་ནས་སྙིང་གའི་འཁོར ་ལོའི་?་སོར་བཅུ་གཉིས་པོ་དེ་རྣམས་ལས་དེ་སོང་གཉིས་གཉིས་པོ་དེ་ལས་གནས་དྲུག་རྣམས་སུ་འདོད་པའི་ཁམས་དྲུག་པོ་རྣམས་འབྱུང་བར་འགྱུར་ཏེ། སྔོན་དུ་གསུངས་པའི་ཡོན་ཏན་གཉིས་དང། ཕྱི་མ་དང་ཡོན་ཏན་གསུམ་ལས ་འབྱུང་བོ། །ལྷ་མ་ཡིན་ཡང་དེའི་ནང་དུ་འདུས་ཏེ། དེ་ཡང་སྙིང་གའི་འོག་ཏུ་སོར་གཉིས་ལས་འབྱུང་བར་འགྱུར་རོ། །དེ་བཞིན་དུ་མཱ་མ་ཀཱི་ནི་ཆུ་འཁམས་སོ། །དེ་རྣམས་ཀྱང་བསོད་ནམས་ཀྱི་བདག་པོ་ཆེན་པོར་བསྟན་པས་སྦྱིན་པ་ལ ་སོགས་པ་དང་ལྡན་པ་ཡེ་ཤེས་ཀྱི་སྣང་བ་སྤངས་པ་དགེ་བའི་གྲོགས་དང་བྲལ་བ་ཤིན་ཏུ་འདུད་པ་ལ་ཆགས་པའོ། །དེ་རྣམས་ཀྱི་སྤོང་བ་ནི་ཡང་དག་པར་སྤོང་བའོ། །འོ་ན་འདོད་པ་ལ་སྲེད་པ་སྟེ། གང་གི་ཕྱིར་མི་བསྐྱོད་པ་སེམས་ཏེ། དེ་ཡང ་ཞུ་བའི་རང་བཞིན་ནོ། །དེས་མཱ་མ་ཀཱི་ཆུའི་ཁམས་སོ། །དེས་ན་འདོད་པ་ལ་སྲེད་པའི་སེམས་ཀྱི་འདོད་པས་སྐྱེས་མ་རྣམས་དང་སྙོམས་པར་འཇུག་གོ། དོའི་ཕྱིར་ལྷ་རྣམས་འདོད་པ་ལ་སྲེད་པའོ། །དེས་ན་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད ་པའི་ཕྱིར་འདུན་པ་བསྐྱེད་ཅེས་པ་ལ། འདུན་པ་ནི་ཏིང་ངེ་འཛིན་རྙེད་པ་སྟེ། ཆོས་ཀྱི་དབྱིངས་ལྟ་བུར་ཤེས་པར་བྱེད་པའོ། །འབད་དོ་ཞེས་པ་ནི་དེ་ཡང་དག་པར་འབད་པའོ། །དེས་ན་བརྩོན་འགྲུས་ཞེས་བྱ་བ་ལ་སོགས་པ་སྔོན་བཞིན་རྟོགས་བར ་བྱའོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་བཞི་པ་བསྟན་པའི་ཕྱིར། དེ་བཞིན་དུ་དགེ་བའི་ཆོས་སྐྱེས་པ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་ཞེས་པ་ནི་སྔོན་དུ་གསུངས་པའི་ཡང་དག་པར་སྤོང་བ་གསུམ་པོ་རྣམས་ཉེ་བར་བསྡུ་བའི ་དོན་ཏོ། །དེ་རྣམས་ཐམས་ཅད་གྲངས་བཞིན་དུ། བཞི་དང་དེ་བཞིན་བཅུ་དྲུག་དང། གནས་བདུན་དུ་ནི་གང་བཤད་པ། །གསུམ་པོ་བརྫུས་ཏེ་སྐྱེ་བར་འགྱུར། །དེ་བཞིན་དུ་ཡང་མང་ལ་ནས་སྐྱེས་པ་ནི་རྐང་གཉིས་པ་མི་ལ་སོགས་པའོ། །དེ ་རྣམས་ཀྱི་དགེ་བའི་ཆོས་སྐྱེས་པ་རྣམས་གནས་པར་བྱ་ཞེས་པ་ནི་དེ་ལྟར་རྫུས་ཏེ་སྐྱེས་པ་སྲིད་པ་གསུམ་གྱི་ལྷ་རྣམས་མང་ལ་ནས་འབྱུང་བར་བསྐྱེད་པའི་ཕྱིར་སྔོན་གྱི་མིའི་དངོས་པོ་འཛིན་ཏོ། །དེས་ན་མི་དེ་རྣམས་ཀྱང་དགེ་བའི་ཆོས་ཡོངས་སུ་རྫོགས ་པའི་རང་བཞིན་གྱིས་གནས་ཏེ། དེ་རྣམས་ཡོངས་སུ་རྫོགས་པར་བྱ་བ་དང། ཡང་དག་པའི་ལམ་སྦྱིན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུར་འགྱུར། རྟེན་ཅིང་འབྲེལ་བར་འབྱུང་བ་བཞིན། །ཁ་ཏོན་མར་མེ་མེ་ལོང་སོགས ་ཞེས་སོ། །ཇི་ལྟར་ཁ་ཏོན་ལས་ཁ་ཏོན་དང་མར་མེ་ལས་མར་མེ་དང། མེ་ལོང་ལས་གཟུགས་བརྙན་ནོ། །དེ་དེ་བཞིན་དུ་སྔོན་གྱི་སྨོན་ལམ་གྱི་དབང་གིས་སྤྲུལ་པའི་སྐུར་འགྱུར་རོ། །ལུས་དེས་སེམས ་ཅན་རྣམས་ཀྱི་བསྒོམ་པར་བྱ་བའི་ཐབས་ཚད་མེད་པ་ཞེས་པ་ནི་འདིར་དེ་བཞིན་གཤེགས་པས་རྣལ་འབྱོར་མ་སྣ་ཚོགས་པའི་རྒྱུད་རྣམས་སུ་ཐབས་སྣ་ཚོགས་པའི་སྒོམ་པ་སྣ་ཚོགས་པ་ལ་བརྟེན་ཏེ། སེམས་ཅན་རྣམས་ལ ་ཞི་བ་དང་དྲག་པོ་དང་ཤིན་ཏུ་དྲག་པོའི་ཐབས་ཀྱིས་ཏེ། བཅོམ་ལྡན་འདས་ཀྱི་སྐུས་མན་ངག་སྣ་ཚོགས་པས་བསྟན་པའོ། །ཡོང་སུ་རྫོགས་པར་བྱ་བ་ལ་ཞེས་པ་ནི་ལྔ་པའི་དོན་ལ་བདུན་པའོ། །སེམས་ཅན་གང་དང་གང་གི་རང་གི་སེམས་ཆོས ་དེ་རྣམས་ཀྱིས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། སླར་ཡོངས་སུ་རྫོགས་པར་བྱ་བ་ཞེས་པ་ནི་སླར་གྱི་སྒྲས་མིའི་འཇིག་རྟེན་དུ་འཇུག་པས་ལྷ་དང་ཀླུ་དང་གནོད་སྦྱིན་དང་མི་འམ་ཅི་ལ་སོགས་པ་རྣམས་ཚོས་ཀྱིས་སྐུ་བདུད་རྩིས་ཡོངས་སུ ་རྫོགས་པར་བྱེད་པའོ། །བྱོལ་སོང་དང་དམྱལ་བ་དེ་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡང་དང་ཡང་དུ་སྐྱེས་ནས་ཆོས་སྟོན་པར་བྱེད་དོ། །སྒོམ་པ་འབེལ་བ་དང་རྒྱས་པའི་ཕྱིར་ཞེས་པ་ནི་དེ་ཡང་སྒོང་ལས་སྐྱེས་པ་དང་དྲོད་གཤེར ་ལས་སྐྱེས་པའི་སེམས་ཅན་བྱོལ་སོང་རྣམས་དང། སྒོ་ང་ལས་སྐྱེས་པ་རྐང་བཞི་པ་ལ་སོགས་པ་ཡང་མིའི་སྐྱེ་བ་ཐོབ་པས་སྒོམ་པ་སྣ་ཚོགས་པ་རྒྱ་ཆེན་པོ་འཕེལ་བར་འགྱུར་རོ། །སྒོམ་པ་དེས་སངས་རྒྱས་སུ་འགྱུར་ཏེ། ཡེ་ཤེས ་འཕེལ་བའི་ཕྱིར་རོ། །འདུན་པ་བསྐྱེད་དོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འོན་ཀྱང་མི་དེ་རྣམས་ནི་གཙོ་བོར་སའི་ཁམས་ཀྱི་རང་བཞིན་ཏེ། ལྷག་མ་ནི་དེའི་ནང་དུ་འདུས་པའོ། །ཡང་ན་ཁམས་ཐམས་ཅད་ཀྱི་རང་བཞིན་གྱི་བདག་ཉིད་དོ། །དེ ་རྣམས་ཀྱི་སྙིང་གའི་འོག་ཏུ་སོར་གཉིས་ནས་ལྟེ་བའི་མཐར་ཐུག་པ་སོར་བཅུ་ལས་སྐྱེ་བར་འགྱུར་ཏེ། གང་གི་ཕྱིར་སྤྱན་མ་སའི་ཁམས་ཏེ་དེའི་རྟེན་ལྟེ་བའི་འཁོར་ལོ་ཡིན་པའི་ཕྱིར་རོ། །དེ་ལྟར་ཁམས་བཞིའི་རང་བཞིན་ཡང་དག་པར་སྤོང་བ ་བཞི་རྣམས་ནི་བཅོམ་ལྡན་འདས་ཀྱིས་ངེས་པའོ། །ད་ནི་མི་རྣམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པ་རྣམས་བཅོམ་ལྡན་འདས་ཀྱིས་རྣམ་པར་བཤད་པ་བསྟན་པའི་ཕྱིར། འདུན་པའི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་འདིར་འདུན་པ་ཞེས་པ་ནས་རྐང་པ་ཞེས་པའི་མཐར་ཐུག་པ་ནི་མདོར་བསྟན་པའོ། །འདིའི་བཤད་པ་ནི་དབེན་པ་ཞེས་པ་ལ་སོགས་པའོ། །དབེན་པ་ཞེས་པ་ནི་ལུས་རྣམ་པར་དབེན་པ་སྟེ། དེའི་དབང་པོའི་སྒོ་ནས་ཕུང་པོ་དང་ཁམས་རྣམས་དང་སྐྱེ་མཆེད ་ལ་སོགས་པ་ཉེ་བར་མཚོན་པར་བྱ་བའོ། །དེ་ཡང་རྣལ་འབྱོར་གྱི་རྒྱུད་དུ་མ་རྣམས་སུ་བཅོམ་ལྡན་འདས་ཀྱིས་རྒྱས་པར་གསུངས་ཤིང་ཆོས་མངོན་པ་ལ་སོགས་པ་རྣམས་སུ་ཡང་གསུངས་སོ། །དེས་ན་བདག་གིས་མ་བསྟན་ཏེ། གཞུང་རྒྱས ་པས་འཇིག་པའི་ཕྱིར་རོ། །ཡང་དེ་རྣམས་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་ཀྱི་བདག་ཉིད་ཀྱིས་སེམས་ཅན་ཐོག་མ་མེད་པ་ནས་ཐ་མལ་པའི་ང་རྒྱལ་གྱིས་རྣམ་པར་གནས་པ་རྣམས་དེའི་རང་བཞིན་གྱི་ཕྱིར་འདུན་པའོ། །དེའི་སྤོང ་བ་ནི་བསྒོམ་པ་དབེན་པ་སྟེ། དེས་ནི་ཏིང་ངེ་འཛིན་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ང་རྒྱལ་ལོ། །དེ་ཡང་ལྷག་པར་མོས་པའི་རྣམ་པར་རྟོགས་པའོ། །དེས་ན་འཇིག་རྟེན་པའི་གང་ཟག་ཏུ་ལྟ་བའོ། །བརྟེན་པ་ཞེས་པ་ནི་ལྟ་བ་ལ་བརྟེན་པའོ ་སེམས་སོ། །འདོད་ཆགས་དང་བྲལ་བ་ཞེས་པ་ནི་དེའི་འདོད་ཆགས་དང་བྲལ་བ་ནི་དག་རྣམ་པར་དབེན་པ་སྟེ། དེས་རབ་ཏུ་ཞི་བའོ། །དེ་ཡང་རྡོ་རྗེ་བཟླས་པའི་ཚུལ་གྱིས་རླུང་གི་སྦྱོར་བ་ཉིད་སྣར་སྣའི་རྩེ་མོར་བསྒོམ་པའི་རིམ་པས་ཉེ་བར་མཚོན་པར ་བྱའོ། །དེས་ན་སེམས་བརྟེན་པར་འགྱུར་རོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གསང་བ་འདུས་པ་ལས་གསུངས་ཏེ། རིན་ཆེན་ཁ་དོག་སྣ་ལྔ་པ། །ཉུངས་ཀར་སྤོམ་པའི་ཚད་ཙམ་དུ། །སྣ་ཡི་རྩེ་མོར་ནན་ཏན་དུ། ། ་རྣལ་འབྱོར་རིག་པས་རྟག་ཏུ་བསྒོམ། །ཞེས་བྱ་བ་ལ་སོགས་པ་རྒྱུད་སྣ་ཚོགས་ལས་རྒྱས་པར་གསུངས་སོ། །དེའི་ཕྱིར་རྫོགས་པའི་རྣལ་འབྱོར་མེད་པར་སླར་རྣམ་པར་རྟག་པའི་སེམས་སུ་འགྱུར་ཏེ། དེ་གསུངས་པ། རྟེན་ཞེས་པ་ནི་རྣལ་འབྱོར ་པ་ལ་དམིགས་པའི་ཕྱིར་སེམས་ཡོད་ཅེས་སྦྱར་རོ། །དེའི་འགོག་པ་ཞེས་པ་ནི་སེམས་རྣམ་པར་དབེན་པའོ། །དེ་ཡང་སེམས་དང་སེམས་ལས་བྱུང་བའི་གནས་སྐབས་ཀྱི་རང་བཞིན་གྱི་ཆོས་རྣམས་ལུང་རྣམ་པ་མང་པོའི་ཚུལ་གྱིས་ཁོང་དུ་ཆུད་པར་བྱའོ། ། ་འོན་ཀྱང་དེའི་ཇི་སྲིད་དུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་མ་བྱས་པ་དེ་སྲིད་དུ་དེའི་འགོག་པར་མི་འགྱུར་རོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་ཐབས་སྣ་ཚོགས་པ་བསྟན་མོད། །རྨོངས་པ་རྣམས་ཀྱིས་མི་ཤེས་སོ། །བརྟེན་པ་ཞེས་པ་ནི་དེ་ལ་ཡང ་བརྟེན་ཏོ། །འོ་ན་གང་ལས་ཤེས་ཤེ་ན། འགའ་ཞིག་སྒྱུ་མ་རྣམ་པ་དང་བཅས་པ་གོམས་པ་མེད་པར་དམིགས་པའི་ཕྱིར་བསྟན་པའི་རྒྱུན་ཉིད་དོ། །རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་ཞེས་པ་ནི་ཉེས་པ་དང་ཡོན་ཏན་ནོ། །དེ་ཡང་རྣམ་པ་དང ་བཅས་པའི་བདེན་པའམ་རྣམ་པ་མེད་པའི་སྒྱུ་མ་ལྟ་བུ་དེའི་ཉེས་པ་རྣམས་ཡོངས་སུ་ཐིམ་པའི་སེམས་ཉིད་ཡེ་ཤེས་ཏེ། དེ་བརྗོད་དུ་མེད་པའི་འོད་གསལ་བའི་ཡེ་ཤེས་ཤེས་པའི་དོན་ཏོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་འདོད་པའི་ལྷའི་ང ་རྒྱལ་ཙམ་གྱིས་ལུས་དང་ངག་དང་སེམས་དྲི་མ་མེད་པས་སེམས་ཅན་ཐམས་ཅད་གྲོལ་བར་འགྱུར་བ་མ་ཡིན་ནམ། །ཇི་ལྟར་ཏིང་ངེ་འཛིན་སྣ་ཚོགས་པ་ལ་ཉེ་བར་སྤྱོད་པས་སེམས་གོང་ནས་གོང་ལ་བརྟེན་པར་འགྱུར། །དེ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར ་ཞེ་ན། ཐོག་མ་མེད་པའི་བག་ཆགས་ཀྱི་རྣམ་པར་རྟོག་པ་ལ་ཉེ་བར་སྤྱོད་པའི་ཕྱིར་རོ། །གང་གི་ཕྱིར་འགྲོ་བའི་དོན་བྱེད་པའི་ཕྱིར། བདག་གི་མདུན་དུ་ཤིན་ཏུ་ཞུམ་པར་མ་གྱུར་ཅེས་པ་ནི་འདིར་བྱང་ཆུབ་སེམས་དཔའ་རྣམས་ནི་རྣམ་པར་རྟོག་པ་ཙམ་བཞེད་དེ ་སྨོན་ལམ་གྱི་དབང་གིས་སོ། །རིགས་པ་དེས་ན་སྔོན་གྱི་རྣམ་པར་རྟོག་པ་ངན་པའི་བག་ཆགས་ཀྱི་དབང་གིས་སྨོན་ལམ་སྔོན་དུ་སོང་བའི་རྣམ་པར་རྟོག་པ་བཟང་པོས་རང་གི་དོན་དང་གཞན་གྱི་དོན་དག་སྒྲུབ་པར་བྱེད་ཀྱི་རང་གི་དོན་གྱི་རྣམ་པར་རྟོག་པ ་ཙམ་འཛིན་པ་ནི་མ་ཡིན་ནོ། །དེས་ན་འདིར་སྨོན་ལམ་འདེབས་སོ། །འདུན་པ་ཞེས་པ་ནི་ཅུང་ཟད་རྡོ་རྗེ་འཆང་ལ་སོགས་པའི་གཟུགས་སུ་སྤྲུལ་པའི་རང་བཞིན་གྱིས་དེའི་ཡང་དམིགས་པ་རང་གི་བདག་ཉིད་དེ་དང་འདྲ་བར་འགྱུར་ཞེས་པའི་དོན་ཏོ། །ཤིན་ཏུ ་ཞུམ་པར་མ་གྱུར་ཅིང་སྒྱུ་མའི་སེམས་དེ་ཡང་ཤིན་ཏུ་ཆེས་ཞུམ་པར་མ་གྱུར་ཅིག་ཅེས་པ་ནི་སྨོན་ལམ་མོ། །ཤིན་ཏུ་འཛིན་པར་མ་གྱུར་ཅེས་པ་ནི་རེས་འགའ་ཅུང་ཟད་གནས་པ་དེར་ཡང་གནས་པར་མི་བྱེད་པའི་ནི་སྨོན་ལམ་མོ། །འོ་ཞེས་པ་ནི་དེ་དེ ་བཞིན་ཞེས་པའི་དོན་ཏོ། །དེ་ལ་རྫུ་འཕྲུལ་གྱི་རྐང་པ་ཡང་ཅི་ཞེ་ན། སྔོན་དུ་གསུངས་པའི་ཕུང་པོ་བཞི་པོ་དེར་ལྔ་པ་རྣམ་པར་ཤེས་པའི་ནི་བདུན་པའི་རྫུ་འཕྲུལ་གྱི་རྐང་པའོ། །དེ་ཡང་མི་བསྐྱོད་པའི་ཆོས་ཏེ། དེའི་འགོག་པ་ངེས་པར་གསུངས་པ་དེས ་ན་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་ལྡན་པ་ཞེས་པ་ནི་རྣལ་འབྱོར་པ་རྣམས་ཀྱི་གཉིས་མེད་པའི་རྒྱུན་ཏུ་རྣལ་འབྱོར་དང་ལྡན་པའི་སེམས་དེ་ཡང་བསམ་དུ་མེད་པའི་འདུ་བྱེད་ཏིད་ཀྱིས་འདུན་པ་དེ་འགོག་པ་ལ་གནས་པའམ་མི་གནས་ཤེས་པ་ནི་ངེས་པའོ། ། ་དེ་བཞིན་དུ་རྫུ་འཕྲུལ་གྱི་རྐང་པ་གཉིས་པ་བསྟན་པའི་ཕྱིར། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་ཅེས་པ་ནས། །རྐང་པ་ཞེས་པའི་བར་གྱི་མདོར་བསྡན་པའི་ཚིག་གོ་།དེའི་བཤད་པ་དབེན ་བ་ཞེས་བྱ་བ་ལ་སོགས་པ་ནི་སྔོན་བཞིན་དུ་རྟོགས་པར་བྱའོ། །འོན་ཀྱང་སྔོན་དུ་གསུངས་པའི་རྫུ་འཕྲུལ་གྱི་རྐང་པ་གང་ཡིན་པ་ནི་རག་པའོ། །འདིར་རྫུ་འཕྲུལ་གྱི་རྐང་པ་གཉིས་པ་ནི་ཇེ་ཉིད་ཀྱི་ཕྲ་བའི་མཚན་ཉིད་དོ། ། ་དེའི་ཕྱིར་ཕྲ་བ་ནི་ལུས་རྣམ་པར་དབེན་པའོ། །དེ་བཞིན་དུ་ངག་དང་སེམས་ཀྱང་ངོ། །རྫུ་འཕྲུལ་གྱི་རྐང་པ་ཡང་ཅི་ཞེ་ན། སྔོན་དུ་ཁམས་བཞི་གསུངས་པའི་དེའི་ལྔ་པ་ནི་ནམ་མཁའ་ཨི་ཁམས་ཏེ། དེ་ཡང་རྫུ་འཕྲུལ་གྱི་རྐང་པ་པདྨ་འབར་བའི་ཆོས ་དེའི་འགོག་པ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་དཔྱོད་པའི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་ནི་གོ་སླའོ། །འོན་ཀྱང་རྫུ་འཕྲུལ་གྱི་རྐང་པ་ནི་ཤིན་ཏུ་ཕྲ་བ་སྟེ། དེ་ཡང་དབེན་པ་ཞེས་པ་ནི་སྔོན་བཞིན་རྟོགས་པར་བྱའོ། །རྫུ་འཕྲུལ་གྱི་རྐང་པ་ཡང་ཅི ་ཞེ་ན། དབང་པོ་རྣམས་ལ་དབང་པོ་དྲུག་པ་ནི་ཆོ་སྐྱི་དབྱིངས་ཏེ་དེ་ཡང་རྫུ་འཕྲུལ་གྱི་རྐང་པ་སྟེ། ཀུན་ཏུ་བཟང་པོའི་ཆོས་དེའི་འགོག་པའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དེ་བཞིན་དུ་རྫུ་འཕྲུལ་གྱི་རྐང་པ་བཞི་པའི་དབང་དུ་བྱས་ཏེ་གསུངས་པ། ། ་སེམས་ཀྱི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པ་ནི་སྔོན་བཞིན་ཏེ། དེ་ཡང་ཆེས་ཕྲ་བའོ། །དེའི་དབེན་པ་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །འོན་ཀྱང་རྫུ་འཕྲུལ་གྱི་རྐང་པ་ཅི་ཞེ་ན། དེའི་ཡུལ་ཆོས་ཀྱི་དབྱིངས་སོ། །དེ་ཡང་སེམས་ལས་བྱུང ་བ་བཅོམ་ལྡན་འདས་བྱམས་པའི་ཆོས་དེ་འགོག་པའོ། །ཡང་ན་གཟུགས་རྡོ་རྗེ་དང། སྒྲ་རྡོ་རྗེ་དང་དྲི་རྡོ་རྗེ་དང། རོ་རྡོ་རྗེའི་རང་བཞིན་ཅན་རྫུ་འཕྲུལ་གྱི་རྐང་པ་བཞི་པོ་དེའི་ཆོས་རྣམས་འགོག་པའོ། །དེ་རྣམས་འགོག་པའི་ཕྱིར་འདོད་པའི་ཡོན ་ཏན་ལྔ་རྣམས་འགོག་པའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །འདི་ནི་སློབ་དཔོན་རྣམས་ཀྱི་ལུགས་སོ། །དེ་ལྟར་རྫུ་འཕྲུལ་གྱི་རྐང་པ་བཞི་ཤིན་ཏུ་དབེན་པ་དང། ཤིན་ཏུ་དཔྱད་པ་དང་ཤིན་ཏུ་ཡོན་ཏན་གྱི་ཚུལ་གྱིས་རྣལ་འབྱོར་པ་རྣམས ་ཀྱིས་བསྒོམ་པར་བྱའོ། །ད་ནི་དབང་པོ་ལྔ་རྣམས་བརྗོད་པའི་ཕྱིར། དེ་འདོད་པ་ན་སྤྱོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་སྔོན་དུ་གསུངས་པའི་རྫུ་འཕྲུལ་གྱི་རྐང་པ་བཞི་མི་ལ་སོགས་པའི་རང་དབང་དུ་འགྱུར་རོ། །དེས་ན ་འདོད་པ་ན་སྤྱོད་པ་ཞེས་པ་ནི་འདོད་པའི་ཁམས་ན་སྤྱོད་པའི་སེན་དེ་རྣཾ་ཀྱང་ལས་ཀྱི་སར་སྐྱེས་ནས་བྱང་ཆུབ་ཀྱི་ས་བོན་རབ་ཏུ་འདེབས་ཏེ། ལིས་དེས་འཇིག་རྟེན་པ་ཞེས་པ་ནི་གང་གི་ཕྱིར་ཁམས་གསུམ་གྱི་སེམས་ཅན་རྣམས་མིའི་གཟུགས ་རྣམས་སུ་འཇུག་པ་དེའི་ཚེ་ཡང་དག་པའི་ལྟ་བ་ཕུན་སུམ་ཚོགས་པ་ལ་དད་པར་བྱེད་ཅེས་དགོངས་སོ། །རང་གི་ལས་ཞེས་བྱ་བ་ལ་སོགས་པ་ནི་སེམས་ཅན་དེ་རྣམས་ཀྱང་ཆུང་དུ་དང་འབྲིང་དང་ཆེན་པོར་འགྱུར་ཏེ། ཁ་ཅིག་ནི་རང་གི་དགེ་བའི ་ལས་ཀྱི་རྣམ་པར་སྨིན་པའི་དབང་གིས་མཐོ་རིས་ལ་སོགས་པའི་ལོངས་སྤྱོད་ལ་སྤྱོད་དོ། །ཁ་ཅིག་ནི་ལས་མི་དགེ་བས་བྱོལ་སོང་དང་ཡི་དགས་དང་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །ཁ་ཅིག་ནི་ཤིན་ཏུ་དགེ་བའི་ལས་ཀྱིས་ཡང ་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་བགྲོད་པར་འགྱུར་རོ། །དེ་ལྟར་དེའི་ལས་ཀྱི་རྣམ་པར་སྨིན་པ་བདག་གིས་བསྟན་པར་བྱའོ། །དེ་རྣམས་ལ་བསྟན་པ་ཅིམ་གྱིས་ཉོན་མོངས་པ་ཟད་པར་བྱས་ནས་ཐམས་ཅད་སངས་རྒྱས་སུ་འགྱུར་རོ། ། ་དེ་ལྟར་རང་གི་ལས་ཞེས་པ་ནས། སོ་སོར་མྱོང་བར་འགྱུར་ཞེས་པའི་མཐར་ཐུག་པ་ནི་སྨོན་ལམ་ཉིད་དེ། དེ་བཞིན་གཤེགས་པའི་ངེས་པའོ། །དེ་སྲོག་གི་ཕྱིར་ཡང་ཞེས་བྱ་བ་ལ་སོགས་པའོ། །འདིར་སེམས་ཅན་ཀྱང་དག་གི་བདག་ལ་ཚོ ་པའི་དོན་དུ་སྲོག་གཅོད་པ་ལ་སོགས་པ་དང། ཚོང་སྣ་ཚོགས་པ་འཆོང་པར་བྱེད་དོ། །ཡང་གི་སྒྲས་ཆང་པ་དང་རྩོད་པ་དང་ཆོམ་པོ་ལ་སོགས་པ་བཟུང་ངོ། །དེས་ན་སྡིག་པའི་ལས་རྣམས་བདག་ཉིད་མངོན་པར་འདུ་མི་བྱེད་པའོ། །གལ་ཏེ་བྱེད ་པ་ན་དེས་ནི་དམྱལ་བ་ལ་སོགས་པར་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །དེ་རྣམས་ཀྱི་འདི་ནི་དད་པའི་དབང་པོར་བརྗོད་ཅེས་པ་ནི་འདིར་རྣལ་འབྱོར་པ་རྣམས་ཀྱི་ཆོས་རྣམས་ཀྱི་དང་པོ་ནི་དང་པོའོ། །གང་གི་ཕྱིར ་ཆོས་རྣམས་ཐམས་ཅད་ཀྱི་དང་པོར་བསྐྱེད་པ་ནི་དད་པའོ། །དེའི་ཚེ་ཆོས་གང་དག་ཅེས་པ་ནི་ཉན་ཐོས་དང། རང་སངས་རྒྱས་དང། ཐེག་པ་ཆེན་པོ་དང། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆོས་རྣམས་ཇི་ལྟར་གསུངས་པ་བཞིན་བྱེད ་པ་སྟེ། གཞན་འཇིག་རྟེན་པའི་ཆོས་ལ་ནི་མ་ཡིན་ནོ། །ཞེས་དགོངས་སེ། །དེ་ལྟར་དེ་རྣམས་ནི་མིག་གི་དབང་པོའི་ཡུལ་ལོ། །དེ་ཡང་གཟུགས་རྡོ་རྗེ་མའི་ཆོས་ཏེ། དེའི་བྱ་བ་ལ་ཉེ་བར་སྤྱོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་རྣ་བའི་ཡུལ ་སྒྲ་རྡོ་རྗེ་མའི་ཆོས་བརྩོན་འགྲུས་ཀྱི་དབང་པོའོ། །དེ་བཞིན་དུ་སྣའི་ཡུལ་དྲི་རྡོ་རྗེ་མའི་ཆོས་དྲན་པའི་དབང་པོའོ། །དེ་བཞིན་དུ་ལྕེའི་ཡུལ་རོ་རྡོ་རྗེ་མའི་ཆོས་ཏི་ངེ་འཛིན་གྱི་དབང་པོའོ། །དེ་བཞིན་དུ་ལུས་ཀྱི་ཡུལ་རེག་བྱ་རྡོ་རྗེ་མའི་ཆོས་ཤེས་རབ་ཀྱི ་དབང་པོའོ། །དེ་བཞིན་དུ་ཆོས་དེ་རྣམས་བརྩོན་འགྲུས་གང་གིས་ཞེས་པ་ནས་དེ་དག་ནི་སྟོབས་ལྔ་ཞེས་པའི་མཐར་ཐུག་པ་ནི་གོ་སླའོ། །འོན་ཀྱང་ཡུལ་ཅན་ལྔས་སྙིང་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ལྔ་པོ་དེ་རྣམས་སྟོབས་ལྔའོ། །དེ ་བཞིན་དུ་བྱང་ཆུབ་ཀྱི་ཡན་ལག་བདུན་རྣམས་བསྟན་པའི་ཕྱིར། དེ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཞེས་པ་ནི་སྔོན་དུ་གསུངས་པའི་རྫུ་འཕྲུལ་གྱི་རྐང་པ་ལ་སོགས་པའི་གནས་རྣམས་ལའོ། །ཇི་ལྟ ་བུ་ཞེ་ན། ཞེས་པ་ནི་ཚད་ནི་ཞེས་རྡོ་རྗེ་སྙིང་པོས་གསོལ་བ་བཏབ་པའོ། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ཀྱི་ལན་གྱི་ཚིག་གོ། །འོན་ཀྱང་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཀུན་གཞི་རྣམ་པར་ཤེས་པའི་ཁམས་ཏེ། དེ་ཡང ་འཇམ་དཔལ་གྱིས་ཆོས་སོ། །ལྷག་མ་ནི་གོ་སླའོ། །ཆོས་རྣམ་པར་འབྱེད་པ་ལ་སོགས་པ་རྣམས་ནི་ལུས་རྣམ་པར་དབེན་པ་ལ་སོགས་པ་རྣམས་ལ་ངེས་པར་སྦྱར་བར་བྱའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ཞེས་པ་ལ་སོགས་པའི་སྒྲ་ནི་འཕགས ་པའི་ལམ་ཡན་ལག་བརྒྱད་པོ་རྫུ་འཕྲུལ་གྱི་རྐང་པའི་གནས་རྣམས་ལ་བསྒོམ་ཞེས་པ་སྟེ། དེ་བཞིན་གཤེགས་པའི་དམ་བཅའ་བའོ། །འདི་ནི་ངེས་པའོ། །ཆོས་རྣམ་པར་འབྱེད་པ་ལ་སོགས་པ་དྲུག་པོ་འདི་རྣམས་ཀྱིས་ཆོས་རྣམས་རྣར་བཞག ་པ་གསུངས་ཏེ། དེ་རྣམས་ཐམས་ཅད་རིམ་པ་བཞིན་དུ་གཤིན་རྗེ་མཐར་བྱེད་དང། ཤེས་རབ་མཐར་བྱེད་དང་པདྨ་མཐར་བྱེད་དང། བགེགས་མཐར་བྱེད་དང། གནོད་མཛེས་རྒྱལ་བོའོ། །ལས་ཀྱི་དབང་པོ་ལྔའི་དངོས་པོ་ཕྱིར་རོ། །དེ་བཞིན་དུ་ལས་ཀྱི་དབང་པོ ་རྣམས་ལས་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་གཙུག་ཏོར་འཁོར་ལོས་སྒྱུར་བའི་ཆོས་སོ། །དེ་ཡང་མཚན་མའི་སྒོའོ། །དེ་ལྟར་དྲུག་པར་བརྗོད་དོ། །ལྷག་མ་ལས་ཀྱི་དབང་པོའི་བྱ་བ་རྣམས་འཆད་བཞིན་པ་ལས་ཤེས་པར ་བྱའོ། །དེ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་བརྗོད་པའི་ཕྱིར། །འཕགས་པའི་ལམ་བརྒྱད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟ་བུ་ཞེས་བ་ནི་བྱང་ཆུབ་ཀྱི་ཡན་ལག་གི་གནས་རྣམས་སུ་ཅི་ལྟ་བའི་རང་བཞིན་རྣམས་བསྒོམ་པར་བྱེ་ཞེས་དགོང་སོ། །འཇིག་རྟེན ་ལས་འདས་པའི་ལྟ་བ་གང་གིས་ཞེས་པ་ལ་སོགས་པ་ནི་གོ་སླའོ། འོན་ཀྱང་ཅུང་ཟད་བརྗོད་དོ། །ཡང་དག་པའི་ལྟ་བ་ནི་ལས་ཀྱི་དབང་པོའི་བྱ་བས་མི་གཡོ་བའི་ཆོས་རྐང་བའི་བྱ་བའི། །དེ་བཞིན་དུ་ཡང་དག་པའི་རྟོག་པ་ནི་ཉེ་བར་གནས་པ་འཇུག་མའི ་བྱ་བ་དབྱུག་སྔོན་ཅན་གྱི་ཆོས་སོ། །དེ་བཞིན་དུ་ནི་ཚིག་གི་བྱ་བ་འདོད་པའི་རྒྱལ་པོའི་ཆོས་སོ། །དེ་བཞིན་དུ་ཡང་དག་པའི་ལས་ཀྱི་མཛའ་ནི་ལག་བའི་བྱ་བ་སྟེ། སྟོབས་པོ་ཆེའི་ཆོས་སོ། །དེ་བཞིན་དུ་ཡང་དག་པའི་འཚོ་བ་ནི་ཁུ་བ་འཛག་པ་དྲུག་པ་ཡེ ་ཤེས་ཀྱི་ཕུང་པོ་རྡོ་རྗེ་སེམས་དཔའ་ཨི་ཆོས་སོ། །དེ་བཞིན་དུ་ཡང་དག་པའི་རྩོལ་བ་ནི་ནམ་མཁའ་ཨི་མཐར་ཐུག་པ་ཨ་བ་དྷཱུ་ཏཱི་ར་རང་རིག་པ་འཛིན་པའི་ཕྱིར་དྲུག་པ་ཡེ་ཤེས་ཀྱི་ཁམས་ཏེ། ཆོས་ཀྱི་དབྱིངས་རྡོ་རྗེ་མའི་ཆོས ་སོ། །དེ་བཞིན་དུ་ཡང་དག་པའི་དྲན་པ་ནི་རྡོ་རྗེའི་ལམ་ནས་ཆགས་པ་ཆེན་པོ་ཆགས་པའི་ཁམས་སྟེང་དུ་འགྲོ་བའི་ཕྱིར་དྲུག་པ་ཡེ་ཤེས་ལས་ཀྱི་དབང་པོ་སྟེ། དེ་ཡང་བདག་མེད་མའི་ཆོས་སོ། །དེ་འཛིན་པའི་ཕྱིར་དྲུག་པ་ཡེ་ཤེས ་ལས་ཀྱི་དབང་པོའི་བྱ་བའི་སྙིང་རྗེའི་ཆོས་སོ། །འདི་རྣམས་ཀྱི་ཅོད་པན་ན་བཞུགས་པའོ། །དེ་བཞིན་གཤེགས་པ་དེ་རྣམས་ཀྱང་ཆོས་ཏེ་དེ་ལྟར་ཆོས་སུམ་ཅུ་རྩ་བདུན་གྱི་རང་བཞིན་གྱི་བདག་ཉིད་ཡང་དག་པའི་ཏིང་ངེ་འཛིན་གྱི་ཆོས་ཅན ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་དཔའ་བོའི་ཆོས་སོ། །ཆོས་སུམ་ཅུ་རྩ་བདུན་པོ་དེ་རྣམས་རྣལ་འབྱོར་གྱི་རྒྱུད་རྣམས་ལ་བརྟེན་ཏེ་མདོར་བསྡུས་ནས་གསུངས་སོ། །དེའི་ཕྱོགས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཏེ། དེ་ཡང ་མདོར་བསྡུས་ཏེ་གསུངས་སོ། །རྒྱས་པར་ཡང་གཞུང་སྣ་ཚོགས་པའི་ལུང་རྣམས་ལས་རྟོག་པར་བྱའོ། །ལྷག་མ་ནི་གོ་སླའོ། །དེ་ལྟར་དེ་དག་ཡང་དག་བཤད། །རབ་ཏུ་དགའ་ལ་སོགས་པའི་ས་ཞེས་པ་ནི་དེ་དག་ཅེས་པ ་སྔོན་དུ་གསུངས་པའི་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་ས། །དེ་ལྟར་ཞེས་པ་དེ་རྣམས་ཐམས་ཅད་དོ། །ཡང་དག་བཤད་ཅེས་པ་ནི་འགྲོ་བའི་དོན་གྱི་རྒྱུར་བདག་གིས་ཡང་དག་བཤད་ཅེས་པའི་དོན་ཏོ། །རབ་ཏུ་དགའ་ ་བ་ལ་སོགས་པ་ཞེས་པ་ལ་སོགས་པའི་སྒྲས་ནི་རིམ་པ་བཞིན་ས་བཅུ་གཉིས་རྣམས་གཟུང་ངོ། །ཉིད་ནི་ངེས་པར་གཟུང་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་ཞེས་པ་ལ་གནས་ཞེས་པ་ནི་ས་དེ་རྣམས་ཐམས ་ཅད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟེན་ནོ། །བྱང་ཆུབ་སེམས་དཔའ་དེ་རྣམས། །དབང་པོ་ལ་སོགས་པ་རང་བཞིན་ཅན་ཞེས་པ་ལ་སོགས་པའི་སྒྲ་ནི་ཡུལ་དང་ཡུལ་ཅན་ལས་གྱི་དབང་པོ་དང་དེའི་བྱ་བའོ། །དེ་རྣམས་ཀྱི་རང་བཞིན་ནི། ཡང ་དག་པའི་ལམ་རྗེས་སུ་རྟོག་པའོ། །བྱང་ཆུབ་བསྒྲུབ་པའི་ཚུལ་ཡོད་པའི་སེམས་ཅན་ནི་བྱང་ཆུབ་སེམས་དཔའ་འོ། །དེ་རྣམས་ཀྱི་གནས་ནི་བྱང་ཆུབ་བསྒྲུབ་པའི་རྟེན་རང་གི་ལུས་ཤེས་པའི་དོན་ཏོ། །སངས་རྒྱས་ཐམས་ཅད ་རྣམ་ཀྱི་གནས་པ་ཞེས་པ་ནི་དེ་བཞིན་དུ་སྔོན་དུ་གསུངས་པའི་ས་བཅུ་གཉིས་ཀྱི་བདག་ཉིད་ཀྱིས་གནས་ཏེ། དེ་རྣམས་བསྡུས་པའི་ལུས་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྒྲར་བསྟན་ཏོ། །སོ་སོར་ཕྱེ་ན་རྣལ་འབྱོར་གྱི ་རྒྱུད་སུམ་ཅུ་རྩ་དྲུག་རྣམས་སུ་བརྗོད་དེ་བསྐྱེད་པའི་རིམ་པའི་ཕྱིར་རོ། །རྟེན་དེའི་བརྟེན་པ་རྣལ་འབྱོར་མའི་རྒྱུད་སུམ་ཅུ་རྩ་དྲུག་ཏུ་བརྗོད་དེ། དེ་རྣམས་ཀྱང་ལུས་ཀྱི་རྩ་སུམ་ཅུ་རྩ་གཉིས་ཏེ། འཆང་བཞིན་པའི་རིམ་པས་སྟོན་ཏོ། །དེ ་རྣམས་འདུས་པའི་བདག་ཉིད་རྩ་གསུམ་མོ། །ཐ་མལ་པའི་ཨ་བ་དྷཱུ་ཏཱི་དེ་རྣམས་འདུས་པའི་རྩ་གཅིག་ནི་ཡེ་ཤེས་ཀྱི་ཨ་བ་དྷུ་ཏཱིའོ། །དེ་ལྟར་རྩ་སུམ་ཅུ་རྩ་དྲུག་བོ་ང་ཡང་གནས་ཏེ། སངས་རྒྱས་ཐམས་ཅད་རྣམས་དང། རང ་རིག་པའི་ཡེ་ཤེས་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་རྟེན་ཡིན་པའི་ཕྱིར་རོ། །ཕུང་པོ་ལ་སོགས་ཁྱད་པར་ཉིད་ཅེས་པ་ནི་སངས་རྒྱས་ཐམས་ཅད་རྣམས་འབའ་ཞིག་གི་གནས་མ་ཡིན་ཏེ། ཕུང་པོ་ལ་སོགས་པ་རྣམས་ཀྱི་ཡང་གནས ་སོ། །སོགས་པའི་སྒྲས་ཁམས་དང་སྐྱེ་མཚད་རྣམས་ཀྱི་ཡང་ངོ། །འོན་ཀྱང་དེ་རྣམས་ལ་ཁྱད་པར་ཡོད་དེ། གཞན་གཟུགས་ལ་སོགས་པའི་ཕུང་པོ་དང། གཞན་ཁམས་རྣམས་དང། གཞན་སྐྱེ་མཆེད་རྣམས་དང་གཞན་ཡུལ་རྣམས ་དང། གཞན་ལས་ཀྱི་དབང་པོ་རྣམས་དང། གཞན་དེའི་བྱ་བ་རྣམས་སོ། །དེ་ཅི་ཞེ་ན། སྔོན་དུ་གསུངས་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཚུལ་གྱིས་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་བདག ་ཉིད་དུ་འགྱུར་བའོ། །དེའི་ཡེ་ཤེས་ཀྱི་སྣང་བ་མཐོང་པར་བྱ་བའི་ཕྱིར་དེ་རྣམས་ཀྱང་སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱིས། །སངས་རྒྱས་ཉིད་ནི་འབྱུང་བའི་མཆོག་ཅེས་པ་ནི་འདིར་ཤིན་ཏུ་རྣམ་པར་དག་པའི་སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་རང་གི་ལུས་ལས་བྱུང་བ་དེའི་བདག་ཉིད་རྣམས་ཇི་སྲིད་དངོས་སུ་རྡོ་རྗེ་འཆང་གིས་ས་ལ་བརྟེན་པར་མི་བྱེད་པ་དེ་སྲིད་དུ་དེ་རྣམས་མ་རིག་པའི་དབང་གིས་བརྒྱ་ལ་ཅུང་ཟད་ལམ་མ་རྫོགས་པའི་དབང་གིས་འཁོར་པར་འཇུག་པར་འགྱུར ་རོ། །དེའི་ཕྱིར་སངས་རྒྱས་ཉིད་འབྱུང་བའི་རྩའི་མཆོག་ཅེས་ཕུལ་དུ་བྱུང་བ་གཟུང་བ་དང་འཛིན་པ་དང་བྲལ་བ་སྔོན་གྱི་རིམ་པས་རབ་ཏུ་དག་པའོ། །འོན་ཀྱང་སུམ་ཅུ་རྩ་གཉིས་ཤེས་པ་ནི་ཐ་མལ་པའི་གནས་སྐབས་སུ་ཡང་སློབ་བཞིན་བ་ཉིད ་ཀྱི་ཕྱིར་རྣལ་འབྱོར་བ་རྣམས་ཀྱི་རྫོགས་པའི་རིམ་པར་འོས་བ་ཤིན་ཏུ་བསྡུས་པ་འདོད་པའི་ཕྱིར་བྱང་ཆུབ་བསྒྲུབ་པ་ལ་བརྩོན་པའོ། །གང་གི་ཕྱིར་རྩོད་པའི་དུས་སུ་ང་རྒྱལ་ཅན་ཚེ་ཐུང་བ་སྒྱུ་ཅན་ལས་ངན་པ་ལ་དགའ་བ་འབྱུང་ངོ། །དེས་ན ་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་མའི་རྒྱུད་ཀྱི་རིམ་པ་རྣམས་སུ་རྫོགས་པའི་རིམ་པ་བསྟན་པ་དེས་ན་རྩ་སུམ་ཅུ་རྩ་གཉིས་བསྟན་ཏོ། །དེ་རྣམས་ཀྱི་མིང་འཆད་བཞིན་པས་བརྗོད་པའི་རྒྱུ་བ་རྟོགས་པར་བྱའོ། །བྱང་ཆུབ་སེམས་རྣམས ་སུམ་ཅུ་གཉིས། །གང་ཚེ་ཞེས་བ་ནི་དེ་སྟར་ཡང་རྩ་དེ་རྣམས་ལ་དུས་ཐམས་ཅད་དུ་བྱང་ཆུབ་སེམས་རྒྱུ་བས་ཐ་མལ་པའི་གནས་སྐབས་སུ་ཡང་བླ་མའི་མན་ངག་གིས་བསྒོམ་པའི་དུས་སུ་གང་བ་ཞེས་པ་ནི་དུས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས ་ཀྱིས་གང་བར་གྱུར་ཏེ། མགལ་མེའི་འཁོར་ལོ་བཞིན་རྒྱུན་མི་འཆད་བར་འགྱུར་བ་དེའི་ཚེ་འཆད་བཞིན་པའི་དུས་སུ་འཁོར་ལོ་བཞིའི་དབྱེ་བ་རྣམས་ལ་བཤད་པའི་ཕྱིར་རོ། །དབང་པོ་ཞེས་བྱ་བ་ལ་སོགས་བ་ནི་རྩ་རྣམས་འབའ་ཞིག་བྱང་ཆུབ ་སེམས་ཀྱི་གང་པར་མ་ཟད་ཀྱི་དབང་པོ་རྣམས་དང་འབྱུང་བ་རྣམས་དང་ཕུང་པོ་ལ་སོགས་པ་རྣམས་ཀྱང་གང་བ་སྟེ། འཆད་བཞིན་བའི་དུས་སུ་རང་རིག་པའི་ཡེ་ཤེས་ཉམས་སུ་མྱོང་ཞེས་པའི་དོན་ཏོ། །དེ་ལྟར་རྣལ་འབྱོར་བ་རྣམས་ཀྱིས་ཉམས་སུ་མྱོང། ་བས་འཇིག་རྟེན་པའི་ཀུན་རྫོབ་ཀྱི་བདེན་པ་མཐོང་ངོ། །དེ་ནས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་དབྱེར་མེད་པའི་མཚན་ཉིད་གཉིས་སུ་མེད་བ་ཟུང་དུ་འཇུག་པའི་བདག་ཉིད་དངོས་པོ་དང་དངོས་པོ་མེད་པར་རོ་མཉམ་པའི་རང་བཞིན་ཉིད་དོ། །དེ་ཉིད་བསྟན ་པའི་ཕྱིར། དེ་རྗེས་སངས་རྒྱས་ཉིད་ཅེས་པ་ནི་སྒྲིབ་པ་མེད་པའི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་དང་བྲལ་བ་མཆོག་ཏུ་མི་འཛག་པའི་རྣལ་འབྱོར་རང་བཞིན་གྱི་འོད་གསལ་བའི་བདག་ཉིད་དེ་བཞིན་ཉིད་དུ་འགྲོ་དུ་རེད་བ་རྒྱུད་མེད་པ་དང་པོའི་དང་པོ་ཐོག་མ་མེད་པའི ་སེམས་དཔའ་རྡོ་རྗེ་འཛིན་གྱི་སའོ། །མི་ཕྱེད་པའི་ཕྱིར་རྡོ་རྗེ་སྟེ་དུས་གསུམ་དུ་རྒྱུད་ཉམས་པ་མེད་པ་རྟོག་གེ་པ་རྣམས་ཀྱིས་བགྲོད་པར་བྱ་བ་མ་ཡིན་པ་སངས་རྒྱས་རྣམས་ཀྱི་ཡུལ་བརྗོད་དུ་མེད་པའོ། །གང་ཕྱིར་རྟོགས་བས་སངས་རྒྱས་ཉིད། །སེམས་ཉིད ་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་བསྟན་པ་མིན། །རང་རིག་པ་ཡི་མཆོག་ནི་རྙེད་ཅེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །ཕྱའི་འཁོར་གྱི་འཁོར་ལོ་དམིགས་པ་ལ་སོགས་པ་དང། སྐུ་གསུམ་རྣམ་པར་བསྒོམ་པ་དང། ་དེ་བཞིན་དུ་སྐུ་གཟུགས་དང། །མཆོད་རྟེན་དང་དམ་པའི་ཆོས་རྣམས་འདུས་བྱ་བ་ལ་ཉེ་བར་སྤྱོད་བ་དང། དེ་རྣམས་ཀྱི་དཀྱིལ་འཁོར་བྱ་བ་དང། སྦྱིན་པ་པའི་ལྕི་བ་ཞེས་བྱ་བ་ལ་སོགས་པ་ནི་མཎྜལ་གྱི་ཚིགས་སུ་བཅད་པ་བརྗོད་པའི ་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཐོབ་སྟེ། དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་བཞི་ནི་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུའོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་ནི་ཡེ་ཤེས་ཀྱི་ཆོས་སོ། །བརྩོན་འགྲུས་ཀྱི ་ཕ་རོལ་ཏུ་ཕྱིན་བ་ནི་ཚོགས་འདི་གཉིས་ཀ་ལ་འཇུག་པའོ། །དེ་ལྟར་ཚོགས་གཉིས་ཡོངས་སུ་རྫོགས་པའི་ཕྱིར་ཏེ། དེ་བཞིན་གཤེགས་པས་སངས་རྒྱས་པ་ཉིད་དུ་གསུངས་པ་མ་ཡིན་ནམ། དེ་ཇི་ལྟར་སེམས་རང་རིག་པའི་ཕྱིར ་སངས་རྒྱས་ཉིད་འཐོབ་སྟེ། །གཞན་དུ་བསྟན་པ་མིན་ཞེས་བརྗོད་དོ། །སེམས་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཏེ། དེ་ཡང་ཆོས་ཀྱི་སྐུའོ། །ཞེས་གལ་ཏེ་འགའ་ཞིག་སེམས་པར་གྱུར་ན་དེའི་ཕྱིར་གསུངས་པ། རང་གི་ལུས ་ལ་སངས་རྒྱས་བཞུགས། །གཞན་དུ་གང་ནའང་སངས་རྒྱས་མེད་ཅེས་བྱ་བ་ལ་སོགས་པ་དེ་རྣམས་བཟློག་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །འདིར་གང་དག་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་བརྟེན་པ་རང་རིག་པའི ་ཡེ་ཤེས་མ་རྟོགས་པ་རང་གི་མངོན་པར་འདོད་པ་དེ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བརྗོད་པར་བྱ་སྟེ། འདིར་དང་པོ་རེ་ཞིག་སེམས་ཅན་རྣམ་པ་གསུམ་དུ་འགྱུར་ཏེ། ཆུང་དུ་དང་འབྲིང་དང་ཆེན་བོས་སངས་རྒྱས་ཀྱང་རྣམ་པ་གསུམ་མོ། ། ་ལུས་དང་ངག་དང་སེམས་ཀྱི་ཆོས་ཅན་གྱིས་ཐེག་པ་གསུམ་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ཆེན་པོའོ། །དེ་ལ་གང་དག་དབང་པོ་རྟུལ་བའི་སེམས་ཅན་དེ་དག་ལ་བསྐྱེད་པའི་རིམ་པའི་ཚུལ་གྱིས་བསྟན་ཏོ། །གང་དག ་དབང་པོ་ཅུང་ཟད་རྣོ་བའི་སེམས་ཅན་དེ་དག་ལ་བསྐྱེད་པའི་རིམ་པའི་རྫོགས་པའི་རིམ་པ་བསྟན་ནོ། །དེ་རྣམས་ཀྱང་སློབ་བཞིན་པར་འགྱུར་རོ། །གང་དག་དབང་པོ་རྣོན་པོའི་སེམས་ཅན་དེ་དག་ལ་རྫོགས་པའི་རིམ་པ་བསྟན་ནོ། ། ་དེ་བཞིན་དུ་གང་དག་དབང་པོ་རྣོན་པོའི་སེམས་ཅན་དེ་དག་ལ་ཡང་དག་པར་རྫོགས་པའི་རིམ་པ་བསྟན་ནོ། །འོན་ཀྱང་རྫོགས་པའི་རིམ་དཱི་ཡོངས་སུ་རྫོགས་པའི་རིམ་པ་སྟེ། རྒྱུ་དང་འབྲས་བུའི་ཚུལ་གྱིས་ཕན་ཚུན་བལྟོས་པའི་ཕྱིར་རོ། །དེ་ལ་བསྐལ ་པ་བཟང་པོའི་དུས་སུ་རྣམ་པར་གཟིགས་ནས་འོད་སྲུང་གི་མཐར་ཐུག་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཐེག་པ་གསུམ་བསྟན་ནོ། །རྫོགས་ལྡན་གྱི་དུས་སུ་ཡང་དབང་པོ་རྣོན་པོའི་སེམས་ཅན་རྣམས་ཀྱིས་ཐེག་པ ་གསུམ་གྱི་ནང་དུ་རྡོ་རྗེ་ཐེག་པ་འདུས་པར་ཤེས་ཏེ། དེས་ན་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ལ་སོགས་པ་རྣམས་ཀྱིས་གླེགས་པ་མ་ལ་སོགས་བ་མ་བསྟན་ཅིང། དམ་པའི་ཆོས་ཀྱི་མཇོད་ཀྱང་མ་མཛད་དོ། །འཁོར ་ཐམས་ཅད་ཀྱི་རིག་ཅིང་རང་གི་བདག་ཉིད་ཀྱིས་ཡོངས་སུ་ཤེས་པའི་ཕྱིར་རོ། །དེའི་ཕྱིར་འདིར་རྩོད་པའི་དུས་སུ་ཤཱཀྱ་ཐུབ་པས་རྡོ་རྗེ་ཐེག་པ་ཡང་དག་པར་བསྟན་ཏོ། །སྡུད་པ་པོ་རྣམས་ཀྱིས་ཀྱང་དངོས་སུ་ཐོས་ཤིང་སྡུད་པ ་པོས་གླེགས་བམ་རྣམས་བྲིས་བའམ་གཟུང་བའི་དོན་ཏོ། །དེས་ན་གཞན་དང་གཞན་ལས་བརྒྱུད་དེ་འོངས་པ་གང་དག་ཡང་སྔོན་ནས་དབང་པོ་རྣོན་པོ་སློབ་བཞིན་པ་དེ་རྣམས་ཐམས་ཅད་ཕ་རོལ་ཏུ་ཕྱིན་པའི་ཐེག་པ ་རྣམས་ཀྱིས་གྲུབ་སྟེ། རྡོ་རྗེ་ཐེག་པ་ནང་དུ་འདུས་པའི་ཕྱིར་རོ། །རྡོ་རྗེ་ཐེག་པ་ཡང་ལུས་ཀྱི་རིམ་པ་ལུས་ལ་བརྟེན་པའི་སེམས་དེས་ལུས་སུ་སོང་ཞིང་འཇུག་པའི་ཕྱིར་སེམས་ཉིད་རང་རིག་པའི་བདག་ཉིད་དོ། །དེས་ན་ཉམས་སུ་མྱོང་པས ་རབ་ཀྱི་མཐར་ཐུག་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱིས་ཐར་བ་ཐོབ་སྟེ། གང་གིས་ཚེ་དེའི་རྗེས་སུ་སངས་རྒྱས་ཉིད་དམ་རྡོ་རྗེ་འཆང་པ་ཉིད་སྒྲིབ་པ་དང་བྲལ་བ་སྤྲོས་པ་མེད་པའི་ཡེ་ཤེས་ཐོབ་ཅེས་པའི་དོན་ཏོ། །དེས་ན་རང ་གིས་ལུས་ལ་ཞེས་པ་ནི་རྣལ་འབྱོར་པ་རྣམས་ཀྱི་རྡོ་རྗེའི་སྐུ་ལའོ། །རྡོ་རྗེའི་སྐུ་ནི་དབྱེར་མེད་པའི་ཏིང་ངེ་འཛིན་དང་ལྡན་པའི་ཕྱིར་རོ། །དེས་ན་སངས་རྒྱས་ཉིད་བཞུགས་ཞེས་པ་ནི་རང་རིག་པའི་ཡེ་ཤེས ་ཏེ། དེའི་ཕྱིར་གཞན་བརྗོད་དུ་མེད་པའི་བདེ་བ་ལ་གནས་པ་སྟེ། བདེ་བའི་མཐར་ཐུག་ཅེས་པའི་དོན་ཏོ། །གཞན་དུ་ཞེས་པ་ནི་རང་གི་ལུས་མ་གཏོགས་པར་ཞེས་པའི་དོན་ཏོ། །གང་ནའང་མེད་ཅེས་པ་ནི་རང་རིག་པའི་མཛའ་དེ་དང་ཡང་བྲལ ་བ་གང་ན་ཡང་མེད་པ་སྟེ་བསྟན་བཅོས་བརྗོད་པ་ལ་ཡང་གནས་པ་མ་ཡིན་ཞེས་པའི་དོན་ཏོ། །དེ་ཉིད་བསྟན་པའི་ཕྱིར། ལུས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གིས་ལུས་སྤངས་ནས་གཞན་དུ་སངས་རྒྱས་ཉིད་ཅེས་པ ་ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ཆེན་པོ་རྣམས་ལ་ཡང་མེད་དོ། །དེའི་ཕྱིར་མི་ཤེས་པ་ཡིས་བསྒྲིབས་པར་འདོད་ཅེས་པ་ལ་རྡོ་རྗེ་ཐེག་པ་དང་བྲལ་བ་དེ་རྣམས་ཀྱི་འདོད་པ་ནི་རང་གི་སེམས་ཀྱི་བསམ་པའོ། །བྱས་པ་རྣམས་ཀྱི ་ཕྱོགས་གཅིག་པའི་ཕྱིར་དེས་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །རང་ལུས་ཡེ་ཤེས་ཆེན་པོའི་གནས་ཞེས་པ་ནི་མཆོག་གི་ལོངས་སྤྱོད་རྫོགས་པའི་སྐུ་ཆགས་པ་ཆེན་པོ་འབྲས་བུ་ཆེན་པོ་འབྱུང་བའི་ཕྱིར་རོ། །དེ་ཉིད་ཀྱིས་ན ་ཀུན་རྟོག་ཐམས་ཅད་སྤངས་པ་ཉིད་ཅེས་གསུངས་ཏེ། བདག་དང་བདག་གི་གཟུང་བ་དང་འཛིན་པ་དང་བྲལ་བ་མ་བཅོས་པ་སྐད་ཅིག་མའི་བདེ་བ་སྤངས་པའོ། །དེ་ཡང་ཆོས་ཀྱི་སྐུའི་མཚན་ཉིད་ཐམས་ཅད་མཁྱེན་པ་བགྲོད་བྱ་མ་ཡིན་པའོ། །དངོས ་པོ་ཀུན་ལ་ཁྱབ་བྱེད་བ་ཞེས་པ་ནི་བརྟན་པ་དང་གཡོ་བ་ལ་སོགས་པའི་དངོས་པོ་རྣམས་ལ་ཁྱབ་པར་བྱེད་པའི་ཆོས་ཀྱི་སྐུ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དོ། །དེ་ཡང་ལུས་ལ་གནས་ཀྱང་ཞེས་པ་ནི་སྤྲུལ ་པའི་སྐུའི་ལུས་ཤེས་བའི་ཕྱིར་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་དཔེ་བྱད་བརྒྱད་ཅུས་བརྒྱན་པའི་ཡུལ་དེ་ཡང་སྔོན་གྱི་གཟུགས་བརྙན་གྱི་ཕྱིར་བདེ་བའི་རང་བཞིན་དེ་ཡང་སྒྱུ་མ་ལྟ་བུའི་ལྟ་བ་ལས་བྱུང་བའོ། །ཅིའི ་ཕྱིར་ཞེ་ན། ཡང་དག་པར་ལྟ་བ་ཉིད་ཀྱི་ཕྱིར་ཏེ། གང་གི་ཕྱིར་གང་འཇིག་རྟེན་ལས་འདས་པའི་བདག་གི་ལྟ་བ་ཀུན་ལས་མི་ལྡང་བ་ཞེས་བྱ་བ་ལ་སོགས་པས་སོ། །ལུས་མ་སྐྱེས་པས་ནི་བརྗོད་དུ་མེད་པའི་ཕྱིར་ཀུན་རྫོབ་དང་དོན་དམ་པའི་བདེན ་བ་དག་གཅིག་པ་ཉིད་ཀྱིས་དབྱེར་མེད་པའི་མཚན་ཉིད་དོ། །དེས་ན་ཡེ་ཤེས་དང་ཤེས་བྱ་གཅིག་པ་ཉིད་དོ། །དེའི་ཕྱིར་ལུས་དང་སེམས་ངག་ཀྱང་མི་ཕྱེད་པའི་ཕྱིར་ལུས་མ་སྐྱེས་པའོ། །གང་གི་ཕྱིར་སེམས་མ་རྟོགས་པར་ཤེས་པར་མི་ནུས ་པ་དེའི་ཕྱིར་བརྗོད་དུ་མེད་པའོ། །གལ་ཏེ་འདི་མ་ཡིན་ན། དེ་ཅིའི་ཞེ་ན། འོད་གསལ་བའི་ཡེ་ཤེས་ཅན་གྱིས་གྲུབ་པའི་ཕྱིར་དབང་པོས་དམིགས་པ་དང་བྲལ་བ་དེས་ན་ལུས་ཀྱིས་དེས་པར་?་བའི་དངོས་པོ་མེད་དོ། །དེའི་ཕྱིར་རང་རིག་པ ་ལས་དམ་པ་ཞེས་པའི་དོན་ཏོ། །དེ་ཉིད་བྱང་ཆུབ་དང་བྱང་ཆུབ་ཆེན་པོ་དེ་ཉིད་སངས་རྒྱས་ཏེ་རང་ཉིད་ཀྱིས་རབ་ཏུ་རྟོགས་པའི་ཆོས་ཀྱི་དབྱིངས་ཉིད་གོ་འཕང་དམ་པ་མི་ཟད་པ་ཉིད་ཀྱིས་ན་སངས་རྒྱས་ཉིད་དོ། །དེ་ཡང་སངས་རྒྱས་རྣམས་ཀྱི་ཡུལ་ཞེས ་པ་ཕུང་པོ་ལྔ་རྣམས་དང་དབང་པོ་ལྔ་རྣམས་དང་ཁམས་ལྔ་རྣམས་ཀྱི་ཡུལ་ཉམས་སུ་མྱོང་བའི་ཕྱིར་རང་རིག་པའི་སྤྱོད་ཡུལ་དེའི་མཐར་ཐུག་པ་དེ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་དབང་པོ་དང་ཕུང་པོ་དང་ཁམས་ཐ་མལ་བ་རྣམས་སྤངས་པ་བརྗོད་དུ ་མེད་པ་ཞེས་པའི་དོན་ཏོ། །དེའི་ཕྱིར་རྩོད་པའི་དུས་ཀྱི་སེམས་ཅན་རྣམས་རྡོ་རྗེ་ཐེག་པ་མེད་པར་དངོས་སུ་དངོས་གྲུབ་མེད་དེས་པའོ། །གང་གི་ཕྱིར་ཚེ་འདི་ཉིད་ལ་སངས་རྒྱས་ཉིད་དམ་རྡོ་རྗེ་འཆང་བ་ཉིད་དུ་འགྱུར་ཞེས་བཅོམ་ལྡན་འདས་ཀྱིས་གསུངས ་པའི་ཕྱིར་རོ། །དེ་ལྟར་སེམས་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བའི་རང་བཞིན་ནོ། །ཞེས་པ་ནི་བདེན་མོད། འོན་ཀྱང་དཔའ་པོ་རྟུལ་པོ་རྣམས་ལ་དངོས་གྲུབ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་བཱོ་རྣོན་པོ་མ་ཡིན་པའི་ཕྱིར་ཞེས་པ་སྟེ་དེས་པའོ། ། ་དེ་ལྟར་ཡི་གེའི་དོད་མཛའ་དག་གསུངས་པར་འགྱུར་རོ། །སླར་ཡང་དེ་ཉིད་ཀྱི་དོན་མན་ངག་ཉིད་ཀྱིས་གསུངས་པ། འདིར་དཀར་པོའི་ཕྱོགས་དང་ནག་པོའི་ཕྱོཌ་ཀྱི་དབྱེ་བླ་རྩ་སུཾ་ཅུ་རྩ་གཉིས་རྣམས་ཀྱི་གནས་སྐབས་བརྗོད་དེ། དེ་ལ་དཀར་པོའི་ཕྱོགས་ལ་སྤྲོ་བའི་རིམ་པས ་ཟླ་བཱི་ཚེ་བཅོ་ལྔའོ། །དེ་བཞིན་དུ་ནགས་པོའི་ཕྱོགས་ལ་སྡུད་པའི་རིམ་པས་ཉི་མའི་ཆ་བཅོ་ལྔའོ། །དེ་བཞིན་དུ་ཉི་མའི་མཅར་ཆ་གཅིག་འོ། །དེ་བཞིན་དུ་གཅམ་སྟོང་གི་མཐར་ཡང་ཆ་གཅིག་གོ། །དེས་ན་སྤྲོ་བའི་རིམ་པས་དབང་པོ་ཞེས་པ་ནི་དགའ་པོ་ལ ་སོགས་པའི་ཆོས་ལྔའོ། །དཀར་པོའི་ཆོས་གཅིག་ནས། ཆོས་ལྔའི་མཐར་ཐུག་པ་འདི་ལྟ་སྟེ། དགའ་བ་དང་བཟང་པོ་དང་རྒྱལ་བ་དང་སྟོང་དང་རྫོགས་པའོ། །དེ་བཞིན་དུ་ཕུང་པོ་ཞེས་པ་ནི་ལྔ་སྟེ་དྲུག་པ་ནས་ས་བཅུ་པའི་མཐར་ཐུགས་པ་དགའ་པ་ལ་སོང ་པའི་ཆེས་ལྔའོ། །དེ་བཞིན་དུ་འབྱུང་བ་ཞེས་པ་ནི་ལྔ་སྟེ། བཅུ་གཅིག་ལ་སོགས་པའི་ཉའི་མཐར་ཐུག་པར་སྔོན་བཞིན་དུ་ཚེས་ལྔའོ། །འདི་རྣམས་ཀྱི་ཆ་ཨ་ལ་སོགས་པ་ཐུང་དུ་ཡོན་ཏན་དང་ཡ་ཎའི་རྐྱེན་བསྒྱུར་བའོ། །དེ་བཞིན་དུ་ནག་པོའི་ཚེས ་གཅིག་ལ་སོགས་པ་སྡུད་པ་ཉིད་འབྱུང་བ་དང་ཕུང་པོ་དང། དེ་བཞིན་དུ་དབང་པོ་རྣམས་ཏེ། ལྔ་དང་ལྔ་དང་དེ་བཞིན་ལྔ་ནས་སྟོང་གི་མཐར་ཐུག་པའི་ཆ་བཅོ་ལྔ་ཡ་ཎའི་རྐྱེན་བསྒྱུར་པ་ལ་སོགས་པ་རིང་པོ་རྣམས་སོ། །དེ་བཞིན་དུ་ཅེས་དབྱངས་དང ་ཚེག་དྲག་གི་ཆ་ངག་བཅུ་དྲུག་པ་མཛའ་མ་ཉིད་དོ། །དེ་ལྟར་རྩའི་རྒྱུ་བ་རྣམས་ཀྱིས་སྲོག་དང་ཐུར་སེལ་ཕྲད་པས་ཨ་བ་དྷཱུ་ཏཱིར་འཇུག་བ་རྟོགས་པར་བྱའོ། །དེ་ལ་རེ་ཞིག་རུ་ནི་རྣམ་པ་གསུམ་དུ་འགྱུར་ཏེ། དང་པོ་ཁོང་སྟོང་རྒྱུས་པའི་དབྱིབས་ཀྱི་རྩའོ། ། ་གཉིས་པ་ནི་བྱང་ཆུབ་སེམས་ཀྱི་རྩའོ། །དེ་བཞིན་དུ་བྱང་ཆུབ་སེམས་སྐྱེད་པར་བྱེད་པ་རླུང་གི་རྩའོ། །གང་གི་ཚོ་རྩ་རྣམས་གནམ་སྟོང་དང་ཉ་དག་གི་མཐར་གང་བར་འགྱུར་ཞིང་མཛའ་མ་དག་གི་ཆ་གཉིས་འདུས་པ་དེའི་ཚེ་བྱང་ཆུབ་སེམས་རྒྱུ་བར ་མི་འགྱུར་རོ། །དེ་མི་རྒྱུ་བའི་ཕྱིར་རྩ་རྣམས་ཀྱི་རྒྱུ་བར་མི་འགྱུར་རོ། །དེ་མི་རྒྱུ་བའི་ཕྱིར་རྩ་རྣམས་དང་བྱང་ཆུབ་སེམས་རོ་མཉམ་པ་ཉིད་དུ་འགྱུར་རོ། །དེར་རོ་མཉམ་པ་ཉིད་ཤའི་ཁམས་འཇུ་བར་འགྱུར་རོ། །དེ་ཞུ་བའི་ཕྱིར་རུས་པའི་ཁམས་འཇུ་བར ་འགྱུར་རོ། །དེ་ཡང་ཞུ་བའི་ཕྱིར་པགས་པའི་ཁམས་ཞུ་བར་འགྱུར་རོ། །དེ་དག་ཡོངས་སུ་ཟད་པའི་ཕྱིར་ལུས་ལ་སོགས་པའི་ཁམས་གསུམ་ཡོངས་སུ་ཟད་པར་འགྱུར་རོ། །དེས་དབང་པོ་དང་ཕུང་པོ་དང་འབྱུང་བའི་ཁམས་རྣམས་ཡོངས་སུ ་ཟད་བར་འགྱུར་རོ། །དེས་ན་གཟུང་བ་དང་འཛིན་པ་རྣམས་མི་དམིགས་སོ། །དེ་ལྟར་ཆ་གཉིས་གཉིས་མེད་པའི་དངོས་པོ་སྲོག་དང་བདེ་བ་དག་རོ་གཅིག་པའི་དངོས་པོའི་སྲོག་གི་བརྔའ་ནི་ཚེག་ཐག་སྟེ། དེ་ཡང་དངོས་པོའི་དབྱེ་བས་ཐབས་སོ། ། ་དངོས་པོ་རྣམས་མཐར་བྱེད་པས་ན་ཤེས་རབ་བོ། །དེ་བཞིན་དུ་བདེ་པ་ནི་རྫེས་དབྱངས་ཏེ། དེ་ཡང་དངོས་པོའི་དབྱེ་བས་ཤེས་རབ་དང་ཐབས་ཉིད་དུ་གྱུར་པའོ། །དེ་ལྟར་ཁམས་གསུམ་པའི་འགྲོ་བ་བསྟན་པ་དང་གཡོ་བ་ལ་སོགས་པ་ཐམས་ཅད ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དོ། །དེ་རྗེས་སངས་རྒྱས་ཉིད་ཅེས་བ་ནི་ཤེས་རབ་དང་ཐབས་ཀྱི་སྦྱོར་བ་དག་གི་རྗེས་སུ་སངས་རྒྱས་ཀྱི་སྤྱན་གྱིས་གང་མཐོང་བའི་དངོས་པོ་དེ་ཐམས་ཅད་ནི་གཞོན་ནུ་མའི་ཆགས་པ་བཞིན་ནོ། །དེ་ཡང་བདག་གིས་། ་བླ་མ་བརྒྱུད་པའི་མན་ངག་ལས་ཤེས་མོད་ཀྱི་འོ་ན་ཀྱང་གཞུང་འདིར་མ་བརྗོད་དེ། བརྗོད་དུ་མེད་པའི་ཕྱིར་རོ། །དེ་ཡང་བླ་མ་དང་ལུང་དང་བདག་ཉིད་ལ་ཡིད་ཆེས་པས་བརྒྱུད་པ་ལས་བདག་ཉིད་ཀྱིས་རྟོགས་པའི་ཕྱིར་རོ། །ཡང་ན་བླ་མ་དང་དཔའ་པོའི ་དང་རྣལ་འབྱོར་མའི་བཀའ་དྲིན་གྱིས་རྟོགས་པའི་དོན་ཏོ། །དེ་ལ་རང་གི་ལུས་ལ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱི་དོན་བཅོམ་ལྡན་འདས་ཀྱིས་དགོངས་བཤད་གཞན་གྱིས་གདན་བཞིར་གསུངས་ཏེ། དེ ་བཞིན་དུ་ཚིགས་བཅད་དང་པོ་བྱེད་ཀྱིས་བདག་གི་གདན་ནོ་གཉིས་པ་ནི་ཚིགས་བཅད་ཕྱེད་ཀྱིས་གཞན་གྱི་གདན་ནོ། །གསུམ་པའི་ཚིགས་བཅད་ཕྱེད་ཀྱིས་སྦྱོར་བའི་གདན་ནོ། །བཞི་པའི་ཚིགས་བཅད་ཕྱེད་ཀྱིས་གསང་བའི་གང་ན་བསྟན་ཏེ་མདོར་བསྡུས ་བའོ། །དེ་ལ་རང་གི་ལུས་ལ་སྤྱོད་པ་ནི་སངས་རྒྱས་ཉིད་ད་འདིར་བདག་གི་གདན་གྱི་རྐང་པ་ནས་གཙུག་ཏོར་གྱི་བར་གྱི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱིས་འཁོར་ལོ་དེ་རྣམས་ལ་ཁྱབ་པར་བྱེད་པའི་སྲོག་གི་རླུང་དོ། །དེ་ཡང་བདག་གི་གདན་ཏེ། ་གང་གི་ཕྱིར་བདག་སྲོག་ལ་བརྟེན་པའོ། །དེ་ཡང་རང་གི་ལུས་སྔོན་དུ་གསུངས་པའི་ཕུང་པོ་དང་ཁམས་ལ་སོགས་པ་རྣམས་ཟད་པའི་ཕྱིར་རྡོ་རྗེའི་སྐུ་སྟེ། དེ་ཡང་བདེ་བའི་རང་བཞིན་ནོ། །དེ་ཉིད་དུ་སངས་རྒྱས་བཞུགས་ཏེ། བདག་ཉིད་ཀྱིས་བདེ ་བ་རྟོགས་པའི་ཕྱིར། གཞན་གང་ན་ཡང་མེད་ཅེས་པ་ནི་ཁྱད་པར་གྱི་དོན་ཏོ། །འོན་ཀྱང་བདག་ཉིད་སངས་རྒྱས་ཏེ་བདག་ཉིད་རྟོགས་པ་དེ་ལ་དེ་སྐད་ཅེས་བྱའོ། །གཞན་དུ་གཞན་གསུངས་པ། ལུས་ལས་གཞན་དུ་སངས་རྒྱས་ཉིད་ཅེས ་པ་ནི་ལུས་ནི་སྔོན་དུ་གསུངས་པའི་སྲོག་གམ་ཆ་གཉིས་པོ་ཤེས་རབ་དང་ཐབས་དག་གོ། ལུས་ལས་ཞེས་པ་ནི་དེ་ལས་གཞན་པ་ནི་གཞན་གྱི་གདན་ཞེས་པའི་མིང་ཅན་འོད་གསལ་བའི་ཡེ་ཤེས་ཏེ། དེ་ཡང་སངས་རྒྱས་ཉིད་དེ་ལྷན ་ཅིག་སྐྱེས་པའི་དགའ་བའི་མཚན་ཉིད་དོ། །མི་ཤེས་པ་ཡིས་བསྒྲིབས་པར་འདོད་ཅེས་པ་ནི་དེ་ལ་སངས་རྒྱས་མེད་གཉིས་མེད་པ་མེད་དེ་ཁོ་ན་ཉིད་མེད་ཡེ་ཤེས་མེད་ཅེས་པ་ལ་སོགས་པའི་རྣམ་ཕྲངས་དུ་མས་བསྟན་ཏེ། དེ་ཐམས་ཅད ་ཀྱེ་དངོས་པོ་མེད་པའི་ཕྱིར་ཞེས་པ་ནི་མི་ཤེས་པ་ཡིས་བསྒྲིབས་པར་འདོད་ཅེས་དེ་བཞིན་གཤེགས་པས་གསུངས་སོ། །དེ་ལྟར་འཇིག་རྟེན་ལས་འདས་པའི་ཀུན་རྫོབ་མེད་པར་དངོས་གྲུབ་མེད་དེ། དེ་ཡང་མཆོག་ཏུ་ཟབ་པའི་ཕྱིར་དོན་དམ ་པའོ། །དེའི་ཕྱིར་ཀུན་རྫོབ་དང་དོན་དམ་པ་དག་དབྱེར་མེད་པའི་ཕྱིར་སྦྱོར་བའི་གདན་གསུངས་ཏེ། རང་ལུས་ཡེ་ཤེས་ཆེན་པོའི་གནས་ཞེས་པ་ནི་འདིར་འཆད་བཞིན་པའི་འཁོར་ལོ་བཞིའི་ཚུལ་གྱིས་འཁོར་ལོ་བཞི་རབ་ཏུ་ཕྱེ་བས་སྔོན་དུ ་གསུངས་པའི་བྱང་ཆུབ་སེམས་ཞུ་བ་འམ། རྒྱུ་བ་ལ་སོགས་པས་གང་ལུས་ལ་བྱང་ཆུབ་སེམས་ཀྱིས་རང་བཞིན་གྱི་ལྷ་དང་ལྷ་མོ་བསྒོམས་པ་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀུན་རྫོབ་ཉིད་བསྐྱེད་པ་དེ་ནི་རང་གི་ལུས་ལ་གནས་པའི་བྱང ་ཆུབ་སེམས་ཀྱིས་རྣམ་པ་རྩའི་ཡེ་ཤེས་སོ། །དེ་ཡང་རྟོགས་པ་ཐམས་ཅད་སྤངས་པ་ཉིད་ཅེས་པ་ནི་དེ་ལྟར་གསུངས་པའི་ཡེ་ཤེས་ཆེན་པོ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་རེ་རིའི་བདེ་བ་སྣ་ཚོགས་པའི་ཡང་དག་པའི་རྟོགས་པ་ལས། ་བདག་དང་བདག་གི་རྟོག་པ་སྤངས་པ་ཡེ་ཤེས་དང་ཤེས་བྱ་ངག་དབྱེར་མེད་པ་ནི་སྦྱོར་བའི་གདན་ནོ། །དེ་བཞིན་དུ་གསང་བའི་གདན་གསུངས་པ། དངོས་པོ་ཀུན་ལ་ཁྱབ་ཕྱེད་བ་ཞེས་པ་ནི་འདིར་རང་རིག་པའི་ཡེ་ཤེས་འབྱུང་བ་ཆེན་པོ ་ལྔའི་བདག་ཉིད་དེ་ནི་རྣལ་འབྱོར་པ་རྣམས་ཀྱི་སྒོམ་པའི་དུས་སུ་ཡང་སེམས་རང་རིག་པའི་རང་བཞིན་སྣ་ཚོགས་པའི་བདེ་བ་ཉེ་བར་དམིགས་པའི་ཕྱིར་རོ། །དེས་ན་ཉེ་བར་དམིགས་པས་བསམ་དུ་མེད་པ་ཡང་བསམ་པ་ཉིད་དུ་འགྱུར་རོ། །དེ་ནི ་གསང་བའི་གདན་ནོ། །གང་གི་ཕྱིར་གསང་བར་བྱ་བས་ན་གསང་བའམ་དཔག་བར་དཀའ་བ་ཅུང་ཟད་ཀྱང་སྣང་བ་མེད་པ་གང་གིས་ཀྱང་མི་དམིགས་པ་སུས་ཀྱང་མི་མཐོང་བའོ། །དེ་བཞིན་དུ་རང་རིག་པའི་སེམས་དང་སེམས་ལས་བྱུང ་བའི་ཆོས་འབྱུང་བ་དང་འབྱུང་བ་ལས་གྱུར་བ་དེ་ཡང་སྣོད་ལ་སོགས་པ་བཅུད་དང་བཅས་པ་བརྟན་པ་དང་གཡོ་བའི་དངོས་པོའོ། །དེ་ལ་སོགས་པ་དངོས་པོའི་མིང་མཛའ་ཡས་པ་རྣམས་ཀྱིས་བརྗོད་པའི་དངོས ་པོ་དེ་ཐམས་ཅད་ལ་ཁྱབ་པར་བྱེད་པ་དེ་ཉིད་ཀྱིས་ན་རང་རིག་པའི་ཡེ་ཤེས་ཀྱི་རང་བཞིན་གྱིས་སེམས་སོ། །དེ་ཡང་ལུས་ལ་གནས་ཀྱང་ལུས་མ་སྐྱེས་ཞེས་པ་ནི་རྣལ་འབྱོར་པ་རྣམས་ཀྱི་ལུས་ཏེ་སྐུའོ། །དེ་རྣམས་ཀྱི་ལུས་ལ་གནས་པ་ནི ་རྟོག་པའི་ཡེ་ཤེས་སོ། །དེ་ཡང་ལུས་ལས་ཕྱིར་བྱུང་བའོ། །དེའི་ཕྱིར་ལུས་ལ་གནས་ཀྱང་དེ་ལུས་ལས་མ་སྐྱེས་ཏེ་གཟུགས་མེད་པའི་ཕྱིར་རོ། །རྒྱ་ཆེ་བའི་ཕྱིར་ལུས་དང་ཁམས་རྣམས་ལ་རྟགས་བཞིན་པ་ན་གང་ལས་ཀྱང་མ་སྐྱེས་ཏེ། ་གནས་མེད་པའི་ཕྱིར་རོ། །དེའི་ཕྱིར་འདི་ནི་གསང་བའི་གདན་ནོ། །དེ་ལྟར་གདན་བཞིའི་བདག་ཉིད་ཀྱི་རྣལ་འབྱོར་ནི་ལྔ་པ་དེ་ཁོ་ན་ཉིད་ཀྱི་གདན་ཏེ། དེ་ཡང་རྣལ་འབྱོར་བ་རྣམས་ཀྱིས་རྟག་པར་རྒྱུན་ཏུ་བསྒོམ་པར་བྱ་ཞེས་པ་སྟེ་ངེས་པའོ། ། ་དེ་ནི་འཁོར་ལོ་བཞིའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། རྡོ་རྗེ་སྙིང་པོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསོལ་ཏོ་ཞེས་བྱ་བ་ནི་སྡུད་པ་པོའི་ཚིག་གོ། ལུས་ལ་རྩ་ནི་དུ་ཞིག་མཆིས། །ཤེས་པ་ནི་རྡོ་རྗེ་སྙིང་པོས་གསོལ་བའོ། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་པ་ནི་བསྟན་པའི་སྒོ་ནས་བསྟན་པའོ། །བཅུ་ཕྲག་གཉིས་ལྷག་བརྒྱ་ཕྲག་གཅིག་འཁོར་ལོ་བཞི་ཡི་རབ་དབྱེ་ཉིད་ཅེས་པ་ནི་མདོར་བསྡུས་པའི་ཚིག་གོ། དེ་ལ་ལྟེ་བར། པདྨ་འདབ་མ་དྲུག་ཅུ ་རྩ་བཞི་པའོ། །དེ་བཞིན་དུ་སྙིང་ཁར་འདབ་མ་བརྒྱད་པའོ། །མགྲིན་པར་འདབ་མ་བཅུ་དྲུག་པའོ། །སྤྱི་བོར་འདབ་མ་སུམ་ཅུ་རྩ་གཉིས་པའོ། །དེ་ལྟར་སྐུ་དང། ཐུགས་དང། གསུང་དང། ཡེ་ཤེས་ཀྱི་འཁོར་ལོ་རྣམས་རིམ་པ་བཞིན་དེ་གྲ ་ཆུ་རྩ་བཞི་དང། ང་རྒྱད་དེར་བཅུ་དྲུག་དང། སུམ་ཅུ་རྩ་གཉིས་ཀྱི་རབ་ཏུ་དབྱེ་བ་ཉིད་དེ་མདོར་བསྡུས་ན། བརྒྱ་ཕྲག་གཅིག་དང་ཉི་ཤུའོ། །འོན་ཀྱང་རྒྱས་པར་ནི་བྱེ་བ་ཕྲག་བརྒྱད་བཅུ་སྟེ། རང་བཞིན་གྱིས་ཆོས་རྣམས་ཀྱི་དབང་གིས་སོ། །གཞན ་འཇིག་རྟེན་དུ་གྲགས་པ་ནི་བྱ་བ་ཕྲག་ཕྱེ་དང་བཞི་སྟེ། བ་སྤུ་དང་སྐྲའི་ཆོས་ཉིད་དོ། །དེ་ལྟར་འཁོར་ལོ་བཞིའི་རབ་ཏུ་དབྱེ་བའི་རྩ་ལྷའི་རང་བཞིན་རྣམས་ནི་གདན་བཞི་ལ་སོགས་པ་རྣམས་སུ་ཤེས་པར་བྱ་སྟེ། དེས་ན་འདིར་ནི་རྒྱས ་པར་མ་གསུངས་སོ། །འོན་ཀྱང་འདིར་ནི་བདག་གི་བླ་མ་བརྒྱུད་པའི་མན་ངག་གིས་འདི་རྣམས་ཀྱི་བཤད་པ། །ཅུང་ཟད་ཙམ་བརྗོད་དེ། དེ་ལ་རེ་ཞིག་རང་བཞིན་འཁོར་ལོར་མི་རྟོག་པ། །བྱང་ཆུབ་སེམས་ནི་བདེ་ཆེན་པོ། །རྣལ་འབྱོར ་མ་ནི་དྲུག་ཅུ་བཞིའོ། །ལྟེ་བའི་རྩ་ཡི་པདྨར་འཇུག། དབུས་རྩར་བཙན་ཐབས་སྦྱོར་བ་ཡིས། ལག་པས་རྐང་པ་གཉིས་གཟུང་ནས། །ལྟག་པ་ནས་ནི་སྐེར་གཟུང་ཞིང། །གྲུ་མོ་གཉིས་ཀྱིས་སྣ་ནི་གཟིར། །དེ་ཚོ་རླུང་ནི་གཟུང་བར་བྱ། ། ་དབུགས་སྟེང་འགྲོ་བའི་སྦྱོར་བ་ཡིས། །སེམས་ནི་པདྨར་གཞུག་པར་བྱ། །ཆོས་རྣམས་ཐམས་ཅད་སྟོང་རང་བཞིན། །ཕུང་པོ་ཁམས་ནི་བརྒྱད་པོ་གཞོམ། །རྩ་བཅིངས་པ་ཡིས་རླུང་ལ་ཞུགས། །རླུང་གཉིས་དབྱར་ནི་མེད་ཞུགས་པས། པདྨའི ་མདུད་པ་དབྱེ་བར་བྱ། །མགྲིན་པར་བརྒྱད་གཉི་སྐྱི་ནི་རྩ། །དབུ་མ་ཡི་ནི་མདུད་པར་འབར། །སྡོན་གྱི་བྱེད་པའི་བཅིངས་པས་འདོར། །བདེ་བ་ཆེན་པོར་པདྨར་འཇུག། སུམ་ཅུ་གཉིས་སུ་ཞུགས་པ་ཡིས། །རྩ་ལས་རྒྱུན་མི་འཆད་པར་དབབ། ། ་མཐེ་བོང་ནས་ནི་རླུང་བཀུག་ཅིང། །གཙུག་ཏོར་བར་དུ་འཛེག་པར་བྱ། །དེས་ནས་བླ་མའི་བཀའ་དྲིན་ནི། །རྣལ་འབྱོར་མ་ཡི་སྡེ་ཡི་ཆོས། །འདི་ནི་སུ་ལའང་བསྟན་མི་བྱ། །མི་ཐོགས་འགྲོ་བའི་གཙོ་བོར་འགྱུར། །རྩའི་འཁོར་ལོ་གཟུང་བའི་མན ་དག་འདིས་དངོས་གྲུབ་ཐོབ་ཅིང་དུས་སུ་འཆི་བ་ཡང་སླུ་ན་དུས་མ་ཡིན་པར་འཆི་བ་ལྟ་ཅི་སྨོས་པ། འདིས་རྒྱུན་མི་འཆད་པར་བསླབས་པའི་སྦྱོར་པས་སངས་རྒྱས་ཉིད་དམ་རྡོ་རྗེ་འཆང་བ་ཉིད་ཀྱང་འཐོབ་བོ། །སླར་ཡང ་གང་གི་ཚེ་རྣལ་འབྱོར་པ་རྣམས་མན་ངག་བསྒོམ་པའི་དུས་སུ་རྩ་སུམ་ཅུ་རྩ་གཉིས་ཁོང་སྟོང་དེ་རྣམས་ཀྱི་ནང་རྣམས་སུ་བྱང་ཆུབ་སེམས་ཀྱི་བདག་ཉིད་ཀྱི་རྒྱུན་དེ་རྣམས་འབྱུང་བ་དེ་རྣམས་བསྟན་པའི་ཕྱིར། བྱང་ཆུབ་སེམས་ཀྱི་རང་བཞིན་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། འདིར་བྱང་ཆུབ་སེམས་ནི་རྣམ་པ་གཉིས་ཏེ། དེ་ལ་གཅིག་ནི་རྒྱུན་འཛག་པའི་རང་བཞིན་ནོ། །གཉིས་པ་ནི་ཡི་གེའི་དོན་ཉིད་དོ། །དེ་དག་ལ་རྒྱུན་འཛག་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པས་རྣལ་འབྱོར ་པ་རྣམས་ལ་བདེ་བ་སྟེར་བར་བྱེད་དོ། །དེ་བཞིན་དུ་གང་ཡི་གེའི་དོན་དེ་ནི་དོན་དམ་པའི་བདེ་བ་སྟེར་བར་བྱེད་པའོ། །དེ་ཡང་རྩ་སུམ་ཅུ་རྩ་གཉིས་རྣམས་ཀྱི་མིང་གི་དབྱེ་བས་ཇི་སྲིད་མཆོག་ཏུ་མི་འགྱུར་བ་དེ་སྲིད་རྣལ་འབྱོར་པ་རྣམས་ཀྱིས ་མཚན་རྣམས་ཐོབ་པའོ། །དེ་བཞིན་མཆོག་ཏུ་འདོད་ཅེས་པ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་འདོད་ཅེས་པའི་དོན་ཏོ། །དེ་ཡང་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པའི་བྱ་བ་ཆིག ་འབྲས་བུ་ལ་ཉེ་བར་སྤྱོད་པའི་ཕྱིར་ཞེས་སྦྱར་ཏེ། དེ་ཉིད་ཀྱི་ལས་ནི་མི་ཕྱེད་མ་ཞེས་བྱ་བ་ལ་སོགས་པར་དགོངས་སོ། །དེ་ཉིད་ལ་གསུངས་པ་ཨ་ཐོག་མ་བར་དང་ཐ་མ་རུ། །བྷེ་རྐང་པ་ནས་ནི་མགོ་རུ་དབྱེ། །བྱ་བདུད་རྩི་ཡིས ་ནེ་དགའ་བཞིན་པ། །སླུ་ཁོར་སྟོང་ཐམས་ཅད་དུ་ནི་འགྲོ་།ཀྵ་དེ་ཉིད་དུ་ནི་འཇིན་པར་བྱེད། །རུ་བདེ་བཞེས་པ་བརྟན་པ་ཡིན། །པཱ་དོན་དམ་བ་ཡི་སེམས་ནི་ཉིད། །ཙང་བྱད་པ་ཡིས་བྱང་ཆུབ་མཆོག་།དི ་ཉོན་མོའི་དུས་སུ་རྩ་ནི་གྲང། །བྱ་མགོ་ཡི་སྤྱི་གཙུག་བར་དུ་ཁྱབ། །བང་ཚིག་ནི་ལྕེ་དབང་པདྨ་རུ། །མཱ་མ་ཏུ་ལུང་གའི་མགོ་བོ་རུ། །ཏུ་བཞི་པ་རྡོ་རྗེའི་རྩེ་མོའི་རྩིར། །བཱ་གཡོན་དུ་ཁུ་བའི་བུ་ག་རུ། །མ་ནོར་བུ་གནས་སུ་སོང ་བ་ཙམ། །ནི་བྱང་ཆུབ་སེམས་སུ་ཐིམ་པའོ། །ཀླུ་དབང་པོ་ཐམས་ཅད་ལ་ནི་ཁྲོས། །རྨ་དབུ་མའི་རྩ་རུ་རྟོགས་པ་ཡིས། །ཛཱ་གཏུམ་ཡོ་ཡི་ནི་གཟུགས་ཀྱི་མཛག་།བྷཱ་དངོས་དང་དངོས་མེད་ཟད་བྱེད་མ་།བ་སྒྲུབ་པོ་རྣམས ་ཀྱིས་མཆོག་གི་གཟུགས། །ཀཱི་གྲགས་དང་བདེ་བས་སྒེག་པ་མོ། །སེ་མཆོག་དེ་ཁོ་ན་ཉིད་ནི་བརྟེན། །ཀཱ་འདོད་པའི་བསྟན་བཅོས་རྗེས་འབྲངས་མ། །དྷཱུ་དུ་བའི་ལམ་ནི་སྙིང་ཉིད་དོ། །ཡང་ན་འོག་ལྟའི་བཟད་མོའི ་གཟུགས་ཅན་མ། །ཥཱ་ཚར་བཅད་རྗེས་སུ་གཟུང་བྱེད་མ། །བི་དབེན་པའི་བདག་ཉིད་སྐྱེད་བྱེད་མ། །ཥྚཱ་ཁམས་ནི་བཅོ་བརྒྱད་འབབ་པ་མོ། །ཙ། ལུས་རྣམས་ཐམས་ཅད་དུ་ནི་རྒྱུ། །མཱ་མགྲིན་པ་དང་ནི་རྐང་དུ ་མངར། །ཏུ་མྱུར་གོའི་མཆོག་ནི་ལྡེ་བ་རུ། །རཱ་འདོད་ཆགས་མེ་ནི་རབ་འབར་མ། །ས་རྒྱུ་དང་མི་རྒྱུ་སྙིང་འཁོར་ལོ། །རྦ་རྐང་རྣམས་བཅིང་བར་སྦྱོར་བྱེད་མ། །རཱི་ཁུ་བ་ཐམས་ཅད་དུ་ནི་འཕངས་།ཤིད?་བར་གྱི་མཚམས ་ནི་ཚོལ་འགྲོ་མ། །ཏཱ་??་ཤིང་གི་གཟུགས་སཱུང་དེ་ཤེས་བྱ། །དཱ་བྱང་ཆུབ་ནི་ནི་སེམས་ཉིད་གཟུང། །ུ་ཨའུའི་ཡི་གེ་ཡི་ནི་གཟུགས། །??་སྣའི་གནས་སུ་འཕྲོ་འོད་བྱེད། །ཙ་??་ཐམས་ཅད་སྐྱོད་བར་སོང་བ་ནི། །ལ་ལ་ནཱ་བཅིངས་སྦྱོར་བ་ཡོས། །ར་ས་ན་ནི་རྐན ་གྱི་ལམ་རྩ་གཉིས་ཨ་བ་དཱུ་ཏཱི་ར་མ། །པྲ་ལྟེ་བ་ཡི་ནི་བུ་གར་ཞུགས། །མཱ་ང་རྒྱལ་ཅན་རྣམས་རྟོགས་བྱེད་མ། །ནཱ་སྣ་བུག་གཉིས་ཀ་ལས་ནི་ལྡེད། །ཀྲི། དབང་པོ་ཐམས་ཅད་འགུགས་པར་བྱ། །ཥྞ་??་དྲོ་བའི་སྒོར་ནི་སོང་བའི་??། །ཝ་ཡུར་བ་ཡི་ནི་ངོ་མཚད་བྱེད། ། ་བ་ཡི་ནི་ངོ་མཚར་བྱེད། །ཎཱ་ཁ་དོག་སྣ་ཚོགས་སྤངས་པ་ཉིད། །ཙ་གཏུམ་བྱེད་གཏུམ་པའི་མ་མོའོ། །སཱ། བུ་ག་སྙིང་པོ་ལས་འབབ་མ། །མཱ་དེར་ནི་བདག་ཉིད་མཆོད་པར་བྱེད། །ནྱ། གང་ཞིང་སྣང་བ་གསུམ ་སྤངས་པ། །ཧེ་དེ་ཡི་རྒྱུ་ནི་འོད་གསལ་བའོ། །ཏུ་བཞི་པའི་དབང་གི་རྩ་ནི་གང། །དཱ། བློ་ལྡན་མཁའ་བཞིན་རྟག་ཏུ་བསམ། །ཡེ། གང་དག་གི་ནི་ཁམས་ཐམས་ཅད། །ཀཱ་ལུས་ཅན་གྱི་ནི་ཙ་མང་པོ། །བི་དེ་ཉིད་དུ་ནི་ངལ་ནི ་བསོས། །ཡོ་རྣལ་འབྱོར་བདེ་བ་མི་འགྱུར་བའོ། །གཱ། དེར་ནི་ཤིན་ཏུ་བརྗེ་དབང་གིས། །རྩ་རྒྱུ་བ་དག་གི་རྩ་འདྲ་བ། །པྲེད་དེ་ཉིད་དུ་ནི་བཞུགས་པར་བྱ། །མ་གནད་གཅོད་སྲིད་པ་མཐར་བྱེད་མ། །ཎཱི། ཁུག་རྣ་དུ་བ་ལ་སོགས ་ཀྱིས། །སྲི?་ཕྱག་རྒྱའི་དངོས་གྲུབ་འདོད་ཅན་མ། །དྷཱ་རྩིབས་བཅུ་གཉིས་ཀྱི་འཁོར་ལོ་བཤད། །རྩ་རྒྱུ་བའི་སྲོག་ནི་མཛེས་མའོ། །པཱ་མེ་ཡིས་རབ་ཏུ་དགང་བར་བྱ། །བ། ཉོན་མོངས་བ་ནི་སླུ་ཞིང་གསད། །ཀཱ། སྒྲ་ཡི་རྣམ་པ་ལྟ་བུའི ་རྩ། །སུ། ཡིད་བཟངས་སྟེང་དུ་རབ་རྒྱུ་མ། །མ་ཡིད་སྲུབ་སྟེང་དུ་སོང་བ་ཉིད། །ན་མ་ཡི་སྣ་ནི་འཆང་བསན། །ཏན་དེ་བཞིན་གཤེགས་པ་རྣམས་ཀྱིས་གསང། །ཐཱ། དེ་ཡི་གནས་ནི་སྟེང་བུ་ག། ཏྲི། ཙ་གསུམ་ཟླ་ཉི་སྒྲ ་གཅན་ཏེ། །བྲི། དུས་མེ་ཞེས་པའི་བྱ་བའང་བཅིངས། །ཏཱ། སྐུར་མ་རྣམས་དང་མིག་སྨན་མཁའ་། །ཀཱ། ཐམས་ཅད་ཀྱི་ནི་ཁ་ནི་འབྱེད། །མི་དབང་པོས་མཆོག་ནི་རྟོགས་པའི་ཕྱིར། །ནཱི། རྩ་གང་དག་ནི་མདུན་པ་མེད། །གེ་གླུ ་ཡི་སྒྲ་ནི་རྗེས་འགྲོ་མ། །ཧཱ་ཧཱ་ཞེས་པ་ལས་འཆར་བ་ཉིད། །ཙི་གཏུམ་མོ་ཡི་ནི་གནས་སུ་འོངས། །རཱ་སྒོ་ང་རྣམས་ནི་འདིར་འགོས་ཉིད། །ཀཱ་གཏི་མུག་ལ་སོགས་སྨོས་ཅི་དགོས། །མ་འབྱུང་བ་ཐམས་ཅད་རྣམས་ཀྱི་གཞི། ་རཱ། དེ་ཉིད་དུ་ནི་དགའ་པར་བྱ། །དཱ་བྱང་ཆུབ་ལམ་ལ་སེམས་དཔས་གཟུང། །རི། དགྲ་བོ་རྣམས་ནི་ཟད་བྱེད་མ། །ཀཱ། འདོད་པའི་མཆོག་ནི་ཀུན་ཏུ་སྦ། །རྩ་སུམ་ཅུ་རྩ་གཉིས་པོ་ཀུན་རྫོབ་དང་དོན་དམ་པའི་གཟུགས་ཀྱི་བདག་ཉིད་བརྒྱུད་པའི་རིམ ་པ་བླ་མ་དང་དགེ་བའི་གྲོགས་མཆོག་དེ་ཉིད་ཀྱི་ཁ་ནས། བོད་དུ་ཆུད་པར་བྱའོ། །ཙ་འདི་རྣམས་ཞེས་པ་ནི་སླར་ཡང་རྡོ་རྗེ་སྙིང་པོས་ཞུས་པའོ། །དེ་རྣམས་ནི་སྔོན་དུ་གསུངས་པའི་རྩ་གསུམ་ཅུ་རྩ་གཉིས་སོ། །བཅོམ་ལྡན་འདས་ཇི་ལྟ་བུ་ཞེས་པ་ནི ་བཅོམ་ལྡན་འདས་ལ་དྲིས་པའོ། །ཇི་ལྟ་བུ་ཞེས་པ་ནི་རང་བཞིན་ཇི་ལྟ་བུ་ཞེས་པ་སྟེ། འདིར་གང་གི་ཕྱིར་ཀུན་རྫོབ་ཀྱི་བདེན་པས་རྣལ་འབྱོར་མའི་རྒྱུད་རྣམས་ལ་དམིགས་པ་དེ་རྣམས་ཐམས་ཅད་ནི་རྩ་རྣམས་ཏེ། དེ་ཡང་ཅི་བསྒོམས་པའི་གནས་མ ་ཡིན་ནམ་ལུས་རང་གྲུབ་པའི་ཕྱིར་རོ། །ཡང་ན་ལུས་ཀྱི་ནང་རྣམས་སུ་པདྨའི་རྩ་བ་ལྟ་བུ་ཐ་དད་པའི་འཁོར་ལོ་ཡོད་དམ་དེ་ཇི་ལྟ་བུར་འགྱུར་ཞེས་དགོངས་སོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྲིད་པ་གསུམ་ཞེས་བྱ་བ་ལ་སོགས་པས་ལན་གསུངས ་ཏེ། འདིར་དགོངས་བཤད་གཞན་གྱིས་ལུས་ལ་སྐུ་དང་གསུང་དང་བུགས་ཀྱི་འཁོར་ལོ་ནི་སྲིད་པ་གསུམ་དུ་གསུངས་ཏེ། དེ་ཡང་གཅིག་ཏུ་འདུས་པ་ནི་ལུས་ཏེ། དེའི་ཡོངས་སུ་གྱུར་པ་ཞེས་པ་ནི་ལུས་ཐམས་ཅད་ཀྱི་བ་སྤུའི་བུ་ག་ལ་སོགས་པ་དང ་ཚིགས་དེ་རྣམས་ཐམས་ཅད་དུ་རྩ་སུམ་ཅུ་རྩ་གཉིས་ནང་དུ་འདུས་པར་འགྱུར་བ་ནི་ཁུ་བའི་རྣམ་པ་ཉིད་དོ། །དེའི་ཕྱིར་ཐམས་ཅད་གཟུང་བ་དང་འཛིན་པ་སྤངས་པའོ། །ཞེས་གསུངས་སོ། །གལ་ཏེ་རེ་ཞིག་བྱང་ཆུབ་སེམས་ཀྱི་བདག་ཉིད་གཞན་རྒྱུས ་བ་དང་རྩ་ཁོང་སྟོང་རྣམས་ཇི་ལྟ་བུ་ཞེ་ན། ཇི་ལྟར་བུ་རམ་ཤིང་གི་སྡོང་བུའི་ཁམས་སྣ་ཚོགས་པ་ནི་བེམ་པོའི་བདག་ཉིད་དོ། །རོ་ནི་ཐམས་ཅད་ལ་ཁྱབ་པར་བྱེད་པའོ། །དེ་བཞིན་དུ་ལུས་ཀྱི་རྒྱུས་པ་སྣ་ཚོགས་པ་དང་རྩ་རྣམས་ཀྱང་བེམས་པོར་གྱུར ་པ་སྟེ། དེ་རྣམས་ལ་བྱང་ཆུབ་སེམས་ནི་རོ་གཅིག་ཏུ་ཐམས་ཅད་ལ་ཁྱབ་པར་བྱེད་པའོ། །འོན་ཀྱང་དེ་ནི་གནས་སུམ་ཅུ་རྩ་གཉིས་སུ་སྐྱེས་པའོ། །དེ་ལ་རེ་ཤིག་མི་ཕྱེད་མ་ནི་སྤྱི་བོར་རོ། །ཕྲ་གཟུགས་མ་ནི ་སྦྱི་གཙུག་ཏུ་ཞེས་པ་ལ་སོགས་པ་ནི་དགྱེས་པའི་རྡོ་རྗེར་གསུངས་པའི་ཚིག་ལས་ཤེས་པར་བྱའོ། །ཇི་ལྟར་འདིར་བུ་རམ་ཤིང་སྡོང་བུ་གཅིག་ཉིད་ལ་མདུན་པ་སྣ་ཚོགས་པ་ཡོད་པ་བཞིན་དུ་ལུས་ལ་ཡང་མདུད་པ་སྣ་ཚོགས་པ ་ཡོད་པའོ། །དེས་ན་གཟུང་བ་དང་འཛིན་པ་སྤངས་པའི་དོན་ཏོ། །ཇི་ལྟར་བུ་རམ་ཤིང་གི་སྡོང་བུ་འཁྲུལ་འཁོར་གྱིས་རོ་དྲངས་ཏེ་དངོས་པོ་ལོགས་སུ་བྱས་པ་དེ་ཡང་གང་འདོད་པ་དེར་ཁྱེར་ཏེ་ཆང་ལ་སོགས་པ་བསིད་པའི་ཕྱིར་རོ། །དེ ་བཞིན་དུ་ལུས་ལ་ལྟེ་བའི་འཁྲུལ་འཁོར་གྱིས་ཏེ་དབུས་སྟེང་དང་འོག་ཏུ་འགྲོ་བས་བྱང་ཆུབ་སེམས་ཀྱི་བཅུད་དྲངས་པ་ལོགས་སུ་བྱས་པའི་དངོས་པོ་ནི་ཁམས་རྣམས་ལས་ཐ་དད་པ་ཉིད་དེ། །བྱང་ཆུབ་སེམས་ཀྱི་བཅུད་དེ་ཡང ་གང་དུ་འདོད་པ་དེར་ཁྱེར་ཏེ་རྩ་སྣ་ཚོགས་བར་རྒྱུ་བའི་ཕྱིར་རོ་ཞེས་སྦྱར་རོ། །བྱང་ཆུབ་སེམས་དེ་ལ་ཡོན་ཏན་མེད་པ་མེད་དེ་དྲི་མ་མེད་པའི་ཕྱིར་རོ། །དེའི་ཕྱིར་གཟུང་བ་དང་འཛིན་པ་སྤངས་ཤེས་པའི་དོན་ཏོ། །གལ་ཏེ་རེ་ཞིག་དབང་པོ་གཉིས ་ཡང་དག་པར་སྦྱོར་བ་ལས་བྱུང་བའི་བྱང་ཆུབ་སེམས་ལག་པ་འམ་ཉ་ཕྱིས་ལ་སོགས་པས་བླངས་པ་དེའི་ཚོ་དེ་ལ་ཅུང་ཟད་ཀྱང་སྲོག་གི་གཟུགས་མེད་དེ་བེམས་པོ་དེ་ཉིད་ཀྱི་ཕྱིར་རོ། །འོན་ཏེ་གལ་ཏེ་སྲོག་མེད་ན་དེ་ལས་ཇི་ལྟར་འཇིག་རྟེན ་རྣམས་སྐྱེ་བར་འགྱུར་ཞེ་ན། དེ་གསུངས་པ་མ་དང་ཕ་ཡང་དག་པར་སྦྱོར་བ་ལས་འགྱུར་ཏེ། ཕ་མེད་པར་མ་འབའ་ཞིག་ལས་མི་སྐྱེའོ། །དེ་བཞིན་དུ་མ་མེད་པར་བ་འབའ་ཞིག་ལས་ཀྱང་མི་སྐྱེའོ། །དེའི་ཕྱིར་བདེ་བ་ཙམ་འབའ་ཞིག་གི་རང ་བཞིན་ཉིད་དུ་འགྱུར་རོ། །ཇི་ལྟར་བུ་རམ་ཤིང་གི་རོ་མངར་བའི་རང་བཞིན་དེ་ལ་སྲོག་ཡོད་པ་ནི་མ་ཡིན་ཏེ་བེམས་པོའི་ཕྱིར་རོ། །དེ་ལྟར་དངོས་པོའི་སྦྱོར་བས་བེམས་པོ་མ་ཡིན་པའི་དངོས་པོ་རྣམས་སྐྱེ་བར་འགྱུར་རོ། །ཇི་ལྟར་ས་ལ་ས་བོན་སྣ་ཚོགས ་པ་བཏབ་པས་འབྲས་བུ་སྣ་ཚོགས་བསྐྱེ་བར་འགྱུར་ཞེས་པ་ལ་སོགས་པ་ནི་བདེན་པའམ་མི་བདེན་བར་འཁྲུལ་བར་མི་བྱའོ། །འོ་ཞེས་པ་ནི་དེ་ལྟར་ཞེས་པའི་དོན་ཏོ། །དེ་ལྟར་ཕུང་པོ་དང། ཁམས་ལ་སོགས་པའི་བདག་ཉིད་རྣལ་འབྱོར་གྱི ་རྒྱུ་དང། ད་བཞིན་རྩ་བའི་བདག་ཉིད་རྣལ་འབྱོར་མའི་རྒྱུད་དོ། །དེས་ན་ཀུན་རྫོབ་དང་དོན་དཾ་བ་ཁ་སྦྱར་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་འདིས་ན་རྣལ་འབྱོར་པ་རྣམས་ཀྱི་ཡེ་ཤེས་སྐྱེ་བ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་བྱང་ཆུབ ་ཀྱི་ཕྱོགས་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །འོན་ཀྱང་དྲན་པ་ཉེ་བར་བཞག་པ་བཞི་དང་ཡང་དག་པར་སྤོང་བ་བཞི་དང་རྫུ་འཕྲུལ་གྱི་རྐང་པ་བཞི་ནི་དབང་པོ་ལྔ་ལ་སོགས་པ་བཞིས་བཤད་དེ། ངེས་ནས་བསྟན་པ་དང་བཤད ་པ་དེས་པའོ། །བྱང་ཆུབ་སེམས་ཞེས་པ་ནི་འདིར་འཇིག་རྟེན་ལས་འདས་པ་དོན་དམ་པ་དེ་ལ་འཇུག་པའི་མིང་གང་ལ་ཡོད་པ་ནི་བྱང་ཆུབ་ཀྱི་སེམས་ལ་འཇུག་པ་ཞེས་པའི་རབ་ཏུ་བྱེད་པའོ། །དེ་ཡང་ལས་གང་གིས་བསྐྱེད་པ་དེ་བྱེད ་པའི་ཕྱིར་རབ་ཏུ་བྱེད་པའོ། །དང་པོ་ལ་ལྟོས་བསན་གཉིས་པའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོ་རྟོག་པ་དང་པོའི་རབ་ཏུ་བྱེད་པ་གཉིས་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པར་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་བསྟན་པ ་སྟེ་གཉིས་པའོ།། །།ད་ནི་དེ་ཁོ་ན་ཉིད་དམིགས་པའི་རབ་ཏུ་བྱེད་པ་གསུམ་པ་བསྟན་པའི་ཕྱིར། དེ་ནས་ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཤེས་པ་ན་བྱང་ཆུབ་སེམས་ལ་འཇུག་པའི་རབ་ཏུ་བྱེད་པ ་བསྟན་པའི་རྗེས་ཐོགས་སུའོ། །བཅོམ་ལྡན་འདས་ཞེས་པ་ནི་ཡེ་ཤེས་དང་ཤེས་བྱ་དག་རོ་གཅིག་པར་གྱུར་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་དེ་ཞེས་པ་ནི་སྒྱུ་མའི་གཟུགས ་བརྙན་གྱི་བདག་ཉིད་དོ། །དེ་རྣམས་ཀྱིས་མཆོད་པར་བྱ་ཞེས་པ་ནི་རྣམ་པ་སྣ་ཚོགས་པའི་བདག་ཉིད་ལ་ཡིད་ཆེས་སོ། །ཕྱག་བཙལ་ནས་ཞེས་པ་ནི་དེ་རྣམས་ཀྱི་ས་ཡང་དང་ཡང་དུ་ཕྱག་འཚལ་བའོ། །དེའི་ཕྱིར་དེ་བཞིན་གཤེགས་པ? ་རྣམས་ལ་གསོལ་བ་འདེབས་པར་བྱེད་དོ། །གསང་ཆེན་ཞེས་བྱ་བ་ལ་སོགས་པ་ལ། སྙིང་པོ་ཞེས་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་གོང་མའོ། །གསང་ཆེན་ཞེས་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡང་སྤྱོད་ཡུལ་མ་ཡིན ་པའི་ཡེ་ཤེས་སོ། །བླ་ན་མེད་ཅེས་པ་ནི་ཁྱབ་འཇུག་དང་དབང་བྱུག་ལ་སོགས་པ་དང། ཉན་ཐོས་ལ་སོགས་པ་ལས་བླ་ན་མེད་པ་སྟེ་དེ་རྣམས་ཀྱིས་གོང་མ་ཕུལ་དུ་ཕྱུང་བ་ཡང་དག་པའི་ཡེ་ཤེས་ཐམས་ཅད་མཁྱེན་པའི་བགྲོད་བྱའོ། །དང? ་ཕྱིར་བཅོམ་ལྡན་འདས་ཀྱིས་ལན་གྱི་ཚིགས་གསུངས་སོ། །དེ་ནས་ཞེས་པ་ནི་གསོལ་བ་བཏབ་པའི་རྗེས་ཐོགས་སུ་བཅོམ་ལྡན་འདས་སྙིང་རྗེ་ལ་དམིགས་ཏེ། རྨི་ལམ་བཞིན་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་བ་བཏབ་པ ་མཁྱེན་པའི་ཕྱིར་རོ། །རྒྱུད་ཐམས་ཅད་ཅེས་པ་ནི་སྔོན་དུ་གསུངས་པའི་རྣལ་འབྱོར་གྱི་རྒྱུད་དང་རྣལ་འབྱོར་མའི་རྒྱུད་རྣམས་སོ། །སྙིང་རྗེ་ཞེས་པ་ནི་དེ་རྣམས་ཀྱི་སྙིང་པོ་ཞེས་པའོ། །དེ་ཅི་ཞེ་ན་གསུངས་པ། ཡེ་ཤེས་སྒྲོན་མ་རྡོ་རྗེ ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་བྱ་བ་ལ། ཡེ་ཤེས་ཞེས་པ་ནི་ཁམས་གསུམ་པ་ཐམས་ཅད་ལག་མཐིལ་གྱི་སྐྱུ་རུ་ང་བཞིན་དུ་དེས་ཡོངས་སུ་ཤེས་པ་སྟེ། ཡང་དག་པར་རྫོགས་པར་སངས་རྒྱས་ནས་མར་མེ་བཞིན་དུ་རིག་པའི་ཕྱིར ་རོ། །རྡོ་རྗེ་ཞེས་པ་ནི་དངོས་པོ་དང་དངོས་པོ་མེད་པ་ཡེ་ཤེས་ཀྱི་སྣང་བ་དེའི་རང་བཞིན་ཉིད་ཅེས་པའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ། །དེའི་ཕྱིར་རྒྱུད་ཅེས་པ་ནི་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་དོ། །དེ་གསང་ཆེན་ཞེས་པ་ནི་རྣམ་པར ་མི་རྟོག་པའི་ཕྱིར་གསང་ཆེན་ཞེས་པའི་དོན་ཏོ། །དེ་ཡང་གསུངས་པ་ཞེས་པ་ནི་བྲག་ཆའི་སྒྲ་ལྟར་ཉན་པ་པོ་རྣམས་གཞུག་པའི་ཕྱིར་དེར་དེ་གསུངས་སོ། །གསང་བ་ཞེས་བྱ་བ་ལ་སོགས་པ་ནི་འདིར་ལུས་ལ་བུ་ག་བཅུ་དྲུག་ཏུ་འགྱུར ་ཏེ། དེ་རྣམས་ཀྱང་ཡི་གེ་བཅུ་དྲུག་གི་མིང་རྣམས་ཀྱིས་མཚོན་ཏོ། །གང་དག་བུ་གཅེས་པ་དེ་དག་ནི་མཚམས་རྣམས་ཏེ། འདི་ལྟར་ར་གསུམ་ནི་ལྟེ་བ་དང་སྙིང་ག་དང་མགྲིན་པའི་མཚམས་རྣམས་སུའོ། །དེ་བཞིན་དུ་ཧ་ནི་སྤྱི་པོའི་མཚམས་སུའོ། ། ་ལྷག་མ་ཡི་གེ་བཅུ་གཉིས་ནི་རིམ་པ་བཞིན་ལག་པ་དང་རྐང་པ་ལ་སོགས་པའི་མཚམས་རྣམས་སུའོ། །དེ་ལྟར་ར་གསུམ་དང་ཧ་ནི་ཨ་བྷཱུ་ཏཱི་ལ་ཡང་དག་པར་སྦྱར་བའོ། །དེ་བཞིན་དུ་ཡི་གེ་བཅུ་གཉིས་ནི་ལ་ལ་ཧཱ་དང་ར་ས་དྷཱ་ལ་དྲུག་སུག?་ཡང ་དག་པར་སྦྱོར་བའོ། །གཞན་སྒོ་དགུ་རྣམས་ཀྱིས་བུ་ག་དགུ་ནི་རབ་ཏུ་བྱེད་པ་དང་པོར་གསུངས་སོ། །དེ་ལྟར་བུ་ག་ཉི་ཤུ་རྩ་ལྔའི་བདག་ཉིད་ཀྱི་ལུས་སོ། །གང་སྙིང་གའི་བུ་ག་དེ་ནི་གཙུག་ཏོར་གྱི་བུ་གའོ། །དེ་བཞིན་དུ་སྔོན་དུ་གསུངས་པའི་ལྟ་བ་དང་སྙིང ་ག་དང་མགྲིན་པ་དང་མགོ་བོར་ཡི་གེ་རྣམས་ཏེ། དེ་ཉིད་དེར་རིམ་གྱིས་འོག་དང་སྟེང་དུ་འབབ་པའོ། །དེའི་ཕྱིར་དཔལ་གསང་བ་འདུས་པའི་ལྷ་ཉི་ཤུ་རྩ་ལྔའི་བདག་ཉིད་དོ། །དེ་ཡང་སངས་རྒྱས་ཀུན་དངོས་ཞེས་པ་ནི་སངས་རྒྱས་ཉི་ཤུ་རྩ་ལྔ་སྟེ ་ལྷ་དང་ལྷ་མོ་རྣམས་ཀྱི་རང་བཞིན་ཞེས་པའི་དོན་ཏོ། །སེམས་དཔའ་ཞེས་པ་ནི་ཆོས་ཀྱི་དབྱིངས་ལ་སེམས་དཔའ་ཞེས་བརྗོད་དོ། །སེམས་དཔའ་འབྱུང་བའི་ཕྱིར་རོ། །ཡང་ན་རྟག་པའི་རང་བཞིན་ཉིད་དེ་སེམས་ཅན་ཐམས་ཅད་རྣམས་རང ་བཞིན་གྱིས་དྲི་མ་མེད་པ་དེས་ན་ཆོས་ཀྱི་སྐུའི་རྒྱུན་གྱི་སྦྱོར་བས་ཕུལ་དུ་ཕྱུང་བ་ཉིད་དོ། །གང་གི་ཕྱིར་དེ་བཞིན་ཉིད་ཀྱི་བདག་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱང་ཡིན། །དེ་བཞིན་གཤེགས་པ་ཡང་ཡིན་ཏེ། །དེས་ན་མ་སྐྱེས ་ཤིང་མ་འགལ་བ་ནི་དེ་བཞིན་གཤེགས་པའོ། །རྡོ་རྗེ་སེམས་དཔའ་ཞེས་པ་ནི་དེ་བཞིན་དུ་རྡོ་རྗེའི་སྒྲས་ནི་ཆོས་ཀྱི་སྐུ་གཟུང་ངོ། །མི་ཕྱེད་པས་ན་རྡོ་རྗེའམ་དུས་ཐཾས་ཅད་དུ་མི་འཇིག་པའི་ཆོས་ནི་རྡོ་རྗེའོ། །ཁྱབ་པར་བྱེད་པའི་ཆོས་ཀྱི་དབྱིངས་ནི་སེམས་དཔའ་ཨོ། ། ་འདི་དག་སྙོམས་པར་འཇུག་པ་ནི་རྡོ་རྗེ་སེམས་དཔའ་ཨོ། །ཡང་ན་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་རྣམས་ནི་སངས་རྒྱས་ཏེ། དེ་རྣམས་རང་བཞིན་གང་ལ་ཡོད་པ་དེ་ནི་རྡོ་རྗེ་སེམས་དཔའ་ཨོ། །དེ་ཅི་ཞེ་ན། རྒྱུད་མེད་པའོ། །བདེ་བ་ཞེས་པ་ནི་བདེ ་བ་ཡང་བྱ་བ་ཙམ་ཞེས་པའི་དོན་ཏོ། །བདེ་བའི་མཆོག་ཅེས་པ་ནི་ལྷུན་གྱིས་གྲུབ་པའི་བདེ་བ་དཔེས་རྟོགས་པར་བྱེད་པ་བཟང་མོ་ལོངས་སྤྱོད་རྫོགས་པའི་སྐུ་དང་ལྷན་ཅིག་གཉིས་མེད་པར་གྱུར་པ་ཐོག་མ་མེད་པ་ནས་གྲུབ་པ ་དེ་ཉིད་མ་གྲུབ་པ་བསྒྲུབ་བྱ་མེད་ཅིང་སྒྲུབ་པ་ཡང་ཅུང་ཟད་མེད་པ་དངོས་པོ་ཐམས་ཅད་ལ་རྒྱུན་མེད་པའི་ཕྱིར་རོ། །དེ་བཞིན་དུ་གྲུབ་པའི་ཡེ་ཤེས་འདི་ལ་སྤྱད་པའི་ཡོན་ཏན་གསུངས་ཏེ། འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། འདི ་ཞེས་པ་ནི་རྣལ་འབྱོར་འདིའོ། །ནི་ཞེས་པ་ནི་གང་གི་ཕྱིར་ཞེས་པའི་དོན་ཏོ། །བཅོམ་ལྡན་རྣལ་འབྱོར་ཞེས་པ་ནི་རྣལ་འབྱོར་དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་བླ་མ་སྟེ། རང་འབྱུང་ཉིད་ཀྱི་ཕྱིར་རོ། །དེ་པིས? ་བཅོམ་ལྡན་ནི་རྣལ་འབྱོར་གྱི་ཁྱད་པར་རོ་གང་གི་ཕྱིར་རྣལ་བྱོར་ནི་རྣ་བྱོར་བླ་ན་མེད་པ་དང། རྣལ་འབྱོར་གོང་ན་མེད་པའོ། །དེ་ནི་བཅོམ་ལྡན་ཞེས་པའི་སྒྲའོ། །བརྟན་ཞེས་པ་ནི་དེ་ལྟར་གོང་ན་མེད་པའི་རྣལ་འབྱོར་ཆེན་པོ་རྟག་པ་དང་འཆད ་པ་དང་གྲོལ་བའོ། །དེ་ཡང་སྐུ་བཞི་མེད་པར་མི་སྐྱེ་ཞིང་མི་འགག་པའོ། །ཅིའི་ཕྱིར་ཞེ་ན། སྐུ་བཞི་སངས་རྒྱས་རྣམས་ཀྱི་གོང་ནས་གོང་དུ་འཇུག་པ་སྟེ། ཚོགས་ཀྱིས་ཡོན་ཏན་རྒྱས་པའི་ཕྱིར་རོ། །དེས་ན་འདིར་དེ་ཡང་འདྲ་བའི་ཡེ་ཤེས ་བརྟན་པའི་ཕྱིར་ཏེ་དེས་པའོ། །དེའི་ཕྱིར་མཆོག་ཏུ་རྟག་པ་ཞེས་པའི་དོན་ཏོ། །འོན་ཀྱང་ཡིང་སྲུབ་ཞེས་པ་ནི་འདོད་པའོ། །དེ་ཡང་ད་ལྟར་བྱུང་བ་ཞེས་པ་ནི་རྣལ་འབྱོར་པ་རྣམས་ཀྱི་རང་བཞིན་གྱི་སྐུའོ། །དེས་མིང་སྣ་ཚོགས་པའི་བློས་སངས་རྒྱས ་རྡོ་རྗེ་འཛིན་པ་ལ་སོགས་པའི་དངོས་པོ་རྣམས་འདོད་པའོ། །རྟག་ཏུ་ཞེས་པ་ནི་དུས་པ་ཞི་གང་གི་དང་པོ་དང་བར་མ་དང་ཐ་མ་རྣམས་སུ་བྱང་ཆུབ་སེམས་དཔའ་འདོད་ཆགས་ཀྱི་བདག་ཉིད་རྣམ་པར་རྟོག་པ་མི་འདོར་བས་འགྲོ་བའི་དོན་བྱེད་པའི་ཕྱིར ་རོ། །དེ་བཞིན་དུ་རང་བཞིན་གྱིས་ནི་འདའ་དཀའ་བ་ཞེས་པ་ནི་དཀའ་སྤྱོད་འདོར་བའི་མ་ནུས་པའི་ཕྱིར་རོ། །དེ་ཉིད་གསུངས་པ། འདིར་སེམས་ཅན་རྣམས་ཀྱི་བསམ་པ་སྣ་ཚོགས་པ་མཛེས་པར་འདོད་པ་དེ་རྣམས་སྣ་ཚོགས་པའི་ལས་ཀྱི་སྦྱོར་བའི ་རྗེས་སུ་འབྲངས་ཏེ། །འཇིག་རྟེན་པ་འམ་འཇིག་རྟེན་ལས་འདས་པའི་ལེས་དེ་ལ་དེ་སྐད་ཅེས་བྱའ། །དེ་བཞིན་དུ་སངས་རྒྱས་རྡོ་རྗེ་འཛིན་སོགས་པས་ཞེས་པ་ནི་འདིར་གལ་ཏེ་རེག་ཞིག་རྣལ་འབྱོར་པ་རྣམས་ཀྱིས་ལས་དམ་པའི་དབང་གིས ་ཏེ། ལས་ངེས་སངས་རྒྱས་ཉིད་དམ་རྡོ་རྗེ་འཛིན་པ་ཉིད་ཐོབ་འགྱུར་བ་དེའི་ཚེ་མཛད་ཅེས་བས་སངས་རྒྱས་ལ་སོགས་པ་ཡང་མཛད་པར་འགྱུར་རོ། །མཛད་པ་ལ་ཡང་སྐྱོན་ཡོད་དེ། དེ་ཡང་གསུངས་པ། འོ་ན་སངས་རྒྱས་རྡོར་ཇེ་འཛིན་པ་ལ་སོགས་པ་དེ་རྣམས ་ཀྱང་རྒྱུ་མེད་པའི་ཕྱིར་རོ། །འདི་ལྟར་དང་པོ་སངས་རྒྱས་རྒྱུ་མེད་པ་ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་འདུལ་བ་མེད་པ་མ་བྱས་པ་ལས་མེད་པ་ཡིན་ན་ཅི་ལྟར་ལས་སྣ་ཚོགས་པར་འགྲུབ་ཅེ་ན། དེ་ཉིད་བསྟེན་པའི་ཕྱིར་སངས་རྒྱས་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། འདིར་བརྟན་པ་དང་གཡོ་བ་ཞེས་པའི་སྣེད་དང་བཅུད་ལ་སོགས་པའི་དངོས་པོ་སྣ་ཚོགས་པའི་ཁམས་གསུམ་པའོ། །སངས་རྒྱས་ཀུན་ཞེས་པ་ནི་དེ་ཡང་མཆོག་ཏུ་བདེ་བ་དམིགས་པ་མེད་པ་སྟོང ་པ་དང་སྙིང་རྗེའི་བདག་ཉིད་དོ། །སོགས་པའི་སྒྲས་འོད་གསལ་ལས་འབྱུང་བར་འགྱུར་པ་གཟུང་ངོ། །དེ་ཡང་དངོས་པོ་ཀུན་ཏུ་འདིར་འགྱུར་རོ། །ཞེས་པ་ནི་བརྟན་པ་དང་གཡོ་བའི་དངོས་པོ་ད་རྣམས་ཀྱི་རང་བཞིན་མི་ཟད་པའི་ཡེ་ཤེས་ཞེས ་པའི་དོན་ཏོ། །དེ་རྣམས་ཀྱང་རྣམ་པར་རྟོག་པ་ཐམས་ཅད་ཀྱི་རང་བཞིན་ཅན་རྒྱུ་དང་འབྲས་བུའི་ཕྱིར་རོ། །ཡང་ན་སངས་རྒྱས་ཀུན་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ཆེན་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །སོགས ་པའི་སྒྲ་ནི་བྱང་ཆུབ་སེམས་དཔའ་རྡོ་རྗེ་འཆང་ལ་སོགས་པ་གཟུངས་སྟེ། དེ་རྣམས་ཀྱི་དངོས་པོ་ནི་ཆོས་ཀྱི་དབྱིངས་སུ་འགྱུར་བའོ། །དེ་ཡང་སངས་རྒྱས་ཀུན་དང་མཉམ་སྦྱོར་བ་ཞེས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་དངེས་སུ ་སངས་རྒྱས་སུ་བྱེད་པའོ། །མཁའ་འགྲོ་མའི་དྲ་བ་སྡོམས་ཞེས་པ་ལ་མ་བང་འགྲོ་མ་ནི་སྤྲུལ་བས་ནམ་མཁར་འགྲོ་ཞིང་རྒྱུ་བས་ཁྱབ་པའོ། །ཀ་ནི་ཨ་ཀའི་སྐད་དབྱིངས་ལས། གྱ་གྱུར་འགྲོ་བའོ། །ནཱི་ནི་འོད་ཟེར་ཕྲ་བའི་གཟུགས་ཅན་ཏེ ་བྱང་ཆུབ་སེམས་ཀྱི་བདག་ཉིད་ཀྱི་རྩའི་ཚོགས་སོ། །སྡོམ་པ་ཞེས་པ་ནི་འདི་དག་གི་སྡོམ་པ་ཆོས་ཀྱི་དབྱིངས་དང་སྙོམས་པར་འཇུག་པའི་རྣལ་འབྱོར་ལས་བྱུང་ཞེས་པའི་དོན་ཏོ། །འདིས་ཞེས་པ་ནི་གསུངས་པའི་རིགས་པ་འདིས་སྒྱུ་མའི་རྣལ ་འབྱོར་དུ་འགྱུར་ཏེ། དེས་ན་སྒྱུ་མའི་རང་བཞིན་སྒྱུ་འཕྲུལ་ཆེན་མོ་བསྐྱེད་པའི་བྱེད་པའོ། །ཐམས་ཅད་དུ་སྣ་ཚོགས་མཆོག་ཅེས་པ་ནི་ཐམས་ཅད་ཀྱི་རྣམ་པའི་བདག་ཉིད་ཡེ་ཤེས་ཆེན་པོ་དེ་ཡང་བསམ་དུ་མེད་པའི་ཞེས་པའི་དོན་ཏོ། །སངས་རྒྱས་ལ ་སོགས་འདུལ་བས་འགྲུབ་ཅེས་པ་ནི་ལས་ཁྱད་པར་ཅན་སྣ་ཚོགས་ལ་སོགས་པ་བསྟན་པས་སངས་རྒྱས་དང་རྡོ་རྗེ་སེམས་དཔའ་ལ་སོགས་པ་བྱས་པར་འགྲུབ་བོ། །དེ་འབའ་ཞིག་གྲུབ་པར་མ་ཟད་དེ། སེམས་ཅན་ཀུན་དོན་བླ་ན་མེད་ཅེས་པ་དེ་ཡང་བྱ་བའི ་ཕྱིར་བླ་ན་མེད་ཅེས་པ་ནི་ཡང་དང་ཡང་བྱེད་པའོ། །བུད་མེད་ཀུན་ཞེས་བྱ་བ་ལ་སོགས་པ་ལ་བུད་མེད་ཀུན་ཞེས་པ་ནི་ལྷ་མོ་ཐམས་ཅད་དེ། དེ་རྣམས་ཉིད་སྒྱུ་མའི་ལྷ་མོ་ཞིང་སྐྱེས་དང། སྔགས་སྐྱེས་དང་ལྷན་ཅིག་སྐྱེས་པ་གནས་དང་ཉེ་བའི་གནས་ནི ་གནས་པའི་རྣལ་འབྱོར་མ་རྣམས་སོ། །རྣལ་འབྱོར་མ་དེ་རྣམས་དང་སྒྱུ་མས་གྲུབ་པའོ། །དེ་བཞིན་དུ་སངས་རྒྱས་དེ་ཐམས་ཅད་དང་རྣལ་འབྱོར་མ་རྣམས་གང་དུ་གྲུབ་འདིར་གསུངས་བ། འདིར་དམ་པའི་ལས་ཀྱི་སྔོན་གྱི་གཟུགས་སྔངས་ཏེ་ཕུང་པོ་རྣམས ་འདོར་བར་འགྱུར་བའི་ཚེ་ཁམས་གསུམ་པ་རྣལ་འབྱོར་མའི་གཟུགས་ཀྱིས་སངས་རྒྱས་པར་འགྱུར་རོ། །དེ་བཞིན་དུ་རང་གི་གཟུགས་ཡོངས་སུ་རྗེས་པ་ཞེས་པ་སླར་བདག་གི་གཟུགས་སྤངས་ནས་སངས་རྒྱས་པའོ། །སངས་ཤེས་པ་ནི་ཉེ་བར ་བཏགས་པའི་ཚིག་གོ། འོན་ཀྱང་བྱང་ཆུབ་སེམས་དཔའ་དང་རྣལ་འབྱོར་མ་རྣམས་སུ་ཤེས་པའི་དོན་ཏོ། །དེའི་ཕྱིར་གྲུབ་ཅེས་པ་ནི་བསམ་དུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཞེས་པའི་དོན་ཏོ། །དེ་བཞིན་དུབས་དུ་མེད་པ་དང། ཤིན་ཏུ ་བསམ་དུ་མེད་པ་དང། ཆེས་བསམ་དུ་མེད་པ་དང། ཆེས་པས་ཀྱང་ཆེས་བསམ་དུ་མེད་པ་དེ་ཉིད་ཀྱང་བསམ་དུ་མེད་པའོ། །སྣ་ཚོགས་ཤེས་བྱ་བ་ལ་སོགས་པ་ནི་དེ་ལྟར་ལྔ་པོ་ཆེ་བའི་ཆེ་བ་ཆེ་བའི་ཡེ་ཤེས་བསམ་དུ་མེད་པ་དེ ་ཉིད་ཀྱང་བསམ་དུ་མེད་པ་སྣ་ཚོགས་པ་ཉིད་བསམ་པ་དེས་ན་སྒྱུ་མ་དང་ཤིན་ཏུ་སྒྱུ་མ་དང། སྒྱུ་མ་ཆེན་པོ་སྒྱུ་མའི་ཕྱག་རྒྱ་དེ་ཡང་ཆེན་པོའི་ཆེན་པོ་ཕྱག་རྒྱ་ཆེན་པོའོ། །དེ་ཡང་འདིར་མཁར་འགྲོ་མ་ཞེས་པ་དགོངས་བཤད་གཞན་གྱིས ་བསྟན་ཏེ། དེ་ལྟར་ཌཻ་ནི་ནམ་མཁར་འགྲོ་མ་ཞེས་པ་ལ་སོགས་པ་སྐད་དབྱིངས་ལས་བརྗོད་དེ། ཌཻ་ནམ་མཁར་འགྲོ་བ་ནི་སྟོང་པའི་བདག་ཉིད་དུ་བྱེད་པའོ། །འདི་རྣམས་ཀྱིས་དོན་ཆེན་པོའི་དངོས་གྲུབ་བསྟན ་པའི་ཕྱིར་ངེས་པའི་ཚིག་གསུངས་ཏེ། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་ལ། འདིར་སངས་རྒྱས་དང་རྡོ་རྗེ་འཆང་ལ་སེགས་པ་དང་བརྟན་པ་དང་གཡོ་བ་ལ་སོགས་པའི་དངོས་པོ་ཐམས་ཅད་ཀྱི་དགོས་སྐབས་སྟེར་བཞེས་པ་ཡེ་ཤེས་ཀྱི ་ནམ་མཁའ་ཤིན་ཏུ་ཟབ་པའི་ཆོས་ཀྱི་དབྱིངས་ཀྱི་ཡུལ་སྣང་བ་མེད་པ་དང། སྣང་བ་མེད་པ་མ་ཡིན་པ་དང། སྟོང་པ་མེད་པ་དང། སྟོང་པ་མེད་པ་མ་ཡིན་པ་དང། བརྫུན་པ་མེད་པ་དང་བརྫུན་པ་མེད་པ་མ་ཡིན་པ་དང། དངོས་པོ་མེད་པ་དང། ་དངོས་པོ་མེད་པ་མ་ཡིན་པ་དང། ས་བོན་མེད་པ་དང། ས་བོན་མེད་པ་མ་ཡིན་པ་དང་མི་འགྱུར་བ་མེད་པ་དང། མི་འགྱུར་བ་མེད་པ་མ་ཡིན་པ་དང། སྐབས་མེད་པ་དང། སྐབས་མེད་པ་མ་ཡིན་པ་དང། བརྟོར?་དུ་མེད་པ་དང། བརྗོད་དུ་མེད་པ་མ་ཡིན ་པ་དང། བརྗོད་ཀྱིས་མི་ལང་བ་དང། བརྗོད་ཀྱིས་མི་ལང་བ་མ་ཡིན་པ་དང། གཉིས་མེད་པ་དང། གཉིས་མེད་པ་མ་ཡིན་པ་དང། འོད་མེད་པ་དང། འོད་མེད་པ་མ་ཡིན་པ་དང། གཟུགས་མེད་པ་དང། གཟུགས་མེད་པ་མ་ཡིན་པ་དང། ་བེམས་པོ་མེད་པ་དང། བེམས་པོ་མེད་པ་མ་ཡིན་པ་དང། བསྟན་དུ་མེད་པ་དང། བསྟན་དུ་མེད་པ་མ་ཡིན་པ་དང། བདག་མེད་པ་དང། བདག་མེད་པ་མ་ཡིན་པ་དང། བསམ་དུ་མེད་པ་དང། བསམ་དུ་མེད་པ་མ་ཡིན་པ་དེ་ལ་སོགས ་པའི་ཡོན་ཏན་རྒྱ་ཆེན་པོས་ནམ་མཁའ་གང་བ་འདི་སྤྱོད་པ་དེ་ཐམས་ཅད་ནི་ནམ་མཁའ་ལ་སྤྱོད་པ་འགྲུབ་ཅིང། དཔག་ཏུ་མེད་པ་དེ་དང་ལྷན་ཅིག་སྤྱོད་པ་ཞེས་པ་ཕུང་པོ་དྲུག་དང་ཁམས་དང། སྐྱེ་མཆེད་ལ་སོགས་པ་ཐམས་ཅད་སྒྲིབ་པ་མེད་པ་དེ ་ལ་དེ་སྐད་ཅེས་བྱའོ། །མཁའ་འགྲོ་མ་ཞེས་པ་ནི་གཅིག་གི་ཚིགས་ཅན་གྱི་རིགས་ཏེ། དངོས་པོ་འདི་དག་ཐམས་ཅད་ཀྱི་རང་བཞིན་གྱི་བདག་ཉིད་བདག་མེད་པ་དེ་བསྒྲུབས་པས་ན་དེ་མི་བཟད་པའི་གནས་སོ། །ཞེས་བྱ་བ་ནི་རང་དང་གཞན ་གྱི་དོན་རབ་ཏུ་སྒྲུབ་ཅེས་དགོངས་སོ། །ཡང་ན་དངོས་པོ་ཐམས་ཅད་ཀྱི་གོ་སྐབས་འབྱེད་པ་གང་དག་ཡིན་པ་དེ་དག་ཐམས་ཅད་ནི་ནམ་མཁའ་སྟེ། རྣམ་པར་སྣང་མཛད་པ་ལ་སོགས་པའི་འཁོར་ལོས་སྒྱུར་བ་དྲུག་གོ། དེ་དག་ལྷན་ཅིག་སྤྱོད་པ་ཞེས ་པ་དེ་ནི་དེ་བཞིན་དུ་སྐྱེས་པ་ཉིད་ཀྱིས་གཅིག་གིས་ཚིག་ཅན་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་སྐྲུབ་ཐབས་ཤེས་པའི་དོན་ཏོ། །དེ་དག་གིས་ནི་དངོས་གྲུབ་དེ་ཉིད་རྫོགས་པ་ཁྱབ་པ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་སྟོང་པ་ཉིད་ཀྱི་ཚུལ་གང ་གི་ཡིན་པ་དེ་ནི་མཁའ་འགྲོ་མ་སྟེ། བསམ་དུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེ་ལྟར་རབ་ཏུ་གྲུབ་པ་སྟེ། དེ་ལྟར་བྱུང་བ་ལ་དེས་འགྲུབ་པར་འགྱུར་རོ། །དེས་ན་ཞིང་སྐྱེས་ལ་སོགས་པའི་མཁའ་འགྲོ་མ་ཐབས་ཀྱི་བདག་ཉིད ་ཅན་འགྲུབ་ཅེས་པ་ནི་ཚུལ་ལོ། །ཀུན་ཏུ་ཞེས་པ་ནི་ཕྱོགས་བཅུར་རོ། །སྣ་ཚོགས་ནི་བུང་པོ་ལ་སོགས་པའོ། །རྒྱས་འདེབས་པ་ནི་ཀུན་ཏུ་སྣ་ཚོགས་ཕྱག་རྒྱ་སྟེ་ལྷ་མོའོ། །དེ་ཡང་མཁའ་འགྲོ་མ་ལ་སོགས་པར་དེ་བཞིན་དུ་བལྟ་བ་དང ་འཁོར་ལོས་སླུང་བ་དྲུག་ཏུ་བལྟ་བར་བྱའོ། །དང་གི་སྒྲ་ནི་ཁྱད་པར་ཏེ་ཐ་མལ་པའི་བུད་མེད་ཀྱི་གཟུགས་ཉིད་ལྷ་མོའི་གཟུགས་ཅན་ཞེས་པའི་དོན་ཏོ། །ཡང་ན་ཀུན་ཏུ་སྣ་ཚོགས་ཕྱག་རྒྱ་ནི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཡང་དག ་པའི་ཡེ་ཤེས་ཀྱིས་རྒྱས་བཏབ་པའོ། །ཀུན་ཏུ་ཞེས་པ་ནི་སེམས་ཅན་དེ་རྣམས་དེ་རྒྱས་གདབ་པའི་ཕྱིར། སྡོམ་པ་དེ་ཉིད་གསུངས་པ་ཞེས་ཤེས་པ་ནི་དོན་འདིའོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་ཡང་དག་པའི་ཡེ་ཤེས་ཀྱང་རིགས ་ལྔའི་དབྱེ་བས་ལྔའི་རང་བཞིན་ཏེ། དེ་ཡང་རྡོ་རྗེ་དང་པདྨ་དང་དེ་བཞིན་དུ་ནོར་བུའོ། །མ་གསུངས་ཀྱང་འཁོར་ལོ་དང་རལ་གྲི་ཡང་གཟུང་ངོ། །དེའི་ཕྱིར་སེམས་ཅན་སྒོམ་པ་ལ་མོས་པ་དེ་རྣམས་ཁྱད་པར་ཅན་གྱི ་རིགས་ལྔ་རྣམས་སུ་འགྱུར་ཏེ། འདི་ལྟ་སྟེ། རྡོ་རྗེ་འཛིན་གྱི་རིགས་དང་དེ་བཞིན་དུ་པདྨ་འཛིན་པ་དང། ནོར་བུ་འཇིན་པ་དང། འཁོར་ལོ་དང་རལ་གྲི་འཛིན་པའི་རིགས་རྣམས་སོ། །དང་ཞེས་པ་ནི་མ་གསུངས་པའི་རིགས་ཀྱང་རྟོགས ་པར་བྱ་བའི་དོན་ཏོ། །སེམས་ཅན་དེ་དག་ཐམས་ཅད་ནི་སངས་རྒྱས་རྡོ་རྗེ་འཛིན་པ་ལ་སོགས་པ་དེ་རྣམས་ཀྱི་རིགས་ཅན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་སོ། །དེ་ལྟར་ཐམས་ཅད་བསམ་གྱིས་མི་ཁྱབ་པའི ་ཡེ་ཤེས་ཀྱི་བདག་ཉིད་དེ་ཁོ་ན་ཉིད་དོ། །ཞེས་པ་སྟེ། བཅོམ་ལྡན་འདས་ཀྱི་དེས་པའོ། །ད་ནི་ད་ལྟར་བྱུང་བའི་རྣལ་འབྱོར་པ་རྣམས་ཀྱི་ཡེ་ཤེས་ཀྱི་ལྟ་བ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་པ་ནི ་སངས་རྒྱས་ཀྱི་རིགས་སུ་སྐྱེས་པའི་རྣལ་འབྱོར་པ་རྣམས་ལ་བསྒོམ་པའི་ཡེ་ཤེས་བསྟན་པའི་ཕྱིར་དེ་རྣམས་ཐམས་ཅད་དེ་བཞིན་གཤེགས་པའོ། །དེ་རྣམས་ཟིལ་གྱིས་གནོན་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེས་ན་རྡུལ་དང ་བྲལ་པ་ཞེས་པ་ནི་སྙིང་རྗེའི་རྡོ་རྗེས་བརྟུལ་ཏེ། རྗེས་སུ་ཆགས་པ་དངོས་པོའི་ལྟ་བ་དེ་དང་བྲལ་བའོ། །གནས་ཞེས་པ་ནི་ཟུང་དུ་འཇུག་པ་ཞེས་དེས་སྙིང་རྗེ་མངོན་དུ་བྱེད་པའོ། །དེའི་ཕྱིར་དོན་དམ་པའི་བྱང་ཆུབ་ཀྱི་སེམས་འདི་གསུངས་ཏེ། ་སྟོང་པ་མ་ཡིན་ཞེས་བྱ་བ་ནས། དེ་ནས་ཆོས་ཀྱི་གསུངས་འདི་བྱུང་ཞེས་པའི་མཐར་ཐུག་པ་ནི་གོ་སླའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་དག་པར་བསྟོད་པ་དེ་ཉིད་བསྟན ་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐེག་པ་ཆེ་ལས་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཟབ་མོའི་ཐེག་པ་ཆེན་པོ་རྣམས་ལས་སོ། །འབྱུང་ཞེས་པ་ནི་དེ་བཞིན་གཤེགས་པ་རྣམས་འབྱུང་བའོ། །ཡོན་ཏན ་རབ་རྒྱས་ཞེས་པ་ནི་སྔགས་ཀྱི་ཐེག་པ་དབུ་མ་ཆེན་པོ་ལས་ཀྱང་སངས་རྒྱས་འབྱུང་བའོ། །དུས་གསུམ་དུ་ཐམས་ཅད་ཀྱིས་བསྟོད་པའི་རྒྱལ་པོ་འདིས་འཆད་བཞིན་བ་དེས་ཇི་ལྟ་བ་བཞིན་བྱེད་དོ། །ལྷ་ཀ་མ་ནི་གོ་སླའོ། །ད་ནི་ལས་དང་པོ ་པའི་རྣལ་འབྱོར་པ་རྣམས་མཉམ་པར་བཞག་པའི་ཕྱིར་དེ་ཁོ་ན་ཉིད་བརྗོད་དེ། ཡང་མཆོད་ཅིང་ཞེས་བྱ་བ་ལ་སོགས་པ་ལ་བཤད་དུ་གསོལ་ཞེས་པ་ནི་དེ་ཁོ་ན་ཉིད་བཤད་དུ་གསོལ་ཞེས་པའི་དོན་ཏོ། །སྙིང་པོ་ཞེས་པ་ནི་དེ་ཁོ་ན་ཉིད་དོ། ། ་ཆོས་ཀུན་གཅིག་པའི་སྐུ་ཞེས་པ་ལ། ཆོས་ཀུན་མི་བརྟན་པ་དང་གཡོ་བ་ལ་སོགས་པ་སྟེ། དེ་རྣམས་ཀྱི་སྐུ་ནི་ཆོས་ཀྱི་སྐུའོ། །དེ་ཡང་མ་རིག་པའི་དབང་གིས་འཇིག་རྟེན་པས་ཡོངས་སུ་བརྟགས་པའི་སེམས་སེ། །དེའི་ཕྱིར་རྡོ ་རྗེ་སྙིང་པོས་གསོལ་བ་བཏབ་པ་དེའི་ལན་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ཅི་ཞེ་ན། དབང་པོ་གང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་མིག་ལ་སོགས་པའི་རྣམ་པར་ཤེས་པས་ཡུལ་རྣམས་ལ་དམིགས་ཏེ། དེ ་ཡང་ཐམས་ཅད་འཁྲུལ་པས་རྣམ་པར་ཤེས་པར་ཡོངས་སུ་རྟོག་གོ་།དེ་ཐམས་ཅད་སྒྱུ་མ་ཉིད་ཀྱི་ཕྱིར། དེ་དང་དེའི་རང་བཞིན་ཞེས་པ་ནི་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་རང་བཞིན་དུ་ཡོངས་སུ་བརྟག་པར་བྱའོ། །དེ་ན་མཉམ ་པར་མ་བཞག་པ་འཁོར་པའི་སྦྱོར་བས་སོ། །འོན་ཀྱང་དེ་ལ་མོས་པས་རྟག་ཏུ་མཉམ་པར་བཞག་པར་འགྱུར་རོ། །གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། དངོས་ཀུན་བདག་ཉིང་ཅེས་པ་ནི་གཉིས་མེད་པའི་ཡེ་ཤེས་སོ། །དེ ་ནི་རྨོངས་པ་འགས་ཀྱང་ཞེས་པ་ནི་རྣམ་པར་རིག་པའི་ཡེ་ཤེས་ཀྱིས་མི་ཤེས་ཞེས་པའི་དོན་ཏོ། །དེ་རྣམས་ཐར་ཤལ་ཞེས་པ་ནི་བྱིས་པའི་རིགས་རྣམས་སོ། །དེའི་ཕྱིར་རྣམ་པར་ཤེས་པའི་ཕུང་པོ་ལ་ནི་རྟེན་ཞེས ་པ་ནི་གཟུང་བ་ལ་སོགས་པ་ལ་མངོན་པར་ཤེས་པ་བྱེད་དེ། དེ་ཉིད་ཀྱིས་ན་འཁོར་བར་འཆིང་བར་འགྱུར་ཏེ། སྦུབས་བྱེད་པའི་སྲིན་བུ་བཞིན་ནོ། །དེས་ན་དེ་རྣམས་ཀྱི་རྣམ་པར་དག་པ་བསྟན་པའི་ཕྱིར། སེམས་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། དེ་བཞིན་དུ་སེམས་སུ་རྣམ་པར་རྟོག་པ་དང་སེམས་མེད་པར་རྟོག་པ་ལ། །གལ་ཏེ་རེ་ཞིག་རང་གི་མཚན་ཉིད་ཀྱིས་སེམས་མེད་དེ་མེད་པའི་ཕྱིར་སེམས་མེད་པའི་དངོས་པོ་ཡང་མེད་དེ། གང་གི་ཕྱིར་ཕ་ལས་བུ་སྐྱེ་བར་འགྱུར་རོ། །དེའི ་ཕྱིར་ཕ་མེད་ན་བུ་སུ་ལས་སྐྱེ་བར་འགྱུར། ས་བོན་མེད་པར་མྱུ་གུ་འབྱུང་བར་མི་འགྱུར་རོ། །དེ་བཞིན་དུ་མྱུ་གུ་མེད་པར་འབྲས་བུ་ཕུན་སུམ་ཚོགས་པར་མི་འགྱུར་རོ། །དེའི་ཕྱིར་སེམས་དང་སེམས་མེད་པར་མི་འགྱུར་རོ། །ཞེས་པ་སྟེ། ངེས་པའོ། ། ་སེམས་དངོས་མེད་ཅེས་པ་ནི་སྔོན་པོ་དད་སེར་པོ་ལ་སོགས་པ་སོ་སོར་སྣང་བདེ་རྣམས་འཁྲུལ་པའི་ཤེས་པས་དམིགས་པ་ནི་བརྫུན་པའོ། །དེ་ལྟར་རྣམ་པར་ཤེས་པ་རྣམ་པ་གསུམ་བདེན་པར་ནི་མེད་དོ། །འཁྲུལ་པ་དེས་ནི་འཁོར་བར་འཁོར ་ཞིང་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །འདིར་གསུངས་པ་སེམས་ཅན་གྱི་ཁམས་མངོན་སུམ་གྱི་ཚད་མ་ལ་སྣང་བ་དེས་ན་རྣམ་པར་ཤེས་པ་ཡོད་དོ། །དེ་ལས་ནི་སེམས་ཅན་གྱི་ཁམས་འབྱུང་ངོ། །དེ་ན་སངས་རྒྱས་དང་བྱང ་ཆུབ་སེམས་དཔའ་ཨི་རིགས་སུ་འགྱུར་རོ། །གང་གི་ཕྱིར་སེམས་ཅན་ཉིད་སངས་རྒྱས་ཏེ། སེམས་ཅན་གཅིག་ཀྱང་སངས་རྒྱས་མ་ཡིན་པ་མེད་ཅེས་གསུངས་པའི་ཕྱིར་རོ། །གཞན་ཡང་ཀྱེ་རྒྱལ་བའི་ཕྲས་དག་ཁམས་གསུམ་པ་འདི་དག ་ནི་སེམས་ཙམ་མོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེས་ན་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ཅིང་དོན་དམ་པའི་བདེན་པ་དེ་ལ་བརྟེན་ཏེ། དེ་ལྟར་བདེན་པ་གཉིས་རྣམ་པར་མ་ཆད་པའི་རྒྱུན་གྱིས་སྐུ་བཞིས་སེམས་ཅན་གྱི་དོན་བྱེད ་པས་སངས་རྒྱས་སྐྱེ་རབས་སྣ་ཚོགས་པ་ལེན་པར་མཛད་པ་མ་ཡིན་ནམ། ཇི་ལྟར་སེམས་དང་སེམས་མེད་པ་དང་སེམས་ཀྱི་དངོས་པོ་མེད་ཅེས་བརྗོད། དེ་མེད་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སུན་དབྱུང་བར་འགྱུར་རོ། །དེས ་རྨར་མེད་པ་ལ་སོགས་པར་འགྱུར་རོ། །དེས་ཀྱང་སངས་རྒྱས་པའི་སེམས་ཅན་རྣམས་ཀྱི་ལོག་པའི་ལྟ་བའི་དབང་གིས་མུ་སྟེགས་པའི་ལུགས་བརྗོད་དེ་བསོད་ནམས་དང་སྡིག་པ་ལ་སོགས་པ་མེད་ཅེས་གསུངས་པའི་ཕྱིར་དེས་ཀྱང་དམྱལ་བ་ལ་སོང ་བར་འགྲོ་བར་འགྱུར་ཞེས་འགའ་ཞིག་དོག་པ་སྐྱེ་བར་འགྱུར་ན་དེ་འཕྱིར་བརྗོད་དེ། བཅོམ་ལྡན་འདས་ཀྱི་གསུངས་བསྟན་པ། རྣམ་ཤེས་ཞེས་བྱ་བ་ལ་སོགས་པ་ནི། འདིར་རེ་ཐམས་ཅད་ནི་བདེན་མོད། འོན་ཀྱང་དེ་བཞིན་གཤེགས་པས་བསྟན་པའི ་རྣམ་པར་ཤེས་པ་དང་ཡེ་ཤེས་དེ་ལ་ཡང་དགོངས་པ་ཡོད་དོ། །འབྲས་བུ་ཞེས་པ་ལ། འདིར་འབྲས་བུ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ཡང་ངོ། །འདི་རྣམས་ནི་ཐོག་མ་མེད་པའི་དུས་ནས ་རྒྱུད་མཉམ་པ་སྟེ། དེ་རྣམས་ཀྱི་ཐོག་མ་མེད་པའི་བག་ཆགས་ཀྱི་རྒྱུན་གྱི་དབང་གིས་བསྐྱེད་བྱ་དང་སྐྱེད་བྱེད་ཏུ་འབྲེལ་བའི་དངོས་པོར་འགྱུར་རོ། །དེས་ན་རྒྱུ་དང་འབྲས་བུ་ཞེས་པ་ནི་རྣམ་པར་ཤེས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་འབྱུང? ་བ་ལ་སོགས་པ་ལ་འཇུག་པའོ། །དེ་བཞིན་དུ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་བརྟེན་ཏོ། །དེས་ན་བླ་ན་མེད་པའི་མན་ངག་གིས་བསྟོན་པ་ལ་སོགས་པ་དམིགས་སོ། །དེས་ནི་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་རོ། །དེ ་ལྟར་རྣམ་པར་ཤེས་པ་དང་ཡེ་ཤེས་ཀྱིས་རྣལ་འབྱོར་པའི་ཕུན་སུམ་ཚོགས་པར་འགྱུར་ཏེ། །བསམ་གྱིས་མི་ཁྱབ་པའི་ལམ་ལ་འཇུག་པའི་འབྲས་བུ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་ཆོས་ནི་རང་བཞིན་གྱིས ་འབྱུང་བའི་ཆོས་རྣམས་སོ། །ཆོས་ཅན་ཞེས་པ་ནི་གཉིས་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་རང་བཞིན་ནོ། །རེ་བསྒོམ་པ་ནི་རྣམ་པར་ཤེས་པ་དང་ཡེ་ཤེས་མ་རྟོགས་པ་རྟོགས་པར་བྱེད་དེ། དེས་ན་གང་གི་ཕྱིར་ཞེས་བྱ་བ་ལ་སོགས ་པ་གསུངས། །འདིར་སེམས་ཀྱི་རང་བཞིན་རྣམ་པ་མེད་དེས་ན་སེམས་ཀྱི་ཆོས་སྣ་ཚོགས་པའི་རྣམ་པར་རྟོག་པ་ཉིད་ལས་རྩཾ?་རྟོག་འབྱུང་སྟེ། དེ་རྣམས་ཀྱང་རྒྱུན་མི་འཆད་པར་ཆུ་བོའི་རྒྱུན་བཞིན་འབྱུང་ངོ། །དེས་ན་རྒྱ་མཚོ་ཞེས་པ་ནི་འདུས་པར་འགྱུར་ཏེ། ཇི ་ལྟར་རྒྱ་མཚོ་ཆུ་འདུག་པ་བཞིན་ནོ། །དེས་ན་ཐོག་མ་མེད་པའི་རྒྱུད་ཀྱི་དབང་གིས་སེམས་ཅན་སངས་རྒྱས་ལ་སོགས་པའི་རིགས་སུ་འགྱུར་ཏེ། །དེ་རྣམས་ཀྱི་ཆོས་རྣམས་ཀྱིས་ཐར་པ་ཞེས་པ་ནི་ཐར་པ་གཅིག་ཁོ་ན་སྟེ། ཡང་དག་པར་རྫོགས ་པའི་བྱང་ཆུབ་ཀྱི་ཡེ་ཤེས་སུ་འགྱུར་ཞེས་པ་སྟེ་ངེས་པའོ། །དེའི་ཕྱིར་དུ་མ་ཉིད་དུ་དམིགས་མེད་ཅིང་ཞེས་པ་ནི་སྒྱུ་མ་ལྟ་བུའི་ཆོས་ལ་བརྟེན་པའི་རང་བྱིན་གྱིས་བརླབས་པས་རྡོ་རྗེ་ཆང་གི་རྣམ་པ་ལ་སོགས་པར་དམིགས་པའི་ཡུལ་གྱི་ཆོས་དེ ་རྣམས་ཀྱང་རང་གི་སེམས་ཉིད་ལས་བྱུང་བ་སྒྱུ་མའི་རྣམ་པ་དེ་ནི་ཁྱད་པར་གྱི་རྟོག་པར་བསྟན་ཏོ། །དེས་ན་སྒྱུ་མའི་རྣམ་པ་འབྱུང་བ་དམིགས་པའི་ཕྱིར་རོ། །དེའི་ཕྱིར་དམིགས་པ་མེད་པ་ནི་རྣམ་པར་མི་རྟོག་པ་སྟེ་སྒྱུ་མ་མི་བདེན ་པའི་ཕྱིར་རོ། །དེ་ལྟར་དམིགས་པ་དང་བཅས་པ་དང་དམིགས་པ་མེད་པའི་སེམས་གསལ་བ་གཉིས་མེད་པར་དགོངས་སོ། །བླ་མའི་ཞལ་ནས་རྙེད་པར་འགྱུར་ཞེས་པ་ནི་དེ་ཡང་དབང་ཕྱི་མའི་དུས་སུ་བླ་མས་བསྟན་པའི་དཔེའི ་ལྷན་ཅིག་སྐྱེས་པའི་དགའ་བ་བཞི་པ་ཐོབ་པའོ། །ཇི་ལྟར་ནང་དུ་རྣམ་གནས་པ་ཞེས་པ་ནི་རྡོ་རྗེའི་ནོར་བུ་ལྷན་ཅིག་སྐྱེས་པའི་དགའ་བ་བདེ་བའི་གཟུགས་སུ་གནས་པ་དེ་ཉིད་བླ་མའོ། །དེས་ན་ཀུན་རྫོབ་དེས་གང་གི་ཚེ་རང་རིག་པར་འགྱུར་པ་དེའི་ཚེ་བླ་མར་ཤེས ་པར་བྱའོ། །ཅིའི་ཕྱིར་བླ་མ་ཞེ་ན། ཇི?་སྲིད་སྐྱེས་པ་ནས་འཆི་བའི་མཐར་ཐུག་པར་དེ་ཡང་ནང་གི་བདེ་བ་ཉིད་རྣམ་པར་གནས་པ་དེའི་ཞལ་ནས་རྙེད་པར་འགྱུར་ཏེ། བདེ་བ་ཉམས་སུ་མྱོང་བའི་མཐར་ཐུག་པར་དཔེས་རྟོགས་པ་སྤྲོས་པ་མེད་པེའི ་བདེ་བ་བརྗོད་དུ་མོད་པའི་དོན་དམ་པའི་ཡེ་ཤེས་སོ། །དེ་ཡང་འཆད་བཞིན་པས་བཤད་པར་བྱའོ། །དེ་ལྟར་བླ་མ་ནི་རྒྱུད་ཐམས་ཅད་དུ་དགོངས་པ་ཤེད་གཞན་གྱིས་བསྟན་པའོ། །བཅོམ་ལྡན་འདས་གྱི་རེས་པའོ། །དེ་ཁོ་ན་ཉིད་བསྙན་བ་ཞེས་པ ་ནི་དེ་ཁོ་ན་ཉིད་ཡང་དག་པའི་ཡེ་ཤེས་ཡོངས་སུ་བརྟག་པ་འཆད་བཞིན་པས་བཤར་བ་དོས་ཉམས་སུ་མྱོང་བ་འདི་བསྟན་པ་དེའི་རབ་ཏུ་བྱེད་པ་དེས་ཡང་དག་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་བོའི་རྙིག?་པ་དང ་པོའི་རབ་ཏུ་བྱེད་པ་གསུམ་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པ་སྣང་བ་ཞེས་པའི་གཞུང་བསྟན་པ་སྟེ། བཞི་པའོ།། །།ད་ནི་སེམས་ཅན་སྣ་ཚོགས་པའི་བསམ་པ་སྣ་ཚོགས་པས་རང་གི་ལས་དགེ་བར།། ་སངས་རྒྱས་སུ་འགྱུར་རོ། །དེས་ན་མན་ངག་སྣ་ཚོགས་པའི་དོན་དུ་བསམ་པ་སྣ་ཚོགས་པ་སྟོན་པའི་བསྡུས་དོན་དེ་བྱེད་པ་བསྟན་པའི་ཕྱིར། །དེ་ནས་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་པ་ནི་རབ་ཏུ་བཤེད་པ་གསུམ་གྱི། ཐར ་ཏེ། རབ་ཏུ་བྱེད་པ་གསུམ་བསྟན་པ་དེའི་རྗེས་སུའོ། །དེའི་ཕྱིར་རབ་ཏུ་བྱེད་པ་དེ་གསུམ་བཤད་པའོ། །དེ་ཡང་ཡང་དག་པར་བཞད་བྱ་ཞེས་པ་ནི་ཡང་དག་པར་རབ་ཏུ་བཤད་པར་བྱ་བ་སྟེ། རྒྱས་པར་བཤད་པར་བྱ་ཞེས་པའི་དོན་ཏོ།། ་གང་གི་ཕྱིར་སེམས་ཅན་ཐམས་ཅད་ཀྱིས་རྟོགས་པར་འགྱུར་བ་དེས་ཀྱང་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་འགྲོ་བར་འགྱུར་བའོ། །དེ་གང་ཞེ་ན། རྒྱུད་རྣམས་ཀུན་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་རྒྱུད ་ཀུན་གྱི་ཤེས་རབ་དང་ཐབས་ཏེ། དེ་རྣམས་ཀྱི་གཏན་ལ་དབབ་པའི་ནི་ཡང་དག་པར་རྣམ་པར་བཞག་པ་རྣམ་པ་སྣ་ཚོགས་པའོ། །སྦྱོར་བ་ཡང་བསམ་པ་སྣ་ཚོགས་པ་རྣམ་པ་མང་པོ་ཀུན་རྫོབ་དང་དོན་དམ་པའི་དབྱེ་བས་ཐུན་མོང་དུ་ངེས་པའི ་རྒྱུད་ཐམས་ཅད་ཀྱི་སྒྲ་ཞེས་དགོངས་སོ། །དེ་བཞིན་དུ་ངེས་པ་ཡང་བསྟན་པའི་ཕྱིར། སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སེམས་ཅན་ཐམས་ཅད་རྣམས་ཀྱི་ཐུན་མོང་གི་སྦྱོར་བ་དེ་ནི་རྣམ་པ་གསུམ་མོ། །དེ་ཅི་ཞེ་ན ་ལུས་དང་ངག་དང་སེམས་ཀྱི་བདག་ཉིད་ཀྱི་ཕྱིར་རོ། །ཡང་ན་རྣམ་པར་ཤེས་པ་གསུམ་གྱི་བདག་ཉིད་དོ། །དེ་ནས་རྒྱ་ཆེ་བའི་གཟུགས་ཞེས་པ་ནི་རྣལ་འབྱོར་ཐམས་ཅད་ཀྱི་བསྡུས་པའི་དོན་ཏོ། །དེ་ཡང་ཡུལ་དང་དེ་བཞིན་དུ་ཡུལ་ཅན ་དེ་རྣམས་ཀྱི་རང་བཞིན་དེའི་བདག་ཉིད་ཆོས་ཀྱི་སྐུའོ། །གང་དག་ཡུལ་ཡིན་པ་དེ་དག་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་ཏེ་རྣམ་པར་ཤེས་པ་ཅན་ནོ། །ཡུལ་ཡང་རྣམ་པར་ཤེས་པ་གསུམ་སྟེ། དེ་རྣམས་ལས ་ཀུན་གཞི་རྣམ་པར་ཤེས་པ་ནི་སེམས་སོ། །ཉོན་མོངས་པ་ཅན་གྱི་ཡིད་ནི་སེམས་མེད་པའོ། །དེ་བཞིན་དུ་འཇུག་པའི་རྣམ་པར་ཤེས་པ་ནི་སེམས་ཀྱི་གཟུགས་སོ། །དེ་ལྟར་སེམས་ཅན་ཐམས་ཅད་གྲུ་གསུམ་རྒྱ་ཆེ་བ་དོར ་ཏེ། དངོས་པོ་གཟུང་བའི་ཕྱིར་ན་སྒྱུ་མའི་གཟུགས་ཅན་ཞེས་པའི་དོན་ཏོ། །དེ་ལྟར་ཆོས་ཀྱི་སྐུ་གཅིག་དང་དུ་མ་ཉིད་དེ་རྣལ་འབྱོར་པ་རྣམས་ཀྱི་སེམས་ཀྱི་དོན་དུའོ། །དེའི་ཕྱིར་ཏིང་ངེ་འཛིན་ལ་དམིགས་པས་རྣམ་པར་ཤེས ་པ་རྣམས་སྐྱེ་བར་འགྱུར་ཏེ། དེ་བསྟན་པའི་ཕྱིར། གནས་སུ་སྐྱེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སེམས་ཅན་རྣམས་ལ་གཙོར་འདོད་པའི་ཁམས་ལ་བརྟེན་པ་དེ་རྣམས་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་ལ ་བརྟེན་ཏོ། །ཚངས་སོགས་ལྷ་དང་ལྷ་མིན་ཞེས་པ་ནི་གོ་སླའོ། །སོགས་པའི་སྒྲས་ནི་གཟུགས་ཀྱི་ཁམས་དང། གཟུགས་མེད་པའི་ཁམས་དང་ལྷ་མ་ཡིན་དང་མི་ལ་སོགས་པ་རྣམས་སོ། །དེ་ལྟར་དངོས་པོ་ཐམས་ཅད་ནི་ཁྱབ་བྱའོ། ། ་དེ་རྣམས་ལ་ཁྱབ་པར་བྱེད་པ་ནི་ཆོས་ཀྱི་སྐུའོ། །དངོས་པོ་རྣམས་ཀུན་ཏུ་སྦྱོར་བས་ན་རྣམ་པར་ཤེས་པ་ཙམ་མོ། །དངོས་པོ་རྣམས་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལྔའི་རྒྱུས་ཚངས་པ་ལ་སོགས་པ་བདག་ཉིད་ཆེན་པོའི་ལྷ་དང ་གཞན་ཡང་ཆོས་དང་ལྡན་པའི་མི་ལ་སོགས་པ་འཐོབ་བོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་བསོད་ནམས་ཀྱིས་ཚོགས་ཀྱི་ཕྱིར་རོ། །དེ་ཉིད་ཅེས་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དེ་རྣམས་ཉིད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྱབ་པར ་བྱེད་པའོ། །དེའི་ཕྱིར་ཀུན་རྫོབ་རྣམ་པའི་གཟུགས་ཅན་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་ཁྱབ་པ་ཅན་ཡོངས་སུ་ཤེས་པའི་ཚུལ་ཅན་སྟོང་པ་ཉིད་ཀྱི་གཟུགས་ཅན་རྣམ་པ་ཀུན་གྱི་རང་གི་ངོ་བོ་ཅན་ཞེས་པའི་དོན་ཏོ། །དེ་ཉིད་ཡུལ་ལས ་འདས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ད་ནི་སེམས་ཅན་འཁོར་བར་འཆིང་བར་གསུངས་ཏེ། གཏི་མུག་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་རྣམས་གྲོལ་བའི་རྒྱུར་དེ་བཞིན་གཤེགས་པ་ཉིད་ཀྱིས་ཐབས་གསུངས་པ། ་དེས་ན་སངས་རྒྱས་དབང་པོ་ཡེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་འཁོར་བའི་སྡུག་བསྔལ་རྣམས་སུ་ལྟུང་བའི་སེམས་ཅན་དེ་རྣམས་འབྱུང་བའོ། །དེས་ན་ཞེས་པ་ནི་དེའི་ཕྱིར་ཞེས་པའི་དོན་ཏོ། །དཔའ་བོ་སངས་རྒྱས་ཤེས ་པའི་དང་པོའི་སངས་རྒྱས་ས་མ་ཐོག་མ་མེད་པའི་སངས་རྒྱས་འོད་གསལ་བ་ལས་བཞེངས་པའི་རྡོ་རྗེ་འཆང་གིས་སོ། །དེ་ཉིད་ཀྱིས་ན་ཉོན་མོངས་པའི་བདག་ཉིད་ཀྱི་སྡུག་བསྔལ་ཅན་ལ་གཟིགས་པའོ། །དེ་རྣམས་ཀྱིས་ཉོན་མོངས་པ་རྣམས་ཀྱི་རྐྱེན་དུ ་སྤྲུལ་ཏེ་རིགས་པས་ཞེས་པ་ནི་ཤེས་རབ་དང་ཐབས་ལ་སོགས་པ་རྒྱུར་བསྟན་པའོ། །དེ་ཡང་དང་པོ་ལས་ཀྱི་ཕྱག་རྒྱའི་སྒོ་ནས་འདོད་ཆགས་ཀྱི་བདག་ཉིད་ཅན་རྣམས་ལ་བསྟན་ཏེ། དེ་རྣམས་ཀྱི་རྐྱེན་ནི་འདོད་པའི་ཡོན་ཏན་ལྔ་ལ་ཉེ་བར་ལོངས་སྤྱོད ་པའོ། །དེས་ན་སྤྲུལ་པའི་རྒྱུས་ཞེས་པ་ནི་དེའི་ཕྱིར་རིགས་པས་ནང་གི་བདག་ཉིད་ཀྱི་སྦྱོར་བ་བསྟན་ཏེ། དེ་ཡང་འཆད་བཞིན་པའི་འཁོར་ལོ་བཞིའི་རབ་ཏུ་དབྱེ་བ་ལས་སོ། །འབྲས་བུ་ཞེས་པ་ནི་དེའི་ཕྱིར་ཤེས་རབ་དང་ཐབས་དག་གཅིག་པ་ཉིད་དོ། །མཚོན ་ཞེས་པ་ནི་རང་རིག་པའི་ཡེ་ཤེས་ཏེ་དེས་འབྲས་བུ་མཚོན་དུ་མེད་པ་ཞེས་པའི་དོན་ཏོ། །དེ་ཡང་ཁམས་གསུམ་རྣམས་སུ་དྲི་མ་མེད་སྣང་ཞིན་བ་ནི་ལྷ་གསུམ་སྤངས་པའི་འོད་གསལ་བའི་ཡེ་ཤེས་ཏེ། དེ་སྣ་གང་དང་གང་གིས་ཞེས་བྱ་བ་ལ་སོགས་པས ་ནི་ཚངས་པ་ལ་སོགས་པའི་གཟུགས་སུ་སྤྲུལ་ཏེ། དེས་ན་སྐྱེས་རབས་སྣ་ཚོགས་པ་རྣམས་སུ་སྤྲུལ་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཤིང་དང་མེའི་ཚུལ་བཞིན་དུ་ཞེས་པ་ནི་འདིར་ཇི་ལྟར་ཤིང་གཉིས་བསྲུབས་པ་ལས་མེ་འབྱུང་སྟེ། ་མེ་དེ་ཉིད་ཀྱིས་ཤིང་དེ་གཉིས་བསྲེག་གོ་།དེ་བཞིན་དུ་རང་གི་ངོ་བོ་ཡོངས་སུ་ཤེས་པས་རྣལ་འབྱོར་པ་རྣམས་ཀྱིས་རང་བཞིན་དུ་རབ་ཏུ་འཕྲོ་སྟེ། དེ་སྒྱུ་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འབྱུང་ངོ། །དེ་བཞིན་དུ་ཅུང་ཟད་རང ་གི་ངོ་བོ་ཡོངས་སུ་ཤེས་པའི་དབང་གིས་གདུལ་བྱའི་སེམས་ཅན་མ་ལུས་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ནི་ཤེས་བཞིན་ནོ། །དེ་རྣམས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་མེ་བཞིན་ཏེ། དམ་པའི་ཆོས་ཀྱི་ཡེ་ཤེས ་ཀྱི་མེས་ཉོན་མོངས་པ་ཐམས་ཅད་ཀྱི་སྒྲིབ་པ་རྣམས་བསྲེགས་ཏེ། རང་གི་རིགས་པ་ལས་བྱུང་བའི་ཕྱིར་ཞེས་དགོངས་སོ། །དེ་ལྟ་སངས་རྒྱས་ཀྱི་རོལ་མོ་དཾ་པ་རྣཾ་པ་སྣ་ཚོགས་པའི་བདག་ཉིད་དོ། །བཟང་པོ་ཞེས་པ་ནི་རང་གི་ངོ་བོ་ལས་བྱུང་བའི་བྱིས་པ ་རྣམས་ཀྱིས་མི་རྟོགས་པ་རྣལ་འབྱོར་པ་རྣམས་ཀྱི་ངོ་མཚར་སྐྱེད་པར་བྱེད་པ་དང། ཕྱག་རྒྱ་ཆེན་པོའི་བདེ་བ་སྟེར་བར་བྱེད་པའོ། །ཕུང་པོ་ཞེས་བྱ་བ་ལ་སོགས་པ་ནི་ཇི་སྐད་གསུངས་པ་དེ་དེ་བཞིན་དུ་བྱ་ཞེས་པའི་དོན་ཏོ། །གཏི་མུག་ཅེས་བྱ་བ་ལ ་སོགས་པ་ནི་འདིར་ཐ་མལ་པའི་གཏི་མུག་ལ་སོགས་པ་རྣམས་གཏི་མུག་ཆེན་པོ་ལ་སོགས་པས་སྦྱངས་པར་བྱའོ། །དེ་ལྟར་རྣམ་པར་དག་པ་ལྔ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔའོ། །དེ་རྣམས་ཐམས་ཅད་སྦྱོང་ཞེས ་བྱ་བ་ནི་དེ་རྣམས་ནི་རྡོ་རྗེ་སེམས་དཔའ་དེའི་རང་བཞིན་ཏེ། ཉོན་མོངས་པ་ལྔ་རྡོ་རྗེ་འཆང་དང་འདྲ་བར་འགྱུར་བའོ། །དེ་དག་རིགས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ད་ནི་སེམས་ཅན་གང་དག་གིས་བླ་ན་མེད་པ་སྡུག་བསྔལ??་གི་ཐེག་པ་ཆེན་པོ་མི ་རྙེད་པ་དེས་ན་དེ་རྣམས་ཀྱི་ཕྱིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འབྱུང་བར་བརྗོད་དོ། །གང་དག་བླ་མ་ལ་ཞེས་བྱ་བ་ལ་སོགས་པ་ལ། སྔགས་དང་ཕྱག་རྒྱ་འང་རྙེད་མི་འགྱུར་ཞེས་བྱ་བ་ནི་སྔགས་དང་ཕྱག་རྒྱ་མི་ཤེས་པའི་དོན་ཏོ། །རང་གི་དོན་ནི་ཕྱག་རྒྱ ་ཆེན་པོ་ཡང་མི་ཤེས་པ་དེ་ལ་དེ་སྐད་ཅེས་བྱའོ། །འཛམ་བུའི་གླིང་དུ་ཞེས་བྱ་བ་ལ་སོགས་པ་ནི་འདིར་དགའ་ལྡན་གྱིས་གནས་ནས་དེ་བཞིན་གཤེགས་པ་རྣམས་འཁྲུངས་པར་འགྱུར་བའོ། །འདིར་ཡང་འཛམ་བུའི་གླིང་དུ་བདག་ཅེས་པ་ནི་ཤཱཀྱ་ཐུབ་པ ་སངས་རྒྱས་བདག་དགའ་ལྡན་གྱི་གནས་ནས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་རྡོ་རྗེའི་རྒྱན་གྱི་བདག་ཉིད་ཀྱི་གཞལ་ཡས་ཁང་རྣམས་སུ་ལོངས་སྤྱོད་རྫོགས་པའི་སྐུ་ལས་སྤྲུལ་པའི་སྐུ་འབྱུང་བ་ནི་ཐུན་མོང་གི་ཚིག་གོ་།དེས་པར་གསུངས ་པའི་ཚིག་ནི་བཙུན་མོ་ཞེས་པ་ནི་རྡོ་རྗེའི་བཙུན་མོ་སྤྱན་མ་ལ་སོགས་པ་དང། མཁའ་འགྲོ་མ་ལ་སོགས་པའོ། །ཡང་ན་ཐ་མལ་པའི་བུད་མེད་རྣམས་སོ། །དེ་རྣམ་སྐྱི་བྷ་ག་གྲུ་གསུ་ས་བཅུ་གཅིག་རྣམ་པར་དག་པའི་ཕྱིར་གོང་ནས་གོང ་དུ་སྤངས་པའོ། །ས་བཅུའི་དབུས་ཁོང་སྟོང་གིས་བཅུ་གཅིག་པའོ། །འདི་ནི་མིང་ཙ་མོ། །རང་གི་ངོ་བོ་ནི་ཤིན་ཏུ་རྣམ་པར་དག་པའི་བྷ་ག་སྟེ། སྣ་ཚོགས་སྡུད་པའི་ཕྱིར་རོ། །ལྷན་ཅིག་སྐྱེས་པའི་དགའ་བའི་བདག་ཉིད་ལུས་དང་ངག་དང་སེམས་གསུམ ་གྲུ་གསུམ་མོ། །དག་པ་ཞེས་པ་ནི་རང་རིག་པའི་བདག་ཉིད་དེ་ཉིད་གང་ལ་ཡོད་པ་དེ་ལ་དག་པ་ཞེས་བརྗོད་དེ་གཙོ་བོའོ། །དེ་ཇི་ལྟར་དག་པ་དེ་བསྟན་པའི་ཕྱིར་ཨེའི་ཆ་བྱད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཨེའི་རྣམ་པ་ཨ་བ་དྷཱུ་ཏཱི་ལའོ།། ་དབུས་སུ་བམ་ནི་བལྟ་བར་བྱ་ཞེས་པའི་སྒྲ་ནི་བདག་ཉིད་རྡོ་རྗེ་སེམས་དཔའ་འོ། །དེ་ལྟར་ཨེ་བཾ་ཞེས་པ་ཤེས་རབ་དང་ཐབས་ཀྱི་མདོར་སྦྱོར་བ་བསྡུས་པ་བསྟན་པའོ། །ཇི་ལྟ་བ་ཞེས་པ་ནི་རིག་པའོ། །དེ་ཉིད་བསྟན་པའི་ཕྱིར་གྲུ་གསུམ་ཞེས་བྱ ་བ་ལ་སོགས་པ་གསུངས་ཏེ། འདིར་རྫོགས་པའི་རིམ་པ་ལས་སྐྱེས་པར་འགྱུར་བ། དེ་ཡང་རྫོགས་པའི་རིམ་པ་བསྒོམ་པ་ལས་བསྟན་པ་དེས་ན་དག་པ་སྟེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་སྦྱོར་བའོ། །དེའི་ཕྱིར་རྫོགས་པའི་རིམ་པར ་བརྗོད་དོ། །གྲུ་གསུམ་ཞེས་པ་ནི་ལ་ལ་ན་དང་ར་ས་ནཱ་དག་གི་དབུས་ཀྱི་ཨ་བ་དྷཱུ་ཏཱིའོ། །དེའི་དཀྱིལ་འཁོར་ཉམས་དགའ་བར་ཞེས་པ་ནི་ཆོས་ཀྱི་དབྱིངས་ཡོན་ཏན་རྒྱས་པ་ཐམས་ཅད་འབྱུང་བ་ཐམས་ཅད་ཀྱི་གནས་དེ་ཉིད་བླ་མའི་མན ་ངག་གིས་ཞེས་བྱ་བ་ལ་སོགས་པའི་སྒྲིབ་པ་ཡོངས་སུ་ཟད་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉམས་དགའ་བ་ལ་མེ་ཏོག་དང་འབྲས་བུ་སྣ་ཚོགས་པས་གཏམས་པའོ། །མེ་ཏོག་ནི་ཏིང་ངེ་འཛིན་སྣ་ཚོགས་པའི་བདེ་བ་བསམ་གྱིས ་མི་ཁྱབ་པ་གཞལ་དུ་མེད་པའོ། །འབྲས་བུ་ནི་རྒྱུ་མཐུན་པ་དང་རྣམ་པར་སྨིན་པ་དང་སྐྱེས་བུ་བྱེད་པ་དང་དྲི་མ་མེད་པ་རྣམས་ཏེ། དེ་ལ་སོགས་པ་ཐོབ་པའི་གནས་སུ་རྣལ་འབྱོར་པ་རྣམས་ཀྱིས་བསྒོམ་པ་རྟོག་པའི་ཕྱིར། རྡོ་རྗེ་རོལ་པ་ཡང་དག་འབྱུང ་ཞེས་པ་ནི་འདིར་ཨ་བ་དྷཱུ་ཏཱི་རི་བསམ་གྱིས་མི་ཁྱབ་པའི་སེམས་ཀྱིས་ཡོངས་སུ་རྟོག་པའི་སྲོག་དང་ཐུར་སེལ་འཇུག་པས་བྱང་ཆུབ་སེམས་དགུག་པའོ། །ཇི་ལྟར་དེ་དགུག་ཅེ་ན་དབུ་རྒྱན་གྱི་བུ་ག་ནས་ལྟེ་བར་འོང་བ་དེ་ལ་བརྟེན་པའི་བདེ་བ་དེ་ཉིད ་ཀྱི་སྦྱོར་བས་གོམས་པོ་ལས་བསམ་དུ་མེད་པ་ཡང་སྟེང་དུ་འགྲོ་སྟེ། མི་འཇོག་པའི་ཕྱིར་རོ། །དེས་ན་དེ་ལས་སངས་རྒྱས་ཀྱི་ཡོན་ཏན་རྣམས་སྐྱེའོ། །དེའི་ཕྱིར་ཆོས་ཀྱི་འབྱུང་གནས་ཤེས་པའི་སྒྱུར་འཇིག་རྟེན་དུ་གྲགས་སོ། །དེ་ཡང ་བཙུན་མོའི་བྷ་ག་ཞེས་པ་ཞེས་བྱ་བ་ནི་སྤྱན་མ་ལ་སོགས་པའོ། །དང་གི་སྦྲས་ནི་ཐ་མལ་པའི་པུད་མེད་གཟུང་བའི་དོན་ཏོ། །དེ་བཞིན་དུ་དེའི་ཞེས་པ་ནི་ཨ་བ་དྷཱ་ཏིའི་བྷ་གའོ། །པདྨ་ཞེས་པ་ནི་རྩ་བརྒྱད་རེག་བྱར་བདག་ཡིད་ཅན་ནོ། །གེ་སར་བཅས ་ཞེས་པ་ནི་དེའི་བདུད་པའི་བུ་ག་འམ། ཁོང་སྟོང་ལ་སྦྱར་བའོ། །དེ་རྣམས་ཀྱི་རང་བཞིན་བསྟན་པའི་ཕྱིར་ཨཱ་ལི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་དུ་རྩ་བརྒྱད་རྣམས་ལ། ཨཱ་ལི་ཀཱ་ལི་མཉམ་འདྲེས་པའི། སྡེ་ཚན་བརྒྱད་ཅེས ་པ་ནི་འདིར་ཨཱ་ལི་ནི་ཨ་ལ་སོགས་པའི་དབྱངས་ཡིག་བཅུ་དྲུག་གོ། དེ་བཞིན་དུ་ཀཱ་ལི་ནི་ཀ་ལ་སོགས་པའི་གསལ་བྱེད་སུམ་ཅུ་རྩ་གསུམ་མོ། །འདི་ནི་ཡི་གེའི་དོན་ཏོ། །འོན་ཀྱང་རྩ་རྣམས་ལ་སྲོག་མཉམ་པར་འདྲེས་པ་དེ་ནི་ཀཱ་ལིའི ་གཟུགས་སོ། །དེ་བཞིན་དུ་ཨཱ་ལིའི་གཟུགས་ནི་ཐུར་སེལ་གྱི་རླུང་ངོ། །དེ་དག་མཉམ་དུ་འདྲེས་པ་ནི་དེར་ཐིམ་པ་ཞེས་པའི་དོན་ཏོ། །དེས་སྡེ་ཚན་བརྒྱད་རྣམ་པར་གནས་ཏེ་བརྡས་བསྟན་པ་བརྗོད་དུ་མེད་པ་ཞེས་པའི་དོན་ཏོ། །དེས་ན་ཕུང་པོ ་དང། ཁམས་དང་སྐྱེ་མཆེད་རྣམས་འགོག་ཅིང་མིང་ཙམ་ཡང་མེད་དེ་འགོག་ཅེས་པ་སྟེ་ངེས་པའོ། །ཡང་ན་ཨཱ་ལི་ཀཱ་ལི་ཞེས་པ་ནི་ཟླ་བ་དང་ཉི་མ་སྟེ་ཁུ་བ་དང་རྡུལ་ལོ། །དེ་དག་འདྲེས་པ་སྒྲ་ཅན་ཏེ་ཀུན་གཞི ་རྣམ་པར་ཤེས་པའི་མིང་ཅན་ནོ། །དེ་ཡང་དབུས་སུ་གནས་པའི་གེ་སར་གང་གི་འཇུག་མ་དེ་ནི་དུ་བ་འཇུག་རིངས་ཏེ། དེའི་རྣམ་པ་བརྒྱད་ནི་རྩ་བརྒྱད་དེ་དེ་རྣམས་ཀྱིས་དབུས་སུ་རྣམ་པར་ཤེས་པ་བརྒྱད་འདབ་མ་བརྒྱད་བཞིན་དུ་རྩ ་བརྒྱད་ལ་གནས་ཏེ་དེ་ལ་ཤར་གྱི་འདབ་མ་ལ་ཉོན་མོངས་པ་ཅན་གྱི་ཡིད་ཉི་མའོ། །དེ་བཞིན་དུ་ནུབ་ཀྱི་འདབ་མ་ལ་ཀུན་གཞི་རྣམ་པར་ཤེས་པ་སྒྲ་གཅན་གྱི་མིང་ཅན་ནོ། །དེ་བཞིན་དུ་ལྷོའི་འདམ་མ་གསུམ་ལ་ཤར ་ལ་སོགས་པ་རིམ་པ་བཞིན་དུ། སྣའི་རྣམ་པར་ཤེས་པ་དང། ལྕེའི་རྣམ་པར་ཤེས་པ་དང། རྣ་བའི་རྣམ་པར་ཤེས་པའོ། །དེ་རྣམས་དང་སྤེན་པ་དང་ཕུར་བུ་དང་མིག་དམར་གྱི་མིང་ཅན་ནོ། །དེ་བཞིན་དུ་བྱང་གི་འདབ ་མ་གསུམ་ལ། ཤར་ལ་སོགས་པ་རིམས་བཞིན་དུ་མིག་གི་རྣམ་པར་ཤེས་པ་དང། ལུས་ཀྱི་རྣམ་པར་ཤེས་པ་དང། ཡིད་ཀྱི་ཤེས་པར་ཤས་པའོ། །དེ་རྣམས་ཀྱང་གཟའ་ལག་དང་ཟླ་བ་དང་པ་བ་སངས་ཀྱི་མིང ་ཅན་ནོ། །དེ་ལྟར་གཟའ་བརྒྱད་ཀྱི་རེས་བརྒྱད་དམ་ཐུན་བརྒྱད་དེ། སྒྲ་གཅན་གྱི་ལོངས་སྤྱོད་ཀྱི་དབང་གིས་སོ། །རྩ་བ་བརྒྱད་བོ་དེ་རྣཾ་ཀྱང་སྒོ་བརྒྱད་རྣམས་སུ་སོང་བའི་དོན་ཏོ། །ལུས་ཅན་ཞེས་བྱ་བ་ལ་སོགས་པ་ནི་འདིར་སེཾ་དང ་རྣམས་ཀྱི་རང་གི་མིང་གི་དབང་པོའི་ཡི་གེ་ཞི་པ་ལ་སོགས་པའི་ལས་རྣམས་བྱེད་དོ། །གང་གི་ཕྱིར་རང་གི་ལུས་སུ་བསྒྲུབས་པའི་སྔགས་སྡེ་ཚན་བརྒྱད་རང་བཞིན་གྱིས་གྲུབ་པའོ། །དེ་རྣམས་ཀྱང་སྤྲོས་ན་ཡི་གེ་ལྔ་བཅུའི ་བརྡས་དབྱེ་བ་རྣམས་ཞེས་པ་ནི་འདིར་ལུས་ལ་གང་ན་ལྔ་བཅུའི་གནས་རྣམས་སུམ་དུད་པ་ལྔ་བཅུར་འགྱུར་ཏེ། དེ་རྣམས་ལ་ཁུ་བ་ལྔ་བཅུ་འམ་གོ་ར་ལྔ་བཅུར་འགྱུར་རོ། །དེ་རྣམས་ལ་སྨིག་རྒྱུ་ཁྱུགས་པ་ལྟ་བུ་ག་ལ་ཡོད་དོ། །དེ་རྣམས ་ཀྱི་གནས་རྣམས་སུ་ཡི་གེ་རྣམ་གྲངས་བཞིན་དུ་ཨ་ཨཱ་ཨི་ཨའི་ཨུ་ཨའུ་རི་རཱི་ལི་ལཱི་ཨེ་ཨི་ཨོ་ཨཽ་ཨཾ་ཨ(རྒྱུད་འགྲེལ་དག་པར་གནས། །དེ་ལྟར་ཡི་གེ་ལྔ་བཅུ་པོ་རྣམས་ཀྱི་དབྱིབས་ནི་ཤར་ཕྱོགས་ལ་སོགས་པའི་ཡི་གེ་བཞིན་གནས་སོ། །དེ་རྣམས་ཉིད་ཀྱི་གནས་གསུངས་པ་དེ་ལྟར་རིམ་པ་བཞིན་སྤྱི་བོ་དང་སྤྱི་གཙུག་དང། རྣ་བ་གཡས་པ་དང་རྒྱབ་ཀྱི་ཆ་དང། རྣ ་བ་གཡོན་པ་དང། སྨིན་མའི་དབུས་དང། མཁལ་མ་དང། སྙིང་དང། མཆན་ཁུང་གཉིས་དང། ནུ་མ་གཉིས་དང། གློ་བ་གཉིས་དང། སྣའི་རྩེ་མོ་དང། གློ་བའི་རྩ་གཉིས་དང། ལྟོ་བ་དང། ལ་ལ་ནཱ་དང། ར་ས་ནཱ་དག་དང། བཤར་བའི་རྩ་དང་སྐྲ་མཚམས་ཀྱི་བུ་ག་དང། རྒྱུ་ཞབས་དང། རྣག་གི་རྩ་དང། བརླ་གཉིས་དང། རྗེ་དར་གཉིས་དང། ཚིལ་གྱི་བུ་ག་དང། རྐང་པའི་བོལ་གཉིས་དང། པུས་མོ་གཉིས་དང། ལྷག་མ་ནི་ལག་པ་དང། རྐང་པའི་སོར་མོ་ཉི་ཤུའི་བུ་ག ་རྣམས་སོ། །དེ་ལྟར་རང་བཞིན་བརྗོད་དོ། །གནས་དེ་རྣམས་སུ་སྔགས་གཞན་རྣམས་མགྲིན་པ་དང། རྐན་དང་མཆུ་ལ་སོགས་པས་ཡི་གེ་ཉིས་རྩེགས་དང་སུམ་བརྩེགས་ལ་སོགས་པ་སྣ་ཚོགས་པར་སྦྱོར་བའི་རང་བཞིན་ཅན་བརྗོད་དེ། །དེ་ལྟར ་རྒྱུད་རྣམས་དང་གཞན་ཡང་ཕྱིའི་བསྟན་བཅོས་རྣམས་ཏེ། སྒྲའི་བསྟན་བཅོས་ལ་སོགས་པ་རྣམས་འབྱུང་སྟེ། དེའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེ་ལྟར་འདི་དག་ཅེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སྙིང་པོའི་རང་བཞིན་ཞེས་པ་ནི་རྡོ་རྗེ་ནི་རང ་རིག་པའི་ཡེ་ཤེས་སོ། །དེའི་སྙིང་པོ་ནི་མིང་གི་ཡི་གེ་རྣམ་པར་ཤེས་པ་ཙམ་ཉིད་དོ། །གཞན་ནི་མིན་ཞེས་པ་ནི་དེ་ལྟར་རང་རིག་པའི་ཡེ་ཤེས་ཀྱི་ཡི་གེ་རྣམས་ནི་གཞན་ཐ་མལ་པ་འགའ་ཞིག་གི་ལུས་ལས་འབྱུང་བ་མ་ཡིན ་ནོ། །དེའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱིས་རྟག་པ་རྒྱན་དུ་ཡང་དག་པའི་སྦྱོར་བས་བརླབ་ཅེས་པ་སྟེ་ངེས་པའོ། །དེ་ལྟར་སྡེ་མཚན་དེ་རྣམས་ལ། ཨ་ནི་མགྲིན་པ་དང་ཁར་རོ། །དེ་བཞིན་དུ་ཀ་ནི་རྣ་བ་གཡས་པར་རོ། །ཙ་ནི་མིག་གཡོན་པར་རོ། །ཊ་ནི ་མིག་གཡས་པར་རོ། །དེ་བཞིན་དུ་ཏ་ནི་རྣ་བ་གཡོན་པ་ལའོ། །པ་ནི་སྣའི་བུ་ག་གཡོན་པར་རོ། །དེ་བཞིན་དུ་ཡིན་བུ་ག་གཡས་པར་རོ། །དེ་བཞིན་དུ་ཤ་ནི་བཤད་པའི་བུ་གར་རོ། །སྡེ་མཚན་ལྔ་བཅུ་པོ་རྣམས་ནི་སྲོག་གི་བུ་གར་རོ། །ཞེས་བརྗོད་པ ་ནི་དབུགས་ནང་དུ་ཆུད་པ་སྟེ། སྔོན་དུ་གསུངས་པའི་བཙན་ཐབས་ཀྱི་སྦྱོར་བའོ། །སླར་ཡང་བྱང་ཆུབ་སེམས་དང་ལྷན་ཅིག་རྡོ་རྗེ་རོལ་པ་ནི་ཨ་བ་དྷཱུ་ཏཱིའི་བདེ་བར་རོ། །མཉམ་པར་གྱུར་པ་འོངས་ཏེ། པདྨར་ཞུགས་པའོ། །པདྨ་དེ་ཡང་ཨ་བ་དྷཱུ་ཏཱི ་ནམ་མཁའ་དང་མཚུངས་པ་བེམས་པོ་དང་བྲལ་བའོ། །དེ་ཡང་སོ་སོ་ཞེས་པ་ནི་རང་གི་ངོ་བོ་ལྟ་བུའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་རིག་པ་སྟེ་ལྷའི་དབང་པོ་དང་ལྷའི་རྣམ་པར་ཤེས་པ་བརྒྱད་ཀྱི་རང་བཞིན་ཞེས་བྱ་བའི་དོན་ཏོ། །དེ་རྣམས་དབུས་ཀྱི ་ཞེས་བྱང་ལ་སོགས་པ་ནི་ལྷའི་རྣམ་པར་ཤེས་པ་བརྒྱད་པོ་དེ་རྣམས་ཀྱི་དབུས་སུའོ། །ལྟེ་བ་ཞེས་པ་ནི་དེར་བསྐྱེད་པ་རང་རིག་པའི་ཡེ་ཤེས་གཙོ་བོ་ཉིད་ཀྱི་ཕྱིར་ལྟེ་བའོ། །ཉམས་སུ་མྱོང་བའི་ཕྱིར་དེ་རྣམས་ཀྱི་དབུས་སུ་གནས་པ་ཉིད་དོ། །དེའི ་ཕྱིར་མཆོག་གི་དབང་ཕྱུག་མ་སྟེ། མཆོག་མི་ཡེས་དམ་པ་རྣམ་པར་ཤེས་པ་རྣམས་དང་བྲལ་བ་དེའི་རང་བཞིན་ཙམ་ཉིད་དོ། །དེས་ན་དབང་ཕྱུག་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རྣམས་རྫོགས་པའོ། །དེས་ན་འཇིག་རྟེན་དང་འཇིག ་རྟེན་ལས་འདས་པའི་དོན་འདོད་པ་རྣམས་ལ་དངོས་གྲུབ་སྟེར་བར་བྱེད་པའོ། །དེས་ན་སྡེ་ཚན་བརྒྱད་ཀྱིས་ཡང་དག་པར་བསྐོར་བའོ། །དེ་ཅི་ཞེ་ན། མཆོག་ཏུ་མི་འགྱུར་ཞེས་པ་སྟེ། མི་འཛག་པའི་ཕྱིར་རོ། །དེ་ཡང་ཨ་སྟེ་ཡི་གེ་ཐམས་ཅད་རྣམས ་ཀྱི་མཆོག་ཏུ་འགྱུར་བའོ། །དོན་ཆེན་ཞེས་པ་ནི་རང་གི་ངོ་བོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནོ། །དེས་ན་གྲུབ་པ་སྟེ། ཆོས་ཀྱི་དབྱིངས་ཉིད་ཀྱི་ཕྱིར་རོ། །ཞེས་དགོངས་སོ། །དེ་བཞིན་དུ་སྡེ་ཚན་རྣམས་ཀྱི་གཙོ་ཞེས་པ་ནི་ཆོས ་ཐམས་ཅད་རྣམས་ཀྱི་མཆོག་ཏུ་གྱུར་པའི་ཕྱིར་ཆོས་ཀྱི་སྐུ་རྟག་པའི་མཚན་ཉིད་དོ། །དེ་ཉིད་ལས་ཞེས་པ་ནི་གནས་འདི་རྣམས་ལས་བྱུང་བ་ལུས་ཅན་རྣམས་སྔགས་ཐམས་ཅད་རྣམས་ནི་འཆད་བཞིན་པ་དེ་ཉིད་ཀྱིས་སྟོན་ཏོ། །གང་རལ་གྲི་མིག་སྨན ་ཞེས་བྱ་བ་ལ་སོགས་པ་དངོས་གྲུབ་ཀྱི་ལས་ཐམས་ཅད་ནི་གོ་སླའོ། །འོན་ཀྱང་དེ་ཐམས་ཅད་འཆད་བཞིན་པའི་ལས་སོགས་ཀྱི་རབ་ཏུ་བྱེད་པ་ལས་བཤད་པར་བྱའོ།། །།ད་ནི་སྔགས་འདི་རྣམས་ཀྱི་གནས་ཀྱི་དབང་གི་ཡོན་ཏན་གྱི་རང ་བཞིན་བརྗོད་པའི་ཕྱིར། སྒྲ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སེམས་ཅན་ཐམས་ཅད་རྣམས་ཀྱི་ལུས་ཀྱི་རྩ་ཨ་བ་དྷཱུ་ཏཱི་ནང་དུ་རང་རིག་པའི་ཡེ་ཤེས་དེ་ནི་སྒྲའོ། །དེ་ཡང་ཨའི་ཡི་གེའི་མིང་ཅན་བདེ་བས་ཁྱབ་པར་བྱེད་པའོ། །དེའི་ཕྱིར ་སྔགས་ཞེས་སུ་གསུངས་པར་འགྱུར་ཏེ། སྔགས་རྣམས་བརྗོད་པའི་རང་བཞིན་ནོ། །དེ་ཡང་བདེ་བ་སྣ་ཚོགས་པ་གཉིད་ཀྱི་ཕྱོགས་དཔེའི་ཡུལ་མ་ཡིན་པའོ། །དེ་ཉིད་ཀྱི་དབང་དུ་བྱས་ཏེ་གསུངས་པ། སྣ་ཚོགས་མདུད་པ་ཞེས་བྱ་བ་ལ ་སོགས་པ་ལ། འདིར་ལུས་ལ་སྣ་ཚོགས་མདུད་པ་ནི་རྣམ་པ་གཉིས་ཏེ་ཕྱི་དང་ནད་དོ། །དེ་ནི་རྡོ་རྗེ་ནོར་བུའི་ལྟེ་བའོ། །ནང་ནི་ལྟེ་བའི་ལྟེ་བའོ། །དེའི་གནས་ཆེན་ལས་ཞེས་པ་ནི་འདིར་ཕྱག་རྒྱ་བཞིའི་དབྱེ་བས་དང་པོ་གོམས་པའི་སྦྱོར་བས་ལྟེ་བ ་ལ་སོགས་པའི་འཁོར་ལོ་བཞི་ལ་རིམ་པ་བཞིན་ལས་དང་ཆོས་དད་དམ་ཚིག་དང་ཕྱག་རྒྱ་ཆེན་པོའོ། །དེ་རྣམས་ཀྱང་འཆད་བཞིན་པས་གསལ་བར་བསྟན་པའི་ཕྱིར་རོ། །དེ་ཡང་དབྲལ་བ་ནས་ལྟེ་བའི་མཐར་ཐུག ་པར་ཟློག་པ་དེས་ལས་ཀྱི་ཕྱག་རྒྱལ་སོགས་པར་ཤེས་པར་བྱའོ། །དེའི་ཕྱིར་ལྟེ་བའི་གནས་ནས་ཆོས་ཀྱི་རོལ་པ་ཡང་དག་འབྱུང་ཞེས་པ་ནི་འདིར་སྔོན་གྱི་བདེ་བ་ཆེན་པོའི་འཁོར་ལོ་ལས་རྡོ་རྗེ་རོལ་པ་ནི་ཨོ་ཌཡན་གྱི་སྒོ་ནས་བྱང་ཆུབ་སེམས ་རང་རིག་པའི་ཡེ་ཤེས་རོ་མཉམ་པའི་གཟུགས་ལྟེ་བར་འོངས་པའོ། །དེས་ན་སྣ་ཚོགས་མདུད་པའི་གནས་ཆེན་ལས་ཆོས་ཤེས་པ་སླར་ཡང་ཛཱ་ལན་དྷ་རའི་སྒོ་ནས་སྟེང་དུ་སོང་བའི་ཆོས་ཀྱི་འཁོར་ལོར་འཇུག་པ་ནི་ཆུའི་འཁྲུལ་འཁོར ་བཞིན་ནོ། །འོན་ཀྱང་དགོངས་བཤད་གཞན་གྱིས་ཆོས་ཀྱི་སྒྲ་ནི་ཆོས་ཀྱི་དབྱིངས་ཏེ། དེ་ཡང་ཐམས་ཅད་ལ་ཁྱབ་པར་བྱེད་པའོ། །རོལ་པ་ཞེས་པ་ནི་དཔེའི་བདེ་བ་སྤངས་པའོ། །ཡང་དག་འབྱུང་ཞེས་པ་ནི་གང་གི་ཕྱིར་ལྟེ་བའི་སྟེང་བུ ་བདེ་བ་འགྲོ་བའི་ཕྱིར་བསམ་གྱིས་མི་ཁྱབ་པའི་བདེ་བ་དེ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཉིད་སྟེར་བར་བྱེད་པའོ། །དེའི་ཚེ་ཅི་ཡང་མེད་ནས་ཅེས་བྱ་བ་ལ་སོགས་པ་ནི་དེ་ལྟར་ཅི་ཡང་མེད་པ་ནི་ཁ་ཅིག་ཏུ་འགའ་ཞིག་གི་ངེས་པ་འདི་ལས ་ཅི་ཡང་མེད་དེ། རྟག་ཏུ་ལྟེ་པ་ལ་སོགས་པར་རྣམ་པར་གནས་པ་ནི་སྔགས་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་ཡེ་ཤེས་ཀྱི་གནས་ཕྱོགས་གཅིག་པ་གནས་པ་མེད་པར་རང་བཞིན་གྱིས་མ་སྐྱེས་ཤིང་མི་འགག་པའི་དངོས ་པོ་རྣམས་སུ་འཛིན་པ་མེད་པའི་ཕྱིར་ཞེས་དགོངས་སོ། །དངོས་གྲུབ་ཅེས་པ་ནི་དེའི་ཕྱིར་སྔོན་ནས་གྲུབ་པའོ། །དེས་ན་དངོས་གྲུབ་ནི་བསྟན་པའི་སྒོ་ནས་བཤད་པའོ། །རྫུ་འཕྲུལ་ཞེས་པ་ནི་མཆོག་ཏུ་མི་ཟད་པའི་ཕྱིར་རོ། །དེའི་ཕྱིར་རྣམ ་གནས་ཤེས་པ་ནི་རྟག་པ་རྒྱུན་ཏུ་གནས་པ་རྟག་ཏུ་དངོས་པོ་མེད་པའི་མཚན་ཉིད་དོ། །དེ་ཡང་དེ་དག་ལ་སོགས་པའི་ཡོན་ཏན་གྱི་རྣམ་གྲངས་ཤེས་པར་བྱ་སྟེ་མིང་མེད་པའི་ཕྱིར་རོ། །དེས་ན་དེ་དེ་བཞིན་དུ་བསྟན་ཏོ། །དེ་ཡང་མ་སྐྱེས་པ་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ་གོ་སླའོ། །དེ་ལྟར་སྔགས་དང་དབྱངས་དང་གསལ་བྱེད་ཀྱི་སྡེ་མཚན་ཐམས་ཅད་སྒྲའི་རང་བཞིན་སངས་རྒྱས་སོ། །གང་གི་ཕྱིར་སངས་རྒྱས་དང་སྒྲ་ལ་བརྟེན་ཅིང་དེ་ལས་བྱུང་བའོ། །དེ་དེའི་ཕྱིར་སྔགས་ལ་སོགས་པ་ཐམས་ཅད ་སངས་རྒྱས་ཀྱི་གསུང་གི་སྒོ་ནས་བསྟན་པའི་བདག་ཉིད་ཅེས་པ་སྟེ་དེས་པའོ།། །།ད་ནི་སྔོན་དུ་དངོས་པོར་ཞེན་པ་དགག་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པའི་འཁོར་ལོ་བཞིའི་དབྱེ་བས་རྡོ་རྗེ་འཆང་གི་ཆོས་ཀྱི་འབྱུང་གནས་ཀྱི་ནང་གི ་གཞལ་ཡས་ཁང་དུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་བཞུགས་བ་མཆོག་ཏུ་ཐབ་པའི་གནས་ནི་ཀུན་རྫོབ་ཀྱི་བདེན་པའི་དབྱེ་བས་བརྗོད་པའི་ཕྱིར། །དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བ་ནི་རྣལ་འབྱོར་པ་རྣམས་ཀྱི་ལུས་རྣམ ་པར་དག་པའི་རྗེས་ཐོགས་སུ་རྣལ་འབྱོར་པ་དག་པ་བརྗོད་དེ། དེས་ན་གཞན་ཞེས་པ་ནི་མཆོག་ཏུ་ཟབ་པ་ལས་ཟབ་པའི་གནས་སོ། །དེ་ཡང་ཁ་སྦྱོར་ལས་བྱུང་མཚན་ཉིད་དེ་ཞེས་པ་ནི་འདིར་ཐུན་མོང་དུ་སྟོང་པ་དང་སྙིང་རྗེ་དབྱེར་མེད་ཅིང་གཉིས་མེད་པའོ། །ཁྱད ་པར་དུ་མངོན་པར་འདོད་པ་ནི་བསམ་གྱིས་མི་ཁྱབ་པའི་སྙིང་རྗེ་དང་སྟོང་པ་སྟེ། དེ་ནི་ཁ་སྦྱོར་རོ། །དེས་ན་དབྱེར་མེད་ཅིང་བསམ་དུ་མེད་པ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཟབ་པ་ལས་ཀྱང་ཟབ་པ་གཉིས་མེད་པ་དེ་གང་ལས་བྱུང་བ་ཡོད་བདེ་ནི་ཁ་སྦྱོར ་ལས་བྱུང་བ་སྟེ། དེའི་མཚན་ཉིད་རབ་ཏུ་བཤད་པར་བྱ་ཞེས་སྦྱར་རོ། །དེ་ཡང་ཨེ་ཞེས་བྱ་བ་ལ་སོགས་པས་སོ། །དེ་བཞིན་དུ་ཨེ་ནི་ཡེ་ཤེས་ཀྱི་ཨ་བ་དྷཱུ་ཏཱིའོ། །ས་ཞས་པ་ནི་ས་ཆེན་པོར་ཤེས་པར་བྱ་སྟེ། བསྟན་པའི་སྒོ་ནས་ཤེས་པར ་བྱའོ། །དེས་ན་ལས་ཀྱི་ཕྱག་རྒྱ་ཉིད་དང་སྤྱན་ཞེས་གསུངས་ཏེ། དེ་ཉིད་ཀྱི་སྒྲ་ནི་ངེས་པར་གཟུང་བའོ། །ལྷག་མ་ནི་གོ་བླའོ། །དེ་ལྟར་འཁོར་ལོ་བཞིའི་རབ་ཏུ་དབྱེ་བས་གཞལ་ཡས་ཁང་བསྟན་པ་ནི་ལོངས་སྤྱོད་རྫོགས་པའི ་སྐུ་ཅན་ཏེ། དེ་ཡང་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་སྔོན་ནས་དག་པའི་ཁམས་རྣམས་སོ། །དེས་ན་མི་ཟད་པའི་ཕྱིར་རིན་པོ་ཆེའོ། །དེ་ཡང་པགས་པ་དང། རྒྱུས་པ་དང། ཤ་དང། རུས་པ་དང། ཞག་དང། ཁྲག་དང། ཁུ་བའི་རིན་པོ་ཆེ་སྣ་ཚོགས ་པའི་ཉེ་བར་སྤྱོད་པ་དེ་རྣམས་ཀྱིས་སྤྲས་པའམ་སྤྲུལ་པའོ། །དེ་ལྟར་གནས་དེའི་ནང་དུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་བསྟན་པའི་ཕྱིར། ཨེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨ་ཞེས་པ་ནི་ལུས་དང་ངག་དང་སེམས ་ཀྱི་དངོས་པོར་རོ་མཉམ་པར་གྱུར་པའོ། །དེས་ན་ཆོས་ཀྱི་དབྱིངས་བསམ་དུ་མེད་པའི་ཤེས་རབ་དམིགས་པ་མེད་པ་ཡེ་ཤེས་ཀྱི་བདག་ཉིད་ཨེའི་ཆ་བྱང་བཟང་པོ་ཆོས་ཀྱི་འབྱུང་གནས་ཀྱི་གནས་སོ། །དེའི་དངོས་པོ་ཉིད་ཀྱིས་སྣ་ཚོགས་སུ་སྤྲུལ ་པའི་མཚན་ཉིད་ནི་ཐབས་ཏེ། དེ་བཞིན་དུ་བཾ་ནི་བསམ་དུ་མེད་པའི་སྙིང་རྗེའི་བདག་ཉིད་རང་རིག་པ་བསམ་དུ་མེད་པའི་ཐབས་ལུས་དང་ངག་དང་སེམས་ཀྱི་ཆོས་སྒྱུ་མ་ལྟ་བུ་གསལ་བར་བྱེད་པའོ། །དེ་ཉིད་ཤེས་རབ་ཀྱི་བདག་ཉིད་དཔྱད ་པའི་སྤྱོད་ཡུལ་མ་ཡིན་པའི་ཨེ་ལ་བཾ་གིས་བརྒྱན་ཏེ། ཨེའི་ཆ་བྱད་ཀྱི་ཤེས་རབ་པོ། །ེ་དེ་ཉིད་ཀྱིས་ཀྱང་པཾ་བརྒྱན་པའོ། །ངེས་པར་ཞེས་པ་ནི་གདོན་མི་ཟ་བར་ཞེས་པའི་དོན་ཏོ། །འོག་དང་སྟེང་འདི་དག་ཕན་ཚུན་དུ་སྙོམས་པར་འཇུག་པ་ནི ་ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱི་རྣལ་འབྱོར་བསམ་དུ་མེད་པ། ཨེ་དང་བཾ་ཉིད་ཅེས་ཡང་གསུངས་པའི་ཚིག་གིས་གཉིས་མེད་ཅིང་གཉིས་མེད་པར་གསུངས་སོ། །དེས་ན་ཨེ་བཾ་ཞེས་བྱ་བ་ཞེས་པ་ནི་འདུས་པ་ལ་སོགས་པའི་རྒྱུད ་རྣམས་སུ་འདི་སྐད་བདག་གིས་ཞེས་པ་ལ་སོགས་པ་བསྟན་པའོ། །ཚིག་ཕྲད་ཅེས་པ་ནི་འདི་སྐད་བདག་གིས་ལ་སོགས་པ་དགོངས་བཤད་གཞན་གྱི་ཚིག་གིས་ངེས་པར་བཞག་པའོ། །ཇི་ལྟར་འོག་དང་སྟེང་དུ་ཞེས་པ་ནི། འོག་ལྟེ་བའི་རྩ་བར ་ཨེའོ་སྟེང་སྙིང་གའི་གནས་སུ་བཾ་དོ། །འདི་གཉིས་ཀ་སྦྱོར་བ་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་རོ། །དེས་ན་གཉིས་མེད་པ་ལས་བྱུང་བའི་དངོས་པོའི་མཚན་ཉིད་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་ཞལ་སྟོང་ཕྲག་བརྒྱ་དུ་མས་ཀྱང ་བསྟན་པར་མ་ནུས་ན། བདག་ཅག་མི་རྣམས་ཀྱི་ལྕེས་བརྗོད་པ་ལྟ་ཅི་སྨོས། དེའི་ཕྱིར་འདི་ཡང་རྒྱུད་འདིར་རྡོ་རྗེའི་ཚིག་འདིས་འདི་སྐད་ཅེས་པ་ནས་ཡོངས་སུ་རྫོགས་པའི་མཐར་ཐུག་པའི་བརྒྱུད་བསྡུས་ཏེ་སྟོན་པར་བྱེད་པ་ནི་ཨེ་དང་བི་གཉིས ་ཏེ་དེ་བཞིན་དུ་བསམ་དུ་མེད་པ་གཉིས་མེད་པ་རྟོག་པ་བཅུ་གཅིག་གི་བདག་ཉིད་འདི་བསྡུས་པས་བསམ་དུ་མེད་པ་གཉིས་མེད་བ་སྟོན་ཏོ། །དེ་ལས་བྱུང་བའི་ཕྱིར་དེ་ལྟར་རྒྱུད་ཐམས་ཅད་བདེ་བའི་རང་བཞིན་དུ་དགོངས་སོ། །བདེ་བ་དེ་ཡང་ཨེ་དང་བཾ་ལ ་རབ་ཏུ་གནས་པ་སྟེ་དེ་ལྟར་ཡང་གསུངས་པ། ཨེའི་ཆ་བྱད་བཟང་པོ་གང། །དབུས་སུ་བཾ་གིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གཞི། །སངས་རྒྱས་རིན་ཆེན་ཟ་མ་ཏོག་ཅེས་ཏེ། དེ་བཞིན་གཤེགས་པའི་དེས་པའོ། །ད་ནི་སེམས ་ཅན་རྣམས་ཀྱི་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་རྙེད་པར་བྱ་བའི་ཕྱིར་བསྟན་བྱ་དང་སྟོན་པ་པོ་དག་གི་འབྲེལ་བ་བརྗོད་དོ། །བདག་གིས་ཞེས་བྱ་བ་ལ་སོགས་པ་ནི་འདིར་རྒྱུད་ཐམས་ཅད་ཀྱི་བླ་མའི་རྒྱུད་ཁ་སྦྱོར་ཞེས་པ་ཤེས་རབ་དང་ཐབས ་ཀྱི་བདག་ཉིད་ཀྱི་སྦྱོར་བ་སྔོན་དུ་རྟོགས་ཏེ་འཁོར་ལོ་བཞིའི་རབ་ཏུ་དབྱེ་བས་སོ། །དེས་ན་རྫོགས་པའི་རིམ་པ་བསྒོམ་པའི་ཕྱིར་སེམས་ཅན་གྱི་དོན་གྱི་དབང་གིས་བསྐྱེད་པའི་རིམ་པའི་ཚུལ་འོག་ནས་འཆད་བཞིན་པས་དེས་དེ་བཞིན་གཤེགས་པར ་བསྐྱེད་དོ། །དེའི་ཕྱིར་དེ་ཁོ་ན་ཉིད་ཁོང་དུ་ཆུད་པས་བྲག་ཆའི་སྒྲ་བཞིན་དུ་གསུངས་ཏེ། དེ་ཉིད་བདག་གིས་ཐོས་ཞེས་པ་ནི་རྡོ་རྗེ་སྙིང་པོ་ཁྱོད་ཀྱི་སྤྲུལ་པའི་སྐུ་སྟེ། ཏིང་ངེ་འཛིན་ལ་བཞུགས་པའི་ཕྱིར་དང། སྔོན་དུ ་ལེགས་པར་བརླབས་པ་ཉིད་ཀྱི་ཕྱིར་རོ། །ཞེས་བྱ་བ་ནི་ཨེ་དང་པོ?་གི་ཡི་གེ་གཉིས་བདེ་བ་ཉིད་ཀྱི་ཆོས་ཀྱི་རང་བཞིན་བདག་ཉིད་ཀྱིས་ཐོས་ཏེ་བསམ་གྱིས་མི་ཁྱབ་པ་བདག་ཉིད་རྡོ་རྗེ་སྙིང་པོའི་གཟུགས་སུ་སྣང་བའོ། །ནི་ཞེས་པ་ནི་གང་གི་ཕྱིར་གྱི ་དོན་ཏོ། །ཆགས་པ་ཆེན་པོ་ཞེས་པ་ནི་བསམ་གྱིས་མི་ཁྱབ་པའི་སྙིང་རྗེ་ཆེན་པོ་བསམ་དུ་མེད་པའི་རྣམ་པར་ཤེས་པ་དང། ཡེ་ཤེས་དག་གཅིག་ཏུ་འདྲེས་ཤིང་ཨེ་བཾ་གཉིས་རོ་མཉམ་པར་གྱུར་པས་སོ། །དེ་རྟག་ཏུ་གནས་ཞེས ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔལ་རྣམས་རྟག་པའི་རང་བཞིན་དུ་ཉེ་བར་བསྟན་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་ཞེས་དགོངས་སོ། །དེ་བཞིན་དུ་ཐོས་པ་མཉན་པ་ཞེས་རང་ཉིད་ཀྱི་ཁ་ནས་བརྗོད་ཅིང་ཐོས་པར ་འདོད་པ་ཉིད་དོ། །བསྟན་པ་ཞེས་པ་ནི་འདིར་རྡོ་རྗེ་སྙིང་པོ་རང་ཉིད་སོམ་ཉི་ཟ་བའོ། །གང་གི་ཕྱིར་ཚིག་འདི་བསྟན་པ་འདིའི་ཚེ་གང་ཡང་བདེ་ཆེན་ཞེས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ནོ། །མགོན་པོ ་ཞེས་པ་ནི་འཇིག་རྟེན་འདོན་པར་བཞེད་པ་དེས་ན་སེམས་ཅན་རྣམས་ཀྱི་མགོན་པོར་འགྱུར་ཏེ། བསམ་དུ་མེད་པའི་སྙིང་རྗེ་ཆེན་པོ་རྡོ་རྗེ་འཆང་ཆེན་པོའོ། །དེ་ཉིད་བདག་ཉིད་ཀྱིས་ཞེས་པ་ལ་སོགས་པ་ནི་དམ་བཅས་པ་ཉིད་དེ། །དེའི ་ཚེ་ཐོས་པ་ཞེས་པ་ནི་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐོས་པ་སྟེ་རྣ་བས་ཐོས་ཤེས་པའི་དོན་ཏོ། །དེ་ཉིད་ཀྱིས་ནམ་འཆི་པ་ལ་ཐུག་པར་དུས་ཐམས་ཅད་དུ་རྟོགས་པའོ། །ཤེས་པས་ཞེས་བྱ་བ་ནི་མངོན་པར་ཤེས་པའི་སྟོབས ་ཀྱིས་ཐོས་ཤིང་ངེས་པར་གཟུང་བའོ། །དེའི་ཕྱིར་རྟོག་པ་མ་ཡིན་ཞེས་པ་ནི་བསྒོམས་པས་རྟོགས་པར་མ་བྱས་པ་སྟེ། དུས་ཐམས་ཅད་དུ་ཐོས་པ་བརྒྱུད་པས་སྐྱེ་བ་དུ་མར་དགོངས་ཤིང་རྟོགས་པའོ། །དེས་ན་ཡོངས་སུ་ཤེས་པས་སམ་མངོན ་ཤེས་ཀྱི་ཤེས་པ་ཉིད་ཀྱིས་ཐོས་པའོ། །དེས་ན་དེ་ཉིད་ཀྱིས་སྟོན་ཏོ་སྙམ་མོ། །རྟོགས་པ་ལ་ཞེས་པ་ནི་འདིར་བསྒོམ་པ་འབའ་ཞིག་གིས་དེ་ཁོ་ན་ཉིད་རྟོགས་ཏེ། །དེས་ན་བདེ་བ་ཆེན་པོའི་རང་བཞིན་རྡོ་རྗེ་འཛིན་ཐོབ་ནས་སྟོན་པ་འདི་ལ་བཅོམ ་ལྡན་འདས་ཉེས་པ་ཅི་འཆིས་ཞེས་པ་ནི་རྡོ་རྗེ་སྙིང་པོས་ཞུས་པའོ། །དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནི་ཅི་གསུངས་སྙམ་པ་སྟེ། རྡོ་རྗེ་སྙིང་པོ་རང་ཉིད་ཀྱི་ཐེ་ཚོམ་བསལ་བའི་དོན་ཏོ། །བསྡུད་པར་བྱེད་པ་ཞེས་པ་ལ་སོགས ་པ་ནི་གོ་སླའོ། །རིགས་ཀྱི་བུ་ཞེས་པ་ནི་ཉན་པའི་སྐྱེ་བོ་རྣམས་ལ་བོད་པའོ། །ལྷག་མ་གོ་སླའོ། །བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་ཞེས་པ་ནི་གཉིས་མེད་པའི་ཁྱད་པར་ཅན་གྱི་ཐར་པ་སྟེ། གཞན་སྤྱིར་སྟོང་པ་དང་སྙིང་རྗེ་གཉིས་མེད་མཆོག་གི་མཐར་པ་བསམ་དུ་མེད་པ་གཉིས་མེད་པ་སེམས་ཅན་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱིས་རྙེད་པའོ། །བསྟན་ཏོ་ཞེས་པ་ནི་ཡང་དག་བསྟན་པའོ། །དུས་ཞེས་པ་ནི་དེ་བཞིན་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་ཏིང་ངེ་འཛིན ་རྙེད་པའི་དུས་སོ། །དེ་ཡང་དུས་གཅིག་ནི་ཞེས་གསུངས་པར་འགྱུར་ཏེ། རྟག་པའི་མཚན་ཉིད་ཀྱི་ཕྱིར་ཞེས་དགོངས་སོ། །སླར་ཡང་རྟག་པའི་དུས་ཀྱི་བསྒོམ་པ་རྟོགས་པ་ཉིད་བསྟན་པའི་ཕྱིར། དུས་ནི་རྣམ་པ་གསུམ་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། དུས་ནི་ཞེས་པ་ནས་ཉིད་ཅེས་པའི་མཐར་ཐུག་པ་ནི་བསྟན་པའི་ཚིག་གོ། །འདི་ཉིད་ཀྱི་བཤད་པ་བསྟན་པའི་ཕྱིར། སྣ་རྩེར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་འདིར་སྔོན་གསུངས་པའི་ཚུལ་གྱིས་འཁོར་ལོ་བཞིའི་རབ ་ཏུ་དབྱེ་བས་གཏུམ་མོ་སྤར་ཏེ། ལྟེ་བའི་འཁོར་ལོ་ནས་བདེ་བ་ཆེན་པོའི་འཁོར་ལོར་སོང་བའི་བྱང་ཆུབ་ཀྱི་སེམས་ཨ་བ་དྷཱུ་ཏཱིའི་སྣ་རྩེའི་བུ་གནས་འོངས་པ་ནི་རང་རིག་པའི་ཡེ་ཤེས་ཀྱི་བདག་ཉིད་སྲོག་གཉིས ་མེད་པ་དེ་ལ་དུས་བཟང་པོ་ཞེས་བརྗོད་དོ། །དེ་བཞིན་དུ་མེའི་ཞེས་བྱ་བ་ལ་སོགས་པ་ནི་དེ་ཡང་སླར་ལ་ཡང་བྱང་ཆུབ་ཀྱི་སེམས་མེའི་གཟུགས་ཀྱི་ཤེས་པ་གཏུམ་མོའི་གཟུགས་ཀྱིས་ཛཱ་ལན་དྷ་རའི་བུ་ག་ནས་སོང་བ་ནི་མི་འཛག་པར ་འགྱུར་པའོ། །དུས་ནི་ངན་པ་ཞེས་པ་ནི་སྐད་ཅིག་དེ་ཉིད་དཀའ་སྤྱོད་དུ་འགྱུར་པའོ། །གྲགས་ཞེས་པ་ནི་བསྟན་ཞེས་པའི་དོན་ཏོ། །དེ་དག་ཅེས་པ་ནི་བདེ་བའི་དུས་དང་སྡུག་བསྔལ་གྱི་དུས་དག་གཅིག་པ་ཉིད་དུ་གྱུར་པའི་དུས ་གཅིག་ན་བསམ་གྱིས་མི་ཁྱབ་པའི་དུས་དེ་ཉིད་དུ་བསྟན་ཏོ། །འདུས་པ་ནི་ཞེས་པ་ནི་རྣམ་པ་སྣ་ཚོགས་པའི་ཀུན་ཏུ་རྟོགས་པའི་བདེ་བ་དེ་རྣམས་སྤངས་པ་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པའི་མཚན་ཉིད་དེ། དེ་ཡང་བསམ ་གྱིས་མི་ཁྱབ་པར་སོན་པའོ། །གང་གི་ཕྱིར་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་མངོན་པར་རྫོགས་པར་སངས་རྒྱས་པའོ། །སངས་རྒྱས་ཞེས་པ་ནི་ཉེ་བར་བཏགས་པའི་ཚིག་གོ། འོན་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱང ་མངོན་པར་རྫོགས་པར་བྱང་ཆུབ་པ་ཉིད་དུ་འགྱུར་བའོ། །དེ་ཡང་བསམ་གྱིས་མི་ཁྱབ་པ་སྟེ། དེས་ན་སྟོང་པ་སྙིང་རྗེ་བསམ་གྱིས་མི་ཁྱབ་པའོ། །དེའི་ཕྱིར་གཉིས་མེད་པ་བསམ་གྱིས་མི་ཁྱབ་པ་ཐོབ་ནི་གྱུར་པའི་སྒྲར་བསྟན་ཏོ། ། ་འདི་རྣམས་ཀྱི་ངེས་པའི་ཚིག་བསྟན་པའི་ཕྱིར། འདོད་ཆགས་མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་གོ་སླའོ། །སླར་ཡང་བཞུགས་པའི་གནས་ཀྱི་ངེས་པ་བརྗོད་པའི་ཕྱིར། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། དེ་བཞིན་དུ་དབང་ཕྱུག་ལ་སོགས་པའི་སྐལ་པ་དྲུག་དང། ཡང་དག་པར་སྦྱོར་བའི་ཕྱིར་བཅོམ་ལྡན་འདས་ཏེ། དེ་ཡང་གང་དུ་བཞུགས་ཤེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར ་སྐུ་དང་གསུང་དང་ཐུགས་ལས་བྱུང་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དེ་རྣལ་འབྱོར་པའི་རང་གི་མཚན་ཉིད་ཀྱི་ནང་དུ་འདུས་པའོ། །དེས་ན་དེ་བཞིན་གཤེགས་པ་རྣམས་ཚངས་པ་ལ་སོགས་པའི་གཟུགས་ལ་བརྟེན་ཏེ། དེ་རྣམས་ཀྱི ་སྐུ་དང་གསུང་དང་ཐུགས་ཉེ་བར་བསྡུས་པ་ནི་ཆོས་ཀྱི་དབྱིངས་སོ། །དེ་རྣམས་ཉིད་སྙིང་པོ་སྟེ་མི་ཟད་པའི་ཕྱིར་རོ། །དེ་ཉིད་རྡོ་རྗེ་ཞེས་པ་ནི་མི་ཕྱེད་པའི་མཚན་ཉིད་ཀྱི་ཕྱིར་དང་རེས་འགའ་ཡང་མི་འགྲོ་བའི་ཕྱིར་རོ། །དེ་ཉིད་ཀྱིས་ན་རྡོ་རྗེ་ལྷ ་མོ་སྤྱན་མ་ལ་སོགས་པ་འབྱུང་བ་ཆེན་པོའི་ཁམས་རྣམས་ཏེ། གང་གི་ཕྱིར་ཆོས་ཀྱི་དབྱིངས་ཡེ་ཤེས་ལྔའི་བདག་ཉིད་ད་རྣམས་རེ་མཉམ་པར་གྱུར་པ་སྟེ། དེའི་བཙུན་མོའི་བྷ་གའོ། །དེར་བཞུགས་ཞེས་པ་ནི་བསམ་གྱིས་མི་ཁྱབ་པ ་གཉིས་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཞེས་པའི་དོན་ཏོ། །ཡང་ན་འཇིག་རྟེན་ལས་འདས་པའི་ཀུན་རྫོབ་བདེ་བ་ཆེན་པོའི་རང་བཞིན་རང་རིག་པའི་ཡེ་ཤེས་དེ་ལ་དེ་སྐད་ཅེས་བྱའོ། ། བ་དྷཱུ་ཏཱི་ནང་གི་སྲོག་ནི་ཡེ་ཤེས་ལྔའི་བདག་ཉིད་ད། ་དེ་ཡང་དཀྱིལ་འཁོར་ལྔ་ཉེ་བར་བསྡུས་པས་བྱང་ཆུབ་སེམས་འགུགས་པའོ། །དེས་ན་སྐད་ཅིག་ཐམས་ཅད་ལ་ཀུན་ཏུ་ཞེན་པའི་སེམས་དེའི་རྣམ་པ་ཉིད་ཀྱི་ཕྱིར་རོ། །བྷ་ག་ནི་ཉོན་མོངས་པ་ཐམས་ཅད་ལས་ཁ་ཕྱིར་ཕྱོགས་པའོ། ། ་དེས་ན་ཐ་མལ་བའི་ཀུན་རྫོབ་ཏུ་བསྟན་ཏེ། །གཞན་ཡང་སོ་སོའི་སྐྱེ་བོ་རྣམས་ཀྱི་རྒྱུ་དང་འབྲས་བུའི་གནས་ཐབས་ལ་བདེ་བ་ཡང་བུད་མེད་ཀྱི་བྷ་ག་ལ་ཀུན་ཏུ་སྦྱོར་བའི་ཕྱིར་དེར་ཨང་བཞུགས་པའོ། །གང་གི་ཕྱིར་འཇིག་རྟེན་དང། ་འཇིག་རྟེན་ལས་འདས་པ་ཡང་བདག་གོ་།ཞེས་བརྗོད་པའི་ཕྱིར་རོ། །དེས་ན་འཇིག་རྟེན་པའི་ཀུན་རྫོབ་དུ་བསྟན་ཏོ། །དེ་ལྟར་ཀུན་རྫོབ་རྣམ་པ་གསུམ་གྱི་བྷ་ག་ལ་བཞུགས་ཏེ། ཆུང་ངུ་དང་འབྲིང་དང་ཆེན་པོ ་འཆད་བཞིན་པས་སེམས་ཅན་རྣམས་ལ་སྟོན་ཏོ། །དེ་ཉིད་གསུངས་པ། ཀྱེ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་སྙིང་པོའི་ཞུ་བ་བཅོམ་ལྡན་འདས་ལ་ཞུས་པའོ། །ཀྱེ་ཞེས་པ་ནི་བོད་པའོ། །ཅི་ཞེ་ན། བཞུགས་ཞེས་གསུངས ་ཏེ། སྔོན་དུ་གསུངས་པ་འདི་ལྟ་བུའི་ཀུན་རྫོབ་རྣམ་པ་གསུམ་དོན་དམ་པར་ཡང་ཇི་ལྟ་བུ་ཞེས་པའི་དོན་ཏོ། །ཅི་གསུངས་པར་འགྱུར་ཞེས་པ་ནི་དགོས་པ་ཅི་ཡོད་ཅེས་པའི་དོན་ཏོ། །གལ་ཏེ་ཡང་བཅོམ་ལྡན་འདས་དོན་དམ་པའི་རང་བཞིན ་ཡིན་པ་དེའི་ཚེ་མ་གསུངས་པའི་ཕྱིར་ཀུན་རྫོབ་རྣམ་པ་གསུམ་ཇི་ལྟ་བུའི་དགོས་པ་ཡིན་ཞེས་པའི་དོན་ཏོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །ཅི་གསུངས་ཞེས་པ་ནི་རྡོ་རྗེ་སྙིང་པོའི་སོམ་ཉི་གསལ་ཏེ། རང་གི་ངོ་བོའི་རང་བཞིན ་ཤེས་པར་བྱའོ། །རོ་གཅིག་ཅེས་བྱ་བ་ལ་སོགས་པ་ནི་འདིས་དང་པོ་ཉིད་དུ་དོན་དམ་པ་བསྟན་པ་བརྗོད་དེ། རོ་གཅིག་ཅེས་པ་ནི་རང་གི་ལུས་དང་ངག་དང་སེམས་ཀྱི་ཆོས་དེའི་རང་བཞིན་རྣམས་འབྱུང་བའོ། །དེས་ན་དེ་བཞིན་གཤེགས་པ ་ཐམས་ཅད་ཅེས་པ་ནི་དེ་བཞིན་ཉིད་ལས་བྱུང་བ་གཞན་གྱི་དབང་གིས་རང་བཞིན་དུ་གྱུར་བ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀུན་རྫོབ་ཀྱི་བདེན་པ་གཟུགས་ཅན་ཏེ། གང་གི་ཕྱིར་སེམས་ནི་དེ་བཞིན་ཉིད་ཀྱི་བདག་ཉིད་གཞན་གྱི་དངོས ་པོ་རྣམས་ལ་ཐིམ་པར་གྱུར་པ་གཅིག་ཏུ་དང་དུ་མའི་རང་བཞིན་སྣ་ཚོགས་ཀྱི་ནོར་བུའི་གཟུགས་བཞིན་དེའི་ཚེ་གཞན་དབང་དུ་བཞག་པ་རྣམ་པ་སྣ་ཚོགས་པ་དེ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །སླར་ཡང་བརྟགས་པའི་བསྒོམ ་པའི་དབང་གིས་དེ་བཞིན་གཤེགས་པ་དེ་རྣམས་རོ་གཅིག་པ་ཉིད་དེ་ཡེ་ཤེས་དང་རྣམ་པར་ཤེས་པ་གཅིག་པ་ཉིད་དོ། །དེས་ན་དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་ཉེ་པར་བསྡུས་པ་དེས་ན་ཡོངས་སུ་གྲུབ་པའི་ཆོས ་ཉིད་དོ། །དེ་ལྟར་སེམས་དང་སེམས་ལས་བྱུང་བའི་མ་རིག་པའི་བག་ཆགས་ཟད་པ་ནི་རྒྱུའོ། །དེའི་འབྲས་བུ་བསྟན་པའི་ཕྱིར་དེ་བཞིན་དུ་སེམས་ལ་སོགས་པ་གསུམ་གྱི་རྣམ་པར་དག་པ་གསུངས་ཏེ། སྣ་ཚོགས་པ་ཞེས་བྱ་བ་ལ ་སོགས་པ་ལ། སྣ་ཚོགས་ཞེས་པ་ནི་ཐབས་ཀྱི་ཁྱད་པར་རོ། །ཇི་ལྟར་འགའ་ཞིག་ལག་པ་བཟོ་བ་ཉིད་ཀྱིས་ནོར་བུ་རྣམས་འཚོས་ཤིང་བྱེད་པ་དེའི་ནོར་བུ་སྣ་ཚོགས་པའི་ཡོན་ཏན་གྱིས་སྐྱོན་ཡང་ཡོན་ཏན་དུ་འགྱུར་རོ། །དེ་བཞིན ་དུ་རྣམ་པ་སྣ་ཚོགས་པའི་ཐབས་ཀྱིས་གདུལ་བྱ་སྐྱེ་བོ་རྣམས་འདུལ་བར་འགྱུར་རོ། །ཇི་ལྟར་འགྱུར་ཞེ་ན། གདུལ་བྱའི་སྐྱེ་བོ་དེ་རྣམས་ཀྱི་ཡིད་ལ་འདོད་པ་འཕྲོག་པ་དང་ལྡན་ཞེས་པ་ནི་འདིར་བསྒོམ་པའི་དུས་སུ ་ཡང་ལས་དང་པོ་པ་དེས་སེམས་ཅན་ཐམས་ཅད་བསྒྲལ་བའི་ཡིད་དེས་རང་གིས་སེམས་ཀྱི་འདོད་པ་སྣ་ཚོགས་པའི་བློ་དེ་ཉིད་དང། བླ་མའི་མན་ངག་གིས་ཐབས་སྣ་ཚོགས་པའི་ནང་དུ་ཆུད་ཀྱང་བདེ་བས་སེམས་ཀྱི་བློ་བུར་ཟད་དེ། དེས ་ན་བདེ་བ་དང་སེམས་ཅན་འདི་དག་ལ་བརྟེན་པའི་བློ་སྐྱེའོ། །དོན་ཏོ་ཞེས་པ་ནི་དེ་ལྟར་རྡོ་རྗེ་སྙིང་པོ་ལ་བོད་པའོ། །ཀུན་རྫོབ་གསུམ་ལ་བདེ་བར་བརྟེན་པ་འདིས་དེ་ཉིད་ཀྱི་དོན་ཡོངས་སུ་རྫོགས་པའི་ནང་དུ་ཆུད་ཀྱང་བསམ་གྱིས་མི་ཁྱབ ་པ་ལ་སེམས་པའོ། །དེའི་ཕྱིར་བསམ་གྱིས་མི་ཁྱབ་པའི་སྙིང་རྗེས་བསྒྲུབས་ཞེས་པའི་དོན་ཏོ། །དེ་བཞིན་དུ་སེམས་ཅན་ལ་དམིགས་པས་ལྷུན་གྱིས་གྲུབ་པས་དམིགས་པ་མེད་པའི་སྙིང་རྗེ་སྐྱེའོ། །དེས་ནི་ཆོས་ལ་དམིགས ་པའི་སྙིང་རྗེ་བསྒྲུབ་པར་བཤད་དོ། །སླར་ཡང་ཉེ་བ་བསྡུ་བ་བསྟན་པའི་ཕྱིར་དེ་བཞིན་གཤེགས་པས་ཞེས་པ་ནས་བདག་གིས་ཐོས་ཞེས་པའི་མཐར་ཐུག་པ་གསུངས་སོ། །ཅི་ཐོས་ཞེ་ན། གསུངས་པ་འདི་ལྟ ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། འདིར་གང་གིས་ཞེས་པ་ནི་ཡང་དག་པའི་ཡེ་ཤེས་ཀྱིས་ཉོན་མོངས་པ་བཅོམ་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་ཤེས་རབ་ཅེས་པ་ནི་སྟོང་པ་ཉིད་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་སྟོད་པ་ཉིད་བཅུ་དྲུག ་ལས་གཙོ་བོར་གྱུར་པ་དེ་ནི་གང་གི་ཕྱིར་ཉོན་མོངས་པ་ཐམས་ཅད་འཇོམས་པ་དེའི་ཕྱིར་ཤེས་རབ་ལ་བྷ་ག་ཞེས་བརྗོད་དོ། །སོགས་པའི་སྒྲ་ནི་རྩ་རྣམས་ཀྱི་རྒྱུ་བས་དཀྱིལ་འཁོར་ལྔའི་སྲོག་རྣམས་རྒྱུ་བ་ཤེས་པར་བྱ་སྟེ། ཨ་བ་དྷུ་ཏཱི ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ཆ་དེ་འཇུག་པའི་དུས་སུ་དེའི་བྷ་ག་ལ་བཞུགས་པ་སྟེ། གང་གིས་ཕྱིར་སེམས་དང་སྲོག་དག་གཅིག་པ་ཉིད་དོ། །ཡང་ན་ཐ་མལ་པའི་བུད་མེད་རྣམས་ཀྱི་བྷ་ག་བདེ་བ་དང་ལྡན་པ་དེ་ལ་དེའི་རང་བཞིན་གནས ་པའོ། །དེ་ལྟར་དེ་རྣམས་ཀྱི་བཙུན་མོ་ལ་བཞུགས་པའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་རང་རིག་པའི་བདག་ཉིད་ཅན་ནོ། །བཙུན་མོ་ཞེས་པ་ནི་སྙིང་རྗེ་བཅུ་དྲུག་པོ་དེ་རྣམས་དང་ལྷན་ཅིག ་བཞུགས་པ་སྟེ། སྤྲོས་པ་མེད་པའི་ཆོས་ཉིད་ཀྱི་རྣམ་པ་དེ་སྤྲོས་པ་དང་བཅས་པར་གྱུར་པའོ། །དེས་ན་བྱང་ཆུབ་སེམས་དཔའ་ཨི་སྐྱེ་བོའི་ལུས་ལ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་སྦྱོར་བ་འཛིན་པ་བཞུགས་པའོ། །དེ་ཡང་ཉོན ་མོངས་ཉེར་བསྣུན་ཞེས་པ་ནི་རང་གི་ཆ་ལས་བྱུང་བའི་སེམས་ཅན་དེ་རྣམས་ཐམས་ཅད་ནི་མི་ཤེས་པས་བསྒྲིབས་ཤིང་དེ་དང་ཉེ་བར་གནས་པའི་སེམས་ཅན་འདུལ་དཀའ་བ་ལ་སོགས་པ་ལ་དམིགས་པ་དེས་ན་མི་ཤེས་པ་རྣམས་ཀྱིས ་ལས་ཀྱི་རྣམ་པར་སྨིན་པ་མཐོང་བས་འདུལ་བར་འགྱུར་རོ། །དེས་ན་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་འཇོམས་པར་འགྱུར་རོ། །དེའི་ཕྱིར་དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་སེམས་ཅན་ལ་དམིགས་པའི་ཕྱིར་ཆོས ་ལ་དམིགས་པའི་སྙིང་རྗེ་གྲུབ་པའོ། །དེ་ཉིད་ཀྱིས་ན་ཨེ་མའོ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ངོ་མཚར་བར་བསྟན་ཏོ། །སངས་རྒྱས་ཐམས་ཅད་ཀྱི་ཞེས་པ་ནི་བྱང་ཆུབ་ཀྱི་ལམ་གྱི་རྗེས་སུ་འབྲང་བ་དེ་རྣམས་ཀྱིའོ། ། ་ཀུན་མཁྱེན་ཡེ་ཤེས་པ་ནི་རབ་ཏུ་སོན་པའི་མཐར་ཐུག་པས་འབྲས་བུ་གང་ཐོབ་པའོ། །དེ་ཉིད་ཀྱིས་ན་བླ་ན་མེད་པ་ཞེས་པ་ནི་དེའི་རང་བཞིན་ཉིད་ཀྱི་ཕྱིར་ཞེས་དགོངས་སོ། །གཞེས་པ་ནི་གང་གི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་བདེ་བའི ་དོན་ཏོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་དོན་དུའོ། །དེའི་ཕྱིར་བཙུན་མོ་ཉིད་ཉེ་བར་སྤྲུལ་ཞེས་པ་ནི་རྒྱལ་བའི་རྣམ་པར་སྒེག་མོ་སྙིང་རྗེ་མགྲིན་པ་ནས་སྐད་ཅིག་ཀྱང་མི་འདོད་ཏེ། དེ་ནི་གཉིས་སུ་མེད་པའི་བདེ་བ་དང་ལྡན་པས་མི་འདོར ་རོ། །གང་གི་ཕྱིར་སེམས་ཅན་ཐམས་ཅད་ནི་དེའི་རང་བཞིན་ཡིན་པས་དེས་ན་དེ་རྣམས་ཀྱི་དོན་བྱེད་དོ། །འདི་རྣམས་ཀྱི་ཉེ་བར་བསྡུ་བ་གསུངས་པ། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་ལ་འཁོར་རྣམས་རང་གི་རིགས་ལས་བྱུང་བ་ནི ་སངས་རྒྱས་ཀྱི་སྲས་སོ། །དེས་ན་འདི་སྐད་ཅེས་པ་ནི་ཁྱོད་ཀྱི་འདི་ཞེས་པའི་དོན་ཏོ། །གང་གིས་ཐོས་ཞེས་པ་ནི་ཤེས་རབ་དང་ཐབས་བདག་ཉིད་ཀྱི་སྦྱོར་བའོ། །དེ་ཡང་དག་གི་སྒོ་ནས་ངེས་པ་བཟུང་བ་མིང་སྔོན་དུ་འགྲོ་བས་ན་ཡི་གེ་དེ་ཡང ་ཆོས་ཀྱི་ཐོག་སོགས་རྟག་ཏུ་བཞུགས་ཞེས་པ་ནི་ཐེག་པ་གསུམ་ལ་སོགས་པའི་དམ་པའི་ཆོས་ཀྱི་གླེགས་བམ་ལའོ། །སོགས་པའི་སྒྲས་ནི་སྙན་དང་གས་ཀྱི་བསྟན་བཅོས་དང། སྒྲའི་བསྟན་བཅོས་ལ་སོགས་པ་དང། གཞན་ཡང ་འཇིག་རྟེན་པའི་ཚིགས་བརྗོད་པ་ལ་ཡང་ངོ། །རྟག་ཏུ་བཞུགས་ཞེས་པ་ནི་བརྗོད་པའི་ངང་ཚུལ་ཞེས་དགོས་སོ། །འོན་ཀྱང་དག་པ་ཞེས་པ་ནི་འདིར་ཡི་གེ་དག་པ་དེ་རྣམས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པས་དེ ་ཉིད་ཀྱི་ནང་དུ་ཐིམ་མོ། །དེས་ན་བརྗོད་དུ་མེད་པས་དག་པའོ། །གང་གི་ཕྱིར་ཆོས་ཐམས་ཅད་འདུས་མ་བྱས་ཤིང་གདོད་ནས་མ་སྐྱེས་པ་ཉིད་དངོས་པོ་མེད་པའི་མཚན་ཉིད་མི་བདེན་པ་བརྫུན་པའོ། །དེའི་ཕྱིར་བརྗོད་དུ་མེད་ཅེས་དགོངས་སོ། །ད་ལྟར ་རྫོགས་པའི་སངས་རྒྱས་དེ་རྣམས་ཀྱི་དེ་བཞིན་དུ་དངོས་གྲུབ་དེ་རྣམས་ཀྱང་བསྐྱེད་པར་བྱེད་པའོ། 1་།བརྗོད་མེད་ཅེས་པ་ནི་འདིར་གལ་ཏེ་ཡང་ཆོས་རྣམས་ཐམས་ཅད་རོ་གཅིག་པ་ཉིད་ཀྱི་བྱང་ཆུབ་དེའི་བདག་ཉིད་སངས་རྒྱས་ཏེ་རྫོགས་པའི་སངས ་རྒྱས་སོ། །དེ་རྣམས་ཀྱི་ཆོས་ནི་རྟེན་མེད་པ་ཆོས་ཀྱི་སྐུའོ། །དེས་ན་ཡི་གེ་དང་ཡི་གེ་མ་ཡིན་པའི་ཆ་བརྗོད་དུ་མེད་པའོ། །དེས་ན་ཡི་གེ་བརྗོད་པའི་མིང་གི་མཛའ་ནུབ་པའོ། །དེ་ཡང་སྙིང་རྗེས་བསྐུལ་བ་དག་གིས་ཞེས་པ་ནི་ཤཱཀྱ་ཐུབ་པ་སྤྲུལ ་པའི་སྐུ་གཟུང་ནས་འགྲོ་བའི་དོན་བྱ་བའི་ཕྱིར་རྩོད་པའི་དུས་སུ་སྔགས་ཀྱི་ཐེག་པ་ཆེན་པོའི་ཆོས་རྣམས་ཕྱག་ན་རྡོ་རྗེ་ལ་ཡི་གེ་ཐམས་ཅད་ཀྱི་གཟུགས་ཀྱིས་སོ། །བསྟེན་ཅེས་པ་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་སྦྱོར་བའི་ཚིག་གི་སྒོ ་ནས་བསྟན་ཅེས་དགོངས་སོ། །དེའི་ཕྱིར་ཡི་གེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡི་གེ་འདི་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་མཉན་པར་བྱ་བ་དང། བཀླག་པར་བྱ་བ་དང། བསམ་པར་བྱ་བ་དང། བཅང་བར་བྱ་བ་དང། ་དམ་པའི་ཆོས་སྣ་ཚོགས་པའི་དགོངས་པའི་བླ་མའི་མན་ངག་གིས་བསྒོམ་པར་བྱའོ། །དེས་ན་སེམས་ཅན་རྣམས་ལ་དེ་སྐད་ཅེས་བྱའོ། །མཚོན་བྱ་ཞེས་པ་ནི་མངོན་དུ་བསྒོམ་པ་ལ་རྟོག་པའི་བདག་ཉིད་ཅན་ཡི་གེའི་མིང་ཅན་གྱིས་རང་རིག ་པ་ལ་སོགས་པའི་མཚོན་པར་བྱའོ། །དེ་ཡང་སྔོན་དུ་ཞེས་པ་ནི་ཡང་དག་པར་དེར་ཐིམ་པའི་སེམས་ཀྱིས་ཇི་སྲིད་མཚོན་པ་མེད་པའི་བར་དུ་ཞེས་སྦྱར་རོ། །ཚེ་འདི་ཉིད་ལ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་བསྡུས་པའི་དན ་བསྟོན་པའི་ཕྱིར་དངོས་གྲུབ་ཀྱི་མཆོག་ཅེས་གསུངས་ཏེ། གཉིས་མེད་པས་བསམ་གྱིས་མི་ཁྱབ་པ་གཉིས་མེད་པའི་མཆོག་གི་དངོས་གྲུབ་སྟེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་ཀྱི་མཆོག་འདུས་མ ་བྱས་པའི་ཡེ་ཤེས་ཀྱི་དངོས་པོ་ཞེས་པའི་དོན་ཏོ། །རྒྱུད་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ཐབས་ཤེས་རབ་ཀྱི་བདག་ཉིད་རྣམས་ཀྱིའོ། །དེ་དག་གི་གླེང་གཞི་ཞེས་པ་ནི་དེའི་ངེས་པའི་ཚིག་ཡང་དག ་པར་བསྟོན་པའོ། །གསང་ཆེན་ཞེས་པ་ནི་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པའི་ཕྱིར་དེ་དག་སྦས་པ་ཉིད་དོ། །དཔལ་ཁ་སྦྱོར་གྱི་ཐིག་ལེ་ལས་བྱུང་བ་ཞེས་པ་ནི་དེ་བཞིན་དུ་དཔལ་ནི་གཉིས་མེད་པའི་ཡེ་ཤེས་བསམ་གྱི་མི་ཁྱབ་པ་གཉིས་སུ ་མེད་པ་ལས་བྱུང་བའོ། །རྟོག་པའི་རྒྱལ་པོ་ཞེས་པས་ནི་དེ་ལྟར་རྟོག་པ་ཐམས་ཅད་ཀྱི་གླེང་གཞི་གཙོ་བོར་གྱུར་པ་བརྗོད་པ་ལེའུ་འམ་དུམ་བུ་འམ་རིམ་པར་བྱེ་པའོ། །དེ་ཉིད་དོན་དམ་པ་བ་བྱང་ཆུབ་སེམས་ལས་མཆོག་གོ། དེ་ཉིད ་དོན་གྱི་སྒྲས་བསྟན་ཏེ། གང་གིས་རྟོག་པའི་རྒྱལ་པོ་ཐམས་ཅད་མཇོས་ཤིང་འབར་པས་ན་རྒྱལ་པོའོ། །དེ་དེ་ལས་བྱུང་བ་སྟེ། སྒྲ་བརྙན་ལྟ་བུ་དང་དེ་ཡང་དང་པོའོ། །ཐོག་མ་དང་ཐ་མ་དོན་མཐུན་པ་ཉིད་ཀྱིས་ན་རྫོགས་པ་ཞེས་པས་ནི་ཐོབ་པའོ ་དེ་ལྟར་སྡུད་པར་བྱེད་པས་ཡི་གེའི་རྣམ་པས་གླེགས་བཾ་ལ་སོགས་པ་རྣམས་སུ་བྲིས་པ་ནི་རྒྱུ་དང་འབྲས་བུའི་ཕྱིར་ཞེས་འབྲེལ་ཏོ། །ཁ་སྦྱོར་གྱི་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་བཅོམ་ལྡན་འདས་གསང་ཆེན་ཐམས་ཅད་ཀྱི་རང་བཞིན་ལ་འཇུག ་པའི་རྟོག་པའི་རྒྱལ་པོའི་རྒྱ་ཆེར་འགྲེལ་ཡང་དག་པར་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་ལས་རྟོག་པ་དང་པོ་བསྟན་པ་སྟེ་ལྔ་པ་ཡོངས་སུ་རྫོགས་པའོ། །རྟོག་པ་དང་པོའི་རྒྱ་ཆེར་འགྲེལ་རྫོགས་སོ།། །། ་ད་ནི་རྟོག་པ་གཉིས་པའི་བྱང་ཆུབ་སེམས་ཀྱི་དབང་གི་རབ་ཏུ་བྱེད་པ་ནས་བརྩམས་ཏེ། སེམས་ཅན་གྱི་དོན་དུ་དེའི་དཀྱིལ་འཁོར་གྱི་ཆོ་ག་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་པ་ནི་རྒྱུད་ཐམས་ཅད་ཀྱི་གླེང་གཞི ་གསང་ཆེན་གྱི་རྗེས་སུ་སྟེ་དེ་བསྟན་པའི་མཐར་རོ། །ཡང་དག་བཤད་བྱ་ཞེས་པ་ནི་ཡང་དག་པའི་ཆོས་བསྟན་བཤད་པར་བྱ་ཞེས་པའི་དོན་ཏོ། །སྒྲུབ་པ་པོ་རྣམས་ལ་ཞེས་པ་ནི་དེ་ལྟར་བྱུང་བའི་སེམས་ཅན་རྣམས་ལ་ཞེས་པའི་དོན་ཏོ། ། ་ཕན་པའི་ཕྱིར་ཞེས་པ་ནི་རྒྱུ་དང་འབྲས་བུའི་བདག་ཉིད་ཀྱི་ཆོས་ཏེ། གཞན་མུ་སྟེགས་པ་ལ་སོགས་པའི་ཆོས་རྣམས་དང་མཚུངས་པ་ནི་མ་ཡིན་ནོ། །དེས་ན་འདི་ནི་གང་གི་ཕྱིར་ཞེས་པའི་དོན་ཏོ། །སློབ་མ་དབང་བསྐུར་བའི་ཞེས་པ་ནི ་འདིར་དབང་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའོ། །དེ་ལ་འཇིག་རྟེན་ནི་དེ་བཞིན་གཤེགས་པའི་དབུགས་དབྱུང་བ་སྟེ། དེ་ཡང་རྣམ་པ་བཅུའོ། །གང་འཇིག་རྟེན་ལས་འདས་པ་དེ་ནི་རྡོ་རྗེ་འཆང་གི་དབུགས ་དབྱུང་བ་སྟེ། གསང་བ་དང་ཤེས་རབ་ཡེ་ཤེས་དང་གོང་མའོ། །དེ་ལྟར་དེ་བཞིན་གཤེགས་པའི་དབུགས་དབྱུང་བས་ནི་བསོད་ནམས་ཀྱི་ཚོགས་བསགས་པ་དང། དམ་པའི་ཆོས་ཀྱི་སྣོད་དུ་བྱེད་པའོ། །དེ་བཞིན་དུ་རྡོ་རྗེ་འཆང ་གིས་དབུགས་དབྱུང་བས་ནི་ཡེ་ཤེས་ཀྱི་ཚོགས་ཀྱི་དབང་གིས་སངས་རྒྱས་ཉིད་འཐོབ་པར་འགྱུར་བའོ། །དེ་ལྟར་ཕྱི་དང་ནང་གི་བདག་ཉིད་འཆད་བཞིན་པ་དེ་ནི་རྒྱུ་དང་འབྲས་བུའི་ཕྱིར་ཏེ། གང་གིས་ཞེས་པ་ནི་དཀྱིལ་འཁོར ་གྱི་ཆོགས་སོ། །ཆོ་ག་དེ་ཡང་ཞེས་པ་ལ་ཡང་གི་སྒྲས་ནི་དབང་གི་ཆོ་ག་གཟུང་ངོ། །བསྟན་པར་བྱ་ཞེས་པ་ནི་བཤད་པར་བྱ་ཞེས་པའི་དོན་ཏོ། །དང་པོར་ལྷ་ཞེས་བྱ་བ་ལ་སོགས་པ་ནི་འདིར་སློབ་མས་གསོལ་བ་བཏབ་པའི ་རྗེས་སུ་སྟེ། དེ་ལྟར་དང་པོ་ཉིད་དུ་བླ་མ་དང་སློབ་མ་དག་ཕན་ཚུན་ལེགས་པར་བརྟགས་པ་བདག་ལ་བལྟོས་པ་མེད་པ་རང་དང་གཞན་གྱི་དོན་བསྒྲུབ་པ་ལ་བརྩོན་པ་དེ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་སློབ་མ་ལ། བླ་མས ་ཀྱང་སྙིང་རྗེ་མངོན་དུ་བྱའོ། །དེ་ནས་ཡོ་བྱད་ཐམས་ཅད་ཐོབ་པ་དེའི་ཚེ་དཀྱིལ་འཁོར་གྱི་སར་སློབ་དཔོན་སོང་ནས་དྲི་ཞིམ་པའི་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ་ས་ལ་བསང་གཏོར་བྱའོ། །སླར་ཡང་བླ ་མས་རང་གི་འདོད་པའི་ལྷའི་སྦྱོར་བ་མངོན་དུ་བྱ་སྟེ། དེའི་ཚེ་བུམ་པ་ལ་སོགས་པ་དགོད་ཅིང་ས་བོན་དགོས་པ་ལ་སོགས་པ་སྔོན་དུ་འགྲོ་བས་སའི་ལྷ་མོ་ལྷག་པར་གནས་པར་བྱའོ། །དེ་ཉིད་ལ་གསོལ་བ་གདབ་པར་བྱ་སྟེ། མེ་ཏོག ་ལ་སོགས་པ་ཕུལ་ལ་བཟོད་པ་གསོལ་ཏེ། བློས་ནམ་མཁར་གཤེགས་སུ་གསོལ་ལོ། །དེ་ནས་བུས་མོ་ཙམ་བརྐོ་པར་བྱའོ། །ཕའུ་ལ་སོགས་པའི་ཟུག་རྡུ་བསལ་ནས་མཐོ་གང་ཙམ་བརྐོས་ཏེ། ཆུས་བཀང་ལ་བརྟག་སྟེ། གོམ ་པ་བརྒྱ་བརྒྱར་སོང་ལ་སླར་ལོག་ནས་བལྟའོ། །གལ་ཏེ་ཅུང་ཟད་པར་མ་གྱུར་ན་དེའི་ཚེ་ས་གཟུང་བར་བྱའོ། །གལ་ཏེ་ཅུང་ཟད་ན་དེའི་ཚེ་དོར་རོ། །ཅིའི་ཕྱིར་ཞེ་ན། ཉེས་པ་དུ་མར་ཐལ་བའི་ཕྱིར་རོ། །སླར་ལ་ཡང་གང་གི་ཚེ་ཉེས་པ་འདི་རྣམས ་མེད་པ་དེའི་ཚེ་དེ་ཉིད་ཀྱི་སས་དགང་བར་བྱའོ། །གལ་ཏེས་ལྷག་ན་དེའི་ཚེ་སྔགས་ཀྱི་དངོས་གྲུབ་པོ། །གལ་ཏེ་ཉུང་ན་དེའི་ཚེ་དངོས་གྲུབ་མེད་དོ། །གལ་ཏེ་ཡང་མཉམ་ན་དེའི་ཆེ་ཞི་བར་འགྱུར་རོ། །དེ་བཞིན་དུ་བླ་མས་ཏིང་ངེ་འཛིན་ལ ་དམིགས་པར་བྱས་ནས། སྔགས་བཟླས་པ་ལ་སོགས་པ་དང་མཆོད་པ་ཡང་བྱ་སྟེ། བུམ་པ་ལ་སོགས་པ་གཞག་པར་བྱའོ། །དེ་ནས་སའི་ལྷ་མོ་སྤྱན་དྲངས་ཏེ། དེ་ཉིད་ལ་མཆོད་པ་བྱས་ནས། ཧཱུཾ ་རྡོ་རྗེ་འབད་བྱས་པས་ཞེས་པ་ནི་དཀྱིལ་འཁོར་དེའི་གནས་སུ་སའི་ལྷ་མོ་དེ་ཐིམ་པར་བསམ་པར་བྱའོ། །དེའི་ཚེ་ཧཱུཾ་ཡོངས་སུ་གྱུར་པ་ལས་སྣ་ཆོགས་རྡོ་རྗེའོ། །དེས་ན་དེའི་རང་བཞིན་དུ་བྱ་ཞེས་དགོངས་སོ། །དེའི་ཚེ་དེར་ཕྱོགས་སྐྱོང་རྣམས ་ལ་གཏོང་མ་རྒྱ་ཆེན་པོ་སྦྱིན་པར་བྱའོ། །སླར་ཡང་བླ་མས་ཏིང་ངེ་འཛིན་གསུམ་གྱི་ཚུལ་གྱི་སྲུང་བའི་འཁོར་ལོ་ལ་སོགས་པ་ཉེ་བར་དགོད་པར་བྱའོ། །དེའི་རྗེས་སུ་སྒྲུབ་པ་པོ་གལ་ཏེ་རྒྱ་ཇི་ཙམ་འདོད་པ་དེ་ཙམ་གྱི་དཀྱིལ་འཁོར་བྲི་བར་བྱའོ། ། ་དེ་ཉིད་ཀྱི་གནས་གསུངས་པ་སྐྱེད་མོས་ཚལ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྟོང་པ་ཞེས་པ་ནི་དུར་ཁྲོད་དུ་ཞེས་པའི་དོན་ཏོ། །སླར་ལ་ཡང་ཉེས་པའི་དོན་གསུངས་པ། འདིར་ཆོས་རྣམས་ཐམས་ཅད་ཀྱི་གཞི་ནི་མ་རིག་པའོ། །དེས ་ནི་ཕུང་པོ་ལྔ་རྣམས་སྐྱེ་བར་འགྱུར་རོ། །དེས་ན་སྣ་ཚོགས་ཉིད་དེ། དེའི་ཕྱིར་རྣལ་འབྱོར་བ་རང་གི་ལུས་སྤྱང་བར་བྱ་སྟེ། ལས་དང་པོ་པས་རྣམ་པ་དང་བཅས་པའི་ལྷའི་བདག་ཉིད་བསྒོམ་པའོ། །དེས་ན་སེམས་རྩེ་གཅིག་པ་ཧཱུཾ་གིས་བརྡས ་བསྟན་པ་སེམས་རྡོ་རྗེ་ཅན་དབྱེར་མེད་པའི་ཡེ་ཤེས་རྡོ་རྗེར་འགྱུར་ཞེས་དགོངས་ཏེ། དེའི་ཚེ་གཡོན་དང་གཡས་ཀྱི་སྣའི་བུ་གདག་གི་སྲོག་ལ་སོགས་པ་བཅུའི་དཀྱིལ་འཁོར་ལྔ་ལྔ་བསྒོམ་པར་བྱ་ཞེས་པ་ནི་སློབ་མའི་ལམ་མོ། །ཕྱིས ་བསྒོམ་པའི་ལམ་གསུངས་ཏེ། སྐྱེད་མོས་ཚལ་ཞེས་པ་ནས་ལྔའི་ཁང་གི་བར་རེ། །དེ་ཡང་རིམ་པ་བཞིན་ས་ལ་སོགས་པ་ནམ་མཁའ་མཐར་ཐུག་པའི་དཀྱིལ་འཁོར་ལྔ་སྣ་བུ་ག་གཡས་བར་སྡུད་པའི་རིམ་པས་སོ། །དེ་བཞིན་དུ་ནམ་མཁའ་ ་ལ་སོགས་པའི་དཀྱིལ་འཁོར་ལྔ་སྣ་བུ་ག་གཡོན་པར་སྤྲོ་བའི་རིམ་བས་སོ། །དེ་ལྟར་དཀྱིལ་འཁོར་མཆོག་ཅེས་པ་ནི་གནས་འདི་རྣམས་སུ་བསམ་བར་བྱ་བའོ། །དེ་ཡང་རང་བཞིན་གྱིས་དག་པ་དེ་བཞིན་ཉིད་ཆོས་ཀྱི་དབྱིངས་ཀྱི ་དཀྱིལ་འཁོར་རོ། །འོན་ཀྱང་ཞི་བ་ལ་སོགས་པའི་ལས་བྱ་བའི་ཕྱིར་འཆད་བཞིན་བ་ལས་བསྟན་པར་བྱའོ། །དེ་བཞིན་དུ་ཡང་བྱིའི་དཀྱིལ་འཁོར་གྱི་རྡུལ་ཚོན་རྣམས་བསྟན་པའི་ཕྱིར། རྡུ་ལ་ཚོན་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། དུར་ཁྲོད་ཀྱི་སོལ་བ་དང་སོ་ཕག་དང་མིའི་རུས་པའི་ཕྱེ་མ་དང། མི་རུས་ཀྱི་ཕྱེ་མ་ལྡོང་རེས་ཀྱིས་བསྐྱུར་བའི་རྡུལ་ཚོན་དང། དེ་བཞིན་རྡུལ་ཚོན་ལྡང་ཁུའོ། །དེ་རྣམས་མ་རྙེད་ན། རིན་ཆེན་ལྡའི་རང་བཞིན ་ཞེས་པ་ནི་པདྨ་རཱ་ག་དང་ཨི་ནྫུ་ནཱི་ལ་དང་ཀརྐེ་ཏ་ཀ་དང་བཻ་ཌཱུ་རྱ་དང་མཱརྐ་ཏ་རྣམས་སོ། །ཡང་ན་གསེར་དང་དངུལ་དང་བྱུ་རུ་དང། མུ་ཏིག་དང་མུ་མེན་རྣམས་སོ། །དེ་རྣམས་ཀྱང་མ་རྙེད་ན་འབྲས་ལ་སོས་པ་སྟེ། འབྲས་རྟགས ་པའི་རང་བཞིན་ལྡོང་རོས་ལ་སོགས་པའི་ཆོན་སྣ་ལྔས་ཁ་བསྒྱུར་བའི་ཕྱེ་མ་རྣམས་ཀྱི་བྱ་ཞེས་པ་ནི་དྲང་པའི་དོན་ཏེ། དེ་བཞིན་དུ་དེས་པའི་དོན་བསྟན་པའི་ཕྱིར་རྡུལ་ཚོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོག་ཅེས ་པ་ནི་སྔོན་དུ་གསུངས་པའི་དཀྱིལ་འཁོར་རེ་རེ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་བདག་ཉིད་དོ། །ཡང་ན་དེ་ཉིད་ཀྱི་ཨ་བ་དྷཱ་ཏཱིར་བདུད་རྩི་ལྔ་རྒྱུ་བའི་ཕྱིར་རོ། །དེས་ན་འབྲས་ལ་སོགས་པའི་འབྲུ་མ་ཟོས་པས་ནད་མེད་པར་འརྒྱུར ་བ་དང། སྐྲ་དཀར་དང་གཉེར་མ་སྤངས་པའི་ལུས་ཀྱི་དངོས་གྲུབ་ཏུ་འགྱུར་རོ། །ཞེས་བ་སྟེ་དེས་པའོ། །ད་ནི་སློབ་མའི་དབང་གིས་དཀྱིལ་འཁོར་གྱི་ཚད་བསྟན་པའི་ཕྱིར། །ཁྲུ་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། དེ་ལ་ཁྲུ་གསུམ་ནས་བརྩམས་ཏེ་ཁུ་བཞི་ལ་སོགས་པའམ་ཁྲུ་སྟོང་གི་མཐར་ཐུག་པར་རོ། །དེ་ལྟར་དཀྱིལ་འཁོར་རྫོགས་ནས་འདི་ཉིད་དུ་སློབ་མ་དང་སློབ་དཔོན་ལྷ་གང་ལ་མོས་པ་དགྱེས་པའི་རྡོ་རྗེ་ལ་སོགས་པའི་ལྷ་གནས ་སུ་དགོད་དེ། ཇི་ལྟ་བའི་ཆོགས་མཆོད་པ་བྱས་ནས་གཏོར་མ་སྦྱིན་ནོ། །འོན་ཀྱང་དབང་བཅུ་མ་གསུངས་མོད་དེ་བཞིན་དུ་འདིར་གོ་རིམས་ཇི་ལྟ་བ་བཞིན་རྒྱས་པར་བྱའོ། །གཞན་དུ་དམ་ཚིག་ཉམས་པར་འགྱུར་ཞེས་པ་སྟེ་དེས་པའོ། །དེ་ནི་སླར་ལ་ཡང ་འཇིག་རྟེན་ལས་འདས་པའི་དབང་གི་དོན་འདོད་པ་སྐལ་བ་དང་ལྡན་པའི་སློབ་མ་རྣམས་ཀྱི་གསང་བའི་དབང་བསྟན་པའི་ཕྱིར། རིག་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྦྱིར་རིགས་ལྔ་ལས་བྱུང་པའོ། །ཞེས་པ་ནི་བྲམ་ཇེ་ལ་སོགས་པའི་རིགས ་པས་བྱུང་བའོ། །དེ་བཞིན་དུ་སྡགས་ཞེས་བྱ་བ་ལ་སོགས་པ་ལ་སྔགས་ཀྱི་ལམ་ཀླ་ཀློའི་ལམ་གྱིས་བསྟན་པ་ནི་རྣམ་པ་གཉིས་ཏེ། གཅིག་ནི་བླ་མའི་ནུས་པ་སྟེ། དེས་ན་ཁམས་གསུམ་པ་གང་སུ་ཡང་རུང་བའི་དུ་མོ་སྡགས་ཀྱི་ནུས་པས་འགུག་པའོ ་གཉིས་པ་ནི་སྔགས་ཀྱི་ཐེག་པ་ཆེན་པོར་རྣལ་འབྱོར་ལ་སྤྱོད་པས་རྣམ་པར་རྟོག་པ་མི་བྱ་སྟེ། སྡགས་ཀྱི་ལམ་ལ་རྟེན་པས་དུས་མེད་རྣམས་ལ་རིགས་ཆན་རིགས་ཅན་མ་ཡིན་པར་མིང་བཏགས་པའི་དོན་ཏོ། །བློ་ལྡན་ཞེས་བྱ་བ་ལ་སོགས་པ་ནི ་གོ་སླའོ། །ཡོ་བྱང་ཅེས་བ་ནི་ཆེས་མྱུར་བར་རྣལ་འབྱོར་འཕེལ་བར་འགྱུར་རོ། །ལྷག་མ་ནི་གོ་སླའོ། །སྐལ་བཟང་མ་ཞེས་པ་ནི་པདྨ་ཅན་ཏེ། དེ་ཡང་གསུངས་པྱ། རུ་སྦལ་རྒྱབ་དང་གླང་པོའི་དཔུང། །པདྨའི་ཁ་དང་ལེགས་ཟླུ་མ་པ། །སྤུ་ནི་མེད ་ཅིང་ཁ་རྒྱས་པ། །དྲུག་པོ་དེ་དག་སྐལ་བཟངས་བརྗོད། །བུ་མོ་འདི་དག་གིས་ནི་ཞེས་པ་ནི་རིགས་མ་བརྒྱད་ཀྱིས་སོ། །རིགས་ཀྱི་རིམ་པ་བཞིན་ཞེས་པ་ནི་ག་རཱ་ལས་སོགས་པའི་རིགས་ལས་བྱུང་བའོ། །ཡང་ན་གང་དང་གང་དུ་སྐྱེས་པའི་བུ ་མོ་དེ་དང་དེ་ཉིད་གཟུང་སྟེ། གསུམ་ལ་སྐྱབས་སུ་འགྲོ་བ་དང་དབང་བསྐུར་བསྡོན་དུ་འགྲོ་བས་དམ་པའི་ཆོས་སྣ་ཚོགས་པ་མཉན་པར་བྱའོ། །གཞན་ཡང་ཀ་ར་ན་སྣ་ཚོགས་པའི་རིམ་པ་ཞེས་པ་ནི་འདོད་པའི་བསྟན་བཅོས་དང་རྗེས་སུ་མཐུན་པར་ལེགས ་པར་བསླབས་པ་རྗོད་དོ། འཁྱོགས་དང་བསྐྱམས་པ་དང་བརྒྱངས་པ་དང། བརྦ་གདེངས་ལེགས་པར་བརྒྱངས་པ་ཞེས་པ་ལ་སོགས་པ་བྱེད་པ་དྲུག་ཅུ་རྩ་བཞིའི་པར་ལ་ལེགས་བར་བརླབས་ཤིང་བྱད་བར་བྱའོ། །དེ་ལྟར་སྒྲུབ་པ་པོ་རྣམ་ལ་གདུད་པའི ་ཕྱག་རྒྱ་རྣ་ཆ་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པའོ། །དངོས་གྲུབ་མཆོག་སྟེར་ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་བྲུབ་སྟེར་བར་བྱེད་པའོ། །འདི་ལྟ་བུའི་བྱང་རྒྱ་གང་དག་སྔོན་དུ་གསུངས་པའི་ནུལ་གྱིས་སྡེངས་པ་དེ་དག་གིས་ནི་ཇི་སྐར ་གསུངས་པ་བཞིན་ཏེ། གཞན་དུ་ནི་མ་ཡིན་ནོ། །རིག་པ་འཛིན་པའི་གྲོགས་ལ་སོགས་པ་དང་བཅས་པ་ཞེས་པ་ནི་འདིར་རྣལ་འབྱོར་གྱིས་ནུས་པས་སློབ་དཔོན་གྱི་དངོས་གྲུབ་ཆེན་པོ་བརྒྱད་ཐོབ་པ་དེའི་དངོས་གྲུབ་འཇིན་པས་ན་རིག་པ་འཛིན་པའོ། ། ་དངོས་གྲུབ་དེ་རྣམས་ཀྱང་དགུག་པར་བྱའོ། །གང་གི་ཕྱིར་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐོབ་པ་དེའི་ཚེ་འཇིག་རྟེན་པའི་དངོས་གྲུབ་གཞན་བསྒྲུབ་པ་ནི་གྲོགས་སུ་གྱུར་པའོ། །དེའི་ཕྱིར་དེ་ཐམས་ཅད་སློབ་པར་འགྱུར་རོ། །སོགས་པའི ་སྒྲས་ལྟ་དང་མི་ལ་སོགས་པ་རྣམས་བསྡུའོ། །མ་ཏོག་གི་ཕྲེང་བ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟ་བུའི་ཡོན་ཏན་གྱིས་བརྒྱན་པའི་སློབ་དཔོན་ལ་ཕྱག་རྒྱ་མ་དབུལ་ཞེས་པའོ། །གཞན་ཐམས་ཅད་ནི་གོ་སླའོ། །ད་ནི་སློབ་མས་སློབ་དཔོན་ལ་གསོལ་བ་བཏབ ་པ་གསུངས་ཏེ། སློབ་མ་ཞེས་བྱ་བ་ལ་སོགས་པ་ནི་སློབ་མཱ་བྱི་བ་བསྟན་པའོ། །འདུད་ཅེས་བྱ་བ་ལ་སོགས་པ་ནི་གསོལ་བ་གདབ་པའི་ཕྱིར་བསྟོད་པའོ། །དེ་ཡང་མི་བསྐྱོད་པའི་སྒོ་ནས་བསྟོང་པའོ། །ཀུན་མཁྱེན་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ ་ནི་རྣམ་པར་སྣང་མཛད་ཀྱི་སྒོ་ནས་སོ། །འགྲོ་བ་མི་ཤེས་ཞེས་བྱ་བ་ལ་སོགས་པ་ནི་རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་སོ། །སངས་རྒྱས་ཞེས་བྱ་བ་སོགས་པས་ནི་འོད་དཔག་མེད་ཀྱི་སྒོ་ནས་སོ། །དེ་བཞིན་དུ་དཀོན་མཆོག ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་དོན་ཡོད་པར་གྲུབ་པའི་སྒོ་ནས་སོ། །འགྲོ་བ་ཞེས་བྱ་བ་ལ་སོགས་པས་ནི་རྡོ་རྗེ་སེམས་དཔའ་ཨི་སྒོ་ནས་སོ། །དེ་ལྟར་མདོར་བསྡུས་པའི་སངས་རྒྱས་ཀྱི་ཡོན་ཏན་གྱི་རང་བཞིན་གྱིས་སློབ་དཔོན་གྱི་ཡོན་ཏན་ཡང་དག་པར ་གྱུར་བ་སློབ་མས་བརྗོད་པར་འགྱུར་རོ། །དེ་ཉིད་བླ་མེད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ནི་གསོལ་བ་གདབ་པའོ། །རྡོ་རྗེའི་དབང་བསྐུར་བ་ཞེས་པ་ནི་བུམ་པའི་དབང་གི་རྗེས་སུ་གསང་བའི་དབང་བསྐུར་བའོ། །གསང་ཆེན་ཞེས་པ་ལ་སོགས་པ་ནི ་ཤེས་རབ་ཡེ་ཤེས་ཀྱི་དབང་གིས་རྗེས་ཐོགས་སུ་དབང་བླ་མ་ལ་སོགས་པ་གདབ་པའོ། །དེ་ལྟར་དཔལ་ལྡན་ཞེས་བྱ་བ་ལ་སོགས་པ་བླ་མས་ཀྱང་ཇི་སྐད་གསུངས་པ་བརྗོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདོད་པའི་ཡོན་ཏན་ལྔ་ཞེས་པ་ནི་གཟུགས་དང ་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་ཏེ། རྣམ་པ་སྣ་ཚོགས་པ་དེ་རྣམས་ཀྱིས་བརྒྱན་པའི་གནས་རྣམས་སུ་སློབ་མ་དབང་བསྐུར་བར་བྱའོ། །འགྲོ་བའི་གཙོ་བོ་ཞེས་པ་ནི་མ་གསུངས་ཀྱང་དེ་བཞིན་དུ་རྒྱས་པའི་དབང་རྣམ་པ་བཅུ་སྟོན་ཏོ། །ཉིད་ནི་དེས་པར ་གཟུངས་བའོ། །འོན་ཀྱང་མེ་ཏོག་བསྒྱུར་ནས་དམ་ཚིག་སྦྱིན་པར་བྱའོ། །དེས་ན་རང་བཞིན་ཞེས་པ་ནི་ལུས་སྦྱངས་པའི་ཕྱིར་རོ། །དེ་ཡང་ཁྲག་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྲག་ཆེན་པོ་ཞེས་པ་ནི་རང་འབྱུང་གེ་མེ་ཏོག་གོ། །ག་བུར་བཅས ་ཞེས་པ་ནི་ཡང་དག་པར་སྦྱོར་བ་ལས་བྱུང་བའི་བྱང་ཆུབ་སེམས་སོ། །དེས་ན་དེ་དང་ལྡན་པར་འགྱུར་རོ། །དེ་བཞིན་དུ་མིའི་ཁྲག་དང། ཙན་དན་ཡང་དག་པར་སྦྱར་ཞེས་པ་ནི་བཤད་པ་དང་ལྡན་པའི་མི་བསྐྱོད་པའོ། །དེ་བཞིན་སེམས་ལས་འབྱུང་བར་བཤད ་ཅེས་བ་ནི་ཡང་སྔོན་དུ་གསུངས་པའི་པདྨའི་སྣོད་ལ་གནས་པའོ། །དེ་ལྟར་དམ་ཚིག་གསུངས་སོ། །གཞན་ཡང་སྲོག་ཆགས་ཞེས་བྱ་བ་ལ་སོགས་པ་ནི་སྡོམ་པའོ། །དེ་བཞིན་དུ་སྔོན་དུ་གསུངས་པའི་ཞེས་བྱ་བ་ལ་སོགས་པ་ནི་གསང་བའི་དབང་ངོ། །དེས་ནི་ངག ་དག་པར་འགྱུར་རོ། །དེ་བཞིན་དུ་དེ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ། །དེས་ནི་སེམས་རྣམ་པར་དག་པར་འགྱུར་རོ། །དེ་བཞིན་དུ་བདག་དང་གཞན་དུ་ཞེས་བྱ་བ་ལ་སོགས་པ་ནི་དབང་བླ་མའོ། །དེས་ནི་ཡེ་ཤེས་རྣམ་པར་དག་པར ་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སྙིང་པོ་ཞེས་བྱ་བ་ལ་སོགས་པ་ནི་རྗེས་སུ་གནང་བ་སྦྱིན་པའོ། །དེ་ལྟར་སློབ་མ་ཆོས་བསྟན་པ་སྨྲ་བར་བྱའོ། །དེ་བཞིན་དུ་ཆོས་བསྟན་པ་ཐོས་ནས་རངས་བའི་སློབ་མས་འདི་བརྗོད་དོ། །དེ་རིང་ཞེས་བྱ་བ་ལ་སོགས ་པའོ། །དེ་བཞིན་དུ་གང་དང་གང་ཞེས་བྱ་བ་ལ་སོགས་པ་ནི་བླ་མ་ལ་ཡོན་ཏན་བཅས་པ་ནི་སྦྱིན་པའོ། །གཞན་དེ་ཐམས་ཅད་ལ་གང་ཅུང་ཟད་མ་བསྟན་པ་དེ་ཐམས་ཅད་ནི་གོ་སླའོ། །འོན་ཀྱང་དོན་རེ་བཞིན་འཆད་བཞིན་བས་བཤད་པར་བྱའོ། །དེས་ན་ཁ་ཅིག་ཏུ ་དོན་གསལ་བར་ཁོང་དུ་པར་བྱ་ཞེས་པ་སྟེ། དྲང་བའི་དོན་ཏོ། །ད་ནི་འདི་ཉིད་ཀྱི་བསྡུས་པའི་ངེས་པའི་དོན་བསྟན་པའི་ཕྱིར། །ཁྲུ་གསུམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ལུས་ལ་རྐང་པ་ནས་ཇི་སྲིད་དུ་མགྲིན་པའི་མཐར་ཐུག་པ་ཁྲུ་གསུམ ་དང་སོར་བཅུ་གཉིས་ལྷག་པར་འགྱུར་རོ། །དེས་ནི་དབྱིབས་ཀྱི་རླུང་བསྟན་པའི་དོན་ཏོ། །བཞི་ཞེས་པ་ནི་ཀོ་སྐོ་ནས་སྣའི་བར་ལ་སོར་བཞིའོ། །འདིས་ནི་ལས་ཀྱི་རླུང་བསྟན་པའོ། །ཅིའི་ཕྱིར་བསྟན་ཅེས་ན་གསུངས་པ། རིག་མ་ཞེས་བྱ་བ་ལ་སོགས་པ་ནི་རིག ་མ་ནི་སྤྱན་ལ་སོགས་པའི་ལྷ་མོ་ལྡ་དཀྱིལ་འཁོར་ལྔ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཅན་ནོ། །དེ་ཡང་སྡགས་ཀྱི་ལམ་གྱིས་ཏེ། ཡི་གེ་གསུམ་གྱིས་རང་བཞིན་གྱི་རྡོ་རྗེ་བཟླས་པའི་ཚུལ་གྱིས་དཀྱིལ་འཁོར་ཐམས་ཅད་ནང་དུ་ཐིམ་པར་བྱ་བའོ། །གང ་གིས་སེམས་དབང་བསྐུར་བར་འགྱུར་བས་སྐད་ཅིག་ཐམས་ཅད་དུ་བདེ་བ་ལ་དམིགས་པ་ཐོབ་བོ། །དེ་བཞིན་དུ་མངོན་སུམ་དུ་ཕུང་པོ་ཐམས་ཅད་ཀྱི་སྟེ། དེ་ལྟར་ཡང་ཇི་ལྟར་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་བྱང་ཆུབ་སེམས ་ཀྱི་དཀྱིལ་འཁོར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་ཀྱི་བདག་ཉིད་བདེ་བའི་གནས་སོ། །དེ་ལྟར་སེམས་བདེ་བ་ཉིད་དུ་ཡོངས་སུ་བརྟགས་ཏེ། དེ་ལས་བྱུང་བའི་ཕྱིར་ཞེས་དགོངས་སོ། །དེའི་ཕྱིར་ཇི་ལྟར་སེམས་དབང་བསྐུར་བར་འགྱུར་བ་དེ་བཞིན་དུ། ་འཇིག་རྟེན་ཁམས་ནི་མཛའ་ཡས་ཞེས་པ་ནི་ལུས་དང་ངག་དང་སེམས་ཀྱི་བདག་ཉིད་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་སོགས་པ་དེ་ཐམས་ཅད་བློས་གཟུང་བར་བྱའོ། །འདིས་ནི་ཀུན་རྫོབ་ཀྱི་བདེན་པར་རང་བྱིན་གྱིས་བརླབས་པའི་བདག་ཉིད་འཐོབ ་བོ། །དེས་ཁམས་གསུམ་པ་སྣ་ཚོགས་པའི་རང་བཞིན་བསྐྱེད་དོ། །དེས་ཀྱང་འགྲོ་བའི་དོན་བྱེད་དེ་རྣལ་འབྱོར་པ་རྣམས་ཀྱི་དམ་ཚིག་ཆེན་པོ་བསྲུང་བའི་ཕྱིར་འགྲུབ་བོ། །དེ་བཞིན་དུ་སྡགས་ཀྱི་ལམ་གྱིས་དོན་དམ་པ་རྫོགས་པའི་བྱང་ཆུབ་ཀྱི ་རྒྱུར་རྡོ་རྗེ་ལྟ་བུའི་སྲོག་འཇུག་པར་འགྱུར་རོ། །དེའི་ཚེ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པ་དྲུག་རྣམས་བསྐྱེད་པར་འགྱུར་བ་ནི་དོན་དམ་པའི་དམ་ཚིག་གོ། །འདི་དོན་ཐམས་ཅད་ནི་དཔང་གི་དོན་ཏེ་རྒྱལ་བའི་བདག་ཉིད་གང་གིས་ཡང་དག ་པར་ཐོབ་བོ། །མདོར་བསྡུས་ན་ཐམས་ཅད་ལ་ཁྱབ་པར་བྱེད་པའི་རྣལ་འབྱོར་གྱི་རྡོ་རྗེ་སློབ་དཔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཡོན་ཏན་གྱི་རྒྱ་མཚོ་བཞིན་ཞེས་སོ། །དེས་ན་མ་ལ་སོགས་པ་རྣལ་འབྱོར་མ་བཞི་རིམ་བས་བཟློག་པས་དམ་ཚིག་གི་ཕྱག་རྒྱ ་ལ་སོགས་པས་སྒྲུབ་པར་བྱེད་དོ། །ཡང་ན་ཕྱག་རྒྱ་གཅིག་བསམ་གཏན་གྱི་ཁྱད་པར་གྱིས་ཇི་ལྟར་ཐོབ་བ་དེ་དང་ལྷན་ཅིག་བྱ་ཞེས་དགོངས་སོ། །གང་དེ་ལྟར་མི་འགྱུར་བ་དེའི་ཆོ་གཞན་རིགས་མ་བརྒྱད་པ་ཞེས་བ་བྲམ་ཟེ་མོ་ལ་སོགས་པའོ། །དེ ་རྣམས་ཀྱི་ཡང་ཡི་གེའི་དོན་བརྗོད་དེ་རྣལ་འབྱོར་མའི་རྒྱུད་རྒྱས་པ་རྣམས་ལས་ཇི་ལྟ་བ་བཞིན་གསུངས་པ་དྲི་ལྕེ་གཉིས་འདུས་བའི་གནས་སུའོ། །ཛ་རྒོད་མ་ཡན་མེ་ནི་འབར། །དྷ་ཡེ་ཤེས་ཐིག་ལེ་འོང་བར་འགྱུར། །རཱ་འདོད་ཆགས་ལ་སོགས་ལྔ་ཡང་པས། ། ་མ་དྲེགས་བ་འབབ་པའི་རྩ་ནི་གང། །ནུ་མའི་དབུས་སུ་རྣམ་པར་གཟུང། །པཱ་བག་ཆགས་དམ་པ་ཤེས་པར་བྱ། །རཱ་འདོད་ཆགས་ཕུལ་དབྱུང་བྱེད་པ་ཡིན། །ཛ་རིགས་འབྱུང་དེ་ནི་རྣམ་པར་འཇོམས། །ཀཱ་སྐྲ་ཡི་མཚམས་སུ་སོང་བའི་རྩ། ། མ ་མཆུའི་བདུད་རྩི་བཟའ་པའི། །ཐ་གང་ཚེ་མགྲིན་པར་འདར་ཞིང་འདང། །ཛཱ་ཚིག་གིས་ཚོགས་ནི་འགོག་པའོ། །ཙ་བདུད་རྩིའི་ནི་མྱང་བའོ། །དྷ་ཚངས་སྒོང་ཞེས་པ་ཆོས་འགྲོ་བ། །ལི་དེང་ནི་མི་ཤིགས་པ་ལ་འཁྱུད། །ཀཱ་དུས་དང་དུས་མི་རྣ་གཉིས་དུས ་མིན། །དོ་སྤྲུལ་བཞིན་དུ་ནི་ཤུགས་འགྲོ་མ། །བཱི་ས་བོན་གཟུགས་ནི་བདུད་རྩིར་སོང། །མ་ནོར་བུའི་བུ་ག་གཉིས་ལས་གཡས། །ཎི་དེ་འགྲོ་བར་ནི་སེམས་ཅན་སྦྲུལ། །ཀུ་རིགས་དང་རུས་ནི་རབ་ཏུ་སྐྱེས། །ལ་དབང་ནི་ཐམས་ཅད་ཐེབས ་ཡིན། །ཛ་སྤྲུལ་པ་པོ་ནི་རྟག་ཏུ་འབྱུང། ། འབྱུང་བ་ཐམས་ཅད་རྣམས་ནི་གནས། །ཐ་བརྟན་པ་ལ་སོགས་གཡོ་དང་བཅས། །བཱ་ཨ་བ་དྷཱུ་ཏཱིའི་སྟེང་དུ་འགྲོ། །རཱ་འདོད་ཆགས་བདུད་རྩི་མི་འཛག་ཕྱིར། །ཛཱི་རྟག་ཏུ་བདག་ནི་ཤེས་རྣམ་པ། ། ་ན་ཤེས་པ་མེད་ཅིང་ཤེས་ཕྱ་མེད། །ཊ་སྒྲུབ་ཐབས་ཐམས་ཅད་བྲན་བཞིན་ཏེ། །ད་དངོས་གྲུབ་ཐམས་ཅད་འོང་བར་འགྱུར། །རཱ་རྒྱལ་བོ་དགྲ་ཡིས་འཇིགས་ཐམས་ཅད། །ཤིལ་མདུན་ནས་དལ་བ་ཉིད་དུ་སོང། །པི་སེམས་ཅན་གང ་དག་སྤྲོ་ཆུང་བ། །ཀ་འདི་ལྟ་བུ་ཡི་མཆོག་ནི་བྱེད། །མི་ཡིད་ཅན་གྱིས་ནི་ཡོད་མེད་བྱེད། །ཐ་སོག་ནི་རྡོ་རྗེ་ལྟ་བུ་བསྟན། །བཱ་བག་ཆགས་བདེ་བ་ཙམ་ན་ཉིད། །རྡོ་རྗེ་རླུང་དུ་བསྟན་པ་ཡིན། །འདི་ནི་སྤྱོར་བའི་ལམ་ཡིན་ནོ། །དེ་ནས་མཐོང ་བའི་ལམ་གསུངས་པ། རི་དགས་མིག་ལ་སོགས་པ་ཡི། །འདིར་རི་དགས་བཞིན་དུ་རྣལ་འབྱོར་མིག། བསྒོམ་པ་རྟོགས་པ་ཡི་ནི་སེམས། །རྒྱ་ཆེ་བར་ནི་ལྟ་བའི་ལུས། །དབུ་མ་ཕྲ་མ་སྤངས་པའོ། ། ་བདེ་དང་སྡུག་པ་རོ་སྨད་ཉིད། །ཆོས་ཀྱི་དབྱིངས་ནི་རྒྱ་ཆེའི་ཕྱིར། །ནུ་མ་མཐོན་པོ་ཞེས་པ་འདིར། །སྲིད་དང་མྱ་ངང་འདས་པ་ཉིད། །ལྟ་བའི་སྡོང་པོ་སྤངས་པ་ཉིད། །དེ་དག་གཉིས་མེད་མཆོག་ཏུ་འགྱུར། །སྐལ་བཟངས་ཞེས་པ་འདི་ནི་གསུངས། །སུ ་བདེར་གཤེགས་འཆིང་པ་དང་ནི་བྲལ། །བྷ་རང་གི་བག་ཆགས་ཀྱིས་ནི་འཁོར། །གཱ་སེམས་ཅན་རྣམས་ཀྱི་རིགས་ནི་གཟུང། །དེ་ཡང་བསམ་མེད་གཉིས་སུ་མེད། །སྒྱུ་མ་ཉིད་དེ་རྒྱུ་མའི་སྒྱུ། །འཁྲུལ་བས་སྨིག་རྒྱུའི་ཚོགས་ལ་ནི། །ཆུ ་ཡི་རྣམ་པ་ཉིད་དུ་མཐོང། །འཁྲུལ་པའི་ཕྱིར་ན་ཆུ་ནི་མེད། །དེ་ལྟར་ཐམས་ཅད་དུ་ནི་དོར། །ཟབ་མོའི་ཆོས་ཀྱི་དབྱིངས་ནི་ཉིད། །བཅོམ་པའི་གཟུགས་ལ་འདས་པའི་སྒྲ། །བསྐལ་པའི་དང་བོར་རྟག་ཏུ་གནས། །དམ་ཚིག་ཅེས་པ་དུས་མི ་འགྱུར། །སྤྱད་པས་གཉིས་མེད་རབ་ཏུ་འཐོབ། །དེ་ལྟར་ཤིན་ཏུ་གུས་གནས་སུ། །དེ་ཉིད་བརྗོད་མེད་མཆོག་མདུན་དུ། །སྔགས་དང་རྒྱུད་སོགས་ཐམས་ཅད་ནི། །སྨིག་རྒྱུ་བཞིན་དུ་རྟག་ཤེས་བྱ། །འདི་དག་གཉིས་མེད་བུ་མོའང། །གཉིས ་མེད་ཆོས་ཉིད་དུ་ནི་གསུངས། །ལུས་ངག་གསུམ་གྱི་སྲིད་གསུམ་དུ། །རིན་ཐང་མེད་པ་བསྒོམ་པའི་བདག། འདི་ཉིད་ཀྱིས་ནི་སེམས་ཅན་ཀུན། །དབང་བསྐུར་ཉིད་བདག་དེ་ཡི་དངོས། །དེ་ལྟར་བདག་ཉིད་དངོས་གྲུབ་ནི། །ཆོས་རྣམས་ཀྱིས་ནི་རིག ་རིམ་ཀྱིས། །ཡང་ན་ཇི་ལྟར་ཕྱག་རྒྱ་ནི། །ཟབ་མནོའི་ཆོས་ཀྱི་ངེས་པས་སོ། །ད་ནི་རྒྱུ་བ་གསུངས་པ་སྟེ། །ལོ་ནི་བཅུ་དྲུག་མ་ལ་སོགས། །ལོ་ནི་བཅུ་དྲུག་མ་ཞེས་པ། །འདི་ནི་དགོངས་བཤད་གཞན་ཉིད་ཀྱིས། །ཕོ་བ་བཅུ་དྲུག་ཏུ་ནི་བརྗོད། །དེ་ཡིས ་རྣལ་འབྱོར་རྒྱུ་འགྱུར། །གནས་ནི་བཅུ་དྲུག་གནས་སུའོ། །འཁོར་ལོ་རྩ་བས་ནི་བཅུ་དྲུག་ཏུ། །ཐམས་ཅད་དུ་ནི་སྲོག་རྣམས་རྒྱུ། །དེ་བཞིན་འཁོར་ལོའི་དོན་ནི་གསུངས། །ཐིག་ལེ་ལྔ་པ་ལྔ་ཉིད་དེ། །ཕྲེང་བ་བཞིན་དུ་ཡོངས་སུ་གྲགས། །ཟུར་བཞིའི་ཐིག ་ལེ་རྣམས་དང་ནི། །དབུས་ཀྱི་ཐིག་ལེ་ཉིད་ཀྱང་དབྱེ། །ཐམས་ཅད་དུ་ནི་དོར་བྱ་སྟེ། །ཆ་ནི་བཅུ་དྲུག་རྒྱུ་བའི་ཕྱིར། །ཐུན་མཚམས་བཞི་ཡི་ཐིག་ལེ་བཞི། །སྟོང་བའི་ཐིག་ལེ་རྣམས་སུ་བརྟག། གནས་ལྔའི་བུ་ག་རྣམས་སུ་ནི། །ཐིག་ལེའི་གནས་སོགས ་སྔོན་འགྲོ་བ། །མཆོག་གི་དེ་ཉིད་ཤེས་པར་བྱ། །ལྔ་གསུམ་གཅིག་ལ་རྒྱུ་བའི་ཕྱིར། །དེ་ཡང་པད་འདབ་བཞིན་ཞེས་བྱ། །དང་པོ། ཐིག་ལེ་གཙུག་ཏོར་མིད་ཅན་ལས། །ཉི་མའི་ཆ་ནི་བྱུང་ནས་སུ། །གཉིས་པ་ཡི་ནི་དང་པོར་འགྲོ། །ཡང་ནི་གསུམ ་པའི་གཉིས་པར་འོང། །བཞི་པ་ཡིན་དང་པོར་སོང། །ལྔ་པ་ཡི་ནི་གཉིས་བར་འགྲོ། །དེ་བཞིན་གཤེགས་པའི་གསུམ་པར་འགྲོ། །ཡང་ནི་ལྔ་པའི་བཞི་པར་འོང། །བཞི་པ་ཡིན་ལྔ་པར་འགྲོ། །དེ་ནས་གསུམ་པའི་བཞི་བོར། །གཉིས་པ་ཡི་ནི་ལྔ་པར་འགྲོ། དེ ་ནས་དང་པོའི་བཞི་པར་རོ། །གཉིས་པ་ཡི་ནི་གསུམ་པར་འགྲོ། །དེ་ལས་དང་པོའི་ཐིག་པེའི་གཉིས་པར་འགྲོ། །རྟག་ཏུ་གཡས་ནས་བསྐོར་བར་རུ། །ཡང་དག་པར་ནི་བྱེད་པར་འདོད། །དེ་བཞིན་རིམ་པ་བཞིན་ཤེས་བྱ། །རྐང་པའི་མཐེ་དོར ་གཡོན་པ་ནས། །བྲག་བ་གཡོན་པའི་མཚམས་སུ་འགྲོ། བདུད་རྩི་ཡི་ནི་གནས་སུ་འོང། །ལག་པའི་ཐེ་པོང་ཚིགས་སུ་འགྲོ། །ཡང་ནི་ལྕེའི་རྩེ་མོར་འོང། །ཕྲག་པ་ཡི་ནི་མཚམས་སུ་འགྲོ། །དེ་ནས་མཚན་མའི་འབྲས་བུར་འགྲོ། །དེ་ལས ་རྩ་བའི་བུ་གར་རོ། །མགྲིན་པ་ཡི་ནི་རྐན་དུ་འབྲོ། །དེ་ལས་དྲེགས་པ་འབར་བར་འགྲོ། །སྣ་ཡི་ག་དག་ཏུ་འགྲོ། །དེ་ལྟར་འཕོ་བ་བཅུ་གཉིས་ནི། །པདྨ་འདབ་མ་བརྒྱད་དུ་གྲགས། ཕྱོགས་བཞི་རུ་ནི་ཐིག་ལེ་བཞི། །ཤར་ལ་སོགས་པའི ་འདབ་མར་གནས། །འཆར་བ་དང་ནི་ནུབ་པའི་རྒྱུས། །ཕུན་སུམ་ཚོགས་པའི་རིམ་ཤེས་བྱ། །ཉི་མ་འཆར་དང་ཟླ་བ་འཆར། །དེ་བཞིན་སྒྲ་གཅན་ཐིག་ལེ་ཡང། །དེ་རྣམས་འཛིན་པ་སྔོན་འགྲོ་བ། །དེ་རྣམས་གནས་ནི ་རིམ་པ་བཞིན། །དངོས་གྲུབ་རྒྱུ་རུ་བསྟན་པར་བྱ། །ལ་ལ་ནཱ་ཡི་ཁོང་སྟོང་གནས། །དང་པོ་རྟག་ཏུ་ཤེས་པར་བྱ། །གཉིས་པར་ས་ནཱ་དབུས་ཉིད། །གསུམ་པ་ཨ་བ་དྷཱུ་ཏཱིའི་གནས། །བཞི་པ་མགོ་བོ་ཡི་ནི་མཚམས། །འདིར་ནི་མཆོག་གི་དེ་ཉིད་དེ། ་རྣལ་འབྱོར་མ་ཡི་ཚོགས་རྒྱུ་ཕྱིར། །རབ་ཏུ་འབད་དེ་ཤེས་པར་བྱ། །དུས་དང་དུས་ཚོད་ཉེར་མཚོན་པ། །དེ་ཡང་གྲངས་ནི་བཅུ་དྲུག་ལ། །སྲོག་དང་རྩོལ་བར་ཉེར་བརྟག་ཕྱིར། །དཀྱིལ་འཁོར་དེ་ཉིད་རླུང་གིས་ནི། །རྣལ་འབྱོར་པ་ཡི་གྲངས་བགྲང ་བ། །དབུགས་ནི་དྲུག་བརྒྱ་ལྷག་པ་ཡི། །སྟོང་ཕྲག་ཉི་ཤུ་རྩ་གཅིག་གིས། །ཆ་ནི་རིམ་པར་རྣམ་པར་ཤེས་པས། །རྒྱུ་བ་དེ་ཉིད་རྒྱ་ཡིས་གདབ། །དེ་དག་བཅུ་དྲུག་ལྷ་ཆེན་མོ། །དེ་ཡི་དབུས་སུ་གྲངས་མེད་པ། །རང་བཞིན་དང་ནི་སྐྱེས ་བུར་ཤེས། །སེམས་ཀྱི་གཟུགས་ནི་མཛོད་པའི་ཕྱིར། །དེ་ཡང་ནག་མོ་གཅིག་ལ་སོགས། །གདན་བཞི་པ་ལས་ཤེས་པར་བྱ། །དེ་བཞིན་རྡོ་རྗེ་མཁའ་འགྲོ་རུ། །དུས་ཀྱིས་རྣལ་འབྱོར་མས་ཤེས་བྱ། །ཡེ་ཤེས་རོ་མཉམ་གྱུར་པ་ཡི། ་བདུད་རྩིའི་རྒྱུན་ནི་འབབ་པར་འགྱུར། །འདིས་ནི་འབབ་པར་ཤེས་བྱ་སྟེ། གནས་བཅུ་དྲུག་ཏུ་འཛག་ཕྱིར་རོ། །དེ་བཞིན་ཨ་བ་དྷཱུ་ཏཱིའི་ཆ། །གཞོན་ནུ་ལ་སོགས་ལེགས་བྱེད་ཕྱིར། །དེ་ཡི་ཆ་ནི་ངེ་ཚེ་ཤེས། །དུས་ཀྱི་རྩ་ནི་བརྟགས་པ་ཡིན། ། ་དེ་ཉིད་ཀྱིས་ནི་དང་པོར་འགྱུར། །ལང་མཚོ་ནད་མེད་འཕེལ་བའི་ཕྱིར། །དེ་ལྟར་ཕྱག་རྒྱར་རྟག་ཏུ་བཤད། །སངས་རྒྱས་པ་ནི་འདོད་བཟངས་ལྷ། །འདི་ལྟ་བུ་ཡི་ཕྱག་རྒྱས་གདབ། །ཕྱག་རྒྱ་འདིས་ནི་ཕྱག་རྒྱ་ཆེ། །དེ་ཡི་གཟུགས ་ཀྱིས་ཕྱི་རོལ་སྡུད། །གསུམ་ལ་སྐྱབས་འགྲོ་སོགས་དོན་བཞིན། །འོན་ཀྱང་སེམས་ཅན་དོན་དབང་ལས། །ཕྱི་རུ་དོན་ཉིད་བསྟན་པ་ཡིན། །རང་རིག་བདག་ཉིད་ལས་ནི་གཞན། །གཞན་དུ་ཕྱག་རྒྱ་བརྗོད་པ་མིན། །དེ་ལྟར་འདིར་ནི་བསྟན་པ ་ཡང། །སློབ་མ་རྣམས་ལ་བརྩེ་དབང་གིས། །དེ་ཡང་སྔ་མ་བཞིན་དུ་འབྱུང། །མི་བསྐྱོད་ལ་སོགས་བདེ་གཤེགས་དྲུག་།འདིར་ནི་བསྟོད་པ་ཡང་ནི་བྱེད། །བདུད་ཅེས་བྱ་སོགས་ཚིག་བཤད་ཀྱིས། །སྟོང་པ་དངོས་པོ་ཀུན་གྱི་མཆོག་། ་དེ་ཡི་སྙིང་པོ་རྫོགས་ལོངས་སྤྱོད། །དེ་ཡང་ལྷན་ཅིག་སྐྱེས་པ་ཙམ། །རྟོག་པ་ཡི་ནི་དྲ་བ་སྤངས། །འོད་གསལ་ཞེས་པའི་ཆོས་འདི་ནི། །ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ། །ཡེ་ཤེས་ཀྱི་ནི་སྐུ་དེ་ཡི། །བླ་མ་དམ་པ་ཕྱག་འཚལ་བསྟོད། ་མི་བསྐྱོད་དངོས་པོའི་གཟུགས་ཀྱིས་ནི། །རྟག་ཏུ་གཙོ་བོ་ཀུན་ཏུ་བཞུགས། །སླར་ལ་ཡང་ནི་རྣམ་སྣང་མཛད། །མགོན་པོ་དམིགས་པ་ཡི་ནི་མཆོག་།དེ་ཡི་བསྟོང་པའི་ནང་ཆུད་པ། །སངས་རྒྱས་གངྒའི་བྱེ་མར་འདོད། །འགྲོ་བ ་ཞེས་སོགས་ཚིགས་སུ་བཅད། །དེ་ལྟར་སེམས་ཅན་ཐམས་ཅད་ནི། །དེ་རྣམས་ལ་ནི་བསྟན་པའི་ཆོས། །རིན་ཆེན་འོད་ཟེར་སྙིང་གསང་བ། རྡོ་རྗེ་མི་ཕྱེད་བྱེད་པ་ནི། །སེམས་དཔའ་རྟག་ཏུ་རྒྱུན་ཆད་པས། །ཆོས་ཀྱི་དབྱིངས་ནི་དེ་ཡི་གཞི། ། ་དེ་ལྟར་རིན་ཆེན་རྡོ་རྗེ་ཆེ།། །།བླ་མ་སྟོན་པ་འགྲོ་བའི་གཙོ། །མ་བྱོན་རྡོ་རྗེ་སེམས་དཔའ་ནི། །དངོས་པོ་ཀུན་གྱིས་ཕྱག་འཚལ་ལོ། །ཡང་ནི་དཔག་མེད་རྡོ་རྗེ་རུའི། །ཡང་དག་བཞུགས་པ་ཁྱོད་དཔའ་བོ། །རྫོགས ་སངས་རྒྱས་དག་ཐོབ་ཕྱིར་དང། །སེམས་ཅན་ཐམས་ཅད་འདུལ་བའི་ཕྱིར། །དེ་བཞིན་བྱང་ཆུབ་སེམས་བསྐྱིངས་ནས། །དེ་ཉིད་ལ་སོགས་ཡང་དག་བསྟན། །དེ་ལྟར་ཡང་ནི་ལུས་ལས་ནི། །བྱང་ཆུབ་སེམས་ནི་འབྱུང་བ་ནི། །དོན་དམ ་པ་ཡི་གཟུགས་ནི་ཉིད། །དེ་ཡི་རང་བཞིན་ཅན་ཕྱག་འཚལ། །ད་བཞིན་དཀོན་མཆོག་གསུམ་ལ་སོགས། །ཐེག་པ་ཆེ་ལ་སོགས་ཆོས་ཉིད། །ལུས་ལས་ཡང་དག་འབྱུང་བ་ཡི། །དོན་ཡོད་གྲུབ་པ་དབང་བསྒྱུར ་བས། །བརྟན་པ་དང་ནི་གཡོ་སྣ་ཚོགས། །གཙོ་པོ་ཁྱོད་ཀྱིས་སྤྲུལ་བྱེད་ཅིང། །ཁམས་གསུམ་ལ་སོགས་བསྐྱེད་པ་དང། །འདུ་བྱེད་ཞི་བར་བྱེད་པའོ། །དེ་ལྟར་སྐུ་སོགས་རྡོ་རྗེ་གསུམ། །དཔའ་བོ་ཡིས་ནི་ཕ་རོལ་འགྲོ། །དཔའ་བོ་འགྲོ ་བའི་བྱ་བ་སྤྱོད། །དོན་ཡོད་གྲུབ་ལ་ཕྱག་འཚལ་བསྟོང། །དེ་བཞིན་ཡིད་བཞིན་ནོར་བུ་སོགས། རྡོ་རྗེ་སེམས་དཔའ་བདག་དངོས་ཀྱིས། །གཙོ་བོ་ཁྱོད་ནི་ཡང་དག་བཞུགས། །རྡོ་རྗེ་སེམས་དཔའ་འགྲོ་བ་ཉིད། །གཟུགས ་བརྙན་བཞིན་དུ་མཛད་པའོ། །ངེས་ན་ཁྱོད་ཀྱི་སྐུ་ཉིད་ནི། །འདོད་པ་ཡི་ནི་དངོས་གྲུབ་སྟེ། དཔལ་ལྡན་ལ་སོགས་གོ་སླའོ། །དེ་བཞིན་གཤེགས་པ་དྲུག་རྣམས་ཀྱིས། །སྲས་པོ་གཉིས་ལ་ཕྱག་འཚལ་བསྟོད། །ཡོན་ཏན་ལ་སོགས་གོ ་སླའོ་ཞེས་པ་ནི་ངེས་པའོ། །ད་ནི་ཏིང་ངེ་འཛིན་ཡང་དག་པའི་སྦྱོར་བས་བྱང་ཆུབ་སེམས་ཀྱི་གསང་བའི་དཔང་བརྗོད་པའི་ཕྱིར། དཔལ་ལྡན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སློབ་དཔོན་ནི་སྔོན་ནས་གྲུབ་པའི་ཕྱིར་དེའི་ལུས་ཀྱི ་དཀྱིལ་འཁོར་དང་པོའོ། །གཉིས་པ་ནི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རོ། །དེ་ཡང་ཕྱག་རྒྱའི་སྦྱོར་བས་བསྐྱེད་པའོ། །སླར་ཡང་དེ་ཉིད་ནི་གཅིག་སྟེ་བདག་གི་དངོས་པོའོ། །གཉིས་པ་ནི། གཞན་ལ་ཕན་པའོ། །གང་བདག་གི་དངོས་པོ ་དེ་ཡང་ནང་གི་བླ་མའོ། །དེའི་ཕྱིར་པདྨའི་སྣོད་ཨ་བ་དྷཱུ་ཏཱིའི་དབུས་སུ་འོངས་ཏེ། ལྟེ་བའི་དབུས་སུ་ངལ་བསོས་པའི་བྱང་ཆུབ་སེམས་སོ། །རྒྱལ་བདག་ཉིད་སྐྱེས་ཞེས་པ་ནི་དེ་བཞིན་གཤེགས་པ་དྲུག་གི་བདག་ཉིད་དོ། །ུ་མཆོག་གི་དེ་ཉིད ་འབྱུང་བར་འགྱུར། །དྷུ་ཕོ་ཉ་ཕོ་ཉ་མོ་རང་བཞིན། །ཏ་དེ་ནི་བདེ་བ་ཆེན་པོའི་སེམས། །ཙ་སྒྱུ་མ་ཡིས་ནི་སྡུད་པར་བྱེད། །མ་ཡིད་ཀྱི་དབང་བསྐུར་བ་ནི་སྦྱིན། །རཻ་འདི་དག་ཚོགས་ཀྱི་དཀྱིལ་འཁོར་ཏེ། ཚྭ་བདེ་བའི་སྐུའི་གྲིབ་མ་ཉིད། །ཏཻ་ཁམས་གསུམ་སྤྲོས་པ ་ཉིད་ཀྱིས་ནི། །གཱ་བདེ་བ་ཕུན་སུམ་ཚོགས་པ་གཟུངས། །ཐཱ་གནས་དང་གནས་མིན་ཉམས་དགའ་བ། །མ་བཀྲ་ཤིས་ཡིད་ཅན་རྣམས་ཀྱིས་ཡོངས་སུ་རྫོགས། །ག་གསང་བའི་དུས་སུ་སོང་ནས་ནི། །ལ་བདེ་བ་དམིགས་པ་རྒྱུད་པ་ནི། །གྷི་རི་པོ་ཡི་ནི་ཕྱིར ་མཆོད་པ། །ཏི་ཏིལ་ལས་མར་ཁུ་འབྱུང་བ་བཞིན། །བྷི་འབྱུང་བའི་རྩིག་པ་ལ་ནི་བརྟེན། །དེ་ལྟར་ཕྱག་རྒྱ་ཕྱག་རྒྱ་ཆེ། །ལྡན་པ་རྣལ་འབྱོར་པ་དེ་ནས། །སློབ་མ་དབང་བསྐུར་བྱ་ཞེས་པ། །དེ་ནི་འབྱུང་ཆེན་བདག་ཉིད་ལས། །འབྱུང་ལས་གྱུར ་པའི་དངོས་པོ་འབྱུང། །དེ་ཐམས་ཅད་ནི་སློབ་མར་གྱུར། །འགྲོ་བའི་གཙོ་བོར་བྱ་བའི་ཕྱིར་རོ། །བྱ་ཞེས་པ་ནི་སློབ་དཔོན་གྱིས་དབང་ངོ། །དེ་ནི་ཁམས་གསུམ་གྱི་སེམས་ཅན་རྣམས་ལ་དེ་ཁོ་ན་ཉིད་བསྟན་པའི་ཕྱིར་རོ། །དེའི་ཕྱིར་མཆོག་གི་དབང་ཕྱུག ་དུ་འགྱུར་ཏེ། །སངས་རྒྱས་ཉིད་དུ་ངེས་པའོ། །ད་ནི་དེ་རྣམས་ཀྱི་རྟེན་བརྗོད་པའི་ཕྱིར། །བཟང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱིན་བར་བྱ་ཞེས་པ་ནི་ཕྱིའི་རྣལ་འབྱོར་མ་ཞིང་སྐྱེས་དང་སྔགས་སྐྱེས་དང་ལྷན་ཅིག་སྐྱེས་མ་གནས་ལས ་སྐྱེས་པ། འཆད་བཞིན་པ་རྣམས་ཀྱི་མངལ་དུ་འཇུག་པར་འགྱུར་ཏེ། དེ་བཞིན་དེ་ཡང་གལ་ཏེ་རྣལ་འབྱོར་པ་སྔོན་དུ་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ལ་རྣམ་པར་མོས་པས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དུ་འགྱུར་བ་དེའི་ཚོ་རྒྱུ་དས་ནི་ཕ་དང་མ ་དཔའ་བོ་དང་དཔའ་མོའི་དབང་ཕྱུག་དག་གི་རིམ་ལས་སྐྱེ་བར་འགྱུར་ཞེས་སྦྱར་རོ། །འོན་ཏེ་རྣལ་འབྱོར་གྱི་རྒྱུད་གཅིག་བུ་ལ་མོས་པ་དེས་ནི་ཕ་ནི་དཔའ་བོ་ལ་སོགས་པ་ཡོན་ཏན་གྱིས་བརྒྱན་ཅིང། མ་ནི་ཐ་མལ་པའི་ཟུང་མེད་དོ། །དེ་བཞིན་དུ་རྣལ་འབྱོར་མའི་རྒྱུད་ལ ་མོས་པ་དེས་ན་མ་ནི་དཔའ་མོ་ལ་སོགས་པའི་ཡོན་ཏན་གྱིས་བརྒྱུན་ཏེ་ཕ་ནི་ཐ་མལ་པའི་སྐྱེས་པའོ། །དེས་ན་ཅུང་ཟད་མི་གྱུར་པར་འགྱུར་རོ། །དེའི་ཕྱིར་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་སྦྱོར་བ་གཟུང་བར་བྱའོ། ། ་དེས་ན་དག་པའི་སེམས་དེ་སྦྱིན་པར་བྱ་ཞེས་སྦྱར་རོ། །དེས་ན་ཉིད་ཀྱི་སྒྲ་ནི་ངེས་པར་གཟུང་བའོ། །དེ་ལྟར་དམ་ཚིག་ཅེས་པ་ནི་བརྡའི་སྐད་ཀྱིས་གསུངས་པའོ། །ཉམས་དགའ་ཞེས་པ་ནི་རང་རིག་པའི་བདག་ཉིད་དོ། །བཟང་པོ་ཞེས་པ་ནི་སྣ་ཚོགས་པ་ཉིད་ཀྱི ་རང་བཞིན་དང་བྲལ་བའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་ཡོངས་སུ་དག་པའོ། །འདུས་བྱས་ཞེས་པ་ནི་ཆོས་ཀྱི་སྐུའི་ངོ་བོ་དེའི་གནས་སོ། །ཁྲག་ཆེན་པོ་ཞེས་པ་ནི་འདིར་དེའི་རང་གི་ངོ་བོ་ལས་བྱུང་བའི་སེམས་དེ་མ་ཡིས་ཀྱང་རྣལ་འབྱོར་ཀྱི་ནུས་པས་དེའི ་དུས་སུ་མཐོང་ངོ། །དེའི་ཚེ་རང་གི་བདག་ཉིད་ཆགས་པ་ཆེན་པོའི་ཏིང་ངེ་འཛིན་ལ་དམིགས་པར་བྱ་སྟེ། དེས་རང་འབྱུང་གྱི་མེ་ཏོག་བསྐྱེད་པ་དེ་ནི་ཁྲག་ཆེན་པོའོ། །དེ་དད་ག་བུར་བཅས་ཞེས་པ་ནི་རང་རིག་པའི་བདག་ཉིད་ཀྱི་བྱང་ཆུབ་སེམས་ཏེ། དེ་ཡང ་དེ་བཞིན་དུ་བསྐྱེད་ཅེས་པའི་དོན་ཏོ། །འོན་ཀྱང་ཙན་དན་དམར་པོ་དང་ནི་སྦྱར་ཞེས་པ་ནི། ཕ་ཆགས་པ་ཆེན་པོ་སྐྱེས་པ་དེས་ན་རྣལ་འབྱོར་མ་བསྐུལ་ཏེ། དེས་ཀྱང་འཁྱུད་པ་ལ་སོགས་བྱེད་དོ། །དམར་པོ་ནི་ཆགས་པས་མཆོད་པའི་ཕྱིར་དེའི་ཚེ་ཙན་དན ་དྲི་བཞིན་བྲི་བའོ། །ཇི་ལྟར་ཕྱིའི་རྣམ་པར་རྟོགས་པས་རྡུལ་ཕྲ་རབ་ལྟ་བུའི་སེམས་ཅན་རྣམས་ཤིན་ཏུ་ཕྲ་བར་འགྱུར་ཏེ། དྲི་སྣམ་པས་ན་དྲི་ཟའོ། །དེ་བཞིན་དུ་འདིར་ཡང་ཐ་མལ་པའི་བྱང་ཆུབ་སེམས་ནི་དྲི་མ་མེད་པ་སྟེ། ཐ་མལ་པའི་བག་ཆགས ་ཀྱི་དབང་གིས་སོ། །རྣལ་འབྱོར་པ་རྣམས་ཀྱིས་ནི་དེ་ལྟ་བུ་མ་ཡིན་ཏེ། ཆགས་པ་ཆེན་པོའི་བདག་ཉིད་ཙན་དོན་བཞིན་དུ་དྲི་ཤེས་པར་བྱ་སྟེ། བག་ཆགས་ཁྱད་པར་ཅན་ལས་རང་རིག་པ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་ཡང་ཇི་ལྟར་ཙན་དན་གོ་ཤིར ་ཤིའི་དྲི་བསྣམས་པ་ཙམ་གྱིས་གདུང་བ་ཆེན་པོ་ཉེ་བར་ཞི་བར་འགྱུར་རོ། །དེ་བཞིན་དུ་རང་རིག་པའི་བདེ་བ་ཉེ་བར་མཚོན་པ་ཅམ་གྱིས་འཁོར་བའི་བག་ཆགས་རྣམས་ཀྱི་གདུང་བ་ཆེན་པོ་ཉེ་བར་ཞི་བར་འགྱུར་རོ། །དེ་ཡང་དེ་ཉིད་བག་ཆགས་སུ་འགྱུར་ཏེ། ་དེའི་ཚེ་དྲི་ནི་སེམས་ཅན་ཐམས་ཅད་ཀྱི་མིང་ཅན་དེ་དེ་བཞིན་ནོ། །མ་དང་ཕའི་དྲི་ཞིམ་པོའི་ཙན་དན་བཞིན་དུ་དེ་དག་གི་དྲི་སྣོམས་ཞེས་པ་སྟེ་ངེས་པའོ། །རྡོ་རྗེ་ཆུ་དང་བཅས་པ་ཞེས་པ་ནི་ཕའི་བྱང་ཆུབ་སེམས་འཛག་པའི་དུས་སུའོ། །ལྔ་པ་སེམས་ལས་བྱུང་པ ་ཞེས་པ་ནི་ཀུན་གཞི་རྣམ་པར་ཤེས་པ་དྲི་ཟ་ཉེ་བར་འཁོར་གྱི་སེམས་ཅན་དེ་ཡང་རྣལ་འབྱོར་པ་རྣམས་ཀྱི་སེམས་ཁྱད་པར་ཅན་ལས་བྱུང་བ་དེ་ཉིད་མ་དང་ཕའི་བདེ་བ་དང་ལྷན་ཅིག་རོ་གཅིག་པར་གྱུར་པ་སྐྱེད་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་ཕྱིར་འདི་དེ ་དམ་ཚིག་ཡང་དག་འདོད་ཅེས་པ་ནི་བསམ་གྱིས་མི་ཁྱབ་པའི་དུས་ཏེ་དུས་ཀྱི་མཚན་ཉིད་དེ་ཡང་དེ་བཞིན་གཤེགས་པས་དཔལ་འདུས་པ་ལ་སོགས་པའི་རྒྱུ་ཐམས་ཅད་སངས་རྒྱས་ཐམས་ཅད་ཡང་དག་པར་བཞེད་པ་གསུངས་སོ། །དེ་རྣམས་ཀྱང་ཐོག ་མ་མེད་པའི་དུས་སུ་གསུངས་སོ། །ཞེས་པ་སྟེ་ངེས་པའོ། །དེ་བཞིན་དུ་བཟང་པོ་བསྐྱེད་པར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་བཞིན་དུ་སྡོམ་པ་ནི་གྲུབ་པའི་རྣལ་འབྱོར་པས་སྲོག་ཆགས་གསང་མི་བྱ་ཞེས་པ་ནི་མྱུར་དུ་མྱ་ངན་ལས་འདས་པར་མི ་བྱ་ཞེས་དགོངས་སོ། །བུད་མེད་རིན་ཆེན་དོར་མི་བྱ་ཞེས་པ་ནི་དཔལ་སྒྱུ་མ་ཡོངས་སུ་མི་དོར་ཞེས་པའི་དོན་ཏོ། །ཡང་ན་གལ་ཏེ་ཡོངས་སུ་མྱ་ངན་ལས་འདས་པར་བྱེད་ན། དེའི་ཚེ་སློབ་དཔོན་གྱིས་ཏེ། དེ་མི་དོར་ཞེས་པ་ནི་འཇིག་རྟེན་གསུམ་སྤྱོད་པར་མི ་འགྱུར་པ་དེའི་ཚེ་སེམས་ཅན་གྱི་དོན་ཕུན་སུམ་ཚོགས་པར་མི་འགྱུར་རོ། །དེའི་ཕྱིར་སྡོམ་པ་མི་འདོར་ཏེ། ཇི་སྲིད་དུ་ནམ་ཁའི་སྦྱོར་བ་འཛིན་པ་དེ་སྲིད་དུ་སྒྱུ་མའི་ལུས་བཞིན་དུ་བརྟག་ཅེས་པ་ནི་མཆོག་གི་སྡོམ་པའི་དེས་པའོ། །སྔོན་དུ་གསུངས་པ་ཞེས ་བྱ་བ་ལ་སོགས་པ་ནི་འདིར་སྔོན་དུ་གསུངས་པའི་ཚུལ་གྱིས་རིག་མའི་རང་བཞིན་གྲུབ་པ་རྣམས་མཐོང་བའི་ཕྱིར་གསང་བའི་དབང་ངོ། །ཡང་ན་ཞེས་པ་ནི་ཕྱོགས་གཞན་ནོ། །བདག་གི་རྣལ་འབྱོར་མ་ཞེས་པ་ནི་ཨ་བ ་བྷཱུ་ཏཱི་ལ་རྟེན་པས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དག་པ་དེའི་ཚེ་སྔ་མ་བཞིན་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་སིཏལ་ཞེས་པ་ནི་སྒྱུ་མར་ཡིད་ཆེས་བ་རང་འབྱུང་ཆགས་པ་ཆེན་པོའི་ཁྲག་སྙིང་རྗེའོ། །ག་བུར་ཞེས་པ་ནི་ཡི་གེ་ལྔ་སྟེ། ཀ་ནི་སྡོང་བུའི ་རྩ་རུ། །རིན་བུ་ག་ལྔ་རུའོ། །པ་ནི་རླུང་ལྔ་རྣམས་སུའོ། །ུ་ནི་ཡི་གེ་མི་འགྱུར་བའོ། །ར་ནི་འཚེད་པའི་ཆགས་སྦྱོར་བས། །བུད་མེད་དེ་ནི་མི་འཛག་བྱེད་ཅེས་པ་ནི་སྙིང་རྗེར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །ཇི་སྲིད་ཅེས་བྱ ་བ་ལ་སོགས་པ་ནི་དེ་ལྟར་མཆོག་ཏུ་མི་འགྱུར་བའི་རིག་པ་ཐོབ་པའོ། །དེ་སྲིད་བསྟེན་ཞེས་པ་ནི་སྦྱོར་བའི་ཡན་ལག་དྲུག་གིས་རྒྱུན་དུ་གོམས་པར་བསྟེན་པའོ། །དེ་སྲིད་ཁུ་བ་དང་ལྡན་གྱུར་པ་ཞེས་པ་ནི་དེ་གོམས་ནས་རང་གྱི་མཐར ་ཐུག་པས་ཡང་དག་པའི་ཡེ་ཤེས་མཐོང་བའི་ཕྱིར་ཕྱག་རྒྱ་ཆེན་པོ་ཐོབ་པར་གྱུར་བའོ། །དེ་བཞིན་དུ་ཕྱག་རྒྱའི་འབྲས་བུ་བསྟན་པའི་ཕྱིར། །ཕྱག་རྒྱའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱ་ནི་རྣམ་པ་ཀུན་གྱི་མཆོག་དང་ལྡན ་པའི་སྟོང་བ་ཉིད་དོ། །གདོང་ན་བཀབ་ནས་སུ་ཞེས་པ་ནི་བསམ་གྱིས་མི་ཁྱབ་པ་དེ་ཉིད་བེམས་པོ་དང་བཅས་པའོ། །དེས་ན་ཐབས་ཀྱི་ཞེས་པ་ནི་རྣམ་པར་ཤེས་པའི་བྱ་བ་སྟེ། དེ་ཡང་སྙིང་རྗེ་ཆེན་པོ་རྡོ་རྗེའི་རང་བཞིན་བསམ་དུ་མེད་པའི་མཚན ་ཉིད་ཀྱི་ཕྱིར་རོ། །དེས་ན་གདོང་བཅིངས་པའོ། དེ་ཉིད་གྱིས་ན་དམིགས་པ་མེད་པའི་བདེ་བའི་རྒྱུ་ཡེ་ཤེས་ཉིད་ལས་ཡེ་ཤེས་སྐྱེ་ཞེས་པ་ནི་ངེས་པའོ། །འདི་དག་གི་ཡེ་ཤེས་ངེས་སློབ་མ་མངོན་ཤེས་དྲུག་དང་ལྡན་པ་རྣམས་ཀྱི་ཁ་ནས ་ལ་རུ་སྤྲོས་པའ། །ཐམས་ཅད་དེའི་རང་བཞིན་ཞེས་པ་ནི་མདོར་བསྡུས་ནས་སྤྲུལ་པའི་སྐུ་ཞེས་པ་དེ་ལ་དེ་སྐད་ཅེས་བྱའོ། །ད་ནི་ཐམས་ཅད་དེའི་བདག་ཉིད་ཀྱི་ན་ཡེ་ཤེས་དང་ཡེ་ཤེས་ཀྱི་ཤེས་རབ་དང་ཡེ་ཤེས་ཀྱི་དབང་གི་སྒོ་ནས་བྱང་ཆུབ་སེམས་སློབ་དཔོན་དང་རྣམ་པར ་ཤེས་པ་སློབ་མའི་འབྲས་བུ་བརྟག་པའི་མན་ངག་བསྟན་པའི་ཕྱིར་དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རྣལ་འབྱོར་རྣམས་ཀྱི་འོག་དང་སྟེང་གི་དབྱེ་བས་ཡེ་ཤེས་དང་ཤེས་བྱའི་བདག་ཉིད་དུ་འགྱུར་བའོ། །དེ་ཡང་ཀུན་རྫོབ་དུ་སྟེང་རྐང་པ་གཉིས ་ཀྱི་བར་དང་དེ་བཞིན་འོག་སྤྱི་བོའོ། །དེ་བཞིན་དུ་ཐབས་ནི་སྟེང་ངོ། །ཤེས་རབ་ནི་འོག་གོ། དེ་དག་གི་སྟེ་འོག་དང་སྟེང་དག་ཏུ་ཡེ་ཤེས་དང་ཤེས་བྱ་དག་གི་སྙོམས་པར་འཇུག་པར་འགྱུར་ཏེ། དེས་ན་བྱང་ཆུབ་སེམས་བླ་མ་དེ་བཞིན་དུ་གསུངས་པར་འགྱུར ་རོ། །དེའི་དངོས་པོ་རང་རོག་པ་སྐྱེད་པར་བྱེད་པ་ནི་སློབ་མའོ། །དེའི་ཡང་ཤེས་རབ་ནི་ཡེ་ཤེས་ཀྱི་མཚན་ཉིད་དོ། །དེས་ན་མཉམ་པའི་རོ་ཞེས་པ་ནི་རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པས་རོ་གཅིག་པ་བྱེད་པའོ། །བཙན་ཐབས་ཀྱི་སྦྱོར་བའི་སེམས་ཀྱིས ་སྲོག་དང་ཐུར་སེལ་ཕྲད་པ་འདི་དག་གི་སྙོམས་པར་འཇུག་པ་ནི་སློབ་མ་དང་ཤེས་རབ་དེ་ཉིད་དུ་འདུས་ཞེས་གསུངས་པའི་ཕྱིར་རོ། །ཡང་དེ་ཉིད་དུ་ཞེས་པ་ནི་སྔོན་དུ་གསུངས་པའི་ཡི་གེ་གཉིས་བསྟན་པའོ། །ེ་བཾ་ཞེས་པ་རིམ་ལས་བཟློག་པས་པཾ་ནི་སྤྱི་བོར་རོ། ། ་ཨེ་ནི་ལྟ་བའི་རྩ་བར་རོ། །དེ་ལྟར་གཉིས་ཀ་འདུས་པ་ནི་བཾ་ཞེས་སོ། །སྲིད་པ་གསུམ་ནི་ཐམས་ཅད་ཤེས། ཆོས་ཀྱི་འབྱུང་གནས་ཤེས་རབ་ཀྱིས། །ཐིག་ལེ་རྡོ་རྗེའི་རླུང་གིས་ནི། །རེག་པས་དེར་ནི་ཐིམ་པར་འགྱུར། །དེ་བཞིན་ཤེས་རབ་ཡེ་ཤེས ་ཀྱི་དབང་གིས་རྗེས་ཐོགས་དེ་ཉིད་དུ་ཚིག་གི་སྒོ་ནས་བསྟན་པ་ད་ནི་དབང་བླ་མ་ཞེས་བརྗོད་དོ། །དེས་ཀྱང་བརྟགས་པའི་ཕྱིར་མན་ངག་བརྟན་པར་འགྱུར་རོ། །དེ་བཞིན་དུ་བདག་དང་གཞན་ཞེས་བྱ་བ་ནས། །ཇི་སྲིད་དངོས་དང་དངོས་མེད་ཅེས་པའི་མཐད ་ཐུག་པ་དཔེས་ཉམས་སུ་མྱོང་བའི་མཐར་དཔེ་མེད་པའི་བྱང་ཆུབ་སེམས་ཀྱི་བླ་མ་ཞེས་པ་བརྗོད་དུ་མེད་པ་དེ་ནི་རང་རིག་པའི་ཡེ་ཤེས་སོ་ལྷག་མ་འདི་ཉིད་ཀྱི་ཡོན་ཏན་གྱི་ཁྱད་པར་ཐམས་ཅད་ནི་གོ་སླའོ། །དེའི་མན ་དག་བསྟན་པའི་ཕྱིར། དང་པོ་དགའ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྤྱི་བོ་ནས་བྱང་ཆུབ་སེམས་འཇོག་པའི་དུས་སུ་དང་པོ་ཉིད་དུ་དགའ་བ་སྐྱེའོ། །དེ་ཡང་མི་གཡོ་བའི་ཏིང་ངེ་འཛིན་གྱིས་དཔའ་བོའོ། །སླར་ཡང་བྱང་ཆུབ ་སེམས་ལྟེ་བའི་གནས་སུ་ཕྱིན་པའི་ཚེ་དམ་པར་དགའ་བ་སྐྱེའོ། །རྣལ་འབྱོར་མ་ཞེས་པ་ནི་དེ་བཞིན་སྦྱོར་བའི་ལམ་གྱི་སྟེང་དུ་རྒྱུ་བ་སྟེ། རླུང་ཕྲད་པའི་ཕྱིར་ཞེས་གསུངས་པས་སོ། །དེས་ན་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ལ་རྣལ་འབྱོར ་ཞེས་བརྗོད་དེ། གཉིས་པོ་འདི་དག་ལས་བདེ་བ་བསྐྱེད་པའོ། །རྩ་ཐམས་ཅད་ལ་རྒྱུ་བའི་ཕྱིར་ཨ་བ་དྷཱུ་ཏཱིས་ཐམས་ཅད་ལ་ཁྱབ་སྟེ། དེ་ཉིད་ཀྱི་དཀྱིལ་འཁོར་གྱི་སྲོག་གི་ཆ་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཤེས་སོ། །དེས་ན་མཆོག་ཏུ ་ཆགས་པས་དགའ་བ་མི་འཛག་པའོ། །དེ་ཉིད་ཀྱིས་ནམ་ལུས་པ་ནི་ཐམས་ཅད་ལ་ཁྱབ་པར་བྱེད་པའི་ཡེ་ཤེས་སོ། །དེས་ནི་ཉིད་ཀྱི་སྒྲ་ནི་ངེས་པར་གཟུང་བའོ། །དེ་བདེ་བའི་ཐབས་ཀྱིས་ཐམས་ཅད་རིག་ཅེས་པ་ལ། དེ་ཞེས་པ་ནི་ཡེ་ཤེས་ཀྱི་རྣམ ་པར་གཞག་པ་དང་བྲལ་བ་དེ་ཉིད་ཀྱི་མིང་བསྟན་པའི་སྒོ་ནས་ཏེ། དེས་ན་འདི་ཉིད་མཆོག་ཏུ་ཆགས་པའི་དགའ་བ་དང་དགའ་བ་ལ་སོགས་པའི་གསུམ་གྱི་ཐབས་ཀྱིས་ཆོས་རྣམས་ཐབས་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་དང་དེའི་སྙིང་པོ་རང་རིག་པའི་ཡེ ་ཤེས་ཏེ། རྣལ་འབྱོར་གྱི་རང་བཞིན་ཉིད་ཀྱིས་ན་འོད་གསལ་བའོ། །འདི་དག་གི་བསམ་གྱིས་མི་ཁྱབ་པ་ནི་གཉིས་མེད་པའོ། །དེའི་རིགས་ཞེས་པ་ནི་སྐྱེད་པར་བྱེད་པའི་དགའ་བ་གསུམ་མོ། །དེའི་ཕྱིར་འདི་དག་ནི་བླ་མར་བརྗོད་དེ་བསྐྱེད་བྱ་དེད ་སྐྱེད་བྱེད་འབྲེལ་པའི་ཕྱིར་ཞེས་དགོངས་སོ། །དེ་ལྟར་དོན་དམ་པ་མཐོར?་བ་ཞེས་པ་ནི་ངེས་པའོ། །དེའི་ཚེ་འདིར་གལ་ཏེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཅིག་ཏུ་འགྱུར་ན་དེ་ཇི་ལྟར་རྣལ་འབྱོར་པ་རྣམས་ཀྱིས་ཚེ་འདིར་སེམས་ཅན་གྱི་དོན་བྱེད ་གལ་ཏེ་རེ་ཞིག་ཕྱིའི་བྱ་བ་བཀག་ན་སློབ་མ་ལ་ཆོས་བསྟན་པ་མེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ནང་དུ་བསྒོམས་པས་སོ། །དེས་ན་རང་གི་དོན་མི་འབྱུང་སྟེ། སྔོན་དུ་མ་ཐོས་པའི་ཕྱིར་རོ། །ཅི་ཡང་ཐོས་པ་བརྒྱུད་པ་མེད་པར་སེམས་ཅན་གྱི་དོན་དུ་འགྱུར ་རམ་ཞེས་འགའ་ཞིག་གི་ཚིག་ཏུ་འགྱུར་ན་དེའི་མི་བརྗོད་དེ་བཅོམ་ལྡན་འདས་ཀྱིས་བཀའ་གསུངས་པ། དང་པོ་དགའ་བ་ཞེས་བྱ་བ་ལ་སོགས་པ་འདིར་བསྟན་པའི་རྒྱུན་ཐམས་ཅད་ནི་གོ་སླའོ། །དེ་ལྟར་བསྟན་པ་ནི་འོན་ཀྱང་བདེན་མོད་དོན ་ཐམས་ཅད་དོན་དམ་པའོ། །ཅིའི་ཕྱིར་ཞེ་ན། གསུངས་པ། ཁ་ཅིག་ཏུ་ཡང་ཁྱེད་ཅག་རྣམས་ཀྱིས་གཏམ་ཙམ་ཡང་མ་ཐོས་སམ། ད་ཅི་ཞེ་ན། གང་གི་ཕྱིར་བརྟན་པ་དང་གཡོ་བ་ལ་སོགས་པའི་ཆོས་ཐམས་ཅད་ནི་མ་དོར་བསྡུས་ན ་རང་བཞིན་གྱིས་ཀུན་རྫོབ་ཀྱི་མཚན་ཉིད་དོ། །དེས་ན་དང་པོ་ཉིད་དུ་ལྟ་བ་དྲུག་ལ་འཇུག་པ་རྣམས་འདི་སྐད་ཅེས་བརྗོད་དེ། བདག་ཅག་གིས་ཐར་པ་ལ་ཇི་ལྟར་བགྲོད་པར་འགྱུར་ཞེས་ཅིག་ལ་ཅིག་འགྲོ་བར་འགྱུར་རོ། །དེའི་ཚེ་དེ་རྣམས་ཀྱིས ་ཀྱི་རྣམ་པར་སྨིན་པའི་དབང་གིས་དགེ་བའི་གྲོགས་དང་ཕྲད་པར་འགྱུར་རོ། །དེ་ཉིད་ནི་ཚིག་འདི་སྐད་བརྗོད་དེ་མུ་སྟེགས་ལ་སོགས་པའི་སློབ་དཔོན་ལ་བསྙེན་བཀུར་གྱིས་ཤིག་།སློབ་དཔོན་ཆེ་གེ་མོའི་ཁྱིམ་དུ་སོང་ལ་ཆོས་ཉོན་ཅིག་།དེའི་བཀའ་ ་དྲིན་གྱིས་ཐར་པ་ཐོབ་བོ། །དེས་སྲིད་པ་ཟད་པར་བྱེད་དོ། །དེ་ལྟར་དེ་ཡང་སོང་ནས་ཇི་སྐད་སྨྲས་པ། དེ་བཞིན་དུ་བྱེད་དོ། །སློབ་དཔོན་རྣམས་ཀྱང་རང་རང་གིས་ཆོས་དེ་དང་དེ་ལ་སྦྱར་རོ། །དེའི་ཕྱིར་ཐམས་ཅད་དམ་པར་འདོད་པའོ། །འོན་ཀྱང་དེ་བཞིན ་གཤེགས་པའི་བསྟན་པ་ལ་བདེན་པ་གཉིས་ལ་བརྟེན་པས་ཐར་པ་ཐོབ་བོ། །དེ་ཡང་སྟོང་པ་དང་སྙིང་རྗེའི་བདག་ཉིད་དོ། །དེ་བཞིན་དུ་རྒྱུ་དང་འབྲས་བུ་མེད་ན་གྲོལ་བར་མེད་དོ། །དེ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་དག ་གོ། དེ་ལྟར་གསུངས་པ་དང་པོ་ཉིད་དུ་དོན་དམ་པ་ནི་རྒྱུའོ། །ཀུབ་རྫོབ་ནི་འབྲས་བུའོ། །དེ་ཡང་འཇིག་རྟེན་ལས་འདས་པའོ། །ཀུན་རྫོབ་ཀྱི་བདེན་པས་དོན་དམ་པའི་བདེན་པ་བསྒྲུབས་སོ། །དེས་ན་སངས་རྒྱས་ཏེ་དེས་འཇིག་རྟེན་ལས ་འདས་པའི་བདེན་པའི་སྒོ་ནས་ཐམས་ཅད་མཁྱེན་པའི་རྒྱུའི་ཕྱིར་བསྟན་ཏེ། འཇིག་རྟེན་པའི་བདེན་པའི་སྒོ་ནས་ནི་མ་ཡིན་ཏེ། མི་ནུས་པའི་ཕྱིར་རྒྱལ་པོ་གཟུགས་ཅན་སྙིང་པོ་བཞིན་ནོ། །དེའི་ཕྱིར་ཕན་ཚུན་རྒྱུ་དང་འབྲས་བུའི་འཇིག་རྟེན་ལས་འདས་པའི ་ཀུན་རྫོབ་དང་དོན་དམ་པའོ། །དེ་ལྟར་བསྟན་པ་ནི་གཙོ་བོར་སྒྱུ་མ་ཡིན་ཏེ། དོན་དམ་པ་ནི་གཙོ་བོར་དངོས་གྲུབ་ཀྱི་རྒྱུ་ཡིན་ནོ། །དེས་ན་ཐམས་ཅད་མཁྱེན་པ་ཉིད་བསྟན་པ་སྟོན་ཏོ། །ཐ་མལ་པ་རྣམས་ཀྱིས་ནི་མ་ཡིན་ནོ་ཞེས་པ་ནི་དེས་པའོ ་ཀུན་རྫོབ་དང་དོན་དམ་པའོ། །དེ་ལྟར་བསྟན་པ་ནི་གཙོ་བོར་སྒྱུ་མ་ཡིན་ཏེ། དོན་དམ་པ་ནི་གཙོ་བོར་དངོས་གྲུབ་ཀྱི་རྒྱུ་ཡིན་ནོ། །དེས་ན་ཐམས་ཅད་མཁྱེན་པ་ཉིད་བསྟན་པ་སྟོན་ཏོ། །ཐ་མལ་པ་རྣམས་ཀྱིས་ནི་མ་ཡིན་ནོ་ཞེས་པ་ནི་དེས་པའོ ་འོ་ན་ཇི་ལྟར་ང་ལྟར་སེམས་ཅན་རྣམས་སྟོན། །གང་ཕྱིར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་ཕྱིར་རོ། །དེའི་ཕྱིར་བརྗོད་དེ། འདིར་དེ་བཞིན་གཤེགས་པས་སྔོན་ཉིད་དུ་རྒྱུ་དང་འབྲས་བུའི་བདག་ཉིད་ཀྱི་ཆོས་སྟོན་ཏེ། དེ ་ཡང་སྡུད་པར་བྱེད་པས་བསྡུས་ནས་གླེགས་བམ་ལ་སོགས་པར་གྲགས་སོ། །དེ་ཡང་ཕན་ཚུན་བརྒྱུད་པས་ཐོས་པ་དང་བསམ་པས་ཕྱག་རྒྱ་ཆེན་པོ་ལ་མངོན་པར་བགྲོད་དོ། །དེས་ན་ད་ལྟའི་སློབ་དཔོན་རྣམས་ལ་བཅོམ་ལྡན་འདས ་ཀྱི་བཀའ་གསུངས་པ། དི་རིང་ཞེས་བྱ་བ་ལ་སོགས་པ་ནི་སློབ་མ་སྤྲོ་བའི་རྗེས་ཐོགས་སུ། །དེ་ནས་རྫས་ནི་གང་ཞེས་བྱ་བ་ལ་སོགས་པ་ནི་སློབ་དཔོན་གྱི་ཡོན་ཏན་གྱི་རྗེས་ཐོགས་སུའོ། །དེས་ནས་སློབ་མ་ལ་ཆོས་བསྟན་པའི་རྗེས་ཐོགས་སུ ་སླར་ཡང་སློབ་མ་རྣམས་རྒྱལ་ཚབ་ཉིད་དུ་བཞག་པའི་ཕྱིར། །སྲིད་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ཀྱིས་ཞེས་པ་ནི་འདི་ཉིད་ཀྱིས་ཏེ། ཕྱི་དང་ནང་གི་བདག་ཉིད་ཀྱི་གཞུང་ལུགས་དག་གིས་ཏེ། ཇི་ལྟར་གསུངས་པའི་གཞུང་ལུགས ་ཟབ་མོ་དེ་ཉིད་ཀྱི་ཆོ་གས་ད་ལྟར་གྱི་སློབ་དཔོན་རྣམས་ཀྱིས་རང་དང་གཞན་གྱི་དོན་བྱ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །འོན་ཀྱང་སློབ་མ་རྣམས་མོས་པའི་དབང་གིས་ཆོས་བསྟན་པའོ། །དེས་ན་སློབ་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །དེ ་ལྟར་དབང་བསྐུར་བ་ཐོབ་པའི་སློབ་མའི་ཡོན་ཏན་གྱི་ཚིག་བཤད་བསྟན་པའི་ཕྱིར། དབང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོག་ཅེས་པ་ནི་རྡོ་རྗེ་འཛིན་ཆེན་པོའི་དབུགས་དབྱུང་བའོ། །དེ་ཡང་ཟབ་མོའི་བསྒོམ་པས་རྟོགས་པའོ། །དེ་བཞིན་དུ་རྙེད ་དཀའ་ཞེས་པ་ནི་ཐོབ་པར་དཀའ་བའོ། །མཚུངས་མེད་ཅེས་པ་ནི་བསྒོམ་པ་ཐམས་ཅད་དང་མཚུངས་པ་མེད་པའོ། །དེ་ཡང་རྣལ་འབྱོར་པ་ཆེན་པོ་རྣམས་ཀྱི་བགྲོད་པའོ། །ཞིང་ཞེས་པ་ནི་བླ་མའི་མན་ངག་གིས་རང་གི་ལུས་ཉིད་སྦྱངས་པའོ། །ལོངས་སྤྱོད ་ཅེས་པ་ནི་རང་རིག་པའི་ཡེ་ཤེས་དེའི་རང་བཞིན་ནོ། །དེའི་ཕྱིར་དཔལ་ཞེས་པ་ནི། །གཉིས་མེད་པ་ནི་བྱང་ཆུབ་སེམས་ཆེན་པོ་དེ་ཉིད་དོ། །དེ་ཉིད་ཀྱིས་དབང་བསྐུར་བའི་གང་རྣལ་འབྱོར་པ་དེ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། གང་གི་ཕྱིར་རྗེས ་གནང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་གོ་སླའོ། །དེ་ལྟར་ཀུན་རྫོབ་དང་དོན་དམ་པའི་དབང་བསྐུར་བའི་རྗེས་ཐོགས་སུ་ཡེ་ཤེས་སྟེར་བར་བྱེད་པའོ། །དེ་ཡང་བྱང་ཆུབ་སེམས་ཀྱི་དབང་བསྐུར་བའོ། །དེ་ལ་པོ་མཆོག་གི་བདག་ཉིད་ཀྱིས་ནི་རྟོགས། དྷི ་ཉིན་མོའི་དུས་སུ་དམིགས་པ་ཡིས་།ཅི་སེམས་ནི་སེམས་མེད་རང་བཞིན་བྱས། །ཏྭ་དེ་ཡི་མཆོག་ཏུ་གཉིས་མེད་དོ། །བྷི་སྐུ་རྣམས་ལ་ནི་རང་བློ་མེད། །ཥེ་གཉིས་ཀྱི་མགོ་བོ་རུ་ནི་གཏོར། །ཀོ་དཔའ་བོ་ནུས་པ་དེ་རུ་ཞིག་།རང་གི་ཁྱིམ་དུ་སེམས་བླ་མ། ཁ ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོ་རྟོག་པ་གཉིས་པའི་དབང་བསྐུར་བའི་རབ་ཏུ་བྱེད་པ་དང་པོའི་རྒྱ་ཆེར་འགྲེལ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་བསྟན་པ་སྟེ་དང་པོའོ།། །།ད་ནི ་ཤེས་རབ་དང་ཐབས་ཀྱི་དོན་བསྒོམ་པའི་རྣམ་པར་འགྲེལ་པ་བསྟན་པའི་ཕྱིར། དེས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེས་ན་ཤེས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བསྐུར་བའི་རྗེས་ཐོགས་སུ་བསྒོམ་པའི་ངེས ་པའོ། །དེ་ཡང་ཡང་དག་བཤད་བྱ་ཞེས་པ་ནི་ཇི་ལྟར་གོ་རིམས་བཞིན་བཤད་པར་བྱའོ། །གང་གིས་བྱིས་པ་སྐྱེ་བོ་རྣམས་ཀྱིས་རྟོགས་པར་འགྱུར་བ་དེ་ལ་དེ་སྐད་ཅེས་བྱའོ། །གཞན་དོན་ཞེས་བྱ་བ་ལ་སོགས་པ་ནི་འདིར་སེམས་ཅན་གང་དག ་གཞན་གྱི་དོན་མེད་པར་སྒོམ་པ་བྱེད་པ་དེ་རྣམས་ནི་མྱ་ངན་ལས་འདས་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འདིར་གང་གི་ཕྱིར་རྩོད་པའི་དུས་སུ་སེམས་ཅན་ཐམས་ཅད་ཚེ་ཐུང་ཞིང་བརྩོན་འགྲུས་ཆུང་བ་སྤྲོ་བ་བསོད་ནམས་ཆུང་བ་རྣམས་འབྱུང་སྟེ། ་དེའི་ཚེ་སྒྲུབ་པ་པོ་རྣམས་ཀྱི་རང་གི་སེམས་ཀྱི་བསམ་པས་སངས་རྒྱས་ཉིད་འདོད་དོ། །དེ་ལ་ཕན་པའི་ཕྱིར་ཚེ་འདི་ཉིད་ལ་རྡོ་རྗེ་འཆང་བ་ཉིད་འཐོབ་པའོ། །གང་གིས་ཤེས་པས་འཁོར་བའི་འཇིགས་པ་ཟབ་མོ་འདོད་ཆགས་ལ་སོགས་པའི་ཉོན ་མོངས་པའི་རྒྱ་མཚོ་ལ་སྒྲོལ་བར་འགྱུར་རོ། །དེའི་ཕྱིར་མྱ་ངན་ལས་འདས་ཞེས་པ་ནི་རང་གི་དོན་ཙམ་ཡོངས་སུ་སྤངས་ཤིང་སྲིད་པའི་བྱ་བ་མི་བྱེད་པའོ། །གང་གི་ཕྱིར་རབ་ཀྱི་མཐར་ཐུག་པ་ཞེས་པ་ནི་སྔོན་དུ་གསུངས་པའི་བསྒོམ་པ་ལ་ཇི་སྲིད་རབ ་ཀྱི་མཐར་ཐུག་པར་མ་སོང་བ་དེ་སྲིད་གཞན་གྱི་སེམས་མི་བྱ་ཞེས་པའི་དོན་ཏོ། །འོན་ཀྱང་གང་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་འདི་ནི་དམ་བཅས་པའི་ཚིག་སྟེ། དེའི་ཕྱིར་དྲི་མ་མེད་པར་བྱུང་བའོ། །དེས་ན་དེ་ཉིད་བསྟན་པའི་ཕྱིར་།འཕེལ ་བ་དང་དབྲི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབྲི་ཞེས་པ་ནི་ཆོས་རྣམས་ཀྱི་མེད་པའི་བློའོ། །འཕེལ་ཞེས་པ་ནི་དེ་རྣམས་ལ་ཀུན་ཏུ་འཛིན་པ་སྟེ་འདི་དག་སྤངས་པའི་བློ་དེ་ལ་དེ་སྐད་ཅེས་བྱའོ། །བླ་མེད་ཅེས་བྱ་བ་ནི་ཐམས་ཅད་མཁྱེན་པས་ཀྱང་བསཾ ་དུ་མེད་པ་བརྗོད་དུ་མེད་པའམ་གདོན་དུ་མེད་པའི་ཚིག་སྤངས་པ་ཞེས་པ་སློབ་དཔོན་ཁ་ཅིག་གིའོ། །དེ་བཞིན་དུ་དབྲི་ཞེས་པ་ནི་འདིར་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་གྱིས་རང་བཞིན་བརྒྱད་ཅུ་རྣམས་ལ་མདོར་བསྡུས་ན་སེམས་ནི་བརྟེན་པའོ། །དེས་ན་ཡང་རྩ ་རྣམས་ཀྱང་བརྟེན་པའོ། །དེའི་ཕྱིར་ཤིན་ཏུ་ཟབ་པ་དགོངས་པས་བཤད་པ་འདི་ཉིད་གསལ་བར་གསུངས་པ། །དེ་ཡང་བསྡུས་ན་སེམས་ཀྱི་རང་བཞིན་གྱི་མཚན་ཉིད་དེ། །དེ་རྣམས་ཀྱི་རང་བཞིན་སྤངས་པ་ནི་འབྲི་བའོ། །ཡང་ན་དེ་རྣམས་འཕེལ་བའི་ཕྱིར ་འཕེལ་བའོ། །འདི་དག་གིས་རང་བཞིན་སྤངས་ཤིང་རྣམ་པར་གྲོལ་བའི་རྣལ་འབྱོར་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་བསྡུས་པ་ཉིད་ཕུང་པོ་ལྔ་ཞེས་བྱ་བ་ལ་སོགས་པའི་སྒྲ། ནི་ཁམས་དང་དབང་པོ་ལ་སོགས་པའི་ཆོས་རྣམས་ཏེ། དེ་ཐམས་ཅད ་མི་དོར་པའོ། །དེས་ན་ཕྱིའི་བྱ་བ་ཡང་ཡོངས་སུ་མི་དོར་ཏེ་འཇིག་རྟེན་གྱི་ཐ་སྙད་ཀྱི་ཕྱིར་རོ། །གང་གི་ཕྱིར་འཇིག་རྟེན་པ་ཡིད་ཆེས་པ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་ཡིད་ཆེས་པས་ཆོས་སྟོན་ཏོ། །འོན་ཀྱང་དེ་ཐམས་ཅད་ནི་ཆུ་ཤིང་ལྟ་བུ ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ཇི་ལྟར་ཆུ་ཤིང་རྣམས་ཀྱི་སྙིང་པོ་ནི་སྟོང་པ་སྟེ། བརྟགས་ན་མི་དམིགས་སོ། །དེ་བཞིན་དུ་ཆོས་རྣམས་ཀྱི་ཆོས་ཉིད་ནི་ཆོས་ཀྱི་དབྱིངས་ལས་བྱུང་བའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད། །ནམ་ཁའི་དབུས་ན?་ཁྱིལ་འབྱུང་བ ་བཞིན་ནེ། །དེ་དང་མཚུངས་པས་མཉམ་དང་མི་མཉམ་ཞེས་པ་ནམ་མཁའ་ཡང་གདོད་ནས་མ་སྐྱེས་པ་མི་བདེན་པ་སྣང་བའི་མཚན་ཉིད་དེ་ཆོས་ཀྱི་དབྱིངས་བརྗོད་དུ་མེད་པ་ཞེས་དགོངས་སོ། །དེ་བཞིན་དུ་དང་པོ་ཉིད་དུ་ལ་ལ་ནཱ་དང་ར་ས་ནཱ་དང་ཨ་བ་དྷཱུ་ཏཱིའི ་ལུས་དང་ངག་དང་སེམས་ཀྱི་བདག་ཉིད་རྣམས་ཀྱི་རང་བཞིན་བརྗོད་དེ། འདིར་ལ་ལ་ནི་ལུས་ཀྱི་རང་གི་ངོ་བོ་སྟེ། དེས་ན་སྟོང་པ་ཉིད་དུ་མི་བསྒོམ་ཞེས་པ་ནི་ནག་པོའི་ཕྱོགས་ལ་ཉི་མའི་ཆ་འཕེལ་བའི་དབྱེ ་བས་ཟླ་བའི་ཆ་བཅོ་ལྔ་ཟད་དོ། །དེ་ཡང་རང་གི་བདག་ཉིད་ཀྱི་བྱང་ཆུབ་སེམས་ཏེ་ཆ་བཅོ་ལྔའི་བདག་ཉིད་ཀྱི་ཟླ་བའོ། །དེས་ན་ལུས་ཀྱི་དངོས་པོ་སྟེ། དེ་སྤངས་ན་རང་གི་དོན་དང་གཞན་གྱི་དོན་རྣམས་ལ་འཇུག་པར་མི་འགྱུར་རོ། །དེའི་ཕྱིར་དེ་བསྒོམ ་པར་མི་བྱ་སྟེ། རང་བཞིན་གྱིས་གྲུབ་པའི་ཕྱིར་རོ་ཞེས་པ་སྟེ་ངེས་པའོ། །མི་སྟོང་པར་ཡང་ཞེས་པས་ནི་དེ་བཞིན་དུ་དཀར་པོའི་ཕྱོགས་ལ་ཟླ་བའི་ལོངས་སྤྱོད་འཕེལ་བའི་ཉི་མའི་ཆ་ཕྲི་ཞིང་ནང་དུ་ནི་རས་ནཱ་འབྲིའོ། །དཀའ་པོའི་ཆོས་གཅིག་ལ་སོགས་པ་ཆ ་བཅོ་ལྔ་འཕེལ་པའི་དབྱེ་བས་སོ། །དེ་ལྟར་མི་སྟོང་ཞེས་བྱ་བ་ནི་མི་སྟོང་པ་ཡང་བསྒོམ་པ་མིན་ཞེས་དགོངས་སོ། །དེ་བསྒོམ་པས་ནི་ངག་གི་དངོས་པོ་ཟད་པར་འགྱུར་རོ། །དེས་ན་དེའི་ཚིག་གསུངས་ཏེ། སྟོང་ཉིད་དོར་མི་བྱ་ཞེས་པ་ནི་འདིར་ཨ་བ་དྷཱ་ཏཱིའི ་ཆ་བཅུ་དྲུག་པ་ཆ་གཅིག་ནི་སེམས་ཀྱི་དངོས་པོའི་མཚན་ཉིད་ཀྱི་ཕྱིར་རོ། །དེ་ལྟར་སྟོང་པ་དང་མི་སྟོང་པའི་ཕྱོགས་གཉི་ག་ཡང་མི་དོར་ཞེས་པའི་དོན་ཏོ། །ཅིའི་ཕྱིར་ཞེ་ན་གསུངས་པ། མི་སྟོང་ཞེས་བྱ་བ་ལ་སོགས་པ་ནི་འདིར་སྟོང་པའམ་མི་སྟོང ་པའི་དངོས་པོ་གཅིག་ལ་སེམས་ཞིན་པའི་ཕྱིར་ཉེས་པ་ཡོད་དོ། །དེ་ཅི་ཞེ་ན། ཐ་མལ་པའི་རྣམ་རྟོག་སྐྱེ་ཞེས་གསུངས་སོ། །ཐ་མལ་པ་ཞེས་པ་ནི་དངོས་པོ་གཉིས་ལ་འཛིན་པ་སོ་སོ་ལ་ཞེན་ཏོ། །དེས་ན་གཉིས་མེད་པའི་བློ་མི་སྐྱེའོ། །དེ་ལྟར ་བསྒོམ་པ་དམན་པར་འགྱུར་རོ། །ཡོངས་ས?་གཏོང་ཞེས་བྱ་བ་ལ་སོགས་པ་ནི་ཀུན་ཏུ་རྟོག་པ་འདི་དག་ལ་གོང་བརྟེན་པའི་བློ?་དེ་ནི་ཡོངས་སུ་དོར་བའོ། །གཉི་གར་ཞེས་བྱ་བ་ལ་སོགས་པ་ལ། རྣམ་དག་ཅེས་པ་ནི་རྣལ་འབྱོར་པའི་སེམས་སོ། ་དེས་ན་རྣམ་པར་གྲོལ་བར་འགྱུར་ཞེས་པ་ནི་མི་དམིགས་པ་དང་བཅས་པའི་ཡེ་ཤེས་སྤངས་པའོ། །དེའི་ཕྱིར་བདག་ཅེས་པ་ལ་སོགས་པ་ནི་གོ་སླའོ། །དེ་བཞིན་དུ་ལུས་དང་ངག་དང་སེམས་རྣམས་ཀྱི་ཆོས་ཀྱི་རང་བཞིན་བརྗོད་དོ། །དེ་ཡང་རང་བཞིན་གྱི་དབྱེ་བས ་རང་གི་ངོ་བོའི་རང་བཞིན་དུ་འགྱུར་ཏེ། འགྱུར་བ་མེད་ཅེས་པ་ལ་སོགས་པ་ལ། ཆགས་བྲལ་གྱི་རང་བཞིན་ནི་ལ་ལ་ནཱ་སྟེ། དེ་ནི་འགྱུར་བ་མེད་པའི་བསྒོམ་པའི་དབང་གིས་སོ། །དེ་ལྟར་ཐམས་ཅད་ལ་ཡང་ཁོང་དུ་ཆུད་པར་བྱའོ། །རས་ནཱ་ནི་ཆགས་བྲལ་བར་མ ་སྟེ། དེ་ཡང་སོ་མ་ཉི་མེད་པའོ། ། བ་དྷཱུ་ཏིའི་ནི་ཆགས་བྲལ་ཆེན་པོ་སྟེ། དེ་ཡང་འདོད་པ་མེད་ཅིང་དྲི་མ་དང་བྲལ་ཞེས་པའི་དོན་ཏོ། །དེ་ལྟར་སེམས་རྣམ་པ་གསུམ་དང་བྲལ་ཞིང་དྲི་མ་གསུམ་གྱི་རང་བཞིན་སྤངས་ཞེས་པའི་དོན་ཏེ། དེ་བཞིན་སེམས་འདིའི ་སྲོག་རྒྱུ་བ་རྣམ་པ་གཉིས་ཏེ། དང་པོ་ནི་སྟེང་དུ་འགྲོ་བའོ། །གཉིས་པ་ནི་འོག་ཏུ་འགྲོ་བའོ། །དེ་ཡང་སྐྱེ་བ་དང་འཆི་བར་དགོངས་སོ། །དེ་དག་ལས་ངེས་པར་གྲོལ་བ་དབུས་སུ་ནམ་མཁའ་བཞིན་དུ་བློ་དང་ལྡན་པས་བསྒོམ་པར་བྱའོ་ཞེས་པ་ནི་དེས་པའོ། །དེ་བཞིན ་དུ་སེམས་ཅན་རྒྱབ་ཀྱིས་ཕྱོགས་པའི་ནི་མྱ་ངན་ནོ། །སེམས་ཅན་ཡོད་པར་འཛིན་པ་ནི་མྱ་ངན་བར་མའོ། །སེམས་ཅན་མེད་པར་འཛིན་པ་ནི་མྱ་ངན་ཆེན་པོའོ། །དེས་ན་ཀུན་ཏུ་རྟོག་པ་གསུམ་དུ་མི་བརྟག་གོ། དེའི་ཚེ་སྤྲོས་པ་ཉིད་ཞི་བའི་གཟུགས་ཏེ། དེའི ་ཤེས་རབ་ཀྱི་རྟོག་པ་བརྗོད་དུ་མེད་པའོ། །སླར་ཡང་འཁོར་བ་ལས་འཇིགས་པ་དོར་བའི་ཕྱིར། ཡིད་བཞིན་ནོར་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དེ་སྐད་ཅེས་བྱའོ། །འོན་ཀྱང་འཇིགས་པ་བར་མ་ནི་དེ་བཞིན་དུ་དམིགས་པ་མེད་པའི་རང་བཞིན ་གྱི་བྱ་བ་རྩོམ་པ་དང་བྲལ་བའོ། །དེས་ན་ཡང་ཤིན་ཏུ་འཇིགས་པ་ནི་དམིགས་པ་མེད་པའི་བརྩེ་བ་སྙིང་རྗེ་ཆེན་པོ་བསམ་གྱིས་མི་ཁྱབ་པའོ། །དེ་བཞིན་དུ་གཉི་ག་ནི་སྲིད་པ་སྟེ། གཅིག་ཉིད་ཤེས་རབ་དང་ལྷན་ཅིག་པ་དེ་ཉིད་སྲིད་པ་བར་མའོ། །ནམ་མཁའ་ ་ལ་ནམ་མཁའ་བཞིན་དུ་སྲིད་པ་ཆེན་པོ་ཉིད་དུ་ཉེ་བར་སོང་བའོ། །དེའི་ཚེ་ཉེ་བར་ལེན་པ་ནི་སྐྱེས་བུ་དགའ་ཞིག་གང་ན་ཡང་སྟེ་གང་དུ་ཡང་བསྒོམ་པ་པོ་མེད་པའོ། །དེས་ན་གང་ན་ཡང་སྒོམ་པ་མེད་ཅེས་སོ། །དེས་ཀྱང་མི་དགེ་བ་ཉིད་དུ་འགྱུར་ཏེ་དགེ ་བའི་རྣམ་པར་རྟོག་པ་དང་བྲལ་ཞེས་དགོངས་ཏེ། དེའི་ཚེ་བརྗོད་པ་བསྒོམ་པར་བྱ་བའི་དངོས་པོ་ཅུང་ཟད་ཀྱང་མེད་དེ་རང་གི་སེམས་ཡོངས་སུ་ཤེས་པའི་ཕྱིར་རོ། །གཞན་ཡང་རང་གི་སེམས་ཀྱི་རང་བཞིན་ལས་བྱུང་བའི་སྐྱེ་བོ་དེ་ཐམས་ཅད་འཁོར ་བའི་དབུས་སུ་སྐོམ་གྱིས་གདུངས་ཏེ། །དེ་ཁོ་ན་ཉིད་ཀྱི་སྒོམ་པ་ལ་གདུང་པར་བྱའོ། །དེ་དང་བྲལ་བའི་ཕྱིར་དེ་བཞིན་དུ་འདིར་ཚོར་བའི་བྱ་བ་ཅུང་ཟད་ཀྱང་མེད་དོ། །དེའི་ཚེ་སྤྱད་པར་བྱ་བ་ཡོད་པ་མ་ཡིན་ནོ། །ཚོར་བ་བར་མ་ནི་བྱེད་པ་པོ་ཉིད་དེ་ཤིན་ཏུ ་ཚོར་བ་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །དེའི་སྐད་ཅིག་མ་ལ་མཚོན་ཅིང་སྤོད་པའི་དོན་དམ་པའི་ཡེ་ཤེས་དེ་ལས་ཀྱང་རྣམ་པར་གྲོལ་ལོ། །དེས་ན་བསམ་གྱིས་མི་ཁྱབ་པར་འགྱུར་བའི་རྣམ་པར་བསྒོམ་པའི་གནས་ཐོབ་པའོ། །དེ་བཞིན་དུ་འདིར ་སོ་སོར་རྟོག་པ་སྒྲུབ་པ་པོ་ཡང་མེད་དོ། །དེའི་ཕྱིར་བསྒྲུབ་པར་བྱ་བ་ཡང་མེད་ཅེས་བྱ་བ་ནི་དངོས་པོ་ཅུང་ཟད་མེད་པ་སྟེ། གང་གིས་ངོ་ཚ་བའི་དབང་གིས་བྱ་བ་ཉེ་བར་བརྐྱང་པ་ཡང་མེད་པའོ། །རྒྱུ་དེས་ན་དེ་ལྟར་ཡང་སྤང་པར་མི་འགྱུར་རོ། །སླར ་ལ་ཡང་བརྩ་བ་ཡོད་ཡོད་དེ། །དེས་ན་དངོས་པོ་ཅུང་ཟད་གཟུང་བར་བྱའོ། །དེ་ཡང་བརྩེ་བ་བར་པའི་ཕྱིར་དེ་མེད་དེ་འདིར་དེ་ཡང་བརྩེ་བ་ཆེན་པོའི་དབང་གིས་དྲི་ཟ་བ་ལ་སོགས་པའི་དཔེ་ལྔས་ཉེ་བར་འཇལ་བ་དེས་ཉེ་བར་མཚོན་པར་བྱའོ།། ་དེ་ལྟར་དགོས་པས་དངོས་པོ་གང་དང་གང་མཐོང་བ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་བཞིན་དུ་ཐེ་ཚོམ་ཉིད་ཀྱིས་དབེ་གསུངས་པ། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནི། འདིར་ལྟར་ཁྱེའུ་དང་བུ་མོའི་བདག་ཉིད་དགའ་ཞིག་རྩེ ་བའི་གནས་སྐབས་སུ་གཉི་གའི་དབང་འདུས་པར་བྱེད་དོ། །དེ་གཉིས་མ་བསླབས་པར་ཡང་དབེན་པར་དེ་དག་འདུས་ནས་དགེ་བའི་སེམས་བསྐྱེད་པར་འགྱུར་རོ། །དེའི་ཕྱིར་བྷ་ལར་ལིང་ག་རབ་ཏུ་བཞག་མོད་དངོས་སུ་ཅུང་ཟད་ཀྱང་ཉམས་སུ་མྱོང ་བར་མི་འགྱུར་ཏེ། མི་འཇག་པ་ཉིད་ཀྱི་ཕྱིར་ཞེས་དགོངས་སོ། །དེ་བཞིན་དུ་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པའི་རྣལ་འབྱོར་པ་རྣམས་སེར་སྣའི་དབང་གིས་བསྣུན་ཏེ། ཐོག་མ་མེད་པའི་བསྐལ་བ་གྲངས་མེད་པའི་བག་ཆགས་ཀྱི་སེར་སྣ་ལ་སོགས་པའི ་ཉེས་པས་ཉེ་བར་བསྣུན་པའི་ཕྱིར་ཤེས་རབ་དང་ཐབས་ཉིད་ཀྱིས་བསྒོམ་པ་གདོད་ནས་མ་སྐྱེས་པ་བྱེད་དེ། བསྐྱེད་པ་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །དེ་ལྟར་ལ་ལ་ནཱའི་རང་བཞིན་རྩ་སུམ་ཅུ་རྩ་གསུམ་གྱི་བར་གི་ག་ཉིད་ཀྱི་རང་གི་ངོ་བོ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། ་གང་གི་ཕྱིར་བྱང་ཆུབ་སེམས་པའི་ལ་ལཱ་ནཱའི་རྩ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་དུ་འདོད་པ་དེའི་ཕྱིར་རོ། །དེ་བཞིན་དུ་སུམ་ཅུ་གསུམ་པ་ནི་ཐམས་ཅད་ཀྱི་གཅིག་པའི་རང་བཞིན་གྱི་རང་གི་ངོ་བོ་ཉེ་བར་མཚོན་པའོ། །སླར་ཡང་ར་ས་ནཱ་ཡིས་གསུངས་པ། ་བསྐྱེད་པ་ཞེས་བྱ་བ་ལ་སོགས་པ་ནི་འདིར་ལ་ལ་ནཱིའི་རྐྱེན་གྱི་སར་ས་ནཱའི་བསྟན་ཏེ། དེ་ཉིད་ཀྱང་ཆགས་པ་ནི་དང་པོའོ། །དེའི་མཛའ་མ་ནི་ཁྲག་གོ། བར་མ་ནི་གཉི་གའི་དྲི་མ་མེད་པའི་ཡེ་ཤེས་མགུ་བར་བྱེད་པ་བསྐྱེད་དེ་མགུ་བ་དྲི་མ་དེ་ཉིད་ཀྱིས་ནི ་རང་རིག་པ་བསྐྱེད་དོ། །ཡེ་ཤེས་དེ་ཉིད་ནི་ཤིན་ཏུ་མགུ་བའི་ཕྱིར། ལུས་པོར་ནས་གཞན་བེམས་པོའི་དངོས་པོ་ལ་བརྗོད་པར་མི་ནུས་སོ། །དེ་བཞིན་དུ་གཟུགས་རྣམས་ཀུན་ལ་བལྟ་བ་ཞེས་པ་ནི་བེམས་པོའི་གཟུགས་ལ་ཤེས་རབ་ཁྱབ་པར་བྱེད་པའི ་ཕྱིར། །དེ་མཐོད་པས་བྱིན་གྱིས་བརླབས་པ་དེ་ནི་དགའ་བའོ། །དེ་བཞིན་དུ་སྒྲའི་བདག་ཉིད་དངོས་པོ་རྣམས་ལ་རྟོག་པ་མིང་སྣ་ཚོགས་པ་དེ་རྣམས་ལ་བྱུང་བ་དེ་ནི་རབ་ཏུ་དགའ་བའོ། །དེ་བཞིན་དུ་རང་གིས་བརྟགས་པའི་ཕྱིར་ངོ་མཚར་བྱེད་པའི ་ཚིག་བསམ་གྱིས་མི་ཁྱབ་པ་དེ་བཞིན་དུ་དགའ་བ་ལྟ་བུའི་རྒོད་པའོ། །འམ་གྱི་སྒྲ་ནི་རྣམ་པར་རྟོག་པའོ། །གང་གི་ཕྱིར་དངོས་པོ་ཐམས་ཅད་ནམ་མཁའ་དང་མཉམ་པའི་རང་བཞིན་ཏེ། ཇི་ལྟར་རྒོད་པའི་སྐད ་ཅིག་ལ་སྔོན་གྱི་དངོས་པོ་ཡོངས་སུ་བཏང་ཞིང་མ་འོངས་པ་མ་ཐོབ་ཅིང་ད་ལྟའི་མི་གནས་པ་ནི་རྒོད་པའོ། །ད་ལྟར་ཧ་སི་ཏིའི་རྐྱེན་གྱིས་བསྒྱུར་བས་ཨར་འགྱུར་ཏེ། དེ་ཡང་ནམ་མཁའ་ཨོ། །ཁས་ཞེས་པ་ནི་ནམ་མཁའ་དང་མཉམ་པ་ཞེས་པའི ་དོན་ཏོ། །དེ་བཞིན་དུ་ཚིམ་པ་ཐོབ་པ་ནི་སྣ་ཚོགས་རོ་རྣམས་ཞེས་པ་ལ་ཇི་ལྟར་ཆགས་པ་ཆེན་པོའི་ཚུལ་གྱི་ཏིང་ངེ་འཛིན་གྱི་ཕུང་པོ་ལྔ་རྣམས་ནམ་མཁའ་ཉིད་དུ་འགྱུར་ཏེ། དེ་རྣམས་རོ་གཅིག་པ་དྲུག་པ་ཡེ་ཤེས་ཀྱི་རོ་ཐམས་ཅད་ཀྱི ་གཟུགས་སྣ་ཚོགས་པའི་བདེ་བའི་རང་བཞིན་ཐོབ་པའོ། །དེས་འཁྱུད་པས་ལས་རྣམས་ཐམས་ཅད་བྱེད་པ་ཞེས་པ་ནི་ཞི་བ་ལ་སོགས་པའི་ལས་རྣམས་ཐམས་ཅད་བྱེད་པའོ། །དེ་ཉིད་འོ་བྱེད་པ་སྟེ། ཤིན་ཏུ་བརྩེ་བ་གཞན་དུ ་འོང་བའི་སེམས་ཀྱིས་མིན་ཏེ་ཕྱིའི་དངོས་གྲུབ་རྣམས་སུ་ཐལ་བའི་བསམ་པས་མ་ཡིན་པའོ། །དེ་བཞིན་དུ་རྒྱུན་དུ་ཞེས་པ་ནི་མ་དུབ་པས་དུབ་པ་མི་འདོར་ཏོ། །རྣལ་འབྱོར་པས་རྒྱུན་མི་འཆད་པར་རྣལ་འབྱོར་ལ་གོམས་པྲ་བྱེད་དེ། ཇི ་ལྟར་བྱིས་པས་མའི་ནུ་མ་རྒྱུན་མི་འཆད་པར་འཇིབ་ཀྱང་མི་སྐྱོ་བ་དེ་བཞིན་དུ་ཡེ་ཤེས་ལ་གོམས་པར་བྱེད་དེ་མགལ་མའི་འཁོར་ལོ་བཞིན་དུ་ཡང་ངོ། །དེ་བཞིན་དུ་བསྟན་པས་བླ་ན་མེད་པའི་སྦྱོར་བ་སྐྱེ་སྟེ། དེས་ན་དེ་ཁོ་ན་ཉིད་རིག་པ ་རྣལ་འབྱོར་པས་མི་ཟད་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །དེས་ན་གཉིས་པ་འདིས་བརྩོན་འགྲུས་འགྲུབ་པར་འགྱུར་ཞེས་གསུངས་ཏེ། དེས་ཀྱང་འདིར་ང་རྒྱས་གྱི་དོན་དམ་པའི་བྱང་ཆུབ་སེམས་དམ་པ་ཕུལ་དུ་བྱུང་བ་ཐོབ་བོ། །དེ་ཡང ་ལམ་གྱི་རྣམ་པར་སྨིན་པའི་ཕྱིར་རྡོ་རྗེ་སྟེ་མི་ཕྱེད་པའོ། །དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའ་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ཀྱིས་ཡང་དག་པར་ཐོབ་བའོ། །དེའི་སྟོབས་ཀྱིས་གསལ་བར་སངས་རྒྱས་བྱས་པའོ། །དེའི་བྱང་ཆུབ་ཉིད་ནི་སྤྲོ་བའོ། །དེ ་བཞིན་ཉིད་ལྷན་ཅིག་སྐྱེས་པའི་རྒྱུས་དེ་ཉིད་ཤེས་རབ་ཀི་ཕ་རོལ་ཏུ་ཕྱིན་པ་ཆོས་ཀྱི་སྐུའི་རང་བཞིན་ནོ། །སླར་ཡང་ཕ་རོལ་ཏུ་ཕྱིན་པ་ཀུན་དངོས་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པ་བཅུའི་ས་རྣམས་སོ། །དེ་བཞིན་དུ་སྣང་བ་མེད་པའི་ཕྱིར་ཀུན་ཏུ་འོད་དེ ་བཞིན་གཤེགས་པས་བཅུ་གཅིག་པའོ། །དེ་ལ་གནས་པའི་ཕྱིར་ལྷན་ཅིག་སྐྱེས་པ་ཆེན་པོར་འགྱུར་ཏེ། རང་གི་དོན་དུའོ། །དེ་བཞིན་དུ་ལྷན་ཅིག་སྐྱེས་པ་བར་མའི་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་དང་ཀུན་ཏུ་འོད་དག་གཉིས་མེད་པའོ། །དེ་ཡང་དྲག་པོ་ཀུན་ཟབ་བཞིན་འོད་གསལ་བ་རྣམ་པར་རྟོག་པ་ཐམས་ཅད་ཟབ་བའོ། །དེས་ན་སངས་རྒྱས་ཐམས་ཅད་ཀྱི་སྒོ་མེ་པའི་མཆོག་དེ་ཉིད་ལས་རྣམ་པར་སྒེག་པའི་འདི་བྱུང་བ་ན་འགྲོ་བ་དེ་ལ་དེ་སྐད་ཅེས་བྱའོ། །གཡོ་བ་ཞེས་པ་ནི་ཞེ་འགྲས་པའི་བདག ་ཉིད་དོ། །དེ་བཞིན་དུ་དགེ་བའི་བསམ་པས་བྱང་ཆུབ་སེམས་དཔའ་མཛའ་ཡས་པ་དང་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུང་གསལ་པོས་ཉན་ཐོས་ལ་སོགས་པ་རྣམས་ལ་ཆོས་བསྟན་ཏེ། །སོགས་པའི་སྒྲས་ནི་རང་སངས་རྒྱས་རྣམས ་བསྡུའོ། །དེ་ཉིད་རྣལ་འབྱོར་པས་བསྒོམ་བྱ་ཞེས་པ་ནི་བདེན་པའི་དངོས་པོ་དང། དེ་བཞིན་དུ་མི་བདེན་པའི་དངོས་པོ་དེ་དག་དང་བྲལ་བར་ངེས་པའོ། །དེ་ཇི་ལྟར་ངེས་ཤེ་ན། དངོས་པོ་ཞེས་པ་ནི་འཇིག་རྟེན་པའི་ཀུན་རྫོབ་ཀྱི་བདེན་པའི། །དགེ ་བ་མེད་པ་ཞེས་པ་ནི་འཇིག་རྟེན་ལས་འདས་པའི་བདེན་པའོ། །དེ་ཡང་ཉེ་བར་ལེན་པའི་མཚན་ཉིད་དོ། །དེ་ལྟར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དག་ལས་གྲོལ་བ་སྟེར་བའོ། །དེས་ནི་དོན་དམ་པའི་ཡེ་ཤེས་བསྒོམ་པར་བྱའོ།། ་མྱུར་དུ་འགྲུབ་འགྱུར་ཏེ་ཞེས་པ་ནི་ཇི་ལྟར་འགྲུབ་ཅེན། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དག་ལ་བསྐུལ་བ་དེ་ལ་དེ་སྐད་ཅེས་བྱའོ། །རྣལ་འབྱོར་བ་དེ་ཉིད་དེ་ཐབས་མྱུར་བས་འགྲུབ་པའི་དོན་ཏོ། །འོན་ཀྱང་ཀུན་ཉོན་མོངས་ཞེས་བྱ་བ་ལ་སོགས ་བ་ནི་གོ་སླའོ། །ཉིད་ཅེས་པ་ནི་དེས་པར་གཟུང་བའོ། །ཀུན་ནས་ཉོན་མོངས་པའི་ཉེས་པ་འདི་རྣམས་ལ་འཇིག་རྟེན་པའི་བྱ་བ་ལ་གནས་པས་ངོ་ཚ་བ་མི་བྱ་སྟེ་བྱིས་པ་བཞིན་དུ་རྣམ་པར་དཔྱད་ཅེས་དགོངས་སོ། །དེས་ན་དེ་ལ་མཛའ་ཡས་ཞེས་བྱ ་བ་ལ་སོགས་པ་ལ། མཛའ་ཡས་ཞེས་པ་ནི་རྣལ་འབྱོར་པ་དེ་ལ་གྲངས་མེད་པའི་ཡོན་ཏན་རྡོ་རྗེ་འཆང་བཞིན་ནོ། །སྐྱེ་བར་འགྱུར་ཞེས་པ་ནི་འདོད་པ་སྤངས་བཞིན་དུའོ། །ཇི་ལྟར་འོ་མ་ལས་མར་བཞིན་དུ་བེཾས་པོ་ལས་བེཾས་པོ་འབྱུང་ངོ། །དེ་ཉིད་ཀྱིས་སྒྲུབ ་པ་པོ་དེའི་གསུངས་པ། དཔལ་ཞེས་པ་ནི་གཉིས་མེད་པ་སྟོན་ཏོ། །དེས་ན་སྲིན་པོ་ཞེས་པ་སྟེ་ཇི་ལྟ་བའི་མཚན་ཉིད་མ་གསུངས་ཀྱང་ཐམས་ཅད་བསྒྲུབ་པའོ། །དེ་ལྟར་ཐམས་ཅད་དུ་སོང་བའི་ཡོན་ཏན་གཉིས་མེད་པ་ལས་བྱུང་བ་ཐམས་ཅད ་དོ། །དེའི་འདོད་པ་ནི་བདེ་བར་གཤེགས་པའི་བཞེད་པའོ། །དེ་ལྟར་གནས་ཐོབ་པའི་རྣལ་འབྱོར་དེ་ཉིད་ནི་སངས་རྒྱས་རྡོ་རྗེ་འཆང་ལ་སོགས་པའི་མཚན་ཉིད་དུ་འགྱུར་རོ། །གཞན་ཡང་བྱིས་པ་སྐྱེ་བོ་རྣམས་གདུགས་པ་དང་གཡོ་དང་རྒྱུ་ལ ་ཆགས་པ་དེ་རྣམས་རིམ་པ་བཞིན། རྣམ་རྟོག་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཇི་སྲིད་དུ་རབ་ཀྱི་མཐར་མ་སོང་བའི་དེ་སྲིད་དུ་སྔོན་གྱི་བག་ཆགས་ཀྱི་དབང་གིས་སོ། །ཆེན་པོ་ཞེས་པ་ན་མཛའ་མེད་པའི་སྐལ་པས ་རྒན་པ་ནི་འོད་གསལ་བའོ། །ཇི་ལྟར་ལང་ཚོ་གཞོན་ནུ་མཁས་པ་ཡེ་ཤེས་ཅན་ཡོན་ཏན་གྱིས་རྒན་པ་ནི་རྒན་པའོ། །གཞན་ཡོན་ཏན་མེད་པ་རྨོངས་པ་མི་ཤེས་པ་ཅན་རྒན་བ་མ་ཡིན་པ་ཡོན་ཏན་ཆུང་དུ་དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས ་བྱའོ། །དེ་ཡང་འཁོར་བའི་རྣམ་པར་རྟོག་པའོ། །དེས་ན་མུན་པ་ཟིལ་གྱིས་མནན་པ་ཞེས་པ་ནི་ཇི་ལྟར་དམུས་ལོངས་དེའི་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པ་རྣམ་པར་ཤེས་པ་བརྒྱད་ལོང་པ་ནི་མ་ཡིན་ཏེ། སྔོན་ནས་ལྷའི་མིག་ཡིན་པའི ་ཕྱིར་རོ། །དེ་བཞིན་དུ་བྱིས་པ་རྣམ་པར་རྟོག་པའི་མུན་པས་ཟིལ་གྱིས་མནན་ཅིང་བློ་བུར་བའི་དྲི་མ་སྟེ། གཡོ་དང་གདུགས་བདང་སྒྱུ་བདད་གྱ་གྱུའི་ལས་དང། དེ་བཞིན་དུ་ཆགས་སོགས་ཤེས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ཕྲག་དོག་དང ་སེར་སྣ་ལ་སོགས་པ་གཡོ་སྒྱུའི་དབང་གིས་འདོར་བར་མི་ནུས་ཏེ། དེ་ནས་རང་བཞིན་དྲི་མ་མེད་པའི་སེམས་དྲི་མས་སྤགས་ཏེ་གཡོ་སྒྱུ་ཅན་དེ་རྣམས་གདོན་པའི་ཕྱིར་འཁོར་བར་བདུད་རྩིའི་རང་བཞིན་གྱི་ཐབས་གསུངས་སོ། །རྡོ་རྗེ་ཅན་ཞེས་པ་ནི་རྡོ་རྗེ་སེམས ་དཔའ་ཨོ། །དེ་ཡང་འོད་གསལ་ལ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་ཐབས་ཀྱི་རང་བཞིན་བཞི་བཅུར་རས་ནཱའི་རང་བཞིན་གྱི་རང་གི་ངོ་བོ་གསུངས་པ་ནི་རྡུལ་གྱི་ཁམས་ཏེ། འདོད་ཆགས་ཀྱི་བག་ཆགས་རྣམས་ཡོངས་སུ་ཟད་པའི་རྒྱུར ་གསུངས་སོ། །ད་ནི་ཨ་ད་དྷཱུ?་ཏིའི་རང་གི་ངོ་བོ་བསྟན་པའི་ཕྱིར། དེས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཆགས་པ་བར་མ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་སྐད་ཅིག་སྟེ། དེ་ཉིད་འོད་གསལ་བའོ། །དེས་ན་འདི་ལས་གཞན་པའི ་དམ་པའི་དངོས་པོ་ཅི་ཡང་ཡིད་པ་མ་ཡིན་ནོ། །སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ཉིད་ནི་བརྗེད་ངས་པ་བྱེད་པ་དེ་ལས་གཞན་ཅི་ཡང་མེད་ཅེས་བྱ་བ་ལ་སོགས་པ་བྱེད་པའོ། །རྒྱུ་ནི་ཞེས་པ་ནི་རྒྱུ་གཙོ་བོ་མ་ཡིན་པ་གཞན་དེ་ནི་མེད་དེ། ་འཁྲུལ་བས་འཁོར་བའི་བདེ་བ་སྣ་ཚོགས་པ། རྗེས་སུ་འཚོལ་བ་དེ་མ་ལུས་བ་ཟང་པ་ཞེས་པ་རྣམ་པར་རྟོག་པའི་བདེ་བ་ཟད་པའོ། །དེ་ཉིད་ཀྱིས་ན་འཆིང་བཟད་པར་འདོད་པའོ། །དེས་ན་མི་སྨྲ་བར་འགྱུར་རོ། །རྫོགས་སངས་རྒྱས་ཞེས་བྱ་བ་ལ ་སོགས་པ་ནི་དོན་ཇི་ལྟ་བ་བཞིན་ནོ། །དེའི་ཕྱིར་སེམས་ཞེས་པ་ནི་བརྒྱ་ལམ་ན་བསྒོམས་པས་སྐྱོན་དེས་ཤིན་ཏུ་བརྟགས་ནས་འབད་པས་བརྟན་པར་བྱའོ། །མིན་ལ་ལེ་ལོར་འགྱུར་ཏེ། དེའི་ཚེ་སེམས་རང་བཞིན་གྱིས་སྣ་ཚོགས ་པའི་རྣམ་པ་དེས་ནི་གཉིས་གཉིས་སུ་འགྱུར་ཏེ། །དེའི་རང་བཞིན་རང་བཞིན་མེད་པའོ། །དེས་ན་འཁོར་བའི་སྡུག་བསྔལ་དེ་ཉིད་ཀྱི་རང་བཞིན་འགོག་ཅིང་སྡོན་དུ་གསུངས་པའི་རང་བཞིན་གྱི་བྱ་བ་ཉེ་བར་འགྲོ་བ་སྟེ། བེམས་པོའི་ཁམས་བཞིན་ནོ། །དེ་ལྟར ་ཨ་བ་དྷཱ་ཏཱིའི་རང་བཞིན་གྱི་ངོ་བོ་གསུངས་སོ། །དེས་ན་གཉིས་མེད་པར་འགྲོ་ཞེས་པའི་ཚུལ་གྱིས་སོ། །རྣམ་པ་བདུན་གྱི་བདེ་བས་དེ་ལྟར་མདོར་བསྡུས་ན་རྣམ་པ་གསུམ་ལ་བརྒྱུད་ཅུའོ། །རྒྱས་པར་ནི་བྱེ་བ་ཕྲག་བརྒྱད་ཅུའི་ཚང་དང་གྲངས་མེད་པ ་སྐད་ཅི་ག་དང་ཐད་ཅིག་ལ་སྲོག་གི་རང་བཞིན་གྱིས་འབྱུང་ངོ། །དེ་བཞིན་དུ་ཇི་སྲིད་རྟོག་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་བཞིན་དུ་བསྒོམ་པ་ཞེས་བྱ་བ་ལ་སོགས་པ་ནི། འདིར་ཇི་སྐད་དུ་རྣལ་འབྱོར་པ་འཁོར་བ་ལ་གནས་པ་དེ་སྲིད ་དུ་རྣམ་པ་དང་བཅས་པའི་བསྒོམ་པ་ལ་དམིགས་པར་འགྱུར་ཏེ། གཞན་དུ་ན་ཐུན་མོང་གི་དངོས་གྲུབ་རྣམས་མི་བསྒྲུབ་པར་འགྱུར་རོ། །དེས་ན་སེམས་ཅན་རྣམས་ཡིད་ཆེས་བར་མི་འགྱུར་རོ། །འོན་ཀྱང་རྣལ་འབྱོར་པ་སངས་རྒྱས་ཉིད་ཅེས་པ་ནི ་དང་བོ་ཉིད་ལས་སེམས་མཐར་ཐུག་པའོ། །དེས་ན་འགྱུར་ཞེས་པ་ནི་དོན་དམ་པའི་སྒྲུབ་ཐབས་ལ་ནན་ཏན་བྱེད་པར་འགྱུར་བའོ། དེ་ཡང་མཚོན་བྱ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། འདིར་མཚོན་བྱ་རྣལ་འབྱོར་གོམས་པ་ཡང་གང ་གིས་མཆོན་བ་མཚོན་པ་མེད་པར་བྱ་སྟེ། སྔོན་དུ་གསུངས་པའི་རང་བཞིན་གསུམ་གྱི་རང་གི་ངོ་བོ་གསུམ་བསྒོམ་པའོ། །དེས་ལ་མོས་པས་གནས་པའི་རྣལ་འབྱོར་པས་དེ་ཡང་སྲོག་དང་རྩོལ་བའི་རིམ་གྱིས་ཉེ་བར་མཚོན་པར་བྱའོ། དེ་བཞིན ་དུ་སྲོག་དང་རྩོལ་བའི་རྣམ་པ་དྲུག་ཅུ་རྩ་བཞིའོ། །ཚིག་གི་དབྱེ་བས་དྲུག་ཅུ་རྩ་བཞིའི་རྣམ་པའི་བསམ་གཏན་རྣམས་སུ་འགྱུར་རོ། །དེ་རྣམས་ཀྱང་གནད་ཀྱི་སྒོ་རྣམས་སུ་མཚོན་པར་བྱའོ། །དེ་ལ་གནད་ཀྱི་སྒོ་གསུངས་པ། །འདིར་ལུས་ལ་གནང་བྱེ་བའི ་སྒོ་གཅིག་ཀྱང་དྲུག་ཅུ་རྩ་བཞིའི་རྣམ་པའོ། །ལྟེ་བ་གཉིས་གཉེས་དྲུག་ཅུ་རྩ་བཞི་དབྱེ་བས་མདུད་པ་དྲུག་ཅུ་རྩ་བཞི་རྣམས་སུ་གཉི་ག་ལས་རྒྱུ་བ་འདི་ཉིད་ཀྱིས་འདོད་པའི་གནས་སྐབས་དྲུག་ཅུ་རྩ་བཞིའི་རྣམས་སོ། །དེ་རྣམས་ཀྱི་གནས་རྣམས་རིམ་པ ་བཞིན་བརྗོད་པ། འདི་ལྟ་སྟེ་དཀར་པོའི་ཕྱོགས་ཀྱི་དཀར་པོའི་ཚེས་གཅིག་ལ་སོགས་པ་ལ་མཐེ་བོ་ནས་བརྩམས་ཏེ། མཐེ་ཆུང་གི་མཐར་ཐུག་པར་སྟེང་དུ་བུ་བཞིའོ། །དེ་བཞིན་དུ་ལོང་བུའི་གནས་སུ་བཞི་ནི་མདུན་དང་རྒྱབ་དང་ལོགས་གཉིས་སུའོ། ། ་དེ་བཞིན་དུ་པུས་མོ་ལ་མདུད་པ་བཞིའོ། །དེ་བཞིན་དུ་རྐེང་པ་དང་བརླའི་མཚམ་སུ་ཡང་སྡམ་བཞིན་ནོ། །སྒོ་ད་ལ་ཡང་དེ་བཞིན་ནོ། །གསང་བ་དང་ལྟེ་བ་དང་སྙིང་ག་དང་མགྲིན་པའི་གཡོན་ལོགས་རྣམས་སུ་ཡང་བུ་ག་བཞིར་འགྱུར་རོ། །དེ་བཞིན་དུ ་ལག་པ་གཡོན་པའི་སོར་མོའི་རྩ་བ་རྣམས་སུ་ནི་རྐད་པ་གཡོན་པའི་སོར་མོ་བཞིན་ནོ། །ལག་པའི་མཁྲིག་མ་རྣམས་སུ་ནི་ལོང་བུའི་གནས་བཞིན་ནོ། །གྲུ་མོའི་གནས་སུ་ནི་པུས་མོ་བཞིན་ནོ། །དེ་བཞིན་དུ་དཔུང་པར་ནི་རྐེད་པ་བཞིན་ནོ། །དེ་བཞིན་དུ ་བྲ་ཡུ་བ་དང་མཁུར་ཚོས་དང་རྣ་བའི་རྩ་བ་དང་མིག་གཡོན་པའི་ཟུར་དག་ཏུ་གནས་གཉིས་སུ་འགྱུར་རོ། །དེ་བཞིན་དུ་སྨིན་མའི་བུ་ག་དང། དེ་བཞིན་དུ་མཚོགས་མ་དང་དཔྲལ་མཚམས་དང། དེའི་གཡོན་ཟུར་གྱི་གནས་བཞི་རུ་གནད་ཀྱི་སྒོ་གཉིས ་གཉིས་སོ། །དེ་བཞིན་དུ་སྤྱི་བོར་དང་གཙུག་ཏེར་དང་རྒྱབ་ཀྱི་ཆར་གནད་ཀྱི་སྒོ་ཕྲ་མོ་གཉིས་གཉིས་དྲུག་གོ། དེ་ལྟར་རྣམ་པ་དྲུག་ཅུ་རྩ་བཞིར་རྟོག་པར་བྱའོ། །དེ་བཞིན་དུ་ནག་པོའི་ཕྱོགས་ཀྱི་ནག་པོའི་ཚེས་གཅིག་ལ་སོགས་པ་ལ་གཡས་རྣམས་ཀྱི ་གནོད་ཀྱི་སྒྲོའི་རྣམ་པ་དྲུག་ཅུ་རྩ་བཞིའོ། །དེ་དག་ལ་དབྱུག་པ་སོ་སོར་རེ་རེའི་དུས་ཀྱི་དབང་གིས་ཉ་དང་གནམ་སྟོད་གཉིས་པར་འདུས་པར་བྱའོ། །དེས་ན་ཨ་བ་དྷཱུ་ཏཱིའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་སྐད་ཅིག་ལས་ཏེ། དེའི ་ཕྱིར་མཚོན་བྱ་མཚེན་པར་བྱའོ། །རྡོ་རྗེ་རླུང་གིས་གནད་ཀྱི་སྒོ་དབྱེ་བར་བྱ་སྟེ། སྲོག་གི་རྒྱུ་བས་སོ། །དེ་ཡང་རང་འདོད་ལྷ་ཡི་སྦྱོར་བ་ཡིས་ཞེས་པ་ནི་རང་བཞིན་གྱིས་དག་པ་ཐོག་མ་མེད་པ་ནས་ཆོས་ཀྱི་སྐུའི་མཚན་ཉིད་ཡང་དག་པ་བདག ་མེད་པ་ལ་མོས་པས་ཐིག་ལེ་སྟོང་པ་མཚོན་པར་བྱའོ། །མཚོན་བྱ་དེ་ཡང་མཚོན་པ་མེད་པར་བྱའོ། །དེ་ཉིད་ཀྱིས་ན་རྫོགས་པའི་མཚོན་བྱ་ཞེས་གསུངས་སོ། །གསུམ་པ་ཞེས་པ་ནི་ལུས་དང་དག་དང་སེམས་སོ། །གནས་ཞེས་པ་ནི་བདེ ་པ་རྣམས་ཀྱི་གཞིའི། །འདི་རྣམས་ནམ་མཁའ་ལྟ་བུ་ཞེས་པ་ནི་ཆོས་ཀྱི་དབྱིངས་དང་མཚུངས་པར་འགྱུར་བའི། །དེ་ལྟར་འདོད་པ་ཐམས་ཅད་རབ་དོར་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདི་ཉིད་ཀྱི་བསམ་གཏན་གྱི་སྦྱོར་བའི་གནས ་གསུངས་པ། རིའི་རྩེ་ཞེས་བྱ་བ་ལ་སོགས་པ་ནེ་འདེར་ལས་དང་པོ་རྣམས་ཀྱི་ནི་སྒྲ་ཇི་བཞིན་ནོ། །རྫོགས་པའི་རྣལ་འབྱོར་པ་རྣམས་ཀྱི་འདོད་པས་མཚན་མའི་རྒྱུ་གནས་རྣམས་ལ་དེའི་ཚེ་རིའི་རྩེ་མོ་ཞེས་པ་ནི་རི་བྲག་གི་སྟེང་དུ་སྤྲིན་མེད་པའི ་ནམ་མཁའ་ལ་རྣལ་འབྱོར་མ་དྲུག་ཅུ་རྩ་བཞི་བརྟན་པར་འགྱུར་རོ། །དེ་རྣམས་ཀྱང་སྲོག་བཅུ་དང་དེ་བཞིན་དུ་དཀྱིལ་འཁོར་བཅུ་དང། མཚན་མ་བཅུ་དང། གནས་སྐབས་བཅུ་དང། ཡེ་ཤེས་བཅུ་དང། རང་བཞིན་བཅུའོ། །དེ་བཞིན་དུ ་བསམ་གཏན་བཞི་སྟེ། དྲུག་ཅུ་རྩ་བཞི་བོ་དེ་དག་ཐམས་ཅད་ནམ་མཁའ་ཨི་མཚན་མར་ཤེས་པར་བྱའོ། །དེ་བཞིན་དུ་ཞི་བྱེད་གནས་ཞེ་པ་མཚན་ཉིད་གཅིག་པའི་གནས་རྣལ་འབྱོར་མ་རྣམས་ཀྱི་བརྡེས་འདུལ་བར་འགྱུར་ཏེ། དེ་རྣམས་ཀྱིའི ་སྒྲུབ་པ་པོ་ལ་བཀའ་སྩོལ་བ་འགྲུབ་བོ། །ཡང་ན་པདྨའི་ཚལ་ཞེས་པ་ནི་མཚོའི་ནང་དུ་མཚན་མོ་དུས་སུ་པདྨའི་རང་བཞིན་དུ་ཡོངས་སུ་བརྟག་པ་སྟེ། ནང་གི་རྩ་རྣམ་པདྨར་སྣང་བའི་ཕྱིར་རོ། །དེས་ན་རང་ཉིད་པདྨའི་ཚལ་བཞིན་དུ་སོ་སོར་སྣང་བ?། ་དེའི་ཚེ་ཀུན་ཏུ་སྐྲག་པར་མི་འགྱུར་ཏེ། སྔོན་དུ་ཕྱིའི་སྐྱེད་མོས་ཚལ་ཁྱད་པར་ཅན་ཏེ། གང་དུ་མེ་ཏོག་དང་འབྲས་བུ་རྣམ་པ་སྣ་ཚོགས་པའི་དངོས་པོ་རྣམས་ཀྱིས་བརྒྱན་པར་འགྱུར་བའོ། །དེས་ན་སེམས་དེའི་བདག་ཉིད་ཅན་དུ་འགྱུར་རོ། །དེའི་ཚེ་རང་བཞིན ་དང་བྲལ་བར་འགྱུར་རོ། །ཡང་ན་འདི་ལྟ་བུའི་གནས་སུའོ། །ཐམས་ཅད་ཅེས་པ་ནི་སྐྱེ་བོ་དང་བྲལ་ཞིང་འབྲས་བུ་ལ་སོགས་པ་ཐམས་ཅད་ཀྱིས་བརྒྱན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྒས་པའི་དབང་གིས་ནུས་པ་མེད་པས་ཀྱང་རེས་འགའ་རང་གི་ཁྱིམ ་དུ་དངོས་པོ་ཐམས་ཅད་སྤངས་ཏེ་བསྒོམ་མོ། །ཡང་ན་སེམས་ཀྱི་མོས་པས་གང་དུ་སེམས་མངོན་པར་དགའ་བ་དངོས་པོའི་ཁྱད་པར་གྱི་རང་བཞིན་ཡིད་དུ་འོང་བར་རོ། །འདི་དག་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གནས ་ནི་པ་བཞེས་པ་ནི་སེམས་ཅན་གང་དང་གང་མོས་པའི་བདག་ཉིད་དང་དེས་གནས་སུ་བྱའོ། །གཞན་ནི་གོ་སླའོ། །ཕྱག་རྒྱ་བཞི་ཞེས་བྱ་བ་ལ་སོགས་པ་ནི་གཏི་མུག་གི་གཉེན་པོ་ནི་དམ་ཚིག་ཕྱག་རྒྱའོ། །ཞེས་སྡང་གི་གཉེན་པོ་ནི་ཕྱག་རྒྱ་ཆེན་པོའོ། ་ཕྲག་དོག་གི་གཉེན་པོ་ནི་ལས་ཀྱི་ཕྱག་རྒྱའོ། །འདོད་ཆགས་ཀྱི་གཉེན་པོ་ནི་ཆོས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་དག་ཅེས་པ་ནི་གཏི་མུག་ལ་སོགས་པའི་རིག་མ་རྣམས་སྤྱན་མ་ལ་སོགས་པའི་ལྷ་མོའི་གཟུགས་སུ་བསྐྱེད་དེ་ཐ་མལ་པའི་དབང་གིས་སོ། ། ་རང་བྱིན་གྱིས་བརླབས་པའི་བདག་ཉིད་ཀྱི་རྣལ་འབྱོར་མ་སྣ་ཚོགས་པ་སྒྱུ་མ་ལྟ་བུར་རོ། །དེ་ལྟར་རྣལ་འབྱོར་པས་བསྟེན་པ་ནི་མཆོད་པ་སྟེ། རིག་མ་ལྟར་བསམས་ནས་སོ། །མངོན་སུམ་དུ་ཞེས་པ་ནི་རྣལ་འབྱོར་པ་རང་ཉིད་ཀྱང་ལྷའི་བདག ་ཉིད་དུ་འགྱུར་རོ། །དེ་ལྟར་གཉིས་ཀ་ཡང་ལྷའི་གཟུགས་སུ་སོ་སོར་སྣང་ངོ། །དེས་ན་རྨོངས་པས་ཤེས་པ་ནི་དཀར་པོས་ཞི་བའི་ལས་སོ། །ཁྲོ་བོས་ཤེས་པ་ནི་ནག་པོས་དྲག་པོའི་ལས་སོ་།དེ་བཞིན་དུ་ཆགས ་པས་ཞེས་པ་ནི་དམར་པོས་ཆགས་པའི་ལས་བྱེད་དོ། །དེ་ལྟར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ལས་ཀྱིས་དེ་རྣམས་ཀྱི་གཉེན་པོའོ། །དེ་དོན་དུ་ཞེས་པ་ནི་དེའི་དོན་དུའོ། །རབ་ཏུ་བྱེད་པ་ལྔ་པོ་ཞེས་པ་ནི་རྟོག་པ་དང་པོའི་རབ་ཏུ་བྱེད་པ་དང་པོ་ནི ་བརྗོད་པས་བརྗོད་པ་བྱེད་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པའི་བསྒོམ་པའི་དེ་ཁོ་ན་ཉིད་ཀྱི་བར་དུ་བྱེད་པའོ། །གཉིས་པ་ནི་བྱང་ཆུབ་སེམས་ལ་འདྲུག་བཞེས་པའོ། །གསུམ་པ་ནི་དེ་ཁོ་ན་ཉིད་བསྟན་པའོ། །བཞི་པ་ནི་རྟོག་པ་གཉིས་པའི་རབ་ཏུ ་བྱེད་པ་དང་པོ་བྱང་ཆུབ་སེམས་ཀྱི་དབང་བསྐུར་པའོ། །ལྔ་པ་འདི་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་བསྡོམ་པ་སྟོན་པའོ། །དེའི་ཕྱིར་རྣམས་ཀྱིས་རྒྱལ་བ་ཡང་དག་པར་བསྐྱེད་པའོ། །དེ་བཞིན་དུ་རེས་འགའ་རྣལ་འབྱོར་པ་སེཾ་ན་ཀྱི་དོན་གྱི ་དབང་གིས་བསྒོམ་པ་ལས་ལངས་ཤིང་རྣལ་འབྱོར་ལ་མི་དམིགས་པ་དེའི་ཚེ་ཐུན་ཚོང་བསྟན་པའི་ཕྱིར་ཐོ་རང་ས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕྱག་རྒྱའི་སྦྱོང་བ་ཞེས་པ་ནི་སྔོན་དུ་གསུངས་པའི་ཚུལ་གྱིས་ཨ་པ་དྷཱ་ཏཱིར་བཞུགས ་པ་སྟེ། གཟུང་བའི་རིམ་པས་སྲོག་བཞག་པར་བྱའོ། །གཞན་དུ་རྣལ་འབྱོར་ཉམས་སོ། །དེས་ན་དངོས་གྲུབ་མི་འགྱུར་ཞེས་པ་ནི་གཞན་དུ་མ་ཡིན་པར་དེས་ཞེས་པའི་དོན་ཏོ། །དེ་བཞིན་དུ་བསྟན་པ་སྨོད་ཅེས་བྱ་བ་ལ་སོགས་པ་ནི་བསྟན ་དང་དུས་ཐམས་ཅད་དུ་ལྟན་ཅིག་པའི་རྣལ་འབྱོར་པ་ཕྱག་རྒྱ་སྤངས་པའོ། །སྨོད་ཅེས་པ་རྨོངས་པས་ཁ་ན་མ་ཐོབ་བྱེད་པ་སྤངས་པའོ། །འཇིགས་པ་ཞེས་པ་ནི་འཇིགས་པ་དང་བཅས་པ་སྟེ་འཁོར་བར་སྨོད་པའི་སྐྱི་བོ་མི་སྲུན་ཞེས་པ་ལ་སོཌ ་པའོ། །འོན་ཀྱང་མངོན་སུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་པ་དམ་བཅས་པ་བརྟན་པོར་རྟག་ཏུ་འབད་པ་འདི་བསྒྲུབ་པོ། །དེ་ཡང་མངོན་སུམ་ཤེས་ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་མཚན་ཉིད་ཀྱི་ཤེས་རབ ་མ་མ་རྙེད་ན། དེའི་ཕྱིར་བྱོལ་སོང་ལ་ཡང་དེས་གོམས་བྱ་ཞེས་པ་ནི་ཕྱུགས་བཞིན་དུ་རྒྱུན་དུ་བྱ་བའོ། །དེ་ཡང་བརྗོད་པ་མི་བྱེད་ཅེས་པ་ནི་འདི་ལྟ་བུའི་ཡང་དག་པའི་སྦྱོར་བ་དམ་ཚིག་དང་ལྷན་ཅིག་པ་གལ་ཏེ་རྣལ་འབྱོར་པ་མི་བྱེད་ན ་དེའི་ཚེ་དམ་ཚིག་ཉམས་པར་འགྱུར་རོ། །དེ་ལྟར་ལས་ཀྱི་ཕྱག་རྒྱུ་དང་ལྷན་ཅིག་སྦྱོར་བ་རྟག་ཏུ་བྱའོ། །དམ་ཚིག་བསྐྱེད་བའི་དོན་དུ་མ་གསུངས་ཀྱང་བདུད་རྩི་ལྔ་ལ་སོགས་པ་ཆད་དང་ཤ་རྣམ་པ་སྣ་ཚོགས་དང་ལྡན་པའི་སྣ་ཚོགས ་དམ་ཚིག་རྣམས་བྱ་ཞེས་པ་སྟེ་དེས་པའོ། །གལ་ཏེ་མི་བྱེད་ན་དེའི་ཚེ་དེས་པར་འགྱུར་རོ། །དེ་ཅི་ཞེས་ཉིན་རེ་ལ་སོགས་པར་རྣལ་འབྱོར་པ་མི་ཕྱེད་པ་ནི་བཅོམ་ལྡན་འདས་ཀྱིས་ངེས་པའོ། །དེའི་ཕྱིར་དེའི་བྱ་བའི་དོན་ཏོ། །དེ་ལྟར་འདིར་བརྗོད་དེ། གང་དག ་ཆད་ནི་མི་འཐུང་དང། །ཡུལ་གྱི་བདུད་རྩི་མི་བསྟེན་ཅིང། །རྒྱུན་དུ་བྱང་ཆུབ་སེམས་མི་བསྟེན། །སྐྱེས་བུ་དེ་འདིར་གླང་དང་མཚུངས། །སློབ་དཔོན་གུས་ཤིང་དམ་ཚིག་གིས་ནི་ཚིམ། །སྡུག་དང་མངོན་འདུས་དམ་ཚིག་ཟས་རྟག་མ། །སེམས་ཅན ་སྡིག་པ་འདི་རྣམས་ངེས་བསྣུན་པའི། །དུས་ཀུན་བཏུང་པ་ཆད་གི་གཏུང་འདི་བྱ། །རྡོ་རྗེ་མཁའ་འབྲོ་གཅིག་གི་སྐུས། །བདེ་བར་གཤེགས་པའི་སྤྱོད་པ་བྱ། །རྣམ་པར་མི་རྟོག་བདག་དངོས་ཀྱིས། །ཡུལ་ནི་བསྟེན་ཅིང་སྤྱད་པར་བྱ། །ཐམས་ཅད་དུ ་ནི་ཆེད་སྙིང་པོ། །སེམས་ཅན་སེམས་བཟང་པོ་ཡིས་བཏུད། །གལ་ཏེ་ཡང་ནི་འདིར་བྱང་ཆུབ། །རབ་ཏུ་ཐོབ་པའི་རྒྱུ་མེད་ན། །སྒྱུ་མའི་རང་བཞིན་འདི་ལ་བལྟ། །ཤ་ཡི་མཆོག་ནི་བཟའ་བར་བྱ། །རྣལ་འབྱོར་མ་ཡི་འཁོར་དབུས་གནས། །དེ་རུ་རོ་ནི་མང་པོ ་ལ། ལུས་ཅན་ལ་ནི་དམར་པོར་ཁྱུད། །ཅང་ཏེའུ་ལག་ཐོགས་སླར་གར་བྱ། །སྣོད་མིན་ལ་ནི་མངོན་འདོད་ཆང། །སྦྱིན་པ་དང་ནི་བཏུང་མི་བྱ། །དེ་ལྟར་དམ་ཆིག་བསྟེན་ཅིང་བསྒྲུབས་ན་དངོས་གྲུབ་ཏུ་འགྱུར་རོ། །གཞན་དུ ་བག་མེད་པ་ལ་སོགས་པས་དམ་ཚིག་ཉམས་པར་འགྱུར་རོ། །དེས་ན་དངོས་གྲུབ་ཐོབ་པར་མི་འགྱུར་རོ། །དེས་ན་ཉིན་རེའམ་ཟླ་རེའམ་ལོ་རུ་འམ་རྟོག་ཏུ་གལ་ཏེ་རྣལ་འབྱོར་མ་མཆོག་གི་པདྨ་ལ་རིག་པར་མི་བྱེད་ན་དེའི་ཚེ་སླར་ཡང་དམ་ཚིག་དང་སྡེམ་པ ་ལ་སོགས་པ་གཟུང་བར་བྱའོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་སངས་རྒྱས་ཡང་དག་པའི། ཁ་སྦྱོར་བ་ཡི་སྦྱོར་བ་ཡིས་ཞེས་པ་ནི་ཤེས་རབ་དང་ཐབས་ཀྱི་སྦྱོར་བས་སོ། །བུ་བྱ་བ་དང་བྱ་བ་མིན་པར་ཟོས། །དྷ་མཆོག་ཏུ་མི་འགྱུར་བ་ནི ་གཟུང། །སཾ་ཡང་དག་སྦྱིན་པའི་སྦྱོར་བ་ཡིས། །མྱ་དམ་ཚིག་གཉིས་ནི་གཅིག་ཏུ་བྱ། །སཾ་ཡིད་ཀྱི་དབང་པོ་ཡང་དག་མནན། །པུ་སྐྱེས་བུ་ཉིད་དུ་ཉེ་བར་འགྲོ། ཏ་ཊཾ་ཞེས་པ་ནི་གཉིས་དབུས་སུ། །ཡོ་སྐྱེ་གནས་བུ་གར་ཨ་ནི་སྦྱར། །གེ་ཁྱིམས་གྱི་སྙིང་པོར་སོང ་ནས་ཐིམ། །ན་ཡིད་ཀྱི་དངོས་པོ་འདིར་མི་སྣང། །དེ་ལྟར་བསྒོམ་པའི་རྣལ་འབྱོར་པ། །འཁོར་བ་ལས་བརྒལ་ཕ་རོལ་འགྲ། ལྷག་མ་ནི་གོ་སླའོ། །དེ་ལྟར་ཤེས་རབ་དང་ཐབས་ཀྱི་དོན་བསྒོམ་པ་ཞེས་པ་ནི་བསམ་དུ་མེད་པ་གཉིས་མེད་པའོ། །དེའི་དོན་ནི ་ཉེ་བར་རྟག་པའི་ཚིག་གང་གི་རྟོག་པར་འགྱུར་བ་སྟེ། དེས་ན་བསྒོམ་པ་ལ་འཇུག་པའོ། །དེ་ཡང་རྟོག་པ་གཉིས་པའི་རབ་ཏུ་བྱེད་པ་གཉིས་པ་དེའི་འོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་བརྟག་པ་གཉིས་པའི་རབ་ཏུ་བྱེད་པ་གཉིས་པའི་རྒྱ་ཆེར་འགྲེལ་པར ་དག་པའི་ལྟ་བའི་དྲན་པའི་སྣང་བའི་གཞུང་བསྟན་པ་སྟེ་གཉིས་པའོ།། །།ད་ནི་བསམ་དུ་མེད་པའི་ལྷའི་རྣམ་པ་བསྒོམ་པ་བརྗོད་པའི་ཕྱིར། །དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རབ་ཏུ་བྱེད་པ་ལྔའི་རྫེས་ཐོགས་སུ་རྒྱལ་བ་འབྱུང ་བའི་རྒྱུའི་ཕྱིར་དེ་ཉིད་ཀྱི་ལྷའི་བདག་ཉིད་ཀྱི་བསྒོམ་པ་དང། དཀྱིལ་འཁོར་གྱི་འཁོར་ལོའི་ཚུལ་གྱིས་སོ། །དེ་ཡང་ཡང་དག་བཤད་པར་བྱ་ཞེས་པ་ནི་ཕྱི་དང་ནང་གི་བདག་ཉིད་དོ། །འཁོར་ལོ་ཀུན་གྱི་རྣམ་འཕྲུལ་ཉིད་ཅེས་པ་ནི་རྒྱུ་ཐམས་ཅད་ཀྱི་གང་དཀྱིལ ་འཁོར་གྱི་འཁོར་ལོ་མ་ལུས་པ་དེ་རྣམས་ལ་ཁྱབ་པར་བྱེད་པའོ། །དེ་ཡང་རྡོ་རྗེ་སེམས་དཔའ་ལ་སོགས་ལྷའི་ཞེས་པ་ལ་སོགས་པའི་སྒྲ་ནི་དཔལ་འདུས་པ་ལ་སོཌ་བ་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུ་མཛའ་དག་པ་དེ་རྣམས་ཀྱི་ཕྱིར་དཀྱིལ་འཁོར་བ་དང་གཙོ་བོ་རྣམས་ཀྱིའོ།། ་ཐམས་ཅད་དུ་ནི་སྣ་ཚོགས་མཚོག་ཅེས་པ་ནི་དེ་ལྟ་བུའི་བརྟན་པ་དང་གཡོ་བའི་དངོས་པོ་སྣ་ཚོགས་པ་རྣམས་འོད་གསལ་བ་སྟེ། གང་གི་ཕྱིར་ཐམས་ཅད་ལ་ཁྱབ་པར་བྱེད་པའི་ཆོས་ཀྱི་སྐུའི་རྣལ་མའི་རང་བཞིན་ནི་གཉིས་མིན?་པའི?་ཡང་གཉིས་མེད་པའོ། ། ་དེའི་ལོངས་སྤྱོད་རྫོགས་པ་ཉིད་ཀྱིས་ན་མཆོག་གོ། དེ་ཉིད་ནི་གསལ་པོར་དཀྱིལ་འཁོར་གྱི་འཁོར་ལོའི་གཟུགས་སོ། །དེ་ལྟར་གང་དུ་བསྒྲུབ་ཅེ་ན་གསུངས་པ། གསང་བ་ཞེས་བྱ་བ་ལ་སོགས་པ་ནི་འདིར་ཡི་གེ་བཅུ་དྲུག་ནི?་དྲུག་སྟེ། ་བཅོམ་ལྡན་འདས་ཀྱིས་རྡོ་རྗེས་གསང་བ་བླ་མ་ཞེས་པ་ལས་གསུངས་པ། འདི་ལྟ་སྟེ། ར་ཁྲག་གི་ཁམས་ནི་བྱས་པའི་བདག། རུས་པའི་དྲ་བ་བཞུ་བར་བྱ། །ཞག་རྣམས་འགུལ་ཞིང་འགུལ་བར་འགྱུར། །ལུས་ཀྱི་དྲ་བ།????? ་བ་འགོག་པར་བྱེད། པ་པདྨའི་འདབ་མའི་རྣམ་འདྲ་བ། །ཕགས་པ་སྟོང་པའི་གནས་ཀྱི་མཆོག། རླུང་གི་གཟུགས་སུ་འོངས་ནས་ནི། །ཐིག་ལེ་མ་འཛག་པ་ལ་རེག། ར་རོ་དང་དྲི་ནི་ཉེ་བར་འགྲོ། ལྟའི་དབང་པོ་ཡིས་ནི་ཕྱེ། །བསྣམས་ཀྱང་དེར ་ནི་ཡོང་མིན་པ། །ཡེ་ཤེས་དྲི་ནི་བླ་ན་མེད། །མེ་མེ་ཏོག་ཉིད་ཀྱི་ནམ་མཁའ་ནི། །སྙིང་གི་དབུས་སུ་ཁ་ནི་ཕྱེ། །དེ་ལས་ལྷན་ཅིག་སྐྱེས་པ་སྟེ། ཆིག་གི་ལམ་ལས་འདས་སྦྱོང་ཡུལ། །རང་ས་ནཱ་ཡི་མཁའ་དབུས་སུ། །ཆགས་པ་ཀུན ་ཏུ་ཐིམ་པ་དེར། །སྙིང་རྗེ་ཡི་ནི་རོ་སྐྱེས་ཏེ། །དེས་ན་བསམ་གྱིས་མི་ཁྱབ་གསུངས། །མེ་ཤ་འདི་རྟག་ཏུ་ཟོས་པ་ནི། །འབར་བ་བཞིན་དུ་དོན་དམ་པ། །འདྲངས་པ་ཉིད་ནི་འདིར་མི་བྱེད། །སེང་གེ་བཞིན་དུ་ཡོངས་སུ་ཟོས། །ས་ཀུན་ནས་ནོར་བུ་གཙུག་ཏོར ་གྱིས། །མཚམས་གཉིས་ལ་ནི་ཉེ་བརྟེན་ནས། །སྲོག་ནི་མི་གཡོ་བར་བྱས་པས། །སྟོང་དང་མི་སྟོང་པ་ནི་འགྲོ། རྦ་གཡོ་བའི་རྩ་ནས་བཀུག་ནས་ནི། །དེ་ནི་མགོ་ནས་རྐང་མཐེ་བོར། །སྲོག་གི་ཐེག་ལེ་དྲུག་གི་ཕྱེད། །གནས་ལ་བརྟེན་ཏེ་དགང་པ ་ཉིད། །རྨ་བག་ཆགས་གནས་ནི་ཀུན་ཟོས་པས། །སྣ་བ་གསུམ་ནི་འབྱུང་བའི་ཕྱིར། །དབང་པོ་རྣམས་དང་བྲལ་བ་ཡིས། །སྡོང་བུ་ལས་སྐྱེས་པདྨ་གཉིས། །ནྱ་སྨིན་མར་སོང་བའི་རྣལ་མ་དགོང། །ཆོ་ག་འདོད་པ་རྣམས་ཀྱིས་གཟུང། །མར་ཁུའི་དི་ནི ་དྲི་ཞིམ་པ། །གཙོ་ནི་སྒྲུབ་པའི་ཐབས་ཀྱིས་བསྒྲུབ། །བུ་མཐོ་མིན་གནས་སུ་ཐིག་ལེ་ནི། །བགྲོད་མེད་གཏིང་དུ་གཟུང་བ་ནི། །ཞི་བྱེད་མཆོག་ཏུ་བརྟག་པ་སྟེ། །ཡིད་ལྟ་བུ་ཡིས་མཆོག་ནི་མནན། །སཱ་མཆོག་གི་སྦྱོར་བ་བསྒྲུབ་པར་བྱ། །ཀུན ་རྫོབ་བདེན་པར་ལྟ་བ་ཡི། །ཤེས་པ་ཡང་ནི་དེ་ལ་མེད། །ཡེ་ཤེས་སྙིང་པོ་བཏུས་པའོ། །སྟ་ཆོས་དང་ཆོས་མིན་རྣམ་དཔྱད་པ། །མཁས་པ་རྣམས་ཀྱིས་མི་བྱའོ། །གང་གི་རྣམ་པ་ཀུན་གྱིས་ནི། །ཚིག་འདེ་ཡིས་ནི་དངོས་པོ་མེད། །ཡེ་གང་དང་གང ་གི་རྣམ་པ་ཡིས། །འཆི་བ་སྔོན་དུ་འགྲོ་བ་དོར། །དེ་དང་དེ་ནི་ཐམས་ཅད་བྱ། །ལ་ལར་ལ་ལ་ཡི་ཅི་ཡང་མེད། །དེ་ལྟར་གནས་རྣམས་སུ་སྣ་ཚོགས་ཀྱི་མཆོག་བསྒྲུབ་པར་བྱའོ། །དེ་བཞིན་དུ་རྒྱུའི་གནས་དང་འབྲས་བུ་སྒྲུབ་པའི་ཡང་གནས ་གསུངས་པ། རྣམ་པར་དབེན་པ་ཞེས་བྱ་བ་ལ་སོགས་པ་འདིར་རྣམ་པར་དབེན་པ་ཞེས་པ་ནི་བདག་གི་ངར་འཛིན་པ་སྤངས་པ་སྟེ། སྔོན་གྱི་ཚུལ་གྱིས་སོ། །གནས་ཞེས་པ་ནི་གཅིག་གི་རྣམ་པའི་སེམས་ཀྱི་གནས་དེ་ལ་དེ་སྐད་ཅེས་བྱའོ། །འམ་ཞེས ་པ་ནི་རང་གི་ལག་པ་གཉིས་བཟློག་པ་རྒྱབ་ཏུ་ཐལ་མོ་སྦྱར་བ་བཅིངས་པའི་སྦྱོར་བས་མགོ་གཟུང་ཞིང་ལྕེ་རིམ་ལས་བཟློག་པར་བྱ་སྟེ། དེ་བཞིན་དུ་སྟེང་གི་རྐན་གྱི་མདུད་པ་ལ་རེག་པར་བྱའོ། །བྱེད་པ་དེས་སྲོག་གི་རླུང་དབྱུང་བ་དགུག་པའི་རྣམ་པར་གནས ་ཏེ། སྣའི་དབུགས་དབྱུང་བ་དང་འཇུག་པ་མི་འགྲོ་སྟེ། གནས་དེ་རུ་རང་གི་སེམས་ཉེ་བར་མཚོན་པར་བྱས་པ་དེ་ནི་བསྒོམ་པ་དེ་བཞིན་དུ་འགྱུར་རོ། །རང་གི་སྐྱེད་མོས་ཚལ་ཞེས་པ་ལ་སོགས་པ་ནི་སླར་ལ་ཡང་དཀྱིལ་འཁོར་བཅུ་པོ་རྣམས་རང་རང་གི ་དུས་ཚོད་ལ་གང་དུ་སྐྱེས་པ་དེ་རྣམས་ལ་དེར་ལག་པས་མནན་པའོ། །འདིར་གསུངས་པ། གཙུག་ཏོར་དང་ནི་སྤྱི་བོར་གསུངས། །སྨིན་མའི་དབུས་དང་མགྲིན་པའི་མཚམས། །སྙིང་ག་དང་ནི་ལྟེ་བའི་གནས། །རྒྱུ་ཞབས་ཉིད་དང་གསང་བའི་རྩར། །ནོར་བུའི ་བུ་ག་དེ་བཞིན་ཏེ། ལྕེའུ་ཆུང་བ་ཡི་མདུང་པའི་རྩེར། །གནས་འདི་རྣམས་སུ་སྲོག་ནི་གང། །སྐྱེས་པ་དེ་ནི་དགག་པར་བྱ། །ལག་པ་གཉིས་ནི་རྣམས་གཟུང་བས། །གནད་ཀྱི་མཚམས་ནི་བཙིར་བར་བྱ། །དཀྱིལ་འཁོར་རེ་རེ་རྒྱུ་བ་ཡིས། །འགྲོ་དང་འོང་བ་འགོག ་པ་ཉིད། །ངེས་ནི་དགག་པ་དག་ནི་བྱ། །སྒོམ་པ་རྟོགས་པའི་སེམས་ཀྱིས་ནི། །སངས་རྒྱས་སྐུ་ལ་སོགས་པ་བསྒོམ། །དེས་ན་རྡོ་རྗེ་འཆང་ས་ཐོབ། །དེ་ལྟར་ས་ལ་རབ་བརྟེན་ཏེ། །ལོངས་སྤྱོད་རྫོགས་པའི་རྣམ་པར་བྱ། །བསམ་དུ་མེད་བསྒོམ་བསམ ་པའི་ཕྱིར། །རང་བཞིན་ལས་བྱུང་ངོ་བོ་ཉིད། །སོགས་པའི་སྒྲས་ནི་སྤྱི་རི་སྐྱེད་མོས་ཚལ་ལ་སོགས་པའི་དང་པོའི་གནས་སུ་བྱའོ། །དེ་ལྟར་རང་བཞིན་གྱིས་དྲི་མ་མེད་པའི་ཡེ་ཤེས་ཉིད། །ཀུན་ཏུ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། སྣ་ཚོགས་ཕྱག་རྒྱ ་ཞེས་པ་ནི་རང་བཞིན་གྱི་སྐུ་གང་གིས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་སྣ་ཚོགས་པ་རྒྱས་བཏབ་ཅིང་དེ་ལ་བརྟེན་པ་ཡང་འདིས་རྒྱས་བཏབ་སྟེ། དེ་ལྟར་ཕན་ཚུན་རྒྱས་པར་ཡིད་ཆེས་པར་བྱའོ། །དེས་ན་སྣ་ཚོགས་ཀྱི ་ཕྱག་རྒྱ་སྟོང་པ་ཉིད་ཀྱི་སྐུས་སྡོམ་པའོ། །ཀུན་ཏུ་སྣ་ཚོགས་སྡོམ་པ་ཞེས་པ་ནི་དེ་ཡང་སྟོང་པ་ཉིད་ཀྱི་ཡེ་ཤེས་རྣམ་པ་ཀུན་གྱི་རང་བཞིན་གང་བརྟན་པ་དང་གཡོ་བ་ལ་སོགས་པ་སྣ་ཚོགས་པ་རྣམས་ཀྱི་ནང་དུ་འདུས་པས་ཀྱང་དངོས་པོ་ཐམས་ཅད་ཀྱང་སྡོམ ་པའོ། །དེ་ཉིད་ཀྱི་རང་བཞིན་ཉིད་ཀུན་ཏུ་ཞེས་བྱ་བ་ལ་སོགས་པ་ལ་ཀུན་ཏུའི་སྒྲས་ནི་ཞི་བ་ལ་སོགས་པའི་ལས་ཚོགས་རྣམས་གཟུང་ངོ། །དེ་རྣམས་ཀྱི་སྣ་ཚོགས་ནི་སེམས་ཅན་སྣ་ཚོགས་པའི་དོན་བྱེད་པའོ། །དེ་བཞིན་དུ་རང་གི་ངོ ་བོ་ཉིད་དུ་བྱ་བ་ནི་འབྲས་བུའི་གཟུགས་དེ་ཉིད་འབྲས་བུའི་གོ་འཕང་ཐོབ་པའི་རྒྱུ་སྣ་ཚོགས་དྲི་མ་མེད་པའི་ཆོས་ཀྱི་རང་བཞིན་དུ་འགྱུར་རོ། །བསྒྲུབ་པར་བྱ་ཞེས་པ་ནི་རྗེས་སུ་འཇུག་པའོ། །ཇི་ལྟར་བདེ་བར་ཞེས་པ་ནི་རང་རིག་པས་ཟབ་མོའི་ལོངས་སྤྱོད་རྫོགས ་པའི་སྐུ་བསྒྲུབ་པར་བྱ་ཞེས་པའི་དོན་ཏོ། །དེ་བཞིན་དུ་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་ནི་དངོས་པོ་ཐམས་ཅད་གཅིག་པའི་དངོས་པོའོ། །དངོས་པོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ལས་བྱུང་བ ་རྣམས་སོ། །དེ་རྣམས་ཀྱིས་ལུས་དང་ངག་དང་སེམས་བསྡུས་པའི་གཟུགས་ནི་རྡོ་རྗེ་འཛིན་ཆེན་པོ་ཆོས་ཀྱི་སྐུའི་མཚན་ཉིད་ཧེ་རུ་ཀ་ལ་སོགས་པའི་གཟུགས་ཏེ། དེ་ཡང་རང་བཞིན་གྱི་སྐུ་ལས་བྱུང་བའོ། །སྟོང་པ་ཉིད་ཡེ་ཤེས་ཞེས་པ་ནི་སྣ་ཚོགས ་མཐོང་བ་སངས་རྒྱས་ཀྱི་སྐུའོ། །དེ་བཞིན་དུ་ཡང་ཁྲོ་བོ་རྣམས་ཀྱིས་ཤེས་པ་ནི་རང་བཞིན་གྱི་དབང་གིས་ཉི་མ་སྐྱེས་པ་རྣམས་ཏེ། འདུས་པ་ལ་སོགས་པ་རྣལ་འབྱོར་གྱིས་རྒྱུད་རྣམས་ཀྱི་ཚུལ་གྱིས་སོ། །ཁྲོ་བོ་གཤིན་རྗེ་གཤེད་ལ་སོགས་པ་བཅུ ་པོ་རྣམས་རིམ་པ་བཞིན་དུ་བརྗོད་དེ། །གཤིན་རྗེ་གཤེད་ནི་གསང་བའི་རྩེར། །བུ་ག་གཅིག་ན་འབབ་ནང་དུ། །ས་ཡི་དཀྱིལ་འཁོར་མིང་ཅན་ལ། །སྣ་ཚོགས་བྱ་བ་རྣམས་ནི་བྱེད། །ཤེས་རབ་མཐར་བྱེད་ཁྲོ་ཆེན་པོ། །ཆུ་སོའི་བུ་ག་བཤང་ལམ་ནང། །ཆུ་ཡི་དཀྱིལ ་འཁོར་མི་བཅན་ལ། །དེར་ནི་རྒྱས་པའི་ལས་བྱེད་དོ། །པདྨ་མཐར་བྱེད་ལྟེ་རྩ་བར། ། ནི་འབྱུང་བའི་བུ་ག་རུ། །སེམས་ཅན་ཐམས་ཅད་བསད་པ་ནི། །མེ་ཡི་དཀྱིལ་འཁོར་ལ་ནི་བྱ། །སྙིང་གར་ཁྲོ་བོ་བགེགས་མཐར་བྱེད། །བུ་ག་ཐིག་ལེ་འབབ་ནང་དུ། །རླུང་གི ་དཀྱིལ་འཁོར་རྒྱུ་བ་ལ། །བསྐྲང་བའི་ལས་ནི་སྣ་ཚོགས་བྱེད། །མགྲིན་པར་ཁྲོ་བོ་མེ་གཡོ་བས། །ཡིད་བཟངས་བུ་གའི་ནང་དུ་ནི། །དཀྱིལ་འཁོར་ནམ་མཁའ་ཨི་མིང་ཅན་ལ། །དབང་གི་ལས་རྣམས་བྱེད་པ་ཡིན། །སྨིན་མའི་དབུས་སུ་དབྱུག་སྔོན་ཅན། །མཛོད ་སྤུའི་བུ་གའི་ནང་ནའོ། །གཡོན་པའི་ནམ་མཁའ་ཨི་དཀྱིལ་འཁོར་ལ། །དགུག་པའི་ལས་ནི་སྣ་ཚོགས་བྱེད། །སྤྱི་བར་འདོད་པའི་རྒྱལ་པོ་ནི། །བུ་ག་ཨ་བ་དྷཱ་ཏཱི་འབབ། །རླུང་ཞེས་བྱ་བའི་དཀྱིལ་འཁོར་ལ། །རེངས་པའི་ལས་ནི་ཐམས་ཅད་བྱེད། །གཙུག་ཏོར་དུ་ནི་སྟོབས ་པོ་ཆེ། །བུ་གནམ་མཁའ་འབྱུང་བ་རུ། །མེ་ཡི་དཀྱིལ་འཁོར་རྒྱུ་བ་ལ། །དིག་པ་ཡི་ནི་ལས་རྣམས་བྱེད། །གསང་བའི་ལྟེ་བར་གནོད་མཛེས་ནི། །ཁུ་བ་འབྱུང་བའི་བུ་ག་རུ། །ཆུའི་དཀྱིལ་འཁོར་རྒྱུ་བ་ལ། །ལྐུགས་པ་ཡི་ནི་ལས་རྣམས་བྱེད། །ལྕེའུ་ཆུང་མདུད ་པར་གཙུག་ཏོར་ནི། །བུ་ག་བདུད་རྩི་ཐིག་ལེ་འབབ། །ས་ཞེས་བྱ་བའི་དཀྱིལ་འཁོར་ལ། །རྨོངས་པའི་ལས་ནི་ཐམས་ཅད་བྱེད། །དེ་ལྟར་ཁྲོ་བོ་མཆོག་ཐམས་ཅད། །སྒྱུ་མའི་རྣམ་པ་ལྟ་བུ་ཉིད། །འབད་པ་ཡིས་ནི་བསམ་བྱས་ནས། །དེ་ཉིད་རྣལ་འབྱོར་པ་རུ ་འགྲུབ། །དེ་རྣམས་དབང་པོའི་གཞུ་ལྟ་བུར། །རྣལ་འབྱོར་འཛིན་པས་བལྟ་བར་བྱ། །ས་བཅུ་ཡི་ནི་ནད་རྣམས་ལ། །གནས་ཀྱང་དེར་ནི་མི་མཐོང་ངོ། །ཚོགས་ཀྱི་གྲངས་ནི་ཐོབ་པ་ཉིད། །གཞན་དུ་ཡིད་ནི་གཡོ་བ་མིན། །དེ་ལྟར་རང་བཞིན་ཐམས ་ཅད་ནི། །མཐོང་བ་ཡིད་ཀྱི་མཚན་ཉིད་དོ། །དེ་ནི་རྣམ་པར་བཅོམ་པའི་ཕྱིར། །སངས་རྒྱས་ས་ནི་དྲི་མེད་འོད། །དེ་བཞིན་དུ་ཞི་བ་ཞེས་བྱ་བ་ལ་སོགས་པ་ནི་མཚན་མོའི་ནི་ཞི་བའི་ལྷ་རྣམ་པར་སྣང་མཛད་ལ་སོགས་པའི་དེ ་བཞིན་གཤེགས་པ་བཞི་པ་དང། དེ་བཞིན་དུ་སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དྲུག་སྐྱེའོ། །དེ་ལྟར་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་བཅུ་པོ་རྣམས་སྔོན་དུ་གསུངས་པའི་གནས་རྣམས་སུ་སྲོག་རྒྱུ་བའི་དུས ་ཀྱི་ཁྱད་པར་ལ་སྐྱེ་བར་འགྱུར་རོ། །དེ་རྣམས་ཀྱི་ལས་ནི་སྔོན་བཞིན་དུ་བྱའོ། །དང་གིས་ནི་སླར་ཡང་ཁྲོ་བོ་རྣམས་འབྱུང་བའི་དུས་སུ་སྤྱན་མ་ལ་སོགས་པའི་ལྷ་མོ་བཞི་དཀྱིལ་འཁོར་སོ་སོ་ལ་ས་དང་ཆུ་དང་མེ་དང་རླུང་གི་དཀྱིལ ་འཁོར་གྱི་རང་བཞིན་གྱིས། །དེ་བཞིན་དུ་ཆོས་ཀྱི་དབྱིངས་རྡོ་མ་ནམ་མཁའ་ཨི་དཀྱིལ་འཁོར་ལའོ། །དེ་རྣམས་སྐྱེ་བའི་གནས་ནི་སྔོན་དུ་གསུངས་སོ། །འོན་ཀྱང་གནས་རེ་རེ་ལ་ཡང་སྤུ་ཚཱད་ཙམ་གྱི་རྩ་ལྔ་ལྔར་འགྱུར་རོ། །དེ་བཞིན ་དུ་མཚན་མོ་ལ་གཟུགས་རྡོ་རྗེ་མ་ལ་སོགས་པ་རྣལ་འབྱོར་མ་ལྔ་དཀྱིལ་འཁོར་ལྔ་རྒྱུའོ། །དེ་བཞིན་གཤེགས་པ་དང་རྣལ་འབྱོར་མ་བཅུ་པོ་འདི་རྣམས་ཀྱི་རྒྱུ་དང་འབྲས་བུ་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཚིག་དང ་འབྲེལ་པ་གསུངས་པ། །རྣམ་སྣང་མཛད་དང་རིན་ཆེན་གཙོ། །འོད་དཔག་མེད་དང་དོན་ཡང་གྲུབ། །ས་སྙིང་ཕྱག་ན་རྡོ་རྗེ་དང། །མཁའ་སྙིང་འཇིག་རྟེན་དབང་ཕྱུག་དང། །སྒྲིབ་པ་ཐམས་ཅད་རྣམ་སེལ་དང། །དེ་བཞིན་ཀུན་ཏུ་བཟང ་པོའོ། །འདི་ཉིད་གཅིག་མ་ཚང་བའི་ཡིག་།ལྔ་བཅུ་ཐམ་པ་བདག་གིས་བཤད། །དེ་རྣམས་ཀྱི་ནི་གཏན་དབབ་བརྗོད། །རྒྱུ་ཡི་ཕྱིར་ནི་གནས་ལ་སྤྱོད། །གཅིག་མ་ཚད་པའི་ལྔ་བཅུ་ཡི། རེ་མིག་རྣམས་ལ་རིམ་པ་བཞིན། །ཡི་གེ་རེ་རེའི་རང ་བཞིན་ཡང། །རྩ་ཡི་དེ་ཁོ་ནས་ཕྱེ་ཉིད། །དང་པོ་བདུན་གྲངས་དེ་བཞིན་བདུན། །བདུན་ལྔ་ཡི་ནི་རེའུ་མིག་ལ། །བཻ་དྲི་མ་མེད་པའི་སྤྱི་བོར་གསུངས། །རོ་གི་ཝང་འཆང་བ་རུ་ནི་འདོད། །ཙ་རྐང་པའི་འོག་ཉིད་དུ་ནི་གཙོ། །ནམ་ཆུ་པ་རྣམས་ནི་ཡང་དག་གཡོ། །རྩ ་ཐུགས་ཀྱི་འཁོར་ལོར་གའ་ཕྲ་མོ། །བཐོད་ཡི་ཁམས་དང་ཡང་དག་ལྡན། །ཏེ་དེ་རྣམས་ཉེ་བར་འབར་བྱེད་པ། །ན་སྒྲ་ཙམ་ལ་ནི་ཉིས་ཐིམ་ཕྱིར། །ཥ་ཕུང་པོ་དྲུག་ལ་གང་ཕྲ་མོ། །མ་བདུད་རྩི་འབབ་པ་ཡིས་ནི་རྩ། །མི་དབང་པོ་རྣམས་ལ་གང་ཕྲ་མོ། །ཏཱ་སྐར ་མ་ལྟ་བུར་དྲི་མ་མེད། །བྷ་ལྟེ་བའི་རྩ་རྣམས་སུ་ནི་འབར། །མོ་ཁམས་རྣམས་བསྐྱེད་པར་འགྱུར་བ་ཡིན། །གྷ་དྲིལ་བུའི་སྒྲ་ནི་གང། །སི་རང་འབྱུང་ག་བུར་འབབ་བྱེད་པ། །དྷི་ཉིས་བརྩེག་སྙིང་དང་ལྟེ་དབུས་སུ། །ཀྵིའོ་མའི་རྒྱུན་ནི་འབབ་བྱེད་པ། །ཏེ་སུམ ་ཁྲིལ་གྱི་ནི་དབུས་ཀྱི་རྩེ། །ག་འགྲོ་བ་ཡིས་ནི་ཡིད་ནི་འཛིན། །རྦཱ་སྨིན་མའི་དབུས་སུ་འབབ་པ་གང། །བ་རྩ་བ་དག་གི་རྩ་བར་འབབ། །ཛྲ་སུམ་སྒྲིལ་གྱི་ནི་དབུས་སུ་རོལ། །པཱ་སྡོང་བུ་ཡི་ནི་རྩ་བར་མེ། །ཎི་མཆུ་དང་ཀོ་སྐོ་དག་ཏུ་འབྱར། །ཁ་བྱ་བཞིན ་དུ་ནི་པུས་མོ་གཉིས། །ག་འགྲོ་བ་ཡི་ནི་བླ་ལམ་དུ། །བྷ་བྷ་གའི་དབུས་ཀྱི་རྩ་ནི་གང། །ལོ་བ་སྤུ་མཆམས་རྣམས་སུ་ནི་གཡོ། །ཀེ་སྐྲ་ཞེས་པ་ནི་གཙུག་ཏོར་དུ། །ཤྭ་དབུགས་ནི་ཐམས་ཅད་དུ་འགྲོ་བ་།ར་རྡུལ་འབབ་པ་ཡི་རྩ་ནི་གང། །ཤཙ་སྟན ་ལས་དང་པོ་ལངས་པ་ཉིད། །ས་ཚིགས་ཀུན་ཏུ་ནི་རབ་འབབ་པའོ། །རྦ་བཤང་གཅི་འབབ་པར་བྱེད་པའོ། །ཎི་བར་གྱི་དབུས་སུ་སྤྲུལ་པའོ། །བ་གང་དུ་ཚིག་ནི་འབྱུང་བ་ཉིད། །ར་དགའ་ལ་སོགས་པ་ཡི་ནི་རྩ། །ན་ཆུ་ཡི་མཚམས་སུ་སོང་བར་ངེས། །བི ་སྣ་ཚོགས་མདུད་པ་རབ་འབྱང་བ། །སྐ་ཕྲག་པ་ལ་སོགས་རུང་བའི་ཕྲེང། །བྷི་སེམས་ཀྱི་ས་བོན་ཡིད་ནི་འཕྲོག། ད་དེ་ཡི་ཡང་ནི་གཞན་ནི་བང། །ཐཱ་ནུ་མ་ཡིན་རྡོག་མར་བཞག། ས་མཚམས་ནི་སྔོན་འགྲོ་ཀེང་རུས་ཏེ། །མ་དེ་ཡི་དབུས་སུ་གཞན ་མཚམས་ཉིད། །ཏ་སྣལ་མའི་གྲངས་མེད་པྲ་བ་ཉིད། །བྷ་ཚངས་པའི་གནས་སུ་དེ་ལས་གཞན། །ཏྲ་དབུ་མ་ལས་ནི་ཐམས་ཅད་འབབ། །ཀ་ཅི་དང་ཅི་འབབ་རྩ་ནི་གང། །དེ་ལ་བདེ་བ་བརྟེན་པའོ། །དེ་ལྟར་རེ་མིག་མཆོག་ནི ་གསུངས། །བདུན་ཕྲག་བདུན་ཞེས་བྱ་བ་ཡི། །ལས་ལས་རྟག་ཏུ་རྣམ་ཤེས་རྒྱུ། །དེ་མིག་བཞི་བཅུ་རྩ་དགུ་ལ། །ཡི་གེ་རེ་རེའི་དབུས་སུ་བསྒོམ། །ལྷ་མོ་བཟང་མོའི་གཟུགས་ཅན་ལ། །སྤྱན་མའི་བཀོད་པ་མཛའ་དག་ནི། །ནམ་མཁའ་གང་བས ་ཞི་བ་ཡི། །ལུས་ནི་དྲི་མ་མེད་པ་བྱ། །དེ་བཞིན་མཱ་མ་ཀཱི་སོགས་དང། །དེ་བཞིན་གཟུགས་ཀྱི་རྡོ་རྗེ་སོགས། །དེ་བཞིན་སངས་རྒྱས་གར་མཁན་ནི། །མ་ལུས་བསམ་མི་ཁྱབ་པ་བསམ། །སེམས་ཅན་གྲངས་ནི་བསམ་མེད་ཕྱིར། །དེ་བཞིན་དུ ་ཡང་ལས་ནི་བྱ། །དེས་ན་དེར་ནི་ཐིམ་པར་འགྱུར། །རིང་གི་རེ་མིག་འབྱུང་གཉིས་མེད། །སྤྱན་མ་ལྷ་ཡི་མིག་ཏུ་འགྱུར། །མཱ་མ་ཀཱི་ནི་ཤེས་རབ་མིག་།གོས་དཀར་ཡེ་ཤེས་མིག་ཏུ་གསུངས། །སྒྲོལ་མ་སངས་རྒྱས་སྤྱན་དེ་བཞིན། །ཤ་ཡི ་མིག་ཏུ་བྱས་པའི་བདག། གཟུགས་ཀྱི་རྡོ་རྗེ་ལྷ་མོའོ། །ལྷའི་སྒྲ་སོགས་དེ་བཞིན་གཞན། །སྒྲ་སོགས་པ་ཡི་ལྷ་མོར་འདོད། །དེ་ལྟར་ཡོན་ཏན་ཁྱད་པར་གྱིས། །རྣལ་འབྱོར་པ་ཡི་སེམས་གཉིས་མེད། །རེ་མིག་རྣམས་ལ་གཞན། ལྷ་མོའི་འདིར་ནི་གྲངས་མེད ་པའོ། སྒྱུ་མའི་དེ་ཉིད་འདིར་གསལ་གར་མདོར་བསྡུས་ནས་ནི་བསྟཝན་པ་ཡིན། །སློབ་དཔོན་ལ་ནི་བསྙེན་བཀུར་བས། རྒྱས་པ་དེ་ནི་ཤེས་པར་བྱ། །རེ་མིག་མཐར་ནི་བྱུང་བ་གང། །ཡི་གེ་རྣམ་པར་རྟོགས་བསྒོམ་པ། དེ་ནི་མེད་ཅིང་འདི་ནི་མེད། །རྐྱེན་གྱི་དོན་ནི་འབའ་ ་ཞིག་གོ། འོན་ཀྱང་ཐམས་ཅད་མཁྱེན་བགྲོད་པ། །མང་པར་དེ་ནི་དམིགས་མི་འགྱུར། །དེ་ལྟར་ཡང་གསུངས་པ་བདག་གི་ཅི་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །བཅོམ་ལྡན་འདས་ཀྱི་རྒྱུད་ཐམས་ཅད་དུ་དཀྱིལ་འཁོར་གྱི་འཁོར་ལོའི་བསྒོམ་པ་ལ ་སོགས་སྔོན་དུ་འགྲོ་བས་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབ་པ་མ་ཡིན་ནམ། དེ་འདིར་ཇི་ལྟར་སངས་རྒྱས་གར་མཁན་གྱི་བསམ་གྱིས་མི་ཁྱབ་པ་ཡིན་དེ་ཉིད་བསྟན་པའི་ཕྱིར། །ལྷའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཐམས་ཅད་སེམས་ཀྱི ་རྣམ་པར་འཕྲུལ་ལོ་ཞེས་པ་ནི་བསྒོམ་པ་ལ་སོགས་འདི་དག་ཐམས་ཅད་ཉིད་སེམས་ཀྱི་རྣམ་པར་རྟོག་པ་ཙམ་དུ་རབ་ཏུ་འགྲུབ་པོ། །སེམས་གཅིག་པུ་ཉིད་སྣ་ཚོགས་པའི་རྣམ་པའི་བསྒོམ་པ་ལ་དམིགས་པ་ལྷའི་གཟུགས་སྣང་ཙམ་མོ། །དེས་ནི་བྱ་བའི ་རྒྱུད་ལ་སོགས་པ་རྣམས་སུ་གསུངས་པ་དེ་དག་ནི་སེམས་ཀྱི་རྣམ་འཕྲུལ་རྣམས་སོ། །དེ་ཡང་གསུངས་པ། སྒོམ་པ་སེམས་དང་སེམས་འབྱུང་བ། །འཁྲུལ་པས་སྒྲུབ་པ་པོ་ནི་རྨོངས། །སྒོམ་པ་ཉིད་ཀྱིས་རྟག་ཏུ་གྲོལ། །གང་ཕྱིར་རྟོག་པ་རྣམས་འཆིང ་བྱེད། །རྟོག་པ་བདེན་པར་འགྱུར་མ་ཡིན། །སེམས་དང་སེམས་ལས་བྱུང་ལས་གཞན། །སེམས་ཀྱང་དེར་ནི་ཡོད་མིན་ན། །སེམས་ལས་བྱུང་བ་སྨོས་ཅི་དགོས། །སེམས་ཀྱི་ཐོག་མེད་བག་ཆགས་ཀྱི། །རྟོག་པ་ལས་ནི་ལུས་བྱུང་སྟེ། །ལུས་ལ ་སེམས་ནི་གནས་པ་ཡིན། །འདི་དག་སྒྱུ་མ་དུ་ནི་གསུངས། །དེ་བཞིན་བསྒོམ་པ་ལ་སོགས་ནི། །དེ་ལྟ་བུར་ནི་ཡོངས་སུ་བརྟགས། །སངས་རྒྱས་སྐུ་རུ་སྐྱེ་བར་འགྱུར། །དེ་ཕྱིར་སངས་རྒྱས་འདི་སྒྱུ་མ། །སྔོན་གྱི་བག་ཆགས་ལས་ཉིད་ཀྱིས། ། ་སེམས་ཅན་རྣམས་ནི་དེ་དེ་བཞིན། །གཞན་ལས་སངས་རྒྱས་འབྱུང་བ་མིན། །སེམས་ཅན་ཉིད་ཀྱང་སེམས་ཅན་མིན། །རྣམ་པར་རྟོག་ལས་རྣམ་རྟོག་འབྱུང། །དེ་བཞིན་སངས་རྒྱས་ཉིད་ཤེས་བྱ། །སངས་རྒྱས་མི་བདེན་པ་རུ་འདོད། ། ་འོན་ཀྱང་སེམས་ཅན་དེ་སྒྱུ་མ། །ཇི་སྲིད་ཁམས་གསུམ་གནས་ཀྱི་བར། །དེ་སྲིད་སངས་རྒྱས་སྒྱུ་མ་ཡང། །སྙིང་རྗེའི་རྐྱེན་གྱིས་བཞུགས་པ་ཡིན། །དེ་ཀུན་དེ་ནི་ཉམས་དགའ་ཨི་གནས། །བཅུ་དྲུག་པ་ཡི་ཆར་མི་ཕོད། །སེམས་དང་སེམས་བྱུང་སངས ་རྒྱུས་ཀྱིས། །དངོས་པོ་རུ་ནི་གདོད་ནས་བསྟན། །དེ་ལྟར་གཉི་ག་མི་བདེན་པར། །དེ་ཕྱིར་བསམ་མི་ཁྱབ་སངས་རྒྱས། །གར་མཁན་གྱི་ནི་སྒྱུ་མ་ཉིད། །ཅེས་པ་ནི་སེམས་བསྒོམ་པ་ལ་སོགས་པའི་ངེས་པའོ། །དེ་བཞིན་དུ་སེམས ་ཅན་རྣམས་གཞུག་པའི་དོན་དུའོ། །སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་གིས་ཞེས་པ་ནི་ཤཱཀྱ་ཐུབ་པ་བདག་གིས་སོ། །རྒྱུད་དུ་ཞེས་པ་ནི་ཁ་སྦྱོར་འདི་ལ་སོགས་པ་རྣམས་སོ། །སེམས་ཅན་ཞེས་པ་ནི་དེ་རྣམས་ལ་ཕན ་པ་དགས་པའི་དོན་དུའོ། །གང་གི་ཕྱིར་སྔོན་ནས་རིགས་གཅིག་པའི་དངོས་པོ་འོད་གསལ་བའི་ཡེ་ཤེས་ནི་རྡོ་རྗེ་སེམས་དཔའ་ཞེས་པ་དེ་ཉིད་རྟོག་པའི་དབང་གིས་རིགས་མཛའ་ཡས་ཏེ། སེམས་ཅན་གྲངས་མེད་པའི་ཕྱིར་རོ། དེས་ན་མདོར་བསྡུས་ན། རིགས ་ནི་རྣམ་པ་ལྔ་ཞེས་པར་རྣམ་པར་སྣང་མཛད་ལ་སོགས་པའོ། །བཤད་ཅེས་པ་ནི་སྔོན་དུ་གསུངས་པའི་རིགས་པས་རིགས་གཅིག་གོ་།སྟོང་པའི་རྡོ་རྗེ་ཅན་ཞེས་པ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་རྡོ་རྗེ་བསམ་དུ་མེད་གཉིས་མེད་པའི་རང་གི་ངོ་བོ་ཡོངས་སུ་ཤེས་པའི ་ཕྱིར་ཞེས་དགོངས་སོ། །ད་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ལ་སོགས་པའི་སྒོམ་པ་བསྐྱེད་པ་དང་རྫོགས་པའི་རིམ་པ་བསྒྲུབ་ཐབས་སྣ་ཚོགས་པའི་མན་ངག་བསྟན་པའི་ཕྱིར། རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསོལ ་པ་ཞེས་པ་ནི་ཅི་གསོལ་ཞེ་ན། འདི་ཞུས་པའོ། །བཤད་དུ་གསེལ་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ལ་ཞུས་པའོ། །དགྱེས་པ་ཆེན་པོ་ཞེས་པ་ནི་ཟབ་མོ་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ཡང་ཇི་ལྟར་ལོངས་སྤྱོད་རྫོགས་པ་དང། ལྷན་ཅིག་སྐྱེས ་པའི་སྐུ་དགའ་ཨོ་གཅིག་པར་གྱུར་པས་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུ་འབྲས་བུའི་རང་བཞིན་ནོ། །དེས་ན་ཟབ་མོར་གསུངས་སོ། །དེ་ལྟར་འཇིག་རྟེན་ལས་འདས་པའི་ཀུན་རྫོབ་ཀྱི་ཕྱོགས་ལ་རྒྱུ་དང་འབྲས་བུའི་བདག་ཉིད་ཀྱི་ཆོས་སུ་འགྲུབ་པོ། ། ་དོན་དམ་པར་ནི་རྒྱུ་དང་འབྲས་བུ་དག་འགོག་པ་ཡོད་དེ་མི་བདེན་པའི་ཕྱིར་རོ། །དེ་བཞིན་དུ་གཙོ་བོ་ཞེས་པ་ནི་ཡེ་ཤེས་ཀྱི་བདག་ཉིད་དོ། །དེ་ལྟར་གཙོ་བོ་སྤྲུལ་པའི་སྐུ་བཅོམ་ལྡན་འདས་ལ་འདི་ཞུས་པ་སྟེ། གང་གིས་ཞེས་པ་ནས་ཆོ་ག་ཞེས་པའི ་མཐར་ཐུག་པའོ། །འདིས་ནི་དེ་ལྟ་བུའི་སྒྲུབ་པ་པོའི་སེམས་ཅན་འགྲུབ་པའོ། །གང་གིས་ཞེས་པ་ནི་དངོས་པོའི་རྣམ་པས་སོ། །དེ་བཤད་དུ་གསོལ་ཞེས་པ་དེའི་ཚེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ལ་སོགས་པ་ནི་དེ་བཞིན་གཤེགས་པའི ་ལམ་གྱི་ཚིག་གོ། དེ་བཞིན་དུ་དང་པོ་ཞེས་བྱ་བ་ལ་སོགས་པ་ནི་འདིར་རྣལ་འབྱོར་པ་རྣམས་ཀྱི་མཐུན་པའི་ཆོས་ཀྱི་རྗེས་སུ་འབྲངས་པ་རྣམས་ཀྱིས་བསྒོམ་པ་འདི་བྱའོ། །གང་གི་ཕྱིར་ཐོག་མ་མེད་པ་ནས་འཇིག་རྟེན་གྱི་ཆོས་བུམ་པ་དང་རས་དང་ཤིང་རྟ་སོགས ་པ་རྣམས་ལ་སེམས་འཇུག་གོ། དེས་ན་དེ་དག་ཐོག་མ་མེད་པའི་བག་ཆགས་ཀྱིས་རྒྱུན་གྱིས་འཇུག་པ་འདིའི་ཆེ་བསྐལ་པ་བཟང་པོ་འདི་ལ་རྣམ་པར་གཟིགས་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་བསྟན་པ་མཛད་ཅིང་ཤཱཀྱ ་ཐུབ་པས་ཀྱང་ཟབ་མོའི་ཆོས་བསྟན་ཏོ། །དེའི་ཕྱིར་ཡང་ཟབ་མོའི་ནཆོས་བསྟན་ཏོ། །དེ་བཞིན་དུ་དང་པོ་ཞེས་པ་ནི་རྫོགས་ལྡན་གྱི་དུས་སུའོ། །བྱམས་པ་བསྒོམ་པར་བྱ་ཞེས་པ་ནི་དེ་ལ་འཇུག་པ་དེར་གཉིས་པར་ཞེས་པ་ནི་གསུམ་ལྡན་ལ་སྙིང་རྗེའོ། །གསུམ ་པར་ཞེས་པ་ནི་གཉིས་ལྡན་ལ་དགའ་བའོ། །ཀུན་གྱི་མཐར་ནི་ཞེས་པ་ནི་དུས་གསུམ་གྱི་མཐར་རྩོད་པའི་དུས་སུ་བཏང་སྙོམས་བསྒོམ་པ་ནི་དེ་ལ་འཇུག་པའོ། །དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་བསྒོམ་པའི་དུས་སུ་བྱ་ཞེས་པ་ནི་ངེས་པའོ། ། ་དེ་བཞིན་དུ་དང་པོ་བསྒོམ་པའི་དུས་སུ་སེམས་ཀྱི་མཛའ་དག་རྫོགས་པར་བྱས་ཏེ་སངས་པའི་གནས་སྐབས་སུ་རང་གི་དོན་དང་གཞན་གྱི་དོན་ལ་བརྩོན་པ་དེས་ནི་འབྲས་བུ་ཡང་དག་པར་རྫོགས་པ་ཐོབ་སྟེ། སེམས་དང་སེམས་ལས་བྱུང ་བའི་དངོས་པོའི་ཕྱིར་རོ། །དེ་ཡང་བྱམས་པ་ནི་ཤིན་ཏུ་བརྩེ་བའི་བདག་ཉིད་དེ། །དེའི་ཚེ་དང་པོའི་སངས་རྒྱས་བྱམས་པའི་བདག་ཉིད་ཀྱི་རང་བཞིན་སྐྱེའོ། །དེས་ན་རྫོགས་ལྡན་གྱི་དུས་ཀྱི་སེམས་ཅན་རྣམས་ཕན་ཚུན་བྱམས་པའི ་རང་བཞིན་དུ་འགྱུར་རོ། །དེས་ནི་འབྲས་ཀྱི་འབྲུ་ལ་སོགས་པ་ཡང་དག་པར་རྫོགས་པར་འགྱུར་རོ། །དེའི་ཕྱར་རང་བཞིན་གྱིས་བྱམས་པ་གྲུབ་སྟེ། དཔེར་ན་སྐྱེས་བུ་འགའ་ཞིག་ལྟ་བ་དྲུག་པ་དང་བྲལ་བ་རྨོངས་ཏེ་ཡོན་ཏན་མེད་ཀྱང་དེའི་ཚེ་སེམས ་ཅན་རྣམས་ལ་ཕན་བ་བྱེད་དེ་རང་བཞིན་གྱིས་བརྩེ་བའི་ཕྱིར་རོ། །དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསམ་གྱིས་མི་ཁྱབ་པའི་བྱམས་པའི་རང་བཞིན་གྱིས་གྲུབ་པ་དེས་ན་དང་པོར་བྱམས་པ་བསྟན་ཏེ། རྩོད་པའི་དུས་སུ ་ཡང་སྒྲ་ཙམ་གྱིས་མངོན་དུ་བྱེད་དེ་རྫོགས་ལྡན་གྱིས་དུས་སུ་ནི་སྒྲ་ཙམ་མ་ཡིན་ནོ། །དེ་བཞན་དུ་གསུམ་ལྡན་གྱི་དུས་སུ་ཆོས་ཀྱི་ཆ་གཅིག་དང་བྲལ་ཏེ། སེམས་ཅན་རྣམས་དྲག་པོའི་བློ་དང་ལྡན་པས་དེའི་ཚེ་རང་བཞིན་གྱིས་སྙིང་རྗེའི་རང་བཞིན ་གྲུབ་སྟེ་སྔོན་ལ་བལྟོས་པས་སངས་རྒྱས་རྣམས་བསྒོམ་པའི་དུས་སུ་ཡང་བགེགས་བསྐྲད་པའི་ཕྱིར་ཁྲོ་བོའི་ཏིང་ངེ་འཛིན་ལ་དམིགས་པ་ནི་རྨི་ལམ་གྱི་གནས་སྐབས་ཉིད་དུ་འགྱུར་རོ། །དེའི་ཚེ་སྙིང་རྗེའི་རང་བཞིན་དེ་ཡང་སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་རྣམས་ཀྱིས་རྩོད་པའི་དུས་སུ་གསུང་གི་ཡི་གེ་བསྟན་པས་སེམས་ཅན་རྣམས་སྙིང་རྗེ་ལ་དམིགས་སོ་ཞེས་པ་ནི་ངེས་པའོ། །དེ་བཞིན་དུ་གཉིས་ལྡན་གྱིས་དུས་སུ་ཆོས་ཀྱི་ཆ་གཉིས་མེད་དེ། དེ་བཞིན་དུ་སངས་རྒྱས་རྣམས ་ཀྱིས་སྔོན་དུ་བསྒོམ་པའི་དུས་སུ་བདག་དང་གཞན་གྱི་གནས་སུ་བསྲུང་བའི་འཁོར་ལོ་སོགས་པ་བསམས་པས་ཅུང་ཟད་སེམས་རྩེ་གཅིག་པས་སྔོན་གྱི་དངོས་པོ་དང་བྲལ་ཏེ། དེས་ན་རབ་ཏུ་དགའ་བའི་ཡིད་ཀྱིས་ཤིན་ཏུ་ཉོལ་པའི ་གནས་སྐབས་སུ་འགྱུར་རོ། །དེས་ན་གཉིས་ལྡན་གྱི་དུས་སུ་སེམས་ཅན་རྣམས་དགའ་བའི་ཡིད་ཀྱིས་རང་བཞིན་གྱིས་རབ་ཏུ་དགའ་བ་གྲུབ་པོ། །དེ་བཞིན་དུ་རྩོད་པའི་དུས་སུ་བསྒོམ་པའི་དུས་སུ་ཡང་བཅོམ་ལྡན་འདས་ཀྱི ་གསུང་ཙམ་ཀྱིས་བསྟན་བདེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་རྩོད་པའི་དུས་སུ་ཆེས་ཀྱི་ཆ་གསུམ་མེད་དེ། སྔོན་དུ་སངས་རྒྱས་རྣམས་ཀྱི་བསྒོམ་པའི་དུས་སུ་རང་བཞིན་གྱིས་དག་པའི་ཕྱིར་ཨོཾ་སྭ་བྷ་བ་ཤུདྡྷ་ཞེས་པའི་ཚིག་བརྗོད་པས་སེམས ་དངོས་པོ་དང་དངོས་པོ་མེད་པ་དང་བྲལ་ལོ། །དེས་ན་རྩོད་པའི་དུས་ཀྱི་སེམས་ཅན་རྣམས་བློ་ཆུང་བ་འཁོར་བ་དང་མྱ་ངང་ལས་འདས་པའི་བློ་དང་བྲལ་བ་སྟེ། ཇི་ལྟར་བསྒོམ་པའི་དུས་སུ་ཡིད་བརྟན་པའི་ད་ངོས་པོ་རྣམས་ཉུང་ཞིང་འབྲས་ཀྱི་འབྲུལ ་སོགས་པ་ཉུང་བའོ། །དེས་ན་བཏང་སྙོམས་ཀྱི་རང་བཞིན་ནོ། །དེ་ཡང་སེམས་ཅན་རྣམས་ཕན་ཚུན་རྒྱུ་དང་འབྲས་བུ་རྣམས་ལ་བཏང་སྙོམས་སུ་མི་བྱེད་དེ། དེའི་ཚེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་འཇིག་རྟེན་གྱི་ཆོས་བརྒྱད་རྣམས་ལ་མི་འཇུག་པར ་བྱ་བའི་ཕྱིར་བཏང་སྙོམས་བསྟན་ཏེ། །དེ་བཞིན་དུ་རྫོགས་ལྡན་ལ་སོགས་པ་རྣམས་ཀྱི་ཚེ་རྣམས་ཀྱང་འཕེལ་བ་དང་འབྲི་བའོ། །དེ་ལྟར་ཚངས་པའི་གནས་རྣམས་བསྒོམ་པའི་ཕྱིར་རོ། །དུས་འདིར་གསལ་བ་ཉིད་དུ་བྱའོ། །སླར་ཡང་དེ་ལྷར་དུས ་སོ་སོ་རེ་རེ་ལ་རྣམ་པར་བཞག་པ་དེ་བཞིན་དུ་བསྒོམ་པའི་དུས་སུ་ཡང་རྟག་ཏུ་ཉི་མ་རེ་རེ་བྱའོ། །དེ་ལྟར་ཡང་གསུངས་ཕ་སྔོན་དུ་སངས་རྒྱས་ལ་བསྐྲུན་པས། སེམས་ནི་ཉན་ཐོས་རྣམ་པའོ། །རྫོགས་ལྡན་བྱམས་པའི་རང་བཞིན་ཏེ། །ཕན་ཚུན་སེམས ་ཅན་རྣམས་ནི་འཇུག། གསུམ་ལྡན་སྙིང་རྗེའི་རང་བཞིན་གྱས། །ཁྲོལ་བརྟེན་པའི་ཆི་ནི་པྲི། །སེམས་ཅན་བགེགས་ལ་གསོད་པར་བྱེད། །དེས་ན་རང་སངས་རྒྱས་སུ་འགྱུར། །གཉིས་ལྡན་གནས་སོགས་བསྲུང་པ་སྟེ། །སེམས་ནི་རྩེ ་གཅིག་བསྒོམ་པ་ཡིས། །སེམས་ཅན་དེ་རྣམས་ཆ་ནི་བྲི། །རབ་ཏུ་དགའ་བ་བསྒོམ་པས་ནི། །ཐེག་པ་ཆེན་པོ་དེ་སངས་རྒྱས། །བཏང་སྙོམས་ཀུན་གྱི་མཛའ་མར་ཡང། །ཆ་གསུམ་བྲི་བ་དེ་སངས་རྒྱས ་དགེ་པ་ཆོས་ཀྱི་བསྒོམ་པ་ནི། །སྔགས་ཀྱི་ཐེག་ཆེན་དེ་བསྒྲུབ་ཅིང། །རྫོགས་ལྡན་གསུམ་ལྡན་གཉིས་ལྡན་ལ། །དེ་ལྟར་ཐམས་ཅད་བྱ་བ་ཉིད། །རྩོད་དུས་ལྷ་ཡི་སྒྲུབ་ཐབས་སོ། །མ་ཡིས་ཐམས་ཅད་འཇོམས་པ་སྟེ། །གཏི་མུག་ལ ་སོགས་སྡིག་འབྱུང་པ། །སེམས་ཅན་ཐམས་ཅད་དབང་བྱས་ཏེ། །འཆོ་བའི་ཚེ་ནི་བླུ་བར་བྱ། །ེ་ནི་དབང་པོ་ཐམས་ཅད་དེ། །ཤིན་ཏུ་ཚམ་པ་ཡིས་ནི་གཞོམ། །ཉན་ཐོས་སྤྱོད་པ་བསྐྱང་བའི་ཕྱིར། །དབང་ཕྱུག་ཉིད་ནི་རྟག་ཏུ ་འབྱུང། །ཐམས་ཅད་སྐྲག་པར་མི་བྱེད་དེ། །སྲོག་ཆགས་རྣམས་ཀྱི་དངོས་པོ་རྣམས། །བསྐྱང་བ་དང་ནི་ཐར་པར་འགྱུར། །དེ་ལྟར་དྲི་བའི་མཚན་ཉིད་དོ། །འི་འདི་ལྟ་བུར་ནི་རྟག་ཏུ་བྱ། །སངས་རྒྱས་འདི་འདྲ་རྒྱུ་ནི་ཉིད། །སྡུག་བསྔལ་ལ ་སོགས་དེ་བཞིན་དུ། །བདེན་པ་བཞི་ཡི་མཚན་ཉིད་རྣམས། །ཀ་ནི་ལས་རྣམས་བྱེད་པ་ཉིད། །གོང་བུ་འཛིན་པ་སྐྱེས་པ་ཡི། །རྒྱུ་དང་འབྲས་བུ་ཞེན་པའི་ཕྱིར། །གྲངས་ལས་འདས་པ་སེམས་ནི་ཉིད། །དུ་དེར་ནི་གཉིག་ཡོད་མིན་ཧེ། །སྣལ ་འབྱོར་ཞི་བའི་དོན་འབའ་ཞིག། །སེམས་དང་བྲལ་ཡང་རུ་བྱེད་དེ། །འདོད་ཆགས་འབའ་ཞིག་གིས་ནི་བཅོས། །ཎཱ་བྱ་བ་རྣམ་པ་གཉིས་ནི་འཇོམས། །ཉན་ཐོས་རང་སངས་རྒྱས་དེ་བཞིན། །སེམས་ཅན་རྣམས་ལ་ཕན་བྱེད་པ། །ཐེག་པ ་ཆེན་པོ་འཇོམས་པར་བྱེད། །མུ་ནི་སྡུད་པ་ཉིད་ཡིན་ཏེ། །དགའ་བའི་བདེ་བ་ཡི་ནི་རྒྱུད། །དེ་ཉིད་དུ་ནི་གྲོལ་བྱེད་དེ། །རྣམ་པར་འདྲེས་རྟོག་ཕ་རོལ་འགྲོ། །དེ་ཉིད་ཕྱེད་ཆ་ཡིད་སད་བྱས་པས། །ཡེ་ཤེས་བདུད་རྩི་འདུས་པའི་ཕྱིར། །སེམས་དང་སེམས ་ལས་བྱུང་བ་སྤངས། །འདི་ཡི་ཤིང་རྟ་ལ་ནི་ཞོན། །ཏཱ་ཇི་སྲིད་མཁའ་ཡི་མཛའ་ཀླས་པ། །དེ་སྲིད་སངས་རྒྱས་ཉིད་བྱེད་པའོ། །གཞན་གྱིས་བྱ་བ་རྣམས་བྱེད་པ། །སྲིད་པའི་རྒྱ་མཚོ་ལས་ནི་གྲོལ། །ུ་བློ་བུར་བ་ནི་འབྱུང་བ་ཀུན། །ལུས་ཀྱི་རྒྱུ་བ་སྤངས་པ་ནི། ། ་དེས་ནི་དེ་ཡི་རང་བཞིན་གྲོལ། །རྣལ་འབྱོར་པ་ནི་སངས་རྒྱས་རྩེ། །པེ་དེ་ཉིད་བདུད་རྩི་ལྟ་བུ་ཉིད། །བདུད་རྩི་མྱ་ངན་འདས་པ་ཉིད། །བླ་མའི་བཀའ་ཡང་བདུད་རྩི་སྟེ། །ཆེ་ཟས་པ་ཡང་འཚོ་བའོ། །ཀྵ་ནི་དངོས་པོ་ཟད་པ་སྟེ། །སེམས་ཀྱི་རྣམས་རྨངས་ཐམས་ཅད ་ཉིད། །སེམས་ནི་ཟད་པའི་རྒྱུ་ཡིས་ནི། །དེ་ཉིད་རྣམས་པར་རྟོག་པ་འང་ཟད། །ད་ནི་དྲ་པའི་ཆོས་ཉིད་ཀྱི་ཕྱིར། །སྒོམ་པ་པོའི་སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་མཚན་ཉིད་བརྗོད་དེ། །སླར་ཡང་ཞེས་བྱ་བ་ལ་སོགས་པ་ལ། སླར་ཡང་ཞེས་པ་ནི་འདིར་སངས་རྒྱས ་རྣམས་བསྒོམ་པའི་དུས་སུ་ཨོཾ་སུ་བི་ཤུད་དྷ་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་ཀྱི་རྗེས་ཐོགས་སུ། །ོཾ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ལ་སོགས་པའི་སྡགས་བརྗོད་དེ། འདིར་ཁམས་གསུམ་པ་མཛའ་དག་སྟོང་པར་དམིགས་སོ། །དེས་ན་བྱང་ཆུ་བ་ནི་ཆོས ་ཀྱི་སྐུའི་མཚན་ཉིད་དེ། །དེ་དེ་བཞིན་དུ་རྩོད་པའི་དུས་ཀྱི་མཐར་ཐམས་ཅད་སྟོང་པར་འགྱུར་ཏེ། འཇིག་རྟེན་གྱི་ཐ་སྙད་གྱི་དངོས་པོ་ཉིད་དོ། །དེའི་ཕྱིར་དེས་རང་བཞིན་སྟོང་པ་ཉིད་དུ་འགྲུབ་བོ། །དུས་དེར་སེམས་ཅན་དབྱིབས་ཆུང་ངུའི་བདག་ཉིད་ཅན་རྣམས ་ཕན་ཆུན་སྟོང་སེམས་སུ་འགྱུར་ཏེ། སྔོན་གྱི་བག་ཆགས་ཀྱི་དབང་གིས་སོ། །དེ་བཞིན་དུ་གཉིས་པ་ལ་ནི་སྟོང་པ་ཉིད་ཀྱི་བསྒོམ་པ་ལས་སོ། །ས་བོན་བསྡུ་ཞེས་པ་ནི་བྱང་ཆུབ་ཀྱི་ཚོགས་ཀྱི་རྒྱུས་སེམས་ཙམ་ལ་ལྷག་པར་གནས་པའོ། ། ་སེམས་ཅན་རྣམས་ལ་ཡང་རང་བཞིན་གྱི་སེམས་ལ་སོ་སོར་རྟོག་པར་འགྱུར་ཏེ། དང་པོའི་ཏིང་ངེ་འཛིན་ལ་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་གསུམ་པ་ལ་ནི་ཞེས་པ་ནི་བསྒོམ་པའི་སེམས་ཙམ་ལས་སོ། །གཟུགས་སོགས་ཞེས་པ་ནི་གཞལ་ཡས ་ཁང་ལ་གཟུགས་ལ་སོགས་པ་མཛའ་དག་སེམས་ཀྱིས་མངོན་དུ་བྱེད་ཅིང་རྫོགས་པའི་རྒྱུར་ཞེས་པ་སྟེ་ངེས་པའོ། །སེམས་ཅན་རྣམས་ལ་ཡང་རྨི་ལམ་བཞིན་རྒྱུ་དང་འབྲས་བུ་རྣམས་ལ་སེམས་བསྐྱེད་པར་འགྱུར་བ ་དེ་ལ་སྐད་ཅེས་བྱའོ། །དེ་བཞིན་དུ་ཡང། བཞི་པ་ལ་ནི་ཞེས་པ་ནི་དེ་ལྟར་སེམས་བསྐྱེད་ཅིང་བསྒོམས་པའི་རྣལ་འབྱོར་པ་རྣམས་ཀྱི་རང་ལ་ཡིད་ཆེས་པས་རང་གི་ལུས་ཀྱི་དབྱིབས་ནམ་མཁའ་བཞིན་དུ་བལྟ་སྟེ་ཡི་གེ་དགོད་པའི་གཟུགས་དམིགས ་པས། གསལ་བར་འགྱུར་ཏེ། འདི་ནི་ངག་གི་མིང་ཞེས་དགོངས་སོ། །སེམས་ཅན་རྣམས་ལ་ཡང་ལུས་ཀྱི་དངོས་པོ་ལས་དག་གསལ་བ་ཉིད་དུ་འགྱུར་ཏེ། སྔོན་ལ་བལྟོས་པའི་རང་གི་འདུ་ཤེས་ཀྱིས་འཛིན་པའི་ཕྱིར་རོ། །དེའི་ཕྱིར་མདུན་དུ་ར ་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། དེ་ལྟར་དེའི་དུས་སུ་རྣལ་འབྱོར་པ་དེ་རྣམས་ཀྱི་སེམས་ཉིད་རྗེས་སུ་ཆགས་པས་རའི་རྐྱེན་དུ་འགྱུར་རོ། །དེས་ན་ར་ལས་ཉི་མ་ཡེ་ཤེས་འོད་གསལ་བའི་གཟུགས་བརྙན་སེམས་ཉིད་ཉི་མའི་རྣམ་པར ་སྣང་ངོ། །མདུན་དུ་ཞེས་པ་ནི་རང་གི་ལུས་ལ་བལྟོས་པའི་མདུན་དུ་སྣང་བའོ། །བསྒོམ་ཞེས་པ་ནི་རྗེས་སུ་འཇུག་པའོ། །དེ་ལྟར་ཡང་འདིར་ཉི་མ་དེར་ཞེས་པ་ནི་སྒྱུ་མའི་རྣམ་པའི་ཉི་མའོ། །ཧཱུཾ་བྱུང་ཞེས་པ་ནི་སེམས་ཀྱང་འདོད་ཆགས་ཀྱིས་དཀྲིས་པ་དི ་ཉིད་གཅིག་གི་རྣམ་པའོ། །དེས་ན་ཧཱུཾ་གྱི་རྐྱེན་གྱི་བདག་ཉིད་ཞུ་ཞིང་དེར་ཐིམ་པ་ཉིད་ཀྱིས་འབྲས་བུའི་དབང་གིས་རྒྱུ་ཉམས་ཏེ་ས་བོན་དང་མྱུ་གུ་བཞིན་ནོ། །དེས་ན་དེའི་བདག་ཉིད་སྣ་ཚོགས་རྡོ་རྗེ་ཞེས་པ་ནི་དེ་བཞིན་དུ་སེམས་གཅིག་ཉིད་ཡེ་ཤེས་ལྔའི་བདག ་ཉིད་དེ། །རྡོ་རྗེ་ཡང་སྙིང་པོའི་གཟུགས་ཏེ་ཁྱད་པར་ཅན་གྱི་ཤེས་རབ་ཀྱི་མཚན་ཉིད་ཆོས་ཀྱི་འབྱུང་གནས་རྟེན་བཞིན་ནོ། །དེའི་ཕྱིར་དེ་ཉིད་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྣ་ཚོགས་རྡོ་རྗེ་ལས་འོད་ཟེར་རྣམས་སྤྲོས་པའོ། །སེམས་ཀྱང་སྣ ་ཚོགས་པའི་རྣཾ་པར་སྣང་སྟེ་སྨིག་རྒྱུའི་དྲ་བ་བཞིན་མཐོང་བས་ཡིད་ཆེས་པ་བརྫུན་པ་བསྒོམ་པ་ལ་ཞེན་པའི་ཕྱིར་རོ། །དེ་ལྟར་དེ་རྣམས་རྡོ་རྗེ་སྟེ་རྒྱུ་དང་རྐྱེན་མང་པོའི་དོན་གྱི་རྡོ་རྗེའོ། །དེ་ཡིས་བསྒོམ་པར་བྱ་བ་ནི་འཇུག་པར་བྱའོ། །ར་བ་དང་ནི་དྲ་བ་ཞེས་པ་ནི་སྔོན་དུ ་བྱ་བ་སྟེ། ཇི་ལྟར་ཆོས་རྣམས་ཐམས་ཅད་ཀྱི་སྔོན་དུ་སྔ་ནས་ཆོས་ཀྱི་དབྱིངས་ཀྱི་རྣམ་པ་དེ་བཞིན་དུ་བྱ་བ་ཞེས་པ་ནིར་བའོ། །དེ་བཞིན་དུ་དྲ་བ་ནི་ཀུན་ནས་སྔོན་དུ་སྤྲུལ་པའི་སྐུས་སེམས་ཅན་སྣ་ཚོགས་པ་རྣམས་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པའི ་ཕྱིར་བྱང་ཆུབ་བསྐྱེད་པའོ། །རིགས་སྣ་ཚོགས་ཀྱི་དབང་གིས་ཆོས་ཀྱི་སྐུ་ལ་སོགས་པ་དེ་རྣམས་ཀྱང་གྲངས་མེད་པའོ། །དེས་ན་རྡོ་རྗེའི་གུར་ཉེ་བར་གནས་པར་འགྱུར་ཞེས་དགོངས་སོ། །ཆོ་ག་བཞིན་ཞེས་པ་ནི་ཆོ་ག་འདིས་སེམས་ཅན་རྣམས ་ཀྱི་རྒྱུ་དང་འབྲས་བུ་གསུངས་པ། འདིར་ཡང་སླར་ལ་རྫོགས་ལྡན་གྱིས་དུས་འབྱུང་བར་འགྱུར་ཏེ། དེའི་དུས་སུ་བྱམས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། སྔོན་བྱམས་པའི་གནས་བསྒོམ་པའི་ཕྱིར་རོ། །དེ་ཡང་འདོད་ཆགས་ཀྱི ་རྐྱེན་གྱིས་དེ་བཞིན་དུ་འདིར་དུས་དེར་བསོད་ནམས་ཀྱི་དབང་གིས་སེམས་ཅན་རྣམས་ལ་སངས་རྒྱས་རྣམས་སྣང་བའི་ཕྱིར་མཐོང་དོ། །དེ་ལ་བསྟེན་བཀུར་བྱས་པའི་ཕྱིར་ཉི་མ་དང་ཧཱུཾ་ལས་སྐུ་བཞིན་དུའོ། །དེ་ལྟར་སྣ་ཚོགས་རྡོ་རྗེ་ལས་འོད་ཟེར ་འཕྲོ་བ་དེ་བཞིན་དུ་སེམས་ཅན་སྣ་ཚོགས་པ་དྲི་མ་མེད་པ་ཉིད་ཀྱིས། གཅིག་ལ་གཅིག་བརྩེ་བ་དང་བཅས་པས་སྤྱོད་པའི་དང་ཚུལ་ཅན་ནོ། །དེས་ན་རྡོ་རྗེ་བཞིན་མི་ཕྱེད་པའི་མཚན་ཉིད་ཀྱི་ཕྱིར་ཞེས་པ་ནི་དྲ་བ་ལ་སོགས་པར་བལྟའོ། །དེ ་ལྟར་རྩིག་པ་རྟེན་ཏེ་རང་ཉིད་དང་གཞན་བླ་མ་དང་བྲལ་བ་ཡེ་ཤེས་སྣང་བར་འགྱུར་ཞིང་བྱང་ཆུབ་ཀྱི་ལམ་དུ་ཉེ་བར་འགྲོའོ། །དེས་ན་གུར་བཅིངས་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། དེ་བཞིན་དུ་དང་པོར་རོ། །ཞེས་བྱ་བ་ལ་སོགས་པ་ནི ་འདིར་དང་པོར་ཞེས་པ་ཉེ་བར་བཏགས་པ་ཙམ་མོ། །འོན་ཀྱང་རྣལ་འབྱོར་པ་རྣམས་ཀྱི་འཁྲུལ་པ་སྤངས་པ་བསྒོམ་པ་ཉིད་ཀྱི་ཡེ་ཤེས་སོ། །རོ་ནི་བསྒོམ་པར་བྱ་ཞེས་པ་ནི་སེམས་བརྟན་པའི་དངོས་པོའོ། །མར་ལས་མར་བཞིན་རྐྱེན ་གྱི་སྣ་ཚོགས་རྡོ་རྗེ་དང་གུར་རབ་དང་སངས་རྒྱས་ཀྱི་རང་བཞིན་རྣམས་ཀྱིས་དབུས་སུ་ཨེའི་རྣམ་པའི་ཆོས་ཀྱི་འབྱུང་གནས་ཀྱི་གཟུགས་བསམ་པའོ། །དེ་ཉིད་ཀྱིས་ན་སངས་རྒྱས་དག་པའི་ཡོན་ཏན་གྱིས་བདག་ཉིད་དེ་རྣམས་རང་བཞིན་གྱི་སྐུ་ཆོས་ཀྱི ་དབྱིངས་ཀྱི་བདག་ཉིད་མཁས་ཞེས་པའི་རྐྱེན་ནོ། །དེའི་ཕྱིར་རོ་ནི་དག་པའི་སེམས་ཆོས་ཀྱི་སྐུའི་རང་བཞིན་ལས་རང་བཞིན་ཉིད་འཕྲོ་བ་དང་དེ་དག་རོ་གཅིག་པའི་གཟུགས་ནི་རོའོ། །ཇི་ལྟར་ལུས་དང་སེམས་དག་འཆི་བའི་གནས་སྐབས་ཀྱི་དུས་སུ ་སེམས་ཅན་རྣམས་ཀྱི་རིལ་པོ་གཅིག་ཏུ་འགྱུར་ཏེ། སྣ་ཚོགས་དང་བྲལ་བའོ། །དེ་བཞིན་དུ་འདིར་ཡང་དེ་ལ་དེ་སྐད་ཅེས་བྱའོ། །དེའི་སྟེང་རྣལ་འབྱོར་པ་འདུག་སྟེ་ཞེས་པ་ནི་འདིར་སོ་སོའི་སྐྱེ་བོའི་གནས་སྐབས་སུ་རྣལ་འབྱོར་བ་ཞེས་པ་ནི ་ལས་དང་པོ་བསྒོཾ་པ་བོ་དབང་པོ་རྟུལ་པོ་གཉིས་ལ་མེད་པ་མངོན་སུམ་དུ་བྱེད་མི་ནུས་པ་སྟེ། ཕྱིའི་ཡུལ་རྣམས་ལ་དབང་པོ་རྣམས་ལོངས་སྤྱོད་ཅིང་ཆགས་པའི་ཕྱིར་རོ། །དེའི་ཕྱིར་ཀུན་རྫོབ་ཀྱི་ཕྱོགས་ལ་དེའི་སྟེང་དུ་ཞེས་པ་ཆོས་ཀྱི་འབྱུང་གནས་ལ ་སོགས་པར་བཏགས་པའི་གཟུགས་ཅན་ལ་གནས་ཀྱི་དོན་དམ་པ་ལ་གནས་པ་ནི་མ་ཡིན་ནོ། །འོན་ཀྱང་དོན་དམ་པར་ཁམས་གསུམ་པ་རོའི་རྣམ་པར་མི་རྟོགས་པ་དེའི་དངོས་པོ་ཡང་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དོ། །ཆོས་ཀྱི་དབྱིངས་ཉིད་ནི ་རྟག་པའི་རང་བཞིན་ཏེ། དེས་ན་མི་གཡོ་བའི་ཏིང་ངེ་འཛིན་གྱིས་དེའི་སྟེང་དུ་གནས་པ་ནི་རྣལ་འབྱོར་བའོ་ཞེས་སྦྱར་རོ། །དེ་ལྟར་དུས་རྣམས་ཀྱི་གོ་རིམས་བཞིན། ཧེ་རུ་ཀ་ཉིད་རྣམྲ?་བསྒོམ་ཞེས་པ་ནི་འདིར་རྫོགས་ལྡན་གྱི་དུས་སུ་སེམས ་ཅན་ཐམས་ཅད་སྐལ་པ་ཕུན་སུམ་ཚོགས་པ་ནི་སྔོན་བསྒོམ་པའི་དུས་སུ་བྷ་ག་མཐོང་བའི་ཕྱིར་རོ། །དེ་བཞིན་དུ་ཡང་གྲུབ་པའི་རྣལ་འབྱོར་པའི་རང་བཞིན་གྱིས་དེའི་སྟེང་དུ་འདུག་སྟེ། ནང་ཏུ་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་ཕྱིར་རོ། ། ་དེ་ཡང་རྣལ་འབྱོར་ལྡན་པ་སྐྱེ་བར་འགྱུར་ཞེས་གསུངས་པའི་ཕྱིར་རོ་ཞེས་པ་སྟེ་ངེས་པའོ། །དེ་ལྟར་མདེར་བསྡུས་ཏེ་གསུངས་པ་དུས་དང་དུས་ལ་ཡང་དང་ཡང་རྟོགས་པར་བྱའོ། །དེ་བཞིན་དུ་རབ་ཏུ་སྦྱོར་བ་ཡང་ཤེས་རབ་དང་ལྡན་པ་རྣམས ་གྱིས་རྟོགས་པར་བྱའོ། །དེའི་ཕྱིར་ཉེ་རུ་ཀའི་ཡེ་ཤེས་ཀྱི་ཕྱིར་ཡང་ཧེ་རུ་ཀ་ལ་སོས་པའི་བསྒོམ་པ་ལ་སོགས་པར་དམ་བཅའ་ཨོ། །དེ་ལྟར་ཤེས་རབ་ཀྱིས་ཀྱིས་དངོས་པོ་བསྒོམ་པར་བསྟན་ནས་དེ་བཞིན་དུ་ཐབས་ཀྱི་དངོས་པོ་བསྟན་པའི་ཕྱིར། རང་གི་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རང་གི་སྙིང་གར་ཞེས་པ་ནི་རང་གི་སེམས་ཅན་ཆོས་ཀྱི་རང་བཞིན་ནོ། །དེའི་བསྒོམ་པར་བྱ་བ་ནི་སྙིང་རྗེའི་རྐྱེན་གྱིས་རྗེས་སུ་འཇུག་པའོ། །དེ་ཡང་རེ་ཕ་ཞེས་པའི་མིང་གིས་ཀུན་གཞི་རྣམ་པར་ཤེས་པ་དངོས་པོ་རྣམས་ཀྱི ་རྒྱུ་མི་བྱེད་པའོ། །དེ་ཡང་བརྟག་བཞིན་པ་ཞུ་བ་ལས་ཏེ། དེ་བྱུང་ཉི་མ་ཞེས་པ་ནི་གཟུགས་སྣང་བ་ཙམ་སེམས་ཉིད་དེའི་རྣམས་པ་ཉིད་ཀྱི་ཕྱིར་ཉི་མའི་དཀྱིལ་འཁོར་སྔོན་བཞིན་ནོ། །དེ་སྟེང་ཞེས་པ་ནི་དེ་བཞིན་དུ་ཆགས་པའི་ཡེ་ཤེས་ལས་ཆགས་པ་དང ་བྲལ་བའི་ཡེ་ཤེས་འབྱུང་ངོ། །དེ་ཡང་ཧཱུཾ་ཞེས་བྱ་བ་ནི་ཞེས་པ་ལ་ཧཱུཾ་གི་ཆ་བྱད་ནི་མིང་ཙམ་མོ། །དེ་ལྟར་ཡང་འདོད་ཆགས་དང་བྲལ་བ་དག་འདྲེས་པར་གྱུར་པའོ། །དེ་ནས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅེས་པ་ནི་སྟོང་པ་དང་སྙིང་རྗེར་བྱེད་མེད་པའོ། །དེ ་ལ་ཡིད་ཆེས་ཁ་དོག་ནག་པོ་ཞེས་བྱ་བ་ལ་སོགས་པ་ནི་ཁྲོ་བོ་རྡོ་རྗེ་ཞེ་སྡང་གི་ཏིང་ངེ་འཛིན་ཡེ་ཤེས་ཀྱི་རང་བཞིན་བསྐྱེད་པ་དེའི་ཚེ། ཧཱུཾ་ལས་ཐ་མལ་པའི་ཞེ་སྡང་ཟད་པ་ཆགས་བྲལ་ལོ། །དེས་ན་ཡང་ཞེ་སྡང་ཆེན་པོའི་རང་བཞིན་གྱིས ་རྡོ་རྗེའོ། །དེས་ན་ནག་པོའོ། །འཇིགས་ཆེན་པོ་ཞེས་པ་ནི་སྔོན་གྱི་བག་ཆགས་སྡུད་པའི་གཟུགས་འབར་བའི་རྡོ་རྗེ་རཱ་ལྔའི་བདག་ཉིད་ནམ་མཁའ་ལྔ་མཆོག་གི་གཟུགས་དེས་འགྲོ་བ་ལན་འགོག་པ་སྟེ་དེ་ལ་དེ ་སྐད་ཅེས་བྱའོ། །སླར་ཡང་རྡོ་རྗེ་ལྟེ་བའི་དབུས་གནས་པ་ཞེས་པ་ནི་མའི་མིང་ཅན་དབུས་ཀྱི་རྭའོ། །ཧཱུཾ་དེ་ཉིད་ཅེས་པ་ནི་རྡོ་རྗེ་སེམས་པའི་རང་གི་ངོ་བོ་རང་གི་རང་བཞིན་དུ་བསྒོམ་པར་བྱ་ཞེས་པ་ནི་ཉེ་བར་མཚོན་པར་བྱ་ཞེས་པའི་དོན་ཏོ། །དེ་ལྟར ་དེ་ནི་ཡོངས་ཞེས་པ་ནི་རྡོ་རྗེ་དང་ཧཱུཾ་སེམས་དཔའ་དང་རྡོ་རྗེ་འམ་རྡོ་རྗེ་སེམས་དཔར་གྱུར་ཞེས་པ་ནི་འགྲོ་བ་ལྔ་རྡོ་རྗེ་སེམས་དཔའ་དང་ལྷན་ཅིག་གཅིག་ཏུ་བྱས་པར་བལྟའོ། །ཞེ་སྡང་བདག་ཉིད་ཅེས་པ་ནི་རྒྱུ་དང་འབྲས་བུ་ལྷན་ཅིག་པ་གཅིག ་གི་དངོས་པ་མི་བསྐྱོད་པའི་མིང་ཅན་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་སྐུ་སེམས་ཅན་ཐམས་ཅད་དང་ལྷན་ཅིག་པ་བསྡུས་པའི་གཟུགས་སོ། །བསྒོམ་པར་ཞེས་པ་ནི་ལུས་ལྷར་བྱ་ཞེས་པའི་དོན་ཏོ། །དེ་ཡང་རྡོ་རྗེ་ལུས་ཏེ་དཔའ་བོ་ཆེ ་ཞེས་པ་ནི་འགྲོ་བ་ལྔ་ཡང་རྡོ་རྗེ་ལ་གནས་པའི་ཕྱིར་ཏེ། །གང་གི་ཕྱིར་ཆོས་རྣམས་ཐམས་ཅད་ཀྱི་རང་བཞིན་ཆོས་ཀྱི་སྐུའོ། །དེ་ཡང་མི་ཕྱེད་པས་རྡོ་རྗེ་སེམས་དཔའ་ཉིད་དེ། །དེ་ལས་བླ་མར་གྱུར་བ་འབྱུང་ཆེན་རོའི་བདག་ཉིད་ཀྱིས་སོ། །དེས་ན་རྩེ ་ལྔ་དང་བཅས་པ་རྭ་ལྔའི་བདག་ཉིད་རྡོ་རྗེ་དེ་ཉིད་འགྲོ་བ་ལྔ་ཞེས་པའི་དོན་ཏོ། །ཚུལ་འདིས་རྡོ་རྗེ་ལས་སྐྱེས་པའི་ཧཱུཾ་སེམས་དཔའ་ཨི་གཟུགས་མི་ཕྱེད་པ་ནི་རྡོ་རྗེའོ། །རྟག་པའི་རང་བཞིན་ཉིད་ཀྱི་མི་བཟད་པའི་ཕྱིར་དཔའ་བོའོ། །སླར་ཡང་འདམ་སྐྱེས་སྔོན་པོ་ཞེས ་པ་ནི་ཁུ་བྱུག་སྒྲའོ། །ལྟ་བུ་ཞེས་པ་ནི་ཁ་དོག་དེ་དང་འདྲ་བ་སྟེ་ནམ་མཁའ་ཨི་མཚན་ཉིད་ཀྱི་ཕྱིར་རོ། །ཁཾ་ནི་ཁ་ཡི་རྐྱེན་ནོ། །དེ་ཡང་བདག་དང་བདག་གི་དང་བྲལ་བ་མ་འཁྲུལ་པ་ཉམས་སུ་མྱེད་བ་ཉིད་དོ། །ཡང་ན་དོན་ཡང་རྟོགས་པའོ། །དེས་ན་ཅུང ་ཟད་དམར་སྣང་བ་ཞེས་ནི་ཇི་སྲིད་ནམ་མཁའ་ཨི་མཐར་ཐུག་པར་འགྲོ་བའི་དོན་བྱེད་པའི་ཕྱིར་སྔོན་པོའི་རང་བཞིན་ཅུང་ཟད་དམར་བར་འདོད་པ་གང་ཡིན་པའོ། །སྔོན་པོ་ཅུང་ཟད་དམར་ཕར་སྣང་བ་འདི་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་ཞེས་པའི་དོན་ཏོ། །དད་པས་ངེས་པར་བསྒོམ ་པར་བྱ་ཞེས་པ་ནི་འདིར་དུས་ཀྱི་གོ་རིམས་བཞིན་རང་ཉིད་འགྲུབ་སྟེ། རང་གི་ངོ་བོ་ལ་ཡོངས་སུ་རྟོགས་པས་སོ། །འོན་ཀྱང་དད་པས་བེམས་པོ་ཉིད་ཀྱི་དེ་རྣམས་ལྟ་བ་གཞན་རྣམས་ལ་འཇུག་གོ། དེ་བཞིན་དུ་སྔོན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི ་བསྒོམ་པ་ལ་ཆགས་པའི་བདག་ཉིད་དེས་ནི་དེ་བཞིན་གཤེགས་པ་དད་པ་སྔོན་དུ་འགྲོ་བས་ཆོས་སྟོན་ཏོ། །ངེས་པར་ཞེས་པ་ནི་གདོན་མི་ཟ་བར་ཞེས་པའི་དོན་ཏོ། །ད་ནི་རྩོད་པའི་དུས་འབའ་ཞིག་གིས་རྣམ་པར་བཞག་པ་དེར་མཆོད་པའི་རིམ་གྲོ་བསྟན་པའི་ཕྱིར། ནམ་མཁའ་ ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁར་ཞེས་པ་ནི་རྩོད་པའི་དུས་ནི་ནམ་མཁའ་ཨི་རང་བཞིན་ནོ། །ཚེ་དང་ནམ་མཁའ་ཨི་རང་བཞིན་ནོ། །སེམས་ཅན་ཡང་དེའི་རང་བཞིན་དེ་དེའི་ཚེ་བདག་ཉིད་ཨུཀྱིས་ནམ་མཁར་རྗེ་བཙུན་ཞེས་པ་ནི་བདག་ཉིད་སྒྲུབ་པའི་དུས་སུ་རྫོཌ་ལྡན་གྱི་དུས་སའི་ཁམས་ཀྱི ་རང་བཞིན་ཏེ། རང་གི་ལུས་ལས་ཉིད་ཉམས་པར་འགྱུར་རོ། །དེ་བཞིན་དུ་གསུམ་ལྡན་དང་གཉིས་ལྡན་ནི་ཆུ་དང་མེའི་རང་བཞིན་ཏེ། རང་གི་ལས་ལ་བསྒོམ་པའི་དུས་སུ་ཆུ་དང་མེ་ཉམས་པར་འབྱུང་རོ། །དེས་ན་རྩོད་པའི་དུས་ནི་རླུང་དང་རྣམ་པར་ཤེས་པའི ་རང་བཞིན་ནོ། །དེས་ན་ནམ་མཁའ་ཨི་མིང་དུ་འགྱུར་ཏེ། རང་གི་ལུས་ཀྱི་ཁམས་རྣམས་གསལ་བ་ཉིད་དུ་འགྱུར་རོ། །དེས་ན་བཅོམ་པའི་རང་བཞིན་ཉིད་ཀྱི་ཕྱིར་རྗེ་བཙུན་སེམས་ཀྱི་དངོས་པོ་གསལ་བའི་གཟུགས་དམིགས་པིན་ལྟ་བ་སྟེ། བསྒོམ་པར་བྱ ་བ་དང་སྒོམ་པ་པོ་དག་ཆུའི་ཟླ་བ་བཞིན་སྣང་བའོ། །ཅིའི་ཕྱིར་ཞེ་ན། རྡོ་རྗེ་ལས་སྐྱེས་ཞེས་གསུངས་ཏེ། དེས་ན་སྔོན་ཉིད་དུ་བཤད་ཟིན་ཏོ། །བརྩེ་ཆེན་པོ་ཞེས་པ་ནི་སྙིང་རྗེ་ཆེན་པོའི་བདག་ཉིད་ཀྱི་སེམས་ཀྱི་སྦྲུལ་པའི་སྐུ་འཛིན་པ་དུས་བྱིས་བསྟན་པའི ་ཕྱིར། འདིས་མཆོད་པར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་མཆོད་པའི་ཚིག་ནི་བླ་ན་མེད་པའི་ཡེ་ཤེས་བདག་གིར་བྱེད་པའི་ཕན་ཚུན་ལུས་ཀྱི་དངོས་པོ་སྟེ། འོག་རིམ་ལ་སོགས་པའི་ལྷ་མོ་བརྒྱད་ཀྱིས་སོ། ། ་དེ་ཡང་རྣམ་པར་ཤེས་པ་རྣམ་པ་བརྒྱད་ཀྱི་དངོས་པོ་དང་ཆོས་མཐུན་པའི་ཕྱིར་ཞེས་དགོངས་སོ། །རྒྱན་ཐམས་ཅད་འཛིན་པའི་ལྷ་མོ་ཞེས་པ་ནི་རྣལ་འབྱོར་མ་རང་རང་རྣམས་ཀྱི་རང་བཞིན་ཁམས་ཀྱི་ཁྱད་པར་གྱིས་བརྒྱན་པ་སྟེ། ཁམས་རེ་རེ་ལ་ཁམས ་ཐམས་ཅད་ཀྱིས་ཁྱབ་པ་ཉིད་ཀྱིས་ནི་དངོས་པོའི་རྒྱབ་ཏེ། གཞན་ཡང་རྒྱན་ཉིད་ནི་རང་གི་བདེ་བ་འཛིན་པའི་ཕྱིར་ཞེས་སོ། །དེ་ཡང་གཽ་རཱི་ལ་སོགས་པ་རྣམས་ཏེ། དེས་ན་གཽ་རཱི་ཞེས་བྱ་བ་ནི་འགྲོ་བའི་དང་ཚུལ་ཅན་གྱི་བྱང་ཆུབ་སེམས་ཀྱི་རང་བཞིན་དེ་ལ ་བརྟེན་པའི་བདེ་བའོ། །རི་དགས་ཀྱི་མཚན་ཞེས་པ་ནི་ཇི་ལྟར་རི་བོང་གིས་རྒྱས་བཏབ་པའི་ཟླ་བདེ་བཞིན་དུ་བདེ་བས་རྒྱས་བཏབ་པ་ཁུ་བ་དེ་ཉིད་འཛིན་པའོ། །གང་གིས་རྣམ་པར་ཤེས་པས་དེ་འགྲོ་བ་ལ་བརྩོན་པའི་ཕྱིར་གཽ་རཱི་ཞེས་སྦྱར་རོ། །དེ་ཅི་ལྟར་མོ ་རྟགས་ཡིན་ཞེ་ན། རང་བཞིན་གྱི་དབང་གིས་ཏེ་སེམས་ཉིད་ཀྱི་བདེན་པ་སྒྱུ་མའི་རྣམ་བ་དེ་ས་ན་གཽ་རཱིའོ། །དེ་ལྟར་སྒྲ་ཉེ་བར་འགྲོ་བ་ཞེས་སོ། །དེ་བཞིན་དུ་ཙཽ་རཱི་ཞེས་བ་ནི་གཡོ་བའི་ཡིད་ཀྱིས་ཁྲག་གི་ཁམས་ཀྱི་རང་བཞིན་ཆགས་པ་ཆེན་པོ་དེས་ན་དེ ་ཉིད་འགོག་པའི་མཚན་ཉིད་དོ། །ཉི་མའི་སྣོད་ཅེས་པ་ནི་ཉི་མའི་འོད་ཟེར་རྣམས་ཏེ་བདེ་བ་རྟོགས་པའི་ཕྱིར་རོ། །ཇི་ལྟར་ཉི་མ་འཆང་བའི་དུས་སུ་ཡང་པདྨ་ལ་ཟུམ་པ་བྱེ་བ་དེ་བཞིན་དུ་ཆགས་པ་ཆེན་པོ་མ་སད་པའི་རང་བཞིན་གྱི་ཡེ་ཤེས་ཀྱི་འོད ་ཟེར་བག་ཆགས་ཀྱིས་སད་པར་བྱེད་པ་དེ་ཉིད་ཀྱི་རང་གི་ཡན་ལག་ཅན་ཞེས་པའི་དོན་ཏོ། །དེ་བཞིན་དུ་པེ་ཏྭཱ་ལཱི་ཞེས་པ་ནི་བྱང་ཆུབ་སེམས་ཀྱི་རྒྱུན་ཐག་པ་བརྟན་པའི་མིང་སེམས་ལས་བྱུང་བའི་དངོས་པོ་དང་བཞིན་གྱི་ངོ་བོའོ། །ཆུ་ཞེས་པ་ནི ་འཇུག་པའི་དངོས་པོ་སྟེ་དེའི་རང་བཞིན་འོག་དང་སྟེང་དུ་འགྲོ་བ་དེས་འཛིན་པ་དག་གཞན་མ་ཡིན་པ་མི་བསྐྱོད་པའི་བདེ་བ་མི་གཡོ་བ་ཞེས་པའི་དོན་ཏོ། །འོན་ཀྱང་སེམས་ཉིད་བརྒྱལ་བའི་གནས་སྐབས་སྐྱེས་པ་དེ་མངོན་དུ་བྱེད་པར་ཐལ་བ་མིན་པ་ནི ་རོ་ལངས་མོའོ། །དེ་བཞིན་དུ་གསུ?་རཱི་ཞེས་པ་ནི་སྨན་འཛིན་པ་ལྟར་རྣམ་པར་སྣང་མཛད་ཀྱི་ཁམས་འཛིན་པ་དེའི་ཐ་མལ་བའི་དྲི་འགོག་པས་ཟོས་པའི་བྱིར་ལྷའི་དྲི་འཛིན་ཏོ། །དེ་བཞིན་དུ་དྲི་ཆུ་ལ་ཡང་དོ། །གྷ་སྨ་རཱི་ཞེས་པ་ནི་འདུ་བྱེད་ཀྱི་ཡེ་ཤེས་ལ་འགྲོ་བ ་མི་དྲན་པའི་ལྷའི་ཡེ་ཤེས་ཀྱི་དྲི་འཛིན་པའི་ཕྱིར་ཞེས་དགོངས་སོ། །དེ་བཞིན་དུ་པུཀྐ་སཱིའི་ནི་དྲིའི་ཕྱག་ཅེས་པ་ནི་འདིར་ཁུ་བ་དང་ཁྲག་དང་དྲི་ཆེན་གྱི་ཁམས་རྣམས་ཟད་པའི་ཕྱིར་ཤའི་ཁམས་སུ་མི་འགྱུར་ཏེ་རོ་གཅིག་པའི་ཕྱིར་རོ། །དྲི་ཞེས་པ་ནི་བླ་ན་མེད་པའི་དྲི ་འཛིན་པའོ། །དེ་ཡང་ཁམས་ཐམས་ཅད་ཟད་བྱེད་དེ། སྣ་ཚོགས་གཞན་ཡང་ནམ་མཁར་སོང། མཁའ་ལ་ཀ་ཤིའི་མེ་ཏོག་བཞིན། །རྟག་ཏུ་འཁོར་བར་གནས་པའི་ཕྱིར། །དེ་ཉིད་ཀྱིས་ན་དྲི་ནམ་མཁར་ཁྱབ་པར་བྱེད་དེ། གནས་པ་མེད་པ་ཡང་དེ་ལྟ་བུར ་ཤེས་པར་བྱའོ། །དེའི་ཕྱིར་རོ་འཛིན་ཤ་བ་རཱི་ཞེས་པ་ནི་རོ་ཡང་ནམ་མཁའ་ཨི་ཁམས་ཀྱི་མཚན་ཉིད་དོ། །དེས་ན་དེའི་བདག་ཉིད་ཀྱི་རོའི་དངོས་པོ་སེམས་ཀྱི་རྣམ་པ་རོ་བཞིན་དུ་ཤེས་པར་བྱའོ། །ཤ་པ་རཱི་ཞེས་པ་ནི་དབུགས་ཀྱང་རོའི་རང་བཞིན་ལྟར་རྒྱུ་བས ་ཁམས་སྣ་ཚོགས་རྒྱུ་བས་འགོག་པ་དེ་ཐམས་ཅད་ཀྱང་ནམ་མཁའ་ཨི་མཚན་ཉིད་དུ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་ཙཎྜ་ལཱི་ནི་ཅད་ཏེའུ་བརྡུང་ཞེས་པ་ནི་འདིར་རྣམ་པ་དྲུག་ཏུ་རྣམ་པར་བཞག་པ་གསུངས་ཏེ། དེ་རྣམས་མེའི་ཁམས་ཀྱི་བསྐལ་བ་ཉེ ་བར་མཆོན་པས་ཨའི་ཡི་གེ་ཕྱེ་བ་ཉིད་ཀྱིས་རླུང་དང་རྣམ་པར་ཤེས་པ་ཐ་དང་པའི་གཟུགས་སུ་འགྱུར་ཏེ། དེས་ན་རབ་ཏུ་འབར་ཏེ་གཏུམ་མོའི་གཟུགས་ཀྱི་ཕྱིར་རོ། །དེ་ཅི་ཞེ་ན། ཨཱ་ལི་ཞེས་པར་ཤེས་པར་བྱའོ། །དེའི་ཚེ་མི་ཤིགས་པའི་སྒྲ་སྐྱེས ་བའོ། །དེས་ན་རྒྱུན་མི་འཆད་པར་བརྡུང་པའོ། །ཅད་ཏེའུ་ཞེས་པ་ལ། ཌ་ནི་ནམ་མཁར་འགྲོ་བར་བྱེད་པའོ། །ནམ་མཁའ་ཡང་དེ་བཞིན་དུ་མི་འཆི་བའི་ཕྱིར་རོ། །མཁའ་འགྲོ་མ་ཐམས་ཅད་དེ་ལ་བརྟེན་པ་ཉིད་ཀྱིས་ནི ་ལྷའི་སྒྲ་བྱེད་དེ། ཀཾ་ཀི་རྐྱེན་གྱི་དོན་བསྟན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་གཡུད་མོས་རང་གི་ལུས་ལ་ཁྱུད་པར་གསུངས་སོ། །དེ་ཡང་སྲོག་གི་རླུང་རྡོ་རྗེ་ལྟ་བུ་སྟེ། ཁམས་རྣམ་པ་བདུན་གྱི་ནང་དུ་འདུས་ཏེ། ཆོས་རྣམས་ལ་གོམས་པ་ཉིད་ཀྱིས ་ན་དིའི་གོ་འཕད་འཐོབ་པའོ། །འཁྱུད་པ་ཉིད་ནི་མེད་དེ་གཞན་དུ་འཁྱུད་བས་བསྟན་པ་ནི་བསྟན་པ་ཙམ་དུ་བྱུང་བ་དེ་ལ་དེ་སྐད་ཅེས་བྱའོ། །མཆོད་པའི་ཆོ་ག་ཞེས་བྱ་བ་སོགས་པ་ནི་དེ་ལྟར་ཡང་སྔོན་དུ་གསུངས་པ་སྟེ། མཆོད་པ་ཞེས་པ་ནི་རང ་ལ་ཡིད་ཆེས་པ་རྟོགས་པར་བྱའོ། །ཆོ་ག་ཞེས་པ་ནི་གསུངས་པ་གང་ངོ། །རྒྱས་པ་ཞེས་པ་ནི་འདིར་མདོར་བསྡུས་པའི་ཁམས་བདུན་གྱིས་སོ། །རྒྱས་པར་ནི་ཁམས་སྣ་ཆོགས་པར་ཡོངས་སུ་ཤེས་པའི་ཕྱིར་གཞན་དུ་རྙེད་སླ་བས་ངེས་ན་འདིར ་མ་གསུངས་ཏེ། དེ་རྣམས་ཀྱིས་མཚད་དེ། །དེ་ཡང་ཡང་དག་པར་ཉམས་སུ་མྱོང་བའི་མཚན་ཉིད་ཀྱིས་སོ། །གཙོ་བོ་ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་དངོས་སུ་རང་གི་ལུས་ལ་ཡིད་ཆེས་བས་ཇི་སྲིད་ཡིད་ཆེས་པ་མེད་པ་བྱེད་ཀྱི་བར་དུ ་བླ་ན་མེད་པའི་མཆོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་ཚིག་ཅེས་པ་ནི་མཆོད་པའི་ཚིག་གོ། རྣམ་གྲོལ་ཞེས་པ་ནི་ལུས་གཉིས་མེད་པའི་དངོས་པོ་གཉིས་དང་བྲལ་བའི་ལྟ་བ་སྟེ་སྔོན་བཞིན་དུ་རིགས ་པ་ལས་སོ། །དེའི་ཕྱིར་ཆོས་ཀུན་བདག་ཉིད་བསྒོམ་པར་བྱ་ཞེས་པ་ནི་ཆོས་ནི་ཆོས་ཀྱི་སྐུའི་མཚན་ཉིད་དུ་འགྱུར་རོ། །དེ་ལྟར་རྩོད་བའི་དུས་ནི་ཆོས་ཀྱི་སྐུར་རྣམ་པར་གཞག་གོ་།རྫོགས་ལྡན་གྱིས་དུས་སུ་ནི་སྤྲུལ་པའི་སྐུའོ། །དེ་བཞིན་དུ ་གསུམ་ལྡན་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །གཉིས་ལྡན་ནི་ལྷན་ཅིག་སྐྱེས་པའི་སྐུའོ། །དེ་ལྟར་རྩོད་པའི་དུས་ལ་གནས་པའི་རྣལ་འབྱོར་པ་རྣམས་ནི་ཆོས་རྣམས་ཐམས་ཅད་ཀྱི་རང་བཞིན་ཏེ། དེ་བཞིན་དུ་སླར་ཡང་སྤྲུལ་པའི་སྐུ་གཟུང་པའི ་ཕྱིར་བསྐྱེམ་པའི་རིམ་པ་གསུངས་པ། ཨཱ་ལིས་ཟླ་བ་ཞེས་པ་ལ་སོགས་པོ་ནི་འདིར་སྔོན་དུ་བྱམས་པ་ལ་སོགས་པའི་ཏིང་འཛིན་ལ་གནས་པ་ཉིད་ཀྱིས་དང་པོའི་སྨོན་ལམ་རྫོགས་པར་བྱ་བའི་ཕྱིར་རང་གི་སེམས་ཉིད་ལས་དངོས་པོ་རྣམས་འབྱུང ་པར་འགྱུར་ཏེ། དེ་ཡང་ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །དེ་ལྟར་ཡང་འདིའི་ཡི་གེའི་དོན་བརྗོད་དེ། ཨཱ་ལིས་ཟླ་བ་ཞེས་པ་ནི་ཨ་ལ་སོགས་པའི་ཡི་གེ་བཅུ་དྲུག་ཡོངས་སུ་གྱུར་པ་ནི་ཟླ་བའོ། ། ་དེ་བཞིན་དུ། ཀཱ་ལིས་ཉི་ཞེས་པ་ནི་ཀ་ལ་སོགས་པ་ཧའི་མཐར་ཐུག་དའི་ཡི་གེ་ཡོངས་སུ་གྱུར་པ་ནི་ཉི་མའོ། །དེ་ལྟར་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་དག་གམ་མཚན་དང་དཔེ་བྱད་ཀྱི་རང་བཞིན་དེ་དག་གི་དབུས་སུའོ། །ས ་བོན་ཞེས་པ་ནི་ཧཱུཾ་ཞེས་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་ལྟར་བསམ་པར་བྱ་ཞེས་པ་ནི་སྔོན་གྱི་རྣམ་པར་རྟོག་པའང་ཤེས་པར་བྱའོ། །ཡང་ངེས་པའི་དོན་ནི་ཨཱ་ལི་འཇུག་པའི་རང་བཞིན་ཏེ་འོང་བའི་མཚན་ཉིད་ཀྱི་ཕྱིར་ཟླ ་པའོ། །དེ་བཞིན་དུ་ཀཱ་ལི་འགྲོ་བའི་རང་བཞིན་ཏེ་འགྲོ་བའི་མཚན་ཉིད་ཀྱི་ཕྱིར་ཉི་མའོ། །དེ་དག་སྔོན་དུ་འགོག་པས་སེམས་ལ་བརྟེན་པའི་ཧཱུཾ་གི་ས་བོན་ནོ། །དེ་ཡང་རང་གི་རང་བཞིན་རྨི་ལམ་བཞིན་དུ་བལྟའོ། །དེ་ཉིད་ཀྱིས་ན་དེ་ཉིད་སེམས ་དཔའ་ཞེས་བྱ་པ་ལ་སེགས་པ་གསུངས་ཏེ། དེ་ཉིད་ཅེས་པ་ནི་ཧཱུཾ་སེམས་ཀྱི་ས་བོན་ནོ། །སེམས་པ་ཞེས་པ་ནི་རྣམ་པར་ཤེས་པའི་མཚན་ཉིད་ངེ་སེམས་ཅན་ཐམས་ཅད་ཀྱི་བརྟན་པ་དང་གཡོ་བ་རྣམས་ལ་ཁྱབ་བར་བྱེད་པ་ཉིད་ཀྱིས་ན་སེམས ་པའོ། །བརྗོད་ཅེས་པ་ནི་ཡེ་ཤེས་དང་ཤེས་བྱ་དག་དབྱེར་མེད་པའི་མཚན་ཉིད་ཀྱི་ཕྱིར་རོ། །ཡང་ན་བརྗོད་ཅེས་པ་ནི་ཡིད་ཚིམ་པར་བྱེད་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་དེ་ཉིད་མཆོག་ཏུ་དགའ་བའི་རང་བཞིན་ཞེས་པ་ནི་སད་པའི ་གནས་སྐབས་ལས་རྨི་ལམ་གྱི་གནས་སྐབས་ཤེས་པར་བྱེད་དོ། །བཞི་པའི་གནས་སྐབས་གཟུང་བས་བཀུག་པའི་ཆོས་ཀྱི་སྐུ་ཉིད་ཉལ་བའི་གནས་སྐབས་སྒྲུབ་པར་བྱེད་པའོ། །དེ་ལ་རྨི་ལམ་གྱི་གནས་སྐབས་ཀྱང་ལོངས་སྤྱོད་རྫོགས་པའི ་སྐུའི་མཚན་ཉིད་དུ་རིག་པར་བྱ་དེའི་ཕྱིར་ཡང་སྤྲུལ་པའི་སྐུ་བཞི་པ་ལས་འདས་པར་བསྒྲུབ་པར་བྱ་ཞེས་དགོངས་སོ། །དེས་ན་རང་ལུས་ཞེས་བྱ་བ་ལ་སོགས་པ་ནི་མི་འདོར་བཞིན་དུ་ཡང་རྣམ་པར་ཤེས་པའི་འོད་ཟེར་རྣམས་འགྲོ་བའི། །རང་ལུས ་ལས་ཞེས་པ་ནི་རྣལ་འབྱོར་བ་རྣམས་ཀྱི་རྡོ་རྗེའི་ལུས་ལས་མི་དམིགས་པའི་ཕྱིར་ནམ་མཁའ་ཨི་ལས་གློག་འབྱུང་བ་དེ་བཞིན་འོད་ཟེར་རྣམས་སྤྲོ་བའོ། །སླར་ཡང་སྙིང་ཁར་བསྡུས་བཀུག་ནས་ཞེས་པ་ནི་འོད་ཟེར་དེ་རྣམས་ནི་མར་མེའི་རྩེ་མོ ་བཞིན་ནང་དུ་ཐིམ་པར་གྱུར་པ་གསལ་སྣང་ཞིང་བཞིན་མཐོད་པ་མེད་པའི་མཚན་ཉིད་ཀྱི་ཕྱིར་ཡོད་པའོ། །དེས་ན་རྣལ་འབྱོར་ཞེས་པ་ནི་དམིགས་པ་མེད་པའི་སེམས་སོ། །ཞེ་སྡང་བདག་ཉིད་འགྱུར་ཞེས་པ་ནི་དངོས་པོ་དང་དངོས་པོ་མེད་པའི ་དངོས་པོ་མི་བསྐྱོད་པའི་ཁམས་ཀྱི་རང་བཞིན་ནོ། །འགྱུར་ཞེས་པ་ནི་དེ་ལྟར་ཞེས་པའི་དོན་ཏོ། །ངེས་ན་སྙིང་གར་ཞེས་པ་ནི་གཉིས་མེད་པའི་ཡེ་ཤེས་ཉིད་ཀྱིས་གཅིག་ཏུ་བྱས་པའི་ཕྱིར། དེ་ལྟར་ནམ་མཁའ་ཨི་དབྱིངས་ཞེས་བྱ་བ་ལ་སོགས ་པ་ལ་རྩོད་པའི་དུས་ཀྱི་རྐྱེན་གྱིས་འབྱུང་བ་ནི་རྫོགས་ལྡན་ནོ། །ཅིའི་ཕྱིར་ཞེ་ན། བསམ་གྱིས་མི་ཁྱབ་པའི་ལོངས་སྤྱོད་རྫོགས་པ་དང། སྦྲུལ་པ་དག་ལས་བཞི་པ་ལས་འདས་པའི་ཁྱད་པར་གྱི་ཡེ་ཤེས་ཀྱི་སྐུ་བསྐྱེད་པར་བྱེད་པས་སོ?། ། ་ནམ་མཁའ་ཨི་དབྱིངས་ཞེས་པ་ནི་མི་བསྐྱོད་པ་ཕྲ་མོ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཕྱག་རྒྱ་ཆེན་པོ་ཉིད་ཀྱི་ཆོས་ཀྱི་འབྱུང་གནས་ཀྱི་གཟུགས་དམིགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གོང་ན་མེད་པ་ཐོག་མ་དང་དབུས་དང་མཛའ་མར་གནས་བ་རྟག་པ ་ཞེས་པའི་དོན་ཏོ། །དེ་ཡིས་ཡིད་ཆེས་པའི་བདག་ཉིད་ཕྱིའི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་གཟུགས་སོ། །དེ་ཉིད་ཀྱིས་ན་ལས་ཀྱི་ཕྱག་རྒྱ་དང་འདུས་པས་ཕྱག་རྒྱ་ཆེན་པོ་མཐོང་ངོ་ཞེས་སོ། །དེས་ན་ཕུལ་དུ་བྱུང་བའི་འདོད་ཆགས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ ་ཤེས་ཐོབ་ཀྱི། ཉན་ཐོས་ལ་སོགས་བས་ཡོངས་སུ་བཏགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ནི་མ་ཡིན་སྙམ་དུ་དགོངས་སོ། །དེས་ན་དབུས་གནས་པར་ཉི་མའི་དཀྱིལ་འཁོར་བསམ་པར་བྱ་ཞེས་པ་ནི་འདོད་ཆགས་ཀྱི་ཕ་རོལ་ཏུ ་ཕྱིན་པའི་གསལ་བའི་དངོས་པོར་འགྱུར་ཏེ། གང་གིས་སེམས་ཅན་ཐམས་ཅད་ཀྱི་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཐོབ་པར་འགྱུར་པའོ། །དེས་ན་དེར་ཞེས་པ་ནི་རྒྱུ་དེས་ན་རྣལ་འབྱོར་པ་བསྒོམ་པ་བྱེད་པ་སྟེ། ལྷན་ཅིག་སྐྱེས་པའི་ཧེ་རུ་ཀ་ཞལ ་གཅིག་ཕྱག་གཉིས་པ་ཞེས་དགོངས་སོ། །དེ་ཉིད་གསུངས་པ། དེར་ནི་ཧཱུཾ་ཞེས་བྱ་བ་ལ་སོགས་པ་ན། ཧཱུཾ་ནི་སྔོན་དུ་རྡོ་རྗེ་ལྟེ་བའི་དབུས་སུ་བསྟན་པ་སྟེ། དངོས་པོ་དེ་ལས་ཀྱང་སེམས་གསལ་བ་ཉིད་དུ་འགྱུར་རོ། །དེའི་ཕྱིར་དེ་ལས་ཀྱང་སྐྱེས་པ་སྔོན་པོ ་ཅུང་ཟད་དམར་འདྲ་པ་ཞེས་པ་ཉིད་དུ་བསྟན་ཟིན་ཏོ། །རྒྱན་ཐམས་ཅད་ཀྱིས་ཀླུབས་པ་ཞེས་པ་ནི་རང་ཉིད་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཀྱིས་བརྒྱན་ཅིང་བྱ་བ་རྣམས་ཀྱིས་བརྒྱན་ཏེ། རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་ཀྱི་རང་གི ་བག་ཆགས་རྣམས་ཀྱིས་རྫོགས་ལྡན་གྱི་དུས་སུ་སངས་རྒྱས་ཡོན་ཏན་རྣམས་གྱིས་བརྒྱན་པའི་སེམས་ཅན་རྣམས་འབྱུང་སྟེ། སྔོན་གྱི་བསྒོམ་པའི་རྐྱེན་གྱིས་སོ། །དེ་བཞིན་དུ་ཕྱག་གཉིས་ཞེས་པ་ནི་དེའི་དུས་སུ་གཉིས་ཀྱི་དངོས ་པོ་མེད་དེ་དེས་ན་དེ་འཛིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཞལ་གཅིག་ཅེས་པ་ནི་མྱ་ངན་ལས་འདས་པ་འབའ་ཞིག་ལ་མངོན་པར་ཕྱོགས་པའོ། །དེ་བཞིན་དུ་སྤྱན་གསུམ་ཞེས་པ་ནི་ཐེག་པ་གསུམ་ལ་མངོན་པར ་ཕྱོགས་པར་འགྱུར་བའོ། །དེ་བཞིན་དུ་སྐྲ་ནི་སེར་པོ་གྱེན་བརྫེས་རང་ཞེས་པ་ནི་ལྡེམ་པོ་སྣ་ཚོགས་པ་ཉིད་ཀྱིས་སྔགས་ཀྱི་ཐེག་པ་ཆེན་པོ་གཅིག་ཏུ་མཐར་ཕྱིན་པའོ། །དེས་ན་དང་ནི་ངེས་པར་གཟུང་པའོ། །དེ་བཞིན་དུ་གདུག་ལྟ་ཞེས་པ་ནི ་སྲིད་པ་གསུམ་སྡུང་ཅིང་ཟ་པ་ལ་སོགས་པའི་ལྟ་བའོ། །བརྒྱད་གཉིས་ལོའི་ཚད་ཅེས་པ་ནི་ལོ་བཅུ་དྲུག་སྟེ། གཟུགས་ཁམས་བཅུ་དྲུག་གི་ལྷའི་གནས་རྣམས་ཀྱི་ཚེ་རུ་ཡོངས་སུ་བརྟག་པའོ། །རྫོགས་ལྡེན་གྱི་དུས་དེར་མངོན ་ཤེས་དང་ལྡན་པ་ལྷུན་གྱིས་གྲུབ་པ་འབྱུང་བའི་སེམས་ཅན་རྣམས་གཅིག་ལ་གཅིག་མཐང་བའི་སྟོབས་ཀྱིས་ནུས་པ་སྐྱེས་ཏེ། གང་གི་ཕྱིར་ཐམས་ཅད་ཉིད་ཡོངས་སུ་དག་པའི་རང་བཞིན་གྱི་ཕྱིར་ཞེས་པ་སྟེ་ངེས་པའོ། །དེ ་བཞིན་དུ་ཡང་འཇིག་རྟེན་ཞབས་ཀྱི་ས་མནན་ཞེས་པ་ནི་མ་ངན་ལས་འདས་པ་དམ་པ་གཅིག་གི་མཚན་ཉིད་མནན་ཏེ། དེའི་རང་བཞིན་གྱིས་ན་འབྲས་བུའི་དབང་གིས་འབྱུང་བ་དེ་ལ་དེ་སྐད་ཅེས་བྱའོ། །དེས་ཕྱག་གཡོན ་པ་ནི་ཁ་ཊཱཾ་ག་ཞེས་པ་ནི་ཆོས་ཐམས་ཅད་ཀྱི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་སྟོང་པ་ཉིད་དང་མཚན་མ་མེད་པ་སྟོན་པར་བྱེད་པར་དགོངས་སོ། །ཐོད་པ་ཡང་ནི་བསྣམས་པ་སྟེ་ཞེས་པ་ནི་སངས་རྒྱས་ཀྱང་ཐེད་པའི་མིང་ཅན་ཏེ། རང་རིག ་པའི་རིགས་སོ། །དེ་ཡང་བརྫུན་པ་དང་བདག་དུ་འཛིན་པ་སྤངས་པའོ། །གཡོན་ན་ཞེས་པ་ནི་སོང་བའི་དོན་སྟོན་པའོ། །དེ་བཞིན་དུ་གཡོན་རྡོ་རྗེ་ནག་པོ་བསྣམས་ཞེས་པ་ནི་དེའི་དུས་སུ་བྱུང་བའི་སེམས་ཅན་ཐམས་ཅད་ཀྱི་རང་གི ་རང་བཞིན་མཐོང་བས་ཏེ། རྡོ་རྗེ་ཞེས་པ་ནི་སྒོམ་པ་ལ་གནས་པ་ཉིད་ཀྱི་སེམས་སོ་ནག་པོ་ཞེས་པ་ནི་སྙིང་རྗེའོ། །དེ་ལྟར་མཐོང་པས་སད་པ་དེའི་སྐད་ཅིག་ཉིད་ལ་མྱ་ངན་ལས་འདས་པ་ཉེ་བར་འགྲོ་སྟེ། གཞན་དུ་ནི་མ་ཡིན་ནོ། །དེ་བཞིན་དུ ་ཡང་ཧཱུཾ་ཞེས་པ་ལ་སོགས་པ་ལ་འདོན་པའི་བདག་ཅེས་པ་ནི་དེ་ལྟར་རྣལ་འབྱོར་པ་རྣམས་ཀྱི་བསྒོམ་པ་དང་བྲལ་བའི་དུས་སུ་རང་བཞིན་སྣ་ཚོགས་པ་སྤངས་པའི་ཕྱིར་ཧཱུཾ་ཞེས་པ་འདོན་པ་ནི་དངོས་པོ་ཐམས་ཅད་སྤངས་པ་འབའ་ཞིག་གི་སེམས་ཙཾ ་དེ་ལ་དེ་སྐད་ཅེས་བྱའོ། །གཙོ་བོ་དུར་ཁྲོད་དུ་ནི་ཡོ?་ལ་ཞེས་པ་ནི་དབུགས་གནས་པས་ན་དུར་ཁྲོད་དོ། །འདིར་ཡང་ཤ་རོ་ཡོན་ཏན་དབུགས་དེ་རྣམས། །མ་ཡིད་ཀྱིས་འཁྲུལ་པ་རྒྱས་པ་ཉིད། །ཤ་བགས་ཀྱིས་དེས་རྣམས་རྫོགས་ལྡན་གྱིས། ། ་ན་དུས་སུ་མི་ཡི་མཆོག་ནི་འགྲོ། དེའི་ཕྱིར་ནི་རོལ་པ་ཐབས། །དུས་འདི་རུ་ནི་སེམས་ཀྱིས་སྤྲུལ་།དེ་ཉིད་རོལ་མོ་དེར་མགོན་པོ། །སེམས་ཅན་རྣམས་ཀྱི་སེམས་ཞུགས་པའོ། །ཡང་ན་དབུགས་དབྱུང་ཞེས་པའི་རིགས་འདི་ཡིས། །དུར་ཁྲོད་ཅེས ་སུ་བརྗོད་པ་ཡིན། །འདི་ཡི་དོན་བརྗོད་དེ། །ཤྭ་རང་གི་པདྨའི་སྣོད་ལ་སྟེ། །སྙིང་གར་གསེང་པ་ལྔ་ལ་ནི། །སྦྱོར་བ་ཡི། །ནི་གནས་སྐབས་ལྔ། །ཟད་པའི་མཚམས་སུ་རིམ་གྱིས་འབྱུང། །ས་རོ་ལོངས་རྣམས་ནི་རྒྱུ་བ་སྟེ། །འོ་གདུམ་ལ་སོགས ་ཤི་བ་བརྒྱད། །དེ་བཞིན་ལྕེ་བརྒྱད་ཤེས་པར་བྱ། །རྩ་བརྒྱད་ཉིད་ནི་འབར་བྱེད་པའོ། །ཏཱི་མེ་རྣོན་པོ་ཡིས་རབ་གདུངས་པས། །གནད་མཚམས་སུ་ནི་དེས་ན་དཔའ་། །གང་གིས་ཀེང་རུས་ཡང་འདིས་འབྱུང། །མི་རྟོག་དགའ་བ་དེ་མཆེར་བའི ་བྱ?་ནི་གར་བྱེད་དཔའ་བོ་སྟེ། །མིག་ལ་སོགས་པའི་དབང་པོ་རྣམས། །བསྲེགས་ལ་སོགས་པའི་གནས་རྟེན་ཏེ། །རང་ལུས་རེག་པའི་བདེ་བའི་བདག། ནྱ་ནི་རྗེས་སུ་གཟུང་བའི་དོན། །མ་ཉེས་པ་ཡང་ནི་ཤེས་རབ་ཕྱིར། །འདིར་ནི་རྣམ ་ཤེས་པ་བརྒྱད་པོ་ཉིད། །སྐྲག་པས་བདག་གི་རྟག་ཏུ་བསང། །ཡ་དེར་ནི་གང་སུ་རུང་མཁའ་འགྲོ། །སྣ་ཚོགས་རྩར་ནི་ཡོངས་བརྟགས་ཕྱིར། །འཇིགས་པའི་སྒྲ་ནི་སྒྲོགས་པས་ཟ། །ཡིད་ཅན་རྣམས་ཀྱི ་དད་འདོད་པའོ། །ཡུ་རྣལ་འབྱོར་པ་ནི་ལང་ཚོའི་མཚོགས། །དེ་ཡིས་དབུས་སུ་འོངས་ནས་ནི། །གཞན་གྱི་ལུས་ལ་རོལ་པར་བྱེད། །ནུས་པ་ཡི་ནི་རང་བཞིན་མཆོག། ཀཱ་ནི་རྣམ་གསུམ་ཤེས་བྱ་སྟེ། །བྱ་རོག་བྱ་བཞིན་འུག་པ་རྣམས། ། ་གང་ཅི་ཡང་རུང་བའི་སམས་སྤངས་པའི། །ཤིན་དེ་རྣམས་ཐམས་ཅད་ཟ། །ཤ་སྟན་ལ་འགྱེལ་པའི་རོ་རྣམས་ནི། །ཁུ་བ་བཏུང་བས་བརྒྱལ་བའོ། །མ་ཆོག་ཆེག་ཅེས་འབར་དབུས་སུ་ནི། །ཐོད་པ་ཅན་ནི་ངེས་པར་གཟུང། །ཤ་ཕྱོགས ་ཀྱི་གོས་ཅན་རྣལ་འབྱོར་མ། རོ་ཡི་རྣམ་པས་གར་བྱེད་དོ། །བློ་ལྡན་གཟུང་དང་འཛིན་པ་ཡི། །ཆད་ནི་ཕན་ཆུན་འཐུང་བར་བྱེད། ན་ཤི་བ་ཁྱེད་བཞིན་པ་ཡི་ནི། །སེམས་ནི་རྣལ་འབྱོར་མ་སྡུག་པའོ། །ཟད་བྱང་ཀྱི་ནི་སེམས་བསྲེགས་ནས། མཁའ་ ་སྤྱོད་ཉིད་དུ་རེས་པར་འགྲོ། བྱ་ལྔ་རྔ་ལ་སོགས་རོལ་མོ་རྣམས། །མི་ཤིགས་རྣལ་འབྱོར་བརྒྱུད་པའོ། །སྡུང་པའི་རྣལ་འབྱོར་སྔོན་འགྲོ་བས། །ཕུང་པོའི་བུད་ཤིང་ཙམ་ཡང་ངོ། །བྷི་ཞིག་པའི་ལུས་ལས་སྐྱེས་པ་ཡི། །རྣམ་ཤེས་ལུས་ནི་ཐམས ་ཅད་འགྲོ། །ལན་བདུན་འཁོར་བའི་ཁམས་རྣམས་ཀྱི། །དེས་ནི་ཉི་མ་བདུན་པར་བརྟག་སོ། །དྷི་ལྷ་ཡི་མངོན་ཤེས་སྔོན་འགྲོ་བས། །བརྟན་པ་ཉིད་ནི་ཡང་དག་འཐོབ། །བྱང་ཆུབ་བརྒྱུད་པས་བག་ཆགས་ནི། །འདིར་ནི་སླར་ཡང་སྡུད་པར་བྱེད། ་ཡ་སེམས་ཀྱི་བག་ཆགས་བཟང་པོ་ཡིས། །འདི་ནི་གཤིན་རྗེ་སྐྱོང་བར་བྱེད། །ཟབ་མོའི་ཆོས་ནི་བསྟན་ཐོས་པས། །ཆུ་བོ་ཆེན་པོའི་ཕི་རོལ་འགྲོ། །ཏེ་དེ་རྣམས་ཡང་ནི་སྐྱེས་ནས་སུ། །སྲིད་པའི་རྒྱ་མཚོ་རྩེ་བཞིན་པས། །སེམས་ཅན་རྣམས ་ཀྱི་ལུས་བརྟེན་ཏེ། །ཐམས་ཅད་དུ་ནི་སྐྱོབ་པར་བྱེད། །དེ་བཞིན་དུ་ལྷ་མོ་བརྒྱད་ཅེས་པ་ནི། །གཽ་རཱི་ལ་སོགས་བས་བསྐོར་ཏེ་རོལ་པའོ?། །ཅིའི་ཕྱིར་ཞེ་ན། གཽ་རཱི་གཟུཊ་ཀྱི་ཕུང་བོར་འགྱུར། །ཆོས་རྐུན་མ་ནི་ཚོར་བར་བརྗོད། །རོ་ལངས་མ་ནི་འདུ་ཤེས་ཉིད། །དེ་བཞིན་ཟ་ཕོར ་མ་འདུ་བྱེད། །རྣམ་ཤེས་ཕུང?་པོའི་རང་འཞིན་ནི། །བཅོམ་ལྡན་འདས་སུ་ཡོངས་སུ་བརྟགས། །པུཀྐ་སཱི་ནི་ས་ཉིད་དེ། །དི་ཁྲོད་ཆུ་ཡི་ཁམས་སུ་བརྟགས། །གཏུམ་མོ་མ་རུ་ཤེས་པར་བྱ། །གཡུང་མོ་རླུང་དུ་རབ་ཏུ་བརྟགས། །བདག་མེད ་ནམ་མཁའ་ཨི་ཁམས་སུའོ། །དེ་ལྟར་ཁམས་རྣམས་དང་མཉམ་པས། །སངས་རྒྱས་འབྱུང་བ་བརྗོད་མི་པར?། །འགྲོ་བའི་གཉེན་གྱི་རང་བཞིན་གྱིས། །འགྲོ་བའི་གཙོ་བོ་རོལ་པར་འགྱུར། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་སྔོན་དུ་གསུངས་པའི ་མཚན་ཉིད་དོ། །ས་སྒོམ་པར་བྱ་ཤེས་པ་ནི་དབང་པོ་རྟུལ་པོའི་རྣལ་འབྱོར་ཀུན་གྱི་འདུར་རྩི་མཆོག་ཅེས་པ་ནི། འདྲི་པ་དང?་ཆེན་པོ་ལ་སོགས་པ་རྣལ་འབྱོར་ཐམས་ཅད་ཀྱི་ནང་ནས་ལས་དང་པོ་པ་དང་པོ་སློབ་མ་རྣམས་ཀྱི་རྣལ་འབྱོར་མཆོག ་བདུད་རྩི་རང་འབྲ?་བ་བདུད་རྩི་བཞིན་ཐམས་ཅད་ལ་ཁྱབ་པར་བྱེད་པ་པོ་མི་ཟད་པར་བྱེད་པའི་ཕྱིར་བདུད་རྩི་ལྟ་བུ་མི་འཇིགས་པ་སངས་རྒྱས་ཀྱི་མཛད་པ་ཞེས་པའི་དོན་ཏོ། །ངེས་ནི་མཆོག་ནི་གཉིས་མེད་པའི་དངོས་པོར་མི་འདོད་པའོ། །དེ་ལྟར་ཆོད ་པ་དང་རྫོགས་ལྡན་གྱི་དེས་པའོ། །འོན་ཀྱང་རྩོད་པའི་དུས་སུ་ཡང་གལ་ཏེ་དབང་པོ་འགྲིང་དང་ཆེན་པོའི་རྣལ་འབྱོར་པར་འགྱུར་བ་དེའི་ཚེ་ཚེ་འདི་ཉིད་ལ་རང་ཉིད་ཀྱི་དངོས་གྲུབ་མངོན་དུ་བྱེད་པའོ། །དེ་ལྟར་ཆོད ་པ་དང་རྫོགས་ལྔན་གྱི་དེས་པའོ། །འོན་ཀྱང་རྩོད་པའི་དུས་ཡང་གལ་ཏེ་དཔང་པོ་འགྲིང་དང་ཆེན་པོའི་རྣལ་འབྱོར་པར་འགྱུར་པ་དེའི་ཚེ་ཚེ་འདི་ཉིད་ལ་རང་ཉིད་ཀྱི་དངོས་གྲུབ་མངོན་དུ་བྱེད་པའོ། །དེ་ལྟ་མོད་ཀྱི་རྣམ་པ་དང་བཅས་པའི་སྒོམ་པ་ལྷག་པར ་མོས་པས་སོ་ཇེས?་པ་ནིངས་པའོ། །ང་ནི་གསུམ་ལྡན་གྱི་ངེས་པར་བརྗོད་པ་བསྟན་པའི་ཕྱིར། དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ཅེས་པ་ནི་སྔོན་དུ་གསུངས་པའི་ཕྱག་རྒྱ་གཉིས་པའི་ཧེ་རུ་ཀ་རྣལ་འབྱོར་པ་དེ་ཉིད་བཅོམ་ལྡན ་འདས་ཏེ་བསྒོམ་པ་གསལ་བས་བཅོམ་ལྡན་འདས་ཀྱི་སྐུར་གྲུབ་པའོ། །དེས་ན་རྣལ་འབྱོར་པ་ཞེས་པ་ནི་སྒྱུ་མའི་རྣམ་པ་གཉིས་ཀྱིས་སྣ་ཚོགས་ཀྱི་དོན་བྱེད་པའི་ཕྱིར་སེམས་ཅན་གྲངས་མེད་པ་རྣམས་སྙིང་རྗེའི་སྒོ་ནས་ལུས ་གསུམ་ལྡན་ལ་འགྱུད་པར་འགྱུར་ཏེ། དེ་རྣམས་ཀྱིས་སངས་རྒྱས་རྙེད་པའི་ཕྱིར། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་ཞེས་གསུངས་ཏེ། ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ཧེ་རུ་ཀའི་གཟུགས་སྔོན་ནས་དམིགས་པར་ངེས་པའོ། ། ་དེས་ན་རྡོ་རྗེ་ནི་དབྱེར་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་པ་ཟད་པར་མ་གྱུར་པའོ། །སེམས་དཔའ་ནི་རིགས་ཏེ་དེ་རྣམས་ལ་རིགས་གཅིག་གིས་ཁྱབ་པར་བྱེད་པ་ཉིད་ཀྱིས་ནི་གཅིག་ཏུ་འགྱུར་རོ། །ཡང་སེམས་དཔའ་ཞེས་པ་དུས ་བཞིའི་ནང་དུ་ཐི་པ་རྟག་པའི་གཟུགས་དེས་གྲུབ་པའི་སྣ་ཚོགས་ལ་ཁྱབ་པར་བྱེད་པ་ཆོས་ཀྱི་སྐུ་དབྱེར་མེད་པའི་རྡོ་རྗེ་སྟེ། དེ་ཉིད་རྟག་པའི་གཟུགས་ཆོས་ཐམས་ཅད་རྣམས་ཀྱི་གཞིར་གྱུར་པས་སེམས་དཔའ་ཨོ། །ཡང་ན་རྡོ་རྗེ་སེམས་དཔའ་ ་དེ་བཞིན་གཤེགས་པ་རྣལ་འབྱོར་པ་ལས་གཞན་དངོས་པོ་མེད་ཅེས་པའི་དོན་ཏོ། །དེས་ན་ཁྲོ་བོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་བསྒོམ་པའི་དུས་སུ་ཡང་རང་བཞིན་གྱིས་སྙིང་རྗེ་བ་དེས་ན་གསུམ་ལྡན་གྱི་སེམས་ཅན་ཡང ་ཅུང་ཟད་ཁྲོ་བོའི་གཟུགས་ཅན་ཡིན་པ་དེས་ན་དེ་རྣམས་གདུལ་བའི་དོན་དུའོ། །ཁྲོ་བོའི་གཟུགས་ནི་འཛིན་པའི་མཆོག་ཅེས་པ་ནི་སྙིང་རྗེ་ཆེན་པོ་ལས་ཁྲོ་བོ་ཆེན་པོའི་དངོས་པོ་མངོན་དུ་གནས་ཞེས་པ་ནི་ཁྱད་པར་རོ། །དེ་བཞིན་དུ་ཕྱག་བཞི ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གཡོན་དུ་ཞེས་བྱ་བ་ལ་སོགས་པ་ལ། །ཐོད་པ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཏེ། །དེ་ཡང་སངས་རྒྱས་སོ། །འོན་ཀྱང་ཆོས་རྣམས་ཐམས་ཅད་གསོག་གོ། སྔོན་དུ་ཡང་བྱང་ཆུབ་སེམས་དཔའ་ཨི་གནས ་སྐབས་ཀྱི་དུས་སུ་དགེ་བའམ་མི་དགེ་བ་གང་ཡང་བྱས་པ་དེ་སྤངས་པའོ། །དེས་ན་ཐོད་པའི་མཚན་མ་སེམས་ཅན་རྣམས་སར་པར་བྱེད་པའོ། །ལྷ་དང་ལྷ་མིན་གྱི་ཁྲག་གིས་གང་བའི་ཐོད་པ་ཞེས་པ་ནི་གསུམ་ལྡན་གྱིས་དུས་ངེར་ལྷ་དང་ལྷ་མ་ཡིན་རྩོད་པར་འགྱུར ་ཏེ། ཆགས་པའི་ཉེས་པས་སོ། །དེ་རྣམས་ཀྱི་ཐོད་པ་མཐོང་བའི་ཕྱིར་རང་གིས་སེམས་དྲན་པར་འགྱུར་རོ། །དེ་ལས་བྱུང་བའི་སེམས་དེ་ཉིད་དང་བྲལ་ཏེ། དེ་ལྟར་མ་རུངས་པའི་སེམས་དང་ཆགས་པ་དག་རྣམ་པར་བཅོམ་པའི་ཕྱིར་ཁྱད་པར་ཅན་དུ ་འགྱུར་རོ་ཞེས་དགོངས་སོ། །དེ་བཞིན་དུ་གཡས་སུ་ཞེས་པ་ནི་ཞེ་སྡང་འཇིགས་པར་བྱེད་པའི་རྡོ་རྗེའོ། །དེ་ཡང་འབར་བ་བཞིན་ཏེ་འབར་བའི་གཟུགས་སོ། །གང་གི་ཕྱིར་ཞེ་སྡང་གི་མེ་ཡེ་ཤེས་ཀྱི་མེས་འཇོམས་པ་དེ་ལ་དེ་སྐད་ཅེས་བྱའོ། ། ་དེ་བཞིན་དུ་གཞན་ཞེས་བྱ་བ་ལ་སོགས་པ་ལ་ཕག་མོ་བཅོམ་ལྡན་གཟུགས་ཅན་ཞེས་པ་ནི་འདིར་ཤེས་རབ་ནི་ཤེས་བྱའི་རྣམ་པའོ། །དེས་ན་སེམས་ཅན་རྣམས་ལ་ཡང་དག་པའི་ཤེས་བྱའི་བློ་ཉེ་བར་འགྲོ་བ་སྟེ། ཇི་ལྟར་བདག་དེ་ལྟར་སེམས་ཅན ་ཞེས་པའོ། །དེས་ནས་བཅོམ་ལྡན་འདས་ཀྱི་གཟུགས་ཅན་ཏེ། སེམས་ཅན་ཐམས་ཅད་དེའི་བདག་ཉིད་དུ་བྱ་ཞེས་པའོ། །བསྒོམ་པར་ཞེས་པ་ནི་རྗེས་སུ་འཇུག་པར་བྱའོ། །བྱ་ཞེས་པ་ནི་དེ་ལྟར་གསུངས་ཞེས་པའི་དོན་ཏོ། །ད་ནི་གཉིས་ལྡན་གྱི་ཉེ ་བར་སྤྱོད་པ་བསྟན་པའི་ཕྱིར་དང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོང་ཉིད་ཅེས་པ་ནི་ཆོས་ཀྱི་སྐུའི་རང་བཞིན་ལྷན་ཅིག་སྐྱེས་པ་དང་ལོངས་སྤྱོད་རྫོགས་པ་ཉིད་ལས་བྱུང་བ་འདྲེས་པའི་ཆོས་གཉིས་ལྡན་གྱིས་དུས་སུ་སྟོང་པ་ཆོས་ཀྱི ་སྐུའི་མང་ཅན་དུ་སྔོན་དུ་གསུངས་ཏེ། དེས་ན་དམ་ཚིག་སེམས་དཔའ་བསྒོམ་པས་དངོས་གྲུབ་ཏུ་འགྱུར་བའམ། སྟོང་པ་ཉིད་ཙམ་བསྒོམ་པས་སོ། །དེ་ཉིད་ཀྱི་ལྟེ་བའི་ཆ་མེད་པ་ལ་ཞེས་པ་ནི་དམ་ཚིག་སེམས་དཔའ་དེའི་སྙིང་གི་འདབ་མ་བ་རྒྱད ་ཀྱི་ལྟེ་བའི་དབུས་སུ་ཡེ་ཤེས་ཀྱི་རང་བཞིན་གྱི་ཡི་གེ་ཨ་སྟེ། དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རོ། །རྩ་གཡོན་པའི་སྲོག་རྒྱུ་བའི་དུས་སུ་ཨ་བ་དྷཱ་ཏཱི་ལ་དམིགས་པས་སྲོག་ཐམས་ཅད་འགག་པར ་འགྱུར་ཏེ་རྩ་ཐམས་ཅད་ཀྱི་གཅིག་པ་ཉིད་ཀྱིས་སྲོག་དང་ལྷན་ཅིག་རི་བོང་ཅན་འོངས་ནས་ཨ་བ་དྷཱུ་ཏཱིའི་དབུས་སུ་གནས་པ་དེའི་ཚེ་དཀྱིལ་འཁོར་གྱི་མིང་དུ་བརྗོད་དོ། དེའི་དབུས་སུ་གནས་པའི་ཧཱུཾ་ཡེ་ཤེས་ཀྱི་མི་ཅན་རང་རིག་པའི་ཡེ ་ཤེས་པའི་དོན་ཏོ། །དེ་ལ་ཡང་སྔོན་དུ་གསུངས་པའི་དམ་ཚིག་སེམས་དཔའ་ཕྱག་བཞི་པའོ། །སྙིང་གར་ཡེ་ཤེས་སེམས་དཔའ་དེ་དང་འདྲ་བ་ཞལ་གསུམ་ཕྱག་དྲུག་པ་སྤྱན་གསུམ་པ་ཞལ་གཡོན་དམར་པོ་གཡས་དཀར་པོ་ཅུང ་ཟད་དམར་བར་སྣང་བ་ཞལ་དབུས་མ་སྔོན་དུ་གསུངས་པའི་ཁམས་གསུམ་པའི་བདག་ཉིད་ཀྱི་རོ་མནན་པ་ཕྱག་རྣམས་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །ཕྱག་གཡོན་པའི་དང་པོ་ལ་རྩེ་གསུམ། །གཉིས་པ་ནི་དྲིལ་བུ། དེ་བཞིན ་དུ་ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ། གཉིས་པ་ནི་གྲི་གུག་གོ། ལྷག་མ་ཕྱག་གཉིས་ཀྱིས་ཤེས་རབ་མ་རྡོ་རྗེ་ལུ་གུ་རྒྱུ་ང་མ་བཅོམ་ལྡན་འདས་ཀྱིས་གཟུགས་ཅན་མ་ལ་འཁྱུད་པ་སྟེ། དེའི་གཡས་དང་གཡོན་ན་གྲི་གུག་དང་ཐོད་པའོ། ་ཞལ་གསུམ་ཡང་ཆགས་པ་ཆེན་པོ་དང་ཞེས་སྡང་ཆེན་པོ་དང་གཏི་མུག་ཆེན་པོའོ། །དེ་ཡང་གཉིས་ལྡན་གྱིས་དུས་ཀྱི་གཏི་མུག་ཆེན་པོ་ལས་ལྷན་ཅིག་སྐྱེས་པ་དང་ལོངས་སྤྱོད་རྫོགས་པ་དང་ཆོས་ཀྱི་སྐུའི་མཚན་ཉིད་སེམས ་ཅན་བསམ་པ་སྣ་ཚོགས་པ་རྣམས་ཏེ། དེ་ཡང་གཙོ་བོ་ཞལ་གསུམ་ཕྱག་དྲུག་པའི་དོན་བསྟན་པའོ། །ད་ནི་སླར་ཡང་རྣལ་འབྱོར་མའི་རྒྱུད་ཀྱི་མིང་ཅན་ཟབ་ཅིང་རྒྱ་ཆེ་བ་མཆོག་གི་རྡོ་རྗེ་སེམས་དཔའ་ཨི་སྒོམ་པ་སྔོན་དུ་འགྲོ ་བས་དཀྱིལ་འཁོར་གྱི་འཁོར་ལོ་བརྗོད་དེ། དེ་རུ་ཞེས་བྱ་བ་ལ་སོགས་པ་ལ། དེར་ཞེས་པ་ནི་པདྨའི་ལྟེ་བའི་དབུས་སུ་ཧཱུཾ་བསྒོམས་ཞེས་པའི་དོན་ཏོ། །དེ་ལྟར་སེམས་ཀྱི་ས་བོན་ཡེ་ཤེས་ཀྱི་རྣམ་པ་ནི་མེ་ལོང་གི་གཟུགས་བརྙན་བཞིན་རང ་བཞིན་གྱིས་དྲི་མ་མེད་པར་སྣང་སྟེ། ཇི་ལྟར་ཆུ་དང་བའི་ནང་དུ་ཉ་སྐྱེ་བ་དེ་བཞིན་དུ་སེམས་གསལ་བ་ལས་སེམས་ལས་བྱུང་བ་ཧཱུཾ་གི་རྣམ་པ་གསལ་བ་རྒྱུན་གྱིས་བདག་ཉིད་རྒྱུ་དང་འབྲས་བུའི་ཕྱིར་རོ། །དེ་བཞིན་དུ་བསྒོམ་པར་བྱ་ཞེས་པ་ནི་པདྨའི་ལྟེ ་བར་ཨཱ་ལི་དང་ཀཱ་ལི་ཁ་སྦྱོར་གྱི་དབུས་སུ་ཧཱུཾ་ལས་རྡོ་རྗེ་དེའི་ལྟེ་བར་ཧཱུཾ་གི་འོད་ཟེར་རྣམ་པ་ནམ་མཁའ་ཨི་ངོས་སུ་འཕྲོས་ཏེ། འོད་ཟེར་དེ་རྣམས་ཀྱིས་ལྷའི་ཚོགས་བཀུག་ལ་ས་བོན་དེ་ཉིད་དུ་བསྡུ་བར་བྱའོ། །དེ་ལྟར་མཛའ་དག་ཡོངས་སུ་གྱུར་པ་ལས་བདག ་ཉིད་ལྷའི་གཟུགས་སུ་བལྟ་སྟེ། ཞལ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདི་ནི་དྲང་བའི་དོན་ཏོ། །སླར་ཡང་ངེས་པའི་དོན་གསུངས་པ་འདིར་གཉིས་ལྡན་ལས་རྩོད་དུས་སྤྲུལ་པའི་སྐུ་བསྟན་པའི་ཕྱིར་དེ་ཉིད་དུས་དུས་སུ་འབྱུང་བར་འགྱུར ་རོ། །དེ་ཡང་སྔོན་སྒོམ་པ་གོམས་པ་དང་སྔོན་དུ་གསུངས་པའི་ཚུལ་གྱིས་ཏེ། དེས་ན་སངས་རྒྱས་རྣམས་མངལ་དུ་རིམ་གྱིས་འཇུག་པར་བརྗོད་དོ། །འདིས་ནི་པདྨ་འདབ་མ་བརྒྱད་པར་ཞེས་པའི་སྐྱེ་གནས་སུའོ། །དེའི་རང་བཞིན་གྱི་ཁ་དོག་ནེ་རང ་བཞིན་གྱི་ཕྱག་རྒྱ་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་མ་དཀར་མོའི་བསམ་གཏན་ལ་རྟག་ཏུ་ཆགས་པའོ། །དེ་ཡང་རྣམ་པ་བརྒྱད་དེ། འདི་ལྟ་སྟེ། ཞིང་བརྒྱད་དུ་ནི་རྩེ་ནི་བརྒྱད། །རྩ་བརྒྱད་ཀྱི་ནི་སྣ་ནི་གནས་དེ་ཉིད་རི་བོད་ཅན་རབ་རྫོབས?། །རྟག་ཏུ ་མི་འཛག་པར་ནི་གནས། །གསང་བའི་སྙོམས་པར་འཇུག་པ་འདིས། །དཀར་པོའི་བསམ་གཏན་ཡང་དག་སྤྱོད། །རྩ་ནི་རེ་རེ་ཡི་ནི་གྲངས། །རྣལ་འབྱོར་དུས་སུ་བརྒྱོད་པ་ཡིན། །དེས་ན་རྣམ་པ་བརྒྱད་ཡིན་ཏེ། །སྐད་ཅིག་གྱང་ནི་རྣམ་པ་བརྒྱད། ་དེ་ནི་ཐུན་ནི་བརྒྱད་པོ་ཉིད། །དུས་བསྡུ་བ་ནི་སྔོན་འགྲོ་བའོ། །དུས་རྣམས་ཀྱང་ནི་གཟའ་བརྒྱད་དེ། །དེ་རྣམས་བསྡུས་པ་ནག་པོ་ཉིད། །དེ་ལྟར་བསམ་གཏན་ཆགས་དེ་ཡང། །ཤེས་རབ་ཕ་རོལ་ཏུ་ཕྱིན་པ་ཉིད། ། ་དེས་ན་སྤྲུལ་པའི་དངོས་པོར་འགྱུར། །སངས་རྒྱས་རྣམས་ཀྱི་ཡུམ་སྒྱུ་མ། །བདེན་པ་མ་ཡིན་བརྫུན་མ་ཡིན། །རྣལ་འབྱོར་མ་ནི་མཆོག་རྨད་འབྱུང། །དེའི་ཟླ་བ་ཞེས་པ་ནི་པདྨའི་རིགས་ཅན་གྱི་བྷ་ག་བཟང་མོས་དགོངས་སོ། །དེ་བཞིན་དུ་དེར་ནི་ཞེས ་བྱ་བ་ལ་སོགས་པ་ལ། དེར་ཞེས་པ་ནི་སྔོན་དུ་བསྟན་དུ་བསྟན་པ་ཏེ། དེ་བཞིན་དུ་སྔོན་གྱི་མཚན་ཉིད་ཀྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ནི་བསམ་གཏན་དུ་འདུས་པའི་ཕྱིར། སྒྱུ་མ་ཉིད་སྒྱུ་མ ་ཆེན་པོ་སྔོན་དུ་གསུངས་པས་སེམས་ཅན་རྣམས་ལ་སྙིང་རྗེའི་དབང་གིས་མི་འདོད་བཞིན་དུ་འདོད་པ་རྣམས་འབྱུང་བའོ། །དེའི་ཕྱིར་བསམ་གཏན་གྱི་སྟོབས་ཀྱིས་བསྒྲུབས་པའི་རྣལ་འབྱོར་གྱི་སེམས་དེ་ལ་དེ་སྐད་ཅེས་བྱའོ། །དེ ་ལྟར་བསྒོམ་པར་བྱ་ཞེས་པ་ནི་རྗེས་སུ་འཇུག་པའོ། །རྗེས་སུ་འཇུག་པ་དེ་ཅི་ཞེ་ན། གསུངས་པ། སེམས་དང་སེམས་ལས་བྱུང་བ་འདི་ཡིར་འགྱུར་ཏེ། དེར་ཕ་དང་མ་ཡང་དག་པར་སྦྱོར་བའི་ཕྱིར་ཧཱུཾ་ཞེས་པ་ནི་དྲི་ཟ་ཉེ་བར་འཁོར ་གྱི་སེམས་ཅན་གྱི་མིང་ཅན་ནོ། །བསྒོམ་པར་བྱ་ཞེས་པ་ནི་དེར་གནས་པའོ། །དེ་ཡང་ལྷའི་གཟུགས་ཞེས་པ་ནི་ཕ་དང་མ་ཡང་དག་པར་སྦྱོར་བས་རང་རིག་པའི་ཡེ་ཤེས་ཏེ། བསྒྲུབ་པ་དང་བསྲུབས་པ་ལས་ཀུན་གཞི་རྣམ་པར ་ཤེས་པ་འཇུག་པ་དེ་དང་ལྷན་ཅིག་རོ་མཉམ་པར་གྱུར་པའོ། །དེ་ཡང་ཞལ་གསུམ་པ་ཞེས་པ་ནི་ཁྲག་དང་ཁུ་བ་དག་གི་དབུས་སུ་དང་པོ་ནག་པོ་ཞེས་པ་རླུང་དང་རྣམ་པར་ཤེས་པའི་རང་བཞིན་ཀུན་གཞི་རྣམ་པར་ཤེས་པའོ། །དེ་བཞིན ་དུ་གཡས་དཀར་པོ་ནི་ཁུ་བའོ། །ཞི་བ་ཞེས་པ་ནི་རང་རིག་པའི་བདག་ཉིད་དོ། །གཡོན་དམར་པ་ལྟ་བུ་ཞེས་པ་ནི་ཁྲག་གི་ཁམས་སོ། །དེ་བཞིན་དུ་སྤྱན་གསུམ་ཞེས་པ་ནི་ཞལ་གསུམ་ལ་སྤྱན་དགུའོ། །དེ་ཡང་རྩ་དགུ་སྐྱེས་པའི་དུས་སུ་ས་དགུ ་མངོན་དུ་བྱེད་པའི་ཕྱིར་རོ། །མཐོས་པའི་གཟུགས་ཞེས་པ་ནི་ས་བཅུ་པ་ཆོས་ཀྱི་སྤྱན་ནོ། །དེ་ལྟར་ཡང་དེ་རྣམས་ལ་སྲོག་ལ་སོགས་པའི་རླུང་འབྱུང་བ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་ཕྱིར་ཕྱག་དྲུག་ཅེས་པ་ནི་ལུས་ལ་ཁམས་དྲུག་རྫོགས་པའོ ་དེ་ལྟར་ཡང་གསུངས་པ་མ་ལས་གྱུར་པ་རྣམ་པ་གསུམ། དེ་བཞིན་ཕ་ལས་གྱུར་པ་གསུམ། །སྤུངས་དྲུག་གི་ནི་གོང་བུ་འདི། །ལུས་ཀྱི་ཁམས་སུ་བཏགས་པ་ཡིན། །དེ་ཉིད་བསྟན་པ། པགས་པ་ཤ་དང་དེ་བཞིན་ཁྲག་།མ་ཡི་གཡོན ་གྱི་ཕྱག་ནི་གསུམ། །དེ་བཞིན་དུས་པ་ཚིལ་རྒྱུས་པ། །ཕ་ཡི་གཡས་ཀྱི་ཕྱག་ནི་གསུམ། །རྒྱན་རྣམས་ཀུན་ནི་རབ་ཏུ་རྫོགས་ཞེས་པ་ནི་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཀྱིས་བརྒྱན་པའོ། །འོན་ཀྱང་ས་བཅུ་གཅིག་པ་ཀུན་ཏུ་འོད་སངས ་རྒྱས་ཀྱི་ས་སྟེ་དེས་བརྒྱན་པའོ། །དེས་ཡང་སྔོན་དུ་གསུངས་པའི་མཉམ་ཉིད་གཟུགས་ཞེས་བྱ་བ་ལ་སོགས་པ་ལས་རྟོགས་པར་བྱའོ། །ཐོད་པའི་གདན་ཞེས་པ་ནི་ཆོས་རྣམས་ཐམས་ཅད་ཀྱི་དེ་བཞིན་འདི་ཡང་དག་པའི་མཛའ་གཉིས ་མེད་པའི་རྣམ་པའོ། །དེས་ན་ཐོབ་པའི་གདན་ནོ། །དེ་ལྟར་ཡང་གསུངས་པ། །ཀ་ནི་གང་ན་ཡང་ཆོས་མེད་དོ། །པཱ་ན་ཡེ་ཤེས་མེ་ཡིས་རྟག་ཏུ་བསྲེགས། །ལཱ་རྙེད་དང་མ་རྙེད་རྣམ་པར་སྤངས། །ས་ལྟན་ཅིག་སྐྱེས་རྣམས་ངོ་བོ་ཡིས། ་ན་མི་ནི་སྤྲུལ་པའི་གཟུགས་ཅན་ཏེ། །ས་དེར་ནི་རྫོགས་སངས་རྒྱས་བཞུགས་སོ། །སྠི་མངོན་པར་བྱང་ཆུབ་མཚན་ཉིད་བཞུགས། །ཏ་དེ་རུ་ཆོས་ནི་རྟག་ཏུ་རིག་།དེ་མངོན་ཚིག་ཉིང་མཚོན་པར་བྱ། །ས་དངོས་པོ་ཐམས་ཅད་བརྟགས་ནས་ནོ། ་རྦཱ་བག་ཆགས་བཟང་པོ་སྔོན་འགྲོ་བ། །ལམ་སྣང་བ་ཅམ་ལ་དམིགས་པ་ནི། །ཀ་བྱང་ཆུབ་སྔོན་འགྲོའི་རྒྱུ་ཕྱིར་རོ། །ར་རོ་བཞིན་ཆོས་རྣམས་ཐམས་ཅད་ལ། །སཾ་ཡང་དག་ཡེ་ཤེས་རྟོག་བྱེད་པའོ། །བུ་རྫོགས་པའི ་ཟླ་བ་བཞིན་དུ་བལྟ། །རྞ་གཞན་ལས་མ་ཡིན་འོད་གསལ་འབྱུང། །དེ་ལྟར་མངལ་ན་བརྟེན་པ་ཡི། །རོལ་མོ་བདག་གི་དོན་སྤངས་ཉིད། །བདེ་གཤེགས་རྣམས་ཀྱི་བྱང་ཆུབ་རིམ། །བག་ཆགས་དེ་ཉིད་བྱིས་རྣམས་ལ། །འཁོར ་བར་སྡུག་བསྔལ་ལྟར་བྱེད་པའོ། །དེ་བཞིན་བྱང་ཆུབ་སེམས་དཔའ་རྣམས། །མི་འདོད་སེམས་ཅན་བྱ་བ་རྣམས། །མཁའ་དང་མཉམ་པ་ཉིད་ནི་འབྱུང། །སངས་རྒྱས་དེ་རྣམས་རྟག་ཏུ་བཞུགས། །མི་སྨ་དབང་པོ་རྣམས་ནི ་ཐུལ། །དེ་བཞིན་བཤད་དང་ཞེས་བྱ་བ་ལ་སོགས་པའི་སངས་རྒྱས་སྒྱུ་མའི་སྐྱེས་བུ་ལྟ་བུ་དེ་རྣམས་ལ་བཤད་དང་གཅི་བ་དང་ཁུ་བ་དང་ཁྲག་འབབ་པར་མི་འགྱུར་རོ། །དེས་ནི་གང་པའི་ཐོད་པ་ཕྱག་ན་བསྣམས་ཞེས་པ་ནི་ཁཾས ་བཞི་པོ་ཨ་བ་དྡྷཱུ་ཏཱིའི་ནང་དུ་འབབ་སྟེ། སྔོན་གོམས་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་མདའ་གཞུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞུ་ཞེས་པ་ནི་སྲོག་གི་རྩ་ར་ས་ནཱའོ། །དེའི་རྒྱུར་ནི་ཐུར་སེལ་གྱི་རྩ་ལ་ལ་ནཱའོ། །དེ་དག ་རྣམ་པར་འཛིན་པའི་ཕྱིར་ཨ་བ་དྷཱུ་ཏཱིའི་མདས་ཐིག་ལེ་འབེན་ལ་བསྣུན་ནོ། །དེའི་ཚེ་རྡོ་རྗེ་དྲིལ་བུ་ཞེས་པ་ནི་མི་བཤིགས་པའི་སྒྲ་ཙམ་རང་རིག་པ་དབྱེར་མེད་པའི་ཡེ་ཤེས་ཐོབ་པས་དུས་ཐམས་ཅད་འཛིན་པ་དེ་ལ་དེ་སྐད་ཅེས་བྱའོ། ་དེ་ལྟར་ཡང། དང་པོ་རྡོ་རྗེ་འབར་བ་ཞེས་པ་ནི་དྲང་དོན་དུ་ཕྱག་གཡས་ན་རྡོ་རྗེ་བསྣམས་པའོ། །ངེས་པའི་དོན་དུ་དང་པོ་གོམས་པའི་དུས་སུ་གཏུམ་མོའི་རྣལ་འབྱོར་བའི་ཕྱིར་ཞེས་དགོངས་སོ། །འདིར་གསུངས་པ། གཞུ་ནི་གཡས ་ཀྱི་སྲོག་ཡིན་ཏེ། དེ་བཞིན་ར་ས་ནཱ་ཡི་རྦྱུང། །ཐུར་སེལ་ལ་ལ་ནཱ་འགོག་ཉིད། །དེ་དག་གཉིས་ནི་འཛིན་པ་འབེན། ། བ་དྷུ་ཏཱིའི་མངའ་ཉིད་དོ། །ཐིག་ལེ་རྫོགས་པ་རྣ་ལྟག་མཛའ་འབེན་དང་འབེན་དང་འབེན་ནི་མེད་པར་གཞག་གི་།དྲིལ་བུའི་སྒྲ་ནི་དེས ་བཤད་དེ། །རྒྱུད་བཏང་བ་ནི་སྒྲ་ཙམ་འདི། །དེས་ན་མི་ཤིགས་སུས་ནི་འདི། །སངས་རྒྱས་མཆོག་ཏུ་མི་འགྱུར་པའོ། །གོམས་པའི་སྦྱོར་བ་ཞེས་པས་ནི། །དེ་ནས་ཁམས་ནི་བཞི་རྒྱུའོ། །དེ་བཞིན་རྣལ་འབྱོར་འདི་ཡང་བསྟན། །ལྟེ་བའི་དབུས་ཀྱི་མེ ་ཐབ་ཏུ། རྡོ་རྗེ་མི་ནི་མངོན་ལྡང་སྟེ། །རྐན་གྱི་བུ་ག་རུ་ནི་འགྲོ། །དེ་རུ་ཁམས་རྣམས་བསྲེགས་ནས་ནི། །གཞན་ཡང་ཐལ་བ་ལྟ་བུར་གནས། །དེ་རྣམས་འཚོ་བར་འབྱུང་བ་ནི། །རོ་ནི་ནམ་མཁའ་ཨི་མིང་ཅན་ཏེ། །དེ་ཡང་ཡེ་ཤེས་བདུད་རྩིར་བརྗོད། ། ་བྱང་ཆུབ་སེམས་ནི་བདེ་ཆེན་པོ། །ལྟེ་བའི་རྩ་བ་རུ་ནི་ལྟུང། །ཕྱག་རྒྱ་བཟང་མོའི་ཕྱིར་རྒྱལ་ཉིད། །ཆུ་ཤིང་སྙིང་པོ་ཞེས་བྱ་བ། །ཕྱག་རྒྱ་མེད་ཅིད་ཁམས་ཀྱང་མེད། །སེམས་ཀྱི་འབྱོར་པ་འདི་དག་ནི། །མིག་འཕྲུལ་ལྟ་བུའི་བྱ་བའོ། །དེ་བཞིན་གཤེཊ ་སངས་རྒྱས་དཔའ་བོས། །བྱང་ཆུབ་སེམས་ནི་ས་བོན་བསྒྲུབས། །དེ་བཞིན་དུ་མདུང་རྩེ་གསུམ་ཞེས་པ་ནི་མི་ཤེས་པ་གསུམ་ཟང་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་རབ་འཁྱུད་ཅེས་པ་ནི་ཁྲག་དང་ཁུ་བའི་རང་བཞིན་ཕྱག་གཉིས་པོ་དེ་ལ་བརྟེན་པ་དེ་ཡང ་ཁྲག་གི་སྙིང་རྗེ་ཆེན་པོའོ། །དེ་བཞིན་དུ་ཁུ་བ་ནི་ཆགས་པ་ཆེན་པོའོ། །རང་བཞིན་གཉིས་མེད་ཅིང་གཉིས་མེད་པའི་དངོས་པོ་འཛིན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་དཔལ་ལྡན་ཞེས་པ་ནི་དཔལ་གྱི་སྒྲ་ནི་མི་བཟད་པའི་དངོས་པོ་སྟེ། ནམ་ཡང་འཇིག ་པར་མི་འགྱུར་བའོ། །ལྡན་ཞེས་པ་ནི་དེ་ལྟ་བུ་དང་ལྡན་ཞེས་པའི་དོན་ཏོ། །ངལ་པ་ཞེས་པ་ལ་སོགས་པ་ནི་བེམས་པོའི་འཇིག་རྟེན་འཁོར་ལོ་ཅན་དུ་བྱ་བ་དང། སེམས་ཅན་གྱ་གྱུ་ཅན་བཅིངས་པའི་ཕྱིར་རལ་པའི་ཐུར་ཚུགས་ཅན་ཏེ། ་གང་གི་ཕྱིར་དང་པོའི་སེམས་ཅན་སངས་རྒྱས་པར་བྱ་བའི་ཕྱིར་ཅོད་པན་གྱིས་བརྒྱན་པའོ། །དེའི་ཕྱིར་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ནི་སེམས་ཀྱི་འོད་ཟེར་སེམས་ཅན་གྱི་དོན་བྱ་བའི་མངལ་དུ་གནས་ནས་ཀྱང་སྔོན ་གྱི་བག་ཆགས་ཀྱི་དབང་གིས་བེམས་པོ་མ་ཡིན་པའི་ཁམས་འདི་གསལ་བར་སྒྲ་བའོ། །ཅིའི་ཕྱིར་ཞེ་ན། གང་བྱང་ཆུབ་སེམས་དཔའ་རྣམས་འོད་གསལ་བའི་ཏིང་ངེ་འཛིན་ལ་ཉལ་བ་བཞིན་གནས་མོད། །འོན་ཀྱང་རྨི་ལམ་བཞིན་སད་པའི་གནས ་སྐབས་མི་འདོར་རོ། །དེ་ལྟར་གསུངས་པ་འོད་གསལ་ལ་གནས་སངས་རྒྱས་རྣམས། །ཤིན་ཏུ་གཉིད་ལོག་ཏིང་འཛིན་གྱིས། །འོན་ཀྱང་སད་པའི་གནས་སྐབས་ནི། །འདི་ནི་རྨི་ལམ་བཞིན་མི་འདོར། །ཇི་ལྟར་སེམས་དང་སེམས་བྱུང་རྣམས། །རྣམ ་པར་བརྟགས་ནི་མི་དམིགས་ཏེ། །དེ་ལྟར་དེར་ནི་ཡིད་ཆེས་ཏེ། །མུན་པ་ལ་ནི་མར་མེ་བཞིན། །དེ་ལ་སོགས་པ་མཛའ་ཡས་ཉིད། །སངས་རྒྱས་རྣམས་ཀྱི་རྒྱུ་རུ་ནི། །རྒྱུ་དང་འབྲས་བུ་ཕྱིར་མི་འགྲོལ། །ཐམས་ཅད་རྒྱུད་ཉིད་གཞན་དུ་མིན། །དེ་ཉིད་ཀྱིས་ན་བྷ་ག ་ཡི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེར་ནི་བདག་ཉིད་བསྒོམ་པར་བྱ་ཞེས་པ་ནི་གནས་དེར་མགོ་དང་ལག་པ་དང་རྐང་དང་སོར་མོ་ལ་སོགས་པ་རྣམས་གསལ་བར་སྐྱེའོ། །དེའི་ཕྱིར་བྷ་གའི་དབུས་སུ་སྒྲུབ་པ་པོ་ཞེས་པ་ནི་འདིར་སྒྲུབ་པ་པོ་རང་གི ་སེམས་ཞེས་བྱ་བ་ལ་སོགས་པའི་སྒྲིབ་པ་ལས་གྲོལ་བའོ། །དེ་ཡང་མངལ་དུ་སེམས་བསྐྱེད་པའི་དུས་སུ་ཨ་བ་དྷཱ་ཏཱིའི་དུས་སུ་བློ་ཆུད་པ་ནི་བྷ་གའི་དབུས་སུ་འགྱུར་རོ། །ཅིའི་ཕྱིར་བྷ་ག་ཞེ་ན། གྲུ་གསུམ་ཉིད་ཀྱི་ཏེ། གང་གི་ཕྱིར་ལུས ་དང་ངག་དང་སེམས་ནང་དུ་འདུས་པ་དེའི་ཕྱིར་བྷ་ག་ཞེས་བྱའོ། །དེའི་དབུས་སུ་ཞེས་པ་ནི། རང་རིག་པའི་བདེ་བ་ཉིད་ཀྱིས་སྒྲུབ་པ་པོ་ཞེས་པ་དང་འབྲེལ་ཏོ། །གང་གི་ཕྱིར་བསྒྲུབས་བྱ་དང་བསྒྲུབ་པ་པོ་དང་སྒྲུབ་ཐབས་རྣམས་བསྒྲུབ་བྱའི་རིགས ་གཅིག་ཏུ་ཐལ་བར་ཡིད་ཆེས་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནི་དྲང་བའི་དོན་གྱི་ཕྱིར་དཀྱིལ་འཁོར་བ་རྣམས་ཀྱི་ཆོ་ག་གསུངས་ཏེ། བྷ་ག་ཞེས་བྱ་བ་ལ་སོགས་པ་ལ། །བྷ་གའི་དབུས་སུ་ཞེས་པ་ཆོས་ཀྱི་འབྱུང་གནས་ཀྱི་ཁང་པ་རྩེགས་མའི་དབུས་སུ་ལྷའི ་གཟུགས་བསྒོམ་པར་བྱ་བའི་དོན་ཏོ། །སྒྲུབ་པ་པོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་སྙིང་པོ་ལ་བོས་པ་སྟེ། གང་གི་ཕྱིར་རྡོ་རྗེ་སྙིང་པོ་ན་རྣམ་པར་ཤེས་པའི་མཚན་ཉིད་དེ་རང་གི་སེམས་ཉིད་སྒྲུབ་པ་པོ་ཞེས་དགོངས་སོ། །ལྷ་དང་ཞེས་བྱ་བ་ལ་སོགས ་པ་ནི་དེའི་ཕྱིར་གནས་འདིར་ཕྱག་རྒྱ་ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་རང་བཞིན་ལྷ་མོའི་འཁོར་ལོའི། །བསྒོམ་པར་བྱ་ཞེས་པ་ནི་གསལ་བ་ཉིད་རང་བྱིན་གྱིས་བརླབས་པ་ལས་ཉེ་བར་མཚོན་པར་བྱའོ། །ལྷ་དང་ལྷན་ཅིག་མཚུངས་པ་ཞེས་པ་ནི་རྣལ་འབྱོར་མ ་དང་རང་སྣང་གི་ཐབས་དེ་རྣམས་དང་ལྷན་ཅིག་གནས་པའི་དང་ཚུལ་དེའོ། །དེ་བཞིན་དུ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཡང་རང་སྣང་བའི་ཤེས་རབ་དང་ལྡན་པ་དེའི་གཟུགས་ཀྱི་རང་བཞིན་ཞེས་དགོངས་སོ། །དེ་བཞིན་དུ་འདབ་མ་ཞེས་བྱ་བ་ལ་སོགས ་པ་ལ། འདབ་མ་བརྒྱད་ལ་རྣལ་འབྱོར་མ་བརྒྱད་བྲི་ཞེས་པ་ནི་དམིགས་པར་བྱའོ། །དེ་བཞིན་དུ་དབྱུག་ཏོ་ཞེས་པ་ནི་རྩེ་མོན་ཐོ་བའི་རྣམ་པའི་རྡོ་རྗེ་ཅུང་ཟད་འོག་ཕྱོགས་དབྱུག་པའི་རྣམ་པ་ཆང་ཟུངས་དང་ལྡན་པའོ། །དེ་བཞིན་དུ་བ་དན་གསུམ་ཞེས་པ་ནི་མཐེ ་པོས་མཐེའུ་ཆུང་མནོན་ཏེ་སོར་མོ་ལྷག་མ་རྣམས་མདུང་གི་རྣམ་པ་ལྟ་བུ་ཉིད་དོ། །གཞན་ཐམས་ཅད་ནི་གོ་སླའོ། །འོན་ཀྱང་རྣལ་འབྱོར་མ་བརྒྱད་པོ་འདི་རྣམས་ཀྱི་མིང་རྣམས་ཇི་ལྟར་རབ་ཏུ་བྱེད་པ་གསུམ་པའི་མཐར་འཁྲུགས་སུ་གསུངས་པ།? ་འདིར་ཡང་རྡོ་རྗེ་དྲག་མོ་ལ་སོགས་པ་བརྒྱད་བརྗོད་དེ། །དེ་ལ་ཤར་གྱི་འདབ་མར་རྡོ་རྗེ་དྲག་མོའོ། །ལྷོ་རྡོ་རྗེ་ལུས་སོ། །ནུབ་དུ་རྡོ་རྗེ་ཆགས་མའོ། །བྱང་དུ་རྡོ་རྗེ་ཞི་བ་མོའོ། །དེ་བཞིན་པདུ་མའི་མཚམས་སུ་རྡོ་རྗེ་གནོད་སྦྱིན་མའོ། །བདེན་བྲལ་དུ་རྡོ་རྗེ ་མཁའ་འགྲོ་མའོ། །རླུང་དུ་སྒྲ་རྡོ་རྗེ་མའོ། །དབང་ལྡན་དུ་ས་རྡོ་རྗེ་མའོ། །དེ་ལྟར་ལྷ་མོ་རྣམས་ཀྱི་ཐོད་པ་ཞེས་བྱ་བ་ལ་སོགས་པ་གདན་དང་ཁ་དོག་དང་ཞལ་དང་ཕྱག་དང་མཚན་མ་རྣམས་ནི་གོ་སྨྲའོ། །དེ་བཞིན་དུ་རོལ་མོ་སྣ་ཚོགས ་ཞེས་པ་ནི་བྱེད་པ་སུམ་ཅུ་རྩ་དྲུག་ཏུ་བརྗོད་པ་གླུ་དཀྱུགས་སྣ་ཚོགས་པས་མཛེས་པའི་རོལ་མོའོ། །དེ་ཡང་སྦུབས་དང་རྒྱུད་དང་སིལ་སྙན་དང་རྔ་སྤུབས་སོ། །དེ་བཞིན་དུ་གསང་བའི་དཀྱིལ་འཁོར་དུ་ཞེས་པ་ནི་སྙིང་གི་དཀྱིལ་འཁོར་དུ་མི་ཤིགས་པ་ཞེ་ས ་པ་དུས་ཀྱི་ཕོ་ཉ་སུམ་ཅུ་རྩ་དྲུག་ལ་པདྨའི་སྣ་ལམ་ལྟ་བུའི་རྩའི་སྒྲའི་དབང་གིས་གྲོང་ལ་སོགས་པའི་གླུ་དཀྱུགས་སོ། །དེ་ཡང་རོལ་མོ་དེ་རྣམས་ཀྱང་འཆང་བཞིན་པའི་ཐུན་མཚམས་བཞིའི་རྩ་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་དེ་ལ་དེ་སྐད་ཅེས་བྱའོ། །དེ ་བཞིན་དུ་སྒོ་སྐྱོང་ལྷ་མོ་ཞེས་བྱ་བ་ལ་སོགས་པ་ནི་སྒོ་བཞི་རྣམས་སུ་རེ་རེ་ཡང་དག་པར་བྲི་ཞེས་པ་ནེ་བསམ་པར་བྱའོ། །དེ་ལྟར་རྡོ་རྗེ་ལྕགས་ཀྱུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ནི་དཀྱིལ་འཁོར་འདི་རྣམས་ཀྱི་རིམ་བཞིན་ངེས་པའི་དོན ་གསུངས་ཏེ། དེར་ནི་ཞེས་བྱ་བ་ལ་སོགས་པ་ལ། ཕྱག་རྒྱ་ཞེས་པ་ནི་རྣལ་འབྱོར་གྱི་ཕྱག་རྒྱའོ། །དེ་གང་ཞེན་འདིར་གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྒྱས་བཏབ་པས་ན་ཕྱག་རྒྱའོ། །དེ་ཡང་གཟུགས་ཀྱི་ཕུང་པོ་ནི་རྡོ་རྗེ་དྲག་མོའོ། །ཚོར་བའི་དུར ་པ་ནི་རྡོ་རྗེ་ལུས་མའོ། །དེ་བཞིན་དུ་འདུ་ཞེས་ཀྱི་ཕུང་པོ་ནི་རྡོ་རྗེ་ཆགས་མའོ། །འདུ་བྱེད་གྱི་ཕུང་པོ་ནི་རྡོ་རྗེ་ཞི་བ་མའོ། །རྣམ་པར་ཤེས་པའི་ཕུང་པོ་ནི་རྡོ་རྗེ་སེམས་དཔའ་ཨོ། །དེ་བཞིན་དུ་སའི་ཁམས་ནི་རྡོ་རྗེ་གནོན་སྤྱིན་མའོ། །ཆུའི་ཁམས་ནི་རྡོ་རྗེ་མཁའ་? ་འགྲོ་མའོ། །དེ་བཞིན་དུ་མེའི་ཁམས་ནི་སྒྲ་རྡོ་རྗེ་མའོ། །རླུང་གི་ཁམས་ནི་ས་རྡོ་རྗེ་མའོ། །དེ་བཞིན་དུ་ནམ་མཁའ་ཨི་ཁམས་ནི་རང་འོད་ཀྱི་ཤེས་རབ་མའོ། །དེ་བཞིན་དུ་སྒོ་སྲུངས་བཞིན་ལས་ཀྱི་དབང་པོ་ལྔ་པ་སྐྱེད་པའོ། །དེ་ལྟར་བཅོམ་ལྡན་འདས་སུ་བཅུ? ་གཉིས་ཀྱི་བདག་ཉིད་ངོ། །སྙིང་པོར་བཅོམ་ལྡན་འདས་རང་ཉིད་རྡོ་རྗེ་འཛིན་ཆེན་པོའི་ས་སྟེ། །སྔོན་དུ་གསུངས་པའི་རྩའི་རང་བཞིན་གྱི་འཁོར་ལོར་བཤད་པའི་རྩ་བཅུ་གཉིས་ཀྱི་ནང་དུ་འདུས་པའི་རྡོ་རྗེ་ལྟ་བུའི་སྲོག་གིས་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་པའི་ཕྱིར་རོ། །དེས་ན་སྔོན་གྱིས་འདིར་ཡང་མདལ་དུ་དེའི་རང་བཞིན་དུ་འགྱུར་རོ། །དེ་བཞིན་དུ་བསྒོམ་པར་བྱ་ཞེས་པ་ནི་རྗེས་སུ་འཇུག་པའོ། །ལྷ་དང་ལྷན་ཅིག་མཚུངས་པ་ནི་ཞེས་པ་ནི་སེམས་རྐྱང་རྣམས་པ་བརྒྱད་དེ། །དེ་ཡང་རྩ་བརྒྱད ་རྣམས་ལས་ཁམས་ཀྱི་དབྱེབས་འབྱུང་བའོ། །ངེས་ན་མཚུངས་པར་ལྡན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདབ་ལ་ཞེས་བྱ་བ་ལ་སོགས་པ་ནི་འདིར་སྙིང་གི་འཁོར་ལོའི་རྩ་བརྒྱད་ནི་འདབ་མ་བརྒྱད་དོ། །དེ་རྣམས་ཀྱིས་གབུས་སུ་ཐོད་པའི་གདན་ཞེས་པ ་ནི་ཁོང་སྟོང་ཉིད་ཀྱིས་ནི་ཆོས་ཀྱི་དབྱིངས་ཀྱི་ཐོང་བའོ། །དེའི་དབུས་སུ་གནས་པ་ནི་ཐོད་པ་བརྒྱད་པ་ལས་རྣལ་འབྱོར་མའི་རྣལ་འབྱོར་འབྱུང་བའོ། །དེ་ཡང་སྣ་ཚོགས་གཟུགས་ཅན་ཞེས་པ་ནི་ཞག་གཅིག་ཉིད་ཀྱི་དུས་སྣ་ཚོགས་ལ་གྲངས་མེད ་པའི་ཁ་དོག་དཀར་པོ་དང་སེར་པོ་ལ་སོགས་པའོ། །དེས་ན་སྣ་ཚོགས་པའོ། །དེ་ཉིད་ཀྱིས་ན་ཡིད་དགའ་མ་ཞེས་པ་ནི་གང་དང་གང་དུ་རྩ་རྣམས་ལ་རླུང་རྒྱུ་བར་འགྱུར་བ་དེ་དང་དེ་རུ་ཡིད་འགྲོ་ཞེས་པའོ། །དེའི་ཕྱིར་དེའི་གཟུགས་འཛིན་པའོ། །དེ་ལྟར ་བརྒྱད་བརྒྱད་ལ་སོགས་པ་གྲངས་མེད་པར་འགྱུར་རོ། །དེ་ལྟར་ཡང་གསུངས་པ། །སེམས་འདི་སྣ་ཚོགས་གཟུགས་ཅན་ཏེ། །གཟུགས་ནི་དུ་མས་མཚན་པ་ཉིད། །དུ་མ་འདུས་པར་འགྱུར་བ་ནི། །རྩ་ནི་བརྒྱད་པ་མཚན་སྟེར་པའོ། ། ་དེ་ཡང་ཞེ་སྡང་སེམས་སོགས་རྣམས། །སངས་རྒྱས་རྣམས་ནི་རྟག་བཞེད་པ། །ཞེ་སྡང་ལ་སོགས་དངོས་པོ་ཡིས། །འདོད་པ་ཡང་ནི་ཆེན་པོར་བརྗོད། །དེ་ལས་ཡིད་ནི་ཁྱབ་ཅན་འབྱུང། །རྡོ་རྗེ་དྲག་མོ་སོགས་ལྷ་མོ། །མངལ་བརྗོད་བྱིས ་པ་སྔོན་འགྲོ་བ། །རྩ་བརྒྱད་ལ་ནི་བརྒྱད་རྣམས་སོ། །ས་རྣམས་ཀྱི་ནི་འབྲས་བུ་འབྱུང། །དེ་ཆེ་ཕ་རོལ་ཕྱིན་པ་ཤེས། །དགོངས་པའི་སྐད་ཀྱིས་གསུངས་པ་ཡིན། །ལྷག་མ་རྣམས་ནི་གང་བསྐྱེད་པ། །དེ་བཞིན་ས་ནི ་རྣམ་པ་བཞི། །སྒོ་སྲུངས་རྣམ་པ་བཞི་པོ་ནི། །དྲན་པ་ཉེ་བར་གཞག་བཞི་འགྲོ། བཅོམ་ལྡན་བདེ་བ་ཆེན་པོ་ཉིད། །རྡོ་རྗེ་འཇིན་གྱིས་ཡི་མིང། །རང་གི་ལུས་ལ་འོད་འཕྲོ་བ། །དུས་ཀྱི་ཁ་དོག་ཀུན་ཏུ་བསྒྲུབས། །ཐོད་པ་ཡི་ནི་མིང་གི་རྩ། །ནམ་མཁའ་ཨི ་ཁམས་ཀྱི་མཚན་ཉིད་ཕྱིར། འདབ་མ་རྣམས་ནི་གང་སྐྱེས་པ། །སྲོག་ལ་སོགས་པའི་རླུང་གིས་ཏེ། །རྩ་རྣམས་ལྷ་མོའི་མིང་དུ་ནི། །སེམས་ཀྱི་རྒྱུད་དེ་དེ་བདག་ཉིད། །རྟག་ཏུ་འདིར་ནི་ངེས་པར་ཡང། །རྣལ་འབྱོར་མ་ནི་མཆོག་དེ་ཉིད། ། ་རང་བཞིན་མེད་པའི་དངོས་པོ་ཡིས། །འདིར་ནི་དུས་སུ་བསྟན་པ་མེད། །ཆེ་འགགས་འཇིག་རྟེན་འབྱུང་བའི་ཕྱིར། །འདིར་ནི་འཇིག་རྟེན་ཡང་དུས་སོ། །དེ་ཕྱིར་འདིས་རྟག་དུས་ནི་མེད། །སངས་རྒྱས་མི་རྟག་ཆོས་ཉིད་དོ། །དེ་རྣམས་ཀྱི་ནི་རྟོག ་པ་ཡོད། །སྟོང་པ་དེ་ཡི་མིང་ཅན་ཕྱིར་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་བཞིན་དུ་རེ་རེ་ཡི་ཞལ་གཅིག་ཅེས་པ་ནི་རྣལ་འབྱོར་མ་ཐམས་ཅད་ལྷན་ཅིག་སྐྱེས་པའི་རང་བཞིན་དང་མྱ་ངན་ལས་པ་མངོན་པར་ཕྱོགས་པའི་ཕྱིར་རོ། །བཅོམ ་ལྡན་འདས་ནི་སྲིད་པ་དང་མྱ་ངན་ལས་འདས་པའི་བདག་ཉིད་དོ། །དེའི་ཕྱིར་ཕྱག་བཞི་ཞེས་པ་ནི་བརྒྱད་པོ་དེ་རྣམས་ཀྱི་ནང་དུ་རེ་རེ་ལ་ཡང་བཞི་བཞི་ནང་དུ་འདུས་པ་འཁོར་ལོ་བཞི་པོ་གནས་པའོ། །དེའི་ཕྱིར་དེ་རྣམས་ཐམས་ཅད་ཕྱག་བཞི ་པའོ། །དེས་ན་རྣལ་འབྱོར་མར་རིས་ཀྱང་ལས་བཞི་བཞི་བྱེད་དོ། །མདའ་དང་གཞུ་ཞེས་བྱ་བ་ལ་སོགས་པ་ལ། །དང་པོ་ཞེས་པ་ནི་དང་པོ་གོམས་པའི་དུས་སུ་འོག་དང་སྟེང་གི་སྲོག་གི་རྩ་སྔོན་དུ་གསུངས་པ་འགོག་པའི་ཕྱིར་གཞུ་དང ་རྒྱུད་དག་གོ་།དེ་དག་གི་མངའ་ནི་མཚོན་པའོ། །དེས་ན་མཛེས་པ་ནི་དབང་པོ་ཐམས་ཅད་རྣམས་ཀྱི་གདུག་པ་རྣམས་སྐག་པར་འགྱུར་རོ། །དེས་ན་ཞེ་སྡང་ཆེན་པོ་ལ་སོགས་པ་རྣམས་སྐྱེའོ། །དེའི་ཕྱིར་མཛེས་པའོ། །དེ་བཞིན་དུ་ཐོད་པ་ཞེས་པ་ནི་ཆོས་ཀྱི ་དབྱིངས་ཀྱི་རྩ་ལ་ཁུ་བས་རབ་ཏུ་གང་བ་རྒྱུ་བའི་དོན་ཏོ། །དེ་གཉིས་ཀྱིས་ན་ལྕགས་ཀྱུ་ཕྱག་ན་བསྣམས་པ་ཞེས་པ་ནི་ཐུར་སེལ་གྱི་བྱང་ཆུབ་ཀྱི་སེམས་ལྕགས་ཀྱུ་བཞིན་འགུག་པ་སྟེ། མི་འཇོག་པའི་ཕྱིར་རོ། །དེ་ལྟར་རྩ་སུམ་ཅུ་རྩ་གཉིས་པོ་ཐམས་ཅད ་ཆེས་ཕྲ་བ་དེ་རྣམས་ཀྱི་ནང་ནས་རྩ་བཞིའོ། །དེས་ན་མི་ཕྱེད་མ་ལ་སོགས་པ་བཞི་པོར་དེ་རྣམས་ཀྱི་ལས་གསུངས་སོ། །དེ་བཞིན་དུ་རིམ་པ་བཞིན་བཞི་བཞི་བརྒྱད་ཀྱི་བར་སུམ་ཅུ་རྩ་གཉིས་འགྱུར་ཞེས་སྦྱར་རོ། །རྩ་སུམ་ཅུ་རྩ་གཉིས་པོ་དེ་རྣམས་ཀྱི་ངེས ་པའི་ཚིག་རྟོག་པ་དང་པོར་གསུངས་པ་ནི?་འདིར་ལས་བྱ་བའི་ཕྱིར་རོ། །དེ་བཞིན་དུ་གཉིས་པའི་ཕྱག་ན་མ་དུང་ཞེས་པ་ནི་འདིར་གསང་བའི་གནས་སུ་ཨ་བ་དཏཱ་ཏཱིའི་ལམ་གསུམ་དུ་འགྲོ་བའོ། །དེའི་འགོག་པའི་ཕྱིར་ཁྲག་གིས་གང་བའི་ཐོད་པ་ཞེས ་པ་ལ་ཁྲུག་ནི་རྡུལ་གྱི་ཁམས་ཏེ་དེ་ཡང་སྟེང་དུ་རྒྱུ་བའི་ཕྱིར་ཟླ་བ་དང་ཉི་མ་དག་འདྲེས་པར་འགྱུར་བ་ཉ་དང་གནམ་སྟོང་དག་གོ་།རྡོ་རྗེ་ཞེས་པ་ནི་དེ་དགེ་ལ་སྒྲ་གཅན་གྱིས་ཟོས་པའོ། །དེ་བཞིན་དུ་ཞགས་པ་ཞེས་པ་ནི་མཇུག་མ་ཕྲ་བ་སྟེ། བཅུ ་དྲུག་པའི་ཆ་བཟང་པོ་འདིའོ། །དེ་ཡང་བདག་གིས་ཟོས་པར་གྱུར་བ་སྟེ། ཁམས་དྲུག་ཟ་བ་ཉིད་དོ། །དེ་ཀྱང་ལོངས་སྤྱོད་འབྱུང་བ་སྟེ་མཚན་མོ་བྱེད་པའི་ཆས་ཉིད་མོ་བྱེད་པའོ། །དེ་ཡང་དེར་ཐིམ་མོ་དུས་འདི་ནི་གསང་བའི་མཆོག་པའོ། །དེ་བཞིན ་དུ་གསུམ་པའི་ཕྱག་ན་རལ་གྲི་ཞེས་པ་ནི་སྙིང་གནས་རལ་གྲི་ལྟ་བུའི་རྩ་དུས་མའི་རང་བཞིན་ནོ། །དེ་ཡང་དེ་བཞིན་དུ་སྲིད་པ་གསུམ་ནི་འབར་བྱེད་པ། ལས་ཀྱི་ཚོགས་རྣམས་ཟ་བྱང་པའོ་ཞེས་པ་ནི་ལས་ཀྱི་རལ་གྲིའི་དེས་པའོ། །ཆུ ་ཡིས་གང་བའི་ཐོད་པ་ཞེས་པ་ནི་དེ་བཞིན་དུ་ཡང་ཆོས་ཀྱི་དབྱིངས་ཀྱི་རྩ་ལས་ཆུ་འབབ་པའི་ཕྱིར་རོ། །ཆུ་ཡང་རྣམ་པ་གཉིས་ཏེ་དྲི་ཆུའི་ཆུར་བཏགས་པའོ། །དེ་བཞིན་དུ་གཉིས་པ་ནི་ཁམས་ཐམས་ཅད་ཞུ་བའི ་རང་བཞིན་གྱི་རླུའོ། །རྒྱུ་བ་དེ་ཉིད་འཛིན་པའི་ཐོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་རྡོ་རྗེ་ཞེས་པ་ནི་མེས་དེ་ཐམས་ཅད་ཟ་བའོ། །དེ་བཞིན་དུ་དྲིལ་བུ་ཞེས་པ་ནི་ལྟ་བའི་དབུས་ནས་དེ་ཉིད་ཅན་རྡོ་རྗེ་ཀ་བ་བཞིན་ནོ། །དེ་ཉིད་ཀྱིས་ན་སངས ་རྒྱས་རྣམས་ཀྱི་རྡོ་རྗེའི་སྐུའོ། །གང་གི་ཕྱིར་སྤྲུལ་པའི་འཁོར་ལོ་སྐུའི་རང་བཞིན་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་ཕྱག་ན་ཁ་ཊཱཾ་ག་ཞེས་པ་ནི་སྨིན་མའི་དབུས་ནས་བྱུང་བའི་རྩའི་སྣལ་མ་དེ་སངས་རྒྱས་རྣམས་ཀྱི་སྙིང་པོར་གནས ་ཀྱང་དེ་ལུས་ཀྱི་དངོས་མི་ལེན་ཏེ་ཚོར་བ་དང་བྲལ་བའི་ཕྱིར་རོ། །དེ་ཡང་སྟོང་པ་ལ་ཁ་ཊཝཱཾ་གའི་མིང་དུ་དགོངས་སོ། །དེ་བཞིན་དུ་ཐོད་པ་ཞེས་པ་ནི་འགྲོ་བ་དང་འོད་བ་ལ་འགོགས་པའོ། །དེ་ཉིད་ཀྱིས་ན་དབྱུག་ཏོ་ཞེས་པ་ནི་འོག་ཏུ ་གཏུན་གདུངས་ཀྱི་རྣམ་པ་ལུས་ཐམས་ཅད་ཀྱི་རླུང་རྣམས་འོག་ཏུ་མི་འགྲོ་བ་སྟེ་དེས་ན་ཕྲ་བའོ། །དེས་ན་སྟེང་ཐོ་བའི་རྣམ་པ་རྣམ་པར་འཛིན་པ་དེ་ནི་དབྱུག་ཏོའི་མཚན་མའོ། །དེ་བཞིན་དུ་བ་དན་གསུམ་ཞེས་པ་ནི་ལུས་དང་དག ་དང་སེམས་ཀྱི་སྤྱོད་པ་དང་བྲལ་བ་མགྲིན་པའི་རྩ་ཞེས་སྤྱར་རོ། །དེ་བཞིན་དུ་ཕྱག་ན་དབྱུག་པ་ཞེས་པ་ལ། དབྱུག་པ་ནི་མཚམས་ཀྱི་སྣལ་མ་རོ་གཅིག་པའི་དངོས་པོའོ། །དེ་བཞིན་དུ་ཐོད་པ་ཞེས་པ་ནི་དབང་པོ་རྣམས་ཀྱི ་འགོག་པའི་ཕྱིར་རྣམ་པར་ཤེས་པ་རྣམས་འགོག་པར་འགྱུར་རོ། །དེ་བཞིན་དུ་ཨུཏཔལ་ཞེས་པ་ནི་འདབ་མ་བརྒྱད་ཀྱི་མིང་གིས་རྣམ་པར་ཤེས་པ་བརྒྱད་སྟོན་པ་སྙིང་གི་རྩ་གྲུབ་མ་ལ་སོགས་པ་བརྒྱད་དེ། དེ་ཡང་འགྲུབ་མ ་དང། སྨིན་བྱེད་མ་དང། ཡིད་བཟངས་མ་དང། སུམ་འཁྲིལ་མ་དང། འདོད་ཅན་མ་དང། ཁྱིམ་མ་དང། གཏུམ་བྱེད་མ་དང། བདུད་དྲལ་མའོ། །རྩ་བརྒྱད་པོ་དེ་རྣམས་ནི་རྣམ་པར་ཤེས་པ་རྒྱུ་བ་ཅན་ཏེ། ཨུཏཔ་ལ་ཞེས་དགོངས་སོ། །དེ ་བཞིན་དུ་ཅང་ཏེ་དུའོ་ཞེས་པ་ནི་ཁའི་རྩ་སྟེ། གང་གི་ཕྱིར་སྨྲ་བ་དང། ལེན་པ་འགོག་པའི་ཕྱིར་རང་ཉིད་སྨྲ་པ་པོ་རང་འབྱུང་བ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་པདྨ་ཞེས་པ་དབང་པོ་བརྒྱད་དེ། །དེ་ཡང་མིག་དང། རྣ་བ་དང། སྣ་དང། ལྕེ་དང། ལུས ་དང། ཡང་དང། ཤེས་རབ་དང། བློའོ། །ཡང་ན་གཟུགས་དང། སྒྲ་དང། དྲི་དང་རོ་དང། རེག་བྱ་དང། ཡིད་དང། བློ་དང། ང་རྒྱལ་ལོ། །དེ་ཡང་དེ་རྣམས་ཀྱི་ཡུལ་གྱིས་དངོས་པོ་རྒྱུ་དང་འབྲས་བུ་གཉིད་ཀྱི་དེ་དག་འགོག་པའོ། །དེ་བཞིན་དུ་ཞག ་གིས་གང་བའི་ཐོད་པ་ཞེས་པ་ལ་ཞག་ནི་སྟོབས་དེ་དགོངས་བཤད་ཀྱིས་བསྟན་པའི་མངོན་ཤེས་དྲུག་གི་མཚན་ཉིད་ནུས་པའོ། །དེའི་ཕྱིར་ངེས་གང་པ་ནི་ཨ་བ་དཏཱུ་ཏཱིའོ། །དེ་བཞིན་དུ་མེ་ལོང་ཞེས་པ་ནི་མངོན་ཤེས་ཏེ། དེ་རྣམས་ཀྱིས ་ཆོས་རྣམས་ཐམས་ཅད་ཀྱི་རང་བཞིན་མེ་ལོང་བཞིན་ཉེ་བར་མཚོན་པའི་ཕྱིར་རོ། །དེ་བཞིན་དུ་དག་སྟ་ཞེས་པ་ནི་ཁམས་གསུམ་པའི་མ་རིག་པའི་བག་ཆགས་གཅོད་པའི་ཕྱིར་རོ། །ཁམས་གསུམ་པ་ཡང་ལུས་དང་ངག་དང་སེམས་ཏེ། ་དེ་ཡང་ཨ་བ་དྷ་ཧཱིའི་མིང་ཅན་ཐ་མལ་པའི་རྩའོ། །དེའི་རྒྱུ་བ་ནི་མ་རིག་པ་སྟེ་དེ་གཅོད་པར་བྱེད་པའི་དགྲ་སྟ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་བདུང་ཞེས་པ་ནི་དབྱུག་པ་ལ་རྡོ་རྗེའི་ཐོ་ལུམ་དང་ལྡན་པའོ། །དེ་ཡང་མི་ཤེས་པའི་རི་བོ ་གཅོད་པའི་ཕྱིར་རོའི?། །དེ་ནི་ལྟོ་བ་འབབ་པའི་རྩ་གང་གིས་ཐས་ལ་གཉིས་མེད་པ་དེས་ན་མི་ཤེས་པ་སྐྱེ་ཞིང་ཞེས་སྡང་ལ་སོགས་པ་ཡང་སྐྱེ་སྟེ། དེ་རྣམ་པར་བཅོམ་པས་དེའི་ཕྱིར་སྐྱེས་པར་མི་འགྱུར་རོ། །དེ་བཞིན་དུ་དུང་ཞེས་པ་ནི་དབུས ་མའི་རྩ་བ་ནང་དུ་ལུས་ཐམས་ཅད་ཀྱི་སྲོག་གང་གནས་པ་དེ་ཡང་རང་བཞིན་མེད་པ་ཉིད་ལས་རང་ལ་དབང་ཐོབ་པ་དེ་ལ་དམིགས་པའི་ཕྱིར་ཤིན་ཏུ་ཆགས་པའི་སྒྲ་འབྱུང་བ་ནི་ཁྱད་པར་རོ། །དེ་ཉིད་ཀྱིས་ནི་ཤང་ཀ་རིམ ་ལས་ཟློག་པ་སྟེ། ཁ་ཞེས་པ་ནི་བ་གདོང་དེ་ལ་བརྟེན་པའོ། །ཤམ་ཞེས་པ་ན?་རིང་རིག་པའི་ཡེ་ཤེས་ཤེས་པའི་དོན་ཏོ། །དེ་ལྟར་ཡང་གསུངས་པ། ཁ་ནི་རྐན་ལ་བཞར་པའི་ལྕེ། བསྐྱོད་པ་བདུད་རྩི་འབྱུང་བའོ། །ཤཾ་ནི་འདི་རུ་གཟག་པ་ཡང། སྣ་ལས་འཛག ་དྷི?་མི་འཇེག་པཱོ། །དེ་བཞིན་དུ་འཁོར་ལོ་ཞེས་པ་ནི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་དུ་གསུངས་པའི་མཚན་ཉིད་དེར་གནས་པ་དེས་ཐམས་ཅད་མཁྱེན་པ་དང་རྣམ་པར་ཀུན་མཁྱེན་པའི་ཕྱིར་ཞེས་པའོ། །དེ་ཉིད་ཀྱིས་ན་མཆོག་ཆ་ཞེས་པ་ནི་འདིར་མཚོན་ཆའི་སྒྲ ་ནི་གང་དང་གང་གི་བསམ་པ་དང་ལྡན་པ་དེ་དང་དེ་ལ་དེ་ཉིད་བསྟན་ཞེས་དགོངས་སོ། །དེ་བཞིན་དུ་རོ་ཡིས་གང་བའི་ཐོད་པ་ཞེས་པ་ནི་འདི་ཉིད་ཀྱི་ཡི་གེའི་དོན་གསུངས་པ། །ཀ་སྔོན་བུའི་རྩ་བར་གང་སྐྱེས་པ། །པཱ་སྨིན་བྱེད་རྣམ་པ་རྨད་དུ་འབྱུང། །ལ ་འོག་ཏུ་བལྟས་པའི་རྟ་ནི་དམིགས། །ར་རོ་བཞིན་དུ་ནི་ཡོངས་སུ་ཐིམ། །ས་དེ་ཡང་པདྨ་སར་པའི་རྩ་བཞིན། །སཾ་མཚམས་ཀྱི་དུས་སུ་ཁ་དོག་ཅན། །པཱུ་སྲིད་པ་གསུམ་ནི་ཐམས་ཅད་བཀང། །རྞ་སྒྲ་གཅན་ཉིད་ལ་ཐིམ་པ་ཅན། །དེ་བཞིན་དུ་རྒོད་ཅེས ་བྱ་བ་ལ་སོགས་པ་ནི། །ཧ་དང་པ་ནམ་མཁའ་འགྲོ་བ་མཛོད། །ས་རོ་མཉམ་པ་ཡི་ཚུལ་ནི་ཟ། མ་ལམ་རྣམས་ལ་ནི་བགྲོད་པའི་བྱ། །ནཱ་སྣ་ཚོགས་དང་པ་ཡིད་རྒྱུའི་ཕྱིར། །ས་རྒྱ་མཚོའི་འགྲམ་ནི་ཉམས་དགའ་བང། །མཱ་བུཾ་པ་ཅན་ནི་དགས་ཡང་ན། །ལི ་ཨཱ་ལི་ཀཱ་ལི་གཉིས་ནི་བཟའ་། །ཁེ་དེས་ན་སྔོན་པོ་ནམ་མཁའ་འགྲོ། །དེ་བཞིན་དུ་ཕྱག་ན་བུམ་པ་ཞེས་པ་ནི་ཇི་ལྟར་བུམ་པ་བཟང་པོ་རིན་པོ་ཆེ་ཐམས་ཅད་ཀྱིས་རབ་ཏུ་གང་བ་དེ་བཞིན་དུ་དེ་ལྟར་ཨཱ་བ་དྷཱ་ཏཱིའི་ཚེས་ཉིད་གྲངས་མེད་པའི་ཡོན་ཏན་གྱི་བརྒྱན ་པ་དེས་ན་ཀུན་རྫོབ་ཀྱི་ཕྱོགས་ལ་དེ་ཚེས་ཀྱི་དབྱིངས་ཞེས་པའི་དོན་ཏེ། །དེ་ཉིད་ཀྱིས་ན་རྡོ་རྗེ་ཞེས་པ་ནི་མི་ཕྱིང་པའི་ཕྱིར་ཐབས་སྣ་ཚོགས་བྱེད་པའོ། །དེ་ཉིད་ཐབས་ཀྱི་རྡོ་རྗེའོ། །དེའི་ཤེས་དབ་དྲིལ་བུ་ཞེས་པ་ནི་དངོས་པོ་ཐམས་ཅད་རྟོགས་པར་བྱེད་པའོ ་དེས་ན་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལོ། །དེ་གཉི་ག་ནི་སྟོང་པ་ཉིད་རྡོ་རྗེར་བརྗོད་དོ། །ཐོད་པ་ཞེས་བྱ་བ་ལ་སོགས་པ་ལ། མི་ལྤགས་པས་གཡོགས་ཤིང་ཞེས་པ་དེ་བཞིན་དུ་སངས་རྒྱས་ཀྱི་ཐོད་པ་དང་དངོས་པོ་ཐམས་ཅད་ཀྱིས་སྟོང་པ་ཁོང་སྟོང ་མངལ་ནས་སྐྱེས་པའི་སེམས་ཅན་རྣམས་ལ་དེ་བསྟན་པས་ཤ་དང་པགས་པའི་མིག་གིས་མཐོང་ངོ། །དེས་ན་མིའི་ལྤགས་པས་གཡོགས་པ་བཅོམ་ལྡན་འདས་གཟུགས་ཀྱི་སྐུའོ། །དེའི་ཕྱིར་བདེན་པ་མ་ཡིན་བརྫུན་པ་མིན། །དེ་བཞིན་མ་སྐྱེས ་མི་འགོགས་པ། །སྣང་བ་ཙམ་གྱི་མཚན་ཉིད་དེ། །དེ་ཡང་སྒྱུ་མ་གཞན་དུ་མིན། །དེ་བཞིན་དུ་རྫས་ཀྱིས་བཀང་པ་ཞེས་པ་ནི་ཁྲག་དང་ཁུ་བ་དང་བཤད་པ་དང་གཅི་བ་རྣམས་ཀྱི་བཀོད་པའོ། །དེས་ན་རང་བཞིན་ཡོངས་སུ་ཤེས་པའོ། །དེ་ཡང་སྔོན ་ནས་རྣམ་པར་གཟུང་བ་དེས་ན་སངས་རྒྱས་རྣམས་ཀྱི་སྐུའོ་གནས་སྐབས་ཀྱི་ཟབ་མོའི་ཆོས་ཀྱང་སྟོན་ཏོ། །དེ་བཞིན་དུ་འདབ་མ་ཞེས་པ་ནི་དེ་རྣམས་ལའོ། །ལྷ་མོ་བྲི་ཞེས་པ་ནི་རང་སྣང་བའི་མཚན་ཉིད་དམིགས་པའི་ཕྱིར་རོ། །དེ་བཞིན་དུ ་ལྟེ་བར་ཞེས་པ་ནི་ཨ་བ་དྷཱ་ཏི་ལའོ། །བདེ་བ་ཆེན་པོ་ནི་རང་རཾག་པའི་ཡེ་ཤེས་ཏེ། དེ་དང་ལྡན་པའི་སྤྲུལ་པའི་སྐུའོ། །རོལ་མོ་ཞེས་པ་ནི་སངས་རྒྱས་གཅིག་ཉིད་ཀྱི་ཐུགས་ཀྱི་དངོས་པོ་ལས་འབྱུང་པོ་སྣ་ཚོགས་པ་གྲགས་མེད་པ་དང་སངས ་རྒྱས་དང། བྱང་ཆུབ་སེམས་དཔའ་ཨི?་རྣམས་སྤྲོས་པའོ། །དེ་ཇི་ལྟར་རོལ་མོ་ཡིན་ཞེ་ན། མི་ཤིགས་པའི་བདག་ཉིད་ཀྱི་སངས་རྒྱས་དེ་རྣམས་ཀྱང་ཤེས་རབ་ཀྱི་སྒྲ་ཡིས་སང་པར་བྱའོ། །དེས་ན་རོལ་མོ་ནི་ཉེ་བར་བཏགས་པར་འགྱུར། །དེ་ལྟར ་ཡང་གསུངས་པ། །སྒྲ་ཡི་དབུས་ལས་ཡང་དག་འབྱུང། །སངས་རྒྱས་ཐམས་ཅད་དུ་གཤེགས་པ། །ཤེས་རབ་ཀྱིས་ནི་འདི་བསྐུལ་ཏེ། །ཤིན་ཏུ་ཆགས་པའི་སྒྲ་ཡིས་སང། །དེ་ཉིད་ཀྱིས་ན་གསང་བའི ་དཀྱིལ་འཁོར་དུ་ཞེས་དགོངས་སོ། །དེ་བཞིན་དུ་སྒོ་སྐྱོང་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པའི་རྣལ་འབྱོར་མ་བཞི་བྱམས་པ་དང་སྙིང་རྗེ་དང་འགའ་བ་དང་བཤད་སྙམས་ཀྱི་རང་བཞིན། དེ་བཞིན་གཤེགས་པ་རྣམས་རྩོད ་པའི་དུས་ལ་སོགས་པ་རྣམས་སུ་འཁྲུངས་པར་འགྱུར་བའོ། །དེ་བཞིན་དུ། ལྷ་གའི་དབུས་སུ་བསྒོམས་ནས་སུ་ཞེས་པ་ནི་སྔོན་དུ་གསུངས་པ་སྡུད་པའི་ཕྱིར་བྷ་ག་ཞེས་པ་ནི་མའི་སྐྱེ་གནས་ཞེས་པའི་དོན་ཏོ། །དེས་ན་སྔགས་ཀྱི་བཟླུས་པ་ཞེས་པ་ནི་བརྗོད་པའི། །དེ་ཡང ་ཧཱུཾ་ནི་ལ་སོགས་པའོ། །དེས་དེན་དུ་ཧཱུཾ་ནི་རྡོ་རྗེ་སེམས་དཔའ་སྟེ་ཞེས་པ་ནི་སེམས་རང་རིག་པའི་སྲོག་གི་ཧཱུཾ་གི་མིང་ཅན་ནི། །དེ་ཡན་ཨོཾ་ཞེས་བྱ་བའི་དབྱིངས་ཀྱི་ཕྱི་ཞེས་པ་ནི་ལུས་དང་སེམས་འདྲེས་པར་འགྱུར་བའོ། །ཱ(རྒྱུད་འགྲེལ་བའི་དག་དང་ལྡན་ཞེས་པ་ནི་དེས་ན་ལུས་དང་ངག་དང་སེམས་ཀྱི་ཆོས་རྣམས་བསྡུས་པའོ། །དེ་ཉིད་ཀྱིས་ན་དག་པའི་ཤེལ་དང་མཚུངས་ཞེས་པ་ནི་ཞི་བ་ལ་སོགས་པའི་མདོག་གོ་།དེ་བཞིན་དུ་ཧཱུཾ(རྒྱུད་འགྲེལ་དུ་བསམ་གཏན་ཞེས་བྱ་བ་ལ་སོགས་པ་ལ། །ཡི་གེ་གཅིག་ཅེས་པ་ནི་རྡོ་རྗེ་བཟླས་པའི་བསམ་གཏན་གྱིས་འཇུག་པ་ལ་སོགས་པའི་རླུང་གསུམ་གཅིག་ཉིད་དུ་འགྱུར་བའོ། །དེའི་ཚེ་མི་འཛག་པས་ནི་ཡི་གེ་གཅིག་གོ་།འགྱུར་ཞེས་པ་ནི་རྗེས་སུ་འཇུག་པའོ། །དེ ་ལྷར་བསྡུས་ནས་ཨོཾ་ཧཱུཾ་ཨཱ(རྒྱུད་འགྲེལ་བཞིན་དུ་ཐམས་ཅད་ཀྱི་མིང་བར་དུ་སྤེལ་བ་སྔགས་དང་བོ་དང་མཛའ་མར་སྦྱར་རོ། །དེ་ནས་ས་བོན་བཞི་ཞེས་པ་ནི་ཧ་དང་ཨི་དང་ར་དང་ཚེག་དྲག་གོ་།བསྡུས་ན་དྷྲི་ཞེས་སོ། །མཆོད་པ་བཞི་ཞེས་པ་ནི་ཕྱི་དང་ནད་གསང་བ་དང་བླ་ན་མེད་པའོ། །དེ་ཡང་རང ་བཞིན་ཉིད་ཅེས་པ་ནི་དགའ་བ་ལ་སིགས་པ་བཞི་བྱེད་པའོ། །དེས་ན་དང་པོའི་དབྱངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨ་དེ་དང་པོར་ལྡན་ཞེས་པ་ནི་ཤེས་རབ་མ་དང་གི་པདྨ་སྟེ། ཧཱུཾ(རྒྱུད་འགྲེལ་གྱི་རྣམ་པའོ། །དེ་ཡང་དབུས་སུ་ཧྭཱི(རྒྱུད་འགྲེལ་ཐམས་ཅད་དུ་ཞེས་པ་ནི་རྣལ་འབྱོར་མ་ཐམས་ཅད་ཀྱི་སྔགས་རང་གི་མིང་བརྗོད་པའོ། །ཡང་ནས་བོན་བཞི་ཞེས་པ་ནི་སྤྱི་བོར་ཨོཾ་མོ། །དེ་བཞིན་དུ་ཁར་ཨཱ(རྒྱུད་འགྲེལ་མ་ཐམས་ཅད་རིགས་ལྔའི་རིགས་ཅན་དུ་བྱས་པའོ། །གང་ཡང་དཀྱིལ་འཁོར་པ་དེ་རྣམས་ཀྱང་མ་ལ་སོགས་པ་རྟོག་པ་དང་པོའི་རབ་ཏུ་བྱེད་པ་དང་པོར་གསུངས་པ། འདི་ལྟ་སྟེ། མ་དང་སྲིང་མོ་ཉིད་དང་ནི། །དོ་བཞིན་བུ་མོ་གཉེན་མོ་དང། །ཏྲམ ་ཟེ་མོ་དང་རྒྱལ་རིགས་མའོ། །རྗེའུ་མོ་དམངས་མོ་གར་མཁན་མ། །ཁྲུས་མཁན་མ་དང་གཡུང་མོ་ཉིད། །གཏུམ་མོ་བཅུ་གཉིས་ཤེས་པར་བྱ། །དེ་རྣམས་ཀྱི་ཆོ་ག་ནི་ཇི་ལྟར་གསུངས་པ་བཞིན་དུ་བྱའོ། །དེས་ན་བསྒྲུབ་བས་ས་ཞེས་བྱ་བ་ལ་སོགས ་པ་ནི་བྷ་གར་མཚན་མ་གཞུག་པའེ། །དེ་ཡང་ཤ་གདང་མཚན་མ་དེ་དག་ཀྱང་རོ་གཅིག་པ་ཉིད་ངོ། །འོན་ཀྱང་རྡོ་རྗེ་ཧཱུཾ་ཡོངས་སུ་གྱུར་པས་བྱ་སྟེ། དེའི་ལྟེ་པ་ཨོཾ་དཀར་པོ་བྱང་ཆུབ་སེམས་ཀྱི་བུ་གར་རོ། །དེ་བཞིན་དུ་ཨཱ(རྒྱུད་འགྲེལ་སུ་ཆགས་པ་ཆེན་པོའི་རང་བཞིན་དྷཱི་ཞེས་པ་ནི་སྟེང་དུ་ཁ་ཕྱོགས་པའོ། །དེ་ལྟར་ཨོཾ་དང་ཧྲཱི(རྒྱུད་འགྲེལ་འབྱོར་མ་རྣམས་མི་འཛག་པ་ཉིད་དུ་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར། བཟླས་པའི་སྔགས་སུ་རབ་བསྟན་པའི། །བསམ་གཏན་གྱིས་ནི་ཡིག་གཅིག་འགྱུར་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པས་ངེས་པའོ། །དེ་བཞིན་དུ་སྒྲུབ་པ ་བོས་ཞེས་བྱ་བ་ལ་ཁ་ནས་ཧཱུཾ་དང་ཧྭཱི(རྒྱུད་འགྲེལ་འགྱུར་རོ། །ཁ་ཡིས་ཞེས་པ་ནི་ཨ་བྷ་དྷཱུ་ཏྭཱིའི་ལམ་ནས་བཟའ་བར་བྱའོ། །དེ་ཡང་དེ་ལས་བླངས་པ་སྟེ། ཁུ་པ་ཞེས་པ་ནི་གཅིག་ནི་རའི་རང་བཞིན་ནོ། །གཉིས་པ་ནི་ཡི་གེའི་དོན་ངེས་པ་གསུངས་པའི་ཚིག་གིས་འདིར་ཤུ་ཞེས་པ་ནི་ཨ་བ་དྷཱུ་ཏཱིའི ་ནང་དུའོ། །ཀྲི་ཞེས་པ་ནི་སྔོན་དུ་གསུངས་པའི་རོའི་མིང་ཅན་འཕོ་བས་ཐམས་ཅད་ཨ་པ་དྷཱུ་ཏཱིའི་བཞིན་དུ་འགྱུར་ཏེ། དེར་ཐིམ་པའི་ཕྱིར་རོ། །ཁྲག་གི་དུས་སུ་ཞེས་པ་ནི་ཆགས་པའི་དུས་སུ་སྔོན་དུ་གསུངས་པའི་ཚུལ་གྱིས་ལས་ཀྱིས་ཕྱག་རྒྱ་དང་རབ་ཏུ་སྦྱོར ་བའི་ཕྱིར་དེ་བྱ་ཞེས་དགོངས་སོ། །ཡང་ན་དཔང་པོ་གཉིས་ཡང་དག་པར་སྦྱོར་པ་ལས་སྐྱེས་པ་རང་གི་ཁའི་ལྕེས་བཟའ་བར་བྱ་ཞེས་པའོ། །རྒྱ་ལ་ཤེས་རབ་མ་རང་འབྱུང་གི་མེ་ཏོག་དང་ལྡན་པའི་དེའི་ཚེ་ཡང་དུས་དེར་བྱང་ཆུབ་སེམས་དང་ལྷན་ཅིག ་འདྲེས་པར་འགྱུར་བ་བཟའ་བར་བྱ་ཞེས་པ་ནི་ཁྲག་གི་དུས་སུ་ཞེས་བྱ་བ་ལ་སོགས་པ་དང་སྦྱར་རོ། །དེས་ན་རྣལ་འབྱོར་མའི་མཆོག་མཉེས་པར་འགྱུར་ཏེ། དེའི་ཚེ་སྒྲུབ་པ་པོ་རྣམས་ཀྱི་འདོད་པའི་འབྲས་བུ་འགྱུར་རོ། །སླར་ལ་ཡང་ཧཱུཾ་ཞེས་བྱ་བ ་ལ་སོགས་པའི་དེས་པའི་དོན་གསུངས་ཏེ། ཧཱུཾ་ཞེས་པ་ནི་མི་བསྐྱོད་པའོ། །ོཾ་ནི་རྣམ་པར་སྣང་མཛད་དོ། །ཱ(རྒྱུད་འགྲེལ་པ་དེ་རྣམས་སྐྱེས་ཙམ་ཉིད་ན་མངོན་པར་ཤེས་པ་ཐོབ་པར་འགྱུར་རོ། །དེས་ན་ཧྲཱི(རྒྱུད་འགྲེལ་ས་བོན་བཞི་ཞེས་པ་ནི་སྒྲུབ་པ་དང་ཆོས་དང་ལོངས་སྤྱོད་རྫོགས་པ་དང་བདེ་བ་ཆེན་པོའི་ས་བོན་ནོ། །ཡང་དག་ལྡན་ཞེས་པ་ནི་ས་བཅུ་གཉིས་ཀྱི་རྣལ་འབྱོར་མའོ། །དེས་ན་མཆོད་པ་བཞི་ཞེས་པ་ནི་དུས་བཞི་གང་གི་མཆོད་པ་ནི་རྫོགས་ལྡན་ལ ་སོགས་དུས་བཞི་གང་གིས་ཤེས་དགོངས་སོ། །དེ་ཡང་ཆོས་ཀྱིས་འཇུག་པའི་ཚུལ་གྱིས་སོ། །ཡང་ན་ས་བོན་བཞི་ཞེས་པ་ནི་ཨོཾ་ཨཱ(རྒྱུད་འགྲེལ་འབྱོར་མ་པདྷ?་གཉིས་པོ་རེ་རེའི་ཡི་གེ་ས་བོན་བཞིའི་དབུས་སུ་ངོས་པོར་སྦྱར་བའོ། །བསྡུས་ན་ཨོཾ་ཨཱ་ཨཱཾ་ཧྭཱི(རྒྱུད་འགྲེལ་པོ་རྣམས་ཀྱི་དབུས་སུ་ཨ་ལ་སོགས་པ་དབྱངས་བཞི་རྫོགས་ལྡན་གྱི་སྟེ། ཨ་ཨཱ་ཨི་ཨའི། དེ་བཞིན་དུ་གསུམ་ལྡན་ལ་ཨུ་ཨའུ་ཨེའོ། །གཉིས་ལྡན་ལ་ཨི་ཨོའོ། །རྩོད་ལྡན་དུས་ལ་ཨཽའོ། །རྫོགས་ལྡན་དང་རྩོད་ལྡན་གྱི་དུས་ཀྱི་དབུས་སུ་ཆོག ་མ་དང་ཐ་མར་ཨཾ་ཨ(རྒྱུད་འགྲེལ་ཉམས་སུ་མྱོང་བའི་དུས་ནི་གཉིས་ལྡན་ནོ། །རང་བཞིན་མེད་པའི་དུས་སུ་རྩོད་དུས་སོ། །ཞེས་དགོངས་སོ། །དེས་ན་ཞེས་བྱ་བ་ལ་སོགས་པ་ལ། །རྡོ་རྗེ་དང་བྷ་ག་དག་ཅེས་པ་ནི་སྣ་ཚོགས་པའི་ཆོས་ནི་ཆོས ་ཉིད་དུ་ཉེ་བར་སྤྱད་པར་བྱས་ནས་གང་དུ་སྐྱེས་པ་དེས་ཐིམ་པར་འགྱུར་ཏེ། བཅོམ་ལྡན་འདས་ཞེས་པ་འོད་གསལ་བའི་མཐར་ཡང་དང་ཡང་ལྡང་པར་བྱའོ། །དེས་ན་དེར་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོང་པ་དང་སྙིང་རྗེའི་ས་བོན ་གཉིས་པོ་འདིས་ཏེ། ཁ་ཞེས་པ་ནི་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་སེམས་ཏེ། དེས་ན་བཟའ་ཞེས་པ་ནི་ཉེ་བར་བསྡུ་བའོ། །ཁུ་བ་ཞེས་པ་ནི་འོད་གསལ་བའི་འབྲས་བུ་བཟང་པོའི་རྒྱུ་ཞེས་པའོ། །དེ་ཡང་ཁྲག་གི་དུས་སུ་ཞེས་པའི་སྙིང ་རྗེའི་དུས་སུ་བསམ་གྱིས་མི་ཁྱབ་པ་གཉིས་མེད་པའི་ཉིད་ངེ་འཛིན་གྱི་ཚུལ་གྱིས་བཟའ་བར་བྱ་བའོ། །འདི་ནི་མདོར་བསྡུས་ཏེ་གསུངས་སོ། །རྒྱས་པར་ཡང་རྒྱུད་སྣ་ཚོགས་པའི་དགོངས་པས་རྟོགས་པར་བྱའོ། །དེ་བཞིན་དུ་སེམས་ཅན་རྣམས ་ཀྱི་བསི་བ་སྣ་ཚོཊ་པས་དེ་རྣམས་ཀྱི་བསཾ་བརྣམས་གཅིག་ཏུ་བྱ་བའི་ཕྱིར་ཐབས་རྣམས་བསྟན་པ་གསུངས་ཏེ། དེར་ནི་སྔགས་ཀྱི་བཟླས་པ་བྱ་ཞེས་པ་ནི་རྟོག་པ་ཐམས་ཅད་ཉམས་སུ་མྱོང་བའི་དུས་སུ་དག་གི་སྒོ་ནས་བརྗོད་པའི་ཡི་གེ་ནི་སྔགས ་སོ། །དེ་རྣམས་ཀྱི་རང་རིག་པ་བསམ་དུ་མེད་པ་ཉིད་ནི་བཟླས་པའོ། །དེར་ནི་ཞེས་པ་ནི་མི་འཛག་པའི་གནས་སུ་རྡོ་རྗེ་བཟླས་པ་བྱ་སྟེ། རླུང་བཅུ་རྣམས་ངེས་པར་བཟུང་བའི་ཐབས་ཏེ་ཧཱུཾ་གི་མིང་ཅན་གྱིས་སོ། །ཡེ་ཤེས་སེམས་དཔའ་ ་དེ་ཉིད་ཀྱི་སྙིང་གར་ཏིང་ངེ་འཛིན་སེམས་དཔའ་སྟེ། འདབ་མ་བརྒྱད་ལ་ལྷ་མོ་རྣམས་ཉེ་བར་དགོད་པའི་ཕྱིར་རོ། །དེའི་ཆེ་རིམ་པ་བཞིན་ཤར་གྱི་འདབ་མ་ལ་སོགས་པར་གཡས་བསྐོར་གྱིས་རྡོ་རྗེ་ཕག་མོ་ལ་སོགས་པ་དགོད་པའོ། །དྲག ་མོ་ཞེས་པ་ནི་ཞེ་སྡང་བསྐྱེད་པའི་རྩ་བའོ། །དེ་བཞིན་དུ་ལུས་ནི་གཏི་མུག་བསྐྱེད་པའོ། །ཆགས་མ་ཞེས་པ་ནི་འདོད་ཆགས་བསྐྱེད་པའོ། །ཞི་བ་ཞེས་པ་ནི་ཞི་བ་བསྐྱེད་པའོ། །གནོད་སྦྱིན་ཞེས་པ་ནི་ཕྲག་དོག་གོ་།མཁའ་འགྲོ་མ་ཞེས་པ་ནི་ངར་འཛིན ་བའོ། །སྤྲ་ཞེས་པ་ནི་སོར་སྣའོ། །ས་ཞེས་པ་ནི་ང་རྒྱལ་རྒྱུ་བ་ཅན་ཞེས་པའོ། །དེ་ལྟར་ཡང་དམ་ཚིག་སེམས་དཔའ་བཞིན་དགྱེས་པའི་རྡོ་རྗེའི་རྣལ་འབྱོར་མ་ཕྱག་བཞི་པ་བསྒོམས་བས་དེ་རྣམས་ཀྱི་ཉེས་པ་དང་བྲལ་ལོ། །སླར་ཡང་རྩ་བརྒྱད་པོ་དེ་རྣམས་ཀྱིས ་ཞེ་སྡང་ཆེན་པོ་ལ་སོགས་པ་བསྐྱེད་པའི་ཕྱིར་རྫོགས་པ་ཡང་སྟེ་ཐམས་ཅད་ལ་རྡོ་རྗེའི་སྒྲས་བརྗོད་དོ། །དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོར་ཕྱག་བཞི་བ་འམ་ཕྱག་དྲུག་པ་ལྷ་མོ་བརྒྱད་གྱིས་བསྐོར་རོ། །དེ་ཉིད་ཀྱིས་གཉིས་ལྡན་གྱི་དུས་སུ་སྦྱིན་པ ་ལ་སོགས་པ་ལ་འཇུག་པས་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་མཐོང་པར་འགྱུར་རོ་ཞེས་སྦྱར་རོ། །ད་ལྟར་གྱིས་དུས་སུ་ཡང་དབང་པོ་རྣོན་པོ་རྣམས་ལ་གསལ་བར་འགྱུར་ཏེ། གཞན་དུ་མ་ཡིན་ཞེས་དགོངས་སོ། །དེ་ལྟར་དེ་སོགས་པ་བསྟན ་པ་དེའི་ཚེ། སྒོམ་པ་པོ་རྣམས་ཀྱི་སྒྲུབ་ཐབས་ཀྱིས་དོན་ཏུ་ཏིང་ངེ་འཛིན་གསལ་བར་བྱས་པ་ནི་འདིར་རྙེད་སྨ་བའི་ཕྱིར་རོ། །བདག་གིས་ནི་དགོས་བཙམ་ཞིག་བསྟན་ཏོ། །དེ་ཡང་བདག་གི་བླ་མའི་བཀས་སོ། །རང་གི་རང་བཟོས་ནི་མ་ཡིན་ཏེ་བིས ་བ་རྣམས་ཀྱིས་སུན་འབྱིན་ཅིང་མཐོ་འཚམས་པས་འཇིགས་པའི་ཕྱིར་རོ་ཞེས་པ་ནི་ངེས་པའོ། །གང་ཕྱིར་བྱིས་པ་སྐྱེ་པོས་ཡོན་ཏན་ཅན་མི་བཟོད་ཅིང་ཉེས་པས་རྒས་པར་འགྱུར། །སྲིད་པ་གསུམ་དུ་མི་བདེན་དངོས་པོ་མི་རྟག་པ་ཉིད་འདིར་ནི་འདིར? ་མི་རིག་།དེའི་ཕྱིར་སྡུག་བསྔལ་ལས་ཀྱིས་བྱིས་པ་རྣམས། །ཤི་ནས་དུ་འབོད་ལ་སོགས་དམྱལ་བར་འགྲོ། །བློ་ལྡན་རྣམས་ལ་གདུག་པ་གྲངས་མེད་འཚེ་བ་ཀྱི་ཧུད་སྙིང་རེ་རྗེ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་གཉིས་པའི་རབ་ཏུ་བྱེད་པ ་གསུམ་པའི་རྒྱ་ཆེར་འགྲེལ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བཞེས་པའི་གཞུང་བསྟན་པ་སྟེ། །གསུམ་པའོ།། །།ད་ནི་རྩོད་པའི་དུས་ཀྱི་སེམས་ཅན་མངོན་སྤྱོད་ཀྱི་ལས་ལ ་སོགས་པ་ལ་དགའ་བ་རྣམས་ཀྱི་ཞི་བ་ལ་སོགས་པའི་ལས་བྱ་བའི་ཕྱིར་དང་ཐབས་དང་བཅས་པས་སེམས་ཅན་གྱི་དོན་དུ་སྒྲུབ་ཐབས་སྣ་ཚོགས་པའི་ཕྱིར་མདོར་བསྟན་པའི་རབ་ཏུ་བྱེད་པ་གསུམ་གྱི་མཐར་སླར་བཤད་པ་བརྗོད ་དོ། །ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཞེས་པ་ནི་རྡོ་རྗེ་སྙིང་པོ་ལ་བོས་ཏེ་ཉོན་ཅིག་ཅེས་པའོ། །དེ་ལྟར་ཚུལ་བཞིན་ཞེས་པ་ནི་གོ་རིམས་བཞིན་ཏེ། སྔོན་དུ་གསུངས་པའི་དུས་རྣམས་ཀྱི་མཐར་རྩོད་པའི་འདུས་ཀྱི་ངེས་པ་གང་གི ་དུས་གསུམ་ཡང་ཡོངས་སུ་ཤེས་པར་འགྱུར་རོ། །དེས་ཀྱང་བསྐལ་པ་བཟང་པོའི་ནང་དུ་སེམས་ཅན་རྣམས་ཀྱི་བློ་བུར་བའི་དྲི་མ་རྗེས་སུ་བསྡུས་པ་གང་ཡིན་པ་དེ་ཐམས་ཅད་ཡོངས་སུ་ཟད་པར་འགྱུར་བའོ། །དེས་ན་འཁོར་ལོ་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། འཁོར་ལོ་ཡང་འཆན?་བཞིན་པ་དེས་སོ། །བསྒྲུབ་བྱ་ཞེས་བྱ་བ་ནི་བསྒྲུབ་པར་བྱའོ། །ཁྱད་པར་ཉིད་ཅེས་བྱ་བ་ནི་མན་ངག་ཇི་ལྟ་བ་ལས་རྣལ་འབྱོར་གྱིས་ནུས་པས་ཞེས་པ་སྟེ་ངེས་པའོ། །ངེས་ཀྱང་ཅི་ཞིག་བྱེད་ཅེ་ན་གསུངས་པ། ་??་བ་ཞེས་བྱ་བ་ལ་སོགས་པ་ནི་འདིར་གཅིག་གིས་ཀྱང་བསྒྲུབ་བྱའི་ཁྱད་པར་སྣ་ཚོགས་པ་བྱེད་དེ་ཞི་བ་དང་རྒྱས་པ་ལ་སོགས་པའོ། །དེ་ཡང་རེ་མིག་ཅེས་བྱ་བ་ལ་སོགས་སྟེ། རེ་མིག་དགུའི་འཁོར་ལོ་འདབ་མ་བརྒྱད་པ་བཞིན་འགྲོ་བའི་འདབ་མ་ལ ་སོགས་པ་རྣམས་གུར་ཀུམ་དང་བ་ལང་གི་གི་ཝང་ལ་སོགས་པས་བྲ་བར་བྱའོ། །སོགས་པའི་སྒྲས་ནི་རེ་མིག་སྟོང་གི་མཐར་ཐུག་པར་བྲི་བར་བྱ་ཞེས་པའོ། །ཕྱི་རོལ་མུ་ཁྱུད་ཅས་པ་ན་སེམས་ཅན་ཐམས་ཅད་རྣམས་ཀྱི་ངེས་པས་བྱ་ཞེས་སྦྱར ་རོ། །དེ་བཞིན་དུ་ལས་ཀྱི་ཁ་དོག་སོགས་ཞེས་པ་ནི་ཞི་བ་ལ་སོགས་པའི་ལས་ཀྱི་ཁྱད་པར་གྱིས་ཡི་གེ་རྣམས་དཀར་པོ་ལ་སོགས་པའི་མདོག་ཏུ་བསྒོམ་པར་བྱའོ། །འཁོར་ལོ་ཞེས་པ་ནི་བསྒོམ་བར་བྱ་བ་འམ་དངོས་སུ་བྱ་ཞེས་དགོངས་སོ། ། ་ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་འཕགས་མ་སྒྲོལ་མའི་ཡི་གེ་བཅུའི་སྔགས་ཀྱི་བསྲུང་པའི་འཁོར་ལོའོ། །འདིའི་ཞེས་པ་ནི་སྔགས་འདིའི་དཔུས་ཀྱི་རེ་མིག་ཏུ་ཨོཾ་དེ་པ་དཏྟ་སྱ་ཤཱནྟི་ཞེས་བྱ་བ་ལ་སོགས་པ་ཀུ་རུ་ཧ་ཞེས་པའོ། །དེ་བཞིན་དུ་ཤར ་ལ་སོགས་པའི་འདབ་མ་བརྒྱད་ལ་གཡས་བསྐོར་དུ་རིམ་པ་བཞིན་ཨོཾ་དེ་བ་དཏྟ། དེ་བཞིན་དུ་ཨོཾ་ཆེ་གེ་མོ་རེ། ཨོཾ་ཆེ་གེ་མོ་ཏུད། ཨོཾ་ཆེ་གེ་མོ་ཏཱ། ཨོཾ་ཆེ་གེ་མོ་རེ། ཨོཾ་ཆེ་གེ་མོ་ཏུ། ཨོཾ་ཆེ་གེ་མོ་རེ། ཨོཾ་ཆེ་གེ་མོ་སྭཱ་ཞེས་བྲིའོ། །དེ་ལྟར་ཕྱི་རུ་ར་ཀཱས ་བསྲུངས་པ་དེའི་ཚེ་སྒྲུབ་བ་པའི་གནས་ལ་སོགས་པ་སྟོང་པ་ཉིད་ཀྱིས་བསྲུང་བ་གསུངས་ཏེ། མཉམ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་བཞིན་དུ་སེམས་ཅན་ཞེས་བྱ་བ་ལ་སོགས་པ་ནི་མཆོད་པའི་རྣམ་པར་དང་ཡོན་དང་མེ་ཏོག་ལ ་སོགས་པའི་དངོས་པོ་རྣམས་གནས་དན་པ་དང་དུས་ཀྱི་ཁྱད་པར་གྱི་མ་ཐོབ་པ་དེའི་ཚེ་སེམས་ཅན་ནད་པ་རྣམས་ཀྱི་ཕྱིར་རྣལ་འབྱོར་བསྒོམས་པས་ཞེས་པ་ནི་ཅུང་ཟད་རྣལ་འབྱོར་ལ་གོམས་པའི་དབང་གིས་ནུས་པའི་དངོས་པོས་བྱང ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་སྦྱོར་བ་བསྟན་པའི་ཕྱིར། །ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་འདིར་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་དཔལ་སྒྱུ་འཕྲུལ་དྲ་པ་ལས་འབྱུང?་པ་བརྗོད་དོ། །རྒྱུད་འདི་ནི་མདོར་བསྡུས ་པ་ཉིད་གསུངས་ཏེ། དེས་ན་ཟློ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་རྣམས་སུ་ནི་རྒྱས་པར་གསུངས་སོ་ཞེས་དགོངས་སོ། །དེ་གསུངས་བ་ཐོ་རངས་གདོང་དག་པ་ལ་སོགས་པ་བྱས་ཏེ་བསམ་གཏན ་གྱི་གནས་སུ་ཞུགས་ནས་བདེ་བའི་སྟན་ལ་འདུག་སྟེ། བཅོམ་ལྡན་འདས་སྒྲོལ་མའི་བྲིས་སྐུ་ལ་སོགས་པར་ཆུང་པར་དམིགས་ལ་མཎྜལ་བྱས་ཏེ། མེ་ཏོག་ལ་སོགས་པ་ཉེ་བར་སྦྱོར་བ་ལྔའི་མཆོད་པ་རྣམས ་དབུལ་ལོ། །མ་འབྱོར་ན་ཐམས་ཅད་ཡིད་ཀྱིས་བྱའོ། །དེ་ནས་གཏོར་མ་ཡང་སྦྱིན་པར་བྱའོ། །རང་གི་སྙིང་གའི་ཟླ་བར་ཡི་གེ་ཏཱཾ་ལས་འོད་ཟེར་རྣམ་པ་ལྔ་འཕྲོས་ཏེ་རང་གི་བདག་ཉིད་སྦྱངས་ཏེ་སླར་འོངས་ནས་ཨོཾ་བཛྲ་ཨེ་མྲི་ཏེ་ཧཱུཾ་ཕཊ་ཅེས་པའི་སྔག ་འདོན་ཅིང་སེ་གོལ་བརྡབས་པས་བགེགས་རྣམས་བསྐྲད་པར་བྱའོ། །སླར་ཡང་སྔོན་གྱི་ས་བོན་ལས་འོད་ཟེར་རྣམས་འཕྲོས་པས་བཀུག་ནས་ནམ་མཁར་བཞུགས་པའི་ལྷ་མོ་དེ་ལ་ཡིད་ལ་འདོད་པའི་མཆོད་པ་བྱས་ཏེ། སྡིག་པ ་བཤགས་པ་ལ་སོགས་པ་བྱས་ནས་ཉེ་བར་བསྡུ་བར་བྱའོ། །དེ་ནས་ཨོཾ་སྭ་བྷཱ་བ་ཤུདྡྷ་སརྦ་དྷ་རྨཱ་སྭ་བྱ་བ་ཤུདྡྷོ། ཧཾ་ཞེས་བརྗོད་དོ། །དེ་བཞིན་དུ་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱ་ཏྭམ་ཀོ་ཧཾ་ཞེས་པའི་སྔགས་འདིས་རང་དང་གཞན ་ཁམས་གསུམ་པ་སྟོང་པར་བོས་མ་པར་བྱ་སྟེ། བྱང་ཆུབ་ཀྱི་ཚོགས་ཀྱི་སྒོམ་པའི་ཕྱིར་སེམས་ཅན་དུ་གནས་སོ། །དར་ནི་པཾ་སྐྱེས་པདྨ་ཨཾ་སྐྱེས་ཟླ། བྲུཾ་ཞེས་པ་ནི་སྟེང་དུ་དགོད་དེ་འགྱུར་འཁོར་ལོར་བཅས་པ་ཡི། །གཞལ་ཡས་ཁང་པ ་རྣམ་པར་བསྒོམ། །གྲུ་བཞི་ལ་སོགས་པས་བརྒྱན་པ། །རྔ་ཡབ་ལ་སོགས་སྣ་ཚོགས་བརྒྱན། །དེ་ཡི་དབུས་སུ་པད་ཆེན་པོ། །སྣ་ཚོགས་འདབ་མ་སར་འིན?་ཏུ་མཛེས། །རི་དགས་ཀྱིས་མཚན་སྟེང་དུ་ནི། ཟླ་བར་པཾ་ལྗང་རྣམ་པར ་བསྒོམ། །འོད་ཟེར་ཕྲེང་བའི་ལྕགས་ཀྱུ་ཡིས། །སངས་རྒྱས་ཐམས་ཅད་བཀུག་ནས་ནི། །དེ་གྱུར་པ་ལས་བདག་ཉིད་ནི། །ལྷ་མོ་སྒྲིལ་མར་རྣམ་བསྒོམ་བྱ། །དེས་ན་པདྨའི་གདན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེའི་ཡན་ལག་དྲུག ་པའི་ཡི་གེ་དགོང་པའི་ཕྱིར་བསྒོམ་པར་བྱ་ཞེས་གསུངས་ཏེ། ཨོཾ་ཏཱ་རེ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སླར་ལ་ཡང་སྔོན་དུ་གསུངས་པའི་འཁོར་ལོ་གུང་གུམ་འམ་བ་ལང་གི་གི་ཝང་ལ་སོགས་པས་བྲིས་ཏེ་ལྷ་མོའི་སྙིང་ཁར་བསྒོམ ་པར་བྱའོ། །གཞན་ཡང་ད་བད་བསྐུར་བ་དང་མཆོད་པ་ལ་སོགས་པ་ཐམས་ཅད་བྱའོ། །དེ་བཞིན་དུ་ལྷ་མོ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ་སྟེ། དེ་ལྟར་ཤར་གྱི་འདབ་མ་ལ་རྡོ་རྗེ་སྒྲོལ་མའོ། །ལྷོ་རུ་རིན་ཆེན་སྒྲོལ་མའོ། །ནུབ་ཏུ་པདྨའི་སྒོལ ་མའོ། །བྱང་དུ་སངས་རྒྱས་སྒྲོལ་མ་སྟེ། ཤར་ལ་སོགས་བར་རིམ་པ་བཞིན་ནག་པོ་དང། སེར་པོ་དང། དམར་པོ་དང། དཀར་བོའོ། །དེ་བཞིན་དུ་ཤར་ལ་སོགས་པའི་མཚམས་སུ་མེ་ཏོག་གི་སྒྲོལ་མ་དང། སྤོས་ཀྱི་སྒྲོལ་མ་དང། མང་མེའི་སྒྲོལ ་མ་དང། དྲིའི་སྒྲོལ་མའོ། །དེ་རྣམས་ཀྱི་མདོག་ནི་དཀར་པོ་དང། ནག་པོ་དང། སེར་པོ་དང། དམར་པོ་དང། དེ་ཡང་ཞལ་གཅིག་ཕྱག་གཉིས་པ་ཐམས་ཅད་ཀྱི་གཡོན་པ་ནི་ཨུཏཔ་ལ་འཛིན་པའོ། །ཐམས་ཅད་ཀྱི་གཡས་ཀྱི་མཆོད་སྦྱིན་གྱི་ཕྱག་ལ ་རང་གི་མཚན་མས་མཚན་པ་སྟེ། དེ་ཡང་ཕྱོགས་ཀྱི་ལྷ་མོ་བཞིའི་ཤར་ལ་སོགས་པའི་ཕྱག་གཡས་པ་རྡོ་རྗེ་དང། རིན་པོ་ཆེ་དང། པདྨ་དང། འཁོར་ལོ་འཛིན་པའོ། །དེ་བཞིན་དུ་བ་ཚམས་རྣམས་ཀྱི་གཡས་ལ་ཕྲེང་བ་དང། སྤས་ཁང་དང། ་མར་མེའི་མཆོད་སྡོང་དང་དྲིའི་དུང་ཕོར་རོ། །དེ་བཞིན་དུ་སྒོ་བཞི་རུ་སྒོ་སྐྱོང་རྣམས་ནི་དྲག་མོའོ། །ནང་གི་རྣལ་འབྱོར་མ་བརྒྱད་ནི་བཅོམ་ལྡན་འདས་བཞིན་བཞི་བའོ། །དེ་བཞིན་དུ་བཅོམ་ལྡན་འདས་ནི་མཆོད་སྦྱིན་དང་ཨུཏཔ་ལ་འཛིན་པའོ། །དེ་བཞིན་དུ་ཤར་གྱི་སྒོ ་ལ་སོགས་པ་རྣམས་སུ་སྒོ་སྐྱོང་རྣམས་ཏེ། རྡོ་རྗེ་ལྕགས་ཀྱུ་མ་དང། རྡོ་རྗེ་ཞཊ་པ་མ་དང། རྡོ?་ལྕཊ་སྒྲོག་མ་དང?་རྡ་དྲིལ་བུ་མ་ཉི་མིའི་དཀྱིལ་འཁོར་གྱི་སྟེང་དུ་ཞལ་གཅིག་ཕྱག་གཉིས་མ་དྲག་མོ་ཆེན་མོ། །རྡོ་རྗེ་ལྕགས་ཀྱུ་དང། རྡོ་རྗེ་ཞགས་པ་དང། རྡོ་རྗེ་ལྕགས ་སྒྲོག་དང། རྡོ་རྗེ་དྲིལ་བུ་ཕྱག་ན་བསྣམས་པ་བསམ་པར་བྱའོ། །དེ་བཞིན་དུ་རྣལ་འབྱོར་མ་བརྒྱད་ཟླ་བའི་སྟེང་དུ་བསྒོམ་པར་བྱའོ། །དེ་བཞིན་དུ་བཅོམ་ལྡན་འདས་མའི་སྔགས་ཡི་གེ་བཅུ་བཟླས་པ་བྱའོ། །ཡང་ན་ལས ་ཐམས་ཅད་པ་ཨོཾ་ཀུ་རུ་ཀུལླེ་ཧྲཱི(རྒྱུད་འགྲེལ་སུའོ། །ཧཱུཾ་ཕཊ་མཛའ་མར་རོ། །གཞན་ལས་ཐམས་ཅད་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཡང་ན་འཆང་བཞིན་པའི་སྒྲོལ་མའི་གཟུགས་བསྒོམ་པར་བྱའོ། །དེ་ལྟར་རྣལ་འབྱོར་དེ་ཉིང་བླ་ན་མེད་ཅེས་པ་ནི་སྔོན་དུ་གསུངས་པའི་ནང་གི ་ཚུལ་གྱིས་དུས་དང་འཕོ་བ་འབྱུང་བའོ། །དེས་ན་དུས་ཀྱི་རྩ་རྣམས་རྒྱུ་བ་རྟོགས་པར་བྱའོ། །ད་ནི་རིགས་བྱེད་མའི་སྒྲུབ་ཐབས་བསྟན་པའི་ཕྱིར་ཉི་མའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་དུ་གསུངས་པའི་གདོང་དག་པ་ལ་སོགས ་པ་བྱས་ནས་དེ་དང་འདྲ་བར་ཐམས་ཅད་བྱའོ། །འོན་ཀྱང་དུར་ཁྲོད་བརྒྱད་ཀྱི་དབུས་སུ་བདུད་རྩི་ལྔ་ལ་སོཊ་པའི་གཏོར་མ་དང། མཆོད་པ་ལ་སོགས་པའོ། །དེའི་སྔགས་ནི་ཨོཾ་ཀུ་རུ་ཀུ་ལླེ་དྷཱི་དེ་བ་དཏྟ་བ་ཤ་མ་ནཱ་ཡེ་སྭཱཧཱ་ལྷག་མ་ནི་གོ་སླའོ། །ད་ནི ་རྩོད་པའི་དུས་སུ་ཤེས་རབ་ཆུང་དུ་དང་ལྡན་པ་རྣམས་ཀྱིས་ཤེས་རབ་འཕེལ་བར་བྱ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉིད་ཀྱི་སྒོམ་པ་བརྗོད་དེ། འདབ་མ་བརྒྱད་པ་ཞེས་བྱ་བ་ལ་སོགས་པ་ནི ་འདིར་དང་པོ་རེ་ཞིག་བསྒོམ་པའི་དུས་སུ་ཤིན་ཏུ་རྣམ་པར་དག་པ་ཉམས་དགའ་བའི་གནས་སུ་སྟེ། མཆོད་པ་སྣ་ཚོགས་པ་དང། དར་དང་རྒྱན་ལ་སོགས་པས་བརྒྱན་པ་སྤོས་ཀྱིས་བདུག་པ་རུ་བདེ་བའི་སྟན་གྱི་སྟེང་དུ་འདུག་སྟེ། རང་གི ་བདག་ཉིད་ཀྱིས་ཇི་ལྟར་གསུངས་པ་བྱའོ། །འདིར་སྔོན་དུ་གསུངས་པའི་དབང་བསྐུར་བའི་དཀྱིལ་འཁོར་གྱི་ཆོ་ག་བཞིན་འདིར་ཡང་དེ་ལྟར་བྱའོ། །དེའི་དབུས་སུ་འདབ་མ་བརྒྱད་པའི་འཁོར་ལོ་འདི་ཞེས་པ་ལ་འཁོར་ལོའི་སྒྲ་ནི་པདྨའོ། །དེ་ཡང་ཁ ་དོག་དཀར་པོ་ཤིན་ཏུ་མཛེས་ཞེས་པ་ནི་ལྟེ་བ་དང་ཟེ་འབྲུས་བརྒྱན་པ་སྟོང་བུ་ཁ་བྱེ་བའོ། །མཉམ་པ་ཉིད་ཀྱི་གཟུགས་བསམ་ཞེས་པ་ནི་འདིར་མཉམ་ཉིད་ནི་དངོས་པོ་ཐམས་ཅད་གཅིག་གི་རང་བཞིན་དུ་བསམ་པ་སྟེ། བརྟན་པ་དང་གཡོ་པའི ་དངོས་པོ་རྣམས་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དུ་ཡང་དག་པར་བསམ་པའོ། །དེ་བཞིན་དུ་ཁམས་གསུམ་གྱི་ནི་རང་བཞིན་ཉིད་ཅེས་པ་ནི་གང་གི་ཕྱིར་འདིར་ལུས་དང་དག་དང་སེམས་ལས་བྱུང་བའི་ཁམས་གསུམ་གྱི་མིང ་ཅན་དངོས་པོ་ཐམས་ཅད་དེ། དེ་རྣམས་ཀྱི་རང་བཞིན་ཡོངས་སུ་ཤིས་པའི་ཆོས་ཀྱི་སྐུ་ཞེས་པའི་དོན་ཏོ། །དེ་ཡང་སྔོན་གྱི་ཞེས་བྱ་བ་ལ་སོགས་པ་ལ་སྔོན་གྱི་མཚན་ཉིད་ཅེས་པ་ནི་ཆོས་ཀྱི་དབྱིངས་དེ་དང་ལྡན་པ་སྟེ། དེ་ཡེ་ཤེས་དང་ཤེས་བྱ་དག ་དབྱེར་མེད་པའི་དངོས་པོའོ། །དེ་ཡང་སྔོན་དུ་གསུངས་པ་ཞེས་པ་ནི་ཡེ་ཤེས་དང་ཤེས་བྱ་གཅིག་པ་ཉིད་ལས་གང་སྐྱེས་པའི་དངོས་པོ་བསམ་གྱིས་མི་ཁྱབ་པ་གཉིས་མེད་པ་དེ་ཉིད་བསྒྲུབ་པར་བྱ་ཞེས་དགོངས་སོ། །དེའི་ཉེ་བར་སྤྱོང་པ་གསུངས་ཏེ། ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྡོ་རྗེ་སེམས་དཔའ་ཨི་བསྒོམ་པ་བསྟན་པའི་ཕྱིར། །ཤེས་རབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཉེར་འབར་ཞེས་བྱ་བ་ནི། དེའི་གསལ་བ་ཉིད་དུ་འགྱུར་བའོ། །དེས་ན་ལས་འདི་བྱའོ། །ཡང ་ཨོཾ་ལ་སོགས་པའི་ཡི་གེ་བཅུའི་སྔགས་རིམས་ལས་བཟློག་སྟེ་རྣམ་པར་རྨོངས་པར་བྱ་བའི་ཕྱིར་གསུངས་པ་ནི་ཁ་ཅིག་གི་ཚིག་གོ་།ཡང་ན་བཟླས་པའི་སྔགས་ལ་མཆོད་པ་ལ་སོགས་པའི་ལས་ཐམས་ཅད་བྱའོ། །དེ་བཞིན ་དུ་བསྒོམ་པའི་ཞེས་བྱ་བ་ལ་སོགས་པ་ལ། །དངོས་པོ་ཞེས་པ་ནི་ས་བོན་དང་མཚན་མ་ལ་སོགས་པའི་དངོས་པོའོ། །དངོས་པོ་དེས་བསྒོམ་པར་བྱའོ། །དེར་ཅི་བསྒོམ་ཞེ་ན། འོད་ཟེར་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། རང་གི་སྙིང་གའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་གནས་པའོ། །ཤེས་རབ་བདག་ཉིད་ཅེས་པ་ནི་དྷི་འོད་ཟེར་སྣ་ཚོགས་པའི་རང་བཞིན་ཏེ། དེས་རང་གི་བདག་ཉིད་དང་ཁམས་གསུམ་པ་ཤིན་ཏུ་རྣམ་པར་དག་པར ་བྱས་པའོ། །ཡང་ན་ཤེས་རབ་བདག་ཉིད་ཅེས་པ་ནི་ཨོཾ་པྲ་ཛྙཱཾ་ཞེས་བྱ་བ་ལ་སོགས་པའི་ཡི་གེ་བཅུའི་སྔགས་དེས་བྱ་བའོ། །དྲི་མེད་པ་ཞེས་བྱ་བ་ནི་རྣམ་པར་དག་པའི་ཤེལ་ལྟར་སྣང་བའོ། །དེ་ལྟར་བཅོམ་ལྡན་འདས་མ་སྤྱན་དྲངས་ཏེ། །མཆོད་པ ་དང་སྡིག་པ་བཤགས་པ་ལ་སོགས་པ་རྣམས་བྱའོ། །སླར་ཡང་ཟླ་བ་དང་ས་བོན་གྱི་ཚུལ་གྱིས་འདི་དག་ཡོངས་སུ་གྱུར་པ་ལས་བསྐྱེད་པའི་ཕྱག་གཉིས་ཞེས་པ་ལ་སོགས་པ་ནི་གོ་སླའོ། །ཤེས་རབ་བདག་ཉིད་ཅེས་པ་ནི་ཡི་གེ་བཅུའི་སྔགས ་ཏེ། དེ་བཟླས་པས་དེའི་ཤེས་རབ་མངོན་སུམ་དུ་འཕེལ་བའི་དོན་ཏེ་ལྷག་མ་ནི་གོ་སླའོ། །ད་ནི་རྣམ་པར་སྣང་མཛོད་ཀྱི་སྒྲུབ་ཐབས་བསྟན་པའི་ཕྱིར། ཟླ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཞི་བའི་ལས་ནི་རྣམ་པར ་སྣང་མཛད་ཀྱི་ཏིང་ངེ་འཛིན་གྱིས་བྱའོ། །ས་བོན་ཡི་གེ་ཞེས་པ་ནི་ཨོཾ་མོ། །ལྷག་མ་དཀྱིལ་འཁོར་དང་གཞལ་ཡས་ཁང་ལ་སོགས་པ་ནི་སྔོན་བཞིན་དུ་བྱའོ། །ངེས་པའི་དོན་དུ་ནི་རྣལ་འབྱོར་མའི་རིགས་སྣ་ཚོགས་པ་ཐམས ་ཅད་ཀྱང་རིགས་གཅིག་ཏུ་འགྱུར་རོ། །གཞན་ནི་གོ་སླའོ། །སྦྱོར་བའི་རིམ་པ་དེ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་ནི་སྔོན་དུ་གསུངས་པའི་རིམ་པས་རྣམ་པར་སྣང་མཛད་ཀྱི་རང་བཞིན་དང། དེ་བཞིན་དུ་རིན་ཆེན་འབྱུང་ལྡན ་གྱི་དང། འོད་དཔག་མེད་ཀྱི་དང། །དོན་ཡོང་གྲུབ་པའི་བསྒོམ་པའི་དཀྱིལ་འཁོར་གྱི་འཁོར་ལོ་དང་ལྷན་ཅིག་ཇི་ལྟར་གསུངས་པའི་ཚུལ་གྱིས་བྱའོ། །དེ་ལྟར་གོ་སླ་བ་ཉིད་ཀྱིས་ན་བདག་གིས་རྣམ་པར་མ་ཕྱེའོ། །ད་ནི་སྤྱན་མ་ལ་སོགས ་པའི་ལྷ་མོ་རྣམས་ཀྱི་སྒྲུབ་ཐབས་བསྟན་པའི་ཕྱིར། ནམ་མཁའ་ཨི་དབྱིངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྔོན་དུ་གསུངས་པའི་ཁོང་པ་བརྩེགས་མའི་དཀྱིལ་འཁོར་གྱི། དབུས་སུ་སྤྱན་མ་དང། མཱ་མ་ཀཱ་དང། གོས ་དཀར་མོ་དང། སྒྲོལ་མ་ཡང་བསྒོམ་པར་བྱའོ། །དེ་བཞིན་དུ་ས་ལ་སོགས་པའི་དཀྱིལ་འཁོར་རྒྱུ་བའི་དབུས་སུ་ཇི་སྐད་གསུངས་པའི་ལྷ་མོའི་གསུངས་དམིགས་པར་བྱ། དེའི་ཕྱིར་ཇི་ལྟར་འཐད་པའི་ལས་རྣམ་བྱ་སྟེ། ཞི ་བ་ལ་སོགས་པ་འཁྲུལ་འཁོར་རྣམས་ཀྱང་བྱའོ། །ལས་ཀྱི་ཚོགས་དེ་རྣམས་ཀྱང་འོག་ནས་བཤད་པར་བྱའོ། །ལྷག་མ་ནི་གོ་སླའོ། །འོན་ཀྱང་དེ་རྣམས་ཀྱི་དཀྱིལ་འཁོར་དང་ལྷ་ནི་དཔལ་འདུས་པ་བཞིན་དེའི་དབུས་སུ ་བྱ་ཞེས་པ་ནི་མན་ངག་གོ་།རྒྱུད་ཐམས་ཅད་ཅེས་པ་ནི་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་རྣམས་སོ། །དེའི་གླེང་གཞི་ཞེས་བྱ་བ་ལ་སོགས་པ་ནི་འདིའི་དོན་ཡང་རྟོག་པ་དང་པོར་གསུངས་པས་རྟོགས་པར་བྱའོ། །དཔལ་བ་སྦྱོར ་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོ་རྟོགས་པ་གཉིས་པའི་རྒྱ་ཆེར་འགྲེལ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་མདོར་བསྟན་པ་གསུམ་གྱི་མཐར་སླར་བཤད་པ་སྟེ་བཞི་པའོ།། །།ད་ནི་ཧེ་རུ་ཀ་བསྐྱེད་པའི་སྒྲུབ ་ཐབས་བསྟན་པའི་ཕྱིར། །བདག་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ཅེས་པ་ནི་སྟོང་པ་དང་སྙིང་རྗེ་དབྱེར་མེད་པ་ཉིད་དོ། །བདག་མེད་མ་ཞེས་པ་ནི་ཤེས་རབ་ཀྱི་རྒྱུད་ཡིན་པའི་ཕྱིར་རོ། །རྣལ་འབྱོར་མ་ལ་པོས་པའི་དོན་ཏོ། །གང ་གི་ཕྱིར་ཤེས་རབ་དང་ཐབས་ཀྱི་དོན་གྱི་ཚིག་གནས་པ་ནི་ཐབས་ཀྱི་རྒྱུད་ཐུན་མོང་བ་ཉིད་དེ་ཤེས་རབ་ཉིད་གཅེ་བོར་གྱུར་པ་ཉིད་ཀྱིས་ཏེ། དེས་ན་དཔལ་ཧེ་རུ་ཀའི་མདུན་དུ་བདག་མེད་མ་གཙོ་མོ་ཆེན་མོ་པོས་སོ ་དེ་ཁོ་ན་ཉིད་ལ་འཇུག་པའི་ཐབས་ཧེ་རུ་ཀའོ། །དེའི་ཕྱིར་བདག་མེད་མའི་ཆོས་ཀྱི་དེ་ཁོ་ན་ཉིད་ནི་ཐབས་ཁྱད་པར་ཅན་གྱི་མཚན་ཉིད་དོ། །དེ་ཡང་ཧེ་རུ་ཀ་སྐུ་བཞི་ལས་བླ་མའོ། །དེ་ཇི་ལྟར་ཞེ་ན། གསུངས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས ་པ་དང་རྣལ་འབྱོར་གྱི་རྒྱུད་རྣམས་ལ་སྐུ་བཞི་ཐུན་མོང་གི་མཚན་ཉིད་དོ། །ཤེས་རབ་ཀྱི་རྒྱུད་རྣམས་ལ་ཁྱད་པར་ཡོད་དེ། དེ་ཡང་བཞིབ་སྤངས་པའོ་དེ་ཉིད་ཀྱིས་ན་མཆོག་ཏུ་དྲག་ཅིང་བརྩོན་པའི་ཆགས་པའོ། །དྲག་པོ་རྣམས་འཇིགས་པར་བྱེད ་པས་ཀྱང་འཇིགས་པར་བྱེད་པ་གསང་བ་དང་ཁྱད་པར་དུ་གསང་བ་ཆེན་པོ་དང་ཤིན་ཏུ་གསང་བ་རྣམས་ལས་གསང་བ། བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དང་རྣལ་འབྱོར་བླ་མ་རྣམས་ལས་གོང་དུ་གྱུར་བའི་ཕྱིར། ཆགས་པ་ཆེན་པོ་ལ ་སོགས་པ་བསམ་གྱིས་མི་ཁྱབ་པའི་སྙིང་རྗེ་ཆེན་པོ་ཞེས་པ་ནི་ཁྱད་པར་རོ། །འདིར་གསུངས་པ། ཨ་ཡི་ཆ་བྱེད་གཟུགས་ནི་གང། །གདན་ལྔ་ཉིད་དུ་གནས་པ་ཡིན། །དེ་དབུས་ཧ་ནི་བདག་གི་གདན། །གཡོན་དུ་ཨུ་དྱན་ཨུ་རུ་གསུངས ་གཡས་སུ་ཛཱ་ལན་དྷཱ་རང་ར། །མདུན་དུ་ཀཱ་མ་རུ་པར་ཀཾ། དབུས་ནི་པུལླི་ལ་གནས་སུ། བསྟན་པ་བདག་གི་མིང་ཅན་ནོ། །གཡོན་ནི་སྦྱོར་བའི་གང་ན་ཡིན་ཏེ། །གཡས་ནི་དེ་ཁོ་ན་ཡི་གདན། །མདུན་དུ་གསང་བའི་གདན་ཉིད་དོ། །དབུས་ན ་གསང་བའི་བར་དུ་ཤྲཱི། གཞན་གྱི་གདན་ནི་མཚན་ཉིད་དོ། །ཡེ་ཤེས་ཅན་གྱི་དེ་ཉིད་བརྗོད། །ཆོས་དང་ལོངས་སྤྱོད་རྫོགས་སྤྲུལ་པ། དེ་བཞིན་བཞི་པ་གོང་མ་ཉིད། །འབྲས་བུ་རྒྱུ་ཡི་དངོས་པོ་ནི། །ཧེ་རུ་ཀ་ཡི་མཆོག་རྨད་འབྱུང། །འཇིག ་རྟེན་རྣམས་ནི་རང་གཟུགས་ཉིད། །དེ་བཞིན་བདག་ཉིད་གདུལ་བྱའོ། །བསམ་གྱིས་མི་ཁྱབ་སྙིང་རྗེར་བརྗོད། །རྣལ་འབྱོར་འདི་ནི་དེ་ཉིད་མཆོག་།དེ་ལྟར་ཐབས་ཀྱིས་དེ་ཉིད་ནི། །ཤེས་རབ་རྒྱུད་ལས་ཡང་དག་འབྱུང། །དེ་བཞིན་དུ་ཧེ་རུ་ཀའི་བསྐྱེད་པའི་སྒྲུབ་ཐབས ་ཞེས་པ་ནི་འདིར་ཀུན་རྫོབ་ཀྱི་ཆ་ཤས་དབྱིངས་ཀྱི་བདག་ཉིད་ལ་བདག་ཡིད་ཆེས་པ་ཡང་མེ་ཏོག་ལས་དི་བཞིན་དུའོ། །དེའི་ཕྱིར་དྲག་པོ་ལས་དྲག་པོ་ཉིད་དེ་དེ་ཉིད་སྒྲུབ་ཐབས་སོ། །དེས་ན་ཧེ་རུ་ཀའི་བསྐྱེད་པའོ། །གང་གིས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། ། ་མཁའ་འགྲོ་ཞེས་བྱ་བ་ལ་སོགས་པ་ནི་མཁའ་འགྲོའི་གཟུགས་དང་མཁའ་འགྲོ་མའི་གཟུགས་ཏེ་ཐམས་ཅད་ནི་གདུག་ཅིང་མ་རུངས་པ་རྣམས་ཀྱི་གདུལ་བྱའི་དོན་དུ་དེ་རྣམས་ཀྱི་རང་བཞིན་ཤེས་བར་བྱའོ། །དེ་དག་ཐམས་ཅད་བཤད་པར་བྱ་ཞེས ་པ་ནི་ཉོན་ཞེས་སྦྱར་རོ། །འདིར་རྡོ་རྗེ་སྙིང་པོའི་རང་བཞིན་རང་གི་ངོ་བོ་ཉིད་ཀྱིས་བདག་མེད་པ་སྟེ། བདག་མེད་པའི་ཆོས་འཛིན་པའི་ཕྱིར་རོ། །ཡང་རྡོ་རྗེ་སྙིང་པོ་མི་སྨ་བར་གྱུར་ནས་བདག་མེད་འདྲི་བ་ནི་མ་ཡིན་ནོ། །དེའི་ཕྱིར་རྡོ་རྗེ་སྙིང་པོ་ཉིད་བདག་མེད་མའོ། །ཅིའི ་ཕྱིར་ཞེ་ན། འདིར་སྤོང་པའི་དུས་སུ་སྟོང་པ་ཉིད་གཙོ་བོ་ཉིད་ཀྱིས་ནི་ཆོས་རྣམས་ལ་བརྟགས་པའི་ཕྱིར་བློ་ཆུང་དུ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་སྟོང་པ་ཉིད་དུ་བརྟགས་པ་ཉིད་ཀྱིས་མྱུར་བར་འགྲོ་བར་འགྱུར་ཏེ། །དེའི་ཚེ་རྡོ་རྗེ་སྙིང་པོ་ཉིད་རྣམ་པར་ཤེས་པའི་གཟུགས ་སོ། །རྣམ་པར་ཤེས་པ་ཡང་དངོས་པོའི་གཟུགས་སོ། །དངོས་པོ་ཡང་སྔོན་པོ་ལ་སོགས་པར་སྣང་བའི་གཟུགས་ཏེ། དེ་རྣམས་ཀྱི་རང་བཞིན་གྱི་མཚན་ཉིད་ནི་ཆོས་ཀྱི་དབྱིངས་བདག་མེད་པའི་རང་བཞིན་ནོ། །དེ་ཇི་ལྟར་ཀུན་རྫོབ་ཏུ་རྣལ་འབྱོར་མ་བདག་མེད ་མའི་གཟུགས་སུ་འགྱུར་གང་གི་ཕྱིར་ཆོས་རྣམས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་དང་ཆོས་མཐུན་པ་སྟེ། དེ་ཡང་རྣམ་པ་དང་དབྱིབས་དང་ཁ་དོག་དང་ཆ་ཤས་མེད་པའོ། །དེས་ན་ཞུ་པ་པོ་དེ་ཉིད་ལ་སྟོང་གྲོངས་མེད་ན་མཚམས་ག་ལ་ཡོད། །རྡོ་རྗེ ་སྙིང་པོའི་གཟུགས་ཀྱི་ཁྱད་པར་ཕུལ་དུ་ཕྱུང་བག་ལ་ཡོད། །དེ་མེད་པའི་ཕྱིར་དེ་བཞིན་གཤེགས་པ་ཉིད་རང་སྟོན་པར་འགྱུར། །འདི་ནི་སུ་ཞིག་གིས་བྱས་པའོ། །ཞེས་འགའ་ཞིག་གི་དོགས་ན་དེའི་ཕྱིར་གསུངས་པ་དེ་ནི་མ ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཆོས་ཐམས་ཅད་མི་རྟག་པའི་མཚན་ཉིད་ཀྱི་ཕྱིར་དངོས་པོའི་གཟུགས་ཀྱི་ཆོས་དེ་རྣམས་ཀྱི་རང་བཞིན་གྱི་ཆོས་ཉིད་ཡོངས་སུ་བརྟགས་པས་སེམས་ཅན་རྣམས་ཀྱང་ཆོས་དམ་པ་ལ་བརྟེན་པས་བྱང་ཆུབ ་སེམས་དཔའ་ཨི་ལུས་སམ་ས་བཅུའི་དབང་ཕྱུག་རྣམས་ཀྱི་སངས་རྒྱས་ཉིད་ཀྱི་སྐུ་གྲུབ་པའོ། །ཆོས་ཉིད་ཀྱང་བདག་མེད་པའི་རང་བཞིན་རང་གི་མཚན་ཉིད་དང་བྲལ་བ་ཡང་དག་པའི་མཛའ་དེ་བཞིན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྦས་པ་ཉིད ་ཀྱིས་ན་འོད་གསལ་བར་བརྗོད་དེ། །དེ་ཉིད་སངས་རྒྱས་རྣམས་ཀྱི་སྐུ་མི་ཟད་པ་རྟག་པའི་གཟུགས་ཏེ། ལྷ་རྣམས་ཀྱི་གཟུགས་ཀྱང་དེ་བཞིན་ནོ། །དེ་བཞིན་དུ་འདིར་ཡང་སྔགས་ཀྱི་ཐེག་པ་ལ་ཁྱད་པར་ཡོད་དོ། །དེ་ཇི་ལྟར་ཞེ་ན། འདིར ་ལས་དང་པོ་པ་རྣལ་འབྱོར་ལ་གོམས་པ་ཐོག་མ་མེད་པའི་རྒྱུན་ཅན་དུས་སྣ་ཚོགས་པ་དུས་གསུམ་དུ་འབྱུང་བའི་སེམས་ཅན་རྣམས་རྩོད་པའི་དུས་སུ་སྟོང་པ་ཉིད་བསྒོམ་པས་དེ་རྣམས་གྲོལ་བར་དེ་བཞིན་གཤེགས་པ་རྣམས་ཀྱིས་རྒྱལ་བ་བསྐྱེད ་མ་ལ་སོགས་པ་རྣམས་གསུངས་སོ། །དེའི་ཕྱིར་སྟོང་པ་ཉིད་དུ་ཡོངས་སུ་བརྟགས་བ་ཙམ་ཉིད་རྡོ་རྗེ་སྙིང་པོའི་རང་བཞིན་གྱིས་བདག་མེད་པའི་གཟུགས་གྲུབ་པ་རྣམ་པར་ཤེས་པ་ཉིད་བདག་བདག་གི་བྱེད་པའི་ཕྱིར་བདག་ཉིད་ནི་ཉི་ཚེ་བའི་སྟོང་པོ ་ཉིད་དོ། །དེས་ན་གྲོལ་བར་མི་འགྱུར་ཏེ། ཉོན་མོངས་པའི་ཕྱིར་རོ། །དེས་ན་ཀུན་རྫོབ་ཀྱི་ཚུལ་གྱིས་ཡང་དང་ཡང་དུ་ཧེ་རུ་ཀ་དང་བདག་མེད་མ་བསྐྱེད་དེ། རང་བཞིན་གྱིས་སྣང་བ་ཉིད་ཀྱི་རྒྱ་ཆེན་པོ་ལ་སེམས་ཅན་རྣམས་གཞུག་པའི་ཕྱིར་གང་གི ་ཚེ་ལས་དང་པོ་པས་མངོན་དུ་བྱེད་པ་དེའི་ཚེ་ཡང་ཀུན་རྫོབ་ཀུ་རྡོ་རྗེ་སྙིང་པོ་ཉིད་བདག་མེད་མའི་གཟུགས་སུ་འགྱུར་རོ། །གང་གི་ཕྱིར་ཅིག་ཆར་ནི་མངོན་དུ་བྱེད་པར་མི་ནུས་ཏེ། རིམ་གྱིས་གོམས་པའི་ཕྱིར་རོ། །དེའི་ཕྱིར་ནང་དུ་རྡོ་རྗེ་སྙིང་པོ་རྣམ་པར་ཤེས་པའི ་རང་བཞིན་གླི?་ཕྱིར་རོ། །དེས་ན་དེ་ཉིད་གསལ་པ་ཉིད་དུ་འགྱུར་ཏེ། སྟོང་པ་ཉིད་བདག་གིར་བྱེད་པའི་ཕྱིར་མ་རིག་པར་ཟད་པའི་བྱང་ཆུབ་དེ་བཞིན་གཤེགས་པས་བསྟན་ཏེ། མ་རིག་པ་ཡང་རིག་པ་བཟང་པོ་ལ་ཡིད་ཆེས་པས་བདག་མེད་མའི་གཟུགས་སྒྱུ་མའི ་རང་བཞིན་བཞིན་ཆོས་མཆོག་ཏུ་འབྱུང་བའི་ཕྱིར་དུད་མེད་དང་སྐྱེས་པ་དང་མ་ནིང་དང་བྲལ་བ་ཞེས་པའི་དོན་ཏོ། །ཡེ་ཤེས་ཀྱི་རྣམ་པའི་ཕྱིར་ཞེས་པ་ནི་ངེས་པའོ། །དེའི་དོན་དུ་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན ་དུ་གསུངས་པའི་རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གྱི་དབུས་ཀྱི་ཞལ་གསུམ་ཕྱག་དྲུག་པ་དེ་བཞིན་དུ་དེ་ལ་སོགས་པ་རྟོག་པ་གཉིས་པར་ཡང་ཇི་ལྟར་གསུངས་པ་རྟོགས་པར་བྱའོ། །སླར་ཡང་རྡོ་རྗེ་འཛིན་ཞེས་པ་ནི་རྡོ་རྗེ་སེམས་དཔའ་རྒྱུད་རྡོ་རྗེ་འཆང་དེ ་ཡང་འབྱུང་བར་འགྱུར་རོ། །རྡོ་རྗེ་སེམས་དཔའ་ཨི་རྡོ་རྗེ་ཉིད་ཞེས་པ་ནི་རྩེ་ལྔ་པ་ཐབས་ཀྱི་རྡོ་རྗེ་འཛིན་པ་སྟེ། དེའི་ལྟེ་བར་ཨཱ་ལི་ཀཱ་ལི་ཁ་སྦྱར་དེའི་དབུས་སུ་ཧཱུཾ་དང་ཨཾ་གི་ས་བོན་གཉིས་ཏེ་དེ་ལས་རྡོ་རྗེ་དང་གྲི་གུག་དང། དེའི་སྟེང་དུ་ཡང་ས་བན་དེ་ཉིད་དོ། ། ་དེ་ཉིད་འབར་བ་ཞེས་པ་ལ་སོགས་པ་ལ་ནི་རྡོ་རྗེའི་ལྟེ་བའི་ཧཱུཾ་དང་གྲི་གུག་གི་ཨཾ་གི་ས་བོན་དེ་དག་ལས་ལྷ་སྣ་ཚོགས་པ་མཁའ་འགྲོ་དང་མཁའ་འགྲོ་མ་དང་ཁྲོ་བོའི་ཚོགས་དང་དེའི་རིགས་འབར་བའི་ཕྲེང་བ་རྣམ་པར་སྤྲོས་པའོ། །ཀུན་ཏུ་ཞེས་པ་ནི་ཕྱོགས ་བཅུང་རྡོ་རྗེ་ཁྲོ་བོ་རྣམས་སྤྲོས་ཏེ། སེམས་ཅན་རྣམས་བཏུལ་བག་བྱས་ནས་སླད་འོངས་ཏེ་དེ་ཉིད་དུ་གཞུག་གོ། དེ་ཡང་དེ་དག་ཐམས་ཅད་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་དགྱེས་པའི་རྡོ་རྗེའི་སྐུ་ཕྱག་དང་མཚོན་ཆར་ལྡན་པ་འཆད་བཞིན་དུ་བསྒོམ་པར ་བྱའོ། །དེ་ནས་བདག་མེད་མ་དང་འཁྱུད་ཅིང་བསྲུབ་པ་དང་བསྲུབ་པའི་སྦྱོར་བས་ལྷ་མོའི་འཁོར་ལོ་དབྱུང་བར་བྱའོ། །དེ་ཡང་འཆད་བཞིན་པའི་རིམ་པས་སོ། །དེ་རྣམས་ཀྱི་དབུས་ཆགས་པ་ཆེན་པོའི་ཏིང་ངེ་འཛིན ་གྱིས་བདག་མེད་མ་དང་ལྷན་ཅིག་པའི་བདག་པོའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུའོ། །ས་བོན་ཕྲེང་བ་དེ་ནས་དགོད་ཅེས་པ་ནི་གཙོ་བོ་དང་ལྷ་མོའི་སྙིང་གི་ཟླ་བ་ལས་སྤྲོས་པའི་འོད་ཟེར་གྱི་རྩེ་མོ་ལས་དེ་བཞིན་གཤེགས་པ་ཐམས་ཅད་དང ་མཁའ་འགྲོ་དང་མཁའ་འགྲོ་མ་རྣམས་སྤྲོས་ཏེ། དེ་ཉིད་དྲི་ཐའི་སེམས་ཅན་གྱི་གཟུགས་ཏེ་ཡི་གེ་གསུམ་ཧོ་གཉིས་ཀྱི་དབུས་སུ་སྤེལ་བ་རང་གི་ཁར་ཞུགས་ཤིང་རྡོ་རྗེའི་ལམ་ནས་ཞུ་བར་གྱུར་པ་དེ་དང་ལྷན་ཅིག་བདག་རང་དེ་བཞིན་དུ་ཞུ ་བར་གྱུར་པའོ། །དེའི་ཕྱིར་བསྐུལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤོས་མོ་ལ་སོགས་པའི་རྣལ་འབྱོར་མ་བཞི་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཀྱི་རང་བཞིན་གྱི་གླུས་བསྐུལ་བར་བྱེད་པའོ། །དེར་གསུངས་པ། ་རྡོ་རྗེའི་ཞེས་བྱ་བ་ལ་སོགས་པ་ལ། བཞེངས་པ་ནི་བཞེངས་ཤིག་པའི། །རྗེ་བཙུན་ཞེས་པ་ནི་སྙིང་རྗེ་ལྷན་ཅིག་ཅེས་པའོ། །སྙིང་རྗེ་ཡིད་ཀྱིས་ཞེས་པ་ནི་སྙིང་རྗེའི་ཐུགས་ཀྱིས་ཞེས་པའི་དོན་ཏོ། །པུཀྐ་སཱི་ནི་བདག་ལ་སྐྱོབ་ཞེས་པ ་ནི་བདག་པུཀྐ་སཱི་ལ་མགོན་པོ་བདག་ལ་སྐྱབས་ཤིག་པའོ། །ཅི་ཞེ་ན། བདེ་ཆེན་ཞེས་གསུངས་ཏེ། བདེ་བ་ཆེན་པོ་ལ་བདག་སྦྱོར་བས་བདག་འདོད་ཅེས་པ་ནི་བྱམས་པའི་རང་བཞིན་གྱིས་སོ། །སྟོང་པའི་ནི་རང་བཞིན་ཐོང་ཞེས་པ་ནི ་སྟོང་པའི་རང་བཞིན་གྱི་ཏིང་ངེ་འཛིན་ཐོང་ཞིག་པའོ། །དེ་ནས་རི་ཁྲོད་མའི་གླུ་གསུངས་པ། བཏང་ནས་ཞེས་པ་ནི་ཁྱོད་བདེ་བ་དང་བྲལ་བ་དེའི་ཕྱིར་སྟོང་པའི་ཏིང་ངེ་འཛིན་ལ་ཞུགས་པའོ། །བདག་འགུམ་ཞེས་པ་ནི་བདག་རི་ཁྲོད ་མའི་སྙིང་རྗེའི་རང་བཞིན་གྱི་གཙོ་བོ་ཁྱོད་མཐོང་བ་མེད་པས་བདག་འཆི་ཞེས་པའོ། །དེའི་བྱིང་དགྱེས་པའི་རྡོ་རྗེ་ཁྱོད་བཞེངས་ཤིག་ཅེས་པ་ནི་ཀྱེ་མགོན་པོ་བཞེངས་པ་སྟེ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཞུ་བའི་རང་བཞིན་ལས་བཅོམ་ལྡན་འདས་དགྱེས་པའི་རྡོ་རྗེ ་ཁྱོད་བཞེངས་ཤིག་པའོ། །སྟོང་པའི་རང་བཞིན་བཏང་ནས་མི་ཞེས་པ་ནི་སྟོང་པའི་རང་བཞིན་ཐོང་མཛོད་ལ་བདག་རི་ཁྲོད་མའི་དགོངས་པ་བསྒྲུབས་ཤིག་བདེ་བ་ཆེན་པོ་ལ་སྦྱོར་བར་འདོད་པས་སོ་ཞེས་པའི་དོན་ཏོ། །ཡང་གཏུམ་མོའི་གླུ་གསུངས་པ། འཇིག་རྟེན ་མཉམ་མནན་ཞེས་པ་ནི་ཁམས་གསུམ་པའི་འཇིག་རྟེན་ལ་སྙིང་རྗེའི་ངོས་བོས་སོ། །བདེ་བའི་གཙོ་བོ་ཞེས་པ་ནི་ཀྱེ་ཤིན་ཏུ་དགའ་བའི་གཙོ་བོ་འཇིག་རྟེན་རྣམས་ཀྱི་བྱ་བ་བརྗོད་ཅིག་པའོ། །ཅིའི་ཕྱིར་སྟོང་ཉིད་བཞུགས་ཞེས་པ་ནི་ཅིའི་ཕྱིར་སྟོང་ཉི་ཞུ་བར་རང ་བཞིན་མེད་པ་བཞུག་པའི་དོན་ཏོ། །གཏུམ་མོ་བདག་ནི་ཞེས་པ་ནི་བདག་གཏུམ་མོ་དགའ་བའི་རང་བཞིན་ཅན་ཞེས་པའོ། །གསོལ་བ་འདེབས་ཞེས་པ་ནི་ཞུ་བ་བགྱིད་ཅེས་པའི། །ཅིའི་ཕྱིར་ཞེ་ན། གསུངས་པ། ཁྱོད་མི་བཞུགས་ན་བདག་མི་འཚལ ་ཞེས་པ་ནི་ཁྱོད་མ་གཏོགས་བར་བདག་གིས་ཅུང་ཟད་ཀྱང་མ་མཐོང་སྟེ། མུན་པ་བཞིན་ནོ། །དེ་བཞིན་དུ་གཡུང་མོའི་གླུ་གསུངས་པ། །མིག་འཕྲུལ་ལྟ་བུར་ཁྱོད་བཞེངས་ཤིག་ཅེས་པ་ནི་ཀྱེ་མིག་འཕྲུལ་མཁན་ཁྱོད་བཞེངས་ཤིག་སྟེ། ཇི་ལྟར ་མིག་འཕྲུལ་མཁན་མིག་འཕྲུལ་སྟོན་པར་བྱེད་པ་དེ་བཞིན་དུ་སྒྱུ་མའི་དངོས་པོ་སྣ་ཚོགས་པ་སྣང་བར་མཛད་པའི་དོན་ཏོ། །བདག་གིས་ཁྱོད་ཀྱི་ཐུགས་འཚལ་གྱིས་ཞེས་པ་ནི་དངོས་པོ་སྣ་ཚོགས་པ་དེ་ཐམས་ཅད་བརྫུན་པར་མཁྱེན་པའི་ཐུགས་བདག ་གིས་ཤེས་པས་ནི་བདག་བཏང་སྙོམས་ཀྱི་རང་བཞིན་གཡུང་མོའོ། །དེའི་ཕྱིར་གཡུང་མོ་བདག་ནི་ཡིང་རིག་མ་ཞེས་པ་ནི་བདག་གཡུང་མོ་གྲོང་ཁྱེར་མ་ཡིང་རིག་མ་སྟེ་གྲོང་ཁྱེར་པ་རྣམས་ཀྱི་ཡིད་ཤེས་ཤིང་རིག་པའོ། །སྙིང་རྗེ་རྒྱུན་ཚད་མ་མཛད་ཅིག ་ཅེས་པ་ནི་བཅོམ་ལྡན་འདས་སྙིང་རྗེའི་རྒྱུན་རྣམ་པར་ཆད་པར་མ་མཛད་ཅིག་པའོ། །དེའི་ཕྱིར་ཞུ་བའི་ཏིང་ངེ་འཛིན་ལས་བཞེངས་ཤིག་ཅེས་པའི་དོན་ཏོ། །དེ་ལྟར་གླུས་བསྐུལ་བ་རྨི་ལམ་བཞིན་གནས་ནས། ་ཧཱུཾ་དང་ཨཾ་ལས་བཞེངས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སླར་ལ་ཡང་གཾ་ཙཾ་ཞེས་བྱ་བ་ལ་སོགས་པ་ས་བོན་བརྒྱད་ལ་སོགས་པའི་ལྷ་མོ་བརྒྱད་རྣམས་དབྱུང་བར་བྱའོ། །འདི་རྣམས་ལས་ཞེས་པ་ནི་འཆད་བཞིན་པའི ་གདན་ཐོད་པ་བརྒྱད་ཀྱི་དབུས་སུ་དགོད་པར་བྱའོ། །དེ་ཡང་མཚམས་བཞི་རུའོ། །དེ་བཞིན་དུ་ཕྱོགས་ཀྱི་རྣལ་འབྱོར་མ་བཞི་རོའི་གདན་རྣམས་ལའོ། །དེ་རྣམས་ཀྱི་སྟེང་དུ་གཾ་ཙཾ་བཾ་གྷཾ་པཾ་ཤཾ་ཙཾ་ཌཾ་ཞེས་པའི་ས་བོན་བརྒྱད་པ་ལྟ་སྟེ། ་དེ་ཡོངས་སུ་གྱུར་པས་གོ་རཱུ་ལ་སོགས་པའི་མཚན་མ་རོ་ཧི་ཏ་དང། ཕག་པ་དང། རུ་སྦལ་དང། སྦྲུལ་དང། སེང་གེ་དང། སྟག་དང། ལྕེ་སྤྱང་དང། དགེ་སློང་རྣམས་སོ། །དེ་བཞིན་ཕྱོགས་ཀྱི་རྣལ་འབྱོར་མ་རྣམས་ཀྱི་རོ་སྟོང ་དུ་ཧཾ་སུཾ་ཐཾ་སིཾ་ཞེས་པའི་ས་བོན་བཞི་ལས་རྟའི་གདོང་པ་ལ་སོགས་པ་རྣམས་ཀྱི་མཚན་མ་ལྕགས་ཀྱུ་དང། ཞགས་པ་དང། ཐོད་པ་དང། རལ་གྲི་རྣམས་སོ། །དེ་བཞིན་དུ་བདག་པོ་ཞེས་བྱ་བ་ལ་སོགས་པ་ལ། །བདག ་པོ་དང་དགའ་མའི་བསྲུབ་པ་དང་བསྲུབ་པའི་སྦྱོར་བས་ཧཱུཾ་ཨཾ་གིས་ས་བོན་ལས་དབྱུང་བར་བྱའོ། །དེ་བཞིན་དུ་འཁོར་ལོ་ཆེན་པོའི་རྩིབས་རྣམ་པ་བཅུ་གཉིས་པའི་གཞུང་ལུགས་དུ་མ་ཉིད་ཀྱིས་ན་བླ་མའི་ཁ་ལས་ཤེས་པར ་བྱའོ། །འདིར་གཞུང་དཀྲུགས་པ་དོ་ཤེས་པའི་ཕྱིར་བྱ་བ་བྱ་ཞེས་པའི་ངེས་པའོ། །འབར་བ་ཞེས་བྱ་བ་ལ་སོགས་པ་ནི་འོད་ཟེར་སྣ་ཚོགས་སྤྲོས་པ་དེ་ལས་ལྷ་མོ་ཁྲོ་མོའི་ཚོགས་སྤྲོས་པའོ། །དེ་བཞིན་དུ་མ་མོའི་འཁོར་ལོ ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟ་བའི་ཞེས་བྱ་བ་ལ་སོགས་པ་ལ། ཆོ་གའི་བྱ་བ་ཞེས་པ་ནི་སྔོན་དུ་གསུངས་པའི་ཚུལ་གྱིས་གཽ་རཱི་ལ་སོགས་པའི་རིམ་པ་བཞིན་མཚམས་བཞིར་ཐོང་བའི་གདན་རྣམས་ལ་བསམ་པར་བྱའོ། །དེ་ལྟར ་ཤར་གྱི་མཚམས་ཀྱི་འདབ་མ་ལ་གཽ་རིའོ། །དེ་བཞིན་དུ་འདབ་མ་གཉིས་པ་ཙཽ་རཱིའོ། །ཕྲ་མོ་ཧ་ཞེས་པ་ནི་གཡུང་མོའི་མིང་གི་རྣམ་གྲངས་ཏེ། དེ་ནི་བདེན་བྲལ་གྱི་འདབ་མ་ལ་བསྒོམ་པར་བྱའོ། །དེ་བཞིན་དུ་འདབ་མ་གཉིས་པ་ལ་རོ་ལངས་མའོ། །དེ ་བཞིན་དུ་རླུང་གི་འདབ་མར་སྦོས་མོའོ། །དེ་བཞིན་དུ་འདབ་མ་གཉིས་པར་གཏུམ་མོའོ། །དབང་ལྡན་གྱི་འདབ་མར་ཟ་ཕོད་མའོ། །དེ་བཞིན་དུ་དེའི་འདབ་མ་གཉིས་པར་ནི་རི་ཁྲོད་མའོ། །ལྷ་མོ་འདི་རྣམས་ཀྱི་མདོག་དང་ཕྱག་དང་མཚན་མ་ལ་སོགས་པ་རྣམས ་ནི་གོ་སླའོ། །དེ་བཞིན་དུ་ཤར་དང། ལྷོ་དང། ནུབ་དང། བྱང་གི་འདབ་མ་རྣམས་ལ་རིམ་པ་བཞིན་རྟ་གདོད་ཞེས་བྱ་བ་ལ་སོགས་པ་ནི་རྟའི་གདོང་དང། བགི་གདོང་དང། ཁྱི་ཡི་གདོད་དང། སེང་གེའི་གདོང་ཅན་ནོ། །དེ་ལྟར་རྣལ་འབྱོར་མ་བཞིའི ་གཡོན་གྱི་ཕྱག་གཉིས་ལ་ཐོད་པ་དང་ཁ་ཊཝཾ་གའོ། །དེ་བཞིན་དུ་གཡས་ན་གྲི་གུག་གོ་དེ་བཞིན་དུ་རྟ་གདོང་ལ་སོགས་པའི་ཐམས་ཅད་ཀྱི་གཡས་ཀྱི་ཕྱག་དང་པོ་ལ་རིམ་པ་བཞིན་ལྕགས་ཀྱུ་དང། ཞགས་པ་དང། ཐོ་བ་དང། རལ་གྲི ་བསྣམས་པའོ། །དེ་ལྟར་ཕྱག་བཞི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་བཞིན་དུ་གླིང་བུ་མ་ལ་སོགས་པའི་རྣལ་འབྱོར་མ་རྣམས་མཚམས་བཞི་རུ་བསམ་པར་བྱའོ། །འདི་རྣམས་ནི་རང་གི་མིང་དང་མཐུན་པའི་མཚན་མ་ཕྱག་ན་བསྣམས ་པའོ། །གཞན་ནི་གོ་སླའོ། །འདི་ནི་སྒྲ་ཇི་བཞིན་མདོར་བསྡུས་པའོ། །ད་ནི་འདི་རྣམས་ཀྱི་རིམ་པ་བཞིན་ཏིང་ངེ་འཛིན་གསུམ་བསྒོམ་པ་གསུངས་པ། འདིར་བསྒོམ་པའི་དབང་དུ་བྱས་པའི་སྔགས་ཐོ་རངས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར ་ལ་དགྱེས་པའི་རྡོ་རྗེའི་ཡི་གེའི་ས་བོན་འོད་ཟེར་གྱི་ཕྲེང་བ་ཅན་བལྟས་ཏེ། གདོང་དག་པ་ལ་སོགས་པ་བྱས་ལ་བསམ་གཏན་གྱི་གནས་སུ་ཞུགས་ནས་སྟན་བདེ་བ་ལ་འདུག་སྟེ། གནས་དང་བདག་ཉིད་དང་རྣལ་འབྱོར ་བསྲུང་པ་བྱས་ནས། །རང་གི་སྔགས་ཀྱིས་མཆོད་ཡོན་ལ་ཡོངས་སུ་བཟླས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་བསྡུས་པ་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་མདུན་གྱི་ནམ་མཁའ་ཨི་ངོས་ཀྱི་ཕྱོགས་སུ་བལྟས་ཏེ། རང་གི་ས་བོན་ལས་བྱུང་པའི་མཆེད ་པའི་ལྷ་མོ་བརྒྱད་ཀྱིས་མཆོད་པར་བྱའོ། །གཽ་རཱི་རི་དགས་ཀྱི་མཚན་འཛིན་ཅོ་རཱིས་ཉི་མའི་སྣོད་ནི་འཛིན། །བེཏྟ་ལཱི་ཡི་ལག་ན་ཆུ། །གྷ་སྨ་རཱི་ནི་སྨན་འཛིན་ཏེ། བུཀྐ་སཱི་ནི་སྟོབས་ཅན་བསྣམས། །དེ་བཞིན་རོ་འཛིན་ས་པ་རཱི། །ཙཎྜ་ལི་ན་ཅང་ཏེའུ་བརྡུང། ། ་ཌོམྦི་ཕྲག་པ་ནས་ནི་འཁྱུད། །དེ་ལྟ་བུར་པའི་བཅོམ་ལྡན་འདས་སྤྲོ་བ་དང་སྡུད་པའི་སྐུ་ནམ་མཁར་བལྟས་ཏེ་རང་གི་སྙིང་གར་ཉི་མ་དང་ཟླ་བ་ལ་གནས་པའི་ཧཱུཾ་གི་ས་བོན་ལས་བྱུང་བའི་ཕྱིར་དང། གསང་བའི་མཆོད་པ་རིག་མའི་ཁྱད་པར་རྣམས་ཀྱིས ་ཡང་དག་པར་མཆོད་དོ། །དེའི་མདུན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱ་སྟེ། གང་འཁོར་བ་ཐོག་མ་མེད་པར་བསྐལ་པ་གྲངས་མེད་པར་འབྱུང་བའི་བདག་གིས་སྡིག་པའི་ལས་བགྱིས་པ་དེ་ཐམས་ཅད་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཤགས ་པའོ། །སླང་མི་བགྱིད་པར་ཁས་བླངས་སོ། །གང་ཡང་སེམས་ཅན་ཐམས་ཅད་དང་འཕགས་པ་རྣམས་དང་སོ་སོའི་སྐྱེ་བོ་རྣམས་ཀྱི་དགེ་བ་དེ་མཛའ་དག་ལ་རྗེས་སུ་ཡི་རང་ངོ། །གཞན་ཡང་བླ་ན་མེད་པ་ཡང་དག་པའི་བྱང་ཆུབ་ཏུ་བསྔོ་བར་བགྱིའོ། ། ་ཁམས་གསུམ་པའི་བདག་ཉིད་དེ་མཛའ་དག་བདེ་བ་ཆེན་པོའི་རྣམ་པ་དགྱེས་པའི་རྡོ་རྗེ་སངས་རྒྱས་དང། དེས་གསུངས་པའི་སྔགས་དང་ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པའི་རང་བཞིན་གྱི་ཆོས་དང། དེར་རྣལ་འབྱོར་མའི་ཚོགས་དང། ་ལྷ་མོའི་ཚོགས་འཁོར་ལོར་བཞུགས་པའི་དགེ་འདུན་བདག་ལ་སྐྱབས་སུ་མཆིའོ། །བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་རྒྱུར་གྱུར་པ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་མཐོང ་བའི་ཕྱིར་བྱང་ཆུབ་ཀྱི་སེམས་ལ་བརྟེན་པར་བགྱིའོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་དང། ཇི་ལྟར་སྐལ་པ་དང་ལྡན་པ་དེ་རྣམས་ཀྱིས་བྱང་ཆུབ་རྣམ་པ་གསུམ་ཐོབ་པར་བྱ་བའི་ཕྱིར་དེའི་རྗེས་སུ་སེམས་ཅན་ཐམས་ཅད་ལ་བུ ་གཅིག་པ་ལྟར་བྱམས་པའི་མཚན་ཉིད་བྱམས་པ་ཆེན་པོ་བསྒོམ་པར་བྱའོ། །དེ་བཞིན་དུ་རྣམ་པར་རྟོག་པའི་རྒྱ་མཚོར་བྱིང་བའི་སེམས་ཅན་སྐྱབས་མེད་པ་རྣམས་མཐོང་ནས་དེ་རྣམས་འདོན་པའི་རང་བཞིན་གྱི་འདོད་པའི་སྙིང་རྗེ་ཆེན་པོ་མངོན་དུ ་བྱའོ། །དེ་ལྟར་སེམས་ཅན་གྱི་དོན་དུ་དགའ་བ་ཆེན་པོ་ཐོབ་པའོ། །དེའི་ཕྱིར་རྣམ་པར་རྟོག་པ་མཛའ་དག་གི་ཡུལ་རྣམས་ལ་འཇིག་རྟེན་གྱི་ཆོས་བརྒྱད་ལ་སོགས་པ་སྔགས་པས་བཏང་སྙོམས་སུ་བྱའོ། །དེ་ནས་དངོས་པོ་མ་ལུས་པའི་དེ་ཁོ ་ན་ཉིད་ཀྱི་སྙིང་པོ་བསྡུས་པའི་སྔགས་བརྗོད་དོ། །ོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། དེའི་རྗེས་སུ་སྔགས་ཀྱི་དོན་མངོན་སུམ་དུ་བྱས་ཏེ། བདག་ཁམས་གསུམ་པ་སྣང་བ་མེད་པར་བསྒོམ་པར་བྱའོ། །འདིར་གསུངས་པ། ཨོཾ་ནི་གཟུགས ་རྣམས་གཟུང་བ་སྟེ། །བྱེ་བྲག་སྨྲ་བའི་ལུགས་ཀྱིས་སོ། །ཆ་ཡི་དབྱེ་བས་དོན་མེད་དེ། །རྡུལ་ཕྲན་སྟོང་པ་ཉིད་དུ་འགྱུར། །ཤཱུ་ཡིས་སེམས་ནི་སྦྱངས་པ་ཉིད། །མདུན་ན་གནས་པའི་འཁོར་ལོ་ཉིད། །བྱེ་བྲག་སྨྲ་བར་གནས་པ་ནི། དེ་རྣམས ་སངས་རྒྱས་འདོད་པ་མིན། །ནྱ་དེ་རྣམས་ལ་ནི་དབུ་མ་དགོད། །ལུང་རྒྱས་ལས་ནི་ཡོད་མིན་པའོ། །འདིར་ནི་རྟག་པར་རྗེས་ཐོགས་བྱ། །རྡུལ་ཕྲན་རྣམས་ནི་ཆ་མེད་ཕྱིར། །ཏཱ་སེམས་ནི་ཉམས་པ་དེ་རྣམས་ལ། །འདིར་ནི་མདོ་སྡེ་ཉིད་ནི་བསྟན། ། ་ཀུན་རྫོབ་ཏུ་ནི་གནས་པའོ། །དེ་རྣམས་མེད་མིན་དབུ་མའོ། །ཛྙཱ་འདིར་ནི་ཤེས་པ་ཙམ་གནས་ལ། །རྣལ་འབྱོར་སྤྱོད་པ་རྣམས་ནི་བསྟན། །དེ་ཡང་མ་རིག་དེར་ཤེས་བྱ། །རྣལ་འབྱོར་སྤྱོད་པའི་དབུ་མའོ། །ན་ཡོད ་མིན་མེད་མིན་འཁྲུལ་པ་ཉིད། །དེས་ན་སྔོན་པོ་ལ་སོགས་སྣང། །དེ་རྣམས་དམིགས་པ་མི་འགྱུར་ཏེ། །རྟགས་པའི་ཕྱིར་ན་འདིར་བསྟན་ཏོ། །བ་རྩའི་དབུ་མ་ཁྱད་པར་ཅན་ལ། །མིང་ཙམ་ཉིད་དུ་དེ་ཤེས་བྱ། །རྣམ་ཤེས་ཉིད་ནི་རིང་པའི་ཕྱིར། །སྒྱུ་མ ་བརྫུན་པ་ཉིད་དུ་བྱ། །ཛྲ་དམ་པའི་དེན་གྱིས་བསྒྱིངས་པའི་ཕྱིར། །དེ་ཡང་དེ་ཁོ་ན་ཉིད་བཤད། །རྡོ་རྗེ་ཆོས་རྣམས་ཀྱིས་བསྟན་པའོ། །རྡོ་རྗེ་བསམ་དུ་མེད་པའི་གཟུགས། །སྭ་དངོས་པོ་ངོ་བོ་ཙམ་ཉིད་ནི། །དབུ་མ་ཆེན་པོ་པར་ཤེས་བྱ། །དེ་དག་ཐམས ་ཅད་ཡོད་པ་མིན། །ཡོད་པ་མངོན་སུམ་མཐོང་བའི་ཕྱིར། །བྷཱ་མ་དང་ཆ་མིན་རྣམ་པར་དཔྱད། །སངས་རྒྱས་པ་རྣམས་སེམས་མང་བས། །དེ་རྣམས་རྟོགས་པ་ཐོབ་པའི་ཕྱིར། །ལྟ་བ་རྣམས་ནི་འདི་ཡིས་བསྟན། །བ་སངས་རྒྱས་དེ་ཉིད་བསྒོམས་པ ་ཡིས། །བག་ཆགས་རྣམས་ནི་ཟད་པ་ཉིད། །དེ་ལྟར་བྱས་དང་མ་བྱས་ཀུན། །ཇི་སྲིད་བདག་གི་རྣམ་པར་གནས། །རྨེ་ཨ་བདག་ཉིད་ཀྱིས་ནི་གཟུང་བཏང་སྟེ། །དེ་བཞིན་བརྗོད་མེད་ཆོས་ཉིད་དོ། །བླ་མའི་བཀའ་ནི་ཡིད་ཆེས་པས། །འདི་ཡིས ་སངས་རྒྱས་སངས་རྒྱས་མིན། །ཀོ་ཁྲོ་བ་ལ་སོགས་འཁོར་བ་ལས། །བློ་དང་ལྡན་པ་གྲོལ་བར་འགྱུར། །ཆོས་ཀྱི་དབྱིངས་ནི་ཉིད་ཐོབ་ཅིང། །རྡོ་རྗེ་འཛིན་པའི་ས་དེ་བཞིན། །ཧེ་ད་ལྟར་བྱུང་བའི་སེམས་ཅན་རྣམས། །བདག་ཉིད་བརྒྱལ་བྱེད་པ་ནི། ། ་སྔགས་ཀྱི་དག་པ་ཉིད་ནི་ཤེས། །སྒྲུབ་པ་བོ་ནི་འཁྲུལ་པ་སྤངས། །སྟོང་པ་ཉིད་ཀྱི་ཡེ་ཤེས་འདིས། །འགྲུབ་ཀྱི་གཞན་དུ་ནི་མ་ཡིན་ཏེ། །རང་གི་ལྟ་བ་རྟོགས་པས་ཤེས་དགོངས་སོ། །དེས་ན་སྨོན་ལམ་རྗེས་སུ་དྲན་ཏེ། །ནམ་མཁར་འདི ་བསྒོམ་པར་བྱའོ། །རཾ་ལས་ཉི་མ་མདུན་དུ་བསྒོམ་པར་བྱས་ཏེ། ཉི་དེར་ཧཱུཾ་བྱུང་སྣ་ཚོགས་རྡོ་རྗེ་སྟེ། །རྡོ་རྗེ་དེ་ཉིད་ཀྱིས་ནི་བསྒོམ་བྱ་བ། །རབ་དང་ནི་གུར་ནི་བཅིང་བར་བྱ། །དེ་ལྟར་རྡོ་རྗེ་ར་བ་དང་རྡོ་རྗེ་གུར་རྣམ་པར་བསྒོམ་པར་བྱའོ། །དེའི་ནང་དུ་རྡོ་རྗེ་བླ་རེ ་ཡང་བསྒོམས་ཏེ་བགེགས་བསྐྲད་པར་བྱའོ། །དེའི་ནང་དུ་ནམ་མཁར་ཁྱབ་པ་ཅན། །སྟོན་ཀའི་ཟླ་བ་ལྟར་དཀར་བ་རྩེ་མོ་གསུམ་དུ་གནས་པ་ནང་ཁོང་སྟོང་ཆེན་མོ་ཆོས་ཀྱི་འབྱུང་གནས་བསྒོམ་པར་བྱའོ། །དེའི་ནང་དུ་དབང་ཆེན་གྱི་དཀྱིལ་འཁོར་གྲུ་བཞི ་ཁ་དོག་སེར་པོའོ། །དེའི་སྟེང་དུ་ཆུའི་དཀྱིལ་འཁོར་ཟླུམ་པ་དཀར་པོའོ། །དེའི་སྟེང་དུ་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོའོ། །དེའི་སྟེང་དུ་རླུང་གི་དཀྱིལ་འཁོར་གཞུའི་རྣམ་པ་ལྟ་བུ་ནག་པོའོ། །དེ་རྣམས་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ་ཆེན་པོའི ་ལྟེ་བར་སྣ་ཚོགས་རྡོ་རྗེ་ལ་གནས་པའི་གཞལ་ཡས་ཁང་རྣམ་པར་བསམ་པར་བྱའོ། །དེ་ཡང་མཆོག་ཏུ་འབར་བ་རིན་པོ་ཆེ་སྣ་ཚོགས་རང་བཞིན་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་བརྒྱན་པ་ཀ་བ་བརྒྱད་ཀྱིས་ཉེ་པར་མཛེས་པ་ཁ་ཁྱེར་བཞིར་མཆོད་པའི་ལྷ་མོ ་བརྒྱད་གཉིས་ཀྱིས་མཆོད་པ་བྱེད་པ། །དྲ་བ་དང་དྲ་བ་ཕྱེད་པས་སྤྲས་པ། །རྡོ་རྗེའི་ཐིག་གིས་བརྒྱན་པ། །རླུང་གིས་བསྐྱོད་པའི་བ་དན་སྣ་ཚོགས་པའི་མཆོག་དྲིལ་བུའི་སྒྲ་སྒྲོགས་པའོ། །དེའི་དབུས་སུ་པདྨ་འདབ་མ་བཅུ་གཉིས་པ་ལྟེ་བ་དང་གེ་སར་དང ་ལྡན་པ་ཀུན་ཏུ་དཀར་པོ་དང་ཟླ་བ་ལྟར་སྣང་བ་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་ཆུད་ཅིང་ཀུན་ནས་ཡོངས་སུ་བསྐོར་བའོ། །དེའི་དབུས་སུ་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཚངས་པའི་ཐོད་པའོ། །དེའི་དབུས་སུ་ཧཱུཾ་འོད་ཟེར་སྣ་ཚོགས་པ་འཕྲོ་བ་སྒོམ་པར ་བྱའོ། །དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་ལྷའི་གཟུགས་སུ་བསྒོམ་སྟེ། །ཞལ་གསུམ་ཕྱག་དྲུག་པ་དེ་བཞིན་དུ་རྩ་བའི་ཞལ་ནག་པོ་གཡས་པ་དང་གཡོན་པ་དཀར་པོ་དང་དམར་པོའོ། །ཡང་ན་ལུས་ཐམས་ཅད་ནི་དཀར་པོའོ། །ག་འོ་ན་དང ་གཡས་དམར་པོ་དང་ནག་པོ་ཇི་ལྟར་འདོད་པའོ། །དེ་བཞིན་དུ་སྤྱན་གསུམ་པ་ཕྱག་དྲུག་དང་ལྡན་པ་གཡས་ཀྱི་ཕྱག་གསུམ་ལ་རིམ་པ་བཞིན་རྡོ་རྗེ་དང་མདའ་དང་རྩེ་གསུམ་མོ། །དེ་བཞིན་དུ་གཡོན་རྣམས་ལ་བདུད་རྩི་ལྔས ་གང་བའི་ཐོད་པ་དང་གཞུ་དང་རྡོ་རྗེ་དྲིལ་བུའོ། །རལ་པའི་ཅོད་པན་གྱིས་བརྒྱན་པའི་བཅོམ་ལྡན་འདས་ཇི་ལྟ་བ་དེ་བཞིན་དུ་འཁྱུད་པའི་ཤེས་རབ་མའོ། །དེ་ལྟ་བུར་གྱུར་པ་དེའི་སྙིང་གར་ཟླ་བའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པའོ། །དེའི་ལྟེ་བ་ལ་ཨཱ་ལི་ཀཱ་ལི་ཁ ་སྦྱོར་གྱི་དབུས་སུ་ཧཱུཾ་དང་ཨཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དང་གྲི་གུག་གོ་།དེའི་ལྟེང་དུ་དེ་ཉིད་ཀྱི་ས་བོན་གཉིས་འོད་ཟེར་ལྔའི་རང་བཞིན་འབར་བའི་ཕྲེང་བ་ཀུན་ནས་འཕྲོ་བ་ལས་མཁའ་འགྲོ་དང་མཁའ་འགྲོ་མ་དྲག་མོའི་རིགས་ཀྱི་ཚོགས་སྤྲོས་ཏེ ་འགྲོ་བའི་དོན་བྱས་ནས་སླར་དེ་ཉིད་དུ་གཞུག་གོ། དེ་ཐམས་ཅད་རིམ་པ་བཞིན་འགྱུར་བར་བལྟ་སྟེ། རྡོ་རྗེ་སེམས་དཔའ་དང་ཟླ་བ་དང་རྡོ་རྗེ་ཨཱ་ལི་དང་ཀཱ་ལི་དང། མཚན་མ་གཉིས་དང། ས་བོན་གཉིས་གྱུར་པ་ལས་བདག་ཉིད་དངལ་དགྱེས ་མཛད་རྡོ་རྗེའི་སྐུའི་མདོག་ནག་པོ་ཞལ་བརྒྱད་པ་ཞབས་བཞི་པ་ཕྱག་བཅུ་དྲུག་པ་བདུང་བཞི་མཉམ་པར་མནན་པ་བདག་མེད་མ་དང་ལྷན་ཅིག་དགྱེས་པར་མཛད་པ་མཆོག་ཏུ་དགའ་བ་བདེ་བ་ཆེན་པོའི་ཆགས་པ་ལ་གཉིས་གཉིས་སྙོམས་པར་འགྱུ ་པར་བལྟའོ། །དེ་ནས་ཨོཾ་པདྨ་སུ་ཁཱ་དྷཱར་མཧཱ་རཱ་ག་སུ་ཁཾ་ད་ད་ཙ་ཏུ་རཱནྣད་བྷ་བ་བི་ཤྭ་ཧཱུཾ་ཧཱུཾ་ཀཨཱ་རྱཾ་ཀུ་རུ་ཤྭ་མེ། ཨོཾ་བཛྲ་མ་ཧཱ་དྭེ་ཥ་ཙ་ཏུ་རཱ་ནནཱ་དཱ་ཡ་ཀ་ཁ་ག་མུ་ཁེ་ཀ་རཱ་སོནཱ་ཐཱ་ཧཱུཾ་ཧཱུཾ་ཀུ་རྱཾ་ཀུ་ཤྭ་མེ་ཕྱིའི་བྱ་བ་ལ་ཡང་ཤིན་ཏུ་ཆགས་པའི་གོ་མ་ས ་འདི་ལྟར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་སྙིང་གར་ཟླ་བ་དང་རྡོ་རྗེའི་སྟེང་དུ་ཧཱུཾ་དོ། །བདག་མེད་མ་ལ་ཡང་ནུ་མའི་བར་དུ་ཟླ་བ་དང་གྲི་གུག་ས་བོན་འབར་བས་མཛེས་པའོ། །འདི་ནི་སྦྱོར་བ་དང་པོ་ཞེས་པ་དང། ཏིང་ངེ་འཛིན་ངོ་བོ་ཉིད་ཀྱི་སྐུའོ། །དེའི ་རྗེས་སུ་སྙིང་གི་མཚན་མ་ལ་གནས་པའི་ས་བོན་དང། །བསྲུབ་པ་དང་བསྲུབ་པའི་སྦྱོར་བ་ལས་ལྷ་མོའི་འཁོར་ལོ་རྣམས་དབྱུང་བར་བྱའོ། །དེ་ནས་ཤར་ལ་སོགས་པའི་འདབ་མར་རིམ་ཕ་བཞིན་ཚངས་པ་དང། དབང་པོ་དང། ཉི་དབང་དང། དྲག་པོའོ། ་དེ་བཞིན་དུ་མེ་ལ་སོགས་པའི་མཚམས་བཞིར་འདབ་མ་བརྒྱད་ལ་ཐོད་པ་གཉིས་གཉིས་བརྒྱད་དུ་འགྱུར་རོ། །དེ་ལྟར་འདབ་མ་བཅུ་གཉིས་པའི་འཁོར་ལོའོ། །རྒྱ་ལ་སྒྲུབ་པ་པོའི་ཁྱད་པར་གྱིས་འདབ་མ་བརྒྱད་པ་བྱེད་ན་དེ་རྣམས་ཀྱི་འདབ་མ་བརྒྱད་ལ་གཽ་རཱི་ལ ་སོགས་པའི་གང་ན་ཐོད་པ་བརྒྱད་དོ། །དེ་བཞིན་དུ་ཤར་ལ་སོགས་པའི་སྒོ་བཞི་རུ་ཚངས་པ་ལ་སོགས་པ་བཞིའི་སྟན་གྱི་སྟེང་དུ་རྟ་གདོང་མ་ལ་སོགས་པའི་རྣལ་འབྱོར་མ་བཞི་རྣམས་ཀྱིའོ། །དེ་བཞིན་དུ་མཆམས་བཞིར་གླིང་བུ་མ་ལ་སོགས་པ་བཞི་རྣམས ་ཀྱིའོ། །འདི་རྣམས་ཀྱི་གདན་གྱི་སྟེང་དུ་རིམ་པ་བཞིན་ཟླ་བའི་གཟུགས་བཅུ་གཉིས་སོ། །དེ་བཞིན་དུ་དབང་ལྡན་ལ་སོགས་པའི་མཚམས་བཞིར་གླིང་བུ་མ་ལ་སོགས་པའི་བཞིའི་གང་ན་གཤིན་རྗེ་དང་ནོར་བདག་དང་བདེན་བྲལ་དང་ཐག་བཟངས་རིས་ཏེ། དེ ་རྣམས་ཀྱི་སྟེང་དུ་ཟླ་བའི་གཟུགས་བཞེའོ། །དེ་ལྟར་བཅུ་དྲུག་གོ། དེ་བཞིན་དུ་ཟླ་བའི་གཟུགས་བཅུ་དྲུག་རྣམས་སྤྲོ་བར་བྱའོ། །དེའི་སྟེང་དུ་ཧཾ་སུཾ་ཤྭཾ་སཾ་དང། དེ་བཞིན་དུ་གི་ཙཾ་བཾ་གྷཾ་བཾ་ཤཾ་ཙཾ་ཌཾ་ངོ། །དེ་བཞིན་དུ་བཾ་པཱཾ་མུཾ་མཱུཾ་དོ། །དེ་ལྟར་བརྒྱད་གཉིས་ཀྱི་ས་བོན ་བལྟའོ། །དེ་སོ་སོར་གྱུར་པ་ལས་རྟ་གདོང་མ་ལ་སོགས་པའི་དང། དེ་བཞིན་དུ་གཽ་རཱི་ལ་སོགས་པ་རྣམས་ཀྱི་དང། །གླིང་བུ་མ་ལ་སོགས་པའི་མཚན་མ་རྣམས་སོ། །དེ་ལས་ལྕགས་ཀྱུ་དང། ཞགས་པ་དང། ལྕགས་སྒྲོག་དང། རལ་གྲི་རྣམས ་བསམ་མོ། །དེ་བཞིན་དུ་རོ་ཧི་ཏིའི་ཉ་དང། ཕག་པ་དང། རུས་སྤལ་དང། སྤྲུལ་དང། སེང་གེ་དང། སྟག་དང། ལྕེ་སྤྱང་དང། དགེ་སློང་རྣམས་ཀྱང་བསམ་མོ། །དེ་བཞིན་དུ་གླིང་བུ་དང། པི་བང་དང། རྡ་རིངས་དང། རྫ་རྔ་རྣམས་བསྒོམ ་པར་བྱའོ། །དེའི་སྟེང་དུ་དེ་ཉིད་ཀྱི་ས་བོན་རྣམས་སོ། །དེ་ཐམས་ཅད་དག་གཅིག་ཏུ་གྱུར་པ་ལས་རྟ་གདོང་མ་ལ་སོགས་པ་དང། གཽ་རཱིམ་ལ་སོགས་པ་དང། གླིང་བུ་མ་ལ་སོགས་པ་ཡང་བསྐྱེད་པར་བྱེད། །དེ་ལ ་ཤར་གྱི་སྒོར་ཧཾ་ལས་བྱུང་བ་ཁ་དོག་ནག་པོ་ཞལ་དང་པོ་ནག་པོའོ། །གཡས་དང་གཡོན་དཀར་པོ་དང་སེར་པོའོ། །སྟེང་དུ་རྟའི་གདོང་པ་ལྗང་ཁུའོ། །དེ་ལྟར་ཞལ་བཞི་དང་ཕྱག་བཞིའོ། །དེ་ལ་གཡས་ཀྱི་ཕྱག་དང་པོ་ལ་ལྕགས་ཀྱུའོ། །གཉིས ་པ་ལ་གྲི་གུག་གོ་།གཡོན་པ་དག་ལ་ཐོང་པ་དང་ཁ་ཊཱཾ་ག་བསྣམས་པ་ཚངས་བ་མནན་པ་དགོང་པར་བྱའོ། །དེ་བཞིན་དུ་ལྷོའི་སྒོར་འཕག་པའི་གདོང་མ་སུཾ་ལས་བྱུང་བ་ཁ་དོག་སེར་པོ་ཞལ་བཞི་པ་ཕྱག་བཞི་པའོ། །གཡས་དང་གཡོན་གྱི ་ཞལ་དཀར་པོ་དང་ནག་པོའོ། །རྩ་བའི་ཞལ་སེར་པོའོ། །སྟེང་དུ་ཕག་གི་གདོང་དམར་པོའོ། །གཡས་ན་ཞགས་པའོ། །ལྷག་མ་རྣམས་ནི་རྟ་གདོང་མ་བཞིན་ཏེ་དབང་པོ་མནན་པའོ། །དེ་བཞིན་དུ་ནུབ་ཀྱི་སྒོར་ཤྭཾ་ལས་བྱུང་བ་ཁྱི་གདོང་མ་ཁ་དོག་དམར་པོ ་ཞལ་བཞི་པ་རིམ་པ་བཞིན་དུ་དབུས་དམར་བ་གཡས་དང་གཡོན་གྱི་ཞལ་ནག་པོ་དཀར་པོར་སྣང་བའོ། །སྟེང་དུ་ཁྱི་གདོང་སེར་པོའོ། །ཕྱག་བཞི་ལ་གཡས་ཀྱི་ཕྱག་ན་ལྕགས་སྒྲོག་གོ། ལྷག་མ་རྣམས་ཕག་གི་གདོང་མ་བཞིན་ཉེ་དབང་མནན ་བའོ། །དེ་བཞིན་དུ་བྱང་གི་སྒོར་སིམ་ལས་བྱུང་བ་སེང་གདོང་མ་ཁ་དོག་ལྗང་གུ་ཞལ་བཞི་པ་ཞལ་དང་པོ་ལྗང་ཁུའོ། །གཡས་དང་གཡོན་གྱི་ཞལ་ནག་པོ་དང་དམར་པོའོ། །སྟེང་གི་ཞལ་སེངྒེའི་གཟུགས་འབར་བའོ། །དེ་བཞིན་དུ་ཕྱག་བཞི་པ་གཡས ་ན་རལ་གྲིའོ། །ལྷག་མ་རྣམས་ནི་ཁྱི་གདོང་མ་བཞིན་དྲག་པོའི་མནན་པ་དགོད་ངོ། །འདི་རྣམས་ནི་ཕྱག་རྒྱ་ལྔ་འཛིན་པ་ཕྱོགས་ཀྱི་གོས་ཅན་རྐྱན་ཐམས་ཅད་ཀྱི་བརྒྱན་པ་བསམ་པར་བྱའོ། །དེ་བཞིན་དུ་མེའི་མཚམས་སུ་ག་ལས་འབྱུང་བ་ཁ ་དོག་དཀར་པོ་ཞལ་ཅིག་ཕྱག་བཞི་པ། ཕྱག་གཡས་གཉིས་མདའ་དང་རྡོ་རྗེ་གྲི་གུག་གོ་།དེ་བཞིན་དུ་གཡོན་དག་ན་གཞུ་དང་ཁྲག་གིས་གང་བའི་ཐོད་པ་བསྣམས་པ་ཐོད་པའི་གདན་གྱི་དབུས་སུ་བསམ་པར་བྱའོ། །དེ་བཞིན་དུ་འདི་ཉིད་ཀྱི་འདབ ་མ་གཉིས་པ་ལ་ཙཽ་རཱི་ཙཾ་ལས་བྱུང་བ་ཁ་དོག་དམར་པོ་ཞལ་གཅིག་ཕྱག་བཞི་པ་ཕྱག་གཡས་གཉིས་ན་འཁོར་ལོ་དང་ཅང་ཏེའུའོ། །དེ་བཞིན་དུ་གཡོན་གཉིས་ན་ཐོད་པ་དང་ལྕགས་ཀྱུ་འཛིན་པ་གཟུགས་མཛེས་མ་དགོད་དོ། །དེ་བཞིན་དུ་འདེན་བྲལ་གྱི ་འདབ་མར་ཕྲ་མོ་ཧ་ཌཾ་ལས་བྱུང་བའམ་པཾ་ལས་བྱུང་བ་ཁ་དོག་ནག་པོ་ཞལ་ཅིག་ཕྱག་བཞི་པ་གཡས་ཀྱི་ཕྱག་གཉིས་ལ་ཐོད་པ་དང་རྩེ་གསུམ་འཕྱར་བའོ། །དེ་བཞིན་དུ་གཡོན་གྱི་ཕྱག་དག་ལ་ཐོད་པ་དང་ཐོད་པ་ལྕང་ལོ་ཅན་མགོ་བོའི་མིང་ཅན་གཉིས་པའོ། ། ་འདི་ཉིད་ཀྱི་འདབ་མ་གཉིས་པ་ལ་པཾ་ལས་བྱུང་བའི་བེཏྟཱ་ལི་དཀར་སེར་དུ་སྣང་བ་ཞལ་གཅིག་ཕྱག་བཞི་པ་གཡས་ཀྱི་ཕྱག་གཉིས་ན་རྡོ་རྗེ་དང། །ཆུ་དང་ཐོད་པའོ། །གཉིས་པ་ན་བཤད་པས་གང་བའི་ཐོད་པའོ། །གཡོན་དག་ན་ཆང་གིས་གང་པའི ་ཐོད་པ་དང་ཁ་ཊཝཱཾ་ག་བསྣམས་པ་མཛེས་པའི་གཟུགས་ཅན་མ་བསྒོམ་པར་བྱའོ། །དེ་བཞིན་དུ་རླུང་གི་མཚམས་སུ་པ་ལས་བྱུང་བའི་བུཀྐ་སཱི་ཁ་དོག་སེར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་ཀྱི་ཕྱག་གཉིས་ལ་དཔག་བསམ་གྱི་ཤིང་དང། དེ ་བཞིན་དུ་རིན་པོ་ཆེ་དང་ལྷན་ཅིག་པའི་མཚོད་སྦྱིན་གྱི་ཕྱག་གོ་།དེ་བཞིན་དུ་གཡོན་དག་ལ་ལྕུག་མ་དང་ཤས་གང་པའི་ཐོད་བའོ། །དེ་བཞིན་དུ་འདི་ཉིད་ཀྱི་འདབ་མ་གཉིས་པ་ལ་ཙམ་ལས་བྱུང་བའི་ཙཎྜ་ལཱི་ཁ་དོག་སྔོན་པོ་ཞལ་གཅིག་ཕྱག་བཞི་པ། ་གཡས་ཀྱི་ཕྱག་གཉིས་ལ་རླུང་རས་དང། ཁུ་བས་གང་བའི་ཐོད་པའོ། །གཡོན་དག་ལ་རང་བྱུང་གི་མེ་ཏོག་གིས་གང་བའི་ཐོད་པ་དང་དེ་བཞིན་དུ་པདྨ་དཀར་པོའོ། །དབང་ལྡན་དུ་གྷཾ་ལས་བྱུང་བའི་གྷ་སྨ་དཱི་ལྗང་ཁུ་དང་སར་པར་སྣང་བཞལ་གཅིག ་ཕྱག་བཞི་པ་ཕྱག་གཡས་ཀྱི་དང་པོར་མི་འཇིགས་པ་སྦྱིན་པའོ། །ཕྱག་གཉིས་ལ་རྡོ་རྗེ་མེའི་ཐབ་ཁུང་བསྣམས་པའོ། །གཡོན་ལ་དགྲ་སྟའོ། །གཉིས་པ་ལ་ཞག་གིས་གང་བའི་ཐོད་པ་བསྣམས་པའོ། །འདི་ཉིད་ཀྱི་འདབ ་མ་གཉིས་པ་ལ་ཤཾ་ལས་བྱུང་བའི་ཤ་བ་རཱི་ཁ་དོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ་གཡས་ཀྱི་དང་པོ་ལ་ཐོད་པ་རོས་གང་བའོ། །གཉིས་པ་ལ་རྡོ་རྗེའོ། །དེ་བཞིན་དུ་གཡོན་པ་ལ་ཁ་ཊཝཱཾ་ག་དང་ཞགས་པའོ། །དེ་ལྟར་ཐམས་ཅད་རང་སྣང་གི་ཐབས་དང་ལྡན་པ ་སྤྱན་གསུམ་པ་མཆེ་བ་གཅིགས་པའི་ཞལ་ཅན་སྐྲ་སེར་པོ་གྱེན་དུ་ལངས་པ་གཅེར་བུའི་ཕྱག་རྒྱ་ལྔ་དང་ལྡན་པ་ཞབས་གཡོན་བརྐྱང་པའོ། །སྒེག་པ་དཔའ་བོ་མི་སྡུག་པ། །དྲག་པོ་བཞང་པ་འཇིགས་བྱེད་དང། སྙིང་རྗེ་རྡཾ་དང་ཞི་བ་རྣམས། །གར ་དགུའི་ཉམས་རྣམས་དང་ནི་ལྡན་ཞེས་སོ། །དེ་བཞིན་དུ་གླིང་བུ་མ་ལ་སོགས་པ་འབྱུང་བ་ཡང་ཤེས་པར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སྒྲོས་པ་ལས་བྱུང་བ་བསྒོམ་པར་བྱའོ། །དེའི་རྗེས་སུ་བསྙེན་པ་དང། ཉེ་བའི་བསྙེན་པ་དང། སྒྲུབ ་པ་བརྗོད་པར་བྱ་སྟེ། གང་དུ་རྡོ་རྗེ་འཆང་ལས་ཐབས་ཀྱི་རྡོ་རྗེ་འཛིན་པ་རྡོ་རྗེ་ལས་བྱུང་བའི། །བཅོམ་ལྡན་འདས་ཀྱི་དབྱིབས་ལ་སོགས་པའི་མཐར་ཐུག་པའི་ནི་བསྙེན་པའོ། །དཀྱིལ་འཁོར་འབྱུང་བ་ནི་ཉེ་བའི་བསྙེན་པའོ། །དེའི་རྗེས་སུ་ཧོ་གཉིས་ཀྱི ་དབུས་སུ་སྤྲེལ་བའི་ཡི་གེ་གསུམ་ནང་དུ་ཞུགས་པས་ཤིན་ཏུ་རྒྱུན་མི་འཆད་པའི་མཆོག་ཏུ་བདེ་བ་ཆེན་པོ་རོ་གཅིག་པས་རང་གི་རིག་མ་དང་ལྷན་ཅིག་ཞུ་བར་གྱུར་པ་ས་བོན་གྱི་གཟུགས་སུ་ཀུན་ཏུ་གནས་པར་གྱུར་ཏོ། །དེ་ནས་པུཀྐ་སཱི་ལ་སོག ་པའི་ལྷ་མོ་བཞི་བདག་ཅག་མགོན་མེད་པར་ཤེས་ནས་ཐམས་ཅད་ཡིད་མི་བདེ་བ་ཐོབ་པས་ཤིན་ཏུ་གདུང་བ་དྲག་པོས་ཐུགས་སད་པར་བྱེད་པའི་རྡོ་རྗེའི་གླུས་བཅོམ་ལྡན་འདས་གྱི་ཐུགས་སློང་བར་བྱེད་དེ། རྗེ་བཙུན་བཞེངས་ཞེས་བྱ་བ་ལ་སོགས ་བའི་དེ་ཁོ་ན་ཉིད་ཀྱི་གླུས་རྨི་ལམ་བཞིན་བཅོམ་ལྡན་འདས་ཀྱི་ཐུགས་སད་དེ། བདུད་རྩི་གཟུགས་ལས་ཟླ་བའི་གཟུགས་སོ། །དེའི་སྟེང་དུ་ཧཱུཾ་དེ་ལས་རྡོ་རྗེའོ། །དེའི་སྟེང་དུ་ལྟེ་བར་ཨཱ་ལི་ཀཱ་ལི་ཁ་སྦྱོར་གཉིས་ཀྱི་སྟེང་དུ་ས་བོན་གཉིས་སོ། །དེ་ལས ་མཚན་མ་གཉིས་ཏེ་དེའི་སྟེང་དུ་ཧཱུཾ་དང་ཨཾ་གཉིས་ཏེ། དེ་ཐམས་ཅད་གཅིག་ཏུ་གྱུར་པ་ལས་དཀྱིལ་འཁོར་གྱི་དབུས་སུ་ཐོད་པའི་ཟླ་བ་བདུད་བཞིའི་སྟེང་དུ་ཧཱུཾ་ལས་བྱུང་བའི་བཅོམ་ལྡན་འདས་དང་ཨཾ་ལས་བྱུང་བའི་བདག་མེད་མ་སྙོམས་པར་ཞུགས ་པའི་ཁུ་བ་ལས་བཞེངས་ཏེ། །བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ར་བདག་ཉིད་སྤྲུལ་པར་བྱའོ། །ཞབས་རྣམས་ས་ལ་བརྡབ་པ་ཡིས། །ལྷ་དང་ལྷ་མིན་རྣམས་ནི་བསྡིགས། །མ་མོའི་འཁོར་ལོ་ཉམས་དགའ་བར། །འདི་ལྟ་བུ་ཡི་གཙོ་བོར་བསྒོམ། ་ཞལ་བརྒྱད་ཞབས་ནི་བཞི་དང་ལྡན། །བཅུ་དྲུག་ཕྱག་རྣམས་ཀྱིས་ནི་བརྒྱན། །བདུད་བཞི་མཉམ་པར་མནན་པ་ནི། །འཇིགས་པ་ཡང་ནི་འཇིགས་པར་བྱེད། །སྒེག་པ་ལ་སོགས་ཉམས་དང་ལྡན། །མགོ་ཡི་ཕྲེང་བ་རྣམས་ཀྱིས་བརྒྱན། །རྐང་བདག ་ལ་གཡེར་ཀའི་སྒྲ། །ཉི་མ་ལ་གནས་གར་དང་ལྡན། །སྤྱི་བོར་སྣ་ཚོགས་རྡོ་རྗེ་མཚན། །ཁ་དོག་ནག་པོ་འཇིགས་མཛད་པ། །ཉིད་ཀྱི་ཞལ་ནས་ཧཱུཾ་སྤྲོ་བ། །སྐུ་ལ་ཐལ་བའི་རྡུལ་གྱིས་བྱུགས། །བདག་མེད་མ་དང་ཁ་སྦྱོར་བས། །གཉིས ་གཉིས་དག་ལ་སྙོམས་ཞུགས་པ། །དུར་ཁྲོད་བརྒྱད་ཀྱི་དབུས་སུ་ནི། །དབའ་རླབས་མེད་པའི་རང་བཞིན་ཅན། །རྩ་ཞལ་ནག་པོ་བཞང་པ་སྟེ། །གཡས་ནི་ཀུན་དེ་ལྟ་བུ་སྟེ། །གཡོན་ནི་དམར་མོ་འཇིགས་ཆེན་པོ། །སྟེད་གི་ཞལ་ནི་རྣམ་པར ་གཙིགས། །ལྷག་མའི་ཞལ་ནི་བུ་ངར?་མཚུངས། །ཉིད་ཤུ་རྩ་བཞི་སྦྱན་གྱིས་ཕྱུག་།དེ་བཞིན་གཡས་ཀྱི་ཕྱག་རྣམས་ལ། །རྡོ་རྗེ་རལ་གྲི་འཛིན་པ་ཉིད། །དེ་བཞིན་མདའ་དང་འཁོར་ལོ་དད། །ལྕང་ལོའི་ཐོད་པ་དབྱུག་པ་དང། །རྩེ་གསུམ་དང་ནི ་དབྱུག་པ་ཉིད། །དེ་བཞིན་གཡོན་གྱི་ཕྱག་རྣམས་ལ། །དྲིལ་བུ་དང་ནི་པདྨར་བཅས། །གཞུ་དང་ཁ་ཊཝཱཾ་ག་ཕྱར་དང། །ཐོད་པ་དང་ནི་རིན་ཆེན་ཉིད། །སྡིགས་མཛུབ་དང་ནི་ཞགས་པ་ཉིད། །ཀུན་ནས་འོད་ཟེར་སྣ་ཚོགས ་ལས། །སངས་རྒྱས་སྤྱན་དང་མཚུངས་པར་སྤྲོ། །འདི་ནི་སྒྲུབ་པའོ། །དེ་ནས་སྒྲུབ་པ་ཆེན་པོ་བརྗོད་པ་བྱ་སྟེ། །བདག་པོ་དང་དཀྱིལ་འཁོར་པ་ཐམས་ཅད་ཀྱི་རང་རང་གི་ཟླ་བ་ལ་གནས་པའི་རང་རང་གི་མཚན་མའི་དབུས་ན་གནས་པའི་ས་བོན་དེ ་དང་དེ་གྱུར་པ་ལས་སྐད་ཅིག་གིས་དམ་ཚིག་སེམས་དཔའ་བཞིན་བདག་ཉིད་ཡེ་ཤེས་སེམས་དཔའ་ཨི་གཟུགས་སུ་བལྟའོ། །དེའི་སྙིང་གའི་མཚན་མ་དེ་ཉིད་ཀྱི་ས་བོན་ཏིང་ངེ་འཛིན་སེམས་དཔའ་ཨི་གཟུགས་བསམ་པར་བྱའོ། །བཅོམ་ལྡན་འདས ་ཀྱི་ཡང་སྙིང་གར་ཡང་དམ་ཚིག་གི་དཀྱིལ་འཁོར་བཞིན་ཡེ་ཤེས་སེམས་དཔའ་ཨི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་བཞིན་དུ་བདག་མེད་མ་ཞལ་གཅིག་ཕྱག་བཞི་པ་ཁ་དོག་སྣ་ཚོགས་པ་དྲག་མོ་ཆེན་མོ་གཅེར་བུ་ཕྱག་རྒྱ་ལྔས་རྣམ ་པར་བརྒྱན་པ་སྤྱན་གསུམ་པ་སྐྲ་སེར་སྐྲ་གྱེན་དུ་བརྫེས་པ་མགོའི་ཕྲེང་བས་དཔུལ་བརྒྱན་པ་མི་མགོ་སྐམ་པོའི་ཕྲེང་བས་སྐུ་བརྒྱན་པའོ། །ཕྱག་གཡོན་གྱི་དང་པོ་ན་རྣལ་འབྱོར་པའི་སྣོད་དོ། །གཉིས་པ་ལ་ཁ་ཊཝཱཾ་གའོ། །གཡས་ཀྱི་དང་པོ ་ལ་རྡོ་རྗེ་སྔོན་མོའོ། །གཉིས་པ་ལ་གྲི་གུག་གོ། །གྲི་གུག་གི་ཕྱག་དང། ཐོད་པ་ཐོགས་པས་འཁྱུད་པ་གཡོན་བརྐྱང་བས་མཆོག་ཏུ་བདེ་བ་ཆེན་པོ་ལ་ཆགས་པའོ། །དེ་ལྟར་བཅོམ་ལྡན་འདས་མ་དང་བཅོམ་ལྡན་འདས་གཡས་བརྒྱད་བ་དེ་དང ་སྙོམས་པར་ཞུགས་པར་རྣམ་པར་བསྒོམ་པར་བྱའོ། །དེས་ཡེ་ཤེས་སེམས་དཔའ་ཨི་སྙིང་གའི་ས་བོན་གྱི་སྔགས་ཀྱི་འོད་ཟེར་རྣམས་ཀྱིས་སྐུ་རྡོ་རྗེ་དང། གསུང་རྡོ་རྗེ་དང། ཐུགས་རྡོ་རྗེ་རྣམས་དགུག་པར་བྱའོ། །དེ་བཞིན་དུ་སྤྱི་བོ་དང། མགྲིན ་པ་དང། སྙིང་གར་ཟླ་བ་དང། ཉི་མ་མེ་གསུམ་གྱི་སྟེང་དུ་ཨོཾ་ཨཱ(རྒྱུད་འགྲེལ་ཀྵ་ཡ་བཛྲ་སྭ་བྷཱ་བ་ཨཱ་དམ་ཀོ་ཧཾ། དེ་བཞིན་དུ་ཀཱའི་གནས་སུ་དག་དང་སེམས་སྦྱར་བར་བྱའོ། །དེ་ནས་རང་གི་སྙིང་གའི་འོད་ཟེར་རྣམས་ཀྱིས་ནམ་མཁའ་ཨི་ཁམས་གསུམ་པའི་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་བཀུག་སྟེ། ནམ་མཁའ་ཨི་ངོས་སུ་བཞག ་ནས་ཧཱུཾ་གིས་བགེགས་རྣམས་བསྐྲད་པར་བྱའོ། །དེར་སྔོན་དུ་ཡོངས་སུ་བཟླས་པའི་མཆོད་ཡོན་དང་ཞལ་བསིལ་རང་གི་སྔགས་ཀྱིས་དབུལ་བར་བྱའོ། །དེ་ནས་ཛ(རྒྱུད་འགྲེལ་དགུག་པ་དང་གཞུག་པ་དང་བཅིང་པ་དང་དབང་དུ་བྱས་ནས་འོ་མ་དང་ཆུ་བཞིན་རོ་གཅིག་པར་གྱུར་བར་བྱའོ། །དེ་བཞིན་དུ་བདག་གི་གཟུགས་ཀྱི་ཕུང་པོ་ལ་དེའི་བདག་ཉིད་ཀྱིས་གཽ་རཱིའོ། །ཆོར་པའི་ཕུང་པོ་ལ་ཙཽ་རཱིའོ། །འདུ་ཤེས་ཀྱི་ཕུང ་པོ་ལ་བEཏྭཱ་ལཱིའོ། །འདུ་བྱེད་ཀྱི་ཕུང་པོ་ལ་གྷ་སྨ་རཱིའོ། །རྣམ་པར་ཤེས་པའི་ཕུང་པོ་ལ་བཅོཾ་ལྡན་འདས་ཧེ་རུ་ཀའོ། །སའི་ཁམས་ནི་པུཀྐ་སཱིའོ། །ཆུའི་ཁམས་ནི་ཤ་བ་རཱིའོ། །མེའི་ཁམས་ནི་ཙཎྜ་ལཱིའོ། །རླུང་གི་ཁམས་ནི་ཌོམཔི་ནཱིའོ། །ནམ་མཁའ་ཨི ་ཁམས་ན་བདག་མེད་མའོ། །གཟུགས་ཀྱི་སྐྱེ་མཆེད་ནི་རྟ་གདོད་མའོ། །སྒྲའི་སྐྱེ་མཆེད་ནི་ཕག་གདོད་མའོ། །དྲིའི་སྐྱེ་མཆེད་ནི་ཁྱི་གདོང་མའོ། །རོའི་སྐྱེ་མཆེད་ནི་སེང་གདོད་མའོ། །དེ་བཞིན་དུ་སྒྲའི་སྐྱེད་མཆེད་ནི་རྣམ་པ་བཞི་སྟེ། འདི་ལྟ་སྟེ་སྡུབས་དང ་རྒྱུ་དང་སྒྲ་ཆེན་པོ་དང་སྒྲོག་པ་ནི་གླིང་བུ་མ་ལ་སོགས་པའི་འོ། །དེ་ལ་སོགས་པ་གཞན་རྣམས་ཀྱི་ཡང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམ་པར་དག་པར་མོས་པར་བྱའོ། །དེ་ནས་ལྷའི་ང་རྒྱལ་གཟུང་སྟེ། རང་གི ་ལུས་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་དང་རིག་མ་དད་ལྷ་མོ་དད། ཁྲོ་མོ་ལ་སོགས་པ་རྣམས་བཀུག་ནས་ནམ་མཁའ་ཨི་དཀྱིལ་དུ་གཞག་སྟེ། རང་གི ་སྙིང་གི་ས་བོན་ལས་སྤྲོས་པའི་ལྷ་མོ་བརྒྱད་རྣམས་ཀྱིས་ཡང་དག་པར་མཆོད་ནས་དབང་བསྐུར་གསོལ་བ་གདབ་པར་བྱའོ། །དེ་ནས་དེ་རྣམས་ཀྱིས་བདུད་རྩི་ལྔས་གང་བའི་བུམ་པ་རྣམས་ཀྱིས་དཀྱིལ་འཁོར་གྱི་བདག་པོ་དང་དཀྱིལ་འཁོར ་རྣམས་ལ་ཡང་དག་པར་དབང་བསྐུར་བར་བྱའོ། །དེ་བཞིན་དུ་དབང་བསྐུར་བཞིན་པ་ན། རྣམ་པ་སྣ་ཚོགས་པའི་མཆོད་པའི་ཁྱད་པར་རྣམས་ཀྱིས་ཡང་དག་པར་མཚོད་བཞིན་པར་བདག་གི་དངོས་པོ་བསྒོམ་པར་བྱ་སྟེ། དེ་ལྟར་རིམ་བཞིན་རྣམ་པ་སྣ ་ཚོགས་དང་རྣམ་པར་སྨིན་པ་དང་རྣམ་པར་ཉིད་པ་དང་མཚན་ཉིད་དང་བྲལ་བའི་སྐད་ཅིག་བཞི་ཐོབ་པས་དགའ་བ་དང། དཾ་པར་དགའ་བ་དང། མཆོག་ཏུ་དགའ་བ་དང་ལྷན་ཅིག་སྐྱེས་པའི་དགའ་བ་བཞི་མངོན་པར་མཚོན་ཏེ། །རྒོད་པ་དང། བལྟ་བ་དང་ལག་པ་བཅངས་པ་དང། ་གཉིས་གཉིས་འཁྱུད་པ་བཞི་རྣམ་པར་དག་པར་སློབ་དཔོན་དང་གསང་བ་དང། ཤེས་རབ་དང། ཡེ་ཤེས་དང། མཆོག་ཏུ་བདེ་བ་ཆེན་པོའི་མཐར་ཐུག་པའི་དབང་བསྐུར་བ་བཞིན་བླང་བར་བྱའོ། །དེ་ལྟར་དབང་བསྐུར་ནས་རང་གི་རིགས་གཙོས་མཚོན་ཏོ། ། ་དེ་ལ་སེམས་དང་རྟག་པ་རིན་ཆེན་དབང། །འཇིག་རྟེན་དབང་དང་དོན་ཡོད་གྲུབ་ཅེས་སོ། །དེ་ལྟར་སེམས་ཀྱི་ནི་བཅོམ་ལྡན་འདས་ལ་རྒྱས་གདབ་པོ། །ལྷག་མ་རྟག་པ་ལ་སོགས་པས་གོ་རཱི་ལ་སོགས་པ་རྒྱས་གདབ་བར་བྱའོ། །དེ་བཞིན་དུ་སེམས་དང་རྟག ་བ་དང་རིན་ཆེན་དབང་དང་འཇིག་རྟེན་དབང་གིས་མཚམས་ན་གནས་པ་རྣམས་ལའོ། །དེ་བཞིན་དུ་རྟ་གདོང་ལ་སོགས་སྒོ་སྐྱོང་རྣམས་ལ་རྟག་པ་དང་རིན་ཆེན་དབང་ངར་འཇིག་རྟེན་དབང་དང་དོན་ཡོད་གྲུབ་པ་རྣམས་ཀྱིས་རྒྱས་གདབ་པོ། །དེ་བཞིན་དུ་གླིང་དུ་མ ་ལ་སོགས་པ་ཐུགས་ཀྱིས་རྒྱས་གདབ་པ་འམ། རང་རང་གི་ཕྱོགས་ཀྱི་གཙོ་བོས་སོ། །དེ་བཞིན་དུ་རང་གི་སྙིང་གི་ས་བོན་ལས་སྤྲོས་པའི་རྣལ་འབྱོར་མའི་ཚོགས་ཀྱིས་བདུད་རྩི་ལྔ་པོ་དེ་རྣམས་ཀྱི་བདག་ཉིད་ཡང་དག་པའི་མཆོད་པར་བྱའོ། །དེ་བཞིན་དུ་ཡན་ལག ་དྲུག་རྗེས་སུ་དྲན་པར་བྱ་སྟེ། །བཅོམ་ལྡན་འདས་གཅིག་པུའི་སྐུ་ནག་པོ་དང། དཀར་པོ་དང། སེར་པོ་དང། ལྗང་ཀུ་དང། སྔོན་པོ་དང། དཀར་པོའི་རིམ་པས་སོ། །འདི་ནི་སྒྲུབ་པ་ཆེན་པོའི་ཡན་ལག་གོ། །དེ་བཞིན་དུ་མཆོད ་པའི་དུས་སུ་བདག་པོ་དང་དཀྱིལ་འཁོར་པ་རྣམས་ཀྱི་སྔགས་བརྗོད་དེ། ཨོཾ་ཏྲི(རྒྱུད་འགྲེལ་ཧཱ་བཛྲི་ཎི་ཀ་ཀཱ་ལ་མཱ་ལཱ་མུ་ཀུ་ཏེ་ཨཱ་ཀརྦྷཡ་སརྦ་དུ་དུཥྛ་ན་ཏྲི་ད་ཡ་མཱ་ཀ་དྡྷཡ་རུ་ལུ་རུ་ལུ་བྷཡོ་ཧཱུཾ་ཕཊ། ཙ་རཱི་རིའོ། །ོཾ་བཛྲ་པ་ཌཱ་ཇི་ཏེ་པ་ར་མ་གུ་ཧཡ་ཀ་པཱ་ལ་མཱ་ལཱ་པི་བྷཱུ་ཥི་ཧེ་ས་མ་དུ་ཥཝཱཾ་མོ་ཧ་ནི་པྲི་ཡེ་ཨེ་ཧཡ་ཉི་བྷ་ག་བ་ཏི་བཛྲ་གུ་ཧཡེ་ཤྭ་རི་བ་ཏུ་བི་བི་དྷ་པེ་ཥ་དྷ་རི་ཎི་སརྦ ་དུ་ཥྚཱཾ་ནི་བཱུ་རི་ཎི་ཧཱུཾ་ཕཊ། པྲ་མོ་ཧ་ཡི་འོ། །ོཾ་བཛྲ་བེ་ཏྟཱ་སཱི་ཀི་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་དུཥྚཱ་ན་བོ་ཀྲི་ཏ་བ་ཤ་དྷཱ་ར་ཊི་བི་ཀྲི་ཏཱ་ལ་མ་ཀཱ་ར་བྷཱ་ཥི་ཏེ་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙེ་བཙ་མཱ་བི་ལཾ་པ་ས་མ་ཡམ་ནུ་སྨ་ར་པ་བི་ཤ་ཡ་ས་?་ལ་མ་དྷཡེ་ཨུཏྠ་པ་ཡས་རྦ་ཧཱུཾ་ཧཱུཾ་ཕཊ། བེདྡྷ ་ལཱིའི་ཡིའོ། །ོཾ་ཨེ་ཧཡེ་ཧི་བྷ་ག་པ་ཏི་བཛྲ་གུ་ཧེ་ཤྭ་རི་པ་ཧཱུཾ་པི་བི་དྷ་བོ་ཤ་དྷ་རི་ནི་སརྦ་ཏ་ཐཱ་ག་ཏ་དུ་ཥཝེ་ས་མ་ཡ་མ་ནུ་སྨ་ར་ཧ་ན་ཧ་ན་རཾ་ག་རཾ་ག་རཾ་ག་པ་ཡུ་རཾ་གཱ་པ་ཡ་པཱུ་ར་ཡ་པཱུ་ར་ཡ་ཨཱ་བིཥ་ཨཱ་གི་??་རྟག་པ་ཡན་རྟ་པ་ཡ་ཧ(རྒྱུད་འགྲེལ་ཡིའོ། །ོཾ་བཛྲ་ཤཱུ་ལླི་གྲི་བྷིནད་བྷིནད་སརབ་དུ་ཥནི་??་ཀརཥ་ཡ་ཧ་ན་ཧ་ན་ནི་རྨ་ཐ་ནི་རྣ་ཐ་མཱ་ར་ཡ་མཱ་ར་ཡ་ནཱི་བ་ལངས་མ་ཡ་མ་ནུ་སླ་ར་ཧཱུཾ་ཧཱུཾ་ཕཊ། ཙ་ཙཌ་ལཱི་ཡིའོ། །ོཾ་བཛྲ་མ་ཧེ་ཤྭ་རི་ཧཾ་ཧཾ་ཧཾ་ཧ། རུ་ལུ་རུ་ལུ་གྷཡོ་ཧཱུཾ་ཕཊ་བྷ་ཀྵ་ཡ་སརྦ་དུ་ཥྙཱ་ནྣི་རྣ་ཐོན་རྨ་རྦ་ཧྲཾ་ད་???་ཧཱཾ་ཕཊ་??? ་གྷ་སྨ་རཱི་ཡིའོ། །ོཾ་སུཾ་བྷ་ནི་དཱིཔཏ་ས་མ་ཡ་བཛྲེ་ཧཱུཾ་ཕཊ་ཧེ་རུ་ཀ་ས་ནྣི་དྷ་ཨོཾ་བཛྲ་བཾ་ཤེ་ཧཱུཾ་སྭཱཧཱ་གླིང་བུ་མ་ཡིའོ། །ོཾ་བཛྲ་བཱ་ཎེ་ཧཱུཾ་སྭཱ་ཧཱ། །པི་བད་མ་ཡིའོ། །ོཾ་བཛྲ་མུ་ཀུནདེ་ཧཱུཾ་ཕཊ་སྭཱ་ཧཱ། །རྔ་རིང་ས་མ་ཡིའོ། །ོཾ་བཛྲ ་མྲི་དཾ་གེ་ཧཱུཾ་སྭཱ་ཧཱ། རྗ་རྔམ་ཡིའོ། །ོཾ་བཛྲ་བ་ཌ་ཝ་ཨ་ཤྭ་མུ་གྲེ་ཡོ་གི་ཤྭ་རི་ཧྲི(རྒྱུད་འགྲེལ་གདོང་མ་ཡིའོ། །ོཾ་བཛྲ་དྷཱ་ཏུ་སཾ་ཛཱི་བ་ནི་མ་ཧཱ་ཡ་ཀྵི་ཎི་ཤྭཱ་ན་རཱ་རི་ཎམ་ཏཱ་པྲ་ལ་ཡ་ནི་རྟཝཱ་དེ་ཀཱ་མ་རཱུ་པེ་ཏྭཱ་ཊ་ཏྲ་ཊ་ཧོ(རྒྱུད་འགྲེལ་འབྱོར་མ་བཅུ་གཉིས་རྒྱུ་བར་བྱའོ། །རྣལ་འབྱོར་མ་རེ་རེ་ཡང་བར་གམ་བའི་ནང་དུ་འདུས་ཏེ། འཕོ་བ་བཅུ་གཉིས་ཀྱི་དབྱེ་བས་སོ། །གླིང་བུ་མ་ལ་སོགས་པ་ཐུན་མཚམས་སུ་མཆོད་དེ་དུས་ཀྱི་སྦྱོར་བ་ལས་སོ། །བདག་ཉིད་ནི་ལྷན་ཅིག་སྐྱེས་པའི་དགའ་བ ་གཅིག་གཟུགས་ཅན་ནོ། །འདི་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་པའི་ཏིང་ངེ་འཛིན་ཏེ་གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུའོ། །དེའི་རྗེས་སུ་བདག་པ་དང་དཀྱིལ་འཁོར་བ་སྙིང་གི་ས་བོན་ལས་འོད་ཟེར་སྤྲོས་ཏེ། དེ་ལས་སྐུའི་སྤྲིན་སྤྲོས་པ་འགྲོ ་བའི་དོན་བྱས་ནས་སླར་རྩ་བའི་ལུས་ཉིད་ལ་བསྡུ་བར་བྱའོ། །དེའི་ཚེ་གཽ་རཱི་ལ་སོགས་པ་བརྒྱད་ཞལ་བརྒྱད་དུ་གཞུག་གོ། སྒོ་སྲུངས་གདན་བཞི་ལས་སྐྱེས་པ་ནི་རིམ་པ་བཞིན་སྦྱོར་བ་དང། གཞན་པར་ངེ་ཁོ་ན་ཉིད་དང། གསབ་པའི་གདན་རྣམས ་སུ་གཞུག་གོ། དེ་བཞིན་དུ་གླིང་བུ་མ་ལ་སོགས་པ་ནི་བདག་གི་གདན་ལས་སྐྱེས་པའི་དེ་ཉིད་དུ་གཞུག་གོ། དེ་ལ་སྒོ་སྲུངས་ཞེས་ནི་མེ་ལོང་ལྟ་བུ་ལ་སོགས་པའོ། །དེ་བཞིན་དུ་དད་པ་དང་བརྩོན་འགྲུས་དང་དྲན་པ་དང། ཏིང་ངེ་འཛིན་དང། ཤེས་རབ ་ཀྱི་དབང་པོ་རྣམས་ལ་སེམས་ཅན་རྣམ་པར་འཇོག་པར་བྱེད་པ་ནི་རྟ་གདོང་མའོ། །དེ་བཞིན་དུ་ཕག་གདོང་མས་ནི་དད་པ་དང། བརྩོན་འགྲུས་དང། དྲན་པ་དང། ཏིང་ངེ་འཛིན་དང། ཤེས་རབ་ཀྱི་སྟོབས་རྣམས་ལ་འཇོག་གོ། དེ་བཞིན་དུ་ཁྱི་གདོང་མས་ནི་རབ ་ཏུ་དགའ་བ་དང། དྲི་མ་མེད་པ་དང། འོང་བྱེད་པ་ལ་འཇོག་གོ། དེ་བཞིན་དུ་སེང་གདོང་མས་ནི་འོད་འཕྲོ་བ་དང། སྦྱང་དཀའ་བ་དང། མངོན་དུ་བྱེད་པ་རྣམས་ལ་འཇོག་གོ། དེ་བཞིན་དུ་ག་རཱི་ས་ནི་རིང་དུ་སོང་བ་ལའོ། །ཙཽ་རཱི་ནི་མི་གཡོ་བ་ལའོ། །བེཏྟཱ ་ལཱིས་ནི་ལེགས་པའི་བློ་གྲོས་ལའོ། །གྷ་སྨ་རཱི་ས་ནི་ཆོས་ཀྱི་སྤྲིན་ལའོ། །ལྷག་མ་པུ་ཀྐ་སཱི་ལ་སོགས་པ་བཞི་ས་ནི་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་ལའོ། །དེ་བཞིན་དུ་གླིང་བུ་མ་ལ་སོགས་པ་བཞིས་ནི་ས་དང་པོ་སྟེ། དེ་ཡང་བཅུ་གཉིས་པ་མོས་པས ་སྤྱོད་པའི་སའོ། །བདག་མེད་མས་ནི་རྡོ་རྗེ་འཆང་གིས་བཅུ་གསུམ་པའོ། །དེ་ལྟར་ཁམས་གསུམ་པོ་མཛའ་དག་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་མོས་པར་བྱའོ། །སྔར་གྱི་བཅོམ་ལྡན་འདས་འཁོར་ལོ་དང ་བཅས་པ་འདི་ནི་ཡེ་ཤེས་ལྔའི་བདག་ཉིད་དོ། །དེ་ལ་ཨཱ་ལི་ཡོངས་སུ་གྱུར་པའི་ཟླ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཀཱ་ལི་ཡོངས་སུ་གྱུར་པ་ཉི་མ་ནི་མཉམ་པ་ཉིད་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་དག་གི་དབུས་སུ་སོན་པའི་མཚན་མ་དང་ས ་བོན་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་དག་གཅིག་ཏུ་གྱུར་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །སྐུ་རྫོགས་པའི་ནི་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སུ་ཤེས་པར་བྱའོ། །འདི་ནི་ལས་ཀྱི་རྒྱལ་པོ་མཆོག་ཅེས་པའི་ཏིང་ངེ་འཛིན་ཏེ། གསུམ་པ ་སྤྲུལ་པའི་སྐུའོ། །དེ་ནས་ཐིག་ལེའི་རྩལ་འབྱོར་གྱི་དབང་དུ་བྱས་ཏེ་གསུངས་པ། །སྣ་ཡི་རྩེ་མོར་ཡུངས་ཀར་བསྒོམ། །རྒྱུ་དང་མེ་རྒྱུ་ཡུངས་ཀར་ལ། །སྣ་ཡི་རྩེ་མོར་ནན་ཏན་གྱིས། །རྣལ་འབྱོར་རིགས་པས་རྟག་ཏུ་བསྒོམ། །སྣ་ཡི་རྩེ་མོ་ཕྱང ་བ་རུ། །སྔོན་དུ་གཏུམ་མོ་སྦར་བས་བྱ། །རྒོད་མའི་མེ་ནི་འབར་བའི་ཕྱིར། །སྒྲ་ལ་སོགས་པ་བརྒྱན་ནི་བསྲེགས། །ོཾ་ལས་ལངས་པའི་དེ་ཉིད་ནི། །ཧ་ཧུ་བྱེད་པ་པོ་ཡིས་གཏོང། །ལས་ཀྱི་རླུང་དང་ཡང་དག་ལྡན། །དབྱིབས ་ལ་ཐིམ་པ་ཙམ་གྱིས་ནི། །ཐམས་ཅད་དུ་ནི་གདུང་བར་བྱེད། །ཕུང་པོ་ལྔ་ནི་འཇུ་བར་འགྱུར། །ཞུ་པས་འདིར་ནི་བཅུ་དྲུག་པའི། །ཆ་ཡི་བག་ཆགས་ཀྱང་ནི་བསྲེགས། །ལྷ་མཚོན་པས་ནི་མི་འཛགས་པས། །རྣལ་འབྱོར་པ་ནི་བསམ་གཏན་བྱེད། །ཁྲི་ཕྲག་བྱེ ་བའི་གྲངས་ཀྱིས་ནི། །ཡི་གེ་བསམ་གཏན་ཞེས་སུ་བརྗོད། །མེ་ཡི་ཡང་ནི་ལྕེ་ནི་བདུན། །གྲངས་དེ་གང་ཡིན་སྣ་རྩེ་བདུད། །སྙིང་མགྲིན་ལྟེ་བའི་འོག་ནི་འདིར། །མཚམས་གསུམ་དུ་ནི་སྣ་གཉིས་གཉིས། །བདུན་པའི་སྣ་ནི་གཅིག་པུ་ཉིད། །ཐིག་ལེའི ་གནས་སུ་འོག་ཏུ་བལྟས། །འདིར་ནི་བསྲེག་བྱ་བཟའ་བ་ནི། །བགས་པ་ལ་སོ། ཁམས་ནི་འདུན། དེ་ཉིད་དུ་ནི་ཐིག་ལེ་བདུན། མེ་ཡི་དབུས་ནི་ཉིད་དུ་གནས། །ཡི་གེ་རྣམས་ནི་བཅུན་པོ་ཉིད། །ཀ་སྡེ་ལ་སོགས་ཥ་མཐར་ཐུག། བརྒྱད་པའི་སྡེ་མཚན་རབ་རྫོགས ་བ། །བློ་ལྡན་མི་ཤིགས་པ་རུ་བརྗོད། །ཡི་གེ་ཐམས་ཅད་ལ་ཁྱབ་བྱེད། །ཡི་གེ་ལས་ནི་མི་འཛག་འབྱུང། །དེ་བཞིན་དུ་ནི་རླུང་བརྒྱད་རྣམས། །མཉམ་པ་ལ་སོགས་པར་ནི་གྲངས། །དེ་རྣམས་སྟེང་འོག་གཉིས་བསྟན་པ། །ཧ་རུ་བྱེད་པའི ་ལས་ཅན་ཉིས། །དེས་ན་ཐིག་ལེ་རྟག་ཏུ་གནས། །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །སྲོག་ལ་སོགས་པ་ལྔ་པོ་ཉིད། །རྣལ་འབྱོར་མི་འདེ་ཉིད་གཟུགས། །ཐིག་ལེ་བདུན་གྱི་རྣལ་འབྱོར་ཉིད། །སངས་རྒྱས་བདུན་གྱི་མཚན་ཅན་འདི། །དེ་ལྟར ་གཟུགས་ནི་ལྔ་ཡིན་ཏེ། །དྲུག་པ་རྡོ་རྗེ་འཛིན་དེ་བཞིན། །བདུན་པ་འདིར་ནི་དགྱེས་རྡོ་རྗེ། །དཔྲལ་བ་ཉིད་དུ་ཧི་ཞེས་པ། །གང་གི་བརྗོད་དུ་མེད་གྲགས་པ། །དགྱེས་པའི་རྡོ་རྗེ་ཞེས་སུ་བརྗོད། །རྣལ་འབྱོར་འདི་ཡང་རྟག་ཏུ་འདིར། །འདིར ་དགའ་བཅུ་དྲུག་ཙམ་ཉིད་དེ། རྣལ་འབྱོར་རྒྱུད་ཀྱི་རྒྱུ་ནི་ཉིད། །མ་མོ་བཅུ་དྲུག་ཤེས་པར་བྱ། །དེ་རྣམས་ཀྱི་ནི་ནང་དུ་སྔོན། །རྣལ་འབྱོར་མ་ཡིག་སུམ་བཅུའོ། །དཀྱིལ་འཁོར་ལྔ་རྣམས་ཐིམ་པས་ན། །འཁོར་ལོའི་ནང་ནི་ཉིད་དུ་གནས། །དེ་ལྟར་རྣལ་འབྱོར་རྣལ ་འབྱོར་མའི། །ཁ་སྦྱོར་སངས་རྒྱས་མཚན་ཉིད་དོ། །དེ་ཡིས་དབུས་སུ་རྡོ་རྗེའི་རླུང། །ཀྵ་ནི་བསམ་གྱིས་མི་ཁྱབ་གཟུགས། །དེ་ཡིས་ཡང་ནི་དགང་བླུགས་སྦྱིན། །སྦྱིན་སྲེག་ལས་ནི་ཐམས་ཅད་པ། །ཐབ་ཁུང་དབུས་གནས་བདག་ཉིད་ནི། །ཡེ་ཤེས་དཀྱིལ ་འཁོར་མིང་ཅན་ནོ། །འཁོར་ལོ་དྲུག་ཏུ་ལྷ་རྣམས་ལ། །སྔགས་རིགས་པ་ཡིས་མཆོད་པར་བྱ་བས་གཉིས་མེད་གཉིས་ནི་མེད་པའི་དངོས། །ཆ་མེད་པ་ཡི་བདེ་བ་སྤྱད། །དེ་ལྟར་ཡང་གཞུང་ལུགས་བརྗོད་པ། །ནམ་མཁའ་དྲི་མ་མེད་པར་གཟུང། །ཡིད ་དང་རླུང་ནི་གཉིག?་དགག། འདི་ལྟའི་རང་བཞིན་རྗེ་བཅུན་མཐོང། །སྐུ་ལ་སྐུ་ཐིམ་མཆོག་ཏུ་དགའ་། །དེ་བཞིན་དུ་ཀོ་ལིའི་རེ་ཐེ་ཞེས་བྱ་བ་ལ་སོགས་པའི་དོན་ཡང་འདི་ཉིད་དུ་རྟོགས་པར་བྱའོ། །འདི་ནི་ཐིག་ལེའི་རྣལ་འབྱོར་རོ། །དེ་བཞིན་དུ་འདི ་ཉིད་དུ་པྲ་མོའི་རྣལ་འབྱོར་བརྗོད་དེ། འཁོར་ལོ་བཞི་ཡི་མཆོ་སྐྱེས་སོ། །ཕྲ་མོ་སྲོག་ནི་རྣམ་པར་གཞོམ། །རྡོ་རྗེ་ལིས་ནི་དགག་པ་ཉིད། །རྭ་ཡི་བུ་གཉིར་ནི་བཅེངས། །རྭ་དང་རྭ་ལ་བརྟེན་པ་ནི། །དབུ་མ་རུ་ནི་གཉིས་པ་འདུས། །ཁ་ནས་ཁ་རུ་མཐོང་འགྱུར ་ཏོ། །གཉིས་ཀའི་རྭ་ཡི་བར་ལ་གནས། །ཡིད་ཅན་གྱི་ནི་གཡས་པ་དང། །གཡོན་པའི་རྭ་དང་དབུ་མ་གསུམ། །འོག་གི་རྭ་ནི་གཉི་ག་ཡང། །ལུས་ལས་དབྱེར་མེད་པར་ནི་གནས། །དཔལ་གྱི་ཞལ་ནས་ཟླ་བ་འབར། །སྟེང་གི་སྒོ་ནི ་མཆོག་ཏུ་འགྲོ། འ??་ཞེས་ཐིག་ལེའོ་སྔོན་འགྲོ་བ། །ས་བོན་བཟང་པོ་ལས་ནི་འཛག། དེ་ནས་ཕུང་པོའི་ཟླ་ཅན་འགྱུར། །སྲིད་པ་གསུམ་ནི་རང་བཞིན་མེད། །ཉི་མའི་འོད་ཟེར་ཕྲེང་བ་བཞིན། །ཡང་ནི་ཐམས་ཅད་འབར་བ་ཉིད། །མཆོ་སྐྱེས ་དེ་རྣམས་ནི་སྔོན་འགྲོ། ཁོད་སྟོང་ཉིད་དེ་ཌཱི་མཛའ་ཅན། །དེ་ཀུན་གྲངས་ནི་མེད་པ་ཉིད། །བློ་ལྡན་ཐིམ་པ་རུ་ནི་འགྱུར། །དེ་རྣམས་ཀྱི་ནི་འོད་ཟེར་ཕྲེང། །མི་ཤིགས་པས་བསྣུན་དལ་བ་ལས། །དེ་ནི་སླར་ལ་ལངས་ནས་ཡང ་དཔེ་མེད་གླུ་ནི་དྲན་པར་བྱ། །ཐོག་མ་ཐ་མ་དབུས་མེད་ཅིང། །ཞེས་པ་ལ་སོགས་པའོ། །འདི་ནི་རྣལ་འབྱོར་རོ། །དེ་ལྟར་ཐུན་ཚོད་བཞིའི་རིམ་གྱིས་བསྟོད་པ་དང། །མཆོད་པ་དང་གཏོང་མའི་ཆོ་ག་སྔོན་དུ་འགྲོ་བར་བྱའོ། །སྔགས་ཀྱི་བཟླས་པ་ཡང ་བྱའོ། །རིམ་པ་འདིས་བཟླས་ཏེ། །དེ་ལ་རིམ་པ་ནི་འདི་ཡིན་ནོ། །ོཾ་ནརི་སྤྱི་བོར་བསམ་བྱ་ཞེས། །ཱ(རྒྱུད་འགྲེལ་ལྟར་ཡན་ལག་དྲུག་བཀོད་དེ། །ཡི་གེ་བཞི་ཡི་རྒྱ་ཡིས་གདབ། །ོཾ་ཞེས་པ་ནི་འཇུག་པ་ཉིད། །དྷཱི་ནི་དེ་བཞིན་འབྱུང་པའོ། །སྭཱ་ཞེས་པ་ནི་ལྟེ་བར་གནས། །ཧའ་ཞེས་པ་ནི་སྒྲ་ཙ་མ་ཉིད། །གཞན་ཡང་རྣམ་པར་དག་པ་ནི། །མཆོག་ཏུ་རྨད་དུ་འབྱུང ་བར་བྱ། །སྙིང་རྗེའི་སྤྱན་ནི་དམར་པོ་སྟེ། །ཡན་ལག་ནག་པོ་བྱམ་སོགས་ཉིད། །བསྡུ་བའི་དངོས་པོ་བཞི་པོ་ནི། །ཞབས་ནི་བཞི་པོ་དྲན་པར་བྱ། །ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད། །ཕྱག་རྣམས་སྟོང་པ་བཅུ་དྲུག་གོ། མཚོན་ཆ་རྣམས ་ནི་རྣམ་དག་པ། །སྙིང་རྗེ་བཅུ་དྲུག་ཉིད་དུ་འདོད། །ཕྱག་རྒྱ་ལྔ་ནི་སངས་རྒྱས་ལྔ། ཁྲོ་བོ་གདུག་པ་འདུལ་བ་ཉིད། །ཤ་ནི་པུཀྐ་སཱི་རུ་བཤད། །ཁྲག་ནི་ཤ་བ་རཱི་རུ་བརྟགས། ཁུ་བའི་གཟུགས་ནི་ཙཎྜ་ལཱི། །ཚིལ་དང་རྐང་དག་ཌོམཱི་ནཱི། ། ་པགས་པ་བྱང་ཆུབ་ཡན་ལག་བདུན། །རུས་པ་བདེན་པ་རྣམ་པ་བཞི། །དེ་ལྟར་ལྷག་པར་མོས་ནས་སྔགས་པས་ལྷའི་རྣལ་འབྱོར་གྱིས་གནས་པར་བྱའོ། །སྨོན་ལམ་ཡང་གདབ་སྟེ། རིགས་སྐྱེས་ཞེས་བྱ་བ་ལ་སོགས་པས་སོ། ། ་འདི་ནི་བཅོམ་ལྡན་འདས་ཀྱིས་ངེས་པའོ། །དེ་ལྟར་མདོར་བསྡུས་ཏེ། སྤྲོས་པ་ནི་དཔལ་བླ་མའི་ངེས་པས་དཔལ་ཧེ་རུ་ཀའི་ཏིང་ངེ་འཛིན་གསུམ་གྱི་སྒོམ་པ་རྒྱ་ཆེར་འགྲེལ་ལས་གསུངས་པ་ནི་ལས་དང་པོའི་རྣལ་འབྱོར་པས ་མོས་པ་ཙམ་གྱིས་དམིགས་པར་བྱའོ། །འོན་ཀྱང་བསླབས་པ་རྣམས་ཀྱིས་ཁམས་གསུམ་པ་ཉིད་ཏིང་ངེ་འཛིན་གསུམ་གྱིས་མཚན་ཉིད་དཀྱིལ་འཁོར་གྱི་འཁོར་ལོར་འགྲུབ་མོད། །དེས་ཀྱང་སྒྲུབ་ཐབས་ལ་དམིགས་ཏེ། སེམས་ཅན་སྣ་ཚོགས་པའི ་རྒྱུ་རུའོ། །ད་ནི་བདག་པོ་དང་དཀྱིལ་འཁོར་པ་འདི་རྣམས་ཀྱི་ངེས་པའི་དོན་བསྟན་པའི་ཕྱིར། །བདག་མེད་མར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རྣལ་འབྱོར་པ་རྣམས་ཀྱི་རྡོ་རྗེ་སེམས་དཔའ་ཨི་སྦྱོར་བ་སྔོན་དུ་གསུངས་པ་སྟེ། སྐྱེ་བ་རྒྱུད་པར་མངོན་དུ ་བྱས་པ་དེའི་ཕྱིར་དགྱེས་པའི་རྡོ་རྗེ་མཆོག་གི་གཟུགས་དེ་ཁོ་ན་ཉིད། །དེ་ཉིད་ཀྱི་སྐུ་བདག་མེད་མ་ཞེས་པ་ནི་གང་ཟག་པ་བདག་མེད་པ་ཞེས་པའི་དོན་ཏོ། །དེས་ན་ཉོན་ཞེས་པ་ནི་ངེས་པར་གཟུང་བ་ཉིད་དོ། །དེ་ཅི་ཞེ་ན། གསུངས་པ་ཧེ་རུ་ཀ་ཞེས་པ་ནི་སྙིང་གི ་ཆགས་པ་ཆེན་པོ་ལ་ཧེ་རུ་ཀ་དེའི་སྐྱེད་པའི་རྒྱུའོ། །སྒྲུབ་ཐབས་ཞེས་པ་ནི་ཁམས་སུམ་ཅུ་རྩ་དྲུག་རྣམས་ཀྱིས་རྐྱེན་གྱི་རང་བཞིན་ཐབས་ཏེ། དེས་ན་དུས་ཀྱི་ཕོ་ཉ་རྣམས་འདུས་པར་བརྗོད་དོ། །གང་གིས་ཞེས་བྱ་བ་ལ་སོགས་པ་ནི་འདིར་གང་གིས་བཅོམ ་ལྡན་འདས་ཀྱི་སྐུ་སྡུད་པའོ། །དེ་དག་ཐམས་ཅད་ཅེས་པ་ནི་ཁམས་གསུམ་པའི་ལུས་དང་ངག་དང་སེམས་ལས་ཀྱང་བྱུང་བའོ། །གདུག་པ་ལ་སོགས་པ་ནི་བདེ་བ་འོ་དང་པའི་དབང་པོ་ལ་སོགས་པའོ། །དེ་རྣམས་འདུལ་བ་ཞེས་པ་ནི་རང་བཞིན་མེ ་པར་བྱེད་པའོ། །མཁའ་འགྲོ་ཞེས་པ་ནི་ནམ་མཁའ་མཉམ་པར་སོང་བ་སྟེ། ཌེ་ནི་ནམ་མཁར་འགྲོ་བའི་ཕྱིར་ནམ་མཁར་ཁྱབ་པ་ཅན་ནོ། །དེ་ཉིད་ཀྱིས་ན་མཁའ་འགྲོ་མ་ཞེས་པ་ནི་གང་ལ་དེ་དང་འགྲོ་བའི་དང་ཚུལ་ལས་བརྩོན་པའི་ཡིད་ཡོད་པ་དེ་ནི་མཁའ་ ་འགྲོ་མའི་རྣམ་འཕྲུལ་ཞེས་བྱའོ། །དེ་ལྟར་དེ་དག་ཐམས་ཅད་ཅེས་པ་ནི་མཚན་ཉིད་གང་གིས་རྣལ་འབྱོར་པ་སངས་རྒྱས་ཉིད་དེ་མྱ་ངན་ལས་འདས་པར་འགྲོ་བ་དེ་ཐམས་ཅད་བསྟན་པར་བྱ་ཞེས་སྦྱར་རོ། །རྡོ་རྗེ་སེམས་དཔའ་ ་ཞེས་པ་ནི་འདིར་རྡོ་རྗེ་སེམས་དཔའ་ཨི་སྒྲ་ནི་རྣམ་པ་གཉིས་ཏེ། རྡོ་རྗེ་དང་སེམས་དཔའ་ཞེས་པའི་བསྡུས་པས་རྡོ་རྗེ་སེམས་དཔའ་རྣམ་པ་གཉིས་སོ། །དེ་ལ་རྡོ་རྗེའི་སྒྲས་ནི་ཆོས་དབྱེར་མེད་པའི་མཚན་ཉིད་རྟག་པའི་གཟུགས་གཟུང་ངོ། །དེ་བཞིན་དུ ་སེམས་དཔའ་ཞེས་པ་ནི་ཆོས་ཅན་སྐྱེ་བ་དང་འཇིག་པའོ། །དོས་ན་སྲིད་བ་གསུམ་གཅིག་པ་ཉིད་མཉམ་པའི་ཚུལ་དུ་སྐྱེས་བུ་འཇུག་པ་མི་རྟག་པའི་གཟུགས་སོ། །དེ་བཞིན་དུ་གཉིས་ལས་གཉིས་མེད་པར་བྱེད་པའོ། །སླར་ཡང་ཞེས་བྱ་བ་ལ ་སོགས་པ་ལ་ཡང་ཞེས་པ་ནི་ཡང་འགྱུར་བའོ། །དེ་ཅི་ཞེ་ན། གསུངས་པ། རྡོ་རྗེ་འཛིན་ཞེས་པ་ནི་རྡོ་རྗེ་སེམས་དཔའ་ཨོ། །དེ་ཡང་རྡོ་རྗེ་ཉིད་འཛིན་ཅེས་པ་ནི་གཉིས་པར་འགྱུར་ཏེ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡོངས་སུ་མྱ་ངན་ལས ་འདས་པར་བྱ་ཞེས་དགོངས་ཏེ། དེའི་ཚེ་གཞན་གྱི་གཟུགས་དངོས་པོ་ཐམས་ཅད་ཀྱི་རང་བཞིན་དུ་བྱས་པའོ། །དེས་ན་འབར་བ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འོན་ཀྱང་གཏུམ་མོར་བསྟན་ཏེ། སྔོན་གོམས་པའི་ཕྱིར་འབར་བ་ཞེས་པ་དང ་སྦྱར་རོ། །དེ་ལྟར་སྔོན་དུ་བསྟན་པ་དེས་ན་ཅུང་ཟད་ས་བོན་ཙམ་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཡོད་དོ། །དེ་ཡང་འདུ་ཤེས་ཀྱི་ཤེས་པས་ས་བོན་ཙམ་པ་ཐིམ་པར་འགྱུར་རོ། །འདིར་གསུངས་པ། ཟླ་བ་ཞེས་བྱ་བ་ལ་སོགས ་པ་ལ། འདིར་ཟླ་བའི་དཀྱིལ་འཁོར་ཞེས་པ་ནི་སྦྱངས་པའི་ཨ་བདྷཱུ་ཏཱིའོ། །དེའི་དབུས་སུ་ས་བོན་ཕྲེང་བ་ཞེས་པ་ནི་དུས་ཀྱི་ཕོ་ཉ་མོ་སུམ་ཅུ་རྩ་དྲུག་གི་རང་བཞིན་གྱི་དཀྱིལ་འཁོར་གཡོན་དང་གཡས་ཀྱི་དབྱེ་བས་སོ། །འདིར་ཡང་དུས་ནི ་གཡས་ཀྱི་རྩའི་རང་བཞིན་རྣལ་འབྱོར་གྱི་རྒྱུད་དོ། །ཕོ་ཉ་མོ་ནི་གཡོན་གྱི་རྩའི་རང་བཞིན་རྣལ་འབྱོར་མའི་རྒྱུད་དོ། །དེ་ལྟར་གཉིས་ཀའི་ཡེ་ཤེས་ཀྱི་དཀྱིལ་འཁོར་རྣམས་ཕྲེང་བ་བཞིན་དགོད་ཅེས་པ་ནི་དེར་ཐིམ་པར་བྱའོ། །དེ་ནས་ཞེས་པ་ནི་དེའི ་ཕྱིར་ཞེས་པའོ། །རྡོ་རྗེ་ཅན་ཞེས་པ་ནི་རང་རིག་པ་ཙམ་མོ། །དེ་ཡང་ཆགས་པ་ཆེན་པོས་ཞེས་པ་ནི་རང་རིག་པ་མི་འགྱུར་བའི་ཕྱིར། ལྷག་མ་རྣམ་ཤེས་པ་ཙམ་མོ། །ཞུ་ཞེས་པ་ནི་ནུབ་བར་གྱུར་པའོ། །དེ་ཡང་རིག་མར་བཅས་པ་ཞེས་བ་ནི་སྙིང་རྗེ ་དང་ལྷན་ཅིག་གོ་།དེའི་ཚེ་སྐུ་ལ་པར་བྱེད་ཅེས་པ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཐིམ་པས་ཡང་དཀྱིལ་འཁོར་བཞིའི་རྣལ་འབྱོར་མས་སད་པའི་དོ་མཚར་གྱིས་ལངས་པའོ། །གླུ་བླངས་པས་ཞེས་པ་ནི་རང་བྱུང་གི་སྒྲས་སོ། །དེ་ཡང་རིག་མ་སྣ་ཚོགས་ཞེས ་པ་ནི་གཙུག་ཏོར་ལ་སོགས་པའི་འཁོར་ལོ་དྲུག་ལ་གནས་པའི་རྣལ་འབྱོར་མ་རྣམས་ཀྱི་ནང་རྣམས་སུ་སྒྲའི་དབྱངས་རང་བྱུང་ཉིད་ལངས་པའོ། །དེ་བཞིན་དུ་སྙིང་རྗེ་ཞེས་བྱ་བ་ལ་སོགས་པ་ནི་འཁོར་ལོ་དྲུག་རྣམས་ཡི་གེ་བརྒྱ་བཞི་བཅུ་རྩ་བདུན་དུ་འགྱུར་ཏེ། དེ་ལ ་གཅུག་ཏོར་དུ་ལྔའོ། །དཔྲལ་བར་བཅུ་བཞིའོ། །དེ་བཞིན་དུ་མགྲིན་པར་སུམ་ཅུའོ། །སྙིང་གར་བརྒྱད་དོ། །དེ་བཞིན་དུ་ལྟ་བར་དྲུག་ཅུའོ། །གསང་བར་སུམ་ཅུའོ། །དེ་བཞིན་དུ་འདིར་གསུངས་པ། །ུ་ཐ་བྷ་རཱ་བྷོ་ཞེས་པ་ལ་ཨུ་ནི་སྤྱི་བོའི་སྣལ་མ་སྟེ། །ཐ་ནི ་དབུས་ཀྱི་ཤར་ཉིད་དུ། །བྷ་ནི་དབུས་ཀྱི་ལྡོ་རུའོ། །དེ་བཞིན་བར་དུ་རཱ་ཉིད་དོ། །ནུབ་ཏུ་དྷཱོ་ཞེས་བྱ་བའོ། །འདིར་ནི་རྟག་ཏུ་ནམ་མཁའ་ལྔ། །སྒ་ལྔ་ཡི་གེ་ལྔ་རྣམས་ཉིད། །རིགས་ནི་ལྔ་རུ་གསུངས་པ་ཡིན། །དེ་ལྟར་ན་ནི་ལྔ་རྣམས་ལ། །འཁོར་ལོ་རྣམ་པ ་ལྔ་ནི་གནས། །རྩ་ཡི་དངོས་པོའི་རང་བཞིན་ཉིད། །ཡི་གེ་ཡི་ནི་ནང་དུ་འདུས། །རྩ་ནི་ལྔ་པོ་རེ་རེ་ལ། །འཁོར་ལོ་ལྔ་ནི་རིམ་པ་བཞིན། །འཁོར་ལོ་ལྔ་རྣམས་གནས་པ་ནི། །ཡེ་ཤེས་ལྔ་ཡི་རྣམ་དག་ཉིད། །དེ་ལྟར་དེ་བླ་མེད་ཕུང་པོ། །འཁོར་ལོའི་རྣམ ་པ་ཉིད་དུ་གནས། །འདིར་ནི་ཕྲ་མོའི་རྣལ་འབྱོར་བརྗོད། །བཅོམ་ལྡན་འདས་ནི་ཡི་གེར་བཞུགས། །ཀ་རུ་ཎ་མ་ཎ་པུཀྐ་སཱི་མ་ཧཱུ་པ་རི་ཏཱ་ཏི་མ་ཞེས་པ་ལ། །ཀ་ཐོད་པའི་དབུས་སུ་རྩ་ནི་གང། །རུ་འདོད་པའི་རྣལ་འབྱོར་ལ ་ནི་གཞོལ། །ཎ་གུས་པ་དང་ནི་འདུལ་བའི་གཟུགས། །མ་བྱང་ཆུབ་ཀྱི་ནི་བདེ་བས་བརྒྱན། །ཎ་སྟོན་པའི་ཚིགས་ནི་རྗེས་སུ་འགྲོ། །པུ་སྔོན་གྱི་ཆོས་ནི་བསྟན་པའི་ཕྱིར། །ཀྐ་ལས་ཉིད་བག་ཆགས་སྔོན་འགྲོ་བ། །སཱི་རྩ་ནི་བཅུ་བཞི་རྣམས་ནི ་འགྲུབ། །མ་དབུ་མ་ཡང་ནི་གཙུག་ཏོར་དུ། །ཧུ་ནི་ནམ་མཁའ་ཨི་མིང་ཅན་ཏེ། །པ་ལྷག་མ་ཡང་ནི་རྣམ་པ་བཞི། །རི་ནི་མགྲིན་པའི་འཁོར་ལོ་སྟེ། །ཏཱ་དེ་རུ་རྩ་ནི་བཅུ་ཕྲག་གསུམ། །ཧི་ཤར་དུ་གསེར་གྱི་གཟུགས་སུ་སོད། །མ་ནི་སེམས་ནི་འདི་ལྟ ་བུ། །དེ་ལྟར་ཡི་གེ་སུམ་ཅུའོ། །མ་ཧཱ་སུ་ཧ་ཛོ་ཨེ་ཀ་མ་མ་ཧུཙྪ་ཌཱ་ཏི་སུ་ཎ་ས་ཧཱ་བ་ཨའི། །ཏུ་ཛཱུ་བི་ཧུ་ཎེ་ཨ་མ་ར་ཨི་ཧ་ཨུ་ཞེས་པ་ནི། །མ་དཀྱིལ་འཁོར་བཅུ་ནི་ཕྲག་གསུམ་ཉིད། །ཧཱ་ནི་མི་ཤིགས་པ་ཡང་དེ། །སུ་བདེ་བ་ཡི་ནི་གཟུགས་སུ ་གནས། །ཧ་ནི་སྒྲ་ཡི་ས་བོན་ཅན། །ཛོ་རྟག་ཏུ་འོད་ཀྱི་གཟུགས་ནི་ཉིད། །ེ་རྣལ་འབྱོར་པ་ཡིས་དེ་ལྟར་བལྟ། །ཀ་འདིར་ནི་སུ་ཡི་མིང་ནི་གནས། །མ་ཡིད་ཀྱི་མིང་ཡང་ཅུང་ཟད་མེད། །མ་ཡིད་ཀྱིས་སངས་རྒྱས་རྟག་ཏུ་བཞུགས། །ཧུ་ནི་བདག ་ཀྱང་ཅུང་ཟད་མེད། །ཚ་གདུགས་སུ་གྱུར་པ་སྙིང་གི་མཁའ་། །ཌཱ་ནི་མཁའ་འགྲོ་མ་ཡི་ཚོགས། །ཧི་ནི་དེ་ཉིད་ཇི་ལྟ་བ། །སུ་ཤིན་ཏུ་སད་པའི་མི་ཤིགས་པ། །ཎ་དེ་ཉིད་ཀུན་དང་བྲལ་བ་མིན་ས་འདི་ལའང་ཐམས་ཅད་གནས་པ་མེད། །ཧཱ་ནི་རང་བཞིན་མེད ་པ་ཉིད། །བ་ནི་རྡོ་རྗེ་འཛིན་པ་དེ། །འི་དེ་ལྟར་གྱུར་པ་འབྱུང་ཆེན་པོ། །ཏུ་ནི་བློ་ལྡན་འདི་ཉིད་དེ། །ཛཱ་ཐིག་ལེ་ཕྲ་མོ་ཆེན་མེ་འཛག། བི་སྣ་ཚོགས་རྣམ་པ་རྟག་ཏུ་གནས། །ཧུ་ནི་དབུགས་དང་བྲལ་བ་ཡིས། །ཎེ་བག་ཆགས་མེད་པ་མཁའ་མཚན་ཉིད།། ་ཨ་ཡིས་ཐམས་ཅད་ལ་ཁྱབ་བྱེད་མ་ཨ་བ་དྷཱུ་ཏཱི་དབུས་ཀྱི་མཁའ་། །རེ་སེམས་ནི་ཉི་མའི་གཟུགས་སུ་སོང། །ི་ཡིད་ལ་སོགས་པ་ཟླ་བའི་གཟུགས། །ཧ་ནི་རྡོ་རྗེ་སེམས་དཔའ་བརྗོད། །ུ་སངས་རྒྱས་གར་མཁན་བཞེངས་པ་ཡིན། །དེ་བཞིན་པདྨ ་གཞོན་ནུ་ལྟར། །སྙིང་དུ་རྩ་ནི་བརྒྱད་རྣམས་སོ། །གཙུག་ཏོར་གྱི་ནི་ལྔ་པོ་རྣམས། །དེ་ལས་ཀྱང་ནི་ལྷོ་ཡིས་འདིར་ཨུ་ནས་ཛ་ལ་ཐུག་པར་ནི། །ུ་ལ་སོགས་པའི་ཡི་གེ་བརྒྱད། །དུར་ཁྲོད་བརྒྱད་དུ་ལྷ་མོ་རྣམས། །ོཾ་རྒྱན་ལ་སོགས་པ་ཡི་གནས། །ནམ ་མཁའ་ཨི་བུ་ག་རྟག་ཏུ་བརྒྱན། །ོཾ་ཞེས་པ་ནི་ཆ་ལྔ་བ། །ཕ་ཞེས་པ་ནི་མཚམས་སུ་སྦྱིན། །ཧི་གསང་ཅན་གྱི་ནི་མདུན་ནས་འབབ། །ཏུ་བ་མོ་ཡི་ནི་ལུས། །ཧུ་ཡི་ཡི་གེའི་རྒྱུ་ལས་སོ། །ཧེ་ནི་སྟོང་པའི་སྙིང་པོ་རུ། །བ་ཆོས་ཀྱི་ཁམས་རྣམས ་གནས་པ་ཡིན། །ཛ་ནི་རྟག་ཏུ་བེམས་པོ་ཡིན། །དེ་ལྟར་ཡང་ནི་གནས་པ་ནི། །འདིར་ནི་ཞིང་གི་གཟུགས་མཛེས་པས། །འདིར་ནི་རྟག་ཏུ་བཞེངས་པ་ནི། །དབང་པོའི་སྒོ་དགུ་ལས་འདས་སོ། །དེ་ཡང་སྒ་ནི་བཅུ་དྲུག་རྣམས། །ཡི་གེ་དྲུག་ཅུར་བརྗོད་པའི ་ཕྱིར། ཚ་ནི་ལ་སོགས་ཨུ་ཐའི་བར། །འབྲས་བུ་དང་ནི་རྒྱུ་ཕྱིར་གསུངས། །ཚ་ནི་གི་བ་མའི་རྣམ་པ་སྟེ། །ཌ་སྤྲོས་པ་ཡི་ནི་བློ་དང་བྲལ། །ཧི་འཚེ་བ་དང་ནི་བྲལ་བའི་གཟུགས། །སུ་ཡིད་ཀྱི་ངོ་བོ་ཡིད་ནི་མེད། །ཎ་ལུས་ཀྱི་ངོ་བོ་འདི་ནི་མེད། །ས་ཐམས་ཅད ་མཁྱེན་པའི་སྐུ་མི་ཟད། །ཧ་ནི་ཧེ་རུ་ཀ་ཉིད་དེ། །ཌ་ནི་སེམས་དང་སེམས་ལས་བྱུང། །སེ་འདི་དག་ཐམས་ཅད་སྟོང་ཅི་བཞིན། །བ་སྤྲོས་པ་ཉིད་ནི་སྤངས་པའོ། །རི་ཡི་དགའ་བར་ནི་གང་ཚོ་གྱུར། །ཧ་ནི་བདེ་བ་ལྟ་བུའོ། །སི་འདིར་ནི་ཕྱག་རྒྱ་ཆེན་པོ་འགྲུབ། ། ་ཛ་བེམས་པོའི??་གནས་སྐབས་ཀྱང་ནི་རི། ། ནི་བདེ་བའི་རྣམ་པ་ཉིད། །ུ་སེམས་ཀྱི་རྒོལ་བ་བསལ་ལ་སོགས། །ཀ་སེམས་ཅན་གྱི་ནི་རྒྱུ་རུ་བྱ། །རྫུ་ཞེས་པ་ནི་ཆགས་པའི་ཆ། །ལོ་བ་སྤུའི་ཁུང་བུའི་འོད་ཟེར་གྱིས། ། ནམ་མཁའ་ ་རུ་ནི་སེམས་མིང་ཉིད། །ཎི་དེ་ཉིད་དུ་ནི་སྤྲུལ་པའི་གཟུགས། །མ་བསོད་ནམས་ཆུང་བའི་སེམས་ཅན་རྣམས། །དྲི་སྐྱབས་གསུམ་ལ་ནི་འཇུག་པའི་ཕྱིར། །སུ་བཅོམ་ལྡན་འདས་ནི་བདེ་བ་དྲན། །ར་རྣལ་འབྱོར་ཕ་རོལ་ཕྱིན་པས ་རོལ། ། ནི་རྣལ་འབྱོར་རྣམས་ལ་ཁྱབ། །པ་གཞན་རྣམས་འདུལ་པར་བྱེད་པའོ། །ཧཱུཾ་ཞེས་པ་ནི་རབ་སྦྱོར་བས། །སུ་དང་གཙོ་བོ་བདག་ལ་བདེ་བ་གནས། །ཎེ་འདི་དེ་སྟོང་པའི་གཟུགས་ནི་མིན། ། གཙོ་བོ་བདག་ནི་སྡིག་ཚེར་བཅོད། །ཚ་ནི་སངས་རྒྱས་ཡོན ་ཏན་རྣམས། །སི་དངོས་གྲུབ་སེམས་ཅན་རྣམ་སྟེར་བྱེད། །ཀཱི་འདིར་ནི་མང་པོ་སྨོས་ཅི་དགོས། །སེམས་ཀྱི་སྒྱུ་མའི་གཟུགས་སུ་བལྟ། །ཧ་ཞེས་པ་ནི་རྒྱུ་མེད་པ། །ུ་སྟོང་པའི་མཚན་ཉིད་ལས་ནི་བཞེངས། །ཙཎྜ་ལཱི་ཡི་ཡིག་གསུམ་གྱིས། ། ་བིན་གཟུགས་རྣམས་ནམ་མཁའ་ཨི་རང་བཞིན་ནོ། །ན་སྣ་ཡི་བུ་གར་སོང་ནས་ཉལ། །བ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །མ་བདེ་བ་ཆེན་པོ་ཁྱོད་བརྟེན་ནས། །འི་དབང་པོ་རྣམས་ཀྱི་བྱང་ཆུབ་མཆོག། ཏེ་ཞེས་པ་ཡིས་བདེ་བ་ཉིད། །ི་འདི་ནི་སེམས ་ཅན་གྱི་རྟོགས་པ། །ཅི་བདེ་བའི་རང་བཞིན་ལ་ནི་གནས། །ཎྱཾ་ཡིས་སེམས་ནི་གཉིས་སུ་མེད། །ུ་རང་བཞིན་བདག་ཉིད་འདོན་པ་ཉིད། །ཧ་ནི་གཉིས་སུ་མེད་པའི་མཆོག། མི་ཞེས་པ་ནི་བདག་དང་བསྲེ། ན་སྟོང་དང་སྟོང་མིན་མིང་ནི་མེད། །དེ་ཉིན་དང ་མཚན་མོ་དེ་བཞིན་མ་ཚམས། །ས་བདེ་བ་བཏང་ནས་མ་ཞུགས་ཤིག་།ི་འདི་ནི་སྙིང་རྗེས་དཀྲིས་པར་འགྱུར། །དི་ནི་མགོན་མེད་སེམས་ཅན་ལ། ། བྱང་ཆུབ་ཕྱིར་ནི་འབོད་པར་བྱེད། །ལི་ཐིམ་པའི་གཟུགས་ནི་རྟག་ཏུ་འདོར། །ུ ་དྲག་པོའི་གཟུགས་ཀྱིས་མཛེས་པའི་ཕྱིར། །ཐ་ཞེས་གནས་ནི་དྲུག་ཅུ་བཞི། །དེ་ཡི་རྣལ་འབྱོར་མ་ནི་བསྐུལ། །ཀླུ་ཡི་ཡི་གེ་དྲུག་ཅུའོ། །རེ་རེ་ཡང་ནི་ལྔ་ལྔར་བྱས། །དེ་ལྟར་ལྟེ་བའི་འཁོར་ལོ་ཉིད། །སྤྲུལ་པ་རྣལ་འབྱོར་མ་ཡི་ལུགས། ། ་འདིར་ནི་བཅོམ་ལྡན་འདས་བསྟེན་ཏེ། །དེ་ཡང་ཐིམ་ནས་ལངས་བའོ། །རྣལ་འབྱོར་རྣལ་འབྱོར་མ་ཡི་གཟུགས། །དེ་ནི་སྤྲོས་དང་སྡུད་པའི་གཟུགས། །དེ་བཞིན་ཡི་གེ་སུམ་ཅུ་ཡང། །ཏུ་ཧུ་ལ་སོགས་ཙིཏྟའི་བར། །ཡེ་ཤེས་དཀྱིལ་འཁོར་ཕོ་ཉ་མོ། །ཡི ་གེ་རེ་རེ་ཡིས་ནི་བསྐུལ་ཏུ་ཞེས་པ་ནི་བདག་གི་གཟུགས། །ཧུ་ནི་ཁྱོད་དང་གཅིག་ཕ་ཉིད། །ས་གཟུགས་ཐམས་ཅད་ཀྱི་རང་བཞིན་གྱིས། ། སེམས་ཀྱི་མཚན་ཉིད་མི་གཡོ་བ། །ལ་མཚོན་ཆའི་མཚན་ཉིད་མཚོན་པ་ཉིད། །བ་དེས་ན་གཙོ་བོ་སྣ ་ཚོགས་གཟུགས། །རུ་དེ་ལྟར་གཟུགས་ནི་རྟག་ཏུ་བྱ། ། བསམ་གྱིས་མི་ཁྱབ་མཚན་ཉིད་བསམ། །ལིཾ་བཙུན་མོ་བདག་ཉིད་འཁྱུད་པར་བྱེད། །ཅི་ནི་རྟག་ཏུ་སེམས་ཀྱི་གཟུགས། །ཏ་རེ་ནས་གཞན་གྱི་དོན་ཤེས་བྱ། ཨ་ཡན་ལག་གཟུཊ ་ཀྱི་མིང་ནི་བྱེད། །ཧེ་ཧེ་རུ་ཀ་དང་དེ་ཐབས་གཅིག། མེ་རེ་རེ་དང་ནི་གནས་ཀྱང་རུང། །ཌོམྦི་སྤོས་པ་ལས་རིང་བའོ། །མི་ནི་དྲེགས་པ་ལས་བརྩོན་པའོ། །ནི་རྟག་ཏུ་བདག་ནི་རྟག་པའི་གཟུགས། །ཆི་ནི་ཆད་པའི་ཆོས་ཉིད་དོ། ། ནི་མ་གོན་པོ་བདག་སྤྱོད ་དང། །མ་ཕྱག་རྒྱ་ཆེན་པོའང་དོན་མེད་པའོ། །ནུ་ཞེས་པ་ཡིས་སྟོད་པར་འདོད། །མ་ནི་སྒྱུ་མ་རྟག་ཏུ་རིག་།ཀ་མགོན་པོ་ཁྱོད་ནི་བྱ་བ་ཡིན། ར་ནམ་མཁའ་ཡི་ནི་དབུས་སུ་རོལ། །ཀ་ཐོང་པའི་དབུས་སུ་གང་ཚེ་འབྱུང། །ར་འོན་ཀྱང་འདོད་ཆགས་ཀྱིས་ནི ་གཙོས། །ན་ཁྱོད་མ་གཏོགས་པར་ཅི་ཡང་མེད། །བི་བྱང་ཆུབ་མཚན་ཉིད་ཁྱད་པར་ཅན། །ཅི་ཞེས་པ་ནི་གང་བསམ་པ། །ཏ་དེ་ནི་བདེ་བ་ཀུན་གྱི་གནས། །དེ་ལྟར་རྣལ་འབྱོར་མ་རྟག་པར། །གནས་ཀྱི་ས་རྣམས་ལ་སྒྱུ་མས། །དེ་ལྟར་གནས་ནས ་འབོད་པར་བྱེད། །རང་གི་སེམས་ཀྱི་སྣང་བར་བསམ། །ཧཱུཾ་ཨཾ་ཡེ་ཤེས་རྣམ་པར་ཤེས། །སེམས་དང་སེམས་ལས་བྱུང་བར་བསྟན། །གཉིས་ལས་བཞེངས་པའི་རྡོ་རྗེ་ཅན། །ཐམས་ཅད་དུ་ནི་རང་བཞིན་སྐུ། །ལྷག་མ་རྣམས་ནི་འཆད་བཞིན་པའི ་རྣམ་པར་དག་པ་བཤད་པ་ལས། །དེའི་ངེས་པའི་དོན་བཤད་པར་བྱའོ། །དེ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་གསུམ་པའི་ཧེ་རུ་ཀ་བསྐྱེད་པའི་རབ་ཏུ་བྱེད་པའི ་རྒྱ་ཆེར་འགྲེལ་ཡང་དག་པ་ལྟ་བའི་དྲན་པའི་སྣང་བ་ལས་ཏིང་ངེ་འཛིན་གསུམ་གྱི་དྲང་བ་དང་ངེས་པའི་དོན་བསྟན་པའི་རབ་ཏུ་བྱེད་པ་སྟེ་དང་པོའོ།། །།ད་ནི་ཡེ་ཤེས་མཁའ་འགྲོ་མ་འཁོར་དང་བཅས་པའི་སྒྲུབ་ཐབས་བརྗོད་པའི ་ཕྱིར། །ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དགྱེས་པའི་རྡོ་རྗེ་ཕྱག་བཅུ་དྲུག་པའི་སྒྲུབ་ཐབས་བསྟན་པའི་རྗེས་ཐོགས་སུ་དེ་ཉིད་བསྟན་པའི་ཕྱིར་ཇི་ལྟར་འཇིགས་སྡེ་ལ་འཇིགས་པ་ཟེར་བཞིན་དུ་འོན་ཀྱང་གདན་བཞིའི་དོན་ཡེ་ཤེས ་མཁའ་འགྲོ་མ་ལ་སོགས་པ་དགྱེས་པའི་རྡོ་རྗེ་ཉིད་ཁོང་དུ་ཆུད་པར་བྱའོ། །འདིར་རྡོ་རྗེ་གཙོ་བོ་རྒྱལ་པོ་ཞེས་པ་ནི། །འདིར་སྔོན་དུ་རྡོ་རྗེ་སེམས་དཔའ་ཞུ་བ་ལས་དགྱེས་པའི་རྡོ་རྗེ་རྡོ་རྗེ་ཅན་དུ་གྱུར་པ་དེའི་བསྡུས་པ་ནི་རྡོ་རྗེའི་སྒྲའོ། །དེ་ཡང ་གཙོ་བོ་ཞེས་པ་ནི་བདག་མེད་པའི་ལྟ་བ་གསལ་བའི་འོད་དེ་དང་ལྡན་པས་ན་རྡོ་རྗེའོ། །དེ་ཡང་རྣལ་འབྱོར་ཐམས་ཅད་ལ་ཁྱབ་པར་བྱེད་པའི་ཕྱིར་རྒྱལ་པོ་སྟེ། །གདན་བཞིའི་བདག་པོ་དེའི་ཤེས་རབ་ཡང་དག་པའི་ཡེ་ཤེས་སོ། །དེ་ཡང ་ཡེ་ཤེས་མཁའ་འགྲོ་མ་ཞེས་པ་ནི་དེའི་གཟུགས་ཀྱི་སྒྲུབ་ཐབས་རྣམ་པ་དུ་མའོ། །དེས་ན་ཡེ་ཤེས་ཀྱི་དོན་ནི་སྣ་ཚོགས་པ་གཅིག་པ་ཉིད་དེའི་མཁའ་འགྲོ་མ་ནི་མང་པོའི་དོན་ཏེ། སྔོན་དུ་གསུངས་པའི་རྒྱུའི་ཕྱིར་རོ། །དེ་བཞིན་དུ་གཉིས ་ཀྱི་དངོས་པོ་ཞེས་བྱ་བ་ལ་སོགས་པ་ལ། །གཉིས་ཀྱི་དངོས་པོ་ཞེས་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་ཤེས་བྱའོ། །དེའི་གཉིས་སྤངས་པས་ན། །དེའི་ཕྱིར་གཉིས་མེད་ཆོས་ཞེས་པ་ནི་གཉིས་ཀྱི་དངོས་པོ་མེད་པའི ་ཕྱིར་སྔོན་དུ་ཞུ་བའི་གཟུགས་སྟོང་པ་ཉིད་ལ་རྣལ་འབྱོར་མས་བསྐུལ་བའི་ཕྱིར་བསླང་བ་མཁའ་འགྲོ་མའི་གཟུགས་ཀྱི་དབུས་སུ་རང་བཞིན་མེད་པའི་རྣལ་འབྱོར་དེ་ནི་གཉིས་མེད་པར་བརྗོད་དོ། །དེའི་དབུས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སམ ་རྣལ་འབྱོར་པ་རྣམས་ཀྱི་རང་གི་སེམས་ཀྱི་ངོ་བོ་པས་སེམས་ལ་བྱུང་བ་སྤྲོས་པའི་ཕྱིར། །དེས་ན་སེམས་ཅན་གཉིས་མེད་པའི་ཆོས་ཀྱི་ཡེ་ཤེས་ཅན་ནོ། །དེ་རྣམས་ཀྱི་དག་པ་རྣམ་པ་གསུམ་ཞེས་པ་ནི་ཡེ་ཤེས་དང་ཤེས་བྱ་དང་སྦྱར་བ་དག་པའོ། །དེ་ཡང ་ལན་གསུམ་དུ་བརྗོད་པར་བྱ། །སེམས་ཅན་གྱི་ལུས་ལ་དབང་པོ་རྩོན་པོ་རྣམས་ཀྱིས་བརྗོད་པ་ཙམ་གྱིས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་གཉིས་མེད་པ་སྐྱེ་བར་འགྱུར་རོ། །དེས་ན་རྣལ་འབྱོར་ཀུན་གྱི་དང་པོར་ཤེས་པ་ནི་རྣལ་འབྱོར་ཐམས་ཅད་ཀྱི་བསྡུས ་པ་ནི་གཉིས་མེད་པའི་ཡེ་ཤེས་སོ། །དེའི་རྣལ་འབྱོར་ནི་བསམ་གྱིས་མི་ཁྱབ་པ་གཉིས་མེད་པའོ། །དང་པོ་ནི་ཕུལ་རབ་ཏུ་གྱུར་པའི་ཕྱིར། །དེ་ནས་སྭཱ་བྷཱ་བ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ཏེ། རང་བཞིན་གྱི་ཡེ་ཤེས་ཀྱི་སྔགས་སོ། །དེ་བཞིན་དུ་བཛྲ ་ཤུདྡྷ་ཞེས་བྱ་བ་ལ་སོགས་པའི་སྔགས་ནི་སྣ་ཚོགས་སུ་སྤྲུལ་པའི་ཕྱིར་རོ། དེ་བཞིན་དུ་འདི་དག་གཉིས་མེད་པའི་དེའི་མཆོག་ནི་ཡོ་ག་ཞེས་བྱ་བ་ལ་སོགས་པའི་སྔགས་ཏེ། གཉིས་མེད་པའི་ཡང་གཉིས་མེད་པ་ཞེས་པ་དབང་པོ་རྣོན་པོ་རྣམས་དང ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་བཟླས་པ་ཙམ་དུ་ངེས་པའོ། །དེ་བཞིན་དུ་འདི་ཉིད་དུ་ད་ལྟར་གྱིས་སེམས་ཅན་རྣམས་ཀྱི་བསྒོམ་པར་བསྟན་པའི་ཕྱིར། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་བརྗོད་ནས་ཞེས་པ་ནི་བསམ ་གྱིས་མི་ཁྱབ་པ་གཉིས་མེད་པ་བསྟན་པའི་ཕྱིར། །སྭ་བྷ་བ་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་པའོ། །དེ་བྱས་པའི་རྣལ་འབྱོར་པས་བསྒོམ་པར་བྱ་ཞེས་པ་ནི་དང་པོ་ཉིད་དུ་གཉིས་མེད་པ་ལ་བསམ་པར་བྱའོ། །དེ་ཡང་ལས་དང་པོ་བའི་རྣལ་འབྱོར་པས ་དེའི་དང་པོ་ཡང་བསྐྱེད་པའི་རིམ་པར་བསྒོམ་པར་བྱའོ། །དེ་ཡང་ཡིད་དུ་འོང་བའི་ས་ཕྱོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །དང་པོ་གདོང་དག་ལ་སོགས་པ་བྱས་ཏེ། །བསམ་གཏན་གྱི་གནས་སུ་ཞུགས ་ནས་བདེ་བའི་སྟན་གྱི་སྟེང་དུ་འདུག་སྟེ། །ཡེ་ཤེས་མཁའ་འགྲོ་མའི་སྐུ་རིས་རིས་ལ་སོགས་པར་ཆུད་པར་དམིགས་པར་བྱའོ། །ཉེ་བར་སྤྱོད་པ་ལྔ་ལ་སོགས་པའི་མཆོད་པ་ཕུལ་ཏེ། བདུད་རྩི་ཟོས་ལ་གཏོར་མ་བྱིན་ནས། །བཟོད་པ་གསོལ་ཏེ། ་བསམ་གཏན་བརྩམ་པར་བྱའོ། །སྐད་ཅིག་ཙམ་གྱི་ཞེས་བྱ་བ་ལ་སོགས་པ་ནི་འཆད་བཞིན་པའི་ཡེ་ཤེས་མཁའ་འགྲོ་མའི་གཟུགས་དམིགས་པར་བྱའོ། །དེས་ན་རང་གི་སྙིང་གར་ཡེ་ཤེས་མཁའ་འགྲོ་མའི་ས་བོན་ཉི་མ་ལ་གནས་པའི་འོད ་ཟེར་གྱི་ཚོགས་ལས་དེ་བྱ་བའི་ཆོ་ག་དེ་ཉིད་ཀྱིས་བསྒོམ་པའོ། །ཡེ་ཤེས་རྒྱ་མཚོ་ཞེས་པ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཏེ་ཆོ་གའི་བྱ་བས་མཆོད་པ་དབུལ་ཞིང། སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས་སྟོང་པ་ཉིད་བསྒོམ་པར ་བྱའོ། །ལྷུན་པོའི་ཞེས་བྱ་བ་ལ་སོགས་པ་ནི་ནམ་མཁའ་ཨི་དབུས་སུ་རླུང་ལ་སོགས་པའི་དཀྱིལ་འཁོར་བཞིའི་དབུས་སུ་ལྷུན་པོའི་སྟེང་དུ་དཀྱིལ་འཁོར་གྱི་ཁང་པ་རིན་པོ་ཆེ་བཞིའི་རང་བཞིན་ནོ། །སོགས་པའི་སྒྲས་མཚམས་སུ་ཡང ་གསེར་ལ་སོགས་པ་སྤྲས་པའོ། །ཁང་བཟངས་དེའི་ནང་དུ་རྒྱན་རྣམས་བསམ་མོ། །དེ་ལ་དབུས་སུ་སེང་གེའི་གདན་ལ་ཡེ་ཤེས་མཁའ་འགྲོ་མའི་ས་བོན་ཐིག་ལེ་ཙམ་མོ། །དེས་ན་བདག་གི་དབུགས་ལས་འབྱུང་བའི་ཞེས་པ་ནི་འདིར ་ཡེ་ཤེས་ཀྱི་དཀྱིལ་འཁོར་ས་བོན་ཙམ་མོ། །དེས་ན་ཡེ་ཤེས་ཀྱི་དཀྱིལ་འཁོར་སྣ་ཚོགས་པས་བརྒྱན་པ་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གཞལ་ཡས་ཁང་བསྒོམ་པར་བྱའོ། །ལྷག་མ་ནི་གོ་སླའོ། །དེའི་དབུས་སུ་སེང་གེའི་གདན་ཞེས ་བྱ་བ་ལ་སོགས་པ་ནི་དབུས་དང་ཤར་དང་བྱང་དང་ནུབ་དང་ལྷོ་སྟེ་གནས་ལྔ་རུའོ། །དེ་རྣམས་ཀྱི་སྟེང་དུ་ཉི་མའི་དཀྱིལ་འཁོར་རེ་རེ་ཡེ་ཤེས་མཁའ་འགྲོ་མའི་དཀྱིལ་འཁོར་རེ་རེར་འགྱུར་རེ། །དེས་ན་སྒྲུབ་ཐབས་ཐམས་ཅད་ཉིད་ཀྱི་སྟོང་པ་ཉིད་ཀྱི་སྦྲ ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཙམ་མོ། །དེ་ཡང་ཁམས་སྣ་ཚོགས་པའི་རང་བཞིན་ན། །དེས་ནམ་མཁའ་འགྲོ་མའི་རང་ག་དུས་རང་རང་གི་ཁམས་ལས་བྱུང་བ་བདག་གི་དབུས་སུ་ལས་བྱུང་བའི་དུས་དེར་ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པ་བསྒོམ་པ་ཉིད་ཡོད་པ་དེ་ལ ་དེ་སྐད་ཅེས་བྱའོ། །དེ་ལྟར་སྔོན་གོས་དཀར་མོའི་རྣམ་པར་སྤྲོས་པ་རྒྱུའི་མཁའ་འགྲོ་མའི་རྗེས་སུ་ཁ་དོག་སྔོན་པོ་བསྒོམ་པ་ནི་འོ་མ་དང་ཆུ་བཞིན་ནོ། །ལྷག་མ་ནི་གོ་སླའོ། །དེ་བཞིན་དུ་ཡེ་ཤེས་མཁའ་འགྲོ་མའི་ཤར་དང་བྱང་དང་ནུབ་དང ་ལྷོར་རིམ་པ་བཞིན་རྡོ་རྗེ་མཁའ་འགྲོ་མ་དང་འཇིགས་པའི་མཁའ་འགྲོ་མ་དང་རོ་ལངས་མཁའ་འགྲོ་མ་དང། །གཏུམ་མོ་མཁའ་འགྲོ་མ་རྣམས་སོ། །དེ་བཞིན་དུ་དབང་ལྡན་ལ་སོགས་པའི་མཚམས་བཞི་རུ་རིམ་པ་བཞིན་བསམ་པར་བྱ་སྟེ། །སེང ་གེ་མོ་དང་སྟག་མོ་དང་ལྕེ་སྤྱད་མ་དང། འུག་པ་མོ་རྣམས་བསམ་པར་བྱའོ། །དེ་བཞིན་དུ་ཤར་ལ་སོགས་པར་གཡོན་བསྐོར་གྱིས་མཁའ་འགྲོ་མ་ལ་སོགས་པའི་སྒོ་བཞི་རྣམས་སུ་རིམ་པ་བཞིན་དུ་མཁའ་འགྲོ་མ་དང། མར་མེ་མ་དང། འཇིག ་བྱེད་མ་དང། གཡོ་ལྡན་མའི་རྣལ་འབྱོར་མོ་རྣམས་བསམ་པར་བྱའོ། །དེ་ལྟར་ཡེ་ཤེས་ཀྱི་དབང་ཕྱུག་མ་བཅུ་གསུམ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལས་བྱུང་བར་བསྒོམ་པར་བྱའོ། །དེས་ན་ཡེ་ཤེས་ཀྱང་དེ་བཞིན་དུ་གཟུགས་ཙམ་གྱིས་མཁའ་འགྲོ ་མ་སྟེ། དེའི་ཚེ་ཕྲ་མོ་གཉིས་མེད་པའོ། །དེ་ལྟར་གཉིས་མེད་པའི་གཉིས་མེད་པར་འགྱུར་རོ། །རིག་མ་དང་པོ་ཞེས་བྱ་བ་ལ་སོགས་པ་ལ། །དང་པོའི་སྒྲ་ནི་གཉིས་མེད་པའི་གཉིས་མེད་པའོ། །དེ་ཉིད་ཀྱི་དམ་ཚིག་རླུང་དང་ཞེས་བྱ་བ་ལ་སོགས ་པ་ནི་བདུན་དུ་བརྩེགས་པའི་ས་བོན་ཏེ་འོག་ཏུ་ཡ་ལ་སོགས་པའོ། །དེ་ཡང་རྡོ་རྗེའི་ས་བོན་གྱིས་ཞེས་པ་ནི་ཧ་ཞེས་པ་ནི་སྟེང་དུ་སྦྱིན་པའོ། །དེ་ལྟར་བསྡུས་ན་ཧྐྵྨལྭརྱཱུ(རྒྱུད་འགྲེལ་བར་བསམ་མོ། །དེ་བཞིན་དུ་ཐིག་ལེ་སྒྲ་དང་ཚེག་དྲག་དང་ལྷན་ཅིག་བསྡུས་པའི་ཡི་གེ་བཅུ་གསུམ་ནི་མཁའ་འགྲོ་མ་བཅུ་གསུམ་རྣམས་བསྡུས་པའི་ཕྱིར་ཏེ། ཨ་བ་དྷཱུ་ཏཱི་ར་མཁའ་འགྲོ་མ་བཅུ་གསུམ་གྱི་རང་བཞིན་ཡེ་ཤེས་ཀྱི ་དཀྱིལ་འཁོར་ནང་དུ་འདུས་པར་འགྱུར་ཏེ། ཕྲ་མོའི་རྣམ་པ་ལ་འཇུག་པ་གང་གིས་བསམ་གྱིས་མི་ཁྱབ་པ་གཉིས་མེད་པ་ཉིད་དུ་འགྱུར་རོ། །གཙུག་ཏོར་ནས་ནི་རྐང་མཐེབ་བར། །ཡི་ཤེས་རྣམས་བཀོད་བསྒོམ་པར་བྱ། །མཁའ་འགྲོ་མ་རྣམས ་བསྐྱེད་པ་གང། །རྐང་གཉིས་པ་ཡིས་རིམ་ཞེས་བྱ། །ཡི་གེ་སུམ་ཅུ་མིད་ནི་ཉིད། །ས་ཉིད་ཀྱང་ནི་བཅུ་གསུམ་ཉིད། །སངས་རྒྱས་མཁའ་འགྲོ་མ་རྣམས་བསྒོམ། །བཟའ་བའི་རང་བཞིན་མཛེས་པའི་ཕྱིར། །དེ་བཞིན་དུ་ཆང་པའི་རྒྱུན་ཞེས ་པ་ནི་ཧཱུཾ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་མི་འཆད་པར་འབྱུང་བ་སྟེ། ཡེ་ཤེས་ཀྱི་དཀྱིལ་འཁོར་ཀྱི་སྦྱོར་བས་ཞེས་དགོངས་སོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་གསུམ་པཱི་རབ་ཏུ་བྱེད་པ་གཉིས་པའི་རྒྱ་ཆེར་འགྲེལ་ཡང་དག ་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་བའི་གཞུང་སྟེ་གཉིས་པ་བསྟན་པའོ།། །།ད་ན་རྣིལ་འབྱོར་པ་རྣམས་ཀྱི་ཤིན་ཏུ་ཕྲ་བ་སྔོན་དུ་གསུངས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལས་མཁའ་འགྲོ་མ་བཅུ་གསུམ་བསྐྱེད་དེ། །དེའི ་རེ་རེའི་དུས་ལས་བདག་མེད་མའི་སྒྲུབ་ཐབས་ལྷ་མོ་བཅོ་ལྔའི་བདག་ཉིད་བརྗོད་པའི་ཕྱིར། །དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །ཡེ་ཤེས་མཁའ་འགྲོ་མའི་སྒྲུབ་ཐབས་ཀྱི་རྗེས་ཐོགས་སུ་དེ་ནས་ཞེས་པ་ནི་རྣལ་འབྱོར་རང ་བཞིན་མེད་པའི་མཚན་ཉིད་བཤད་པའོ། །བདག་མེད་མ་ཞེས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་བདག་མེད་པའི་གཟུགས་སོ། །དེའི་སྒྲུབ་ཐབས་ཞེས་པ་ནི་ཐབས་ཀྱི་མཚན་ཉིད་དེ། དེ་བཞིན་དུ་བཤད་ཅེས་པ་ནི་མངོར་བསྡུས ་ཏེ་དཔྱིས་ཕྱིན་པར་གསུངས་པའོ། །དེ་ཉིད་གསུངས་པ་ནམ་མཁའ་ཨི་དབྱིངས་ཞེས་བྱ་བ་ལ་སོགས་པ་ནི་སྔོན་དུ་གསུངས་པའི་ཡེ་ཤེས་མཁའ་འགྲོ་མའི་དུས་ཀྱི་རྣལ་འབྱོར་ཡི་གེ་བཅུ་གསུམ་ཡི་གེ་གཅིག་གི་རང་བཞིན་ཆོས་ཐམས་ཅད་འབྱུང་བ ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་སྟེ་དེ་ཉིད་ནམ་མཁའ་ཨི་དབྱིངས་ཀྱི་མིང་ཅན་མ་མོ་རྣམས་ཀྱི་སྐྱེ་གནས་བཞིན་ཚས་རྣམ་ཐམས་ཅད་ཀྱི་སྐྱེ་གནས་སོ། །དེའི་དབུས་ཆུང་པར་ཞེས་པ་ནི། ཉི་མའི་དཀྱིལ་འཁོར་གྱིས་མིང་གིས་རྡུལ་ཆགས་ཆེན་བསམས་ཞེས ་སྦྱར་རོ། །དེ་ཅི་ཞེ་ན། འདིར་གསུངས་པ། འཁོར་ལོ་ཞེས་བྱ་བ་ལ་སོགས་པ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཐིམ་པའི་ཕྱིར་སླར་ཡང་དེ་ཉིད་དུ་ཨ་བ་དྷཱུ་ཏཱིའི་ཆོས་ཀྱི་འབྱུང་གནས་ལས་ཡེ་ཤེས་ཀྱི་ཁམས་ལྔ་རྣམས་འབྱུང་བར་འགྱུར་རོ། ། ་དེ་བཞིན་དུ་འཁོར་ལོ་ཞེས་པ་ནི་ཡེ་ཤེས་ཀྱི་སའོ། །སྔོན་དུ་ཞེས་པ་ནི་ཡེ་ཤེས་ཀྱི་ཆུའོ། །ཚུལ་ཇི་བཞིན་ཞེས་པ་ནི་ཡེ་ཤེས་ཀྱི་མེའོ། །ལྷ་རྣམས་ཞེས་པ་ནི་ཡེ་ཤེས་ཀྱི་རུང་ངོ། །ཅི་ལྟར་འབྱུང་བཞིན་པ་ནི་ཡེ་ཤེས་ཀྱི་ནམ་མཁའ་། །དེ་ཉིད་ནི་རྣལ ་འབྱོར་བར་ཤེས་པར་བྱའོ། །དེ་བཞིན་དུ་དེ་ཉིད་དུ་ས་བོན་དང་མྱུ་གུ་བཞིན་ཐིག་ལེ་ལྟ་འབྱུང་བ་བྱང་ཆུབ་སེམས་ཀྱི་རང་གི་ངོ་བོ་དོན་དམ་པའོ། །དེ་ཡང་ཁམས་ལྔའི་རང་བཞིན་ནོ། །དེ་ཉིད་ཀྱིས་ན་འཁོར་ལོ་སྔོན་དུ་ས་ཞེས་བྱ་བ་ལ་སོགས་པ ་བསྒོམ་པར་བྱ་ཞིས་བའི་མཐར་ཐུག་པ་གསུངས་སོ། །དེ་ལྟར་ཡེ་ཤེས་དང་ཤེས་སྦྱིན་བདག་ཉིད་རྣམ་པ་བཅུ་ནང་གི་ཡང་ནང་ངོ། །ཆོས་འབྱུང་ལས་འབྱུང་ཞེས་པ་ནི་ཨུ་ཨའུ་ཡང་བ་ལམ་ར་ཀ་ཧ་ཞེས་པའི་ཡེ་གེ་བཅུ་ལས་ས་བཅུ་དང་སངས ་རྒྱས་ཀྱིས་འབྱུང་བའོ། །དེས་ན་འཁོར་ལོ་ཞེས་པ་ནི་སྒྲ་ཙམ་མོ། །དེ་ཡང་ཉིས་བརྩེགས་ཞེས་པ་ནི་ཐིག་ལེ་དང་ཚེག་དྲག་དག་ཁྱབ་པར་བྱེད་པའི་ཕྱིར་རོ། །ངག་བའི་རང་བཞིན་མེད་པ་ཞེས་པ་ནི་སྟོང་པ་དང་སྙིང ་རྗེ་བསམ་གྱིས་མི་ཁྱབ་པ་མི་ཕྱེད་པའི་གཟུགས་མོས་པས་སྤྱོད་པའི་ས་དང་རྡོ་རྗེ་འཛིན་ཆེན་པོའི་ས་དག་ལ་ལྷའི་རྣམ་པ་རྣམས་ཞེས་པའི་དོན་ཏོ། །དེ་ལྟར་སེམས་ཅན་གྱི་རིས་རྣམས་སུ་སངས་རྒྱས་རྣམས་སྤྲོ་ཞིང་རང་བཞིན་མེད ་བདེ་ལ་རྣམ་པར་སྤྱོད་པའོ། །དེ་བཞིན་དུ་གཅིག་ནི་ཟེ་འབྲུ་ཅན་དུ་འགྱུར་ཞེས་བྱ་བ་ལ་སོགས་པ་ནི་བསྐྱེད་པ་དང། རྫོགས་པ་ཐ་མལ་བ་དང་འདུས་བྱས་པའི་དབྱེབས་རྟོགས་པར་བྱ་སྟེ། །སྐུ་གསུམ་ལ་བརྟེན་པའི་ཕྱིར་རོ། །ལྷག་མ ་ནི་གོ་སླའོ། །འོན་ཀྱང་ལས་དང་པོ་པས་ཏིང་ངེ་འཛིན་གསུམ་གྱིས་བསྒོམ་པར་བྱ་ཞེས་དགོངས་སོ། །དེ་བཞིན་དུ་དེ་ཉིད་གསུམ་ཞེས་པ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ནང་དུ་འདུས་པའི་བདག་མེད་མའི་དེ་ཁོ་ན་ཉིད་དོ། །གཉིས་པ་ནི་དེ་ཉིད་དུ ་དཀྱིལ་འཁོར་གྱི་རང་བཞིན་ནོ། །དེ་བཞིན་དུ་གསུམ་བ་ནི་གཉིས་མེད་པའི་ཡང་གཉིས་མེད་པ་དེའི་བདག་ཉིད་ཀྱིས་གནས་པའི་ཕྱིར་ཞེས་པ་སྟེ་ངེས་པའོ། །དེའི་ཕྱིར་གསུངས་པ། །ུ་ནི་རྐང་པའི་མཐིལ་ནས་བརྗོད། །འདིར ་ནི་ཕུ་བ་མོ་གཉི་ག་ཡིད། སྣལ་མ་བྲ་མོར་སྡུད་བར་འགྱུར། །ུ་ཞེས་པ་ནི་ཨུ་གཉིས་སོ། །ཡ་ཞེས་པ་ནི་བརླ་གཉིས་སུ། །བརྗོད་པས་ཐུར་སེལ་འགོག་པར་འདོད། །ར་ཞེས་པ་ནི་མེ་ཡི་ཁམས། །གསང་བའི་ཉིད་དུ་བརྗོད་པའི་ཕྱིར། ། ་ཝ་ཞེས་པ་ནི་ལྷོ་བའི་སྣང། །ལ་ཞེས་པ་ནི་པྲང་དུ་བརྗོད། །མ་ཞེས་བ་ནི་འདི་ཉིད་དུ། །བརྗོད་པས་ཡིད་ནི་ཐིམ་པར་འགྱུར། །ར་ནི་མགྲིན་པའི་གནས་སུའེ། །ཀ་ནི་ལྕེ་ཡི་རྩ་བ་རུ། །ཀྵ་ནི་བརྗོད་བཙམ་གྱིས་ནི། །དབང་བོ་རྣམས་ནི་སྡུད་པར ་འགྱུར། །ཉ་ནི་མདུད་བཅན་ཞེས་བྱ། །དབྲལ་བར་ཟླ་བ་ཕྱེད་པའོ། །གཙུག་ཏོར་གནས་སུ་ཐིག་ལེ་ནི། །བརྗོད་པས་དེར་ནི་ཐིམ་པར་འགྱུར། །འདིར་ནི་ཚེག་དྲག་འགྲོ་འགྱུར་ཏེ། །བསམ་མེད་གཉིས་སུ་མེད་མཚན་ཉིད། །དེ་ལྟར་སྲིད་དང་མྱ་ངན་འདས། ། ་རང་གི་ངོ་བོ་འདིར་མཚན་པ། །མཁའ་སྤྱོད་ས་སྤྱོད་ལྷ་མོ་གཉིས། །འདི་རྣམས་ཐོག་མཐས་རྒྱས་གདབ་པ་བའི། །རྒྱུ་ནི་བདེ་བ་ཉིད་ཀྱི་ཕྱིར་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོ་རྟོག་པ་གསུམ་པའི་རང་ཏུ་བྱེད ་པ་གསུམ་པའི་རྒྱ་ཆེར་འགྲེལ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་སྟེ་གསུམ་པ་བསྟན་པའོ།། །།ད་ནི་སློབ་མ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བྱ་བ་དང་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་རྡོ་རྗེ ་སེམས་དཔའ་ཞེས་པ་བྲིས་བ་དེ་བསྟན་པའི་ཕྱིར་དང། །སྔོན་དུ་གསུངས་པའི་རྡོ་རྗེ་སེམས་དཔའ་བསྒོམ་པའི་ཕྱིར། །དགྱེས་པའི་རྡོ་རྗེ་ལ་སོགས་པ་མདོར་བསྟན་པ་འདིའི་སླར་བཤད་པ་བསྟན་པའི་ཕྱིར། །དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། །དེ་ནས་ཞེས་པ་ནི་རབ་ཏུ་བྱེད་པ་གསུམ་པ་བསྟན་པའི་མཐར་སླར་བཤད་པ་ལ་འཇུག་པའི། །ཕྱིས་སྔོན་དུ་བསྟན་པའི་རྗེས་ཐོགས་སུ་འབྱུང་བ་དེ་ལ་འང་དེ་སྐད་ཅེས་བྱའོ། །དེ་ཡང་ཡང་དག་བཤད་བྱ་བ་ཞེས་པ་ནི་གང་གི་ཉན་པའི ་སྐྱེ་པོ་རྣམས་ཀྱིས་ཁོང་དུ་ཆུད་པར་འགྱུར་པ་དེ་ལྟར་ཤིན་ཏུ་གསལ་བ་ཉིད་དུ་བཤད་པར་བྱའོ། །དེ་བཞིན་དུ་དཀྱིལ་འཁོར་ཆེན་པོ་བླ་ན་མེད་ཅེས་པ་ནི་སྔ་མ་ལ་བལྟོས་པའི་ཕྱིར་རབ་ཏུ་རྫོགས་པའོ། །ཡང་ན་བླ་མའི་ངེས་པའི་དང་གིས་ཏུས་པ ་བསྟན་པ་ཙམ་གྱིས་སེམས་ཅན་རྣམས་ཀྱིས་ཕྱག་རྒྱ་ཆེན་པོ་རྙེད་པར་འགྱུར་བའོ། །ཇི་ལྟར་བདག་ཅག་གི་རྒྱུད་པ་པདྨ་བཛྲེའི་ཞལ་སྔ་ནས་ཀྱི་ཨོ་ནྱན་པ་ལ་བསྟན་ཅིང་དེས་ཀྱང་རྡོ་རྗེ་སློབ་དཔོན་ཨིནྡྲ་པོ་དྷི་བདག་ལ་བསྟན་པས་སྤྲོས་པ་རྡང་བཅས ་བས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་བ་དེ་ལྟར་རྡོ་རྗེ་དབྱིངས་དང་འདྲ་བ་ནི་ཞེས་པ་ནི་ཇི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བྲིས་ཏེ། །རྡོ་རྗེ་སྙིང་པོ་ལ་དབང་བྱིན་ཞིང ་འདི་ཉིད་དུ་སེམས་ཅན་ཐམས་ཅད་ལུང་བསྟན་བདེ་ལྟར་རྡོ་རྗེ་དབྱིངས་དང་མཚུངས་པ་ཟབ་མོ་ལས་ཀྱང་ཟབ་པ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་དེའི་རྣམ་པ་གསུམ་པའི་དོན་ལ་དང་པོ་རྡོ་རྗེ་དབྱིངས་ཀྱི་ཚུལ་གྱིས་བྱ་ཞེས་དགོངས་སོ། །དེའི་ཕྱིར། རྡོ་རྗེ ་དབྱིངས་ཞེས་བྱ་བར་བརྗོད་ཅེས་པ་ནི་ཅུང་ཟད་ནུས་པ་ཐོབ་པའི་སློབ་དཔོན་གྱིས་བྱའོ། །དེ་ཉིད་སངས་རྒྱས་བཅོམ་ལྡན་འདུས་སུ་འགྱུར་རོ། །ཡང་ན་ཐ་མལ་བའི་སློབ་དཔོན་ཡང་འདོད་ཆགས་ལ་སོགས་པའི་ཉེས་པ་དང་པྲལ་ཞིང་རྡོ་རྗེ་སེམས་དཔའ་ཨི ་ཡང་ང་རྒྱལ་དང་ལྡན་པ་སངས་རྒྱས་དང་མཆུངས་པ་དེས་ཀྱང་དཀྱིལ་འཁོར་འདི་བྱས་ཤིང་སློབ་མས་ཀྱང་དད་པས་བླངས་ནས་ཐམས་ཅད་སངས་རྒྱས་ཐོབ་པར་འགྱུར་རོ། །གཞན་དུ་ནི་མ་ཡིན་པ་སྟེ་དེས་པའོ། །དེ་བཞིན་དུ་དཀྱིལ ་འཁོར་གནས་ཞེས་བྱ་བ་ལ་སོགས་པ་ནི་ཕྱིའི་དཀྱིལ་འཁོར་བྱ་བའི་ཕྱིར་སོ་ཕག་ལ་སོགས་པ་བསལ་ལོ། །དེ་ཉིད་དུ་ཕྱག་རྒྱ་ཆེན་པོ་ཡོངས་སུ་གཟུང་ཞེས་པ་ནི་འཆང་བཞིན་པས་ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བྱའོ། །སྔགས་པས ་འདིས་ནི་ཞེས་པ་ལ་སྔགས་པ་ནི་རྣམ་པ་གཉིས་ཏེ་གྲུབ་པ་དང་མ་གྲུབ་པའོ། །དེས་ན་ཐད་ཉིད་ལ་ཞེ་སར་ནི་སེ་ན་ཐམས་ཅད་ཤིང་ལ་བསྟས་ན་མི་ཤེས་རྒྱད་རིང་བར་འགྱུར་བདེ་ལ་དེ་སྐད་ཅེས་བྱའོ། །འདིར་ཇི་ལྟར་ཨུ་རྱན་པའི་ཞལ་སྔ་ནས་ཀྱིས་རྡོ་རྗེ་བུ་མོ་བསྟན ་བས་མྱག?་རྒྱ་ཆེན་པོས་སེམས་ཅན་རྣམས་ཀྱི་དོན་བྱེད་པར་འགྱུར་རོ། །དེ་ནས་འདིར་ཡང་དཀྱིལ་འཁོར་བྲི་བའི་ཕྱིར་ས་སྦྱངས་པའི་རྗེས་ཐོགས་སུ་གསང་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚེན་སྣ་ལྔ་ལས་བཅོས་པའི་བསྲད་དུ ་དཀྱིལ་འཁོར་གྱི་ཚད་ཀྱིས་སོ། །དེས་ན་ཇི་ལྟར་ནུས་པ་ཞེས་པ་ནི་ཁྲུ་གང་ནས་བརྩམས་ཏེ། །ཇི་སྲིད་ཁྲུ་སྟོང་གི་བར་གྱི་དཀྱིལ་འཁོར་ཐིག་གདབ་ཅེས་པའི་དོན་ཏོ། །གྲུ་བཞི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྡོ་རྗེ་སྲད་བུ་ཞེས་པ་ནི ་ཟླུམ་པོར་བསྐོར་བའི་ཕྱིར་ཀ་བ་བརྒྱད་ཀྱི་ཕྱི་རུ་རྡོ་རྗེ་ཕྲེང་བར་བ་པའོ། །དེ་བཞིན་དུ་རྡོ་རྗེ་ཀ་བའི་རྩེར་གནས་པ། །དཀྱིལ་འཁོར་ལྡན་དང་ལྡན་པར་བྱ་ཞེས་པ་ནི་སྒོའི་མཐར་ཐུག་པར་ལྔ་བརྩེག་ཏུ་བྱས་ཏེ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དེ་ཉིད་བསྡུས་པ་ལ ་སོགས་པའི་རིམ་པས་ཤེས་པར་བྱའོ། །དེ་ནས་ཞེས་པ་ནི་དཀྱིལ་འཁོར་དེ་རྣམས་ཀྱི་དབུས་སུ་སངས་རྒྱས་ཀྱི་གཟུགས་བརྙན་ཞེས་པ་ནི་དཀྱིལ་འཁོར་པའི་ལྟ་རྣམས་འཆད་བཞིན་པའི་རིམ་པས་དགོད་པར་བྱའོ། །དེའི་དོན་གྱི་དབང་དུ་བྱས ་ཏེ་གསུངས་པ། དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་འདིར་ཇི་ལྟར་བྱིས་མདོར་བསྡུས་ཏེ་གསུངས་པ་འདི་ཉིད་སྔོན་དུ་ཆོ་ག་བཞིན་ཞེས་པ་ནི་རྡོ་རྗེ་དབྱིངས་ཀྱི་ཚུལ་གྱིས་སོ། །དེ་བཞིན་དུ་སྒྲུབ་ཐབས་ཁྱོད་མ་བཤད་ཅེས་བལ་ཀྱང་གི་སྐྱ་ནི ་འདེ་ཉིད་དུ་རྡོ་རྗེ་དབྱིངས་བཞིན་དུ་འདིར་ཡང་སྒྲུབ་ཐབས་ཀྱི་ཚུལ་ལས་མི་གསལ་བ་གསལ་བར་བྱེད་པ་དེ་ལ་བཤད་པར་བྱ་ཞེས་སྤྱར་རོ། །དེ་ལ་དང་པོ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལ་ཞེས་པ་ནི་དེའི་ཕྱིར་རོ། །དང་པོ་ཞེས་པ་ནི་དང་པོ་ཉིད་དུའོ། །ལྷའི་ཁང ་བར་ཞེས་པ་ནི་བསྒོམ་པའི་གནས་སམ། དཀྱིལ་འཁོར་གྱི་ཁང་བར་བཞུགས་ཏེ་དེང་བསྒོམ་པར་བྱ་ཞེས་པའོ། །དེར་བྲིས་པའམ་འབུར་དུ་བརྒོས་པ་འམ་བླུགས་པ་ལ་སོགས་པ་འདོད་པའི་ལྷའི་གཟུགས་དམིགས་ཏེ། རང་གི་སྙིང་གར་ཨ་ཞེས ་བྱ་བ་ལ་སོགས་པ་ནི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ས་བོན་ཡོངས་སུ་བརྟགས་པའི་ཕྱིར་དེ་ནི་རྣམ་པ་གསུམ་དུ་འདོད་དོ། །གཅིག་གི་རྣལ་འབྱོར་གྱི་རྒྱུད་ཀྱི་རིམ་བས་ཨོཾ་མོ། །རྣལ་འབྱོར་མའི་རྒྱུད་ཀྱི་རིམ་པས་ཧཱུཾ་དོ། །ཡང་ན་ཟ་བའི་དཀྱིལ་འཁོར ་གྱི་འོད་ཟེར་ལས་ཇི་ལྟར་གསུངས་པའི་རྡོ་རྗེར་འགྱུར་ཏེ་ངེ་ལྟར་ཆོ་ག་བཞིན་ཞེས་སྦྱར་རོ། །དེ་བཞིན་དུ་རྡོ་རྗེའི་འོད་ཟེར་གྱི་རྡོ་རྗེ་རྣམས་ཀྱིས་ཐམས་ཅད་ཅེས་བྱ་བ་ལ་སོགས་བས་ནམ་མཁའ་དགུག་པར་བྱའོ། །སོགས་པའི ་སྒྲས་ནི་སྤྱན་མ་ལ་སོགས་པ་སྣ་ཚོགས་པ་དང་ཁྲོ་བོའི་ལྷ་རྣམས་གཟུངས་ཏེ། དེ་རྣམས་ཀྱིས་ཇི་ལྟར་སྤྲུལ་པའི་མཆོད་པ་བྱའོ། །གཞན་ཡང་དེ་རྣམས་ཀྱི་མདུན་དུ་བདག་ལ་དགོངས་སུ་གསོལ་ཞེས་པ་ལ་སོགས་པ་ཐམས་ཅད་བྱ?་བ་ནི་གོ ་སླའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཞེས་པ་ནི་སྔོན་ནས་བསྒོམ་པའི་སྐུ་སྒྲ་བརྙན་ལྟ་བུའོ། །དེ་ཡང་དེ་ལས་བྱུང་བའི་སེམས་ཅན་ངེ་རྣམས་ལ་ཆོས་སྟོན་པར་སྣང་བའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་དེ ་བཞིན་དུ་ཆོས་ཐམས་ཅད་ཀྱི་རང་བཞིན་གྱི་ཡིད་དེ་ལས་བྱུང་བའི་ཕྱིར་རོ། །ཡིད་ཀྱང་བརྟགས་ནས་བདག་མེད་པའོ། །དེ་བཞིན་དུ་ཐམས་ཅད་བལྟའོ། །ཕྱི་ཞེས་པ་ལ་སོགས་པ་ལ་སྤྲུལ་པ་ཞེས་པ་ནི་སྤྲོས་པ་དང་བཅས་པས་སྤྲུལ་བའོ། །དེའི་ཕྱིར ་སེམས་མེད་པ་ཞེས་པ་ནི་ད་ལྟར་གྱི་སེམས་ཅན་རྣམས་ཀྱི་དངོས་པོས་ཡོངས་སུ་བརྟགས་པ་ཡོད་དེ། །དེས་ན་རྩོད་པའི་དུས་སུ་སེམས་དེ་ཉིད་ཀྱིས་ཡོངས་སུ་བརྟགས་པའི་ཕྱིར་དངོས་པོ་ཅེས་ཕུལ་དུ་བྱུང་བ་དེ་བཞིན་དུ་འབྱུང་བར་འགྱུར ་རོ། །དེས་ན་ཆོས་ཐམས་ཅད་གདོང་ནས་མ་སྐྱེས་ཞེས་བྱ་བ་ལ་སོགས་པ་ཡིད་ཀྱིས་སྔགས་བརྗོད་པར་བྱའོ། །དེ་ནས་རང་བཞིན་འགྲུབ་པ་ཞེས་བྱ་བ་ལ་སོགས་པ་ནི་དོན་ཇི་ལྟ་བ་ཉིད་དུ་བལྟ་བའི་དོན་ཏོ། །འོན་ཀྱང་བཟླས་པའི་ཁྱད ་བར་གྱིས་རྣལ་འབྱོར་གྱི་ཁྱད་པར་ཡོད་དེ། །གཏུམ་མོ་སྤར་བ་ཤིག་ལེའི་ཟླ་བ་བལྟ་སྟེ། །དེ་ཡི་སྔགས་ནི་ཨོཾ་ལ་སོགས་པའོ། །གྲུབ་གསུམ་ཞེས་པ་ནི་ཨ་ལ་སོགས་པའི་དབྱངས་སུམ་བསྐོར་བཞི་བཅུ་རྩ་བརྒྱད་དུ་འགྱུར་པ་དེ ་ལ་དེ་སྐད་ཅེས་བྱའོ། །ཡངས་པའི་གཟུགས་ཅན་ཞེས་པ་ནི་སྤྲོས་པའི་གཟུགས་ཅན་ནོ། །སྙིང་རྗེའི་ཞེས་པ་ནི་གྲི་ཐུག་གམ་རལ་གྲིའོ། །ཁ་ཅིག་ནི་ཅང་ཏེའུ་རུ་འདོད་དོ། །དེ་ལྟར་བཅོམ་ལྡན་འདས་ལྷ་བཞི་བཅུ་རྩ་གཉིས་ཀྱི་བདག་ཉིད་བྷ་གའི་དབུས་སུ་བསྒོཾ ་བར་བྱའོ། །དེ་ཉིད་ནི་རྣལ་འབྱོར་མའི་རྒྱུད་ཀྱི་རིམ་པས་དེ་ཁོ་ན་ཉིད་དུ་བསྡུས་པ་བརྗོད་དོ། །དེ་བཞིན་དུ་མེ་ཏོག་ལ་སོགས་པའི་མཆོད་པའི་ལྷ་མོ་བཅུ་དྲུག་བརྗོད་དེ། །དེ་ལ་མེ་ཏོག་མ་དང། སྤོས་མ་དང། དྲི་མ་དང་མར་མེ་མ་དང། ལྷ་བཤོས་མ་དང ་གླུ་མཁན་མ་དང། གར་མཁན་མ་དང། སྒེག་མོ་དང། མེ་ལོང་མ་དང། པི་བད་མ་དང། རོ་བསྣམས་མ་དང། ཆོས་འབྱུང་མ་དང། སིལ་སྙན་མ་དང། གོས་ཐོགས་མ་དང། ཞབས་བསིལ་བ་དང་མཆོད་ལོན་མ་རྣམས་སོ། །དེ་ལྟར་ལྷག ་མ་ནི་གོ་སླ་བས་བདག་གིས་རྒྱས་པར་མ་བྲིས་ཏེ་གཞུང་རྒྱས་པས་འཇིགས་པའི་ཕྱིར་དང། གཞན་དུ་རྙིང་སླ་པའི་ཕྱིར་རོ། །དེ་བཞིན་དུ་ཕྱིའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་གསང་བའི་དཀྱིལ་འཁོར་ལས་ཕྱི་རུ་སྤྲོས་པའོ། །སྔ་མ་དང ་འདྲ་བ་དེའི་ཕྱེད་ཆད་ཙམ་ཞེས་པ་ནི་ནང་གི་རིམ་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་ལས་ཕྱེ་ཙམ་ཕྱིའི་དཀྱིལ་འཁོར་ལྔའོ། །དེ་རེ་རེའི་ནང་ནས་སྙིང་པོའི་རིམ་པའི་ཕྱི་ཕྱོགས་བཞིར་རླུང་གླི་དཀྱིལ་འཁོར་ཟླ་བ་ཕྱེད་པ་ལྟ་བུ་བྲིའོ། །དེ་བཞིན་དུ ་མ་གསུངས་ཀྱང་རིམ་པ་བཞིན་དཀྱིལ་འཁོར་ལྷ་ཀ་མ་སོ་སོ་གསུམ་ལ། །མེ་དང་ཆུ་དང་སའི་དཀྱིལ་འཁོར་རྣམས་རེ་རེས་བྱའོ། །དེ་བཞིན་དུ་རིམ་པ་བཞིས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་བཞིན་དུ་འདིར་རྣལ་འབྱོར་མ་ཐམས ་ཅད་ཤེས་རབ་དང་ཐབས་དང་ལྡན་པའོ། །དེ་བཞིན་དུ་ཡང་ལྷ་ཐམས་ཅད་ཀྱི་སྟེ། དཀྱིལ་འཁོར་པ་རྣམས་ཀྱིའོ། །རལ་གྲི་ཞེས་བྱ་བ་ལ་སོགས་པ་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་ཤར་དང་མེར་རྣམ་པར་སྣང་མཛད་ལ་སོགས་པའི ་གཡས་ཀྱི་ཕྱག་དང་པོ་ལ་འཁོར་ལོའོ། །དེ་བཞིན་དུ་དབང་ལྡན་དང་བྱང་དུ་དོན་ཡོད་པར་གྲུབ་པ་ལ་སོགས་པའི་ནི་རལ་གྲིའོ། །དེ་བཞིན་དུ་རླུང་དང་ནུབ་དུ་འོད་དཔག་མེད་ལ་སོགས་པའི་ལྕགས་ཀྱུའོ། །དེས ་བཞིན་དུ་བདེན་བྲལ་དང་ལྷོ་རུ་རིན་ཆེན་འབྱུང་ལྡན་ལ་སོགས་པའི་ཞགས་པའོ། །དེ་བཞིན་དུ་དཔའ་ཨོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ཕྱག་ལྷག་མ་གཡོན་པ་དང་གཡས་པ་དག་གི་ཕྱག་ལྔ་ལྔ་པོ་རྣམས་ཀྱིས་ནི་བཅོམ་ལྡན་འདས་བཞིན ་ཤེས་པར་བྱའོ། །དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ཀྱི་ཡི་གེའི་དོན་ནི་གོ་སླའོ། །འོན་ཀྱང་འདིར་དཀྱིལ་འཁོར་ནི་རྣམ་པ་གསུམ་སྟེ། །སྤྲོས་པ་དང་བཅས་པ་དང་སྤྲོས་པ་མེད་པ་དང། ཤིན་ཏུ་སྤྲོས་པ་མེད་པའོ། །དེ་ལ ་གང་སྤྲོས་པ་དང་བཅས་པ་དེ་ནི་རྡུལ་ཚོན་ལ་སོགས་པས་བྲིས་པའམ་འབུར་དུ་བྱས་པ་ནི་དཀྱིལ་འཁོར་དུ་འཇུག་པའི་དོན་དུ་བྱའོ། །དེ་བཞིན་དུ་སྤྲོས་པ་མེད་པ་ནི་རིམ་གསུམ་ལ་སོགས་པའི་ཁང་བཟངས་སུ་དཔའ་བོ་དང ་དཔའ་མོའི་དབང་ཕྱུག་མ་རྣམས་འདུས་བར་བྱའོ། །དེ་ཡང་རྡོ་རྗེ་དབྱིངས་བཞིན་དུ་ཁ་དོག་དང་མཚན་མར་ལྡན་པའི་རྣལ་འབྱོར་མ་དང་དཔའ་བོ་རྣམས་ཏེ། དེའི་དབུས་སུ་རྡོ་རྗེ་སློབ་དཔོན་རྡོ་རྗེ་སེམས་དཔའ་ཨི་ང་རྒྱལ་གྱིས་བགྱིངས་པར ་བདག་ཉིད་བསྒོམ་པར་བྱའོ། །དེ་རྣམས་ཀྱི་མདུན་དུ་ཉེ་བར་སྤྱོད་པ་ལྔ་ལ་སོགས་པའི་མཆོད་པའི་རྫས་དང་བཟའ་བ་དང་བཅའ་བ་ལ་སོགས་ཨ་དང་བཏུང་བ་ལ་སོགས་ཨ་རྣམས་འཆད་བཞིན་པ་ལས་བྱ་ཞེས་པ་ནི་ངེས་པའོ། །དེ་ལ་ཤིན ་ཏུ་སྤྲོས་པ་མེད་པའི་དཀྱིལ་ལ་སྤྱད་པ་ནི་རང་གི་བདག་ཉིད་ཀྱིས་གསང་བའི་དཀྱིལ་འཁོར་བསྒོམས་པས་ནུས་པ་ཐོབ་ནས་མངོན་སུམ་དུ་དཀྱིལ་འཁོར་སྤྲོས་པ་དེ་མཐོང་བས་སློབ་མའི་ཚོགས་དཀྱིལ་འཁོར་བ་དེ་རྣམས་དང ་འདྲ་བའི་སེམས་སུ་འགྱུར་ཏེ། དེ་རྣམས་ཀྱང་སྙོམས་པར་ཞུགས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བྱེད་ཅེས་དགོངས་སོ། །འོན་ཀྱང་ཐ་མལ་པའི་སློབ་དཔོན་གྱིས་ཀྱུང་དེའི་བདག་ཉིད་མངོན་སུམ་དུ་བྱེད་དེ་འདོད་པའི་ཡོན་ཏན་ལྔ་དང ་ལྡན་?་པ་སྟེ་ངེས་པའོ། །ཇི་ལྟར་གཞུང་ལུག་ཅུང་ཟད་འཆད་བཞིན་པ་ལས་གསལ་བར་བྱེད་དོ། །དེས་ནི་འདིར་མ་གསུངས་ཞེས་པའི་ཚུལ་ལོ། །བ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པའི་རྟོག་པ་གསུམ་མདོར་བསྟན་པ་གསུམ་གྱི་མཐར་སླར་བཤད ་པའི་རྒྱ་ཆེར་འགྲེལ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་བྱ་བའི་གཞུང་བསྟན་པ་སྟེ་བཞི་པའོ།། །།ད་ནི་དེ་ལྟ་བུའི་དཀྱིལ་འཁོར་ལ་གནས་པ་མཁའ་འགྲོ་མ་ཐམས་ཅད་རྣམས་ཀྱི་ནང་གི་དམ་ཚིག་གི་ཕྱག་རྒྱ་བསྟན་པའི་ཕྱིར། ་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉན་པར་འཆལ་ཞེས་པ་ནི་རྡོ་རྗེ་སྙིང་པོ་ལ་སོགས་པས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཞུས་པའོ། །ཕྱག་རྒྱ་ཞེས་པ་ནི་ཕྱག་རྒྱ་ཆེན་པོའོ། །དེ་ཡང་དག་ནི་ཞེས་པ་ནི་དག་གིས་སྒོ་ནས ་ཁོང་དུ་ཆུད་པ་སྟེ། །ཐ་མལ་བའི་གནས་སྐབས་ཀྱི་དུས་སུ་ཡང་སེམས་དང་སེམས་ལས་བྱུང་བའི་དངོས་པོ་རྟོགས་པའི་ཕྱིར་རོ། །དེ་རྣམས་ཀྱི་མཚན་ཉིད་ཅེས་པ་ནི་མངོན་སུམ་དུ་ཉམས་སུ་མྱོང་བའོ། །དེ་ནས་གསང་པ་ཞེས་བྱ་བ་ལ་སོགས་པ ་ལ། རྣལ་འབྱོར་ཞེས་པ་ནི་གསང་བའི་དཀྱིལ་འཁོར་རོ། །དེ་ཡང་རྣལ་འབྱོར་མའི་ཞེས་པ་ནི་ཨ་བ་དྷཱུ་ཏཱི་རྣམ་པ་དྲུག་དང་སྦྱོར་བའི་ཡན་ལག་དྲུག་སྟེ་འཁོར་ལོ་དྲུག་གི་རབ་ཏུ་དབྱབས་སོ། །དེས་ན་མཁའ་འགྲོ་མ་རྣམས་ཀྱི་དམ་ཚིག་གི་བརྡའི ་སྐད་ཀྱིས་དེ་བསྟན་ཅེས་གསུངས་སྟེ། ཐུབ་པ་ཆེན་པོ་ཞེས་པའི་ནི་ཆོས་ཀྱི་སྐུ་བརྟགས་པ་དེས་ཚོགས་རྒྱས་བཏབ་བས་ན་ཐུབ་པ་ཅན་ནོ། །བརྗོད་དུ་མེད་པའི་མཚན་ཉིད་ནི་ཐུབ་པའོ། །ཡང་ན་འདི་ལྟར་རང་རིག་པས་ཉེ་བར་སྤྱོད་པ་ལ་འཇུག་པའི་མི་སྨ ་བའི་སྦྱོར་བ་དེས་ནི་ཐུབ་པ་ཆེན་པོ་ཞེས་པའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་ཞེས་པ་ནི་རང་རིག་པའི་སེམས་སོ། །དེ་ཉིད་མཁའ་འགྲོ་མ་ཞེས་པ་ནི་འཁོར་ལོ་དྲུག་ལ་བསྒྱུར་བའི ་དུས་ཀྱི་ཕོ་ཉ་མ་དྲུག་ནི་ཨ་བ་དྷཱུ་ཏཱིའོ། །དེ་ཡང་མིང་དྲུག་དང་ལྡན་པའོ། །དེས་ན་དུས་གྱི་ཕོ་ཉ་མོ་དྲུག་གི་ནང་དུ་འདུས་པ་ཉིད་ཀྱིས་སེམས་རྩེ་གཅིག་པ་ཉིད་མངོན་ཤེས་དྲུག་གི་མཚན་ཉིད་དུའོ། །དེ་བཞིན་དུ་རྣམ་པར་རྒྱལ་བའི་སྟེ་བས ་ཞེས་པ་ནི་ཕྱག་རྒྱ་ཆེན་པོར་རབ་ཏུ་སོང་བས་བདུད་ལས་རྣམ་པར་རྒྱལ་བ་སྟེ། སྙིང་རྗེའི་སྟོབས་ཀྱིའོ། །དེ་ལྟར་ཕྱག་རྒྱ་དང་སྙིང་རྗེ་ཆེན་པོ་གཉིས་མེད་པའི་དངོས་པོ་ཞེས་པ་གང་ཡིན་པ་དེའོ། །དེ་བཞིན་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཞེས་པ་ནི་ཡང་དག་པའི་རྗེས་སུ་དྲན་པ་དྲུག་ལ་འཇུག་པའོ། །དེས་ན་མཁའ་འགྲོ་མ་ཞེས་པ་ནི་བསྡུས་པའི་དམ་ཚིག་ཞེས་པའི་ཚུལ་ལོ། །དེ་ལ་ཀོ་ལ་ཞེས་བྱ་བ་ལ་སོགས་པ་ནི་ཡི་གེ་བརྒྱ་དྲུག་ཅུ་རྩ་གསུམ་གྱི་ནང་ནས ་ཡི་གེ་དྲུག་དུས་ཀྱི་ཕོ་ཉ་མོ་དྲུག་གི་བརྡ་འདི་ལས་བྱུང་བ་བརྒྱ་ལྔ་བཅུ་རྩ་བདུན་གྱི་ཡི་གེའི་མིང་རྣམས་ཀྱིས་རྣལ་འབྱོར་གྱི་གདན་རྣམས་བརྗོད་དེ། །དེ་ཡང་འཁོར་ལོ་དྲུག་གི་རྩ་རྣམས་ཏེ། དྲུག་ཅུ་རྩ་བཞི་དང། བརྒྱུད་དང། བཅུ་དྲུག ་དང། སུམ་ཅུ་རྩ་གཉིས་ཉིས་འགྱུར་དང། དེ་བཞིན་དུ་ལྔའོ། །དེ་ལྟར་དུས་ཀྱི་རྩ་དྲུག་རྣམས་ཀྱི་ནང་དུ་འདུས་པའི་ཕྱིར་ཞེས་པ་སྟེ། ངེས་པའོ། །དེ་ལ་འཁོར་ལོ་དྲུག་ནི་ཁམས་དྲུག་གི་རང་བཞིན་ཏེ། དུས་ཀྱི་རྩའོ། །དེ་རྣམས་ལ ་ཐབས་ཀྱི་རང་བཞིན་གསུམ་མོ། །དེ་བཞིན་དུ་ཤེས་རབ་ཀྱི་རང་བཞིན་གསུམ་མོ། །དེ་ལ་གཙུག་ཏོར་དང་དཔྲལ་བ་དང་སྙིང་གའི་འཁོར་ལོ་གསུམ་ནི་ཐབས་ཀྱི་རང་བཞིན་ནོ། །དེ་བཞིན་དུ་མགྲིན་པ་དང་ལྟེ་བ་དང་གསང་བ་རྟི་ཤེས ་རབ་ཀྱི་རང་བཞིན་ནོ། །དེ་བཞིན་དུ་ཨ་བ་དྷཱུ་ཏཱི་གཉིས་ཏེ་ལྟེ་བའི་སྟེང་དུ་ལན་གསུམ་དུ་སོང་བའོ། །དེ་བཞིན་དུ་འོག་ཏུ་ལམ་གསུམ་དུ་སོང་བའོ། །དེ་དག་གི་རྣམ་པ་དྲུག་ནི་དུས་ཀྱི་རྩའོ། །དེ་ལྟར་ལྟེ་བའི་དབུས་ཀྱི་འོག་དང་སྟེང་དུ་བོ་ལ ་དང་ཀཀྐོ་ལར་བརྗོད་དོ། །དེ་ལ་ཡི་གེའི་དོན་བརྗོད་པ་ཀོ་གཞུ་ཡི་རྣམ་པ་ལྟ་བུའི་རླུང། །འོག་ཏུ་དུས་མེའི་རྩ་རྣམས་ལ་ཐུར་སེལ་དང་ནི་ཁུ་བ་གནས། །དེ་ནི་ཡེ་ཤེས་ཁུ་བར་བརྗོད། །ཌ་དེ་ཉིད་སུམ་ཅུ་གཉིས་སུ་ཤེས། །མཁའ་འགྲོ་མ་ནི་སྣལ་ཕྲ ་མོ། །དེ་ཉིད་ཡེ་ཤེས་མཁའ་འགྲོ་མ། །ལླ་ཁུ་བ་ལ་སོགས་ལྷ་མོ་ཐིམ། །ི་དབང་པོ་དང་ནི་ལྷན་ཅིག་སྲོག་།རེ་བུ་བ་ཡི་ནི་ལྷ་རྣཾ་གང། །ཐི་ཞེས་པ་ནི་བཤང་བས་གང། ། ནང་དུ་འདི་ཡི་ལྷ་མོ་འཾ། །བོ་བྱང་ཆུབ་ཞེས་པ་ཉིད་ནི་བྱེད། །ལླཱ་ལ་འོག་གི་རྩ་ནི་དྲི་ཆུ་འཛིན། ། ་མུ་ནི་རྨོངས་པའི་ལྷ་མོའོ། །མུ་ལྟོ་འཕྱེ་ཞེས་སྡང་འབབ་བ་མ། །ཎི་རྒྱུད་མེད་པ་ཡི་རོ་ནི་མྱང། །རེ་བྱིན་བྱེད་བྱིས་པའི་རྩ་ནི་གང། །ཀ་དེ་བཞིན་འདམ་སྐྱེས་གང་བྱེད་པ། །ཀོ་ཁུ་བྱུག་སྒྲ་ནི་སྟེང་དུ་འབར། །ལླ་བདེ་བ་བདག་གི་སེམས་ནི་རྙེད། །གྷ་དྲིལ ་བུའི་རྒྱུན་ལ་སེམས་བརྟན་པས་མ་ཡིད་ཀྱིས་བསམ་ཏེ་སྙན་པར་སྨྲ། །ཡ་ག་ཤིན་རྗེའི་ཕོ་ཉ་འདིར་ནི་ཤེས། །ཀི་ཚིགས་རྒྱུན་ཏུ་ནི་ཅི་བགྱི་པའོ། །པི་སྣ་ཡི་རྩ་ལས་ཆང་འཐུང་བའོ། །ཊ་ཞེས་པ་ནི་ནམ་མཁའ་ཨི་ལྷ། །ཧོ་ནི་ཆགས་པ་ཅན་ལྷ་མོ། །པ ་འདབ་ཅན་གསང་བའི་ནང་དུ་དུའོ། །ཇི་སྐྲ་དཀར་བྱེད་པའི་ལྷ་མོ་ཡང། །ི་དབང་པོ་སྣ་ཡི་ནང་དུ་རྒྱུ། །ཀ་རལ་གྲི་ཞེས་བྱ་ལྐུགས་པར་བྱེད། །རུ་ཁྲག་གི་ཁ་ཡི་ལྷ་མོའོ། །ཎེ་ཆུ་ལུགས་དུ་མ་འཛིན་པའོ། །ཀི་གེ་སར་སྐྱེ་གནས་མིང་ཅན་མ?། ་ཨ་ང་རུ་བྱེད་པ་འཛིན་པ་ཉིད། ། དབང་པོ་སྒྱུ་མ་དབྱངས་ཅན་མ། །ན་མི་ཡི་གཟུགས་ནི་ལྷ་མར་ཤེས། །རོ་པ་སྤུའི་བུ་གའི་རྩེ་མཚམས་སུ། །དེ་ལྟར་རྩ་ནི་སུམ་ཅུ་གཉིས་ཡེ་ཤེས་འཁོར་ལོའི་མིང་ཉིད་དོ། །རྩེ་གཅིག་ནང་དུ་གནས་པ་ཉིད ་ཡེ་ཤེས་མཁའ་འགྲོ་སུམ་ཅུ་གཉིས། །རྣལ་འབྱོར་མ་རྣམས་དམ་ཚིག་འདི། །དུས་མེ་གཅིག་པུ་ལ་ནི་ཐིམ། །ཡེ་ཤེས་ཕུང་པོ་སྔོན་རྒྱུ་བ། །ཐམས་ཅད་དུ་ནི་རྒྱུ་བར་བྱེད། །དེ་ལས་ཡེ་ཤེས་ཁམས ་ནི་སྐྱེས། །རྣམ་ཤེས་རྣམ་པའི་སེམས་བྱས་ཏེ། །དེ་བཞིན་དུ་གཙུག་ཏོར་གྱི་ནི་རྩ། །ལྟེ་དབུས་ཨ་བ་དྷཱུ་ཏཱི་ནི། །སྟེང་དུ་སོང་བ་སྒྲ་གཅན་ཏེ། ནམ་མཁའ་ཡི་ནི་རྩ་ནི་ལྔ། །ལ་མཛེས་མ་རྣམས་ཀྱི་ཟ་བའི་རྩ། །ཏ་བང་རྩ་འཇམ ་པོའི་སྐུ་འདྲ་བ། །ཧི་འཚེ་བ་སྤངས་པའི་ལྷ་མོའོ། །བ་རྡོ་རྗེ་སྣ་ཡི་ནང་དུ་བདེ། །ལ་ལྔ་པ་ཡི་ནི་དབུས་སུ་མཚོན། །ལྷ་མོ་ཡང་ནི་འབྱུང་ལྔ་རྣམས། །ནམ་མཁའ་ཨི་མཁའ་འགྲོ་མ་རུ་འདོད། །དཔྲལ་བའི་རྩ་ནི་མེད་ཕྱེད་སོགས། །ཡེ་ཤེས ་དབུས་སུ་ཡི་གེ་རྣམས། །ནང་དུ་བྱང་ཆུབ་སེམས་རྒྱུ་བ། །གྲངས་ནི་སུམ་ཅུ་རྩ་གཉིས་སོ། །ཁཱ་སེམས་དང་སེམས་བྱུང་མཁའ་མཉམ་པ། །ཛ་མངལ་ནས་འབྱུང་བ་རྣམས་ལ་རྒྱུ། །ི་དབང་པོའི་སྒོ་ཡི་བདེ་བ་ཡིས། །གཱ་སྣ་ཡི་ནང ་ནས་གཞན་དུ་འགྲོ། ཌེ་ནི་ཡེ་ཤེས་མཁའ་འགྲོ་ཡི། །མ་ནི་དེ་བཞིན་དམ་ཚིག་སྟེ། ། ནི་རྡོ་རྗེ་མཁའ་འགྲོའོ། །ཎ་ནི་རྡོ་རྗེ་མཁའ་འགྲོ་ཉིད། །པི་སེར་སྣའི་མཁའ་འགྲོར་འདིར་བརྗོད་དོ། །ཛ་ནི་སངས་རྒྱས་མཁའ་འགྲོའོ། ། ནི ་མྱ་ངན་འདས་འདུན་པ། །ཧ་ཞེས་པ་ནི་སེམས་མིང་ལ། ལེ་ནམ་མཁའ་ཡི་ནི་རླུང་ཐིམ་མོ། །ཀཱ་བློ་དང་དབུགས་ནི་འགོག་བྱེད་པ། །ལིན་འཁྱུད་པས་ཟླ་བ་སང་བ་ཉིད། །ཛ་རྡོ་རྗེར་འཛག་པས་ཤིན་ཏུ་ཉལ། །ར་དེ་ནི་དངུལ་ཆུའི་རྒྱུན་ངང ་མཚུངས། །པ་ལྟེ་བ་ཡི་ནི་རྩ་བར་ལྟུང། །ཎི་སྡོང་བུ་ཡི་ནི་རྩ་བར་སྤྲུལ། ། མི་ཤིགས་ཐམས་ཅད་ཁྱབ་པའོ། །ི་འདི་ནི་དབང་པོར་གནས་པའི་རྒྱུས། །དུ་དེ་ཡང་གཟུང་བར་དཀའ་བའི་གནས། །དུ་མཚན་མ་ངན་པ་རྟག ་ཏུ་སྤངས། །རུ་འདོད་པའི་ལམ་ནི་འདི་རུ་ཆགས། །ཏ་བདེ་བའི་དཔའ་རླབས་ཞེས་བྱའི་ཕྱིར། །ཧི་རྣལ་འབྱོར་འདི་ནི་བདུད་རྩི་འཛིན། །པ་དུས་ནི་རྣམ་པ་བཞི་རུ་འཛིན། །ཛྲི་འདིར་གནས་པ་ཡི་བློ་ནི་མེད། ། རྟེན་གྱི་དགའ་བ་ལས་ནི་གྲོལ། ། ་ཨི་ནི་ཟླ་བ་དང་བྲལ་བའོ། །ཙ་ཟླ་བའི་ཡེ་ཤེས་དབང་ཕྱུག་གཙོ། །ུ་ཡི་དབྱངས་ནི་ཐམས་ཅད་འགྲོ། །དེ་ལྟར་རྩ་ནི་སུམ་ཅུ་གཉིས། །དགྱེས་པའི་རྡོ་རྗེ་ཀུན་ནས་གཙོ། །དེ་རྣམས་ལས་བྱུང་རྟོག་པ་ནི། །སུམ་ཅུ་རྩ་གཉིས་བདག་གིས་བརྗོད། ། ་མི་ཕྱེད་མ་སོགས་དང་པོ་ནི། །རྡོ་རྗེ་སྙིང་པོ་མངོན་བྱང་ཆུབ། །རྟོག་པའི་རྒྱལ་པོ་དུ་ནི་བརྗོད། །གཉིས་པ་སྒྱུ་འཕྲུལ་རྟོག་པ་སྟེ། །གསུམ་པ་སངས་རྒྱས་གར་མཁན་ནོ། །བཞི་པ་སྣ་ཚོགས་རྟོག་པ་སྟེ། །ལྔ་པ་རྡོ་རྗེའི་རྟོག་པའོ། དྲུག་པ་སྟོབས་པོ ་ཆེ་ཡི་སྟེ། །མདུན་པ་མི་གཡོ་བ་རྟོག་པ། བརྒྱད་པ་གཟུགས་ཀྱི་རྟོག་པའོ། །དགུ་པ་རིགས་ནི་བྱེད་མ་ཡི། །བཅུ་པ་མཁའ་འགྲོ་མ་ཉིད་ཀྱིས། །བཅུ་གཅིག་པ་ནི་འབྱུང་འདུལ་བྱེད། །བཅུ་གཉིས་པ་ནི་རྣམ་སྣང་མཛད། །དངོས་གྲུབ་རྟོག་པ་སྒྲོལ ་མ་ཡི། །རྟོག་པ་འདི་ནི་བཅུ་གསུམ་པ། རྡོ་རྗེ་ཕག་མོ་བཅུ་བཞི་པ། །བཅོ་ལྔ་པ་ནི་མེ་ལྷ་ཡི། །བདག་མེད་རྟོག་པ་བཅུ་དྲུག་པ། །བཅུ་བདུན་པ་ནི་གཤིན་རྗེ་དགྲ། བཅོ་བརྒྱད་པ་ནི་ཧཱུཾ་མཛད་ཀྱི། །བཅུ་དགུ་པ་ནི་ཕྱིར་བཟློག་པ། །སྦྱིན་སྲེག ་རྟོག་པ་ཉི་ཤུ་པ། །ཉི་ཤུ་གཅིག་ནི་རབ་གནས་ཀྱིའོ། །དཀྱིལ་འཁོར་ཆེན་པོ་རྟོག་པ་ནི། །ཉི་ཤུ་གཉིས་པ་ཉིད་དུ་འདོད། །ཉི་ཤུ་གསུམ་པ་གཏོར་མའི་རྟོག་།ཉི་ཤུ་བཞི་པ་ལྷ་གནས་ཀྱི། །ཉི་ཤུ་ལྔ་པ་མངོན་རྟོགས་ཀྱི། །དེ་བཞིན་རྒྱས ་བཏབ་ཉིད་ཤུ་དྲུག་།ཉི་ཤུ་བདུན་པ་བྱེད་པ་ཡི། །ཉི་ཤུ་བརྒྱད་པ་ཀླུ་ཡིའོ། །དེ་བཞིན་ཉི་ཤུ་རྩ་དགུ་པ། །པདྨ་གར་དབང་ཕྱུག་རྟོག་པ། །སུམ་ཅུ་བ་ནི་དབྱངས་རྟོག་པ། །རྣལ་འབྱོར་རྒྱུད་ཀྱི་རྟོག་པ་ཉིད། །སུམ་ཅུ་རྩ་གཅིག་པ་རུ་འདོད། ། ་སྲིང་མཐར་ཕྱིན་པ་རྣལ་འབྱོར་མའི། །རྟོག་པ་སུམ་ཅུ་གཉིས་པོར་བརྗོད། །དེ་ལྟར་རྩ་རྣམས་ལས་བྱུང་བ། །དུས་ཀྱིས་ལོངས་སྤྱོད་ལ་ནི་སྤྱོད། །ལྟེ་བའི་སྟེང་གི་གཡོན་གྱི་རྩར། །བདེ་ཆེན་འཁོར་ལོ་ཞེས་པ་ཉིད། །དེ ་བཞིན་མགྲིན་པའི་འཁོར་ལོ་ནི། །ལྟེ་བའི་སྟེང་གི་གཡས་གནས་པ། །དེ་རྣམས་རྩ་ནི་རབ་ཏུ་བཤད། །རྣམ་པ་བཅུ་དྲུག་དེ་ཁོ་ན། །ཡི་གེ་བཅུ་དྲུག་དབྱེ་བ་ཡིས། །དམ་ཚིག་མཁའ་འགྲོའི་མཚན་ཉིད་དོ། །ས་ཀུན་ཏུ་བཟང་པོ་ཞེས་པ་ཉིད། ། ་མ་དབུ་མའི་དགའ་བཙམ་ནི་ཉིད། །ོཾ་ཟླ་བའི་དགའ་བ་བདེ་བཞིན་ཤེས། །ཀོ་ཀིང་རུས་ཀྱི་ནི་དགའ་བ་ཉིད། །ཐུ་ནི་མི་རྟོག་དགའ་བའོ། །རི་ཞེས་པ་ནི་དེ་བཞིན་མཆོག། ས་ནི་རེག་བྱའི་དགའ་བ་ཉིད། །ཧཱ་ཡིད་ཚིམ་པ་ཡིད་དགའ་པ་ཉིད། །དེ་ནི་ཡིད ་ཅན་དགའ་བར་བྱེད། །ཧི་ནི་སྙིང་གི་དགའ་བའོ། །ཀ་ནི་ནམ་མཁའ་ཨི་དགའ་བ་ཉིད། །བུ་ནི་འཇིཊ་པའི་དགའ་བ་ཉིད། །རུ་ནི་དེ་བཞིན་དགཱ་བྲལ་ཉིད། །ལ་ནི་ལྷན་ཅིག་སྐྱེ་དགའ་མཚོན། །ི་ནི་དེ་བཞིན་སྣ་ཚོགས་པའོ། ། ཨ་པ་དྷཱུ་ཏཱིའི་བླ་མའོ། །དེ་ལྟར་རྣལ་འབྱོར་མཆོག་གི ་ཕུལ། །མཁའ་འགྲོ་རྣམས་ཀྱི་དམ་ཚིག་གཞན། །རྣལ་འབྱོར་མ་རྣམས་ཀྱི་ནི་མིང། །འཕོ་བ་བཅུ་དྲུག་ཏུ་ནི་འདོད། །དེ་ཡང་ཁམས་ཀྱི་དབང་གིས་ཤེས། །དུས་ཀྱི་རྩ་ཡི་ངོ་བོ་ཉིད། །དེར་ནི་ཁྲག་གི་ཐིག་ལེ་རྒྱུ། གསང་བ་ལ་སོགས་པའི་ཡེ་གེ་འདོད། ། ་དེ་རྣམས་ཀྱི་ཡང་དོན་ནི་གང། །འཆང་བཞིན་པ་ཡིས་བསྟན་པར་བྱ། །དེ་ཕྱིར་ལྟེ་བའི་འཁོར་ལོ་ནི། །རྣལ་འབྱོར་འདབ་དྲུག་ཅུ་བཞི། །ཡི་གེ་ཉིད་ཀྱང་དྲུག་ཅུ་བཞི། །ི་ནི་གནས་ཀྱི་རྣལ་འབྱོར་མ། །མཱ་ཕྲེང་མ་ཞེས་པའི་རྣལ་འབྱོར་མ། །ལ་ཞེས་པ་ནི་ཐོང་རྨོན། །ི་དེ ་བཞིན་དུ་ནི་ཤིང་འཚོང་མ། །ི་བུར་ཤིང་ཕྱེ་མར་དེ་བཞིན་ཤེས། །དྷ་ན་གཞུ་མཁན་མ་དང་གར་མཁན་མ། །ས་ཞེས་པ་ནི་སྨད་འཆོང་མའོ། །ལི་གཞོན་ནུ་མ་ཡི་འཁྱུད་པ་མ། །ཛ་སྒོ་ང་ལས་སྐྱེས་རྣམས་འཚོང་མ། །ཏ་སྣལ་མ་ཐག ་པ་དེ་བཞིན་ཉིད། །རྟི?་ནི་དེ་བཞིན་འཚོང་བ་མོ། །བྷ་དྲམ་ཟེ་མོ་ཡི་རྣལ་འབྱོར་མ། །རུ་དེ་བཞིན་ཁྲོ་བོའི་རྣལ་འབྱོར་མ། །ཁཱ་བཟའ་དང་བཏུང་ལ་ཆགས་པ་གང། །ི་ཨིནྡྲ་ནཱི་ལ་སོགས་འཚོང་མ། ། འབྲུ་ལ་སོགས་པ་འཚོང་བ་ཉིད། །ི་དབང་པོ ་དཀར་མོའི་རྣལ་འབྱོར་མ། །པེ་ནི་ཁྲོན་པ་བྱེད་པ་མོ། །ཁ་ཤན་མ་ཞེས་པའི་རྣལ་འབྱོར་མ། །ཎ་སེན་མོ་འདྲེག་པས་འདྲེག་མཁན་མ། །ཁ་ནམ་མཁའ་འགྲོ་མ་དེ་བཞིན་ཉིད། །ཊ་ཞེས་པ་ནི་སྦུགས་བྱེད་མ། །ཀ་དེ་བཞིན་ཟས་འཚོ་མར་མི་ཤེས། །ར་པོ་འཛིན་པ་ཡི་བློ་གྲོས་ཅན། །ཏེ་ཞེས་པ་ནི་རྒྱུད་བྱེད་མ། །ཤུ་བཟང་མོའི་རྩ་ནི་སྦྱང་བྱེད་མ། །དྷ་རས་འཁྲུས་བས་ན་འཁྲུང་མཁན་མ། །ཤུ་ཆང་འཚོང་མ་ནི་རྣལ་འབྱོར་མ། །ཎ་ཞེས་པ་ནི་ཉ་པ་མོ། །མ་ཞེས?་པ་ནི་ལྷམ་བྱད་མ། །དེ་བཞིན་ཆོས་དཀོར་བདག་པོར ་གནས། ། འདི་ནི་དུས་པ་བྱེད་པ་ཉིད། །ི་ནི་སྤྲ་ཚལ་བྱེད་པ་མོ། །ནི་དེ་བཞིན་རས་འཆོང་མ། །ར་ཞེས་པ་ནི་ཆོས་མཁན་མ། །སུ་གསེར་བྱེ་མ་ཡི་རྣལ་འབྱོར་མ། ། མི་འཆིང་བ་རྣམས་མཆོད་བྱེད་མ། །ག་དྲི་ཡིན?་ས་ལ་སོགས་འཚོང་མ། །ཚད? ་བཞིན་དུ་ནི་གཏུ?་མོ་ཉིད། །ད་ཞེས་པ་ནི་གཡུང་མོར་འདོད། །བ་གཏུག་མར་བྱེད་པའི་རྣལ་འབྱོར་མ། ། ཀུན་དགའ་ར་བ་སྲུང་བྱེད་མ། །ཏ་སོ་རྩི་གོ་ལ་འཚོར་བྱེད་མ། །ཏི་དེ་བཞིན་འཚོ་བར་འདོད་པ་མོའོ། །ཛ་ན་བ་ལང་སྐྱ་བཟང་ཞེས། །ས་འདི་ནི་རི ་ཁྲོད་རྣལ་འབྱོར་མ། །བདེ་བཞིན་རྒྱལ་པོའི་བུ་མོ་ཉིད། །པ་ནི་ཕྱུགས་ཟན་འཚོང་མའོ། །བ་ཞེས་པ་ནི་ཤིང་མཁན་མ། །པ་ནི་གོ་བཟོ་བྱེད་མའོ། །ཎ་ནི་གཉུག་མའི་གར་བྱེད་མའོ། །ི་ནི་མར་ཁུ་མར་ཞེས་བྱ། །ི་ནི་མཁའ་བེ་བྱེད་པའོ། །ི་ཙ ་འཆིང་དུ་མེད་མའོ། །མ་ནི་རི་མོ་བྱེད་མའོ། །ལ་ནི་རྒྱ་སྐྱེགས་བྱེད་མའོ། །ི་ནི་རྒྱལ་པོའི་ནང་འཁོར་མ། །ཛ་ནི་དེ་ལ་རྗེའུ་རིགས་མོ། །ཀུ་བུམ་པ་བྱེད་མའི་རྣལ་འབྱོར་མ། །དུ་ནི་དམངས་རིགས་མོ་ཉིད་དོ། །རུ་ནད་སེལ་བ་ཡི་སྨན་པ་མོ། །བ་གདོད ་འགེགས་ལྷ་མོ་ཁྱིམ་པ་མོ། །དེ་ལྟར་ལྟེ་བའི་གཡོན་ལོགས་ཀྱི། །འཁོར་ལོ་འདི་ནི་སྤྲུལ་བའོ། །རྣལ་འབྱོར་མའི་ཆ་ལུགས་མང་པོ་ནི། །ལུས་ཀྱི་དངོས་པོ་ལས་ནི་བྱུང། །རྣལ་འབྱོར་མ་ཡི་རྒྱུད་འདི་ཉིད། །དུས་ཀྱི་རྩ ་ལས་ཡང་དག་བྱུང། །འདི་ཉིད་ཀྱི་ནི་གཡས་ལོགས་ལ། །ཐུགས་ཀྱི་འཁོར་ལོའི་རྩ་བརྒྱད་གནས། །ཏ་ཞེས་པ་ན་མི་ཉིད་དེ། །ི་ནི་དེ་བཞིན་བུ་མོའོ། །ན་ཞེས་པ་ནི་ཚ་མོ་ལོ། །དེ་ནི་དེ་བཞིན་སྲིང་མོའོ། །མ་ཞེས་པ་ནི་སྒྱུག་མོའོ། །བ་ནི་དེ་བཞིན ་གཉེན་མོའོ། །ཇི་ན་ཕི་ཡི་སྲིང་མོའོ། ། ཡི་ཁྱད་བྱེད་ཡི་གེ་གཉིས། །དེ་ལ་ཨ་ནི་ནམ་མཁའ་འགྱུར། །ི་ཞེས་པ་ནི་རླུང་དང་ལྡན། །རྩ་བཅུ་པོ་ནི་རླུང་གི་གཟུགས། །ི་ཌ་ལ་སོགས་ཏེ་ཡི་མིང། །ཡི་གེ་རྣམས་ནི་རླུང་གི་མིང། །དེ་ལྟར་རྩ་ནི་དྲུག ་རྣམས་ཀྱི། །ཡི་གེའི་དོན་དང་རྗེས་སུ་མཐུན། །ཡི་གེ་རྣལ་འབྱོར་རྣམས་ནི་བརྗོད། །མིང་ནི་དམ་ཚིག་གི་ནི་སྐད། །དེ་བཞིན་ལྟེ་བའི་འཁོར་ལོ་ཡི། །རྣལ་འབྱོར་མ་ཡི་གནས་ཀྱི་མ། །དྲུག་ཅུ་རྩ་བཞི་ཡི་ནི་གྲངས། །མུ་གུ་ལ་སོགས་པ་ཡི་གེ ་རྣམས། །མུ་ཞེས་པ་ནི་ཁ་ཡི་གནས། །གུ་ཞེས་པ་ནི་རྐན་གྱི་གནས། །གྷོ་སྣའི་བུ་ག་གཡོན་པ་ལ། །གྷུ་ནི་སྣ་ཁུང་གཡས་སུ་འདོད། །དེ་ལྟར་གུ་གུ་གཉིས་ནི་མིག་།དེ་བཞིན་རྣ་གཉིས་ལ་མུ་གུ། །གཅི་པའི་བུ་ག་དང་བཤད་སྒོ། །གཉིས ་ལ་ལུ་གྷུ་གཉིས་ནི་བརྗོད། །དེ་བཞིན་འདིར་ནི་དྲ་ཞེས་པ། །ཁུ་བའི་བུ་གའི་ནང་དུའོ། །ལྟེ་བའི་བུ་གའི་གནས་རྟག་ཏུ། །ཥྛ་ཞེས་པ་ནི་གཅིག་པུར་བརྗོད། །དེ་ལྟར་དགོངས་བཤད་གཞན་མ་ཡིས། །ས་ནི་བཅུ་གཉིས་དག་ལ་གནས། །དེ་ཉིད་ཀྱི ་ན་དེ་དག་ཅེས་བྱ་བ་ལ་རྣལ་འབྱོར་པས་མཐོང་ཞེས་བྱ་བ་ནི་སྤྱོད་ཡུལ་ལོ། །ས་བཅུ་གཉིས་ཀྱི་ཚུལ་གྱིས་གྲུབ་པའི་ཚིག་གསུངས་པའི་ཕྱིར་རོ། །འདི་རྣམས་ཀྱི་མཚན་མ་ཞེས་བྱ་བ་ལ་སོགས་པ། །ནི་ཁམས་རྣམས་གནས་རྣམས་སུ ་ནི་བརྗོད། །ཏ་ཞེས་པ་ནི་མཐིལ་ནི་ལྔ། ཏྱ་ནི་སོར་མོ་ཉི་ཤུའོ། །ར་ནི་མཚན་མ་ཞེས་སུ་གསུངས། །ཌ་དི་ཞེས་པ་སྒོང་གཉིས་བུ་སུ་གཉིས་ནི་ཕྲག་བ་རྒྱབ། རྐེང་པར་མ་ཡོ་ཡི་གེ་གཉིས། །བྷ་དྷི་སྤྱི་བོ་མགྲིན་བར་རོ། །ལུས་ཞེས་པ་ནི་སྙིང་གར་གནས། །སྠི? ་ཞེས་པ་ནི་གནས་མིང་ཉིད། །ས་ནི་དེ་བཞིན་ལྟོ་བར་རོ། །པི་ཞེས་པ་ཡང་ཡེ་ཤེས་པ། །གདན་གཉིས་སུ་ནི་བརྟན་པར་བྱ། །བྷ་བྷི་ཞེས་པ་གཉིས་གར་ཡང། །བློ་ཡི་གནས་དག་ཏུ་ནི་བསྟན་བུ་བྷུ་ཞེས་པ་གཉིས་ག་ཡང། །འདིར་གྲུབ་མོ་གཉིས་ཀྱི ་མིང་ཅན་ཏེ། །ཌི་གྷཱ་ཞེས་པ་ཕྲག་པར་རོ། །དྲི་ཀུ་ནུ་མ་གཉིས་སུ་སྟེ། །ཧ་ནི་རྐང་པའི་གནས་སུའོ། །ཛ་ཞེས་པ་ནི་ལྕེ་ཉིད་དུ། །བྷ་ཞེས་པ་ནི་སོ་ཉིད་དོ། །སྭ་ཞེས་པ་ནི་ལུས་ཀུན་ལ། །པུ་ལ་སོགས་པ་ཉི་ཤུ་བཞི། །གནས་ཉིད་དུ་ནི་རབ་ཏུ་གྲགས། །དེ་ཡང ་ཁམས་ནི་ཉི་ཤུ་བཞི། །རྣལ་འབྱོར་མ་རྣམས་ཀྱི་ནི་གནས། །དེ་ལྟར་ནང་ནི་ཐམས་ཅད་ཉིག་།རྣལ་འབྱོར་མ་ཡི་གནས་དཀྱིལ་འཁོར། །གྲུབ་པའི་ཁ་སྦྱོར་རྣལ་འབྱོར་ནི། །རྣལ་འབྱོར་པ་ལ་བདེ་སྟེར་བྱེད། །འདི་ནི་དུས་ཀྱི་རྩ་རྣམས་ཀྱི་རྒྱུ་བའི་ཆོ་ག་སྟེ། ། ་བཅོམ་ལྡན་འདས་ཀྱི་ངེས་པའོ། །ད་ནི་ཕྱིའི་རྣམ་པར་ཤེས་པ་རྣམ་པར་དག་པའི་རྣལ་འབྱོར་བ་དང་རྣལ་འབྱོར་མ་རྣམས་ཀྱི་དག་གི་ཕྱག་རྒྱ་བསྟན་པའི་ཕྱིར། །དེ་དེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་པ་ནི་དག་གི་གནས་ཀྱི་རྣལ་འབྱོར་མའི ་དམ་ཚིག་བསྟན་པའི་རྗེས་ཐོགས་སུ་འབྱུང་བའི་ཡེ་ཤེས་ལས་དེ་བཞིན་དུ་འབྱུང་བ་ལས་གྱུར་པ་ཡེ་ཤེས་ཏེ། །ཡང་དག་པར་བཤད་བྱ་བ་ཞེས་པ་ནི་བསྐྱེད་པ་དང་རྫོགས་པའི་རྣལ་འབྱོར་དང། །སླར་ཡང་བསྐྱེད་པའི་སྒོ་ནས་རྣལ་འབྱོར་དང། །རྣལ ་འབྱོར་མ་རྣམས་ཀྱི་འདུས་པའོ། །དེ་ཡང་བརྡའི་ཆོ་གའི་རིམ་ཞེས་པ་ནི་ཕྱག་རྒྱའི་བརྡའི་སྐད་དོ། །ཆོ་ག་རིམ་ཞེས་པ་ནི་ཇི་ལྟར་སྔོན་ཉིད་དུ་རྣལ་འབྱོར་མ་དྲུག་ཅུ་རྩ་བཞི་ལྟེ་བའི་འཁོར་ལོ་དེའི་ནང་ནས་རྣལ་འབྱོར་མོ་བཅུ་གཉིས་བཅུ་གཉིས་ཀྱི་རང ་གཞོན་ནོ། །ལྷ་གམ་ལྔ་བཅུ་གཉིས་ལུས་ཀྱི་དངོས་པོ་རྣམས་ཕྱི་རུ་སྤྲོས་པས་ན་དམ་ཚིག་གི་བརྡའོ། །གང་གིས་ཞེས་པ་ནི་རྒྱུས་ཞེས་པའོ། །མིང་པོ་ཞེས་པ་ནི་རིགས་གཅིག་པའི་དཔལ་པོ། །དེ་བཞིན་དུ་སྲིང་མོ ་ཞེས་པ་ནི་རྣལ་འབྱོར་མའོ། །དེ་རྣམས་ཀྱིས་འཇིག་རྟེན་པའི་སྐད་ལས་གསང་སྟེ་སྤྱད་པའི་ཕྱིར། །པོ་ཏང་གི་ཞེས་པ་ནི་གསོང་པོར་སྨྲ་བའོ། །དེ་བཞིན་དུ་འཇིག་རྟེན་ལས་འདས་པའི་ཡང་བརྡ་དང་བརྡའི་ལན་པོ་ཏང་གིའི་སྒྲས་སྔོན་དུ་རང་རིག ་པ་ཡི་ཡེ་ཤེས་ལས་དེ་བསྒོམས་པས་རང་བཞིན་གྱིས་དེ་ཨང་གི་ཞེས་པ་དེའི་རིགས་ཞེས་པ་དེའི་དོན་ཏོ། །དེ་བཞིན་དུ་ཌཱ་ཌི་ཞེས་བྱ་བ་ལ་སོགས་བས་ཡི་མཐར་ཐུག་བཱི་ཡི་གེ་ཉིུ་རྩ་ལྔ་དཔའ་བོ་ཉིུ་རྩ་ལྔའི་རང་བཞིན་མིང་པོའོ། །དེ་བཞིན་དུ་པུ་ཛ་ཞེས་བྱ་བ ་ལ་སོགས་པ་མ་ཀུའི་མཐར་ཐུག་པའི་ཡི་གེ་ཉི་ཤུ་རྩ་བཞི། །རྣལ་འབྱོར་མ་ཉི་ཤུ་རྩ་བཞིའི་རང་བཞིན་རྣམས་ནི་སྲིང་མོའོ། །ལྷག་མ་ནི་གོ་སླའོ། །དེ་ལྟར་དུས་ཀྱི་རྩ་དྲུག་ལུས་ཀྱི་རང་བཞིན་ནོ། །དེ་རྣམས་ལས་བྱུང་བས་གསུངས་པའི་རྣལ ་འབྱོར་མ་ནི་ངག་གི་རང་བཞིན་ནོ། །དེས་ན་ངག་གི་བརྡ་ཡི་གེའི་རང་བཞིན་རྣམ་པ་སྣ་ཚོགས་པའི་ཕྱིར་ཞེས་པ་ནི་ངེས་པའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་བཞི་པའི་རབ་ཏུ་བྱེད་པ་དང་པོའི་རྒྱ་ཆེར་འགྲེལ་ཡང་དག་པའི་ལྟ་བའི ་དྲན་པའི་སྣང་བ་ཞེས་པའི་གཞུང་སྟེ་དང་པོ་བསྟན་པའོ།། །།ད་ནི་དུས་ཀྱི་ཕོ་ཉ་མོ་དྲུག་ལས་བྱུང་བའི་རྣལ་འབྱོར་མ་བདུན་པོ་རྣམས་ཀྱི་མཚན་མའི་ཕྱག་རྒྱའི་མཚན་ཉིད་བསྟན་པའི་ཕྱིར། །རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས ་བ་གསུང་སྟེ། དེ་ལ་གཟུགས་ཅན་མ་ཞེས་པ་ནི་ལྟེ་བའི་འགོ་གི་གཡོན་ལོགས་སུ་སྐུའི་འཁོར་ལོ་འཛིན་པའི་རྩ་རྣམས་རིགས་མང་པོའི་ཁྱད་པར་ནི་གཟུགས་ཅན་མའོ། །དེ་བཞིན་དུ་ལྟེ་བའི་དབུས་ལས་ཨ་བ་དྷཱུ་ཏཱིའི་སྟེང་གི? ་རྩ་རྣམས་ནི་འོ་བྱེད་མའོ། །དེས་དབུས་ལས་འོག་ཏུ་དུས་མེའི་རྩ་ནི་མཇོས་མའོ། །དེ་བཞིན་དུ་ཐུགས་ཀྱི་འཁོར་ལོའི་རྩ་རྣམས་ནི་ཡོངས་གྱུར་མའོ། །དེ་བཞིན་དུ་ལྟེ་བའི་སྟེང་གི་གཡོན་གྱི་རྩ་བདེ་པ་ཆེན་པོའི་འཁོར་ལོ་རྒྱུ་བ་དེ་ནི་བྱིས་བཅས ་མའོ། །སླར་ཡང་ལྟེ་བའི་གཡས་ཀྱི་རྩ་མགྲིན་པའི་འཁོར་ལོ་རྒྱ་བ་ནི་མི་ལྡོག་པའོ། །དེ་བཞིན་དུ་རྩ་དྲུག་པོ་རྣམས་ཀྱི་ཐམས་ཅད་ལ་ཁྱབ་པ་ཅན་བདུན་པ་ནི་འདོད་པ་མའོ། །དེ་ལྟར་མཁའ་འགྲོ་མ་རྣམས་སྤྲུལ་པའི་སྐུའི་མཚན་ཉིད་ཀྱི ་རང་གི་ངོ་བོའི་མཚན་མ་གསུངས་ཏེ། །གང་གི་སྨིན་མ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདི་རྣམས་ཀྱི་འདོད་པའི་ལྷའི་མཚན་མ་ཁྱིམ་དུ་བྲི་བ་བརྗོད་དེ། །ཐོང་པ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ཅན་མ་ལ་སོགས་པ་མཚན ་མ་བདུན་འཛིན་པའོ། །དེ་ལ་ཐེང་པ་ལ་སོགས་པའི་རིམ་པ་བཞིན་བྱང་ཆུབ་སེམས་དང། རྡུལ་དང། རུས་པ་དང། ཤ་དང། རྒྱུས་པ་དང། པགས་པ་དང། ལུས་ཀྱི་དབྱིབས་དང་བདུན་ཏེ། ཁམས་བདུན་རྣམ་པར་དག་པའི་མཚམས ་བདུན། །ཡང་ན་ཐོད་པ་ལ་སོགས་པ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པ་རྣམ་པར་ཤེས་པ་བདུན་དུ་དགོངས་སོ། །འདི་དག་ཅེས་བྱ་བ་ལ་སོགས་པ་ལ་ཁ་སྦྱོར་ཆེ་ག་ཞེས་པ་ནི་སྔོན་དུ་གསུངས་པའི་དུས་ཀྱི་རྩ་དེ་རྣམས་ལས ་བྱུང་བའི་འཁོར་ལོ་དྲུག་ཁ་སྦྱོར་ཤེས་རབ་དང་ཐབས་ཀྱི་བདག་ཉིད་གཉིས་མེད་པའོ། །དེས་ན་རྣལ་འབྱོར་རིག་པས་ཞེས་པ་ནི་རྣལ་འབྱོར་པས་སོ། །རྟག་མཚོན་བྱ་ཞེས་པ་ནི་རྣལ་འབྱོར ་གྱི་སྤྱོད་པར་བྱ་བ་སྟེ་རང་གི་བདག་ཉིད་རྒྱུ་བའི་ཕྱིར་ཞེས་པ་སྟེ་དེས་པའོ། །ལུས་བསྲུལ་པོ་ཞེས་པ་ནི་དགོངས་པས་བཤད་པའི་ཚིག་སེ། ཀ་ཏའི་སྒྲ་ནི་གཅོད་པའི་དོན་ཏེ་རང་རིག་པའི་ཡེ་ཤེས་ཀྱིས་འཁོར་བ་གཅོད་པའོ། །མཆོག ་ཏུ་བདེ་བ་འབྱུང་བ་ཆེན་པོ་ཆགས་པ་ཆེན་པོའི་ཏིང་ངེ་འཛིན་ལས་བྱུང་བ་ལྷག་མའི་མཚན་ཉིད་ནི་པུ་ཏིའི་དོན་ཏོ། །ལུས་སྲུལ་པོའི་མཚན་མ་དང་ཕྱག་རྒྱ་དེ་བཞིན་དུ་གསུངས་པ་ཉིད་ཅེས་པ་ནི་བཅོམ ་ལྡན་འདས་ཀྱི་དེས་བའོ། །དེ་ལྟར་ཡང་གསུངས་པ། །ཀ་ཞེས་པ་ནི་གཅོད་པར་གསུངས། །ཊ་ནི་སྒ་ཡི་མཚན་ཉིད་དེ། གྲུ་ནི་སྔོན་གྱི་ལྷག་མའི། །ཏི་ཞེས་པ་ནི་འབྱུང་བ་ཉིད། །ནཱི་ནི་རྣལ་འབྱོར་མ་ཤེས་བྱ། །ཙི་ནི་སེམས ་དང་སེམས་བྱུང་བ། །དན་ནི་གཉིས་སུ་མེད་པར་འགྲོ། །ཕྱག་རྒྱ་ཉིད་ནི་ཆེ་སྔོན་འགྲོ། ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་བཞི་པའི་རབ་ཏུ་བྱེད་པའི་རྒྱ་ཆེར་འགྲེལ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས ་བྱ་བའི་གཞུང་སྟེ་གཉིས་པ་བསྟན་པའོ།། །།ད་ནི་ས་བཅུ་གསུམ་རྣམ་པར་དག་པའི་མཁའ་འགྲོ་མ་བཅུ་གསུམ་གྱི་ཚུལ་གྱི་མཚན་མ་དང། །ཕྱག་རྒྱའི་མཚན་ཉིད་ལ་རྟག་པར་རྣམ་པར་སྦྱོད་པའི་རབ་ཏུ་དབྱེ ་བ་བསྟན་པའི་ཕྱིར། །དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །པདྨ་ཞེས་བྱ་བ་ནི་ལག་པ་གཉིས་ཐལ་མོ་གཉིས་སྦྱར་བ་ཕྱེ་སྟེ་སོར་མོ་ཐམས་ཅད་པདྨའི་འདབ་མའི་རྣམ་པ་ལྟར་བྱས་པ་ནི་པདྨའི ་ཕྱག་རྒྱའོ། །ཡང་ན་དུ་སྦལ་གྱི་ཕྱག་རྒྱའོ། །རྡོ་རྗེ་ཡི་ཕྱག་རྒྱ་ནི་དབུས་མ་ཡི་སོར་མོའི་བར་དུ་གཞུག་པར་འགྱུར་རོ། །མདུད་རྩེའི་ཕྱག་རྒྱ་ཞེས་པ་ནི་མཐེ་བོས་མཐེ་ཆུང་མནན་ཏེ། །སོར་མོ་ལྷ་ག་མའི་སྟེང་དུ་བརྐྱང ་བའི་རྣམ་པ་ནི་རྩེ་གསུཾ་གྱི་ཕྱག་རྒྱའོ། །མདུང་གི་ཕྱག་རྒྱ་ཞེས་པ་ནི་མཛུ་བ་མོ་དབྱུག་པའི་རྣམ་པར་བྱས་ཏེ་བསྟན་པའོ། །དྲིལ་བུའི་ཕྱག་རྒྱ་ནི་ཁུ་ཚུར་གཡོན་པ་དྲིལ་བུའི་འཛིན་པའི་ཚུལ་དུ་བསྟན་པའོ། །དེ་བཞིན་དུ་འཁོར་ལོའི་ཕྱག ་རྒྱ་ཞེས་པ་ཐལ་མོ་རྒྱབ་སྦྱར་བ་བསྣོལ་ཏེ། །འཁོར་ལོའི་རྣམ་པ་ལྟར་བྱས་པ་བསྟན་པའོ། །དེ་བཞིན་དུ་དུང་གི་ཕྱག་རྒྱ་ཞེས་པ་ནི་མཐེ་བོང་དང་མཛུབ་མོ་སྦྱར་ལ་རྩེ་མོ་ལྟར་བྱས་ཤིང་ལྷག་མ་གསུམ་ནང་དུ་བསྐུམ་པ་ནི་དུང་གི་ཕྱག ་རྒྱ་ལོ། །ཀླུའི་ཕྱག་རྒྱ་ཞེས་པ་ནི་ལག་པ་གཉིས་སྤྲུལ་མགོ་གདེངས་པ་ལྟར་བསྟན་པ་ནི་ཀླུའི་ཕྱག་རྒྱའོ། །ལྷག་མ་ཐམས་ཅད་ནི་གོ་སླའོ། །དེ་ལྟར་དམ་ཚིག་ཅན་གྱི་མིས་ཕྱག་རྒྱ་དང་ཕྱག་རྒྱའི་ལན་གཉིས་ཀྱི་དབྱེ་བར་བྱའོ། །འདི་དག་ནི་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་རིགས་ལས་བྱུང་བའོ། །ཡང་ནམ་མཁའ་འགྲོ་མ་ལ་སོགས་པ་བཅུ་གསུམ་ལས་འབྱུང་བའོ། །འདི་ནི་དེས་པའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་བཞི་པའི་རང་ཏུ་བྱེད་པ་གསུམ ་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་བྱ་བའི་གཞུང་སྟེ་གསུམ་པ་བསྟན་པའོ།། །།ད་ནི་ཕྱིའི་རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་གོ་འདི་རྣམས་ཀྱི་ལུས་ཀྱི་ཆ་བསྟན་པ། དེས་ན་ཕན་ཚུན་མིང་པོ་དང ་སྲིང་མོ་རྣམས་ཀྱི་གནས་བསྟན་པ་བརྗོད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་མདོར་བསྟན་པ་གསུམ་གྱི་རྗེས་སུ་མི་གསལ་བ་དེའི་ཕྱིར་ཕྱག་རྒྱ་དང་ཕྱག་རྒྱའི་ལན་ཅུང་ཟད་བརྗོད་དེ། ཡང་དག་བཤད་བྱ་བ་ཞེས་པ ་ནི་དེ་ལ་སྤྱི་གཙུག་དང། དཔྲལ་བ་དང། སོ་དང། མཆུ་དང། མགྲིན་པ་དང། ལྟོ་བ་དང། མཁུར་བ་དང། གསང་བ་ངོ་དར། པུས་མོ་དང། ལག་པ་དང། རྐང་པ་དང། སོར་མོ་དང། ས་དང། ནམ་མཁའ་དང། ཆུ་བོ་དང། སོར་མོ ་གཉིས་དང་སྨིན་མ་གཡས་པ་བསྐུལ་བ་ཞེས་པའི་གནས་རྣམ་པ་བཅོ་བརྒྱད་ལ་གང་རེག་པའི་ལུས་ཀྱི་ཕྱག་རྒྱ་དེ་ཉིད་ཀྱི་མཚན་ཉིད་རྣམས་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཡོང་པར་མཚོན་ནོ། །དེ་ཡང་དམ་ཚིག་ཅན་ཏེ། སངས་རྒྱས་ཀྱི་ཆོས་མ ་འདྲེས་པ་བཅོ་བརྒྱད་དང་ལྡན་ཞེས་པའི་དོན་ཏོ། །རྣལ་འབྱོར་མ་དེ་ཉིད་ལ་རྣལ་འབྱོར་བའི་སྤྱི་བོ་ལ་སོགས་བའི་ཁམས་བཅོ་བརྒྱད་རྣམ་པར་དག་པའི་གནས་རྣམས་བསྟན་ཏེ། འཆད་བཞིན་པའི་རྩ་རྣམས་ཀྱི་དགོད ་བའི་རབ་ཏུ་བྱེད་པའི་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུ་བ་སྟོན་པའི་ཕྱིར་ཞེས་པ་ནི་ངེས་པའོ། །ལྷག་མ་ནི་གོ་སླའོ། །རྒྱུད་ཐམས་ཅད་ཀྱི་གླེང་གཞི་གསང་ཆེན་ཞེས་བ་ནི་དག་གཉིས་ཀྱི་དང་པོ་གཉིས་མེད་པའོ། །དཔལ་ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི ་རྒྱལ་པོ་ལས་བྱུང་བའི་རྟོག་པའི་རྒྱལ་པོ་རྡོ་རྗེ་མཁའ་འགྲོ་Àརྣམས་ཀྱི་བརྡའི་རྒྱ་ཆེར་འགྲེལ་ཡང་དག་པའི་ལྟ་བ་དྲན་པའི་སྣང་བ་ཞེས་པའི་གཞུང་སྟེ་མདོར་བསྟན་པ་གསུམ་གྱིས་རྗེས་སུ་སླར་བ་ཤད་པ་བཞི་པ་བསྟན་པའོ།། །། ་ད་ནི་གནས་དང་ཉེ་བའི་གནས་ལ་སོགས་བ་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་གསུངས་ཏེ། ཕྱག་རྒྱ་དང་ཕྱག་རྒྱའི་ལན་གྱིས་རྗེས་སུ་རྟོག་པའི་རྒྱལ་པོ་བཞི་པའི་རྗེས་སུ་དཔའ་པོ་དང་དཔའ་མོ་དབང་ཕྱུག་འདུས་པ་འབྱུང་ངོ། །དེ ་ནས་ཡང་དག་བཤད་བྱ་བཞེས་པ་ནི། ཡང་དག་པར་བཤད་པར་བྱ་ཞེས་པའོ། །དེ་ཅི་ཞེས་ན། གསུངས་པ། མཛའ་བ་དམ་པ་ཀུན་འདུས་བ་ཞེས་པ་ནི་ཡང་དག་པའི་སྐྱེ་བོ་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྒྱུད་གཅིག་ལས་སྦྲོས་པའི ་ཕྱིར་རོ། །དེ་ཡང་བརྡའ་གནས་སུམ་ཅུ་རྩ་གཉིས་སུའོ། །སྣོད་གཉིས་ཞེས་བྱ་བ་ལ་སོགས་པ་ལ་བཟའ་བ་ཞེས་པ་ནི་ཀུན་རྫོབ་ཏུ་བཟའ་བ་ལྔ་རྣམས་བཟའ་འོ། བང་དིང་ཞེས་པ་འདྲུས་པའི་གནས་སུའོ། །སྣོད་གཉིས་ལྷག་མ ་ཞེས་པ་དཔའ་བོ་དང་དཔའ་མོའི་དབང་ཕྱུག་དག་ལྷན་ཅིག་ཏུ་ཟས་ལ་སྦྱོད་པ་སྟེ། གཅིག་ལ་གཅིག་གི་སྣོད་དག་ལ་འདུས་པའོ། །ནན་ཏན་དུ་ཞེས་བ་ནི་ཁ་དང་ཁ་རུ་རོལ་བའི་ཁྱིར་ཟས་ཀྱི་ཁམ་སྟེང་བའོ། །དོན་དམ་པ་ནི་རྩ་སུམ་ཅུ་རྩ་གཉིས ་ལ་ལོངས་སླད་པ་དང། ཐིམ་པ་དང་དབང་དུ་བྱེད་པས་རྒྱུ་བའི་ཕྱིར་རོ། །དེས་ན་སྲོག་རྒྱ་བ་དེས་རང་རིག་པའི་རང་བཞིན་གྱིས་འོད་གསལ་བའོ། །དེས་ནི་དྲི་མ་མེད་པའི་ཡེ་ཤེས་གཉིས་མེད་བ་དེའི་ཟས་བཟའ་བར་བྱའོ། །ནི་ཞེས་པ་ནི་ངེས་པར ་གཟུང་པོའོ། །དེ་བཞིན་དུ་སྣོད་གཉིས་ལྟག་མ་ཞེས་ལེ་ནི་བསམ་གྱིས་མི་ཁྱབ་པ་གཉིས་བའི་ལྷག་མ་མཆོག་གི་གཉིས་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་ཀྱེ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་སྙིང་པོས་ཞུས་པའོ། །བཅོམ་ལྡན་འདས ་ཀྱིས་བཀང་སྩལ་པ་ཞེས་པ་ནི་ཅི་གསུངས་ཤེན། །རྡོ་རྗེ་སྙིང་པོའི་ལན་གསུངས་པའོ། །དེ་ལ་གནས་དག་ཞེས་བྱ་བ་ལ་སོགས་པ་ནི་ཕྱི་དུ་ནི་ཕྱི་རུ་ནི་དོན་ཇི་ལྟ་པ་བཞིན་ནོ། །ནང་དུ་ནི་སྤྱི་གཙུག་ཏུ་ཛཱ་ལ་ནདྷ་རའོ། །དེ་བཞིན་དུ་རྣ་བ་གཡས་པར་ནི་ཨོ་ནྱ་? ་ནོ། །སྤྱི་བོར་ནི་པུ་ལྟི་རའོ། །རྒྱ་བ་ཀྱི་ཆར་ནི་དེ་བཞིན་ཨ་རྦུ་ཏའོ། །གནས་འདི་བཞིན་ནི་ས་རབ་ཏུ་དགའ་བའོ། །དེ་བཞིན་དུ་ཉེ་བའི་གནས་བཞི་ནི་རྣ་བ་གཡོས་པར་ག?་བར་བོ། །སྨིན་མའི་དབུས་སུ་ནི་དེ་བཞིན་དུ་ར་མེར་ཤྲ་རའོ། །མིག་གཉིས ་སུ་ནི་ལྷ་མོའི་འཁོར་རོ། །ཕྲག་བ་གཉིས་སུ་ནི་མཱ་ལཱ་ཐའོ། །འདི་ནི་དྲི་མ་མེད་པའི་སའོ། །དེ་བཞིན་དུ་མཆན་ཁུང་གཉིས་སུ་ནི་ཀཱ་མ་རུ་པའོ། །དེ་བཞིན་དུ་ནུ་མ་གཉིས་སུ་ནི་ཨི་ཊའོ། །བདི་ནི་ཞིང་སྟེ་འོད་བྱེད་པའི་སའོ། །དེ་བཞིན་དུ་ལྟེ ་བའི་རྩ་བར་ནི་ཏྲི་ཤ་ཀུ་ནིའོ། །སྣའི་རྩེ་མོ་ནི་ཀོ་ས་ལའོ། །འདི་ནི་ཉེ་བའི་ཞིང་གཉིས་ཏེ། །འོད་འཕྲོ་བའི་སའོ། །ཁར་ནི་ཀ་ལིང་ཀའོ། །མགྲིན་པར་ནི་ལ་མྦ་ཀའི། །འདིར་འདུན་པ་སྟེ་མངོན་དུ་གྱུར་པའི་སའོ། །སྙིང་གར་ནི་ཀཉྩིའོ། །རྒྱུ་ཞབས་སུ ་ནི་ཧི་མ་ལ་ཝའོ། །འདི་ནི་ཉེ་བའི་འདུན་པ་སྟེ། སྦྱང་དཀའ་བའི་སའོ། །དེ་བཞིན་དུ་མཚན་མར་ནི་པྲེ་ཏ་དི་ཨེ་སི་ནིའོ། །བཤང་ལམ་དུ་ནི་གྲི་ཧ་དེ་བ་ཏའོ། །འདི་ནི་འདུས་པ་སྟེ་རིང་དུ་སོང་བའི་སའོ། །དེ་བཞིན་དུ་བརླ་གཉིས་སུ་ནི་སཽ་རཱ་ཥྚའོ། །རྫེ ་ངར་གཉིས་སུ་ནི་བྲྞ་དྲི་བའོ། །འདི་གཉིས་ནི་ཉེ་བའི་འདུས་པ་སྟེ། མི་གཡོ་བའི་སའོ། །དེ་བཞིན་དུ་རྐང་བའི་སོར་མོ་རྣམས་ལ་ནི་ནཱ་ག་རའོ། །པེ་ལ་རྐང་བདག་གི་པོལ་དུ་ནི་སི་ནདའོ། །འདི་ནི་དུར་ཁྲོད་གཉིས ་ཏེ་ལེགས་པའི་བློ་གྲོས་ཀྱི་སའོ། །དེ་བཞིན་དུ་མཐེ་བོད་ནི་མ་རུའོ། །པུས་མོ་དག་ཏུ་མི་ཀུ་ལུ་དའོ། །འདི་ནི་ཉེ་པའི་དུར་ཁྲོད་དེ་ཆོས་ཀྱི་སྤྲིན་གྱི་སའོ། །དེ་བཞིན་དུ་སྙིང་གི་གནས་རྣམས་སུ་རྩ་བརྒྱད་རྣམས་རིམ་པ་བཞིན་ཀུ་རུ་ཎ་ལ་སོགས་པ་བཞི་པ ་བུའི་མཐར་ཐུག་པ་བཞི་ནི་གྲོང་མཛའ་དང་ཉེ་པའི་གྲོང་མཛའ་སྟེ། །མོས་པས་སྦྱོང་བའི་སའོ། །དེ་བཞིན་དུ་ཡི་དགས་འདུས་པ་ཞེས་བྱ་བ་ལ་སོགས་པ་ནི། །འགྲམ་ཞེས་པའི་མཐར་ཐུག་པ་བཞི་ནི་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་དང་ཉེ་བའི ་དུར་ཁྲོད་ཏེ། འདི་ཉིད་ནི་ཀུན་ཏུ་འོད་ཀྱིས་ཤེས་པར་བྱའོ། །བེ་བཞིན་དུ་འདི་ཉིད་ནི་བཅུ་གསུམ་པ་རྡོ་རྗེ་འཛིན་གྱིས་ཁྱབ་པར་བྱེད་པ་ཉིད་རྡམ་པ་བརྒྱད་དེ་རྩ་བརྒྱད་དང་ཞིང་བརྒྱད་ཀྱི་ནང་དུ་འདུས་བས་སྤས་པའི་གནས་ཞེས་པ་སྟེ་དེས་བའོ། ་དེ་རྣམས་ཀྱང་དེ་ནས་ཞེས་བྱ་བ་ལ་སོགས་བཞིང་མ་རྒྱད་རྣམས་ཀྱི་གནས་རྣམས་སོ། །དེ་བཞིན་དུ་ལྷག་པར་ཞེས་པ་ནི་རྒྱུ་དང་འབྲས་བུར་འབྲེལ་བའོ། །གནས་པའི་ཞེས་པ་ནི་རྟེན་གྱི་གནས་སོ། །དེ་རྣམས་ཀྱི་ཆོག་ཞེས་པ་ནི་རིམ་པ་བཞེན ་ནོ། །བཤད་ཅེས་བ་ནི་སྒྲུབ་བའོ། །དེ་ལ་རྡུལ་བལ་ཞེས་ན་ནི་ཤར་ཀྱི་འདབ་མ་ལའོ། །དེའི་རྒྱ་མཚོའི་མིང་ཅན་པཙ་རྩ་རི་རིར་ཙུ་ཏའི་ཤིང་ལ་གནས་པ་དཔལ་ཆེན་མའོ། །དེ་བཞིན་དུ་ལྷོའི་འདབ་མ་ལ་ཀོ་ཀོ་ནེར་སོ་མ་ཁ་ལིདཀ་ཞེས་པ ་ཨ་ཤྭཏྲའི་ཤིང་ལ་གནས་པ་སྒྱུ་མ་ཆེན་མོའི། །དེ་བཞིན་དུ་ཡང་ནུབ་ཅུ་རྩ་ཅི་དུ་ཀ་རྙྫའི་ཤིང་ལ་གནས་པ་ཞི་བྱེད་མའོ། །དེ་བཞིན་དུ་བྱང་དུ་ཨ་ཏེ་ཧ་རས་ཀངཾ་ཧ་རས་ཀདཾ་པའི་ཤིང་ལ་གནས་བ་ཞི་བ་དམིགས་པའོ། །དེ་བཞིན་དུ་དབང་ལྡ་རྦ ་དུ་དེ་པི་ཀོ་ཊར་པ་ཊའི་ཤིང་ལ་གནས་པ་རྣ་བ་མུ་ཏི་ག་མའོ། །དེ་བཞིན་མེར་ཧ་རི་ཀེ་ལིར་ཤིང་ཧ་རིའམ་པར་ཏི་ལ་གནས་པ་རླུང་ཤུགས་ནའོ། །བདེན་བྲལ་དུ་ཨོ་བྱན་དུ་ཨ་ཤྭ་ཀའི་ཤིང་ལ་གནས་པ་ལྷ་མོ་ནག་མོའོ། །རླུང་དུ་ཛཱ་ལ་ནྫ་ར་ད་གསེར ་ཤིང་ལ་གནས་པ་འབར་མའི་གདོད་མའོ། །འདི་རྣམས་ཀྱི་རང་བཞིན་གསུངས་པ། ཁམས་བརྒྱད་རྣམས་ཀྱི་དབང་གིས་བརྒྱད་རྣམ་པར་ཤེས་བའང་བརྒྱད་ཉིད་དེ། གནས་དང་ཤིང་ནི་བརྒྱད་དུ་བརྟག། རྣལ་འབྱོར་མ་བརྒྱད་འདིར་འདུས་ཡང། ། ་ཁམས་ནི་འདུས་པར་བརྟག་པ་ཡིན། །དེ་རུ་རྩ་ནི་རྒྱུ་བ་རུ། །དུས་ནི་ཁྱད་པར་ལས་ནི་བྱ། །ཐིག་ལེ་བརྒྱད་དུ་སོང་བ་ཀུན། །རྩ་ནི་ཟླ་བའི་མིང་ཅན་ནོ། །དུས་དང་ཐིག་ལེ་དེ་བཞིན་བརྒྱད། །རྩ་ལས་ཉི་མའི་ཐིག་ལེ་སྤྲོ། །དེ་ཡང་སྲོག་གི་མིང་ནི་བརྒྱད། །གྲོང ་མཛའ་ལ་སོགས་རྣམ་པ་བརྒྱད། །དྲེ་རྣམས་རེ་རེ་རྣམ་གསུམ་འགྱུར། །ཉི་ཤུ་རྩ་བཞིའི་རིམ་པ་ཡིས། ཀུ་ལུ་ཏ་ལ་སོགས་པར་རྒྱུད། །སྲོག་ཅེས་བྱ་བ་འགྲོ་བར་འགྱུར། །སྐུ་ཡི་འཁོར་ལོར་རྩ་རྣམས་ལ། ཐིམ་དང་ལོངས་སྤྱོད་སོགས་ས་རིམ་བླ། ་ས་རྣམས་ལ་ནི་ལོག་པ་རུ། །དེར་ནི་རྣལ་འབྱོར་མ་སྤྱོད་དོ། །གཡས་སྐོར་དང་ནི་གཡོན་སྐོར་གྱིས། །རིམ་པ་བརྒྱད་པ་ལས་ཞེས་བྱ། །ནག་པོ་ཞེས་པ་པུས་མོར་གནས། །སྒྲུ་མཚན་པོ་མཆོག་གི་མཆོག། །གཙིགས་མ་མཐི་བོའི་གནས་སུའོ། །དེ ་བཞིན་ཅོད་ཕན་སོར་མོ་ལ། །མི་སྡུག་མ་ནི་རྐང་པོ་འདུ། །འབར་མ་མེ་དང་འོད་མཉམ་མའོ། །རྗེ་དར་དག་ལ་དགའ་ལས་འདས། །མཚམས་ཀྱི་རྩ་ནི་སྟེང་རྒྱུས། །བརླ་གཉིས་སུ་ནི་ལོག་འདྲེན་མ། །བཤད་བའི་ལམ་དུ་རྒན་བྱད་ནས། །སང་བར་འཇིགས ་བའི་གཟུགས་ཅན་མ། །དཀར་ཟློག་ལྷ་མོ་ཆུ་སོ་རུ། །སྙིང་གར་དབྱངས་ཅན་མ་ཉིད་དེ། །རྒྱལ་མ་ཞེས་བ་མགྲིན་གནས་སུ། །ཁ་རུ་རྐམ་རྒྱལ་མར་ཞེས་བྱ། །སྣ་རྩེར་མི་ཐུབ་མ་དེ་བཞིན། །ནུ་མ་གཉིས་མ་ཆེ་གཟུགས་མ། །ལྷ་མེ་ཉིད་ནི་བདེ་གཟུཌ ་མ། །ཐམས་ཅད་དུ་ནི་བྱ་བ་བྱེད། །མཚན་མ་ཡང་ནི་རྡོ་རྗེ་འཛིན། །ལྟེ་བར་གཞན་གྱིས་མི་ཐུབ་གནས། །ནག་མོ་བཟང་མོ་མཆན་ཁུང་དུ། །ཕྲག་པ་གཉིས་སུ་ནག་ཆེན་མོ། །མིག་དག་ལིན་ནག་ཆེན་མོ། །སྨིན་མའི་དབུས ་སུ་དབང་བློའོ། །རྣ་བ་གཡོན་པར་གཏུམ་མོ་ཉིད། །འཇིགས་མ་ལྟག་པའི་རྒྱབ་ཏུའོ། །རྣ་པ་གཡས་ལ་མཐོ་འཚམ་པ། །སུམ་ཅུའི་དབང་ཕྱུག་སྤྱི་གཙུག་ཏུ། །སྤྱི་བོར་དེ་བཞིན་འདབ་ལས་སྐྱེས། །དེ་ལྟར་རྩ་ཡི་རྒྱུ་བ་ནི། །རྣལ་འབྱོར་པ་ནི ་མཁས་པས་བྱ། །དེ་ལྟར་ཡང་ནི་རེ་རེ་ཡང། །རྣལ་འབོར་ལྔ་དུས་ལས་སྐྱེས། །མང་མེ་མ་དང་འཇིན་བྱེད་མ། །གྲོང་གནས་རྣལ་འབྱོར་མར་ཞེས་བྱའོ། །འཇིགས་པའི་གཟུགས་དང་གཟུགས་ཆེན་མོ། །ལྔ་ཡི་སྤྱོར་བས་རྒྱ་ནི་གདབ། །དཀྱིལ ་འཁོར་ལྔ་ཡི་དབྱེ་བ་ཡིས། །སྣང་ལ་ཕྲ་མོ་རྣམས་ལ་ཤེས། །དཀྱིལ་འཁོར་གྱི་ནི་ཆ་མིར་ཅན། །འདི་ཡི་དུས་ཀྱང་རབ་ཏུ་བཤད། །སྟོང་ཕྲག་ཉི་ཤུ་རྩ་གཅིག་རྣམས། །བརྒྱ་བྲག་དྲུག་རྣམས་དང་ལྡན་བའི། །སྲོག་རྣམས་འགྲོ་དང་འོང་པ་ཉིད། ། ་གཉིག་གཅིག་ཏུ་ལྡོམ་མིང་ཅན། །སེམས་ཅན་རྣམས་ཀྱི་ཉིན་མཚན་ལ། །གསུངས་པའི་དུས་ནི་བརྗོད་པ་ཡིན། །དགུ་བརྒྱད་གུ་བརྒྱའི་དཔུགས་ལ་ནི། །འཕོ་བ་རེ་རེ་ཉིད་དུ་བརྟག། དེ་ཚད་ཉི་ཤུ་རྩ་བཞི་ནི། །ཉི་མཚན་དུ་ནི་བརྗོད་བ ་ཡིན། །དགུ་བརྒྱད་པོ་ནི་འདི་དག་ལ། །བརྒྱ་དང་བརྒྱད་ཅུ་ཕྲག་ནི་མཚན་ལ། །གསུངས་པའི་དུས་ནི་བརྗོད་པ་ཡིན། །དགུ་བརྒྱད་གུ་བརྒྱའི་དཔུགས་ལ་ནི། །འཕོ་བ་རེ་རེ་ཉིད་དུ་བརྟག། དེ་ཚད་ཉི་ཤུ་རྩ་བཞིན་ནི། ཉི་མཚན་དུ་ནི་བརྗོད་བ ་དྲུག་རྣམས་དང། བཞི་ཆའི་ཆ་ལྔ་པ་དང་ལྡན། །དེ་ལྟར་དུས་ནི་ཤེས་པར་བྱ། །ཞེས་པ་སྟེ། ངེས་པའོ། །ད་ནི་འདུས་པའི་ཉི་མ་བསྟན་པའི་ཕྱིར། །རྣལ་འབྱོར་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །ཡི་དགས་ཕྱོགས་ཀྱི་ཞས་པ་ནི ་ནག་པོའི་ཕྱོགས་ཀྱིའོ། །དེའི་བཅུ་བཞི་ལ་བརྒྱད་པ་ཞེས་པ་ལ་ཕྱིའི་རྣལ་འབྱོར་མ་རྣམས་སྔོན་བཞིན་དུ་འདུས་པར་འགྱུར་རོ། །དེ་བཞིན་དུ་ནང་དུ་ཐིག་ལེ་བཅུ་གཉིས་འདུས་པ་སྟེ། ཁ་སྦྱོར་པྱི་སྤྱོར་བས་སོ། །འཁོར་ལོ་དྲུག་ལ་བུ་ག་གཉིས་གཉིས་ཏེ། ་དེ་ཡང་ཐིག་ལེའི་མིང་དུ་བརྗོད་དོ། །འཁོར་ལོ་རེ་རེའི་འོག་དང་སྟེང་དུ་བུག་གཉིས་གཉིས་སོ། །དེས་ན་གཟུགས་ཅན་མ་ལ་སོགས་པ་རྣལ་འབྱོར་མ་བཅུ་གཉིས་དང། སྤྱིན་པ་ལ་སོགས་པ་ཕ་རོལ་དུ་ཕྱིན་པ་རྣམས་སམ། །དེ་བཞིན་དུ་མཁའ་ ་འགྲོ་མ་ལ་སོགས་པས་བཅུ་གཉིས་རྣམས་ཏེ། །དེ་རྣམས་འདུས་པའི་གནས་སུ་དུས་ཀྱི་དབང་གིས་སམ་འཕོ་བའི་དབང་གིས་འདུས་པ་དེ་ལ་དེ་སྐད་ཅེས་བྱའོ། །སྤར་ཡང་ཐམས་ཅད་ཀྱི་དབུས་པ་ཉིད་ནི་འདུད་པའི་རྩེ་མོར་དང་བོའི་ལྕེ་དེར་ཐིམ ་པར་བྱེད་དེ་སྲོག་གི་རག་ཏུ་སྦྱོར་བས་སོ། །དེ་ནི་ས་བཅུ་གསུམ་པའོ། །དེ་དག་ཉིས་མེད་པར་སོང་བ་དེ་ནི་བཅུ་བཞི་པ་སྟེ། །རྣལ་འབྱོར་མ་རྣམས་འདུས་པའི་ཉི་མ་ཞེས་དགོངས་སོ། །དེ་བཞིན་དུ་བརྐྱད་པ་ལ་ཞེས་པ་སྐུ་དང་གསུང་དང་ཐགས ་ཀྱི་འཁོར་ལོ་རྣམས་ལ་ཐིག་ལེ་དྲུག་འགོད་པའི་ཕྱིར་རོ། །སྡོད་བུའི་བུ་གའི་སྟེང་དུ་སེམས་ཐིམ་པས་ཐིག་ལེ་བདུན་པའི་མིང་དུ་འགྱུར་རོ། །བརྒྱད་པ་ནི་སྔོན་བཞིན་དུ་གཉིས་མེད་པར་ཤེས་པར་བྱ་ཞེས་པ་སྟེ་དེས་པའོ། །དེ་བཞིན་དུ་འདི ་ཉིད་དུ་ཤ་ཟ་བའི་ཕྱིར་རོ། །རྣམས་གསུངས་ཏེ། རྒྱལ་མཚན་དང་ནི་མཚོན་གྱིས་བསད་ཅེས་བྱ་བ་ལ་སོགས་པ་ནི་འདིར་གཡུལ་དུ་རྣམ་པར་རྟོག་པ་མེད་པར་མཚོན་ཆ་འདེབས་པའི་དང་འབོ་མཚོན་གྱིས་བསྣུན་པ་དེ་ནི་རྒྱལ་མཚན་ཏེ། སྐྱེས ་བུ་མཆོག་བདུན་གྱི་རྒྱལ་མཚན་ལྟ་བུའོ། །གང་གི་ཕྱིར་སྐྱེ་བ་བདུན་པ་དེ་ནི་ལན་དུ་མའི་ལུས་གུ་འོངས་པ་སྟེ། སེམས་ཅན་རྣམས་ཀྱི་དངོས་གྲུབ་ཀྱི་དོན། ཏུའོ་།དེས་རྒྱལ་པོ་ལ་སོགས་པས་ཚར་བཅད་པའམ། །དེ་ཡང་འགེཌ ་བའམ་མདུང་གིས་ཕུག་པ་ལ་སོགས་བའོ། །དེའི་ཤ་ཟོས་བ་ཙམ་གྱིས་མཁའ་ལ་སྦྱོད་བར་འགྱུར་ཏེ། གཞན་དུ་མ་ཡིན་ཞེས་པ་ནི་དེས་བའོ། །དེས་པའི་དོན་དུ་རྒྱལ་མཚན་ཞེས་པ་ནི་ཆོས་དབྱིངས་ཤེས་རབ ་ཀྱི་མཚོན་ཆས་བསྣུན་པ་སྟེ་བཞིགས་པའོ། །སྐྱེ་བ་བདུན་པའི་ཁྱད་པར་ཉིད་ཅེས་པ་ནི་ཐིག་ལེའི་རྣལ་འབྱོར་ལས་བྱུང་བའི་བྱང་ཆུབ་སེམས་སོ། །དེ་བཞིན་དུ་རང་རིག་པའི་དུས་སུ་འབད་དེ། །སྙིང་རྗེ་བསྐྱེད་ཅེས་པ་སྙིང་རྗེ་བསྐྱེད་པར་བྱའོ། ། ་མཁས་པས་བསད་ཅེས་པ་ནི་བློ་དང་ལྡན་པས་ཨ་བ་དྷཱུ་ཏཱིའི་ནང་དུ་ཐིམ་པར་བྱ་ཞེས་པའི་དོན་ཏོ། །དེ་བཞིན་དུ་སྙིང་རྗེ་དང་བྲལ་བས་རྣམ་པར་མི་རྟོག་པའི་ཡེ་ཤེས་འགྲུབ་བར་མི་འགྱུར་རོ། །སེམས་ཅན་གྱི་དོན་བྱ་བའི་ཕྱིར། །ཇི་ལྟར་བདག ་བཞིན་ཞེས་པ་ལ་སོགས་པ་གསུངས་པ་ནི་གོ་སླའོ། །དེ་ལྟར་ཡང་གསུངས་པ་སྟེ་བ་གནས་ཡིན། ཞིང་དང་དེ་བཞིན་ཉེ་ཞིང་སྙིང། །འདུས་པ་དང་ནི་ཉེས་འདུས་པ། །མགྲིན་པའི་འཁོར་ལོ་ཡང་དག་གསུངས། །འདུན་པ་དང ་ནི་ཉེད་དུན་པ། །དབྲལ་བ་རུ་ནི་སོ་དེ་བཞིན། །དུར་ཁྲོད་དང་ནི་ཉེ་དུར་ཁྲོད། །གཙུག་ཏོར་དུ་ནི་ཡང་དག་གནས། །དེ་བཞིན་ཡེ་ཤེས་འཁོར་ལོ་ལ། །གྲོང་མཛའ་ཉེ་བའི་གྲོང་མཛའ་ཉིད། །དེ་ལྟར་ས་ནི་བཅུ་གཉིས་གནས། ། བ་དྷཱུ་ཏཱི་ལི་བཅུ་གསུམ ་པ། །རྡོ་རྗེ་འཇིན་པའི་ས་ནི་འདིག་ཤ་རྣལ་འབྱོར་མ་རྣམས་ཀྱང་འདུས་བའོ། །ཐ་མལ་བ་ཡི་མག་ཆགས་ཀུན། །བསྡུས་པ་གཉིས་སུ་མེད་སོང་བ། །རྒྱལ་མཚན་ཞེས་པ་འདི་རུ་བརྗོད། །ཚོགས་ཀྱིས་བསྣུབ་བ་རྣམ་དཔྱད་པའོ། །རྣམ་ཤེས ་བདུན་ནི་ཐག་བསྲིང་བ། །སྐྱེ་བ་བདུན་པར་རབ་ཏུ་གྲགས། །སྙིང་རྗེ་ཀུན་གཞི་རྣམ་ཤེས་ཏེ། མ་རིག་བ་ཉིད་རྟག་ཏུ་བསད། །སྙིང་རྗེ་དེ་ཡི་རིག་བཟང་བོ། །དེས་ན་དང་བོའི་བག་ཆགས་སྤངས། །གང་ཕྱིར་མ་རིག་ཟང་བ་ཉིད། །དེ་ཕྱིར་སྙིང ་རྗེའི་རྣམ་པ་དེ། །སྙིང་རྗེ་མེད་ན་མི་འགྲུབ་པས། །རྣལ་འབྱོར་པ་ཡིས་རྟག་བསྟེན་བྱ་ཞེས་པ་ནི་ངེས་བའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་གྱི་རྒྱལ་པོའི་རྟོག་པ་ལྔ་པའི་རབ་ཏུ་བྱེད་པ་དང་པོ་འདུས་པ་ལ་སོགས་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བ་དྲན ་བའི་སྣད་བ་ཞེས་པའི་གཞུང་སྟེ། དང་པོ་བསྟན་པའོ།། །།ད་ནི་ཨ་བ་དྷཱུ་ཏཱི་ནང་གི་བདེ་བ་ལ་བརྟེན་ནས་པདྨ་དེ་ཉིང་མོང་གིས་མཚན་ཉིད་བསྟན་བའི་ཕྱིར། །གསང་བའི་པདྨ་ཞེས་བྱ་བ་ལ་སོགས་བ་གསུངས་ཏེ། །འདིར་བཅོམ་ལྡན་འདས་ཀྱི ་གཞུང་ལུགས་རྡོ་རྗེ་སྙིང་པོ་ཞེས་བ་ཉན་བར་འདོད་པའོ། །ཡེ་ཤེས་དབང་ཞེས་པ་ནི་བཅོམ་ལྡན་འད་སྐྱི་ཁྱད་པར་རོ། །གསང་བའི་པདྨ་ཞེས་པ་ནི་ཨ་བ་དྷཱུ་ཏཱིའོ། །དེའི་མཚན་ཉིད་ཙས་པ་ནི་རང་གི་དོ་བོ་ལ་འཇུག་པའོ། །དེ་ཉིད་ཀྱི་སེམས་དང་ཡེ་ཤེས ་བསྲེས་པའི་ཞེས་པ་ནི་རྡོ་རྗེ་འཛིན་པའི་རྣལ་འབྱོར་ཆེན་པོ་ཨ་བ་དྷཱུ་ཏཱི་ཡེ་ཤེས་དང་རྣམ་པར་ཤེས་པ་གཉིས་མེད་བཉིད་དུ་འདྲེས་པའི་ཕྱིར་རོ། །དེའི་ཕྱིར་བཅོམ་ལྡན་འདས་བདག་ལ་ཐེ་ཚོམ་མཆིས་ཞེས་པ་ནི་དོན་ཏོ། །མངོན་པར་བྱང་ཆུབ་པའི ་རིམ་པ་ཅི་འདྲ་ཞེས་པ་ནི་གཉིས་མེད་པ་ལས་གཞན་ནས་གྲུབ་པའི་མཛའ་མེད་པ་དེས་ན་འདིར་གཉིས་མེད་པར་རྫོགས་པའི་བྱང་ཆུབ་ཀྱི་རིམ་པའམ། །ཡང་ན་འདིར་བསྒྲུབ་པར་བྱ་བ་ཅི་གཞན་ཅུང་ཟད་ཅིག་ཡོང། །བདག་ལ་སོམ་ཉི ་མཆིས་ཏེ། དེས་ན་བཅོམ་ལྡན་འདས་ལ་ཉན་བར་འཚལ་ཞེས་སྦྱོར་རོ། །དེ་ཉིད་ཀྱིས་ཞུས་པའི་ལན་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ཡང་གནས་བཞིའོ། །ཡིད་དུ་འོང་བའི་ཞེས་བྱ་བ་ལ ་སོགས་བའི་ཚིགས་སུ་བཅད་བ་བཞིས་མདོར་བསྟན་པ་སླར་བཤད་བའི་ཕྱིར། །གནས་བཞི་ལ་བརྟེན་བའི་གཉིས་མེད་པའི་ཡེ་ཤེས་ནི་རྫོགས་བའི་བྱང་ཆུབ་ཀྱི་རིམ་པ་ཞེས་དགོངས་སོ། །དེ་བཞིན་དུ་མཉམ་པ་ཉིད་ཅེས་པ་ནི ་དངོས་པོ་ཐམས་ཅད་རང་ཉིད་ལས་འབྱུང་བའང་ལུས་དང་ངག་དང་སེམས་ཀྱི་གཟུགས་ཉིད་དེ། ཇི་ལྟར་བདག་བཞིན་ཞེས་པ་ལ་སོགས་པའི་རིགས་པས་སོ། །དེའི་ཕྱིར་འདོད་ཆགས་ལ་སོགས་པའི ་སེམས་རིང་དུ་བྱ་ཞེས་པའོ། །སོགས་པའི་སྒྲས་ནི་ཞེས་སྡང་དང་གཏི་མུག་ལ་སོགས་པ་ཡོངས་སུ་སྤངས་པར་བྱ་ཞེས་པའི་དོན་ཏོ། །དེ་བཞིན་དུ་བདེ་བའི་སྟན་ལ་ཞེས་པ་ནི་རང་རིག་པའི་གཞིར་བྱས་པའོ། །ཡིད་དུ་འོང་བ་ཞེས་བྱ་བ་ནི ་སྔོན་དུ་གསུངས་པའི་གནས་དང་ཉེ་བའི་གནས་ལ་སོགས་པའི་གནས་རྣཾ་སུ་ནང་གི་སྲོག་རྒྱུ་བའི་ཕྱིར་བདེ་བ་ཉམས་སུ་མྱོང་བར་འགྱུར་བའོ། །དེ་བཞིན་དུ་བརྟན་པ་དང་གཡོ་ཞེས་བྱ་བ་ལ་སོགས་པ་ནི་སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་འཇིག་རྟེན ་རྣམས་མ་རིག་པས་སྤྲུལ་པའི་ཕྱིར་སྙིང་རྗེ་བར་དགོངས་སོ། །དེ་བཞིན་དུ་མགོ་མེད་ཅེས་པ་ནི་འབྱང་བའི་རྩེ་མོ་འོག་ཏུ་བལྟས་པ་མགོར་བྱས་ཏེ། །དེ་ལ་བརྟེན་པའི་སྒྲ་ནི་བདེ་བ་ཆེན་པོའི་ཡེ་ཤེས་སོ། ། བ་དྷཱུ་ཏཱིའི་པདྨ་ཞེས་པ་ནི་དེའི་ནང་དུ་གནས་པའི ་རླུང་ངོ། །དེ་བཞིན་དུ་ཆ་དང་སྣ་ཚོགས་ཞེས་པ་ནི་ཨཱ་ལི་དང་ཀཱ་ལིའི་རང་བཞིན་གྱི་རྩ་སྟེ། །དེ་རྣམས་ཀྱི་རང་བཞིན་དང་མཚན་ཉིད་ནི་གཟུགས་བརྙན་གྱི་རང་བཞིན་ལྟ་བུའོ། །དེས་ན་སྐུ་གསུང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་ཨོཾ་ཨཱ(རྒྱུད་འགྲེལ་བ་ལ་སོགས་པ་གསུམ་སྟེ་དེ་རྣམས་ཀྱང་ཐིམ་པར་བྱའོ། །རིལ་པོའི་སྦྱོར་བ་ཡིས་ཤེས་པ་ནི་དབྱིབས་ཀྱི་རླུང་བསྡུས་པའི་ཕྱིར་རོ། །དེ་བཞིན་དུ་རྡོ་རྗེ་སེམས་དཔའ་ཞེས་པ་ནི། །རྡོ་རྗེའི་རླུང། །རང་ཉིད་འགྱུར་ཞེས་པ་ནི་རྣམ་པ་ཀུན་གྱི་མཆོད ་དང་ལྡན་པའི་ཆོས་དབྱིངས་ཀྱི་རང་བཞིན་དུ་འགྱུར་བའོ། །དེས་ན་ཆུའི་ཁམས་ཞེས་པ་ནི་ཨོཾ་ལ་སོགས་པ་གསུམ་ལས་ཀྱི་རླུང་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནོ། །དེ་བཞིན་མོའི་ཁམས་ཞེས་པ་ནི་དབྱིབས་ཀྱི་རླུང་ངོ། །དེ་གཉི་ག ་དག་གཅིག་པ་ཉིད་སེམས་དཔའ་ཐིམ་པ་གཉིས་མེད་པ་རོ་མཉམ་པ་དམིགས་པ་མེད་པའི་ཡེ་ཤེས་སོ། །དེ་ཡང་རྡོ་རྗེ་ལྟ་བུ་མཆོག་ཕུལ་དུ་བྱུང་བ་བསམ་གྱིས་མི་ཁྱབ་པ་གཉིས་མེད་པའི་གོ་འཕང་སྟེ། གནས་དང་རྟེན་ཏེ་རྣམ་པ་བཞི་ཞེས་པའི་དོན ་ཏོ། །དེ་བཞིན་དུ་ཤེས་རབ་ཞེས་བྱ་བ་ལ་སོགས་པ་ལ། །དབང་པོ་དྲུག་ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་ལྷའི་དབང་པོ་རྣམས་ཏེ། སྐུ་མཐོང་བ་སོ་སོར་རྟོགས་པས་གནས་བཞི་ལ་སོགས་པའི་ནང་ན་གཙོ་བོའོ། །དེས་ན་སྦྱོར་བའི་སན་ལག་དྲུག་བསྟན་ཏོ། ། ་དེའི་ཕྱིར་སངས་རྒྱས་གཟུགས་ཞེས་པ་ནི་མཐོང་བའི་དུས་ཀྱི་མིང་ངོ། །དེ་གཞན་ཡང་མིག་ལ་སོགས་པས་དམིགས་པ་དེ་ཐམས་ཅད་ནི་སེམས་ལས་བྱུང་བའི་དངོས་པོ་སྟེ། དེ་བས་ལྷ་དང་མི་ལ་སོགས་པ་འབྱུང་བའི་དོན་ཏོ། །དེ་བཞིན་དུ་ཡང ་དག་ཞེས་བྱ་བ་ལ་སོགས་པ་ལ། བསྟན་བཅོས་ཞེས་པ་ནི་ཡང་དག་པའི་སྔོན་དུ་གསུངས་པའི་ཚུལ་གྱིས་ཉམས་སུ་མྱོང་བ་སྟེ། ཡན་ལག་དྲུག་གི་སྦྱོར་བས་སངས་རྒྱས་ཀྱི་སྐུ་མཐོང་བའོ། །དེས་ན་དེ་ཉིད་ཀྱི་ཞེས་པ་ནི་རྣལ་འབྱོར་མའི་རྒྱུད་སྣ་ཚོགས ་པའི་བསྟན་བཅོས་རྣམས་ཀྱིའོ། །དེས་ན་སློབ་དཔོན་ཞེས་པ་ནི་བླ་མ་དམ་པའི་ཁ་ལས་ཤེས་པར་བྱའོ། །ལུང་གི་རྗེས་འགྲོ་བ་ཞེས་པ་ནི་སྔོན་དུ་གསུངས་པའི་བསྟན་ཆོས་རྣམས་རྗེས་སུ་རྟོགས་པའོ། །གསང་པའི་དེ་ཉིད་སྟོན་དངོས་ཡང་ཞེས་པ་ནི་དེའི ་དོན་གྱི་དེ་ཁོ་ན་ཉིད་ཀྱི་དངོས་པོ་བླ་མའི་མན་ངག་གོ་།ཡང་གིས་ནི་སློབ་དཔོན་མང་པོ་གཅིག་ལ་གཅིག་བརྒྱུད་པ་དེ་ལ་དེ་སྐད་ཆེས་བྱའོ། །དེ་བཞིན་དུ་སྟོང་པའི་ཞེས་བྱ་བ་ལ་སོགས་པ་ནི་གསུངས་པའི་སྟོང་པའི་མཚན་ཉིད་བསམ་གྱིས ་མི་ཁྱབ་པ་གཉིས་མེད་པའི་ཡེ་ཤེས་སོ། །ཐམས་ཅད་ཞེས་པ་ནི་བརྟན་པ་དང་གཡོ་བའི་དངོས་པོ་རྣམས་སྟོང་པའོ། །སྟོང་པའི་རྣམས་ཞེས་བྱ་བ་ནི་གནས་དང་ཉེ་བའི་གནས་ལ་སོགས་པ་རྒྱུ་བའི་དུས་སུ་ཨ་པ་??་དྲུག་པའོ། །དེས ་ན་སྟོང་པའི་དེ་ཉིད་རྣམ་ཤེས་མང་པོའི་ཚིག་སྨྲས་སོ། །ངེས་ན་མཚན་ཉིད་ཞེས་པ་ནི་དངོས་པོ་ཐམས་ཅད་སྟོང་པའི་མཚན་ཉིད་དུ་རྟོགས་པར་བྱའོ། །དེ་བཞིན་དུ་དྲི་མ་བཀྲུས་བ་ཞེས་བྱ་བ་ལ་སོགས་པ་ལ་དྲི་མ་ཞེས་པ་ནི ་ལུས་འདོད་ཆགས་ལ་སོགས་པས་སྤགས་པའོ། །དེའི་ཕྱིར་དྲི་མ་བཀྲུས་པས་གཉིས་མེད་པའི་ཡེ་ཤེས་ཐོབ་པའོ། །དེར་རྫོགས་པའི་བྱང་ཆུབ་རིམ་པས་གཙོ་ཞེས་པའི་ཚུལ་འདིས་ནི་ཟླ་བ་ལ་སོགས་པ་གསུངས་ཏེ། ཟླ་བའི་དཀྱིལ་འཁོར་ཞེས་པ ་ནི་ཨ་པ་དྷཱུ་ཏཱིའི་ནང་དུ་བྱང་ཆུབ་ཀྱི་སེམས་ཀྱི་དབུས་སུ་ཡེ་ཤེས་སེམས་དཔའ་ཞེས་པ་སྒྱུ་མའི་རྣམ་པའི་ཡེ་ཤེས་ཀྱི་སྐུ་བསམ་པར་བྱའོ། །དེ་ལྟར་ཟླ་བའི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཆུ་ཤིང་ཞེས་བྱ་བ་ལ་སོགས་པ་ལ་ཆུ་ཤིང ་གི་མེ་ཏོག་ལྟ་བུ་འཕྱང་བཞིན་པ་ཁ་འོག་ཏུ་བལྟས་པ་ལ་སོགས་པར་གསུངས་པའོ། །ལྟེ་བ་ནས་ཞེས་པ་ནི་སྙིང་གནས་ལྟེ་བའི་གནས་སུ་མགོ་འཕྱང་བཞིན་པའི་ཕྱིར་ཞེས་དགོངས་སོ། །དེ་ཡང་ཡེ་ཤེས་སེམས་དཔའ་ཨི་སྙིང་གར་ཏིང ་ངེ་འཛིན་སེམས་དཔའ་ཨི་མིང་ཅན་བསྒོམ་པར་བྱའོ། །སྔོན་བཞིན་ཞེས་པ་ནི་ཡེ་ཤེས་སེམས་དཔའ་བཞིན་དུ་ཆོས་ཀྱི་སྐུ་རྡོ་རྗེ་སེམས་དཔའ་བསྒོམ་པར་བྱའོ། །སྤྲོ་ཞེས་བ་ནི་ཡེ་ཤེས་སེམས་དཔའ་སྙིང་ག་ནས་ཆོ་ག་བཞིན་སྒྲོ་བའོ། ། ་པདྨའི་སྔོན་དུ་ཞེས་པ་ནི། པདྨའི་མདུན་དུ་ཏེ་ལྟེ་བའི་གནས་སུ་བསྒོམ་པར་བྱའོ། །དེ་བཞིན་དུ་འདབ་མ་བརྒྱད་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ས་བོན་ཡི་གེ་དགོད་པར་བྱ་ཞེས་པ་ནི་དབུས་སུ་ཧྲུ་ཞེས་པ་དགོང་པར་བྱའོ། །བརྡའི་སྐད་ཀྱིས ་དོན་དམ་པར་ཡི་གེ་ཞེས་པ་ནི་མི་འཛག་པའི་ཡེ་ཤེས་ཀྱི་ཁུ་བའོ། །བྱང་ཆུབ་སེམས་འགུགས་པའི་དུས་སུ་ཡང་བཅོམ་ལྡན་འདས་ཨའི་རྣམ་པ་དམིགས་པར་བྱའོ། །དེ་ཉིད་ཀྱིས་ན་དབུས་སུ་མེའི་གདན་ལ་ཞེས་པ་ནི་གཏུམ་མོལ་སྒོམ་པར ་བརྗོད་པས་མོའི་གདན་དུ་འགྱུར་རོ། །དེའི་དུས་སུ་ཞེས་པ་ནི་གཏུམ་མོ་ལ་ཕྱག་གཉིས་ཞེས་བྱ་བ་ལ་སོགས་བསྒོམ་སྟེ། །སླར་ཡང་དེའི་དབུས་སུ་བསྒོམ་ནས་ཕྱག་གཉིས་དང་ལྟེ་བའི་གནས་སུ་རྣམ་པར་ཤེས་པ་ཞེས་པ་རང་རིག་པའི་བདེ་བའི་རང་བཞིན ་བདག་ཉིད་ཀྱི་རིག་པར་བྱའོ། །ཡེ་ཤེས་ཞེས་པ་ནི་དངོས་པོ་ཐམས་ཅད་དེའི་རང་བཞིན་རིག་པས་གཉིས་སུ་མེད་པ་སྤྲོས་པའོ། །དེ་བཞིན་དུ་འདབ་མ་བརྒྱད་ལ་ལྷའི་ཡི་གེ་དགོང་པའི་ཕྱིར། །སྔོན་དུ་བྱམས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབྱངས་ཡིག ་ཐོག་མ་ལ་སོགས་ཞེས་བྱ་བ་ནི་ཤར་གྱི་འདབ་མ་ལ་ཨའོ། །དེ་བཞིན་དུ་ལྟོར་ཨཱའོ། །ནུབ་དུ་ཨཾ་ཤེས་པར་བྱའོ། །དེ་བཞིན་དུ་བྱང་དུ་ཨ(རྒྱུད་འགྲེལ་ཅད་ཁ་དོག་དཀར་པོ་ཟླ་བའི་འོད་ཟེར་དང་ལྡན་པའོ། །དེ་བཞིན་དུ་ཤར་དང་མེ་དག་ཏུ་མི་བསྐྱོད་པ་དང་བྱམས་པ་ཞེས་པའི་ལྷ་མོའོ། །དེ་བཞིན་དུ་ལྟེ་དང་བདེན་བྲལ་དག་ཏུ་རིན་ཆེན་འབྱུང་ལྡན་དང་སྙིང་རྗེའོ། །ནུབ་དང་རླུང་དག་ཏུ་འོད་དཔག་མེད་དང ་དགའ་བའོ། །དེ་བཞིན་དུ་བྱང་དང་དབང་ལྡན་དག་ཏུ་དོན་ཡོང་གྲུབ་པ་དང་བཏང་སྙོམས་སོ། །དེ་ལྟར་ཡི་གེ་བརྒྱད་ཡོངས་སུ་གྱུར་པ་ལས་ལྷ་བརྒྱད་བསྒོམ་པར་བྱའོ། །རྣམ་པར་ཤེས་པ་བརྒྱད་རྣམས་ཀྱི་རྣམ་པ་བསྟན་པའི་ཕྱིར། །ཤིན་ཏུ་དྲ་བའི་མཆོག ་ཏུ་མི་འགྱུར་བའི་རྣལ་འབྱོར་ཞེས་པ་ནི་ངེས་པའོ། །དེ་བཞིན་དུ་དེའི་དབུས་སུ་ཞེས་བྱ་བ་ལ་སོགས་པ་ནི་དཀྱིལ་འཁོར་པ་དེ་རྣམས་ཀྱི་སྙིང་ཁར་གནས་པའོ། །སེམས་ཅན་རྣམས་ཀྱི་ཡི་གེ་ཞེས་པ་སྔོན་དུ་གསུངས་པའི་ཡི་གེ་བརྒྱད་ལྷ་རྣམས་ཀྱི་རང་རང་གི ་ཡི་གེ་རྣམས་བསྒོམ་པར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡི་གེ་རྣམས་ཁ་དོག་དཀར་པོ་འོད་ཟེར་དཀར་པོ་འགྱེད་པར་བསམ་སྟེ། གཉིས་སུ་མེད་པ་རྫོགས་པའི་བྱང་ཆུབ་ཀྱི་རིམ་པ་བསམ་པར་བྱ་སྟེ། །ཞེས་པའི་དོན་ཏེ། །སེམས་ནི་དོ ་མཚར་ཞེས་བྱ་བ་ལ་སོགས་པ་ནི་འདིར་རྡོ་རྗེ་སྙིང་པོ་ལ་སོགས་པས་སོམ་ཉི་སྐྱེ་སྟེ། །དེའི་ཕྱིར་བཅོམ་ལྡན་འདས་ལ་ཞུས་པའོ། །བཤད་དུ་གསོལ་ཞེས་པ་ནི་ཐེ་ཚོམ་བསལ་བའི་དོན་ཏོ། །དེ་ཅི་ཞེ་ན་སྟོང་པའི་མཚན་ཉིད ་མེད་པ་ཞེས་གསུངས་ཏེ། །བསམ་དུ་མེད་གཉིས་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་རྣལ་འབྱོར་ཐོག་མ་མེད་པ་ནས་རྣམ་པར་མི་རྟོག་པ་བག་ཆགས་མེད་པར་ཆོས་ཀྱི་སྐུ་སྟོང་པའི་རྣམ་གྲངས་འགྱུར་བ་མེད་པ་གང་གི་ཕྱིར་རྟོག་པའི ་དབང་གིས་འཁོར་བའི་ཆོས་འདོད་ཆགས་ལ་སོགས་པ་དེ་རྣམས་རང་བཞིན་མེད་པའི་ཕྱིར་རྣམ་པར་མི་རྟོག་པའོ། །དེའི་ཕྱིར་གཉིས་མེད་པ་དེའི་ཚེ། །དེ་ཉིད་ཇི་ལྟར་སྦྱོར་སོགས་ཡི་གེ་ཞེས་པ་བསྒོམ་པའི་ཕྱིར་རྫོགས་པའི་བྱང་ཆུབ་ཀྱི་རིམ་པར ་བགྱི། །དེ་ཉིད་བཅོམ་ལྡན་འདས་ཀྱིས་གསུངས་པ། །དེ་ཉིད་ཇི་བཞིན་ཞེས་བྱ་བ་ལ་སོགས་པ་ལ། །རྡོ་རྗེ་ཞེས་པ་ནི་རྡོ་རྗེ་སྙིང་པོ་ལ་བོད་པའོ། །ཇི་བཞིན་ཞེས་པ་ནི་ཇི་ལྟ་བུའི་ཚུལ་གྱིས་སོ། །དེ་ཁོ་ན་ཞེས་པ་ནི་སྟོང་པ་ཉིད་དང་སྙིང་རྗེ ་གཉིས་མེད་པ་བསམ་གྱིས་མི་ཁྱབ་པའི་མཚོན་བྱ་ཉིད་དོ། །དེའི་མཚན་ཉིད་ནི་ཞེས་པ་ནི་མན་དག་ཇི་ལྟ་བ་བཞིན་བཤད་པར་བྱ་བའོ། །སྙིང་པོ་མེད་ཅེས་པ་ལ་སོགས་པ་འདིར་དཔེ་བསྟན་ཏེ། ཇི་ལྟར་རྣམ་པར་རྟོག་པའི་སྒོམ་པ་ལ། ། ་རྣམ་པར་མི་རྟོག་པ་བསྒྲུབ་པར་བྱའོ། །ཡང་ན་དངུལ་ཆུ་བསྒྲུབ་པ་ལ་རྫས་སྙིང་པོ་རྣམས་ཀྱི་ནང་ནས་སྙིང་པོ་མ་ཡིན་པའི་རྫས་རྣམས་གཟག་པར་བྱའོ། །སྙིང་པོ་མ་ཡིན་པ་དེ་རྣམས་དང་པོ་ཉིད་དུ་སྦྱར་བར་བྱའོ། །ཇི་ལྟར་བདུད་རྩི་རྩོམ་པའི ་དུས་སུ་འགྲོ་བ་བཞིན་ཞེས་པ་ནི་གཟག་པར་བྱ་ཞེས་པའི། །བཞིན་གྱི་སྒྲས་ནི་སླར་ཡང་དེ་ཉིད་ཀྱི་དཔེ་གསུངས་བ། འདིར་བུད་མེད་དང་སྐྱེས་པ་ཡང་དག་པར་སྦྱར་བ་ལས་དང་པོ་ཉིད་དུ་འདོད་པའི་བསྟན་བཅོས་ཀྱི་ཚུལ་གྱིས་བྱེད་པལ ་སོགས་པ་བྱའོ། །དེ་ཉིད་ཀྱང་སྙིང་པོ་མ་ཡིན་པའི་བྱེད་པ་རྣམས་ཀྱིས་བདེ་བའི་རང་བཞིན་སྙིང་པོ་དེ་ཉིད་རྩོམ་ལ་ཇི་ལྟར་དག་ལ་སོགས་པའི་དཔེ་ལ་སྙིང་པོར་གྱུར་པ་ནི་ལྷན་ཅིག་སྐྱེས་པའི་དག་པའོ། །དེ་ཡང་ཁུ་བ་ལས་བརྟེན་པ་དེའི་གྲོལ་བ་ཞིན ་ཞེས་པ་ནི་འཇིག་པའི་དུས་བཞིན་དུ་བདེ་བ་བསམ་གྱིས་མི་ཁྱབ་པའོ། །དབུས་སུ་ཞེས་པ་ནི་རྡོ་རྗེ་དང་པདྨའི་དབུས་སུ་མཚོན་པའོ། །དེ་ཡང་རྣམ་པར་ཤེས་པའི་མིང་ཅན་ནོ། །དེ་ཡང་བསམ་དུ་མེད་པ་ག་ཐུགས་མེད་བ་བསྟན་པའི་ཚིག་གི་སྦྱོར ་བས་རྣམ་པར་ཤེས་པ་ཞེས་བ་ཙམ་འདི་ཉིད་དུ་བཞག་པའི་ཕྱིར་ཤེས་པ་ཐམས་ཅད་ཀྱི་རང་བཞིན་གྱི་ཕྱིར་གཟུགས་ཉིད་དོ། །དེའི་ཕྱིར་དོན་དམ་པའི་ཕྱོགས་སུ་དེ་ཉིད་སྔོན་དུ་གསུངས་པའི་བཅོམ་ལྡན་འདས་ཀྱི་སྐུ་དམིགས་པར་བྱའོ། །དེ་ཉིད ་གསལ་བར་བསྟན་པའི་ཕྱིར་མཚོན་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་མཚན་ཉིད་ཅེས་པ་ནི་ཁ་དོག་དང་དབྱིབས་ཀྱི་མཚན་ཉིད་མཚོན་པ་མེད་པའོ། །དེ་ཅི་ལྟར་ཞེ་ན་གསུངས་པ། རང་གི་རང་བཞིན་གྱིས་མ་གྲུབ་པའི་ཕྱིར་རོ། ། ་དེ་ཉིད་དུ་གསུངས་པ་ཡེ་ཤེས་སྐུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འོན་ཀྱང་བྱིས་པའི་རྣལ་འབྱོར་པ་རྣམས་གཞུག་པའི་དོན་དུ། ལྷའི་གཟུགས་བསྒོམ་པར་བྱ་ཞེས་པ་ནི་ཚིག་ཙམ་མོ། །དེས་ན་གཞན་ཡང་རྣལ་འབྱོར་བ་ཁྱད་པར་ཅན ་རྣམས་ཀྱི་གཟུགས་ཞེས་བྱ་བ་ལ་སོགས་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་སྟོང་པའི་དབུས་སུའོ། །གཟུང་ཞེས་པ་ནི་སྔོན་དུ་གསུངས་པའི་ཨ་བ་དྷཱུ་ཏིའི་དབུས་སུ་བསྒོམ་པ་གཟུང་བར་བྱ་ཞེས་པའི་དོན་ཏོ། །རྣལ་འབྱོར་ཅན ་གྱིས་དེ་ཉིད་ཞེས་བ་ནི་འདིར་གང་གི་ཕྱིར་སྔོན་གྱི་བག་ཆགས་ཉིད་ཀྱིས་རྣལ་འབྱོར་བ་རྣམས་ཀྱི་ལུས་གྲུབ་བོ་དེའི་ཕྱིར་རྣམ་པར་རྟོག་པ་ལ་དངོས་གྲུབ་མེད་དེ་སེམས་མང་པ་ཉིད་ཀྱི་ཕྱིར་སེམས་ཅན་རྣམས་ཀྱི་ཕུང་པོར་འགྱུར་བའོ། །དེས་ན ་འདིར་ཡང་སྔོན་དུ་གསུངས་པའི་སྦྱོར་བའི་ཡན་ལག་དྲུག་གིས་དབང་པོ་དྲུག་ཁ་ནད་དུ་ཕྱོགས་བས་སངས་རྒྱས་ཀྱི་སྐུ་རྣམས་བསྒོམ་པར་བྱའོ། །དེ་ཡང་ལྡན་པའི་རྣལ་འབྱོར་པ་ནི། རྣལ་འབྱོར་ཅན ་གྱིས་དེ་ཉིད་ཞེས་པའི་ཚུལ་ལོ། །དེ་བཞིན་དུ་གང་གིས་ཞེས་བྱ་བ་ལ་སོགས་པ་ལ། གང་ཞིག་ཞེས་པ་ནི་སངས་རྒྱས་ཀྱི་སྐུ་རྣམས་ཀྱིའོ། །མཚན་ཉིད་ཞེས་པ་ནི་ཁ་དོག་དང་མཚན་མ་ལ་སོགས་པའོ། །ཤེས་བྱས་ནས་ཞེས་པ་ནི ་རྟོགས་པར་བྱས་ནས་སོ། །མཉམ་པ་ཉིད་ཀྱིས་སེམས་ཀྱི་ནི་ཞེས་པ་ནི་གང་སེམས་ཅན་ཐམས་ཅད་སེམས་ལས་བྱུང་བ་དེ་རྣམས་དེའི་རང་བཞིན་དུ་བྱེད་པ་ནི་མཉམ་པ་ཉིད་སྣ་ཚོགས་བ་སངས་རྒྱས་ཀྱི་གཟུགས་ཞེས་པའི་དོན་ཏོ། ། ་དེ་ལྟར་དེའི་ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་པ་དེའི་ཞེས་པ་དེ་ལ་དེ་སྐད་ཅེས་བྱའོ།། །།ད་ནི་བསྟན་བཅོས་དང་རྗེས་སུ་མཐུན་པའི་མན་ངག་བསྟན་པའི་ཕྱིར། །བླ་མའི་མན་ངག་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་ལམ་ཞེས་པ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་མོ། །དེའི་ཡེ་ཤེས་རྣམས་ཞེས་པ་ནི་བསྟན་པ་དང་སྟོན་པའི་འབྲེལ་པའོ། །དེས་ན་གཟུགས་ཉིད་དེ་ཞེས་པ་ནི་སྣང་བ་ཉིད་སྒྱུ་མ་ལྟ་བུའོ། །ཞེས་པ་སྟེ་ངེས་པའོ། །དེའི ་ཕྱིར་བསྟན་བཅོས་ལས་ནི་མཚན་ཉིད་བསྟན་པ་ཞེས་པ་ནི་དེ་ཡང་དག་གི་སྒོ་ནས་ཤེས་པར་བྱའོ། །དེ་ཁོ་ན་ཉིད་ཞེས་བ་ནི་བླ་མ་སྣ་ཚོགས་པའི་མན་ངག་རྣམས་སོ། །དེ་ཡང་དཔའ་བོས་བཤད་ཅེས་པ་ནི་སྔོན་གྱི་ལས ་དང་འབྲེལ་བའི་ཕྱིར། །རང་གི་སེམས་ཉིད་བསྒོམས་པས་རྣམ་པར་མི་རྟོག་དཔའ་བོ་བླ་མའོ། །ཡེ་ཤེས་སེམས་དཔའ་ཨི་སྙིང་གའི་ཏིང་ངེ་འཛིན་སེམས་དཔའ་དེའི་བཤད་པ་ནི་འོག་ནས་འཆད་པར་འགྱུར་རོ། །དེས་ན ་བསྒོམ་པར་བྱའོ། །དེ་ཅི་ཞེ་ན་གསུངས་བ། འདིའི་ཞེས་བྱ་བ་ལ་སོགས་པ་ལ་སྒྲོགས་པ་ལྔ་ཞེས་པ་ནི་མི་གསལ་བའི་མཚན་མའོ། །འོན་ཀྱང་མཆོད་རྟེན་གྱི་སྐྲས་སྙིང་ག་དང་མགྲིན་པ་དང་ལྟེ་བ་དང་གསང་བའི་གནས་རྣམས་སུ་འཆད་བཞིན ་བའི་བུ་ག་ལྔའི་ནང་དུ་ཁུ་བའི་ཐིག་ལེ་རྣམས་མཆོད་རྟེན་གྱི་རྣམ་པར་བསྒོམ་པར་བྱའོ། །དེའི་དོན་བསྟན་པའི་ཕྱིར། །སྒྲོགས་པ་ལྔ་ཞེས་བྱ་བ་ལ་སོགས་པའི་ཡི་གེ་བརྒྱད་ཀྱི་ཚིགས་སུ་བཅད་པའི་སྡེབས་ཀྱིས་བཤད་པ་གསུངས་པ། །སྒྲོགས ་པ་ལྔ་བཞིན་དུ་ནི་སྲོག། མཆོད་རྟེན་རྣམ་པ་རུ་ནི་བསྡུ། །གནས་ལྔ་རུ་ནི་འཁོར་ལོ་འདི། །བུ་ག་ཞེས་པར་སྲོག་ནི་འགྲོ། བདུད་རྩི་སོགས་ཞེས་ས་བོན་གྱིས། །གསང་བ་ཞེས་པའི་པད་ལས་འབྱུང། །སྙིད་གའི་འཁོར་ལོ་རུ་ནི་བསམ། །སྲོག་དང ་ཐུ་སེལ་གཉི་ག་གཞོམ། །ཁ་དོག་དཀར་པོའི་འཁོར་ལོ་ལས། །འོད་ཀྱི་ཟེར་ཡང་ཡང་དག་འབྱུང། །བཟང་པོ་མི་ཤིགས་རྣམས་པ་ཡི། །བདུད་རྩི་རྒྱུན་ཉིད་མཆོད་རྟེན་ནོ། །འདུད་པའི་རྩེ་མོ་ལས་ནི་འཛག། ཡེ་ཤེས་ས་བོན་མི་འཛག་པ། །སྙིང ་གའི་ས་བོན་དུ་ངལ་བསོས། །ཐིག་ལེ་དད་ནི་ཐིག་ལེར་ཐིམ། །པདྨ་ཞེས་པའི་རྩ་རྣམས་ཀྱི། །ཟླ་བ་ཡེ་ཤེས་ཀྱི་དབུས་སུ། །སྙིང་ག་ཡི་ནི་སྟེང་དུ་ནི། །མཐེ་བོང་ཙམ་ནི་ཟླུམ་པོའོ། །ངེས་ཞེས་པ་ནི་སྙིང་ག་ཉིད། །དབུས་ནི་མགྲིན་པའི་ལྟེ་བར་ཏེ། ། ་འཁོར་ལོ་གཉིས་སུ་ཡང་དག་བཤད། །ས་བོན་ཞེས་པ་འོད་ཟེར་འབྱུང། །ཱ་ལི་ཀཱ་ལི་ཞེས་དབུགས་ཀྱི། །རྡུལ་ཕྲན་དུ་ནི་སོང་བའི་མཆོག། དཀར་པོ་ཞེས་པ་སྣང་བསྐྱེད་པ། །ཁ་དོག་སྒྱུ་མ་ལྟ་བུ་བཞིན། །ཟླ་བ་ཞེས་པ་སེམས་ཟླ་བ། །འོད་ཟེར་རྣམ་པར་ཡང་དག ་སྤྲོ། །དེ་ཉིད་ཀྱི་ནི་འོད་ཟེར་ཆོགས། །དབུས་ནི་གནས་ཀྱི་རྒྱུ་རུའོ། །སྒོ་ནི་བུ་གར་རྣམ་པར་བཤད། །དེས་ན་གཞན་ཡང་གདན་དུ་བརྗོད། །ཁོང་སྟོང་རྣམ་པ་བུ་གའོ། །ཐིག་ལེ་ཞེས་པ་སྔོད་པར་བརྟག། དེ་ཡང་འོད་ཟེར་ཚོགས་ཀྱི་ནི། །ནང་དུ་སེམས་ནི་འདི་ལྟ་བུ། ། ་སྐྲ་རྩེ་ལ་སོགས་གོ་སླའོ། །མཚོན་པ་མཚེན་མེད་ཡེ་ཤེས་སྟེ། །མཚན་ཉིད་འདི་ནི་བརྗོད་པ་ཡིན། །ཡེ་ཤེས་ཅན་དེ་རྣལ་འབྱོར་བས། །རྣམ་པར་ཤེས་ལས་དངོས་པོ་འབྱུང། །དེ་ཡི་རང་བཞིན་སེམས་ཅན་རྣམས། ། ་སངས་རྒྱས་འཇིག་རྟེན་རྣམ་གཉིས་དབྱེ། །བལྟ་བ་སྔོན་གྱི་བུ་ག་རུ། །སེམས་ཀྱི་འོད་ཟེར་ཡང་དག་འབྱུང། །དེ་ལྟར་ཐིག་ལེའི་གོ་འཕངས་གནས། །རང་བཞིན་མེད་པ་རུ་ནི་བསམ། །དེས་ན་སེམས་ནི་མཆོད་རྟེན་ཏེ། །གནས་ལྔ་རྣམས་སུ་བརྗོད་པ ་ཡིན། །མཆོད་རྟོན་རྣམ་པར་སོང་བའི་སེམས། །མི་ཤེས་པ་ལ་སྦྱོར་འདི་གསུངས། །མཚན་ཉིད་དངོས་པོའི་གཟུགས་ཀྱིས་སྟེ། །སྙིང་ལ་སོགས་པ་བརྗོད་པར་བྱ། །འདི་ནི་རབ་ཏུ་བརྟགས་པའི་གཟུགས། །བསྒོམ་པས་གོང་དུ་འཕོ་བསམ ་གཏན། །ཚངས་བའི་སྒོ་རུ་ཕྲ་མོ་ནི། །ལུས་ཅན་རྣམས་ཀྱི་དཔྲལ་བ་རུ། །དེ་དབུས་སྙིང་གར་ཞེས་བྱ་ནི། །ཐིག་ལེ་ཞེས་པ་དག་བྱེད་པ། །སྒོ་ཞེས་པ་ནི་རྟེན་ཉིད་དེ། །ལན་ནི་ཡང་དག་རྫོགས་བྱང་ཆུབ། །དེས་ན་ལན་ནི་བཟུང་ཞེས་བྱ། །རྣམ་ཤེས་སྔོན་གྱི ་ཆེན་ཉིད་དོ། །ཡེ་ཤེས་ཤེས་པའི་དངོས་པོའོ། །བླ་མའི་མན་ངག་བསྟན་པར་བྱ། །བསྡུས་པའི་ཕྱིར་ནི་གོང་དུ་འཕོ། །མཆོད་རྟེན་ཞེས་པ་རླུང་ལྔ་རྣམས། །ཡེ་ཤེས་སེམས་དཔའ་དངོས་ཡང། ཨ་པ་དྷཱུ་ཏཱཾ་ཉིད་དབུས་སུ། །ཡེ་ཤེས་སེམས་དཔའ་ཨི་སྙིང ་པོ་རུ། །ཏིང་འཛིན་སེམས་དཔའ་འོག་བལྟས་པའོ། །དེའི་སྙིང་པོར་རབ་བཤད་པ། །སྲོགས་སོགས་ཐིག་ལའི་མཆོད་རྟེན་ཏེ། །དེ་ལྟར་ནམ་མཁའ་ལྔ་དེ་ཉིད། །སྒོ་ཡི་བུ་ག་དེ་བཞིན་ཉིད། །གནས་ལྔ་རྣམས་སུ་བསྒོམ་པར་བྱ། །སྲོག་ལྔའི་དུས་ནི་གཅིག ་པ་ཉིད། །སྙིང་གི་ཐིག་ལེ་རུ་ནི་བཞུག་།ཚངས་པ་ཡི་ནི་སྒོ་རུ་འགྲོ། དོན་དམ་པ་ཡི་སེམས་ནི་འཇག་།དེ་ནི་སྙིང་ཟླའི་དབུས་སུ་འོང། །ཚོགས་རྣམས་ཀུན་ཏུ་རྣམ་པར་ཐིམ། །ཡང་ན་མཐེ་བོར་ཙམ་ནི་ཚད། །ཀུན་ནས་ཟླུམ་པོ་རུ་ནི་འགྱུར། ། ་ཡེ་ཤེས་ཐིག་ལེ་ཁུ་བ་བཟང། །དེ་དབུས་ཇི་ལྟར་བདག་ཉིད་ནི། །ཱ་ལི་ཀཱ་ལི་ས་བོན་ཕྲེང། །འབར་བ་ཡིས་ནི་བསམ་པར་བྱ། །དེ་རུ་གཏུམ་མོ་འབར་འགྱུར་ཏེ། །དེ་ཕྱིར་དེས་ན་འགོག་པ་འབྱུང། །མདོག་དཀར་འོད་ཟེར་རྣམ་པ་ནི། །དེ་ཡི་སྒོ་ནི་ཤིན་ཏུ་ཕྲ། ། ་དེ་ནི་མིང་ཙམ་ཉིད་ཡིན་ཏེ། །ཐིག་ལེའི་མིད་ཏུ་རབ་ཏུ་གྲགས། །ཚངས་པའི་སྒོ་ནས་བྱུང་ནས་ནི། །ཡིད་ནི་ཡིད་ཀྱིས་མཚོན་པར་བྱ། ། བ་དྷཱུ་ཏཱིའི་ཐིག་ལེའི་སྟོ། །ལམ་ནས་འཆོ་ག་ཅན་ན་འགྲོ། །རྩ་མང་པོ་ཡིན་མཁའ་རུ། །རྣམ་པར་ཤེས་པའི་དངོས ་པོ་གཟུང། །བླ་མཱི་ལམ་ལ་ཆགས་པ་མཆོག། ཡེ་ཤེས་འདི་ནི་མངོན་ཤེས་ཉིད། །དེ་ལྟར་ལམ་གྱི་མཆོག་ཉིད་ནི། །བླ་མས་བསྟན་པ་ཡི་ནི་མཆོག་།མན་ངག་མཆོག་གི་ཡེ་ཤེས་ན། །བསྟན་པ་མཉམ་དང་མི་མཉམ་པ། །དེ་ཡང་ལམ་ལས་ཕྱི་མིན་སོགས ་མན་ངག་ལས་ནི་ཕྱི་རོལ་མིན། །བསྟན་བཅོས་མ་གཏོགས་མན་ངག་མེད། །བསྟན་བཅོས་ཉེ་བར་སྤྱོད་ལས་རྙེད། །རྙེད་བློ་ལ་སོགས་པ་ཡི་ཚིག། །མི་བསྟན་བཅོས་སྣ་ཚོགས་པའོ། །སྦྱར་ལ་སོགས་པ་ཇི་སྐད་གསུངས་པ། །བསྟན་བཅོས ་ཐམས་ཅད་ལས་རྙེད་དཀའ་། །ཐབས་ཤེས་པ་ནི་སངས་རྒྱས་ཀྱི། །བསྒོམ་པ་སེམས་ཀྱིས་བྱས་པའོ། །བསྟན་བཅོས་རྣམས་ནི་བསྟན་པ་ཙམ། །མཁས་པ་རྣམས་ཀྱིས་མི་རྟོགས་པ། །མ་ཐོས་པར་ནི་འཇུག་བྱེད་ཅིང། །སློབ་མ་རྣམས་ལ ་སྟོན་པར་བྱེད། །དེ་རྣམས་དམྱལ་བ་རུ་ནི་འགྲོ། རྩོད་དུས་མི་བདེན་པ་སྨྲས་པ། །དེ་ཉིད་ཀྱིས་ན་ཐབས་ཤེས་པའོ། །བླ་མ་ཡོན་ཏན་ཀུན་གྱི་གནས། །རྣལ་འབྱོར་པ་ཡི་བསྙེན་བཀུར་བྱ། །དེ་བཞིན་མི་ཚཧེས་པ་ནི་སྤངས། །དེ་བཞིན་གཤེཌ ་པའི་རྒྱུད་ཀྱི་ཆོས། །བླ་མའི་ཁ་ལས་རྙེད་པར་འགྱུར། །གཅིག་ནས་གཅིག་བརྒྱུད་རིམ་པ་ཉིད། །ལམ་ནི་དེ་བཞིན་བསྟན་པ་ཡིན། །མཁས་པ་རྣམས་ཀྱི་རྗེས་འབྲང་བྱ། །བླ་མ་དེ་ནི་སངས་རྒྱས་མཉམ། །བརྒྱལ་བསྟན ་བཅོས་དམན་ན་ཡང། །མཁས་པས་སྨད་པར་མི་བྱའོ། །དེ་ཡི་མགྲིན་པར་ལམ་ནི་གནས། །སྒྲ་ལས་བྱང་ཆུབ་ཉིད་མི་འོང། །སྒྲ་ཙམ་ལ་ནི་ཞེན་བ་དག་།བྱང་ཆུབ་ལམ་ལས་ཕྱི་རོལ་འགྱུར། །མཉམ་བཞག་ལ ་སོགས་ཚིག་གིས་ནི། །བློ་ལྡན་བསམ་གཏན་སྦྱོར་བ་ཡིས། །དེ་ཡི་བསྒོམ་པའི་དངོས་པོ་ནི། །རྟག་ཏུ་སངས་རྒྱས་སྒྱུ་མ་ཉིད། །མི་གཡོ་སྒྱུ་མའི་སྦྱོར་བ་ཡིས། །དབང་པོ་རྣམས་ནི་འཚེ་བ་ལྔོག་།དེ་བཞིན་དེ་དང་བྲལ་བ་ནི། །ཡིད་ཅེས་བྱ་བ ་ལ་སོགས་རིམ་ཇི་བཞིན། །འདིར་སྙིང་པོར་གོང་དུ་འཕོ་པ་དེ་ཡང་ཡིད་ཀྱིས་བསྒོམས་པ་ཙམ་གྱིས་ནི། །དེས་ན་སྔོན་འགྲོ་བ་ཞེས་པ་ནི་སྔོན་དུ་གསུངས་པའི་སྒོམ་པ་རྣམས་ཡིང་ལ་ས་བྱུང་ངོ། །ཆོས་ཞེས་པ་ནི་ཡིང་ལས་འབྱུང་བ་མེད་པའོ། ། ་དེ་ཡང་ཡིང་ཀྱིས་ངག་ཅེས་པ་ནི་བསྒོམ་པ་བཟང་བོས་དག་པའོ། །ཡིད་ལས་བྱུང་ཞེས་པ་ནི་ཆོས་ཐམས་ཅད་ཡིང་ལས་འབྱུང་བའོ། །དེའི་ཕྱིར་ཡིང་ཀྱི་རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་ལ་ཡིང་ཀྱིས་སྒྲོས་ཤིང་གསལ་བས་ན་ཡིང ་ཀྱི་རྒྱལ་པོའོ། །བཀའ་དྲིན་ཀྱིས་ཞེས་པ་ནི་ཡིད་ཀྱིས་ནུས་པ་གསལ་བར་བྱེད་པའོ། །ཇི་ལྟར་ལུས་ཀྱི་བཀའ་དྲིན་ནི་ལོངས་སྦྱོད་རྒྱས་པས་ལུས་རྒྱས་པར་འགྱུར་རོ། །དེ་བཞིན་དུ་ཡིད་ལ་ཁམས་གསུམ་པ་ཐམས་ཅད་འབྱུང་བའོ། ་དེས་ན་ཆོས་དང་ཆོས་ཅན་དུ་བརྟགས་པའི་ཕྱིར་དག་གི་སྒོ་ནས་བརྗོད་དོ། །ཡང་ན་བྱེད་ཅེས་པ་ནི་ཁམས་གསུམ་པ་སྒྲུབ་པའོ། །དེ་ལྟར་སངས་རྒྱས་ཀྱི་འཇིག་རྟེན་ནོ། །དེ་བཞིན་དུ་ཐ་མལ་པའི་འཇིག་རྟེན་བརྗོད་དེ། དེའི་ཕྱིར་ཞེས་བྱ་བ ་ལ་སོགས་པ་ནིང་ལྟར་གྱི་སེམས་ཅན་རྣམས་ཀྱི་རྒྱ་དང་འབྲས་བུའི་དངོས་པོ་སྤྲོ་བར་བྱའོ། །འདིར་སྔོན་ནས་ཐོག་མ་མེད་པའི་རྒྱུད་ཀྱི་ཕྱིར་མ་རིག་པའི་ཆོས་ཉིད་ཀྱིས་སེམས་ཅན་རྣམས་ཐམས་ཅད་ཡིད་ཀྱི་རང་བཞིན་ནོ། །དེས་ན་སེ་ནཾ ་ཡིང་ལས་བྱུང་ཞེས་པ་ནི་ཡིང་ཀྱི་རྣམ་པར་རྟོག་པ་ལས་གང་བྱུང་བའི་མ་རིག་པའོ། །དེ་ཡང་བློ་ལྡན་ཞེས་པ་མཁས་པས་ཡོངས་སུ་སྤང་བར་བྱའོ། །དེ་ཇི་ལྟར་ཞེན་གསུངས་པ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གལ་ཏེ་མ་རིག་པ་ཡོངས་སུ་སྤང་པར ་འདོད་ན་དེའི་ཚེ་བཟླས་ཞེས་པ་ནི། སྔོན་དུ་གསུངས་གྲི་མཚན་ཉིད་ཀྱི་ཕྱིར་ཨ་བ་དྷཱུ་ཏཱིའི་ནང་དུ་ཡེ་ཤེས་སེམས་དཔའ་ཨི་སྙིང་གའི་ཏིང་ངེ་འཛིན་སེམས་དཔའ་ཨི་སྙིང་གའི་མཆོད་རྟེན་ལྔ་མཚོན་པར་བྱ་སྟེ། །ཡཻས་ཀྱི་བཟླས་བ་བྱ་བའོ། །རྣལ་འབྱོར་བ་ཞེས་པ་ནི་སེན་གྱིས་སོ། །སྙིང་དུ་ཞེས ་བ་ནི་སེམས་ཙམ་གྱིས་སོ། །བས་བྲ?་དུ་མེད་པའི་དངོས་པོའོ། །ངེས་ན་བསྒོམ་པར་བྱ་བའོ། །རགས་པའི་ཕུང་བོ་ལ་སོགས་པ་དང་སྐྱེ་མཆེད་རྣམས་ཐིག་ལེ་བཞིའི་ནང་དུ་ཐིམ་པའོ། །ངེར་ཕུང་པོ་ཕྲ་མ་ཐིག་ལེ་བཞི་ཡང་ནམ་མཁའ་ཨི་ནང་དུ་ཐིམ་པའོ། །དེ་ལྟར་ཕུང་བོ ་ལྔ་ཕྲ་མོ་ལ་ཡང་གཟུགས་ཀྱི་ཕུང་པོ་ནི་པདྨའི་རྩ་བའི་སྣ་ལམ་ལྟ་བུའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོ། །དེ་ལ་ཨ་བ་དྷཱ་ཏཱི་ནི་རྣམ་པར་ཤེས་པའི་ཕུང་པོའོ། །དེའི་ནང་གི་ཡེ་ཤེས་སེམས་དཔའ་ནི་ཚོར་བའི་ཕུང་པོའོ། །དེར་ཏིང་ངེ་འཛིན་སེམས་དཔའ་ནི་འདུ ་ཤེས་ཀྱི་ཕུང་པོའོ། །འདི་ཉིད་དུ་གོང་དུ་འཕོ་བའི་སྒོམ་པ་དེ་ནི་འདུ་བྱེད་ཀྱི་ཕུང་པོའོ། །དེ་ལྟར་བརྡས་མཆོད་རྟེན་ལྡ་རགས་པའི་རྣམ་པ་ཉིད་དུ་དགོངས་སོ། །དེ་བཞིན་དུ་རྒྱུ་ཞེས་བྱ་བ་ལ་སོགས་པ་ལ། རྒྱ་ཞེས་པ་ནི་དེར་ཐིམ་པར་བྱེད་པའི་ཕྱིར་རོ། །གྱུར? ་ཅེས་པ་ནི་གཟུགས་ལ་སོགས་པའོ། །དེའི་ས་བོན་ཞེས་པ་ནི་ཡིང་ཙམ་པ་ཁམས་ལྔའི་བདག་ཉིད་དམ། ཡེ་ཤེས་ལྔའི་བདག་ཉིད་ངོ། །དེས་ན་ཡང་དེ་ཁོ་ནའི་གཟུགས་མིན་ཞེས་པ་ནི། །ཡི་གེའི་གཟུགས་སམ་ཐིག་ལེའི་གཟུགས་ནི་དོན་དམ ་བར་མི་འབྱུང་ངོ། །འོན་ཀྱང་དེ་དག་ཡིད་ཙམ་བརྟག་པའི་གཟུགས་ཀྱི་བ་ག་ཉིད་ངོ། །ཅིའི་ཕྱིར་ཞེ་ན། གསུངས་པ། རྒྱུ་དང་ཞེས་བྱ་བ་ལ་སོགས་པ་ལ། འབྲས་བུ་ཞེས་པ་ནི་རང་རིག་པས་རྫོགས་པའི་བྱང་ཆུབ་ཀྱི་རིམ་པ་མཐོང་བའོ། །དེའི་རྒྱུ ་ཞེས་པ་ནི་བུང་པོའི་རང་བཞིན་ཙམ་མོ་ངེས་ནས་བོན་ཞེས་པ་ནི་མ་རིག་པ་སྤང་པའི་སེམས་ཅན་ལས་རིག་པ་བཟང་པོ་འབྱུང་ལ། །དེ་ལས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔར་རྣམས་འབྱུང་ངོ། །དེའི་ཕྱིར ་དེ་ཡང་དེ་ཁོ་ན་ཉིད་མཐོང་བ་མིན་ཞེས་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དེ་ཁོ་མ་ཉིད་ཀྱི་གཟུགས་ཏེ་དེ་ཁོ་ན་ཉིད་ཀྱི་ཡིད་ལས་བྱུང་བའི་ཕྱིར་རོ། །དེ་ཡང་ལུང་ལས་དེ་རྣམས་ཀྱང་མི་རྟག་པ་སྟེ། གང་གི་ཕྱིར་སེམས་ཅན ་གྱི་རིས་དང། སྲོག་གི་རིས་མི་རྟག་པའི་ཕྱིར་ཏེ། འསྲོག་ཀྱང་འཁྲུལ་པའི་གཟུགས་མི་བདེན་མི་རྟག་པའི་མཚན་ཉིད་དོ། །ཞེས་པའི་ཚུལ་གྱིས་སོ། །དེས་ན་དེ་རྣམས་ཀྱིས་མཐོང་བ་མིན་ཏེ། མཐོང་པ་ནི་ཟད་པའི་དངོས་པོ་ཡིན་པའི་ཕྱིར་རོ། ་ཞེས་པ་སྟེ་ངེས་པའོ། །འདིར་སངས་རྒྱས་ལ་སོགས་པའི་དངོས་པོ་ཐམས་ཅད་མི་རྟག་པའི་གཟུགས་ཅན་ནོ་ཞེས་པ་དེ་ནི་འགལ་ཏེ། འདིར་ཐེག་པ་གསུམ་ལ་སོགས་པ་ཐེག་པ་མཆོག་གི་ཆོས་རྣམས་ཐམས་ཅད་ཀྱི་ནང་དུ་བཅོམ་ལྡན ་འདས་ཀྱིས་གསུངས་ཏེ། འདི་ལྟར་མངོན་དང་མཚན་མ་ལ་སོགས་པའི་ཚུལ་གྱིས་གཟུགས་ལ་སོགས་པའི་རྣམ་པའི་དངོས་པོ་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐྱེད་པའི་རིམ་པས་གྲུབ་པ་མ་ཡིན་ནམ། དེས་ན་འདི་ཇི་ལྟར ་རྫོགས་པའི་རིམ་པ་འབའ་?་ཞིག་གི་བྱང་ཆུབ་བསྒྲུབ་བར་བྱ། །གང་ཡང་སྔགས་བརྦས?་པས་དེ་ཡང་འཇུག་པ་དང་གནས་པ་དང་ལྡང་པའི་ཡི་གེ་གསུམ་གྱི་བརྡས་སྟེན་པའི་ལུང་ལས་གསུངས་ན་དེ་ཇི་ལྟང་ཡིང་ཙམ་གྱིས་ཡིང་ལ་ཡི་གེ ་ལྔ་བཟླས་པ་ཡིན་ཞེས་འགའ་ཞིག་དོགས་པར་འགྱུར་ན། དེ་ལ་བརྗོད་པ་འདིར་དེ་ཐམས་ཅད་ནི་བདེན་ཏེ། འོ་ན་ཀྱང་ངེར་བཅོམ་ལྡན་འདས་ཀྱིས་བཀའ་བརྗོད་པ། གཟུགས་སོགས་ཞེས་བྱ་བ་ལ་སོགས་པ་ལ་འདིར་གཟུགས ་ལ་སོགས་པ་ཞེས་པ་ནི་གང་གི་ཡི་གེའི་དོན་གྱི་ཡི་གེ་རྣམས་ནི་ཨོཾ་ལ་སོགས་པའི་ཡི་གེ་ལྔའོ། །སྲིང་པའི་ལོངས་སྤྱོད་ཞེས་པ་ནི། །འདོར་བའི་ཡོན་ཏན་ལྔའི་ཉེ་བའི་ལོངས་སྤྱོད་རྣམས་སོ། །དེར་གསུངས་པ། ཨོཾ་ཞེས་པ་ནི་གང་བརྗོད་པ། ་ལྷའི་གཟུགས་ནི་ཡང་དག་འབྱུང། །སེམས་ཀྱིས་ཀུན་ཏུ་དམིགས་པ་ནི། །སེམས་ཅན་འདོད་པའི་ཡིད་ནི་ཉིད། ། ཞེས་པ་ཡི་སྐྲ་ཡི་གཟུགས། །དེང་མིགས་པ་ལ་ལྷ་ཡི་སྒྲ། །དེ་ཡང་ཡིང་ལས་བྱུང་པར་འགྱུར། །རྒྱུ་དང་འབྲས་བུའི་གཟུགས ་ཅན་ན། །ཧྭཱི(རྒྱུད་འགྲེལ་པར་བྱེད་པ་ནི། །ལྷ་ཡི་དྲི་ནི་འབྱུང་བར་འགྱུར། ཧཱུཾ་ཞེས་པ་ནི་བདག་བྱས་ཏེ། སྒོམ་པ་བསམ་མིང་མཚན་ཉིད་ལ། །སེམས་ནི་དགའ་ཕྱིར་བ་སྤྲུལ་ངས། རེག་པའི་བདེ་བ་ཡང་དག་འབྱུང། །དེ་བཞིན་དུ་མ་རིག་པ་ཞེས་བྱ་བ་ལ་སོགས་པ་ལ་མ་རིག ་པ་ནི་བག་ཆགས་ཐམས་ཅད་འཛིན་པར་བྱེད་དོ། །ཀུན་གྱི་སྤྱི་བོར་ཡང་དག་གནས་ཞེས་པ་ནི་ཀུན་ཏུ་རྟོག་པ་ཐམས་ཅད་ཀྱི་སྤྱི་པོའོ། །ཞེས་པ་གཙོ་བོའི་མ་རིག་པའི་དབང་གིས་འཁོར་བ་ཉིད་དོ། །རྟག་ཏུ་ཞེས་པ་ནི་ཇི་ལྟར་ས་བོན་ཐམས་ཅད་ཀྱི་རྩལ ་རྣམས་ནི་གཙོ་བོར་བཅུང་འབབ་པ་ཅན་ནོ། །དེ་བཞིན་དུ་ཡེ་ཤེས་ཞེས་རང?་ནི། །གང་ཅུང་ཟད་མཐོང་བའི་མཚན་ཉིང་གནས་སྐབས་འདིར་ཡི་གེ་ལྔ་ཡེ་ཤེས་ཉིད་རྣམ་པར་ཤེས་པའི་ས་བོན་ཏེ་འདོད་པའི་ཡོན་ཏན་ལྔ་རྣམས་ལ་ཡིང ་གཙང་འཇུག་པར་འགྱུར་རོ། །དེ་ལྟར་ཡིང་དེ་ཉིད་ཡི་ཤེས་མཚོན་པ་ཙམ་མ། །དེ་ཡང?་ཤིག་ལའི་སྒྲ་རང་ཨང་དག་ལྡན་ཞེས་པ་ནི་འདིར་ཀུན་རྫོབ་དུས་བོན་ལྔ་ཞེས་པར་བསྡུས་ན་སྔོན་དུ་གསུངས་པའི་དོན་གསལ་བའོ། །དེ་ཡང་སྩ་བ་ནི་ཨུའོ། ། ་ཡེ་ཤེས་ནི་ཧའོ། །རྣམ་པར་ཤེས་པ་ནི་སྤྱི་བོའོ། །དེ་ཉིད་ཀྱིས་ན་ཀུན་གྱི་ཀུན་འཛིན་ཅེས་པ་ནི་ཨ་ཞེས་པ་ཐམས་ཅད་ལ་ཡང་དག་པར་གནས་པར་བརྗོད་པའི་བདག་ཉིད་དོ། །དེ་ཉིད་སྒྲ་དང་ཐིག་ལེས་བརྒྱན་པའོ། ། ་དེ་ལྟར་བསྡུས་པ་ཡི་གེ་ལྔ་ནི་ཧཱུཾ་ཞེས་པའོ། །དེ་བཞིན་དུ་གཟུགས་ལ་སོགས་པའི་ཉེ་བའི་ལོངས་སྤྱོད་ལྔ་ཡིད་ཀྱི་རྣམ་པར་ཤེས་པ་འཁོར་བའི་ལོངས་སྤྱོད་ཀྱི་རྒྱུར་སྤྱོད་པས་སྐྱེ་བ་ལེན་པའི་ཕྱིར་རོ། །དེའི་ཕྱིར་སྔོན་གྱི་ཚུལ་ལ་སོགས ་བས་ཡི་གེ་གསུམ་ཡིད་ཀྱིས་བཟླས་པ་དེ་ལ་དེ་སྐད་ཅེས་བྱའོ། །རྟག་པ་ཞེས་བྱ་བ་ལ་སོགས་པ་ལ་ཉིད་ཅེས་པ་ནི་ངེས་པར་གཟུང་བའོ། །རྟག་པ་ཞེས་བྱ་བ་ལ་སོགས་པ་ནི་བཟླས་པའི་ཁྱད་པར་རོ། །དེ་བཞིན་དུ་ཡེ་ཤེས་ལ་ནི ་རྣམ་ཤེས་ཐིམ་ཞེས་པ་ནི་ཡིད་ཀྱི་བསྒོམ་པས་ཡིད་ཀྱི་རྣམ་པར་ཤེས་པའི་མིང་ཅན་ཡེ་ཤེས་ཏེ། དེ་ལྟར་དེ་ཐིམ་པའི་ཕྱིར་མཚོན་པའི་མཚན་ཉིད་དུ་བྱས་པའི་འབྲས་བུ་མཚོན་པ་མེད་པར་འགྱུར་རོ། །དེས་ན་ཡཻས་ཀྱི་དངོས་པོ་ཞེས་པ་ནི་འཇིག ་རྟེན་པས་རྣམ་པར་ཤེས་པ་མི་མཐོང་བའོ། །འཇིག་རྟེན་ལས་འདས་པ་ཡང་རྣམ་པར་ཤེས་པ་བརྟག་པའི་ཕྱིར་སྒྱུ་མ་ལྟ་བུའི་རྫོགས་པའི་བྱང་ཆུབ་ཀྱི་རིམ་པ་མཐོང་བའོ། །རྣམ་པར་ཤེས་པ་བརྒྱད་ཀྱི་འཇིག་རྟེན་ལས་འདས་པའི་ནང་གི ་ལྟ་བས་གོང་དུ་འཕོ་བའི་མཚན་ཉིད་ཀྱི་སྦྱོར་བ་གོམས་བས་དེའི་ཚེ་སངས་རྒྱས་ཀྱི་སྤྱན་ལ་སོགས་པ་བརྒྱད་སང་དེས་རྒྱ་ཀྱི་ཡེ་ཤེས་རྣམས་བསྟན་པའི་ཕྱིར། དེའི་མཚན་ཉིད་བསྟན་པ་གསུངས་ཏེ་མར་མེ་ལྟ་བུ་ཞེས་བྱ་བ་ལ་སོགས ་པ་ལ། ཐམས་ཅད་ཞེས་པ་ནི་དམྱལ་བའི་ནང་དུ་གནས་པའི་དངོས་པོ་ཐམས་ཅད་དེའི་མིག་གི་རྣམ་པར་ཤེས་པས་མར་མེའི་རྣམ་པ་ལྟ་བུར་མཐོང་བའོ། །དེ་ཡང་དམྱལ་བ་རྣམས་ཐར་པའི་རྒྱུར་སྙིང་རྗེ་གཙོར་མཛད་དོ། །དེ་བཞིན་དུ ་མཁའ་སྣང་བ་ཞེས་པ་ནི་བྱོལ་སོང་གི་འགྲོ་བ་ལ་ཁྱབ་པའི་རྣམ་པར་ཤེས་པས་རྣམ་པར་བཅོམ་ནས་མཐོང་བའོ། །རྒུལ་ཞེས་པ་ནི་འོད་ཟེར་རྣམས་སོ། །དེ་བཞིན་དུ་རྡུལ་ཀར་ཞེས་བྱ་བ་ལ་སོགས་པ་ནི་ཙ་ན་ཀའི་རི་ལུ་ལྟ་བུར་འོད་ཟེར་རྣམས་སྣའི་རྣམ ་པར་ཤེས་པ་ལས་བྱུང་ནས་ཡི་དགས་ཀྱི་འགྲོ་བ་རྣམས་རྣམ་པར་འཇོམས་པའོ། །དེ་ཉིད་ཉོན་མོངས་འཇོམས་ཞེས་པ་ནི་སྔོན་གྱི་བག་ཆགས་ཀྱི་མིང་རྣམས་ཀྱང་རྣལ་འབྱོར་པ་རྣམས་ཀྱི་ཞེས་པ་མིའི་ལུས་ལས་བྱུང་བའོ། །དེས་ན་ཡང་མི་རྣམས་ཀྱི་ལུས་ཀྱི ་གཟུགས་སྣ་ཚོགས་པ་བདག་ཉིད་ཀྱི་རྣམ་པར་ཤེས་པའི་མཚན་ཉིད་ཀྱིས་མཐོང་བར་འགྲོ་བ་དེ་རྣམས་བཅོམ་པས་དེ་ཐམས་ཅད་སྟོང་པའི་སྐུར་མཐོང་བའོ། །དེ་བཞིན་དུ་འདོད་པ་ཞེས་བྱ་བ་ལ་སོགས་པ་ནི། འདོད་པ་ན་ཀུན་ཏུ་སྤྱོད་པའི་གནས་བཅུ ་གཅིག་པོ་ལུས་ཀྱི་རྣམ་པར་ཤེས་པས་མཐོང་བ་འགྲོ་བ་འགོག་པའི་ཕྱིར་དེའི་རང་བཞིན་གྱི་ཕྱིར་ལོངས་སྤྱོད་ཅེས་པ་ནི་རང་ཉིད་སྤྲུལ་པའི་སྐུའི་ཕྱིར་རོ། །དེ་བཞིན་དུ་གཟུགས་ཞེས་པ་ནི་གཟུགས་ཀྱི་ཁམས་ཀྱི་བདག་ཉིད་ཀྱི་ལྷ་རྣམས་མི་ཡིད་ཀྱི་རྣམ་པར ་ཤེས་པའི་བདག་ཉིད་དེ་དེ་རྣམས་ཀྱང་སྒྱུ་མའི་གཟུགས་ཅན་མཐོ་རིས་ལ་ལོང་སྤྱོད་པར་མཐོང་ངོ། །དེ་ལྟར་སེམས་ཀྱིས་མཐོང་ཞེས་པའི་ཚུལ་གྱིས་གནས་བཅུ་དྲུག་གི་ལྷ་རྣམས་གཟུང་ངོ། །དེ་ལྟར་མ་བཟུངས་ཀྱང་སྔོན་དུ་གསུངས་པའི་མིག་ལ་སོགས ་པའི་རྣམ་པར་ཤེས་པ་རྣམས་རྟོགས་པར་བྱའོ། །དེ་ལྟར་ཡང་དྲུག་པ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་མེད་པའི་ཁམས་ཀྱི་ལྷ་རྣམས་བཞི་པོ་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པའི་དངོས་པོ་མཐོང་ངོ། །གང་གི་ཕྱིར་ཚོར་བསྟོང་པ་དེ་ལ་དེ ་སྐད་ཅེས་བྱའོ། །དེ་བཞིན་དུ་བདུན་པ་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱི་དབྱིངས་ཉིད་ཅེས་པའི་ཀུན་གཞི་རྣམ་པར་ཤེས་པའི་རང་བཞིན་དམིགས་པ་མེད་པའི་ཕྱིར། ཆོས་ཀྱི་དབྱིངས་ཏེ་དེ་ལ་ཆོས་རྣམས་ཐམས་ཅད་འབྱུང་བ་དེ་རྣམས་འགོག ་པའི་ཕྱིར་རོ། །བརྒྱད་པ་ཞེས་བྱ་བ་ལ་སོགས་པ་ནི་ཇི་སྐད་དུ་གསུངས་པ་བཞིན་དུ་འགྱུར་ཏེ་གཞན་དུ་མ་ཡིན་ཞེས་པ་སྟེ་དེས་པའོ། །དེ་བཞིན་དུ་གོང་དུ་འཕོ་བའི་མཚན་ཉིད་ཀྱིས་རྣལ་འབྱོར་པ་རྣམས་ཀྱི་སངས་རྒྱས་ཉིད ་ཀྱི་འབྲས་བུར་འགྱུར་ཏེ། རང་གི་རང་བཞིན་ཡོངས་སུ་ཤེས་པའི་ཕྱིར་རོ། །དེ་ལྟར་རྣམ་པ་དང་བཅས་པའི་སྒོམ་པ་ལས་ཤིན་ཏུ་ཟབ་པའི་མཐར་སྣང་བ་མེད་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་སུ་བརྗོད་པ་བསྟན་ཏོ། །འདིར་ནི་བཅོམ་ལྡན་འདས་ཀྱིས་མདོར ་བསྟན་པའི་ཕྱིར་སྔོན་དུ་ཞུས་པ་གསལ་བའི་དོན་ཏོ། །ད་ནི་སྔོན་དུ་གསུངས་པའི་སྟོང་པ་ཉིད་རང་ཉིད་ཀྱིས་ཉམས་སུ་མྱོང་བའི་དངོས་པོའི་ང་རྒྱལ་ཙམ་གྱིས་སེམས་དྲི་མ་མེད་པའི་ཕྱིར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་རྣམ་པར་དག་པ ་བརྗོད་དེ། རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སྙིང་པོ་ཞེས་བྱ་བ་ནི་རྡོ་རྗེ་སྙིང་པོ་ལ་བོད་པའོ། །བཅོམ་ལྡན་འདས་དེ་ཉིད་རྡོ་རྗེ་སྙིང་པོ་སྟེ་དེ་ཉིད་ཀྱིས་ན་བརྩ་བ་ཆེན་པོ་ཞེས་པ་ནི་སྙིང་རྗེའི་སྒོ་ནས་བོད་པའོ། །དེ་ཡང་སྙིང་རྗེ་ནི་ཐོས་པ་ལ ་སྦྱོར་བའོ། །དེ་ཅི་ཞེ་ན་དངོས་པོ་ཞེས་བྱ་བ་ལ་སོགས་པ་ནི་ཀུན་གཞི་རྣམ་པར་ཤེས་པའི་ནང་དུ་གནས་པ་ཆོས་ཀྱི་དབྱིངས་ཀྱི་ཀུན་གཞི་རྣམ་པར་ཤེས་པ་ལས་དངོས་པོ་ཐམས་ཅད་འབྱུང་བའི་ཕྱིར་དེ་རྣམས་ཀྱི་རྣམ་པར་དག་པ་སྔོན་དུ་མཚན་མའི ་མཚན་ཉིད་ཀྱིས་མཚོན་པར་ཆོས་ཀྱི་དབྱིངས་ཏེ། དེ་ཡང་དེ་བཞིན་ཉིད་ཡང་དག་པའི་མཛའ་ཨོ། །ཕྱི་ནས་རེ་རེའི་ཞེས་པ་ནི་ལུས་ཀྱི་དངོས་པོའི་ཕྱིར་ཁམས་བཞི་ལ་སོགས་པའི་རང་བཞིན་གྱི་ཕྱིར་སོ་སོར་ཡོངས་སུ་བརྟག་པ་རབ་ཏུ་བརྗོད ་པའོ། །ནི་ནི་དེས་པར་གཟུང་བའོ། །ལྷ་རྣམས་ཀྱི་ཞེས་པ་ནི་རགས་པའི་རྣམ་པ་ཉིད་རྣམ་པར་ཤེས་པ་བརྒྱད་དང་སྔོན་དུ་གསུངས་པའི་ཕྲ་མོ་འདིར་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལྷ་རྣཾ་ཏེ་དེ་རྣམ་ལས་བྱུང་བ་སྒྱུ་མའི་རྣམ་པའི་རང ་བཞིན་ནོ། །དེ་ཡང་སྣང་བ་ཙམ་དེ་བཞིན་ཉིད་ཀྱི་རང་བཞིན་ནོ། །དེའི་ཕྱིར་རྩ་རྣམས་ཀྱི་ཕུང་པོ་ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་པ་རྣམས་ཀྱི་ཕུང་པོ་ངང་ཁམས་དང་སྐྱེ་མཆེད་ལ་སོགས་པའམ། སེམས་ཅན་རྣམས་ཀྱི་རང་བཞིན་ཞེས་པ་བརྟགས ་ན་སྟོང་བ་སྟེ་བོང་བུ་རྡུལ་ཕྲ་རབ་བཞིན་དུ་བལྟ་བའོ། །རྣམ་པར་དག་པ་ཞེས་པ་ནི་རྣལ་འབྱོར་པའི་འཇིག་རྟེན་ནི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དོ། །དེ་བཞིན་དུ་བྱིས་པ་རྣམས་ཀྱི་མི་ཤེས་ཞེས་པ་ལ་སོགས་པ་ནི་ཉོན་མོངས་བ་ཅན་མ་ཡིན་པ ་མི་ཤེས་པ་ཤེས་བྱའི་སྒྲིབ་པའོ། །ཉོན་མོངས་ཨ་ཞེས་པ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་སྒྲིབ་པའོ། །དེ་དག་གིས་བསྒྲིབས་ཤིང་དྲི་མ་ཅན་དུ་བྱས་པ་རྣམས་པར་སྤྱད་པའོ། །དེ་རྣམས་ཀྱི་བློ་བུར་བའི་དྲི་མ་བསལ་བའི་དོན་དུ་སྐྱེ་སྟེ། ་མི་ཤེས་པ་དེ་རྣམས་ཀྱི་དྲི་མ་བསལ་བའི་ཕྱིར། ཐབས་གང་གིས་སྦྱང་བ་འདིར་གསུངས་པ། རང་རིག་ཞེས་བྱ་བ་ལ་སོགས་པ་ནི་འདིར་སྔོན་དུ་བཤད་པའི་རང་རིག་པ་དེའི་རང་བཞིན་དེས་རྣམ་པར་དག་ཅེས་པའི་དོན་ཏོ། །དེ་ཅི་ཞེ་ན་གསུངས་པ། གཞན ་དུ་ཞེས་བྱ་བ་ལ་སོགས་པ་ནི་གང་གི་ཕྱིར་རང་རིག་པ་ལས་གཞན་པའི་རྣམ་པར་དག་པའི་ཁྱད་པར་དུ་དག་པར་མི་བརྗོད་དེ། བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པས་རྣམ་པར་དག་པ་ཞེས་པའི་དོན་ཏོ། །འོ་ན་དེ་རྣམ་པར་དག ་པའི་འབྲས་བུར་གྱུར་པ་དེ་ནི་ཡུན་རིང་བོའི་དུས་སུ་བསྒོམས་ཤིང་ལམ་འདི་ལ་དམིགས་པ་ཡིན་ན་སྔོན་དུ་ཇི་ལྟར་རང་བཞིན་གྱིས་ཐམས་ཅད་དག་པར་འགྱུར། དེས་ན་གསུངས་པ། ཡུལ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི། ཡུལ་དང་དབང་པོ ་ལ་སེགས་པ་རང་རིག་གི་ཤེས་པ་དམིགས་པའི་ཕྱིར། དེ་རྣམས་ཀྱི་རང་རིག་པའི་བདེ་བའི་མཆོག་དོན་དམ་པ་ཞེས་པའི་དོན་ཏོ། །དེ་ཅི་ཞེ་ན་གསུངས་པ། དངོས་དག་ཕྱིར་ཞེས་པ་ནི་དག་པ་དེ་རྣམས་ཀྱང་གཉིས་མེད་པ་སྟོང་པའི་རང་གི་ངོ་བོ་རེག ་པ་བྱེད་པ་ཉིད་ཀྱིས་ན་སྟོང་པ་ཉིད་ཉམས་སུ་མྱོང་བའི་རང་བཞིན་གྱི་ཕྱིར་རོ། །དངོས་པོ་ཡང་སེམས་བསྐྱེད་པའི་ངོ་བོའི་ཕྱིར་དངོས་པོ་དག་པ་སྟེ་དེ་མེད་པ་ནི་དེ་ཁོ་ན་ཉིད་དོ། །དེའི་ཕྱིར་སྟོང་པ་ཉིད་ཉམས་སུ་མྱོང་བ་ཐུན་མོང ་གི་འབྲས་བུར་གྱུར་པ་རང་རིག་པའི་བདེ་བ་ནི་ཤེས་བྱ་ཐམས་ཅད་དང་དབྱེར་མེད་པའི་ཕྱིར་ཞེས་དགོངས་སོ། །དེ་ཉིད་ཀྱིས་ན་སྟོང་པ་ཉིད་ཀྱི་ཆ་དེ་བཞིན་ཉིད་ཁོ་ན་ཉིད་དོ། །དངོས་པོ་རྣམས་ཀྱི་སྟོང་པ་དངོས་པའི་ཆ་རྣལ་འབྱོར་མའི་འཁོར་ལོ ་ལ་དམིགས་པའི་དེ་བྱེ་བས་ཉམས་སུ་མྱོང་བའི་དབྱེ་བའོ། །རྣལ་འབྱོར་མའི་དབྱེ་བས་སོ་སོར་དམིགས་པ་རྣམས་ཀྱི་དེ་ཁོ་ན་ཉིད་དོ། །ཡང་ན་དེ་བཞིན་གཤེགས་པའི་དམིཊ་པའི་དབྱེ་བས་ཉཾ་སུ་མྱོང་བའི་དབྱེ་བ་ནི་དེ་བཞིན་གཤེགས་པའི་དབྱེ ་བ་སྟེ་སོ་སོར་དམིགས་པ་ཞེས་པ་དེ་ལ་དེ་སྐད་ཅེས་བྱའོ། །འོ་ན་གང་དག་སྔོན་པ་དང་སེར་པོ་ལ་སོགས་པའི་དབྱེ་བའི་རྣམ་པས་རྣལ་འབྱོར་པ་རྣམས་ལ་དངོས་པོ་སྣང་བ་དེ་ཇི་ལྟར་རྣམ་པར་དག་ཅེ་ན། དེས་ན་གསུངས་པ་གཟུགས་ཅེས་བྱ་བ ་ལ་སོགས་པ་ལ་གཟུགས་སོགས་ཡུལ་ཞེས་པ་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་སོ། །གཞན་ཞེས་པ་ནི་དེ་བཞིན་ཉིད་དེ་དག་ཡང་དག་པར་རིག་པའི་མཚན་ཉིད་དང་བྲལ་ཞེས་པའི་དོན་ཏོ། །རྣམ་པར་དག་པའི་དངོས་པོ་ཞེས་པ་ནི་རྣམ་པར་དག ་པའི་རང་བཞིན་ནོ། །དེ་ཅི་ཞེ་ན་གང་གི་ཕྱིར་འགྲོ་བ་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་ཏེ། འདི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བའི་རིམ་པ་བཞིང་ཟུགས་ཐམས་ཅད་དང་སྒྲ་ཐམས་ཅད་དང་སེམས ་ཀྱི་གཡོ་བ་ཐམས་ཅད་དང། ཆོས་ཀྱི་དབྱིངས་སོབ་བས་ན་སེམས་ཅན་གྱི་ཁམས་ཀྱང་དེ་བཞིན་གཤེགས་པའོ། །འདིར་གལ་ཏེ་སེམས་ཅན་གྱི་ཆོགས་དེ་རྣམས་ཀྱང་དེ་བཞིན་གཤེགས་པའི་གསང་བའི་རྗེས་སུ་སོང་བ་དེ་ཁོ་ན་ཉིད་ཀྱིས་རྣམ ་པར་སྦྱངས་བས་མ་དག་པ་ཅུང་ཟད་མེད་ཅེས་པས་བགྲོས་ནས་ཞུས་པ། ཀྱེ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། ཅིའི་སླད་དུ་ཞེས་པ་ནི་རྒྱུ་གང་གིས་ཞེས་པའི་དོན་ཏོ། །གཟུང་བ་ཞེས་བྱ་བ་ལ་སོགས་པ་ནི་འདིར་གང་དག་འཇིག ་རྟེན་པའི་མིག་ལ་སོགས་པས་ཡུལ་རྣམས་ལ་དམིགས་ཤིང་བདག་ཏུ་འཛིན་པ་ནི་དམྱལ་བ་ལ་སོགས་པའི་རྒྱུ་སྟེ། དེ་ཐམས་ཅད་ལྷའི་གཟུགས་ཉིད་ཀྱིས་སྦྱངས་པའི་དོན་ཏོ། །དེ་ཉིད་གསུངས་པ་བསྟེན་བྱ་ཞེས་བྱ་བ་ལ་སོགས་པ་ནི། གང ་དག་མ་དག་པ་དེ་དག་ཐཾ་ཅད་དུས་ཐཾ་ཅད་དུ་སྦྱང་བར་བྱའོ། །འདི་དག་ཅེས་པའི་ཚིག་ནི་གཟུགས་ཞེས་བྱ་བ་ལ་སོགས་པ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་ལ་རྣམ་པར་སྣང་མཛད་ལ་སོགས་པའི་ལྷའི་གཟུགས་བཀོད་ཅིང ་ཡོངས་སུ་བརྟགས་ནས་རང་དགར་རྣམ་པར་སྤྱོད་པའོ། །ཡང་ན་དེ་ལྟར་མི་བྱེད་ན་དེའི་ཆོ་བདེ་བཞེས་བྱ་བ་ལ་སོགས་པ་ནི་ཐ་མལ་པའི་སེམས་ཅན་རྣམས་ཀྱི་སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་དབང་གིས་མཐོ་རིས་ཀྱི་འདོད་པའི་འབྲས་བུ ་ལ་ཉེ་བར་ལོངས་སྤྱོད་པ་ཐོབ་ཅིང་བདེ་བ་ལ་ལོངས་སྤྱོད་དོ། །སྡུག་བསྔལ་ཞེས་པ་ནི་སེམས་ཅན་ལ་གནོད་པ་བྱས་པས་དམྱལ་བ་ལ་དསོགས་པའི་འབྲས་བུ་སྡུག་བསྔལ་ལ་ལོངས་སྤྱོད་དོ། །དེ་བཞིན་དུ་ཡང་ཞེས་པ་ནི་མདོར་ན་སེན་རྣམས་ཀྱི་རྟེན་ཅིང? ་འབྲེལ་པར་འབྱུང་བའི་ཕྱིར་ལས་དང་ཉོན་མོངས་པ་ལ་སོགས་པའི་དགྲས་སྡུག་བསྔལ་གྱིས་འཁྲོ་བར་འཁོར་ཏེ་དེ་ལྟར་སྐྱེ་བ་ལ་སོགས་པའོ། །འཇིག་པ་ཞེས་པ་ནི་འཆི་བ་སྟེ། དགེ་བའི་གྲོགས་མཆོག་དང་བྲལ་བས་སོ། །དེ་བཞིན་དུ་སྲིད་པ ་ཞེས་པ་ནི་དགེ་བའི་གྲོགས་མཆོག་བརྙེས་པ་རྣམས་ཀྱིས་ཀུན་རྫོབ་ཀྱི་བདེ་པའི་རང་བྱིན་གྱིས་བརླབ་པ་མངོན་སུམ་དུ་བྱེད་པའོ། །མྱ་ངན་ལས་འདས་པ་ཞེས་པ་ནི་དོན་དམ་པའི་འོད་གསལ་བའི་ཡེ་ཤེས་ལ་མོས་པས་མངོན་དུ་བྱེད་པའོ། །དེ ་ལྟར་བདེན་པ་གཉིས་ཀྱིས་གྲོལ་བར་འགྱུར་གྱི་གཞན་དུ་ནི་མ་ཡིན་ཞེས་པ་ནི་ངེས་པའོ། །དེ་ལྟར་ཡང་གསུངས་པ། སྒྱུ་མ་ལྟ་བུའི་ཏིང་འཛིན་ཡང། །བདེན་པ་ལ་བརྟེན་བྱང་ཆུབ་ཉིད། །འོད་གསལ་ལ་ནི ་མོས་པ་ཡིས། །རྣལ་འབྱོར་པ་སྲིད་ཟད་པར་བྱ། །རང་བྱིན་བརླབ་པའི་རིམ་པ་ཉིད་དང། །ཟུང་དུ་འཇུག་པའི་ཏིང་འཛིན་གྱིས། །མ་ལུས་སངས་རྒྱས་གཟུགས་སུ་ཡང། །ཕུང་པོ་ལ་སོགས་དག་པས་བལྟ། །རྣལ་འབྱོར་པ་ནི་སངས་རྒྱས ་ཉིད། །དེ་ཉིད་ལ་སོགས་བསྒོམས་པས་མཐོང། །སེམས་ཅན་རྣམས་ནི་དེ་དག་ཕྱིར། །སྲིད་ལ་ཞེན་པ་མེད་པར་བྱ།། །།ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་ལྔ་པའི་རབ་ཏུ་བྱེད་པ་གཉིས་པ་ཕུང་པོ་དང་ཁམས་དང་སྐྱེ ་མཆེད་ལ་སོགས་པ་རྣམ་པར་དག་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བ་དྲན་པའི་སྣང་བ་ཞེས་བྱ་བའི་གཞུང་བསྟན་པ་སྟེ་གཉིས་པའོ།། །།ད་ནི་སྤྱོད་པས་འཁྱུད་པའི་བླ་ན་མེད་པའི་རབ་ཏུ་བྱེད་པ་བསྟན་པའི་ཕྱིར། །བྱང ་ཆུབ་ལ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་གང་གི་ཚེ་རྣལ་འབྱོར་པ་རྣམས་ཀྱི་སྤྱོད་པ་དང་བྲལ་བའི་ཕྱིར། ཕྱི་དང་ནང་གི་དངོས་གྲུབ་མེད་དོ། །དེས་ན་རབ་བཤད་དེ་ཞེས་པ་ནི་ཡང་དག་པའི་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རོ། ། ་སྤྱོད་པ་ནི་སྤྱོད་པའི་ཚུལ་གྱིས་དེའི་རང་བཞིན་དུ་འགྱུར་བའོ། །དེའི་ཕྱིར་རྟོག་པའི་དགྲ་རྣམས་འཇོམས་པའི་ཞེས་པ་ནི་ཀུན་ཏུ་རྟོག་པཱི་རྣར་རྟོག་པ་སྣ་ཚོཊ་པཱི་དགྲ་དེ་རྣམས་འཇོམས་ཤིང་སྤྱོད་པའི་ཏིང་ངེ་འཛིན་གྱིས་བསྲུབ་ཅེས་པའི་དོན་ཏོ། ། ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་སྤྱོད་པའི་རྣལ་འབྱོར་པས་སྤྱོད་པའི་ཕྱིར་སེམས་ལས་ཆོས་བཟང་པོ་ཡང་དག་པར་འབྱུང་བའོ། །དེ་ཉིད་ཅེས་པ་ནི་རྣམ་པར་མི་རྟོག་པས་གཟུང་བ་འཆད་བཞིན་པའོ། །དེའི་ཕྱིར་སྤྱོད་པ་བླ་ན་མེད་པ་ཞེས་པ་ནི ་གཞན་དབེ་དང་བྲལ་བ་ཡང་དག་པའི་བྱང་ཆུབ་ཀྱི་ལམ་གྱི་རྗེས་སུ་འབྲང་བ་དེ་ལ་སྐད་ཅེས་བྱའོ། །དེ་ཉིད་ཀྱིས་ན་ཕན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སངས་རྒྱས་ཀྱི་སྲས་ད་ལྟར་བྱུང་བའི་ལས་དང་པོ་པ་རྣམས་དང་རྫོགས་པའི་བྱང་ཆུབ་ལ ་གནས་པ་གཉི་ག་ལ་ཕན་པར་བྱེད་པའི་སྤྱོད་པའོ། །དེ་ཡང་དེ་ཁོ་ན་ཉིད་ཅེས་པ་ནི་རང་རིག་པའི་ཤེས་སོ། །ཅིའི་ཕྱིར་ཞེ་ན། གསུངས་པ། ལུས་མེད་རྡོ་རྗེ་ཞེས་པ་ནི་འདོད་ཆགས་ཆེན་པོའི་རྡོ་རྗེ་བདེ་བ་ཆེན་པོའི་ཡེ་ཤེས་ལ་ཞི་བ་ལས་འདས ་པའི་རྟོག་པའི་བདེན་པ་སྤངས་པའོ། །དེ་ཉིད་ཀྱིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ནི་ཆོས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པའི་རང་བཞིན་མཆོག་ཅེས་བརྗོད་པའི་ཕྱིར་རོ། །དེ་ཇི་ལྟ་བུར་གྱུར་པ་ཡིན་ཞེ་ན། དེ་ཉིད་གསུངས་པ། སྐྱེ་བ ་ཞེས་བྱ་བ་ལ་སོགས་པ་ནི་སྐྱེ་བ་བརྒྱུད་པའི་སྡུག་བསྔལ་ཆེན་པོའི་རྒྱ་མཚོའོ། །འཇིགས་པ་ཞེས་པ་ནི་ལས་ཀྱི་ཆུ་སྲིན་ལ་སོགས་པས་དཀྲིས་པའོ། །དགའ་བ་ཞེས་བྱ་བ་ལ་སོགས་པ་ནི་ཉོན་མོངས་པའོ། །དེ་བཞིན་དུ་སྒྲོལ ་བྱེད་པ་ཞེས་པ་ནི་སྤྱོད་པ་དེས་སོ། །གྲུ་བཞིན་དུ་ཞེས་པ་ནི་གྲུ་བཞིན་དུ་སེམས་ཅན་ཐམས་ཅད་བདེ་བར་སྒྲོལ་བས་ཤེས་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་མྱུར་དུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་བཞིན་དུ་དེ ་བཞིན་གཤེགས་པ་རྣམས་ཀྱི་ཕན་ཡོན་གྱི་སྒོ་ནས་སྤྱོད་པ་བསྟན་པའི་ཕྱིར་ལྷ་མིན་དགྲ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་ཞེས་པ་ནི་དེ་བཞིན་གཤེགས་པས་སྤྱད་པའི་སྤྱོད་པས་སོ། །དེ་བཞིན་དུ་ལྷ་མིན་དགྲའི་འཁོར་ལོ ་ཞེས་པ་ནི་ཁྱབ་འཇུག་གོ། གྲོང་ཁྱེར་གསུམ་དགྲ་ཞེས་པ་ནི་ཞེ་བྱེད་དོ། །དེ་བཞིན་དུ་ཚངས་པ་དང་སོགས་པའི་སྒྲས་ལྷ་དང་མི་ལ་སོགས་པ་དེ་རྣམས་ཀྱིས་མཆོད་པའི་འགྲོ་བའི་སྟོན་པའོ། །སྡིག་འཇོམས་ཞེས་པ་ནི་སྡིག་པ་རྣམ་པར ་འཇོམས་པའོ། ། བ་དྷཱུ་ཏཱིའི་སྤྱོད་པ་ཞེས་པ་ནི་ཨ་བ་དྷཱ་ཏཱིའི་རྗེས་སུ་སྤྱོད་པའི་ཕྱིར་རོ། །ལྷག་མ་ནི་གོ་སླའོ། །བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ལ་སོགས་པ་ལ་བཟང་པོ་ཞེས་པ་ནི་བཞི་པ་ལས་འདས ་པའོ། །བསམ་གྱིས་མི་ཁྱབ་ཅེས་པ་ནི་གཉིས་མེད་པའི་གཉིས་མེད་པའོ། །གནས་པ་ཞེས་པ་ནི་རང་རིག་པའོ། །རབ་གསང་བསྒོམ་ཞེས་པ་ནི་སྲོག་བླ་ན་མེད་པར་ཐིམ་པ་སྔོན་དུ་རྒྱས་པར་གསུངས་པའི་ཕྱིར་རོ། །སྒོམ་ཞེས་པ་ནི་བྱ ་བའོ། །རྣལ་འབྱོར་པ་ཞེས་པ་ནི་སྲོག་ལ་བརྟེན་པའི་ཡེ་ཤེས་སོ། །ཡང་དག་སྤྱད་ཅེས་བྱ་བ་ནི་དབང་པོའི་སྒོ་ནས་སྔོན་བཞིན་མཚན་མ་བརྒྱད་མཐོང་བའི་ཚུལ་གྱིས་ཡང་དག་པར་སྤྱད་པས་རྣམ་པར་དག་པ་ཞེས་ཏེ་ངེས་པའོ། །དེས ་ན་བྱ་ཞེས་པ་ནི་དེར་ཅི་ཞིག་བྱ་ཞེ་ན། གསུངས་པ། རྟོག་པ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་ཙམ་གྱི་རྟོག་པ་དེ་ཡང་སྤང་བར་བྱ་ཞེས་སྦྱར་རོ། །ད་ནི་ཨ་བ་དྷཱུ་ཏཱི་པ་རྣམས་ཀྱི་རྣལ་འབྱོར་རྣམ་པར་བཞག་པ་བསྟན་པའི་ཕྱིར། །དང་པོ ་ཞེས་བྱ་བ་ལ་སོགས་པ་གསུངས། །མོས་པའི་དུས་སུ་ཇི་སྲིད་མངོན་སུམ་དུ་བསམ་གཏན་གསལ་བར་མི་འགྱུར་བ་དེ་སྲིད་དུ་མན་ངག་བསྒོམ་པ་ཡང་དང་པོ་རྩོམ་པས་རྒྱུ་མཐུན་པའི་འབྲས་བུའི་ཚུལ་ཉིད་སྐྱེ་བའི་རྣལ་འབྱོར ་པ་རྣམས་ཀྱིས་ཞེས་པའི་དོན་ཏོ། །དེ་ནས་ཞེས་པ་ནི་དེའི་ཕྱིར་སྒོམ་པ་རྣམ་པར་ཐིམ་ནས་རྣམ་པར་སྨིན་པའི་འབྲས་བུར་འགྱུར་བའོ། །དེ་བཞིན་དུ་ཉེར་བསྡུས་ཞེས་བྱ་བ་ལ་སོགས་པ་རང་ཉིད་འགྱུར་ཞེས་པའི་མཐར་ཐུག་པའི་སྐྱེས་བུ ་བྱེད་པའི་འབྲས་བུ་སྟེ། ཕྱིས་པ་གཞོན་ནུའི་གཟུགས་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་དངོས་གྲུབ་ཅེས་པ་ནི་རབ་ཀྱི་མཐར་ཐུག་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དྲི་མ་མེད་པར་སོན་པའོ། །དེའི་ཕྱིར་རབ་ཏུ་གྲུབ་པའོ། །མ་ལུས་ཞེས ་པ་ནི་ལུས་པ་མེད་པའོ། །སྣ་ཚོགས་པ་ནི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྤྱོད་པ་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་ལས་སྐྱེས་པའོ། །བླ་མེད་ཅེས་པ་ནི་ཆོས་ཀྱི་དབྱིངས་མཉམ་པ་དེ་ལ་དེ་སྐད་ཅེས་བྱའོ། །ཀུན་ཏུ་བཟང་པོ་བདེ་བ་ཆེན ་པོའི་སྐུས་གཞལ་དུ་མེད་པའི་དངོས་གྲུབ་སྐྱེད་པར་བྱེད་པ་འོད་གསལ་བ་ཞེས་པའི་སྤྱོད་པས་སོ། །འགྲུབ་ཅེས་པ་ནི་གང་རྣལ་འབྱོར་སྒོམ་པ་པོ་དེ་ཉིད་དུ་མི་འགྱུར་ཏེ། རྡོ་རྗེ་ཅན་ཞེས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཞེས་པ་དབང་ཕྱུག་ལ་སོཊ ་པའི་ཡོན་ཏན་དྲུག་དང་ལྡན་པས་བྷ་གའི་སྦྱོར་བ་དང་ལྡན་པར་ངེས་པའོ། །དེའི་ཕྱིར་འགྲོ་བ་ཞེས་པ་ནི་དང་པོའི་སངས་རྒྱས་རྒྱུ་མེད་པའི་གྲོ་བ་ལས་དང་བར་བྱུང་བ་སྔོན་དུ་གསུངས་པའི་རྡོ་རྗེ་འཆང་དེ་ཉིད་གང་གི་ཕྱིར་སློབ་དཔོན་ཏེ། ཁམས་གསུམ ་པོ་སྤྲུལ་པ་བསྟན་པ་དང་སྟོན་པ་པོ་ཉིད་ཀྱི་ཕྱིར་ཤིན་ཏུ་ཡང་མཚན་པ་ཉིད་ཀྱི་ནའོ། །ཕྱག་བྱས་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གསང་བའི་ཞེས་བྱ་བ་ལ་སོགས་པ་ནི་ང་ལྔའི་སློབ་དཔོན་གྱིས་དེ་དེ་བཞིན་དུ་བྱ་བའོ། །དེ་བཞིན་དེ་ནས ་ཞེས་བྱ་བ་ལ་སོགས་པ་དེའི་ཕྱིར་སྤྲུལ་པའི་སྐུ་དང་འདོད་པ་ཞེས་པ་བདག་ལ་རང་དབང་ཐོབ་པར་འགྱུར་བའོ། །ལྷག་མ་དགོས་པ་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་ལྔ་པའི་རབ་ཏུ་བྱེད་པ་གསུམ ་པ་སྤྱོད་པས་འཁྱུད་པ་སེམས་ཙམ་ཉིད་དུ་གསུངས་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བ་དྲན་པའི་སྣང་བཞེས་པའི་གཞུང་བསྟན་པ་སྟེ་གསུམ་པའོ།། །།ད་ནི་སྤྱོད་པས་འཁྱུད་པ་མདོར་བསྟན་ནས་དེ་སླར་བཤད་པ་བསྟན་པའི ་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་དག་བཤད་བྱ་བ་ཞེས་པ་ནི་སྤྱོད་པ་སླར་བཤད་པའི་མཚན་ཉིད་གད་དང་གང་སེམས་ཅན་གྱི་དོན་མཚུངས་པ་མེད་པར་འགྱུར་བའོ། །ཕ་རོལ་སོན་ཞེས་པ་ནི་བསམ་གཏན་གྱི ་སྦྱོར་བས་སོ། །དེའི་ཚེ་གང་གིས་ཞེས་བྱ་བ་ལ་སོགས་པ་ལ། གང་གིས་མཆོག་ཏུ་དགའ་བ་ཞེས་པ་ནི་རྣལ་འབྱོར་མ་དང་འདུས་པའི་ཕྱིར་ཁ་སྦྱོར་གྱི་སྦྱོར་བས་ཏེ། རྡོ་རྗེ་རྣལ་འབྱོར་པ་ཞེས་པ་ནི་མཆོག་ཏུ ་མི་འགྱུར་བའི་རྣལ་འབྱོར་པའོ། །སོམ་ཉི་མེད་པར?་ཞེས་པ་ནི་མི་ཟད་པའི་བདེ་བ་ཐོབ་ཅེས་པའི་དོན་ཏོ། །དེ་ཉིད་ཀྱིས་ནམ་མཁའ་འགྲོ་མ་སོགས་ཞེས་གསུངས་ཏེ། མཁའ་འགྲོ་མ་འདུས་པའི་གནས་སུའོ། །གཏོར་མ་ཞེས་པ་ནི་ཟས་ཀྱི་མཆོད ་པའི་དུས་སུའོ། །སོགས་པའི་སྒྲས་ནི་ཐ་མལ་པའི་གནས་སུ་ནུབ་མོ་འདུས་པ་ཉིད་ཀྱི་ཕྱིར་རོ། །ཅི་རྙེད་པ་ཞེས་པ་ནི་ནམ་དང་པོ་ལ་སོགས་པའི་ཤ་དང་བཏུང་བ་དེ་ཐམས་ཅད་རྣམ་པར་མི་རྟོག་པས་བཟའ་བར་བྱའོ། །དེ་བཞིན་དུ་རོའི་གོས་ཞེས ་པ་ནི་མིའི་ལྤགས་པ་བགོ་པའོ། །ཡང་ན་འདི་ཉིད་ཀྱི་སྐྲ་ལས་བྱས་པའི་གོས་སམ། དེའི་རས་བགོ་བའོ། །ཁམ་པོར་ཆག་པོ་ཞེས་པ་ནི་ཁམ་པོར་དུམ་བུར་སོང་བའོ། །དེ་ཡང་འཆད་བཞིན་པའི་སྐྲ་དང་ལྡན་པ་གཡུལ་གྱི་ས་ནས ་བླངས་པའོ། །དེ་བཞིན་དུ་བསྒོམ་པའི་གནས་གསུངས་པ། །རི་བོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཁ་དོག་ཅན་ཞེས་པ་ནི་འོད་ཟེར་རྣམས་སོ། །བསྒོ་ཞེས་པ་ནི་སྤྲོ་བའོ། །འོད་ཟེར་དེས་ཀྱང་དཀྱིལ་འཁོར་པའི་ལྷར་བརྟག་པར་བྱའི ་ངེས་པའི་དོན་དུ་བཞི་མདོ་ཞེས་པ་ནི་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་བཞིའི་རྗེས་སུ་ཨ་བ་དྷཱུ་ཏཱིའི་དཀྱིལ་འཁོར་རྒྱུ་བ་ལ་རང་གི་བདག་ཉིད་ཀྱིས་བསྒོམ་པའོ། །དེ་བཞིན་དུ་རི་བོ་ཞེས་པ་ནི་སྤྱི་བོའི་མིང་ཅན་ནམ་མཁའ་ཨི་དཀྱིལ་འཁོར ་ལའོ། །དེ་ལྟར་དཀྱིལ་འཁོར་མཛའ་དག་ཨ་པ་དྷཱུ་ཏཱིར་རྒྱུ་པའོ། །དེ་བཞིན་དུ་ཤིང་གཅིག་དྲུང་ཞེས་པ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་རྒྱུ་པའི་དུས་སུ་མཚོན་པར་བྱ་བའོ། །དེ་ནི་སྣ་ཁུང་གཡོན་པའི་རླུང་ངོ། །དེ་བཞིན་དུ་སྣའི་བུ་ག་གཡས་པའི ་ཡང་དུར་ཁྲོད་ཅེས་པ་ནི་སྡུད་པའི་གནས་སུའོ། །གང་གི་ཕྱིར་གཡོན་པ་སྤྲོས་པའི་གནས་ཡིན་པའི་ཕྱིར་རོ། །འང་ཞེས་པ་ནི་བརྟག་པའོ། །དེ་ལྟར་དབང་ཞེས་པ་ལ་སོགས་པ་ནི་ས་ལ་སོགས་པའི་དཀྱིལ་འཁོར་བཞིའི་རྗེས་སུའོ། །མ་མོའི་ཁྱིམ ་ཞེས་པ་ནམ་མཁའ་ལའོ། །དབེན་པ་ཞེས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་བསྒོམ་ཞིང་སྲོག་གཞུག་ཅེས་པའི་དོན་ཏོ། །དེའི་ཕྱིར་པདྨའི་ཚལ་ཞེས་པ་ནི་རྣལ་འབྱོར་མ་རྣམས་ཀྱི་སྐྱེ་གནས་ཀྱི་རྩ་ཕྲ་མོ་སྟེ། དེའི་གནས་སུ་རྒྱུ་བའི་དུས་སུ་རྩ ་ལ་པདྨ་ཞེས་བརྗོད་དོ། །དེ་བཞིན་དུ་ཚུ་བོ་འདུས་པ་ཞེས་པ་ནི་སྟེང་འོག་གི་སྦྱོར་བ་རླུང་གཉིས་ལྟེ་བར་འདུས་པའི་གནས་སུའོ། །དེར་ཞེས་པ་ནི་ཕྱི་དང་ནང་གི་གནས་དག་ཏུའོ། །དེ་བཞིན་དུ་རི་རྩེར་ཞེས་པ་ནི་མཆོག་ཏུ་མི་འཛག་པའི ་སྦྱོར་བས་སྟེང་དུ་འགྲོ་བའོ། །ཚང་ཚང་ཞེས་པ་ནི་གསང་བའི་གནས་སུ་མི་འཛག་པའི་བདེ་བ་འཛིན་པ་ཞེས་པ་སྟེ་ངེས་པའོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་རྩའི་སྦྱོར་བས་དུས་རྣམས་ཟོས་པའོ། །དེ་ཉིད་ཀྱིས་ན་གཏོར་མ་སྦྱིན་ཞེས ་པ་ནི་སྲོག་གསད་པའོ། །ད་ནི་སེམས་ཅན་གྱི་དོན་དུ་ཨ་བ་དྷཱུ་ཏཱི་པའི་རྣལ་འབྱོར་པའི་ཆ་ལུགས་སྣ་ཚོགས་པ་འཛིན་པ་མདོན་དུ་བསྟན་པའི་ཕྱིར། འོལ་མ་སེ་སོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འོལ་མ ་སེ་ལ་སོགས་པའི་དོ་ཤལ་གྱི་རྒྱན་དུ་བྱ་ཞེས་པའི་དོན་ཏོ། །དེ་བཞིན་དུ་སྲོག་ཆགས་ཡན་ལག་ཅེས་བྱ་བ་ལ་སོགས་པ་ནི་སྟག་ལ་སོགས་པ་ནི་སྟག་ལ་སོགས་པའི་པགས་པ་གོས་སུ་བགོ་བའོ། །བདེ་དོན་དུ་ཞེས་པ་ནི་རྣལ ་འབྱོར་མ་སྙོམས་པར་འཇུག་པར་འདོད་ན་སྦྱིན་ཞེས་པ་ནི་བྱ་བའོ། །ལ་ལར་ཞེས་པ་ནི་རྣལ་འབྱོར་པས་འདོད་པ་བཞིན་རྟག་ཏུ་ཐམས་ཅད་ཅེས་བྱ་བའི་དོན་ཏོ། །གཞན་གྱི་ཡུལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་ཕྱིའི་གནས་རྣམས་སུ ་གནས་པའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་ཕྱོགས་ལས་རྣམ་པར་རྒྱལ་པ་ཞེས་པ་ནི་སྤྱོད་པའོ། །ཕྱོགས་ལས་རྣམ་པར་རྒྱལ་བ་ཞེས་པ་ནི་རྣལ་འབྱོར་པའི་རང་བཞིན་ཇི་སྐད་དུ་གསུངས་པའོ། ། ་དེ་ལྟར་རེ་ཞིག་བརྟན་བྱས་ཏེ་ཞེས་པ་ནི་སྤྱོད་པ་བསྒོམ་པས་བརྟན་པར་བྱས་པའོ། །དེ་ཡང་མཆོག་ཏུ་མི་འགྱུར་བའི་སྦྱོར་བའི་ཕྱིར་རོ། །དེ་ཉིད་ཀྱིས་ན་རྣལ་འབྱོར་ཞེས་པ་ནི་དེ་དང་ལྡན་པ་སྟེ། མི་ཤིགས་པ་ཞེས་པ་ནི་མི་འགྱུར་བཱི ་བདེ་བ་ཐོབ་པའོ། །དེས་ན་རིག་མ་ཞེས་བྱ་བ་ལ་སོགས་པ་ལ། །རིག་མ་ཞེས་པ་ནི་རྣལ་འབྱོར་མའོ། །ལྷ་མོ་ཞེས་པ་ནི་འདོད་པ་ཅན་གྱི་པུད་མེད་རྣམས་སོ། །གཟུང་བར་བྱ་ཞེས་པ་ནི་རྣལ་འབྱོར་མའི་གཟུགས་སུ་བྱ་བ་སྟེ་ངེས་པའོ ་དེ་ཡང་འདོད་པ་ཅན་ཞེས་པ་དེ་ཅི་ཞེ་ན། གསུངས་པ་།ལྷ་མོ་ཞེས་བྱ་བ་ལ་སོགས་པ་ལ། ལྷ་མོ་ཞེས་པ་ནི་ཐིག་ལེ་མཆོག་མ་ལ་སོགས་པའོ། །དགའ་མ་ཞེས་པ་ནི་བདེ་བ་ཆེན་པོའི་རང་བཞིན་མའོ། །རོལ་མ་ཞེས་པ ་ནི་ཡང་དེ་བཞིན་དུ་བལྟའོ། །དགའ་མ་ཞེས་པ་ནི་དགའ་བར་བྱ་བ་མའོ། །དེ་བཞིན་དུ་རིག་པ་འཛིན་པ་ཞེས་པ་ནི་གཙོ་མོ་ཆེན་མོའོ། །གནོད་སྦྱིན་མོ་ཞེས་པ་ནི་གནོད་སྦྱིན་གྱི་བུད་མེད་དོ། །ཀླུ་མོ་ཞེས་པ་ནི་ཀླུའི་རིགས་བརྒྱད ་རྣམས་ཀྱི་ཀླུའི་བུ་མོའོ། །དེ་བཞིན་དུ་ས་འོག་གི་ལྷ་མ་ཡིན་གྱི་བུ་མོའོ། །རྣལ་འབྱོར་པས་ཞེས་པ་ནི་དེ་ལྟར་བུ་མོ་བརྒྱད་ཀྱི་ནང་ནས་ཇི་ལྟར་འདོད་པ་དེ་ལྟར་དགུག་པར་བྱའོ། །དེ་བཞིན་དུ་ལྕགས་ཀྱུ་ཞགས་པ་ཞེས་པ་ནི་མན ་ངག་འདི་ཡིན་ཏེ། སྔོན་དུ་གསུངས་པའི་ཚུལ་གྱིས་དུར་ཁྲོད་བརྒྱད་གྱི་དབུས་སུ་བསྒོམ་པ་ཉི་རིམ་པ་བཞིན་བསམ་པར་བྱ་སྟེ་ཕྱག་བཞི་པའི་ལྷ་མོ་རིགས་བྱེད་མར་བདག་ཉིད་བྱ་བའོ། །དེའི་ཕྱིར་བུམ་པ་ཅན་གྱི་སྦྱོར་བ་བསྒོམ་པར ་བྱའོ། །དེའི་རིམ་པ་ནི་འདི་ལྟ་སྟེ། སྔོན་དུ་བསྙེན་པའི་དུས་སུ་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ། དུས་གསུམ་དུ་བཅོམ་ལྡན་འདས་མའི་གཟུགས་སུ་དམིགས་ནས་ཉི་མ་རེ་རེ་བཞིན་ཁྲི་ཚོ་རེ་རེ་བཟླས་པར་བྱའོ། །དེ་ནས་ལུས་ལ་གོས ་དམར་པོ་བགོས་ཏེ་དེའི་རྗེས་སུ་རང་གི་སྙིང་གར་ཉི་མ་ལ་གནས་པ་ལ་ཧྲཱི(རྒྱུད་འགྲེལ་དབྱངས་ཡིག་བརྒྱད་ཡོངས་སུ་གྱུར་པ་ལས་ཤིན་ཏུ་གནག་པ་གདོང་པ་དམར་བ་རྒྱས་པ་མགུ་བ་མ་རུངས་པ་བརྗོད་པའི་རིམ་པ་བཞིན་དུ་རླུང་གང་གིས་དེ་རྣམས་སར་བསྐྱོད་དེ་རང་གིས་སྣ་ནས་དབྱུང་བའོ། །དེ་ཡང་རང་གི་སྣ་ཁུང ་གཡོན་པ་ནས་ཕྱུང་ནས་བསྒྲུབ་བྱའི་སྣ་ཁུང་གཡས་པའི་བུ་གར་ཞུགས་ཏེ་སེངྒེ་བཞིན་དུ་བཅོམ་པས་ཨ་ལ་སོགས་པའི་དབྱངས་རྣམས་ཆུང་ཟད་དམར་བ་འམ་འདབ་མ་དང་ལྡན་པ་རྣམ་པར་བཅོམ་པར་རྣལ་འབྱོར་པས་བལྟ་བར ་བྱའོ། །ཕྱི་ནས་རྣམ་པར་བཀང་བའི་ཨུཏཔ་ལ་དམར་པོ་གཞུ་དང་མངས་སྔགས་པའི་ཁུ་ཚུར་ལྟ་བ་དང་ལྡན་པ་གཏད་ཏེ་བསྒྲུབ་བྱའི་པདྨའི་ལྟེ་བར་བསྣུན་པར་བྱའོ། །དེ་ནས་བུང་བ་དེ་རྣམས་དམ་ཚིག་གིས་བསྐུལ་ཏེ་།དེའི་དབྱངས ་ཡིག་རེ་རེ་བཞིན་བླངས་ནས་དེའི་སྣ་ཁུང་གཡོན་པའི་བུ་གནས་ཕྱུང་སྟེ། རྣལ་འབྱོར་པའི་སྣ་ཁུང་གཡས་པའི་བུ་ག་ནས་སྙིང་དུ་ཞུགས་པས་རང་དང་གཞན་གྱི་ཤེས་པ་གཅིག་ཏུ་བྱའོ། །ཕྱི་ནས་ཨུཏཔ་ལའི་སྡོང་བུས ་མགྲིན་པ་བཅིངས་ཤིང་ལྕགས་ཀྱུས་སྐྱེ་ནས་ཕུག་སྟེ་འོད་ཟེར་འབར་བས་གཟིར་བར་རྣམ་པར་བསམས་ན་དབང་དུ་འགྱུར་རོ། །གཞན་ཡང་མགལ་མེའི་འཁོར་ལོ་ལ་བརྟེན་པའི་སྔགས་ཡོངས་སུ་བཟླས་པའི་རྣལ་འབྱོར་པས ་དེ་ལྟར་ཡོངས་སུ་བསྒོམས་ཏེ་སྔགས་བཟླས་པར་བྱའོ། །ོཾ་ཀུ་རུ་ཀུ་རུ་ལླེ་ཧྲཱི(རྒྱུད་འགྲེལ་ཏེ་སྒྲ་གྲོལ་བ་གོས་མེད་པ་འདོད་ཅིང་ཆགས་པ་དེ་ཁུགས་ཏེ་སྔགས་ཀྱི་རྒྱལ་པོས་བསྐུལ་བས་རིག་མ་རྣམས་ཀྱི་དངོས་གྲུབ་ཐོབ་བོ། །ཡོ་བྱད་ཅེས་བྱ་བ་ལ་སོགས་པ་ལ། ཡོ་བྱད་ཅེས་པ་ནི་འབྱུང་པོ་གདུལ་བྱེད་པ་གསུང་པའི ་སྣ་ཚོགས་པའི་མཆོད་པའི་རྫས་རྣམས་སོ། །དབུལ་ཞེས་པ་ནི་རྒྱས་པར་དབུལ་བའོ། །འདི་ལྟར་ལྷ་ཡིས་ལྷུན་གྲུབ་སྟེར། ཞེས་བྱ་བ་ལ་སོགས་པ་ལ། ལྷ་ཞེས་པ་ནི་ལྷ་མོ་ལ་སོགས་པས་སོ། །ལྷུན་གྲུབ་སྟེར་ཞེས་པ་ནི་བཅུད་ཀྱིས ་ལན་དམ་པ་བདུད་རྩིའི་འབྲས་བུ་ལ་སོགས་པ་ཡང་དེས་སྟེར་རོ། །དེས་ན་སྒྲུབ་པ་པོ་རྣམས་ཀྱིས་ནད་ལ་སོགས་པ་རྣམས་འཇིག་པར་བྱེད་དོ། །དེ་བཞིན་དུ་ལུས་ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་པས་རྣལ་འབྱོར་མ་དྲག་མོ་བསྟེན ་པས་རྒྱལ་བྱིས་པའི་དབང་གིས་སྐྲག་པས་འཆི་བ་ལ་ཐུག་པར་སོམ་ཉི་ཟ་བ་དེའི་ཕྱིར་དང་པོ་གོམས་པའི་དུས་སུ་ལུས་ཀྱི་སྦྱིན་པ་བརྟག་ཅིང་རྣམ་པར་རྟོག་པར་མི་བྱ་ཞེས་པ་སྟེ་ངེས་པའོ། །དེ་བཞིན་དུ་ཕྱི་ནས་ཞེས་བྱ་བ་ལ་སོགས ་པ་ལ་ཆ་དད་ཆ་མིན་ཞེས་པ་ནི་རྣལ་འབྱོར་མ་འདོད་པ་ཅན་རྣམས་ཀྱི་རིགས་ཀྱི་ཁྱད་པར་ལ་སྤྱོད་པའི་དུས་སུ་བརྟག་པར་མི་བྱའོ། །སྦྱིན་པ་ཞེས་པ་ནི་ལུས་ཀྱི་སྦྱིན་པ་ལས་གཞན་ཕྱིའི་འབྱོར་པའི་སྦྱིན་པ་ལྷ་ཅི་སྨོས། དེ་བཞིན་དུ་བཟའ་དང ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ད་ནི་རྣལ་འབྱོར་པ་སྤྱོད་པ་འཛིན་པ་རྣམས་ཀྱི་བརྟུལ་ཞུགས་དང་རྒྱན་གྱི་ངེས་པར་བསྟན་པའི་ཕྱིར། །བརྟུལ་ཞུགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གིས་འཁྱུད་པར་ཤེས་པའོ། །གྲུབ ་པའི་མཐར་འགྲོ་བ་ཞེས་པ་ནི་རྣལ་འབྱོར་པ་རྣམས་ཀྱི་རང་བཞིན་གྱི་དབང་གིས་སངས་རྒྱས་ཉིད་ཐོབ་པའོ། །གཞན་ཡང་སེམས་ཅན་ཞེས་བྱ་བ་ལ་སོགས་པ་ནི་བདག་གི་དོན་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུའོ། །བཟང་ཞེས་པ་ནི་སྒེག ་པ་ལ་སོགས་པས་བསྒྲུབ་པའི་འོ་སྟེ། དེའི་རུས་པའི་རང་བཞིན་ལས་བྱས་པའོ། །དེ་བཞིན་དུ་མི་འཆི་བཅུ་ཕྱེད་ཅེས་པ་ནི་བདུད་རྩི་ལྔའོ། །ཧེ་རུ་ཀ་ཞེས་པ་ནི་དཔལ་ཁྲག་འཐུང་གི་སྦྱོར་བ་འཛིན་པའོ། །སྐྱེས་བུ་གནས་ཞེས་པ་ནི་དེའི་རང་བཞིན་གྱི ་ཕྱིར་རོ། །བཞིན་མཇོས་ཞེས་བྱ་བ་ནི་རྣལ་འབྱོར་པ་ལུང?་ཐོབ་པས་རྡོ་རྗེ་བུ་མོ་འདི་བཟུང་ལ་ཞེས་པའི་ཚིག་གིས་དེ་གཟུང་སྟེ་ཆོས་མགྲིན་པར་ཆུང་པར་ཤེས་པར་བྱའོ། །དེ་ཡང་བྱིན་མཛེས་མིག་གི་དཀྱུས་རིང་བ་ཞེས་པ་ཁ་ནང་དུ་ཕྱོགས་པ་གང ་གིས་ཕྱིར་རང་གི་དབང་བསྐུར་བ་བརྩེ་བ་དང་ལྡན་པ་རྣལ་འབྱོར་པའི་མཐུ་འདི་དག་དང་ལྡན་པ་ཞེས་པའི་དོན་ཏོ། །དེ་བཞིན་དུ་སྦྱོར་ཞེས་པ་ནི་སྦྱོང་བ་དང་བརྟུལ་ཞུགས་ལ་འཛུད་པའོ། །རྡོ་རྗེ་ཞེས་པ་ནི་སྔོན་དུ་གསུངས་པའི་རིགས་ཅན་ནོ། །དེས་ན་མེད ་འགྱུར་ན་ཞེས་པ་ནི་དེའི་རིགས་མེད་པའི་ཕྱིར་རོ། །རང་འདོད་ཅེས་པ་ནི་རང་གི་འདོད་པའི་ལྷའམ་རིགས་གཞན་ལས་འབྱུང་བ་སྟེ། རང་གི་འདོད་པའི་ལྷའི་རིགས་ལས་བྱུང་བ་འམ་ལྷ་གཞན་དག་གི་རིགས་གསུམ་ལས་འབྱུང་བའོ། །དེ་ཡང་འདུས་བྱས ་ན་ནི་གཟུང་བར་བྱ་ཞེས་པ་ནི་ཡང་དག་པར་དབང་བསྐུར་བའོ། །བྱང་ཆུབ་ས་བོན་ཞེས་པ་ནི་དགེ་བའི་རྩ་བ་བསྐྱེད་ནས་དེ་གཟུང་ལ་སྤྱོད་པ་བྱ་ཞེས་སྦྱར་རོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ལྡན་པ་ཞེས་པ་ལ་རྡོ་རྗེ་དབྱེར་མེད་པའི་ཕྱིར ་གཉིས་མེད་པ་ཡང་དག་པའི་བདེན་པ་གཉིས་དང་ལྡན་པ་དེ་སྟོན་པ་རྡོ་རྗེའི་གླུ་ཞེས་པའི་དོན་ཏོ། །དེ་བཞིན་དུ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་ལ་དགའ་བ་ཞེས་པ་ནི་མཆོག་ཏུ་མི་འཇིག་པ་སྦྱོར་བ་ལས་སྐྱེས་པའི་དགའ་བའོ། །དེ་ཡང་དངོས ་པོ་ཐམས་ཅད་རོ་གཅིག་པར་བྱ་བའི་ཕྱིར་སེམས་དང་རླུང་འགོག་པའོ། །འདི་དག་རྒྱུ་བས་ན་གར་རོ། །དེ་ཉིད་ཀྱིས་ན་ཐར་པའི་རྒྱུ་རུའོ། །དེ་ཡང་རྡོ་རྗེ་རྐང་པས་གང་ཞེས་བྱ་བ་ནི་གཡས་བརྐྱང་བ་དང་གཡོན་བརྐྱང་བ་དང་ཟླུམ་པོ ་དང་ཡངས་པ་དང་མཉམ་པའི་སྟོབས་སོ། །དེ་བཞིན་དུ་སྣ་ཁུང་དག་གི་རླུང་ཡང་མཚོན་པར་བྱའོ། །ཡང་ན་དེ་བཞིན་དུ་རྣལ་འབྱོར་མ་རྣམས་ལ་རྣལ་འབྱོར་བའི་ལག་པ་དང་རྐང་པ་དང་ཁ་དང་ལྷ་བའི་གར་གྱིས་རྒྱས་འདེབས་པའོ། །མི་བསྐྱོད ་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་ནི་ཕྱག་རྒྱ་ལྔ་ལུས་ལ་གནས་པ་ཞེས་བྱ་བའི་དོན་ཏོ། །སྨན་ཞེས་པ་ནི་དྲི་ཆེན་ནོ། །ཆུ་ཞེས་པ་ནི་མི་བསྐྱོད་པའོ། །བསྲུང་བར་འགྱུར་ཞེས་པ་ནི་དགོངས་བཤད་གཞན་གྱིས་ཁུ་བ་སྟེར་དུ་རྒྱུ་བས་བགང ་བ་དང་གཅི་བ་སྟེང་དུ་རྒྱུ་བར་འགྱུར་རོ། །གང་གིས་ཞེས་ན། གསུངས་པ། ཐུར་སེལ་གྱི་རླུང་སྟེང་དུ་རྒྱུ་བའི་ཕྱིར་ཐམས་ཅད་རོ་གཅིག་པར་འགྱུར་ཏེ། དེས་ན་ཡང་ཨ་བ་དྷཱུ་ཏཱི་ཁ་ནས་བཟའ་བར་བྱའོ། །དེའི་ཕྱིར་གྱུར་ཞེས་པ་ནི་འབྱུང་བ ་ཆེན་པོའི་ཁམས་རྣམས་སོ་།དེ་རྣམས་ཀྱང་མི་བཟད་དེ་ཕྱིའི་ཟས་དང་སྐོམ་ལ་སོགས་པ་སྤངས་པ་དེས་ན་ལུས་མི་གཡོ་ཞིང་བསྲུང་ཞེས་པའི་དོན་ཏོ། །རྐུན་མའི་སྐྲ་ཞེས་པ་ནི་རྒྱལ་པོའི་འཆད་པས་བསད་པའི་རྐུན་མའོ། །དེ་ཡང ་མཚན་དང་ལྡན་ནམ་མི་ལྡན་པ་ཡོངས་སུ་བརྟག་པ་སྟེ། མཚན་བཟང་པ་དེའི་ཚེ་དཔའ་བོའི་རིམ་པས་ཇི་ལྟ་བའི་ཚུལ་དུ་དབབ་པ་བྱས་ནས་དེ་ལ་ཐོད་པ་བསླང་བའི་ཕྱིར། གསོལ་བ་གདབ་སྟེ། དེའི་ཚེ་དེས་ཀྱང་སྐྱ་དང་ལྟན་ཅིག་ཐོར?་པ ་སྟེར་དེ་དེ་ལྟར་བླངས་ནས་འགྲུབ་པར་འགྱུར་རོ། །ཐོད་པ་དེ་ཅོད་པན་ལ་གནས་པ་གང་ལ་བསྟན་པ་དེས་ནི་གང་འདོད་པ་དེ་ཡང་དབང་དུ་འགྱུར་རོ། །ཧཱུཾ་ལས་བྱུང་བ་ཞེས་པ་ནི་མི་བསྐྱོད་པར་བྱས་པའི་ཅོད་པན་ནོ། །དེ་བཞིན་དུ་སོར ་ལྔ་པ་ཞེས་པ་ནི་སངས་རྒྱས་ལྔའི་རང་བཞིན་གྱི་ཐོད་པ་ལྔ་ནི་སངས་རྒྱས་ཀྱི་ཐོད་པའོ། །སྐ་རགས་ཞེས་པ་ནི་སྐྲའི་སྲད་བུའོ། །ཐལ་བ་ཞེས་པ་ནི་ལུས་ལ་བྱུག་པའི་ཐལ་བའོ། །སྐྲའི་དག་བྱེད་ཅེས་པ་ནི་མཆོད་ཕྱིར་ཐོགས་པའོ། །ཅང་ཏེའུ་སྒྲ་ཞེས ་པ་ནི་མི་ཤིགས་པ་ལ་དུས་ཐམས་ཅད་དུ་སེམས་པའི་བཟླས་པའོ། །བཟླས་པ་ཡང་ཐོམ་པའོ། །སེམས་ཅན་ཐམས་ཅད་མགྲོན་བུ་འབོད་ཅེས་པ་ནི་སྒྲའི་ཆ་ཚུལ་གྱིས་རྣམ་པར་ཤེས་པ་ལ་དམིགས་པའི་ཕྱིར་རོ། །དེའི་གཟུགས་ཀྱང་སེམས་ཅན ་དུ་འབྱུང་བའོ། །དེ་རྣམས་ཀྱང་སྒྲ་ཙམ་ལ་ཆགས་པའོ། །དེ་ཉིད་ཀྱིས་ན་བཟླས་པ་དང་བསྒོམ་པ་ཞེས་གསུངས་ཏེ། དེ་དག་གིས་ཞེས་པ་ནི་འདིས་རྡོ་རྗེ་ཐོད་པ་ཅན་དུ་འགྱུར་བ་དེ་ལ་དེ་སྐད་ཅེས་བྱའོ། །འདོད་དང་ཞེས་བྱ་བ་ལ་སོགས་པ་ནི་འདོད ་པ་དང་རྨོངས་པ་ལ་སོགས་པ་རྣལ་འབྱོར་གྱིས་བགེགས་རྣམས་སྤང་པར་བྱའོ། །དེ་བཞིན་དུ་ངོ་ཚ་བ་ཡང་རྣལ་འབྱོར་ཆེན་པོའི་བགེགས་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཧེ་རུ་ཀ་ཞེས་བྱ་བ་ལ་སོགས་པ་ལ། ཧེ་རུ་ཀའི་བདག་ཉིད་ཅེས་པ་ནི ་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་རྣམས་ལྷན་ཅིག་སྐྱེས་པ་གང་གི་བདག་ཉིད་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣལ་འབྱོར་པའི་རྣལ་འབྱོར་གྱི་སེམས་ཀྱི་འགྱུར་བའི་ཏིང་ངེ་འཛིན་གསུངས་པ་ཨ་བ་དྷཱུ་ཏཱིའི་རྣམས་རྟེན་ཏེ། ཏིང་ངེ ་འཛིན་གྱི་སྦྱོར་བས་གཟིར། ཧེ་ཞེས་པ་ནི་ཆོས་སྐུ་ཉིད། །རུ་ནི་ཉམས་མྱོང་ལོངས་སྤྱོད་རྫོགས། །ཀ་ནི་སྤྲུལ་པའི་སྐུ་ཉིད་དོ། །བདག་ཉིད་ལྷན་ཅིག་སྐྱེས་གཟུགས་ཉིད། །བྷ་ནི་འཁོར་བའི་རྒྱུན་འཇོམས་པ། བེ་ཏ་ནི་རིག་བྱ་རིག་བྱང ་མཚན། །ཡོ་ནི་དངོས་པོ་གང་གང་ཞེས། །གི་ནི་གཉིས་མེད་བརྟགས་པ་བརྗོད། །བི་ནི་བདེ་ལ་གནས་པས་རིག་།ཧ་ནི་རྡོ་རྗེ་སེམས་དཔའ་ཨི་གཟུགས། །འབྱིན་དང་བུམ་ཅན་གང་བྱེད་པས། ལྔ་ལ་སོགས་པ་བརྗོད་པར་བྱ། །རིགས་ནི ་དུས་ཀྱི་གྲངས་ཉིད་དེ། །དཀྱིལ་འཁོར་ལྔ་ཡི་རླུང་ཉིད་དོ། །སྤོང་པ་སྔོན་དུ་གང་གསུངས་བ། །རིགས་གཅིག་བསམ་གྱིས་མི་ཁྱབ་པའོ། །བརྟག་ཅེས་པ་ནི་བདེ་བ་ཙམ། །རང་རིག་པ་ཡི་སྔོན་དུ་འགྲོ། །དུ་མ་ལ ་སོགས་དེར་གསུངས་པ། །རྩ་ཡི་ཁ་དོག་ཉེར་བརྟགས་པས། །སྣ་ཚོགས་དུས་ནི་མདོར་བསྡུས་པ། །རིགས་གཅིག་ཏུ་ནི་རྟོགས་པར་བྱེད། །དེ་ཡང་སྐད་ཅིག་གཅིག་ཏུ་བཤད། །མངོན་པར་རྫོགས་བྱང་ཆུབ་མཚན་ཉིད། །གང་ཕྱིར ་ཞེས་སོགས་ཚིག་གིས་ནི། །དུས་མང་པོ་ཡིོ་དོན་མེད་པའོ། །གཉི་ཞེས་པ་ནི་གཏི་མུག་ཉིད། །རྣལ་འབྱོར་རིག་བས་རྟག་ཏུ་སྤང། །སྤྱོད་པ་རྣལ་འབྱོར་སྤྱོད་པ་སྟེ། །བྱ་བ་བྱང་ཆུབ་ལམ་འགྲོ་བའོ། །འདིར་ནི་ཐེ་ཚོམ་བྱ་བ ་མིན། །རྣམ་པར་རྟོག་པ་བདུད་ཀྱི་ལས། །རྣམ་པར་མི་རྟོག་རྫོགས་བྱང་ཆུབ། །སྔོན་གྱི་རྒྱལ་བས་ནན་ཏན་གསུངས། །ཞེས་པ་སྟེ་ངེས་པའོ། །ཁ་སྦྱོར་ལས་བྱང་བ་ཞེས་པ་ནི་སྔོན་བཞིན་དུ་རྟོགས་པར་བྱའོ། །ཁ་སྦྱོར་ཐིག་ལེའི ་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་ལྔ་པ་མདོར་བསྟན་པ་གསུམ་གྱི་མཐར་བཞི་པ་སླར་བཤད་པའི་རྒྱ་ཆེད་འགྲེལ་པ་ཡང་དག་པའི་ལྟ་བ་དྲན་པའི་སྣང་བ་ཞེས་བྱ་བ་གཞུང་སླར་བཤད་པ་སྟེ་བཞི་པའོ།། །།ད་ནི་དཔྱིད་ཀྱི་ཐིག ་ལེ་མདོར་བསྡུས་པ་རྒྱུད་གཉིས་ཀའི་བཤད་པ་རབ་ཏུ་བྱེད་པ་གསུམ་བསྡུས་ཏེ་བསྟན་པ་སླར་བཤད་པས་བཞི་པ་བཞུང་ལུགས་མང་པོ་ཉིད་སྟོན་པ་འདི་གསུངས་ཏེ། ལྷ་ལས་ཞེས་བྱ་བ་ལ་སོགས་པ་ནི་སྤྱོད་པའི་རྟོག་པ་ལ་སོགས་པ ་རྟོག་པ་ལྔའི་གཞུང་ལུགས་གཏན་ལ་འབེབས་པའོ། །གཟིགས་མོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་བཀའ་རྡོ་རྗེ་སྙིང་པོ་ལ་སོགས་པ་ཉན་པར་འཚལ་བའོ། །བདག་བྱིན་རླབས་ཞེས་པ་ནི་སྔོན་དུ་གསུངས་པ་གནས་སྐབས་ཁ་གཅིག ་ཏུ་བདག་ཅག་ལ་བཤད་པ་འདིར་ཡང་ཅུང་ཟད་ལྷག་པ་དང་ཆད་པའི་དབང་གིས་འདིགས་ལ་བའི་དོན་དུ་བརྗོད་དོ། དེས་ན་ཇི་ལྟར་འགྱུར་ཞེས་སྦྱར་རོ། །དེ་བཞིན་དུ་གསང་བ་ཞེས་བྱ་བ་ལ་སོགས་པ་ནི་ཡི་གེ་བཅུ་དྲུག་རྣམས་སོ། །དེ་རྣམས་ཀྱི་དགོས་པ ་ཅི་ཞེས་པ་ནི་རང་བཞིན་ཅི་ཞེས་པའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་ལན་གྱིས་གསུངས། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའ་ཞེས་པ་ནི་རྡོ་རྗེའི་ཏིང་ངེ་འཛིན་ལས་བྱུང་བའི་འཁོར་རྣམས་ནི་སེམས་དཔའ་ཨོ། །དེས ་ན་རྡོ་རྗེ་སེམས་དཔའ་ཞེས་པའི་སྒྲའི་དོན་ཏོ། །དེ་ཉིད་ཀྱིས་ན་བརྩེ་བ་ཆེན་པོ་ཞེས་པ་ནི་སྙིང་རྗེ་ཆེན་པོའི་རང་བཞིན་ཏེ་གང་ལ་འདི་ལྟ་བུའི་བསམ་པ་ཡོད་པ་དེ་ནི་དེ་བཞིན་དུ་གསུངས་པར་འགྱུར་རོ། །ཡང་ན་རྡོ་རྗེ་སེམས་དཔའ་ནི་མཆོག་ཏུ་ཟབ་པའི ་དོན་གྱི་ཡུལ་ཉེ་བར་རྟོགས་པའོ། །མཆོག་གི་དོན་གྱི་ཡུལ་ཡང་རྡོ་རྗེ་ཡེ་ཤེས་ཏེ་དེ་ཡང་མཆོག་ཏུ་ཟབ་པའི་ཀུན་རྫོབ་བོ། །རྡོ་རྗེ་སེམས་དཔའ་ཨི་ཏིང་ངེ་འཛིན་གྱི་ཕྱིར་རྡོ་རྗེ་སེ་ངའ་སྟེ། དེ་ཉོན་ཞེས་པའི་ཚུལ་ལོ། །མདོར་བསྡུས་ནས་ཞེས་པ་ནི་དེ་ཁོ་ན ་ཉིད་མདོར་བསྡུས་ནས་སོ། །རྒྱུད་ཅེས་བྱ་བ་ལ་སོགས་པ་ལ། །འདིར་ཀུན་གྱི་སྒྲ་ནི་ལུས་ཀྱིས་གནས་ཏེ་དེ་རྣམས་ཀྱི་རྒྱུད་ནི་སྲོག་གི་རླུང་ངོ། །དེའི་དེས་པ་ནི་ཡང་དག་པར་རྣམ་པར་བཞག་པའོ། །འོན་ཀྱང་ཨེ་ཞེས་བྱ་བ་ལ་སོགས་པ་ནི་འདི་སྐད ་བདག་གིས་ལ་སོགས་བས་བཤད་པ་གང་གསུངས་པའི་གནས་ཅུང་ཟད་ཀྱིས་གསལ་བའོ། །རྟག་ཏུ་ཞེས་བྱ་བ་ལ་སོགས་པ་ནི་འདིར་གནས་དང་གནས་པ་དང་གསལ་བར་བྱ་བ་ལ་འགྲོ་བ་ཞེས་པ་ནི་ཕྱིར་འགྲོ་བའོ། །རྗེས་འོད་ཞེས་པ ་ནི་ནང་དུ་འོང་བའོ། །དེ་དག་གི་སྲོག་དང་ཐུར་སེལ་དུ་རྣམ་པར་བཞགས?་པས་རྐྱེ་བ་དང་འཇིག་པའི་ཕྱིར་སྲིད་པ་བར་མར་བརྗོད་དོ། །དེ་ཡང་ཁམས་རྣམས་ཀྱི་ཞེས་པ་ནི་སྔོན་གྱི་བག་ཆགས་ཀྱི་ཁམས་རྣམས་ཀྱི་རང་གི་བདག་ཉིད་ཀྱི་ལུས་དེའི ་གཟུགས་སུ་མཐོང་ངོ། །སེམས་ཀྱི་རྟག་འགྲོ་བ་ཞེས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བས་གཅིག་ལ་གཅིག་གིས་སེམས་ལས་ཁམས་རྣམས་བལྟ་ཞིང་ཁམས་རྣམས་ལས་སེམས་བལྟའོ། །དེ་བཞིན་དུ་རྡོ ་རྗེ་སྙིང་པོས་ཞུས་པ་འདི་གསུངས་ཏེ། ཁམས་ཞེས་བྱ་བ་ལ་སོགས་པ་ལ། ཅི་ཞེས་པ་ནི་ཇི་ལྟར་ལྟ་བུར་འགྱུར་ཞེས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནི་ལན་མོ། །དེ་ཅི་ཞེ་ན་གསུངས་པ། གསང་བ་ཞེས་བྱ་བ་ལ ་སོགས་པ་ནི་ཁམས་ཀྱི་སྒྲ་འདིས་གསང་བ་ལ་སོགས་པའི་ཡི་གེ་བཅུ་དྲུག་གི་བརྔ་གསུངས་སོ། །འདི་དག་ཅེས་པ་ལ། ར་ཞེས་བྱ་བ་ལ་སོགས་པ་ནི་འདིར་ཕྱི་དང་ནང་གཉི་གར་རྫོགས་པ་ལས། བསྐྱེད་པའི་རིམ་པ་ཟབ་མོ་སྟོན ་པའི་ཕྱིར་དེའི་ཕྱིར་རེའུ་མིག་བཅུ་དྲུག་གི་བདག་ཉིད་ཀྱི་འཁྲུལ་འཁོར་རོ། །དེ་ཡང་ལུས་ལ་རྩའི་འཁོར་ལོར་བརྗོད་དོ། །དེ་ཡི་རིམ་པ་ནི་འདི་ཡིན་ཏེ། ཁྲག་གི་ཁམས་འབབ་ར་ས་ནཱ། །ར་དང་པོ་ཡི་ཡི་གེ་ཡིས། །ལྷ་ནི་ཆགས་པའི ་བདག་ཉིད་ཅན། །མཁའ་འགྲོ་མ་ཡི་རིམ་པས་འཕོ། །རེག་བྱའི་རྩ་ནི་མི་ཕྱེད་འགྱུར། །ཧ་ཞེས་པ་ནི་མགོ་ཕྱོགས་པ། །དེ་ནི་ལྷ་མོར་ཤེས་བྱ་སྟེ། །བདག་མེད་ཐིག་ལེ་མཆོན་པའོ། །བདག་ན་རྩ་ནི་མགྲིན་པཱ་གནས། །སྱ་ཞེས་པ་ནི ་མིང་དང་པོ། །འདི་ལ་རྣལ་འབྱོར་མ་ལཱ་མ། །འཕོ་བ་ཡང་ནི་གསུམ་པའོ། ། བ་དྷཱུ་ཏཱི་སེམས་ཀྱི་རྩ། །པ་ཞེས་པ་ནི་རླུང་རྒྱུན་ཅན། །ནུབ་ཏུ་དུམ་བསྐྱེད་མ་ཉིད་དེ། །ལྷ་མོ་རྒྱུ་བའི་ཕྱིར་ན་འཕོ། །ཆགས་པའི་རྩ་ནི་ཐམས་ཅད་དུ། ། ་ར་ཞེས་པ་ནི་རོ་སྐྱེས་པ། །རྡོ་རྗེ་སེམས་དཔའ་ཨི་རིགས་ཀྱི་རྒྱལ། །འཕོ་བ་ཐམས་ཅད་ལ་ཁྱབ་བྱེད། །ཚིལ་གྱི་རྩ་ནི་བརླ་ཉང་ན། །མེ་ནི་ངང་པོའི་ཡི་གེ་བཞིན། །དེ་བཞིན་གཟུགས་ཅན་མར་ཞེས་བྱ། །ཚིལ་གཟུགས་ཁ་ནི་མང ་པོའི་ཕྱིར། །དུས་མེ་སྒྲ་གཙན་གྱི་ནི་རྩ། །བཞེས་པ་ཡི་ཡི་གེ་གཟུགས་ཀྱིས། །དེ་ནི་གཏུ་མོའི་ལྷ་མོ་སྟེ། །འཕོ་བ་ཡང་ནི་དྲུག་པ་ཉིད། །རྒྱབ་ཀྱི་ཆ་རུ་ཤཱི་བའི་རྩ། །པ་སྤུའི་རྩེར་སོང་པུཀྐ་སཱི། །མེ་ཞེས་པ་ནི་རྟག་དང་པོ། །ཚིགས་རྣམས་ཐམས་ཅད ་དུ་ནི་གཟིར། །བཤད་པའི་རྩ་ནི་ཆུ་སོར་གནས། །ས་ཞེས་པ་ཡི་མིང་ཅན་གྱིས། །དེར་ནི་གཽ་རཱི་ཤེས་བར་བྱ། །འཕོ་བ་ཡང་ནི་བརྒྱད་པར་འདོད། །ཞག་གཙི་ནི་རྒྱུ་བ་ཉིད། །དེ་ནི་རི་ཁྲོད་མ་རུ་གྲགས། །རྦ་ཞེས་པ་ཡི་ཡི་གེ་འདི། །འཕོ་བ་མཆོག་གི ་གཟུགས་ཅན་ནོ། །པགས་པ་ཙོ་བོ་རཱི་ར་ཡང་དག་བརྗོད། །རྨ་དང་པོའི་ཡི་གེ་མིང། །རྩ་དེ་རྣ་བ་གཉིས་ཀ་ན། །དེ་བཞིན་འཕོ་བ་བཅུ་པའོ། །རུས་པའི་རྩ་ནི་ཀེང་རུས་ལ། །ནྱ་ཞེས་པ་ཡི་ཡི་གེ་ཉིང། །རྣལ་འབྱོར་མ་ནི་རོ་ལངས་ཉིད། །རྩ་རྣམས་ཐཾ་ཅད ་འབབ་པ་ཅན། །ཟ་ཕོད་ཆུ་ཡི་བུ་ག་ལ། །ས་ཡི་གདན་ལ་ཡང་དག་གནས། །རྡོ་རྗེ་ལམ་གྱི་ནང་ན་ནི། །དེ་ཡང་འཕོ་བ་རྒྱུ་བའོ། གླེ་བ་ལ་ནི་གཡུང་མོར་བརྗོད། །དཱ་ཞེས་པ་ལ་བརྟེན་པའི་སྲོག་།འཕོ་བ་ཡང་ནི་བཅུ་གསུམ་ཉིད། །ཟླ་བ་ཉི་མ་འཆར་དང ་ནུབ། །པདྨའི་རྩ་ནི་སྒོ་དགུ་རྣམས། །སྠི་ཞེས་པ་ལ་རྟག་ཏུ་གནས། །འདི་ནི་འཕོ་བའི་ཐིག་ལ་རྣམས། །ཧེ་རུ་ཀ་ནི་ཆོགས་གཙོ་བོ། །ཁུ་བའི་རྣམ་པར་གྱུར་བཅོ་ལྡན། །ཏ་ཞེས་པ་ནི་སྣལ་གཟུགས་ཅན། །ཁུ་བའི་བུ་གའི་གཙུག་ཏོར་ལ། ། ་བཅུ་དྲུག་ཆ་ལ་སོ་སྐྱོ་སོ་སངས་རྒྱས། །ལྷ་མོ་རེ་ལྟར་བ་སྟན་ཕ་ནི་ཞེས་ཨ་ནི་ལྷ་མོའི་འཁོར་ལེའོ། །ཡི་གེ་བཅོ་ལྔའི་བདག་ཉིད་དོ། །དེ་བཞིན་དུ་བཅུ་དྲུག་པ་ཏཱའི་བདག་ཉིད་ཀྱི་སྣ་ལ་མའི་གཟུགས་རྩ་དང་སྒྲའི་རང་བཞིན་ཉིད་ཀྱི་ན་བཅོམ ་ལྡན་འདས་ཀུན་རྫོ་བོ་ཀྱི་དང་བཞིན་གྱི་ཕྱིར་ཆ་གཅིག་བཅུ་དྲུག་པ་བྱང་ཆུབ་སེམས་དེ་པ་དེ་སྐད་ཅེས་བྱའོ། །དེ་ནི་ཁམས་རྣམས་བསྐྱེད་པ་བསྟན་པའི་ཕྱིར། །ར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །འདིར་ར་ཞས་པཱི་སྒྲ་ནི་ཆགས ་པ་ཆེན་པོའི་ཉི་མ་སྤྲོ་བའི་ཕྱིར་མེ་སྟེ། དེ་ལས་ཡང་དག་པར་འབྱུང་བ་ནི་ཁྲག་གོ་།ཁྲག་ལས་མཁྲིས་པ་ཞེས་པ་ནི་ཆགས་པ་དང་ཚོར་བ་དག་གི་བདེ་བ་ལས་མཁྲིས་པ་འབྱུང་བའོ། །དེ་བཞིན་ཡི་གེ ་བཅུ་དྲུག་གི་ནང་ནས་ར་གསུམ་གྱི་དེས་པ་ཞེས་དགོངས་ཏེ། དེ་ཡང་ཁྲག་དང་རོ་དང་མེའི་ཁམས་ཏེ། ཁམས་གསུམ་ཞེས་གསུངས་པའི་ཕྱིར་ཞེས་པ་སྟེ་ངེས་པའོ། །དེ་བཞིན་དུ་ས་མ་བ་ཞེས་པ་ལ་སྱེ་ཞེས་པ་གཅིག་དང ་ས་ཞེས་པ་གཉིས་ཏེ་གསུམ་དང་སྠི་ཞེས་པ་དང་བཞིལ་ལོ། །འདིར་སྠི་ཞེས་པ་དང། འབྲལ་བའི་ཐ་དད་འབྲེལ་པའི་སར་ཤེས་པར་བྱའོ། །དེ་ལྟར་སི་དང་ལྷན་ཅིག་པའོ། །དེ་བཞིན་དུ་མ་ཞེས་པ་གསུམ་ཡང་འདིར་མེ་ཞེས་པ་དང་རྨ ་ཞེས་པའོ། །རྦ་ཞེས་པ་ནི་གཅིག་ཉིད་དོ། །དེ་བསྡུས་ན་ཡི་གེ་བརྒྱད་ནི་རྩ་བརྒྱད་དོ། །འདི་ལྟ་སྟེ་བད་ཀན་དང་བཤང་བ་དང་གཅིབ་དང། རྒྱུས་པ་རྣམས་ས་ཞེས་པ་བཞིས་ཤེས་པར་བྱའོ། །དེ་བཞིན་དུ་མ་ཞེས་པ་གསུམ་གྱིས ་ནི་ཆིལ་དང་ཤ་དང་པགས་པའོ། །རྦ་ཞེས་པ་ནི་ཞག་ཤེས་པར་བྱའོ། །འདོད་ཅེས་པ་ནི་བད་ཀན་ཏེ་དེ་ལས་བྱུང་བ་ནི་རྡུལ་དང་རྒྱུས་པའོ། །དེ་བཞིན་དུ་ཡང་དེ་ནི་གཙོ་བོ་ཞེས་པ་ནི་བད་ཀན་ལ་སོགས་པའི་ཁམས་གསུམ་ལས ་བྱུང་བ་ཏ་ཞེས་པས་ནི་ཁུ་བའོ། །ན་ཞེས་པས་ནི་རུས་པའོ། །སྠི་དང་འབྲེལ་བའི་ཐ་ཡང་བརྫོད་དེ། །དེས་ན་པདྨ་ཞེས་པ་ནི་རང་འབྱུང་དང་ཁུ་བར་བརྗོད་པའོ། །དེ་ཡང་རྗ་སྣ་དང་ལྡན་པས་མཛེས་པ་ཡིན་ཞེས་གསུངས་པའི་ཕྱིར་རོ།། ་དེ་ལྟར་ཁམས་གསུམ་ལས་རླུང་དུ་བརྗོད་ཅེས་པ་མི་ཤིགས་པའི་རྡོ་རྗེ་ལྟ་བུའོ། །དེ་ཉིད་ཀྱིས་ན་ཧ་ནི་ཀུན་ཏུ་འགྲོ་བར་བརྗོད་ཅེས་པ་ནི་ངེས་པའོ། །དེ་བཞིན་དུ་རུས་པའི་ནི་མཚམས་རྣམས་སུ་ཞས་པ་ནི་ཨ་བདྷ་ཏཱི་མདུད་པའི་རང ་བཞིན་གྱིས་ཚིགས་ཐམས་ཅད་དུ་ཁྱབ་པའོ། །ར་ས་མ་པཾ་ཞེས་མ་ནི་ར་ལ་སོགས་པའི་ཡི་གེ་འདི་བཞིའི་སྔོན་དུ་གསུངས་པའི་ཡི་གེ་བཅུ་གཅིག་གིས་ཁམས་བཅུ་གཅིག་བསྟན་ཏོ། །དེ་བཞིན་དུ་འདིར་བཾ་ཞེས་པ་སེམས་སྟོང་པའི་དུས་སུ ་ཚིགས་རྣམས་ལ་འཕོ་བ་མཁྲིས་པ་དང་བད་གན་དང་རུང་རྣམས་ཀྱི་དབུས་སུ་ཁྱབ་པ་ནི་སེམས་ཀྱི་ཁམས་སུ་བརྗོད་དེ། དེ་ལྟར་ས་བོན་ལྔ་ཞེས་པ་ནི་ར་ས་མ་པ་པཾ་ངོ། །ཁམས་འདི་རྣམས་ལས་སེམས་ཅན་ཐམས་ཅད་སྐྱེས་པ ་དང་བསྐྱེད་པར་བརྗོད་དོ། །དེ་རྣམས་ཀྱི་རྩེ་མོར་ར་ཞེས་པ་ནི་ས་བོན་ལྔའི་ནང་གི་ར་ནི་ཆགས་པ་དང་མེ་དང། རོའི་རང་བཞིན་གཞན་ལས་གཙོ་བོར་གྱུར་པའི་ཕྱིར་རྩེ་མོ་སྟེ་ཞི་ཞེས་པའི་དོན་ཏོ། །དེའི་ཕྱིར་ས་བོན་བཞི་ཞེས་པའི ་དོན་ཏོ། །དེའི་ཕྱིར་ས་བོན་བ་ཞི་ཞེས་པ་ནི་ས་མ་བ་པའོ། །དེ་ཡང་ར་ལས་ཁམས་བཅུ་གཅིག་འབྱུང་བའི་ཕྱིར། །དེ་ལྟར་ར་གསུམ་དང་དེ་བཞིན་དུ་ཏཾ་ནཱ་ཐ་གསུམ་ནི་ཁྲག་དང་ཁུ་བ་དང་ཆིལ་དང་ཡང་དག་པར་སྦྱོར་བའི་རྫས ་གསུམ་སྟེ་ཁམས་དྲུག་ལས་ཁམས་བཅུ་གཅིག་འབྱུང་ངོ། །སེམས་ནི་ཐམས་ཅད་ལ་ཁྱབ་པའོ། །དེ་བཞིན་དུ་ས་བོན་ལྔ་ཞེས་པ་ལ་སོགས་པ་ལ་དེ་ནི་ས་ལ་སོགས་པའི་ས་བོན་བཞིའོ། །གང་དུ་སྦྱིན་ཞེ་ན་གསུངས་པ། །ད་ཞེས ་པའི་ཡི་གེ་གློ་བ་ཞེས་པའི་མིང་ཅན་སྙིང་ངོ། །དེ་ལས་བྱུང་བའི་ཁམས་བཅུ་གཅིག་དང་བཞི་སྟེ་གཉིས་སྡོམས་ན་ཁམས་བཅོ་ལྔའོ། །རེ་མིག་གནས་སུ་ཞེས་པ་ནི་སྙིང་དུའོ། །ས་བོན་ལྔ་པོ་ཞེས་པ་ནི་དེ་ལས་སྐྱེས་ཞེས་པའོ། ། ་ཡང་ན་སྔོན་དུ་གསུངས་པའི་ར་ལ་སོགས་པ་ལས་བྱུང་བའི་ཁྲག་ལ་སོགས་པ་ཁམས་བཅུ་དྲུག་གི་འཁྲུལ་འཁོར་ལ་རེ་མིག་བཅུ་དྲུག་ཅེས་བརྗོད་དོ། །དེ་རྣམས་ལ་རིན་གསུམ་མོ། །དེ་བཞིན་དུས་ནི་བཞིའོ། །མ་ནི་གསུམ ་མོ། །བ་ནི་གཅིག་ཁོ་ནའོ། །བ་ནི་ལྔ་པའོ། །དེ་ལྟར་ཏཾ་ནཱ་ཐ་དང་ཞེས་པ་བཞིའི་ནང་ནས་འབྱུང་བས་ན་སྔ་མའི་ཁམས་བཅུ་གཅིག་པོ། །འོན་ཀྱང་ར་གསུམ་ནི་གསུང་གི་རང་བཞིན་ནོ། །ས་བཞི་ནི་སྐུའི ་རང་བཞིན་ནོ། །ས་གསུམ་ནི་རིན་ཆེན་གཙོ་བོའི་རང་བཞིན་ནོ། །བ་ནི་དོན་ཡོད་གྲུབ་པའི་རང་བཞིན་ནོ། །པ་ནི་མི་བསྐྱོད་པཱི་རང་བཞིན་ནོ། །དེ་བཞིན་དུ་ཏཾ་ནཱ་ཐ་ད་ཞེས་པ་ཡི་ཤེས་ཏེ། རྡོ་རྗེ་སེམས་དཔའ་ཨི་རང་བཞིན་ནོ། །དེ་ལྟར ་ཡང་རིམ་པ་བཞིན་དུ་འདུ་ཤེས་དང་གཟུགས་དང་ཚོར་བ་དང་འདུ་བྱེད་དང་རྣམ་པར་ཤེས་པ་དང་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་བཞིན་དུ་ཧ་ཞེས་བྱ་བ་ལ་སོགས་པ་ལ། དབྱངས་ཡིག་དྲུག་པ་ཞེས་པ་ནི་ཨུའོ། །བསྡུས་ན་ཧཱུཾ་ཞེས ་པ་སྟེ། དེ་ནི་རྣམ་པར་ཤེས་པའི་མིང་ཅན་ནོ། །དེ་ཡང་ཡི་གེ་ལྔ་སྟེ། དེ་སྦྱིན་ཞས་པ་གནས་བཅུ་དྲུག་རྣམས་སུ་རྣམ་པར་ཤེས་པ་སྲོག་གི་རང་བཞིན་གྱིས་རྒྱུ་བའི་ཕྱིར་ཞེས་པ་ནི་ངེས་པའོ། །དེ་བཞིན་དུ་ཡི་གེ་བཅོ་ལྔའི་ནང་ནས ་གཙོ་བོའི་གཟུགས་ཧ་ཞེས་བྱ་བ་ལ་སོགས་པ་ལ། ཧ་ཞེས་པའི་སྒྲ་ཙམ་མོ། །དེས་ན་ཀུན་ནས་སངས་རྒྱས་ཐམས་ཅད་འདུས་པ་ཞེས་པ་ནི་རླུང་དང་མཁྲིས་པ་དང་བད་ཀན་རྣམས་གང་བཤད་པ་དེ་ཐམས་ཅད་རྣལ་འབྱོར་གྱི ་རྒྱུད་དོ། །ཐམས་ཅད་དུ་སངས་རྒྱས་ཞེས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་སོ། །དེ་རྣམས་ཀྱི་འདུས་པ་ནི་སྒྲ་ཙམ་མོ། །རང་རིག་པའི་ཡེ་ཤེས་མཚོན་བྱར་ཐིམ་པར་བྱ་ཞེས་པའི་དོན་ཏོ། །དེའི་ཕྱིར་སྒྲའི་ཚུལ་ལས་ཞེས ་བྱ་བ་ལ་སོགས་པ་ནི་རང་རིག་པ་གཉིས་མེད་པའི་སྒྲ་ཙམ་ལས་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་རང་བཞིན་གྱི་སེམས་བྱང་ཆུབ་ཀྱི་ས་བོན་གྱི་རང་བཞིན་ཡེ་ཤེས་ཀྱི་སྐུའི་མཚན་ཉིད་མཆོག་ཏུ་མི་འགྱུར་པའི་སྤྱོར་བའོ། །ཁྱ་བ་ཕྱིས ་པའི་ལྔ་པའོ་དེ་ཡང་ཡེ་ཤེས་ཀྱི་ཁམས་བརྟན་པར་བྱས་ནས་འབྱུང་ཞེས་སྦྱར་རོ། །དེ་ཅི་ཞེ་ན་གསུངས་པ། སྐྲའི་ཚུལ་ལས་ཞེས་པ་ནི་སྒྲ་ནི་སྒྲ་ཙམ་གྱི་ཚུལ་ཏེ། ཨཱ་ལི་ཀཱ་ལི་གཉིས་དག་ཏུ་བརྗོད་པའི་ཚུལ་གྱིས་སྔོན་དུ་ཐོས་པ་དང ་བསམས་པ་དང་བསྒོམ་པ་ལ་སོགས་པས་རང་རིག་པའི་ཡེ་ཤེས་བསྒྲུབས་ཏེ། དེས་རབ་ཀྱི་མཐར་ཐུག་པ་དེ་ནི་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་འཆང་སྟེ་དེ་ནི་དཔྱིད་དུ་བརྗོད་དོ། །དུས་ཐམས་ཅད་གང་དུ་ཡང་མ་སོང་བ་མ་འོངས་བདེ་ཉིད་སྒྲ་ཙམ་གྱི་སྒྲ་ནི ་ཐིག་ལེར་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་ན། གསུངས་པ། འདིར་གང་གི་ཕྱིར་སྒྲ་ཙམ་གྱི་སྒྲ་ནི་གང་ལ་ཐོག་མ་མེད་པ་དེ་ནི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཐིག་ལེའོ། །དེ་ཉིད་ཀྱི་བསྐྱེད་པའི་ས་བོན་དང་བྲལ་པའི་ཕྱིར་སྒྲ་ཙམ་མོ། ། ་དེས་ན་སྒྲའི་རང་བཞིན་ཐིག་ལེའོ། །དེ་ཡང་ཤེས་བྱའི་རྣམ་པའི་གཟུགས་ཅན་ཤེས་རབ་མ་རྡོ་རྗེ་ཕག་མོ་འམ་བདག་མེད་མ་འབྱུང་བ་སྟེ་སྔོན་གྱི་སྨོན་ལམ་གྱི་དབང་གིས་རིག་པ་བཟང་པོ་ཀུན་གཞི་རྣམ་པར་ཤེས་པ་སངས་རྒྱས་ཀྱི་གཟུཊ ་ཁམས་གསུམ་པར་སྤྲུལ་པའི་ཕྱིར་ཞེས་པ་སྟེ་ངེས་པའོ། །དེ་ཉིད་ཀྱིས་ན་དམ་ཚིག་ཅེས་བྱ་བ་ལ་སོགས་པ་ནི་ཁམས་གསུམ་གྱི་སེམས་ཅན་རྣམས་ལ་དམ་ཚིག་ཅེས་པ་ནི་སྐད་ཅིག་མ་གཅིག་ལ་སྔོན་པར་རྫོགས་པར་བྱང་ཆུབ་པ་སྟོན ་པའོ། །དེའི་སྤྱོད་པ་ཞེས་པ་ནི་ཐེག་པ་གསུམ་ལ་སོགས་པའི་ཆོས་སྟོན་པར་བྱེད་པའོ། །དེའི་སྤྱོད་ཡུལ་ཞེས་པ་ནི་ཐོས་པ་དང་བསམ་པ་ལ་སོགས་པས་བྱང་ཆུབ་མྱུར་ཆེས་པར་ཐོབ་པའོ། །དེ་བཞིན་དུ་འཇིག་རྟེན་གསུམ་དུ་ཞེས་བྱ ་བ་ལ་སོགས་པ་ནི་འདི་ལྟ་བུའི་རྣལ་འབྱོར་པ་ནི་རྙེད་པར་དཀའ་སྟེ་གང་ལ་འདི་ལྟ་བུའི་བསམ་པ་ཡོང་པ་དེ་ནི་དེ་བཞིན་དུ་བརྗོད་པར་འགྱུར་རོ། །ཐོག་མ་ཞེས་པ་ནི་སྒྱུར?་ཨ་གྱིས་དུ་སུའོ། །དབུས་ཞེས་པ་ནི་ད་ལྟར་དེ་བཞིན་གཤེགས ་པ་རྣམས་འབྱུང་བའི་དུས་སུའོ། །དེ་བཞིན་དུ་མཛའ་མར་ཞེས་པ་ནི་ཐམས་ཅད་ཀྱི་རང་བཞིན་གྱི་ཆོས་རྒྱུན་མི་འཆད་པར་ཇི་སྲིད་ནམ་མཁའ་ཨི་མཐར་ཐུག་པར་སེམས་ཅན་གྱི་དོན་བྱ་བའི་ཕྱིར་ཡང་དག་པར ་གནས་པ་ནི་རྣལ་འབྱོར་པའི་ངེས་པའོ། །འདིར་བསྲུབ་ཅིང་ཞེས་བྱ་བ་ལ་སོགས་པ་ལ། འདིར་བསྲུབ་པ་ནི་རྣལ་འབྱོར་གྱི་རྒྱུད་དོ། །བསྲུབ་པ་ནི་ཤེས་རབ་ཀྱི་རྒྱུད་དོ། །ཅིའི་ཕྱིར་བསྲུབ་པ་རྣལ་འབྱོར་ཡིན་ཞེ་ན། འདིར་གང་གི་ཕྱིར་ཤེས ་རབ་ཀྱི་དངོས་པོའི་དབྱེ་བས་སེམས་ཀྱི་ཏིང་ངེ་འཇིན་རྣམས་འབྱུང་བའི་མཚན་ཉིད་དོ། །དེས་ན་དེ་བསྲུབས་པས་བླ་ན་མེད་པ་ཐོབ་ཅེས་པའི་དོན་ཏོ། །དེ་བཞིན་དུ་ཤེས་རབ་ཀྱི་རྒྱུད་རྣམས་སུ་ཐབས་ཀྱི་དངོས་པོའི་དབྱེ་བས་བསྲུབས་པས ་མཆོན་བྱའི་རྒྱུའི་ཕྱིར་ཞེས་པའི་དོན་ཏོ། །དེའི་ཕྱིར་འདི་དག་སྦྱོར་བ་ནི་བསམ་གྱིས་མི་ཁྱབ་པའི་གཉིས་མེད་པའི་ཡེ་ཤེས་སོ། །ཇི་བཞིན་ཞེས་པ་ནི་འདིའི་རྒྱུད་དང་འབྲས་བུ་སྔགས་བཟླས་ཞེས་བྱ་བ་ལ་སོགས་པའོ། །སོགས་པའི་སྒྲ ་ནི་འཆད་བཞིན་པའི་སྦྱོར་བའི་བསྒོམ་པའོ། །དེ་བཞིན་དུ་ཞེས་པ་ནི་རྒྱུད་བཤད་ཀྱིས་ཉོན་ཞེས་འབྲེལ་ཏོ། །འདིར་རྒྱུད་ཅེས་པ་ནི་ཤེས་རབ་དེད་ཐབས་འདུས་པའི་གནས་སུའོ། །བཤད་ཀྱིས་ཞེས་པ་ནི་མཚོན་བྱའོ། །དེ་ཡང་ཉོན ་ཞེས་པ་ནི་ཁོང་དུ་ཆུད་པའོ། །དེ་བཞིན་དུ་རྒྱུད་ཀྱི་སྒྲ་ནི་གཞན་རྣམས་ཀྱི་རྒྱུད་ཡིན་པས་ན་གཞན་དབང་??། །བཤད་ཀྱིས་ཞེས་པ་ནི་ཀུན་ཏུ་བརྟཊ་པའི་རྒྱུད་དོ། །ཉོན་ཞེས་པ་ནི་ཡོངས་སུ་གྲུབ་པའི་རྒྱུད་དོ། །རྒྱུ་དེ་གསུཾ་གྱི་དགོངས་པས་གང་བསྒྲུབ་བྱ་བ་དང་བསྒྲུབ་པ་དང ་སྒྲུབ་པ་པོ་རྣམས་ཀྱི་རང་བཞིན་རྣམ་པར་རིག་པ་ཙམ་ཉིད་དེ། དེས་ན་རྣམ་པར་མི་རྟོག་པའི་དངོས་པོ་རྣམས་ལ་སྒྲུབ་པ་པོ་འཇུག་པར་བྱེད་དོ། །རྣམ་པར་མི་རྟོག་པ་ཡང་བེམས་པོ་མ་ཡིན་པ་སྟོང་པ་ཉིད་བདག་ཏུ་འཛིན་པ་མེད ་བའི་རྣམ་པར་རྟོག་པའོ། །དེ་ཡང་མེད་པས་ན་རྣམ་པར་མི་རྟོག་པ་བདག་ཏུ་འཛིན་པ་དང་བྲལ་བ་དེ་བཞིན་དུ་གསུངས་སོ། །རྣམ་པར་རྟོག་པ་གང་ལ་ལ་ཡིད་ལས་བྱུང་བར་འགྱུར་བ་ནི་ཀུན་དོར་བའི་རང་བཞིན་ནོ། །གང་ཡང་དགའ་ལ་དང་བཅས་པའི ་གཟུགས། །སྙིང་ནི་དགའ་བར་བྱེད་པ་ནི། །དེ་ཡང་ཀུན་ཏུ་རྟོག་པ་ཙམ། །དེ་ཡང་ཆགས་དང་བྲལ་བའི་ཚུལ། །གཞན་ཡང་དེ་དང་དེ་གཉིས་ག། སྲིད་པ་ཡི་ནི་དང་པོའི་རྒྱུ། །ཁ་ཅིག་གི་ནི་ཡུལ་ལ་ཡང། །རྣམ་པར་མི་རྟོག་བདག་དངོས་ལས། ། ་མྱ་ངན་འདས་པ་གཞན་ན་མེད། །ཡང་གསུངས་པ། ངེས་པ་ལ་སོགས་དོན་ནི་འདི། །ཟབ་མོ་ཚུལ་ནི་དཔའ་བོས་གསུངས། །ཤེས་རབ་དམན་ལ་རྣམ་ཤེས་ནི། །གཟུང་དང་འཛིན་པའི་རྣམ་པར་སྣང། །ཁ་ཅིག་གཉིས་ཀ་ལས་གྲོལ་བའོ། ། ་ཟབ་མོས་འཇིགས་པ་འཇིགས་བྱེད་པའོ། །དེ་ལྟར་མར་མེ་ལྟམ་པ་ཡི། །འདི་ཡི་རྩེ་མོ་རྒྱུན་ནི་འབར། །མར་ཁུར་ནུབ་པའི་སྡོང་བུ་ཡང། །མར་ཁུ་ཟད་པས་སྡོང་བུ་དེ། །ལྡོག་པ་ཡི་ནི་དུས་སུ་ཐོབ། །དེ་བཞིན་དུ་ནི་ཡེ་ཤེས་འདི། །དེ་ལྟར་མ་རིག ་ཟད་པའི་ཕྱིར། །རྣམ་ཤེས་འདི་ནི་ལྡོག་འགྱུར་ཏེ། །མར་མེ་བཞིན་དུ་མྱ་ངན་འདས། །དེ་བཞིན་དུ་ཡང་གསུངས་པ། །མ་རིག་པར་ནི་གང་བརྗོད་པ། །རྣམ་ཤེས་གཡོ་བའི་རྒྱུ་ཡིས་ནི། །གཞན་དབང་ལ་སོགས་སྦྱང་བའི་ཕྱིར། །རིག་པ་བཟང་པོ་དེ ་དག་གསུངས། །འོན་ཀྱང་བྱིས་པ་མཁས་རྣམས་ཀྱིས། །རྣམ་པར་རིག་པ་རྟག་བརྟགས་ཕྱིར། །སྔོན་པོ་ལ་སོགས་སྣང་ཚུལ་གྱིས། །ཟབ་མོའི་ཚུལ་ནི་སུན་འབྱིན་བྱེད། །ཀུན་རྫོབ་དང་ནི་དོན་དམ་ལ། །བདེན་པ་གཉིས་ཀྱི་དོན་གསུངས་པ། ། ་འདིར་ནི་ཟབ་མོའི་ཚུལ་གསལ་བ། །བླ་མའི་རིམ་པས་ཤེས་པར་བྱ། །ཐེག་པ་གསུམ་ལ་མོས་པ་ཡིས། །བསྟན་པ་བརྩོད་པའི་དུས་ཀྱི་ཕྱིར། །དེ་རྣམས་སྤྱོད་པ་ལ་ནི་འཇུག། ཀུན་བརྟགས་ལ་སོགས་རིམ་པ་བཞིན། །ཀུན་བརྟགས་དང་ནི ་གཞན་གྱི་དབང། །ཡོངས་སུ་གྲུབ་པ་ཉིད་དེ་བཞིན། །ཁ་ཅིག་ཕྱོགས་ནི་རྣམ་བཅས་ཏེ། །རྣམ་པ་མེད་པ་ཉིད་དུ་བརྟགས། །བྱིས་པ་རྣམས་ཀྱི་བློ་འཕེལ་ཕྱིར། །དངོས་པོ་ཙམ་ཞིག་བཞིག་བཞག་པ་ཡིན། །ཀུན ་བརྟགས་ལ་སོགས་སྣང་པ་ཡི། །རང་བཞིན་དུ་ནི་གསུངས་མིན་ནམ། །དེ་རྣམས་མངོན་སུམ་ཉིད་དུ་འགྲུབ། །མཚན་མོ་ལ་སོགས་རིམ་ཇི་བཞེན། །ཇི་ལྟར་བློ་ནི་འཕེལ་ཕྱིར་ཡིན། །རང་གི་ཕྱོགས་ལ་མཉེས་པར་གསུངས། །ལུང ་དང་ཚད་མ་རྒྱས་པ་ནི། །འབའ་ཞིག་མ་གསུངས་གཞན་ལའང་ཡོད། །ཞི་བྱེད་ལ་སོགས་ལྷ་ལྔ་པོ། །དེ་རྣམས་རང་རང་ལུང་རྣམས་སུ། །སྣང་བ་གསུམ་ནི་ཡིས་ཆེས་ཕྱིར། །བུམ་པ་ཡི་ནི་དཔེ་བཞིན་དུ། །འདིར་ནི་རྟག་ཏུ་བསྟན ་པ་ཡིན། །གཉིས་ག་ཡང་ནི་སྤྱོད་པར་མཚུངས། །སྟོང་པའི་ཕྱོགས་ལ་ནི་ཐ་དད། །ཇི་ལྟར་མི་ནི་རིགས་བཞི་ཡི། །ཆ་ཤས་རྣམས་ལ་དབྱེ་བ་མེད། །དེ་བཞིན་སྣང་ལ་སོགས་སྣང་བ། །སྡོན་གྱི་སངས་རྒྱས་ལ་སོགས་གསུངས། ། ་ཐུན་མོང་སྟོང་གསུམ་རང་བཞིན་ཕྱིར། །སྙིང་སྟོབས་སོགས་ཡོན་ཏན་སྦྱོར་ལས། །སེམས་ཅན་ཐམས་ཅད་འབྱུང་བའི་ཕྱིར། །དེ་ལྟར་གང་ལ་དགོས་ཡོད་པ། །དེ་ལ་བདག་གི་ཚིག་འདི་བརྗོད། །དེ་ནི་དོན་གསུངས་མ་ཡིན་ཏེ། །ཅི་ཕྱིར ་འདིར་བརྗོད་ཅེས་གསུངས་ཏེ། །འདིར་ནི་ཀུན་བརྟགས་ལ་སོགས་གང། ཁྱོད་ཀྱིས་བརྗོད་པའི་ཚིག་ནི་ཉིད། །སྐྱེ་བུ་ལ་སོགས་ཆ་ཤས་བཞིན། །དེ་ཕྱིར་ཐམས་ཅད་ཐུན་མོང་ཉིད། །སྣང་བ་ལ་སོགས་སྣང་གསུམ་ཉིད། །སྔཊ ་ཀྱི་ཚུལ?་ལ་མཚུངས་མེད་ཕྱིར། །གང་ཕྱིར་དངོས་པོ་ཐམས་ཅད་ལ། །མུ་སྟེགས་རྣམས་ལ་མཚུངས་འདེ་ཡིས། །སྔགས་ཀྱི་ཐེག་པ་སྙིང་པོར་འགྱུར། །དངོས་པོ་ཀུན་གྱི་ནང་དུ་འདུས། །དངོས་པོ་འདད་ཡིན་དུ་འདུས། ། ་དེ་བཞིན་འདིར་ནི་མན་ངག་གིས། །ཀུན་རྟགས་ལ་སོགས་སྣང་བ་གསུམ། །ཚིག་ཙམ་ཕྱིར་ནི་མཚུངས་པ་མེད། །དེ་ལྟར་སྔགས་ཀྱི་ཐེག་པ་ནི། །ཐིག་པ་གསུམ་ནི་འདུས་པ་སྟེ། །ཆོས་བསྡུས་ལ་སོགས་པ་རུ་ནི། །སྣ་ཚོགས་རྣམ་པར ་དག་གསུངས་ཕྱིར། །དེ་བཞིན་??་རིན་མན་ངག་ལས། །གང་ཕྱིར་ཁ་ཅིག་དུ་ནི་དོན། །ཀུན་དགའ་བོ་ནི་ཕྱག་རྡོར་ཞེས། །ཤཱ་རིའི་བུ་ནི་བྱམས་པ་སྟེ། །རབ་འབྱོར་ཀུན་ཏུ་བཟང་པོའོ། །དེ་བཞིན་མཽངྒལ་གྱི་ནི་བུ། །ནམ་མཁའ་ཨི་??་??་དུ་བརྗོད་པ་ཡིན ་དེ་ལ་སོགས་པར་ཤེས་པར་བྱ། །དངོས་པོ་གཅིག་ལ་སྣ་ཚོགས་པའི། །མིང་རྣམས་སྔོན་དུ་འགྲོ་བ་ནི། །དངོས་པོ་གཅིག་ལ་མིང་དུ་མའོ། །འོན་ཀྱང་ཐེག་པ་གསུམ་གསུངས་པ། །ཆོས་གང་གིས་ནི་སེམས་ཅན་རྣམས། །སེམས་ཀྱི ་རྣམ་རྟོག་སྣ་ཚོགས་པ། །རྩོད་པ་ཙམ་ནི་འབའ་ཞིག་དང། །བློ་འཕེལ་བ་ནི་ཉིད་འགྲུབ་པ། །གཞན་རྣམས་ལ་ནི་ཕྱིར་བཟློག་པ། །དེ་ཉིད་ཀྱིས་བརྟུལ་སེམས་ཅན་གྱིས། །རྒྱུ་ནི་སྔགས་ཀྱི་ཐེག་པ་མཆོག། །རྩོད་པའི་དུས་ལས་གཞན་པ་ཡི། ་དུས་རྣམས་ལ་ནི་གཏན་དབབ་མིན། །ཐེག་པ་གསུམ་གྱིས་འགྲུབ་འགྱུར་པ། །སྐྱེ་བ་སྔ་མར་རྟོགས་ཕྱིར་རོ། །འོན་ཀྱང་གསང་སྔགས་ཐེག་ཆེན་ལས། །མ་རྟོགས་དངོས་གྲུབ་རྙེད་མི་འགྱུར། །དེ་ཡང་སྔོན་དུ་མོས་པ་ཡིས། །ཉན་ཐོས ་སེམས་ཀྱིས་སྦས་པ་ཡིན། །དེ་ཕྱིར་རྫོགས་ལྡན་སོགས་དུས་སུ། །སྔགས་ཀྱི་ཐེག་པ་སྙིང་ལ་གནས། །སྐྱེ་བ་འབུམ་ཕྲག་དུས་ནང་དུ། །དེ་མ་རྟོགས་པར་དངོས་གྲུབ་མེད། །གཉིས་ཀའི་མཛའ་ལ་བརྟེན་ནས་ནི། །བྱང་ཆུབ་དམ་པ་གསུངས ་པ་ཡིན། །དེ་ལྟར་ཀུན་བརྟགས་ལ་སོགས་ཀུན། །མན་ངག་གི་ནི་ནང་དུ་འདུས། །དེ་ལས་བྱུང་བའི་སྣང་བ་ནི། །འདུས་བྱས་ཐ་མལ་བ་རུ་འདོད། །འདུས་བྱས་རྣལ་འབྱོར་མ་ཡིས་གསུངས། །བྱིས་པ་རྣམས་ཀྱི་ཐ་མལ་གསུངས། ། ་འདུས་བྱས་སྣང་བ་འབའ་ཞིག་མིན། །གང་ཅུང་ཟད་ཀྱི་དོན་དམ་པའི། །ཕྱོགས་དང་གར་མཁན་གྲངས་མེད་པ། །དེ་དག་ཐམས་ཅད་འབྱུང་བ་ཉིད། །མ་རིག་པ་ཡང་དེར་ཟད་འགྱུར། །རིག་པ་བཟང་པོ་ཡིན་རྒྱུ། ་ཤེས་དང་ཤེས་བྱ་དག་མི་གཡོ། །གཞན་དུ་སངས་རྒྱས་རྙེད་མི་འགྱུར། །དེ་ཡང་འདུས་བྱས་སྒོམ་པ་པོས། །རྣམ་པར་མི་རྟོག་དེ་ཁོ་ན་།དེ་ནི་མེད་ཅིང་དེ་ཡང་མེད། །བདག་ལ་བརྗོད་དུ་མེད་པས་བརྒྱན། །རྣམ་གྲངས་སྦྱོར་ལས ་སངས་རྒྱས་འབྱུང། །དེ་ལྟར་སྙིང་རྗེ་ལ་དམིགས་པའི། །བློ་ལྡན་ནན་ཏན་ཤེས་བྱ་བ། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །བྱིས་པ་བཞན་དུ་ཡང་དག་སྤྱད། །གང་ཡང་མུ་སྟེགས་པ་རྣམས་ཀྱིས། །རྟག་ཏུ་སྣང ་བའི་མིད་ཉིད་ཀྱིས། །དུས་ཙམ་ཉེ་བར་མཚོན་པ་ཉིད། །དམ་པའི་དོན་ནི་དངོས་པོ་མིན། །དེ་རྣམས་རིགས་པ་མི་ཤེས་པས། །འདིར་ནི་ལྟ་བ་ཉམས་པ་ཉེད། །གང་ཡང་རིགས་པས་ཤེས་པ་ནི། །དེ་ཉིད་སངས་རྒྱས་གཞན ་དུ་མིན། །དམ་པའི་དོན་གྱི་ལྟ་བ་ཡིས། །སངས་རྒྱས་པ་ནི་མྱང་འདས་འགྲོ། ལྟ་བ་གཞན་ནས་སེམས་ཅན་ཡང། །དམ་པའི་དངོས་བོས་གྲོལ་བར་འགྱུར། །དེ་བཞིན་དུ་ཕྱི་དང་ནང་དུ་རྣལ་འབྱོར་བ་སྐྱེད་པ་བསྟན་པའི ་ཕྱིར། །སྐྱེ་གནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེ་གནས་ཞེས་པ་ནི་ལྟེ་བའི་དབུས་སུའོ། །རྩ་གཉིས་ཞེས་པ་ནི་ལ་ལ་ནཱ་དངར་ས་ནཱ་གཉིས་སོ། །ཁུ་བ་ཞེས་པ་ནི་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་སོ། །དེ་བཞིན་དུ་རབ ་འབྱུང་ཡང་ཤེས་པར་བྱའོ། །དེ་དག་ཅེས་བྱ་བ་ལ་སོགས་པ། །ཆོས་ཀྱི་དབྱིངས། །ཞེས་པ་ནི་ཨ་བ་དྷུ་ཏཱིའོ། །འདུས་པ་ཡིན་ཞེས་པ་ནི་རྩ་གཉིས་འདུས་པའི་ཕྱིར་རོ། །དོན་དམ་པའི་ཡུལ་ལ་ནི་སྒྲའི་ཚུལ་ལོ། །དེ་བཞིན་དུ ་ཡང་སྙིང་སྟོབས་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་ཀྱིས་ནང་དུ་བསྐྱེད་པ་སྟོན་པའི་ཕྱིར་རོ། །འབྱུང་བའི་གནས་ནི་ཆོས་ཀྱི་དབྱིངས་སྐྱི་གནས་སོ། །དེའི་ཕྱིར་རྩལ་བསམ་གྱིས་མི་ཁྱབ་ལ་བསམ་དུ་མེད་པ་འབྱུང་སྟེ། སྙིང་སྟོབས་དང ་སྣང་བ་དང་ལུས་དང་སེམས་དང་སྟོང་པ་དང་ཟླ་བ་དང་ཤེས་རབ་དང་མཚན་མ་དང་གཞན་དབང་དང་ཨོཾ་དང་ཨཱ(རྒྱུད་འགྲེལ་དུ་མུན་པ་དང་སྣང་བ་ཐོབ་པ་དང། ཡིད་དང་མ་རིག་པ་དང་སྟོང་པ་ཆེན་པོ་དང་སྒྲ་གཅན་དང་ཡང་དག་པར་སྦྱོར་བ་དང་མཚམས་དང་ཡོངས་སུ་གྲུབ་པ་དང། ཧཱུཾ་དང་ཕཊ་དོ། །ཡེ་ཤེས་དེ་རྣམས་ཀྱི་རང་བཞིན་རྣམས་སུ་ལུས་དང་ངག་དང་སེམས ་ཀྱི་བདག་ཉིད་གྲངས་མེད་པ་སངས་རྒྱས་ཀྱི་རང་བཞིན་དུ་དགོངས་པའོ། །འབྱུང་བ་ལས་གྱུར་པ་དེ་རྣམས་ལ་སྲིད་པར་འབྱུང་བར་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ཉིད་ཀྱིས་ན་ཞེས་གསུངས་པས་སངས་རྒྱས་ཀྱི་རང་བཞིན་ཉིད་དོ། ་དེ་ཉིད་དུ་གསུངས་པ། སྙིང་སྟོབས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ཕྱེད་ཀྱིས་དེའི་དོན་བཤད་དེ་སྔོན་གྱི་བག་ཆགས་ཀྱིས་བསོད་ནམས་ཉེ་བར་སྤྱོད་པའི་ཕྱིར་མ་དང་ཕ་སྦྱོར་བ་སྔོན་དུ་གསུངས་སོ། །དངོས་པོ་ཞེས་པ་ནི་ཀུན་གཞི ་རྣམ་པར་ཤེས་པ་དེ་ལ་དེ་བཞིན་དུ་གསུངས་སོ་།དེ་བཞིན་བཤད་གཅི་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཅན་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨི་སྤྲུལ་པའི་སྐུའི་ལུས་ཅན་ནོ། །བརྗོད་ཅེས་པ་ནི་སྦྱོར་བའོ། །དུས་པ་ཞེས་བྱ་བ་ལ་སོགས་པ་ནི ་གོ་སླའོ། །རྣམ་གཉིས་ལས་བྱུང་ཞེས་པ་ནི་ཕ་དང་མའི་ཁམས་ཀྱི་དབང་གིས་སམ་བྱང་ཆུབ་སེམས་དང་སྲོག་ལས་སྲོག་ཏུ་སེམས་ཀྱི་རང་བཞིན་གྱི་མཚན་ཉིད་རྣམ་པ་མང་པོའི་ཕྱིར་རོ། །དེ་བཞིན་དུ་གཅིག་ཅེས་པ་ནི་རང་རིག ་པའི་སྒྲའི་བདེ་བའོ། །དུ་མ་ཞེས་པ་ནི་སྤྲུལ་པའི་སྐུའོ། །དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་བཞིན་གྱིས་གནས་པ་རྡོ་རྗེ་ཅན་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་འཆད་དོ། །དེ་ཡང་རྩའི་ཞེས་བྱ་བ་ལ་སོགས་པ་རྣལ་འབྱོར ་པ་རྣམས་ད་ལྟར་གྱི་དུས་སུའོ། །རྒྱུ་བ་ཞེས་པ་ནི་རྒྱས་པར་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྣམས་ལ་རླུང་སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་དྲུག་བརྒྱ་རྣམས་རྒྱུའོ། །དེས་ན་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་ཆས་གང་དུས་དེས་ནི་འདི་བྱ་བའོ། ། ་དེ་ཅི་ཞེ་ན། དེའི་ཞེས་གསུངས་ཏེ། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྣམས་ཀྱི་རྩ་རེ་རེ་ལའོ། །སྒོ་ཞེས་བྱ་བ་ནི་འོག་དང་སྟེང་དུ་སྒོ་གཉིས་སུ་འགྱུར་བའོ། །དེའི་གཉིས་ཞེས་པ་ནི་འོག་དང་སྟེང་ལས་གང་སྟེང་དུ་རྒྱུ་བ་ནི་སྤྲོ་བའི་དུས་སུའོ ་འོག་གི་སྒོ་ནས་རྒྱུ་བ་ནི་སྦུད་པའི་དུས་སོ། །དེ་དག་གི་ཞེས་པ་ནི་གཡོན་དང་གཡས་སུ་སྲོག་འཕོ་བའི་དུས་སུའོ། །འདུས་དུས་སུ་ཞེས་པ་ནི་རྩ་རྣམས་ཀྱི་ཕན་ཚུན་སྲོག་རྒྱུ་བའི་དུས་སུའོ། །ལྷ་ཞེས་པ་ནི་ཨ་བ་དྷཱུ་ཏཱིར་འཕོ་བའི་ཕྱིར ་ཐིག་ལེའི་མཚོན་པ་ཉིད་རང་བཞིན་མེད་པ་དཔའ་རླབས་མེད་པའི་ཏིང་ངེ་འཛིན་ཉེ་བར་དམིགས་པར་འགྱུར་རོ། །དེས་ན་འགྱུར་ཞེས་པ་ནི་བདག་ཉིད་རྡོ་རྗེ་འཆང་དུ་འགྱུར་ཞེས་དགོངས་སོ།། །།དེ་ནི་གོང་དུ་འཕོ་བའི ་སྦྱོར་བར་གཏུམ་མོའི་སྦྱོར་བའི་དངོས་པོ་བསྟན་པའི་ཕྱིར། །སྟེང་གི་སྒོ་ཞེས་བྱ་བ་ལ་སོགས་པ་ནི་འདིར་རྩ་ཐམས་ཅད་ཀྱི་རྒྱུ་བའི་ཕྱིར་དེའི་གང་དུ་བསྐྱེད་པའི་གནས་དེར་སྒོ་གཅིག་ཏུ་འགྱུར་རོ། །དེ་ནི་སྤྱི་བོའི་གནས་སྟེང་གི་སྒོ་ཞེས་བརྗོད་དོ། ། ་དེ་ཉིད་ཀྱི་སྲོག་རྒྱུ་བའི་བུ་ག་ནི་འོག་གི་སྒོའོ། །དེ་ཉིད་ཀྱི་འོག་གི་སྒོར་རྣམ་པར་ཤེས་པ་སྲོག་གི་སྦྱོར་བ་ལས་གནས་སོ། །སྟེང་གི་སྒོ་རུ་ཞེས་པ་ནི་སྐྱེ་བའི་གནས་སུའོ། །ཁམས་རྣམས་ཞེས་པ་ནི་ལུས་ཀྱི་གོང་བུའི་བ་སྤུ་དང་པགས་པ་ལ ་སོགས་པའི་ཁམས་རྣམས་ཀྱི་གནས་རྣམས་སུའོ། །འཇུག་པར་བསམ་ཞེས་པ་ནི་རྣམ་པར་ཤེས་པ་དང་ལྡན་པའི་སྲོག་གི་རླུང་བསམ་པར་བྱའོ། །རྣལ་འབྱོར་བ་ཞེས་པ་ནི་སེམས་སོ། །རྩ་རྣམས་ཐམས་ཅད་ཅེས་པ་ནི་རྩའི་རྣལ་འབྱོར་མ ་རྣམས་ཀྱའི། །འདུས་པ་ཞེས་པ་ནི་ཐིམ་པར་འགྱུར་པའོ། །དེས་ན་སྟེང་སྒོར་ཞེས་པ་ནི་སྔོན་གྱི་ཚུལ་གྱིས་བསྐྱེད་པའི་གནས་སུའོ། །དེ་ཉིད་ཀྱིས་ན་ནའི་སྒྲ་ནི་ངེས་པར་གཟུང་བའོ། །དེ་ཞེས་པ་ནི་དེར་རོ། །ལུས་ཞེས་པ་ནི་ལུས་ལའོ། །རྟག་ཏུ་ཞེས་པ་རྒྱུན་མི་འཆད་པར་རོ། །རྡོ་རྗེ་ཅན་ཞེས་པ་ནི་ཡེ་ཤེས་ཀྱི་ཁམས་སོ། །རྟག་ཏུ་གནས་ཞེས་པ་ནི་ཁམས་བཞིའི་ནང་དུ་འདུས་པར་གནས་སོ། །དེ་ལ་ས་ནི་མི་བསྐྱོད་པའོ། །ད་ནི་དེ་བཞིན་དུ་སྙིང་ཁར་རོ། །སྠི་ནི་རང་འབྱུང་གི་མེ་ཏོག་གོ། ཏ་ནི་ཁུ་བ་ཉིད་དོ། ། ་དེ་བཞིན་དུ་སྟེང་ཞེས་བྱ་བ་ལ་སོགས་པ་ནི་དེའི་སྟེང་གི་སྒོ་ལ་འཁྲུལ་འཁོར་གསུམ་མོ། །སྒོ་དགུ་ཞེས་པའི་རྩ་དགུས་ཡོངས་སུ་བསྐོར་བའོ། །དེ་ཡང་ཅི་ཞེ་ན། དེ་ལ་ཀྱེ་བཅོམ་ལྡན་འདས་ཞེས་པ་ནི་ཞུས་པའོ། །དེ་ཡང་སྔོན་གྱི་ཚིག་གི་རྗེས་སུ ་འགྲོ་བ་རྟག་ཏུ་བཞུགས་ཞེས་པ་དང་འབྲེལ་ཏོ། །དེ་ལ་བཀའ་སྩལ་པ་ཞེས་པ་ནི་བསྟན་པའི་སླར་བཤད་པ་གསུངས་པའོ། །ཅི་ཞེ་ན། གསུངས་པ། གསུམ་ཞེས་བྱ་བ་ལ་སོགས་པ་ནི་འདིར་འཁྲུལ་འཁོར་གྱི་སྒྲས་ནི་རྩ་སོ་སོ་རྣམས་ཀྱི ་བསྐྱེད་པའི་གནས་??་སུ་ལུས་དང་ངག་དང་སེམས་ཀྱི་དབྱེ་བས་སྨིག་རྒྱུའི་སྐུད་པ་བཞིན་རྩ་གསུམ་འཁྲུལ་འཁོར་གྱི་གཟུགས་འཁྱིལ་པའི་རྣམ་པ་ཉིད་དུ་གནས་ཏེ། དེ་ཉིད་སུམ་ཁྱོག་ཐོང་བའི་ཆ་བྱད་རྡོ་རྗེ་སེམས་དཔའ་ཡེ་ཤེས་ཀྱི་ཁམས་སུ ་བརྗོད་དོ། །དེ་ལ་ཆུང་དུ་ཞེས་པ་ནི་ཨོཾ་འཇུག་པ་ཡིས་ས་འོག་གནས་མ་རྣམས་བསྐྱེད་པའོ། །དེ་བཞིན་དུ་འབྲིང་ཞེས་པ་ནི་ཨཱ(རྒྱུད་འགྲེལ་སྤྱོད་རྣམས་བསྐྱེད་པའོ། །དེ་བཞིན་དུ་དཀྱིལ་འཁོར་གསུམ་དང། ལམ་གསུམ་དང། མིག་གསུམ་དང། སྐུ་གསུམ་དང། ཐར་པ་གསུམ་དང་།འཇིཏེན་གསུམ་དང། སྲིད་པ་གསུཾ་དང། དེ་ཁོ་ན་ཉིད་གསུམ་དང། དུས་གསུཾ ་དང། ཐུན་མཚམས་གསུམ་དང། ནམ་མཁའ་གསུམ་དང། འགྲོ་བ་གསུམ་དང། ཕོ་བྲང་གསུམ་དང། ས་བོན་གསུམ་དང། གྲུ་གསུམ་དང། གནས་གསུམ་དང། ཡོན་ཏན་གསུམ་དང། ཡི་གེ་གསུམ་དང། སྣང་གསུམ་དང། རང ་བཤིན་གསུམ་དང། ཁམས་གསུམ་དང། ཞལ་གསུམ་དང། ཐབ་ཁུང་གསུམ་དང། གཟུགས་གསུམ་གྱི་རིམ་པས་གྲངས་མེད་པར་འགྱུར་རོ། །དེ་ལྟར་དཀྱིལ་འཁོར་ལ་སོགས་པ་རྣམས་ལ་ཀ་བ་གཅིག་ཅེས་པ་ལ་སོགས་པ་ནི་རྐང་པ ་ནས་མགོའི་བར་དུ་ནོར་ལས་རྒྱལ་ཞེས་པའི་རླུང་ལུས་ཐམས་ཅད་ཀྱི་རྟེན་ནོ། །དེ་ཉིད་ཀྱི་སྒོ་དགུ་ཞེས་པ་ནི་ནོར་ལས་རྒྱལ་ཞེས་པ་ལ་སྣལ་མ་ཕྲ་མོ་སྒོ་དགུའི་བདག་ཉིད་སྲོག་ལ་སོགས་པའི་རླུང་རྒྱུ་བ་ངེ་ལ་དེ་སྐད་ཅེས་བྱའོ། །རགས་པ་ཞེས་པ་ནི་སྲོག་ལ་སོགས་པ་རླུང ་ལྔ་རྣམས་ཕུང་པོ་ལྔའི་རང་བཞིན་དཀྱིལ་འཁོར་ལྔའོ། །དེ་རྣམས་ཀྱི་ལྷག་པའི་ལྷ་ཞེས་པ་ནི། རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔའོ། །དེ་བཞིན་དུ་བུ་ག་ཞེས་བྱ་བ་ལ་སོགས་པ་ནི་སྣལ་མ་ཕྲ་མོ་རྣམས་སྦོམ་པོ ་ཉིད་དུ་འགྱུར་བའོ། །བུ་ག་ཞེས་པ་ནི་མིག་ལ་སོགས་པའི་སྒོར་སོན་པའོ། །དགུ་ཞེས་པ་ནི་ཀ་བ་གཅིག་དགུའི་བདག་ཉིད་དོ། །དེ་རྣམས་རེ་རེ་ལས་གསུམ་གསུམ་གྱི་བུ་ག་རྣམས་སོ། །དེ་ཉིད་དུ་གསུངས་པ་ཐ་མ་ཞེས་བྱ་བ་ལ་སོགས ་པ་འདིར་ཐ་མ་ནི་འཇུག་པའི་ཕྱིར་ཨོཾ་ཞེས་པ་ལུས་ཀྱི་སྒོ་ལུས་ལ་ཁྱབ་པར་བྱེད་པའི་ཕྱིར་རོ། །དེ་ཉིད་ཀྱིས་ནི་སྦོམ་པོ་ཞེས་པ་ནི་ས་ལ་སོགས་པའི་དཀྱིལ་འཁོར་རྒྱུ་བའི་སྤྱན་མ་ལ་སོགས་པའོ། །ལྷ་མོ་རྣམ་པར་སྤྲུལ་ཞེས་པ་ནི་བཤད་པ ་དང། གཅི་པ་དང། ཤེལ་དང། རང་འབྱུང་དང། ཁུ་བ་ནམ་མཁའ་ཨི་ཁམས་ཅན་ཏེ། དེ་རྣམས་ཀྱི་ལུས་སུ་སྤྲུལ་ཞེས་པའི་དོན་ཏོ། །དེ་ཡང་སེམས་ལྡན་ཞེས་པ་ལ་སོགས་པ་རྣལ་འབྱོར་པའི་མཐར་ཐུག་པའི་མིང་གི་རྣམ་གྲངས་ཀྱིས་ལྔ་སྟེ་ཁམས་ལྔའི་རང ་བཞིན་གྱི་ཕྱིར་རོ། །དེ་བཞིན་དུ་རྟག་ཏུ་ཞེས་པ་ནི་ཡི་གེ་གཉིས་ཀྱིས་སྒོའི་མཆོག་གཏན་ལ་ཕབ་པའོ། །དེ་ཡང་དག་གི་སྒོ་དུས་རྣམས་ཀུན་ཏུ་འགྲོ་བ་ཞེས་པའི་ཚིག་གི་ཁྱད་པར་གྱིས་ཏེ། དེས་ན་འགྲོ་བ་སེམས་ཀྱི་རྣམ་པར་རྟོག་པ་ལས་སེམས་ལས ་བྱུང་བའི་ཚིག་གོ། དེ་ཉིད་ཀྱིས་ན་བརྟགས་པའི་རྒྱུ་དོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ། རྐང་གཅིག་ཅེས་པ་སྐྱེས་བུའི་ཁྱད་པར་རོ། །རྐང་བཞི་ཞེས་པ་བ་ལང་དང་རྟ་དང་མ་ཧེ་ལ་སོགས་པའི་ཁྱད་པར་རོ། །སོགས་པའི་སྒྲས་ནི་རྐང་གཉིས་ལ་སོགས ་པ་བསྡུའོ། །དེ་རྣམས་ཀྱི་རླུང་ལ་སོགས་པ་ཞེས་པ་ནི་འཆད་བཞིན་པའི་དཀྱིལ་འཁོར་རྒྱུ་བའི་ཕྱིར་རོ། །སོགས་པའི་སྒྲ་ཡང་དཀྱིལ་འཁོར་ལྔ་པོ་ཉིད་དོ། །འགྲོ་བ་ཞེས་པ་ནི་དུས་དེའི་ཚེ་སྐྱེས་པ་དང་ཡུལ་འཁོར་དང་རྒྱལ་པོའི་གནས་ལ་སོགས་པར ་བཏགས་པའི་ཕྱིར་རོ། །དེའི་རང་བཞིན་དུ་འབྱུང་ངོ། །དེ་བཞིན་དུ་རླུང་ནི་རྣམ་པ་བཞི་ཞེས་པ་ནི་རླུང་ཡང་རླུང་གཅིག་གི་ཁྱད་པར་ལ་དབང་ཆེན་ལ་སོགས་པ་རྣམ་པ་བཞིར་བརྗོད་དོ། །དེ་ཅི་ཞེ་ན། གསུངས་པ། སེམས་ཞེས་བྱ་བ་ལ་སོགས་པ་ལ། ་གནས་པ་ཞེས་པ་ནི་སྔོན་དུ་རྟག་ཏུ་ཡི་གེ་གཉིས་ཀྱི་དོན་གསུངས་སོ། །དེ་ལྟར་གནས་ཞེས་པའི་སྒྲས་བརྗོད་དོ། །དེ་ལྟར་གནས་ཞེས་པ་ནི་སེམས་ཅན་གྱི་རིགས་ཏེ་དེ་ཡང་རྣམ་པ་གཉིས་སོ། །དེ་ལ་ཐི?་པ་ལ་སོཊ་པ་བསྟན་པ་དང། བཤད་པ་ཁོང་དུ་ཆུད ་པར་བྱ་སྟེ། འདིར་གང་ཐིམ་པ་ཡང་ཡུལ་ཐམས་ཅད་ལ་ཉེ་བར་.མཚོན་པའི་ཕྱིར་རོ། །དེ་བཞིན་དུ་བཤད་པས་ཐིམ་པ་རྟག་ཏུ་ཞེས་པ་ནི་དངོས་པོ་ཐམས་ཅད་ཀྱི་ནང་དུ་འདུས་པས་དུས་ཐམས་ཅད་དུ་གར་དུ་ཡང་མ་སོང་ཞེས་པའི་དོན་ཏོ། །དེ་བཞིན་དུ ་འཇུག་པའི་ཆོ་ག་ནི་དབང་པོ་དྲུག་ཡུལ་ལ་འཇུག་པར་བསྟན་ཏོ། །འདིར་བཤད་པ་འཇུག་པ་དང་འགྲོ་བ་དང་སེམས་ཅན་ཐམས་ཅད་ལ་ཞེས་པ་ནི་དངོས་པོ་ཐམས་ཅད་མཐོང་བའི་ཕྱིར་དེའི་ཚེ་དེའི་རང་བཞིན་ཉིད་ཀྱི ་ཕྱིར་རོ། །དེ་ཉིད་ཀྱིས་ན་དེ་རྣམས་ལ་ཐིམ་པའི་ཕྱིར་འགྲོ་བ་ཞེས་པ་སྐྱེ་བའི་མཚན་ཉིད་དོ། །དེ་བཞིན་དུ་ཡང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་འགྲོ་བའོ། །གང་ཡང་འཇིག་རྟེན་པ་དེ་ནི་བྱིས་པ་རྣམས་བེམས་པོའི་བློས་རྟོག ་པས་འགྲོ་བ་དྲུག་གི་འཁོར་བ་རྣམས་སུ་འགྲོའོ། །གང་ཡང་འཇིག་རྟེན་ལས་འདས་པ་དེ་ནི་འཕགས་པ་རྣམས་རྟག་ཏུ་བེམས་པོ་མ་ཡིན་པའི་བློ་ཡི་ཁྱད་པར་གྱིས་རྟག་ཏུ་དམ་པ་ལ་སྤྱད་པའི་མཚན་ཉིད་ཀྱིས་བདེ་འགྲོར་འགྲོ ་ཞིང་ང་རྒྱལ་མེད་པར་འགྲོ་བའོ། །དེས་ན་སངས་རྒྱས་ཀྱི་འཇིག་རྟེན་དགའ་ལྡན་ལ་སོགས་པ་རྣམས་སུ་འགྲོ་བའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ནས་འཁོར་ལོ་བཞིའི་རབ་ཏུ་དབྱེ་བས་དཀྱིལ་འཁོར་ལྔ་བརྒྱ་པ་བསྟན་པའི ་ཕྱིར། །མེ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །འདིར་མེའི་དཀྱིལ་འཁོར་གོས་དཀར་མོའི་རང་བཞིན་མགྲིན་པའི་འཁོར་ལོ་ནས་རྒྱུ་སྟེ། གཡོན་དང་གཡས་ཀྱི་སྣ་ཁུང་ནས་སྟེང་དུ་རྒྱུའོ། །དེ་བཞིན་དུ་རླུང་གི་དཀྱིལ་འཁོར་ནི ་དཔྲལ་བའི་འཁོར་ལོ་ནས་སྣའི་བུ་ག་གཉིས་ཀའི་ལོགས་ནས་རྒྱུའོ། །དེ་བཞིན་དུ་དབང་ཆེན་གྱི་དཀྱིལ་འཁོར་ནི་ལྟེ་བའི་འཁོར་ལོ་ནས་ཐད་ཀ་ཞེས་པ་མདུན་དྲང་པོར་རྒྱུའོ། །ཆུའི་དཀྱིལ་འཁོར་ནི་སྙིང་གའི་འཁོར་ལོ་ནས་འོག་ཏུ ་འགྲོ་བས་རྒྱུའོ། །ནམ་མཁའ་ཨི་དཀྱིལ་འཁོར་ནི་དཀྱིལ་འཁོར་བཞི་དང་མཉམ་པོར་རྒྱུའོ། །དེ་ཉིད་ཀྱིས་ན་གསུམ་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདི་རྣམས་ཀྱི་ལག་པའི་དངོས་པོ་གསུངས་ཏེ། རྣམ་སྣང་ཞེས་བྱ་བ་ལ་སོགས ་བ་ནི་དཀྱིལ་འཁོར་རྣམས་ཀྱི་ལྷག་པའི་ལྷའི་རང་བཞིན་གྱིས་སངས་རྒྱས་ལྔའི་རླུང་ལས་བསྐྱེད་པའི་ཕྱིར་རོ། །སྟེང་གི་སྒོ་རུ་ཞེས་པ་ནི་རྩ་རྣམས་བསྐྱེད་པའི་གནས་རྣམས་སུ་ལུས་ཀྱི་ཁམས་རྣམས་ལ་རླུང་མི་གཡོ་བའོ། །དེ་བཞིན་དུ ་འོག་ཏུ་ཞེས་པ་ནི་སྣའི་བུ་ག་ལ་སོགས་པ་ནས་བྱུང་ནས་ཟད་པའི་ཕྱིར་རོ། །དེ་རྣམས་རྣམ་པར་གནས་ཞེས་པ་ནི་རླུང་རྒྱུ་བ་ཉིད་ཀྱིས་ན་དེ་བཞིན་གཤེགས་པ་རྣམས་ཡང་དག་པར་གནས་སོ། །དེ་ནས་སྟེང་དུ་གཤེགས་གསོལ་ཞེས ་པ་ནི་སྤྱི་བོ་ནས་བསྐྱེད་པའི་རྣམས་སུ་བླ་མའི་མན་ངག་གིས་སྟོང་པའོ། །དེ་བཞིན་དུ་སྤྱན་དྲངས་ཞེས་བྱ་བ་ལ་སོགས་པ་ནི་སེམས་ལས་བྱུང་བ་རྣམས་ཀྱི་དངོས་པོ་རྣམས་ལའོ། །རྟག་ཏུ་ཞེས་པ་ནི་དུས་ཐམས་ཅད་དུའོ། །འགྲོ་བ་ཞེས་པ་ནི ་ཡུལ་དང་ཡུལ་ཅན་རྣམས་ལ་འགྲོ་བའོ། །དེ་བཞིན་དུ་ཇི་ལྟ་བུའི་རང་བཞིན་གྱི་ཚིག་མཁའ་འགྲོ་མ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་གསུངས་པ། ཐམས་ཅད་ནི་བཅོམ་ལྡན་འདས་ཀྱི་བཀའ་ཡིན་ཏེ། དེས་ན་ཡང་སྡུད་པ་ཕོ ་བདག་ཉིད་ཀྱི་ཉེས་པ་བསལ་བའི་དོན་དུ་འདི་ནི་ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་དེ་ཉིད་སྟོན་པའི་ཕྱིར་ཞེས་དགོངས་སོ། །ད་ནི་བདག་མེད་མ་ལ་སོགས་པའི་རྣལ་འབྱོར་མ་རྣམས་ཀྱི་ཞུ་བ་སྣ་ཚོགས་པ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་པ་ནི་རྡོ་རྗེ་སྙིང་པོས་དྲིས་པ་ཞུས་པའི་རྗེས་སུ་བཅོམ་ལྡན་འདས་ལ་ལྷ་མོ་རྣམས་ཀྱིས་མཆོད་པ་བྱས་ནས་དེ་ནས་བཅོམ་ལྡན་འདས་མཉེས་ནས། སེམས་དཔའ་ཆེན་པོ་ཞེས་པ་ལོངས་སྤྱོད་རྫོགས་པའི་སྐུ ་ཅན་དེ་ལ་ཚིག་གི་??་པ་སྟེ། དེ་ཡང་བསྟན་ཏེ་ཞེས་པ་ནས་བདག་ལ་བཤད་དུ་གསོལ་བའི་བར་དུ་ཞུས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནི་ཉོན་ཅིག་ཅེས་པ་ལ་སོགས་པ་བསྟན་པ་དང་བཤད་པ་སྣ་ཚོགས ་པ་རབ་ཏུ་བྱེད་པ་འདི་ནས་རབ་ཏུ་བྱེད་པ་གཉིས་པའི་མཐར་ཐུག་པ་ནི་བཅོམ་ལྡན་འདས་ཀྱི་ལན་གྱི་ཚིག་གོ། དེ་བཞིན་དུ་གནས་འདིས་ཞེས་བྱ་བ་ལ་སོགས་པ་ལ། མཁའ་འགྲོ་མ་ཞེས་པ་ནི་རབ་གཏུ་མོ ་ལ་སོགས་པ་ཉི་ཤུ་རྩ་བཞི་ཤེས་པར་བྱ་ཞེས་པ་ནི་ངེས་པའོ། །གཞན་ནི་གོ་སླའོ། །འོན་ཀྱང་འཆང་བཞིན་པ་སླར་བཤད་པ་ལ་གསལ་བ་ཉིད་ཀྱིས་ན་འདིར་མ་བཤད་དོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱིས་རྒྱལ་པོའི་རྟོག་པ་དྲུག་པའི ་རབ་ཏུ་བྱེད་པ་དང་པོའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བ་དྲན་པའི་སྣང་བའི་གཞུང་བསྟན་པ་སྟེ་དང་པོའོ། །ད་ནི་རྩ་བའི་འཁོར་ལོ་ཇི་ལྟར་བྱུང་བའི་གནས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན ་ཡང་ཞེས་པ་ནི་རྣལ་འབྱོར་པའི་ལུས་ཀྱིའོ། །དེ་ཉིད་ཀྱིས་ན་དེ་བཞིན་གཤེགས་པའི་སྐུའི་ཁྱད་པར་སྐྱེས་བུ་ཆེན་པོའི་ཕྱིར་རོ། །དེ་བཞིན་དུ་སྙིང་ཁའི་དབུས་ཞེས་བྱ་བ་ལ་སོགས་པ་ནི་འདིར་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་རྣམས ་ཀྱི་རེ་རེའི་སྙིང་པོར་རྩའི་འཁོར་ལོ་སྔོམ་པའི་དབྱེ་བས་ཤིན་ཏུ་ཕྲ་བའི་དུས་བརྗོད་དེ། པདྨ་ཞེས་པ་འདིར་པདྨའི་སྐྲ་ནི་སའོ། །དེ་ཡང་འདབ་མ་བརྒྱད་ཅེས་པ་ནི་ཞིང་བརྒྱད་ཀྱི་རྩའོ། །ལྟེ་བར་བཅས་ཞེས་པ་ནི་ཐམས་ཅད་ནམ་མཁའ་ཨི་རྣམ ་པའོ། །དེའི་དབུས་སུ་སོན་པའི་རྩ་ཞེས་པ་ནི་སྙིང་རྗེའི་རྒྱུན་གྱིས་ཆགས་པ་ཆེན་པོ་རྒྱུན་མི་འཆད་པའི་རྩ་མར་མེའི་རྒྱུན་བཞིན་ནོ། །དེ་ཉིད་ཀྱིས་ན་མར་མེ་ལྟ་བུའི་གཟུགས་ཅན་ནོ། །དེ་བཞིན་དུ་དེ་ཡང་ཆུ་ཤིང་ཞེས་བྱ་བ་ལ ་སོགས་པ་ལ། ཁ་ནི་ཐུར་དུ་ཞེས་པ་ནི་རྩ་ཐམས་ཅད་དང་ཡུལ་དང་ཡུལ་ཅན་ལས་བདུད་རྩིའི་རོ་དགུག་སྟེ། སེམས་ཀྱི་ཆུ་ཤིང་གི་མེ་ཏོག་བཞིན་རོ་གཅིག་པར་གྱུར་པས། མདུན་དུ་དམིགས་བཞིན་པས་སྲིད་པ་དང་མྱ་ངན ་ལས་འདས་པར་གཟུགས་ཀྱི་ཕྱིར་རོ། །དེ་བཞིན་དུ་དེ་ཡིས་དབུས་ཞེས་པ་ནི་རྩ་བའི་ཆགས་པའི་རྩ་རྣམས་ཀྱི་དབུས་སུའོ། །གནས་པའོ་ཞེས་པ་ནི་རྣམ་པར་རྟོག་པ་མཛའ་དག་སྤངས་པའི་ཕྱིར་དཔའ་བོའི་རྡོ་རྗེ་ལྟ་བུའི་སོག་གོ། ་ཡུངས་ཀར་སྤོམ་པོའི་ཚད་ཙམ་ཞེས་པ་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཐིག་ལེའི་གཟུགས་ཧཱུཾ་དོ། །ཇི་ལྟར་རྡོ་རྗེ་ནོར་བུའི་རྩེ་མོ་ནས་ཁུ་བའི་ཐིག་ལེ་འཛག་པ་པདྨར་ཧཱུཾ་ལྟུང་བ་དེའི་བར་ལ་ལྷན་ཅིག་སྐྱེས་པ་རྣམས་སོ། །དེ་ལྟར་སྣའི་རྩེ་མོ་ནས་སྲོག ་ཡུངས་ཀར་ཙམ་སྲོག་རིང་པོ་འགྲོ་བའོ། །དེས་ན་འགྲོ་བ་ཧཱུཾ་མི་ཤིགས་པ་སྲོག་ས་པོན་ཞེས་སྦྱ་རོ། །འཛག་པ་ཡིན་ཞེས་པ་ནི་བྱང་ཆུབ་ཀྱི་ས་བོན་མི་འཛག་པའོ། །དེ་ཡང་བ་སན་ཏ་ཞེས་བྱ་བ་ལ། བ་ཞེས་པ་ནི་རྡོ་རྗེའི་དབུས། །རྟག་ཏུ་འདོད་པ་ལ ་རོལ་པ། འགྲོ་དང་འོད་པ་འགོག་པ་ཡི། །དེ་ཚེ་དགྱེས་པའི་རྡོ་རྗེ་བཞུགས། །ས་ཞེས་པ་ཡི་ཚིག་ཀུན་ཏུ། །རྣལ་འབྱོར་མ་ཡི་གནས་རྒྱས་པས། །སྐྱེ་བ་དང་ནི་འཇིག་འཛོམས་ཕྱིར། །རྒྱུ་བའི་སྤྱོད་པ་ལ་ནི་སྤྱོད། །ཏ་ཞེས་པ་ནི་སྣལ་མ་སྟོད། ། ་བདུན་ཅུ་རྩ་གཉིས་གོ་རིམ་པས། །དེའི་དབུས་སུ་གནས་དཔའ་བོ་ནི། །ཟེའུ་འབྲུ་གསང་བའི་སྤྱོད་ཡུལ་ཅན། །དེ་བཞིན་ཏིལ་ཀ་ཞེས་པ་ལ། །ཏ་ནི་ཨ་སྔོན་འགྲོ་བ་ཡིས། །ཆུ་ལ་རླུང་ནི་ཐིམ་པ་ཉིད། །དེར་གནས་པ་ཡི་སྐེམས་པར་བྱེད། ། ་ལུས་ཀྱི་ཚོགས་ཀུན་རྣམས་ལ་ཁྱབ། །ལ་ཞེས་པ་ནི་ས་ལྷོ་རུ། ། ཡི་ཕ་རོལ་ཏུ་ནཾ་རེ། །དེས་ན་མེ་དང་མཉམ་པར་གནས། ས་ཡི་རྣམ་པ་དང་ནི་སེམས། །ཀ་ནི་ནམ་མཁའ་ཨི་གཟུགས་ཀྱིས་ནི། །ཕུང་པོ་ལྔ་ལ་ཡང་དག་གནས། །ཐམས ་ཅད་དུ་ནི་བདག་མེད་ཉིད། །དེས་ན་བདག་ཉིད་མ་རུ་གྲགས། །དེ་བཞིན་དུ་ལས་ཀྱི་རླུང་ཞེས་བྱ་བ་ལ་སོགས་པ་ནི་རྩ་སོ་སོ་རྣམས་ཀྱི་ནང་རྣམས་སུ་དབྱིད་ཀྱི་ཐིག་ལེ་ཡང་དག་པར་གནས་ཏེ། །སླར་ལ་ཡང་དཔྱིད་ཀྱི་ཐིག་ལེའི་ནང་དུ ་ལས་ཞེས་བྱ་བ་ལ་སོགས་པ་སྣ་ཆུ་འབབ་པ་སྟེ་ཞེས་པའི་མཐར་ཐུག་པ་ཁོང་དུ་ཆུད་པར་བྱའོ། །གཞན་དག་ནི་གོ་སླའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་དྲུག་པའི་རབ་ཏུ་བྱེད་པ་གཉིས ་པ་ལུས་ལ་རྩ་དགོང་པ་ཞེས་པའི་རྒྱ་ཆེད་འགྲེལ་པ་ཡང་དག་པའཾ་ལྟ་བ་དྲན་པའི་སྣང་བ་ཞེས་པའི་གཞུང་བསྟན་པ་སྟེ་གཉིས་པའོ།། །།ད་ནི་ལུས་ཀྱི་དཀྱིལ་འཁོར་གྱི་རྒྱུ་དང་འབྲས་བུ་བསྟེན་པའི་ཕྱིར། །ནང་གི ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །སོགས་པའི་སྒྲས་ནི་འཁོར་ལོ་བཞི་དང་དཀྱིལ་འཁོར་རྣམས་ལ་སོགས་པ་ལ་ཞུས་པ་བསྡུ་བའོ། །ཅི་ལྟ་བུར་འགྱུར་ཞེས་པ་ནི་རྣམ་པ་གང་གིས་འགྱུར་ཞེས་པའི་དོན་ཏོ། ། ་བདེ་བ་ཆེན་པོས་ཞེས་པ་ནི་བདེ་བ་ཆེན་པོ་ལས་མཉན་པར་འཚལ་བའོ། །བདག་ལ་བཤད་དུ་གསོལ་ཞེས་པ་ནི་བདག་མེད་མ་བདག་ལ་བཤད་དུ་གསོལ་བའོ། །དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནི་ལན་གྱི ་ཚིག་གོ་།ཧེ་རུ་ཀ་ཞེས་བྱ་བ་ལ་སོགས་པ་ནི་ཧེ་རུ་ཀ་ལ་སོགས་པའི་ལྷ་རྣམས་སོ། །སོགས་པའི་སྒྲས་ནི་གཽ་རཱི་ལ་སོགས་པའམ་མཁའ་འགྲོ་མ་ལ་སོགས་པ་བསྡུའོ། །རྩའི་གཟུགས་ནི་ཞེས་པ་ནི་རྣལ་འབྱོར་བ་ཐམས་ཅད་ཀྱི ་རང་བཞིན་ཧེ་རུ་ཀའོ། །དེ་ཉིད་ཀྱིས་ན་ཤིན་ཏུ་བསྡམས་པ་སྟེ་དེ་རྣམས་སྡེམ་པའི་ཕྱིར་ཞེས་པའི་དོན་ཏེ། །དེ་བཞིན་དུ་ལུས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་དཀྱིལ་འཁོར་ཐོག་མ་ཐ་མའི་རང་བཞིན་ཉིད་དོ། །དེ་ཡང་སྒོ་བཞིར་ལྡན་ཞེས ་བའི་དོན་ནི་གོ་སླའོ། །འོན་ཀྱང་རྩ་སུམ་ཅུ་རྩ་གཉིས་པོ་རྣམས་ཀྱི་རྩ་རེ་རེའི་ནང་དུ་སྙིང་གི་རྩ་རྣམས་ཁོང་དུ་ཆུད་པར་བྱའོ། །དེ་ཉིད་ཀྱིས་ན་ད་དུད་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །རྣལ་འབྱོར་མ་རྣམས་ཐེ་ཚོམ་སྐྱེས་ནས ་ཞུས་ཞེས་པའོ། །འདིར་གལ་ཏེ་རེ་ཞིག་རྩ་ཕྲ་བ་དེའི་ཚེ་ཆོས་ལ་སོགས་པ་སྐུ་བཞིའི་གཟུགས་ཀྱིས་ཇི་ལྟར་རོལ་ཞེས་སྦྱར་རོ། །དེ་རྣམས་ཞེས་པ་ནི་ཆོས་ལ་སོགས་པ་རྣམས་ཀྱིའོ། །དབྱེ་བ་ཞེས་པ་ནི་རབ་ཏུ་དབྱེ་བའོ། །མི་འཚལ ་ཞེས་པ་ནི་ཤིན་ཏུ་ཕྲ་བའི་རྣམ་པར་ཤེས་པ་ཤེས་པར་བྱ་བ་ཉིད་དོ། །དེའི་ཕྱིར་བདེ་བ་ཆེན་པོས་བཤད་དུ་གསོལ་ཞེས་སོ། །རིམ་པ་མིན་པས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྐུའི་ནང་དུ་སྐུ་གསུམ་ཡང་དག་པར་གནས་ཞེས་དགོངས་སོ། །དེ་བཞིན་དུ་དེ། ་ལས་བྱུང་བའི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ་ཞེས་པ་ནི་བདེ་བ་ཆེན་པོ་ཉིད་ལ་རྣལ་འབྱོར་པ་རྣམ་པར་གནས་པའི་ཕྱིར་རབ་ཏུ་རྟོགས་པའི་ཚུལ་ལོ། །དེ་ལ་མགོ་ཞེས་པ་ནི་མགོ་ཡི་ནང་ནས་ལྟེ་བ་ལ་ཐུག་པར་སྡོན་དུ་གསུངས་པའི ་ཨ་བ་དྷཱུ་ཏཱིའི་ནང་དུ་འཁོར་ལོ་བཞིའོ། །དེ་ཡང་སྙིང་ཞེས་བྱ་བ་ལ་སོགས་པས་མགྲིན་པ་ལ་ཐུག་པར་ཨེའི་དབུས་སུ་པཾ་ལྟ་བུའི་ཞེས་པ་དེའི་རང་བཞིན་གྱི་ཕྱིར་རོ། །དེ་བཞིན་དུ་དེ་ཉིད་ཀྱི་ལྟེ་བ་ཞེས་བྱ་བ་ལ་སོགས་ལ་ནི་གོ་སླའོ། །སྤྲུལ ་པའི་འཁོར་ལོ་ལ་སྡེ་ཚན་བརྒྱད་ཅེས་པ་ནི་ཐུང་དུ་དང་རིང་པོའི་དབྱེ་བས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཡི་གེ་གཉིས་གཉིས་ཏེ། དེ་ཡང་ཨ་ལ་སོགས་པ་ཉིས་འགྱུར་དུ་བྱས་བ་དང། དེ་བཞིན་དུ་ཀ་ལ་སོགས་པ་ཉིས་འགྱུར་ཉིད ་གནས་ལྔ་བཅུ་ལའོ། །དེ་བཞིན་དུ་གནས་བཅུ་ལ། ཡཤ་ཡཤ་ཐཧ་མྱ་ཐཧའོ། །དེ་བཞིན་དུ་མཚམས་བཞིར་ཨ་ཨཱ་ཨཾ་ཨ(རྒྱུད་འགྲེལ་དུ་འཁོར་ལོ་གསུམ་རྣམས་ལ་ཡང་མན་ངག་གིས་ཤེས་པར་བྱའོ། །དབྱངས་ཡིག་ལྔ་ཞེས་པ་ནི་དབུས་སུ་མི་ཤེགས་པའི་གནས་སུ་ཨའོ། །ཤར་དང་ལྷོ་དང་ནུབ་དང་བྱང་རྣམས་སུ་རིམ་པ་དེ་བཞིན་དུ་ཨི་རི་ལི་ཨུའོ། །དེ་བཞིན་དུ་མེ་ལ་སོགས ་པའི་མཚམས་རྣམས་སུ་ཡང་ར་ལ་ཝའོ། །དེ་བཞིན་དུ་ལོངས་སྤྱོད་རྫོགས་པའི་འཁོར་ལ་ཆ་ཞེས་པ་ནི། ཨ་ཨཱ་ཨཾ་ཨ(རྒྱུད་འགྲེལ་གཞན་ནི་གོ་སླའོ། །དེ་བཞིན་དུ་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱི་ཞེས་པ་ནི་ཡི་གེ་ཐུང་དུ་ནི་ཤེས་རབ་པོ། །ཡི་གེ་རིང་པོ་ཐབས་སུ་གསུངས་པའི་རིམ་པས་དེ་རྣམས་ཀྱི་འགྲོ་བ་དང་འོང་བ་དེས་པར་བཅིངས་པའི་ཕྱིར་རོ། །འོད་གསལ་བའི་གོ་འཕང་ལ ་གནས་པའི་རྣལ་འབྱོར་ལ་སྔོན་དུ་གོམས་པས་ཕྱི་དང་ནང་སྒྱུ་མ་ལྟ་བུར་ཤེས་ཏེ་དེ་ཉིད་ཀྱིས་ན་འགོག་པའི་ཆོས་ཉེ་བར་དམིགས་པས་ཉེ་བར་དམིགས་པར་བྱ་ཞེས་པ་ནི་ངེས་པའོ། །ད་ནི་འཁོར་ལོ་བཞིའི་ཚུལ་གྱིས་དབྱངས་དང་གསལ་བྱེད་ཀྱིས ་རབ་ཏུ་སྦྱོར་བའི་ཆོ་ག་བསྟན་པའི་ཕྱིར། འཆར་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སླར་ཡང་སྲོག་འཇུག་པ་དང་འབྱུང་བ་འགོག་པའི་དོན་ཏོ། །དེའི་ཕྱིར་འཆར་ཞེས་པ་ནི་འོད་གསལ་བའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པ ་རང་བྱིན་གྱིས་བརླབ་པ་སྒྱུ་མ་ལྟ་བུ་ལ་གནས་པས་ཤིན་ཏུ་ཉལ་བའི་གནས་སྐབས་ལས་སད་བ་རྨི་ལམ་བཞིན་དུ་མཐོང་བའོ། །དེ་སང་བ་འབའ་ཞིག་གི་རྒྱུས་སྤྲུལ་པའི་སྐུར་གནས་ཏེ། དེ་ལྟར་འོད་གསལ་བ་ལས་རང་བྱིན་གྱིས ་བརླབས་པ་སད་པའོ། །དེ་ཉིད་ཀྱིས་ན་གཉིས་ཀྱི་ཚིག་ཏུ་བྱའོ། །དེ་བཞིན་དུ་སྤྲུལ་པའི་སྐུ་ལ་གནས་པས་ཀྱང་གཉིས་མེད་པའི་ཏིང་ངེ་འཛིན་ལ་གནས་པའི་ཕྱིར་དེའི་སྦྱོར་བ་བརྗོད་དེ། གཡས་ཞེས་བྱ་བ་ལ་སོགས་པ་ནི་འདིར ་མ་ཟད་པའི་ཕྱིར་གཡས་དང་གཡོན་ཞེས་པ་ནི་སྔོན་དུ་གསུངས་པའི་འཁོར་ལོ་རྩིབས་བཅུ་གཉིས་ཀྱི་རང་བཞིན་དེའི་གཡས་དང་གཡོན་གྱི་ལོགས་སུ་དབྱངས་ཀྱི་མིང་ཅན་འཕོ་བ་བཅུ་གཉིས་པོ་རྣམས་ལྟེ་བའི་གནས་སུ་རྒྱུའོ། །དེ ་ཡང་སྟེང་བལྟས་ཞེས་པ་ནི་སྲོག་གང་དུ་སྐྱེས་པ་དེར་ཐིམ་ཞེས་སྦྱར་རོ། །དེ་ཡང་སྟེང་གི་སྒོར་སྟོང་བཞིན་པས་གནས་སོ། །འདིར་གསུངས་པ། སྟེང་དང་འོག་གི་སྦྱོར་བ་ཡིས། །དལ་ཞིང་དལ་བས་འགྲོ་བྱས་ཏེ། །འདིར་ནི ་གྲངས་དང་དུས་དག་དང། །དཔྱད་པ་ཡིས་ནི་དམིགས་པར་བྱ། །ཉེ་བར་དམིགས་པ་ཤེས་མེད་པ། །ཆུ་ཤིང་སྙིང་པོ་ལྟ་བུ་ནི། །ཅུང་ཟད་མེད་ཅིང་ཅི་ཡང་མེད། །བག་ཆགས་ཀྱིས་ནི་སངས་རྒྱས་འདོད། །དེ་ཕྱིར་ཚིག་གི་སྦྱོར་བ་ཡིས། ། ་ཨཱ་ལི་དང་ནི་ཀཱ་ལིར་བརྗོད། །དེ་ཡང་སྟེང་དུ་བལྟས་ཞེས་བྱ། །བརྗོད་དུ་མེད་པའི་རྒྱུ་ཡིས་སོ་ཞེས་པ་སྟེ་ངེས་པའོ། །དེ་བཞིན་དུ་དེ་རྣམས་ཀ་ལ་སོགས་པས་བསྐོར་ཞེས་པ་ནི་རིམ་ཨ་མིན་པས་འཁོར་ལོ་བཞིར་བསྐོར་བའོ། །འདིར་ཅིའི ་ཕྱིར་ཞེ་ན། གང་གི་ཕྱིར། ཀཱ་ཞེས་པ་ནི་ཀའི་ཕྲེང་བའོ། །སོགས་པའི་སྒྲས་ནི་ཨ་ལ་སོགས་པའི་ཕྲེང་བ་གཟུང་ངོ། །དེ་ཉིད་ཀྱིས་ན་འཁོར་ལོ་བཞི་ལས་རྒྱུ་བ་དེས་ན་བསྐོར་པའི་དབྱངས་ཡིག་བཅུ་གཉིས་སྲོག་གི་ཐིམ་པ་དེའི་ཚེ་དེ་རྣམས ་ཀ་ལ་སོགས་པ་འཁོར་ལོ་བཞི་ལ་གནས་པས་བསྐོར་བའོ། །འོག་ཏུ་བལྟས་པ་ཞེས་པ་ནི་ཇི་ལྟར་སེམས་ཅན་ཐམས་ཅད་རྣམས་ཀྱི་ཐ་མལ་པའི་གནས་སྐབས་སུ་སྣའི་བུ་གདག་ལས་རྒྱུ་པ་ནི་ལས་ངན་པས་སོ། །དེ་བཞིན་དུ ་སངས་རྒྱས་རྣམས་ཀྱི་ཡང་དེ་ལྟར་ཤེས་པར་བྱའོ། །འོན་ཀྱང་གཟུང་བ་དང་འཛིན་པ་དང་བྲལ་བ་ཡང་སེམས་ཅན་གྱི་དོན་བྱ་བའི་ཕྱིར་རྒྱུ་ཞེས་པ་དེ་ངེས་པའོ། །དེ་བཞིན་དུ་འོ་གི་ཆ་རུ་སྡུད་ཅི་ང་སྟེང་གི་ཆར་སྤྲོས་པའོ། །དེ་ཉིད་ཀྱི་ན ་ཀྵ་ཞེས་པ་ནི་བསྲུང་སྦར?་བརྗོད་ཅེས་པ་ནི་རྣམ་པར་མི་རྟོག་པས་དངོས་པོ་ཐམས་ཅད་བསྡུས་པ་འོག་གི་ཆ་ཞེས་པའི་མཐར་ཐུག་པ་དེ་ལ་དེ་སྐད་ཅེས་བྱའོ། །དཀྲིས་པ་ཞེས་པ་ནི་སེམས་ཆོས་ཀྱི་དབྱིངས་སུ་དམིགས་ཞེས་དགོངས་སོ། ་དེ་བཞིན་དུ་ཉིན་མོ་དང་མཚན་མོའི་རབ་ཏུ་དབྱེ་བ་གསལ་བར་བསྟན་པའི་ཕྱིར་གང་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་གང་གི་ཚེ་མགྲིན་པ་ཞེས་པ་ནི་སྲོག་སྐྱེད་པའི་བུ་གའི་རྩའོ། །ཆགས་པ ་ཆེན་པོ་ཞེས་པ་ནི་རང་རིག་པའི་བདེ་བའི་གཟུགས་ཀྱིས་ཏེ། ཟླ་བ་ཞེས་པ་ནི་དབྱངས་ཡིག་བཅུ་གཉིས་འཕོ་བའི་གཟུགས་ཅན་བྱང་ཆུབ་སེམས་ཀྱི་ཐིག་ལེ་རྣམས་ཏེ། དེ་ཆེ་ལོངས་སྤྱོད་རྫོཌ་པ་ཞེས་པ་ནི་དེའི་དུས་སུ་གང་རྣལ་འབྱོར་པ་རྣམས ་ཀྱི་རང་གི་རང་བཞིན་དུ་འགྱུར་རོ། །དེས་ན་སངས་རྒྱས་རྣམས་ཀྱི་ཞེས་པ་ནི་ཉེ་བར་མཚོན་པ་ཙ་མོ། །འོན་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །སྐུའི་མཆོག་ཅེས་པ་ནི་ལྷན་ཅིག་སྐྱེས་པའི་སྐུར་འགྱུར་ཏེ་དེའི་ཚེ་རང་གཞིན་དུ་སྐྱེས ་པའི་ཕྱིར་རོ། །དེ་བཞིན་དུ་སྣ་རྩེར་ཞེས་པ་ནི་ལྔ་པའི་དོན་ལ་བདུན་པའོ། །དེ་ཉིད་ཀྱིས་ན་ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏོ། །སྣའི་རྩེ་མོ་ནས་སོ། །དེའི་ཚེ་འདི་ཞེས་པ་ནི་བྱང་ཆུབ་སེམས་ཀུན་རྫོབ་ལས་ཏེ་དེ་ཉིད་རྡོ་རྗེའི་རྩེ་མོར་གང་ཚེ་གནས ་ཞེས་པར་ནི་ཉེའི་མཛའ་ཨི་ནག་པོའི་ཚེས་གཅིག་གི་མཚན་མོའི་མཚམས་སུ་ཡང་རྡོ་རྗེ་ནོར་བུ་རང་རིག་པའི་བདེ་བས་ཡང་ཡང་ཐིག་ལེ་འཛག་པའི་དུས་སུའོ། །ནུང་པར་འགྱུར་ཞེས་པ་ནི་རྣལ་འབྱོར་བ་རྣམས་ཀྱི་ཐིམ་པའི་སྐད་ཅིག་ལ་ཁྱབ ་བྱེད་དོ། །འཇིག་རྟེན་པའི་རྣལ་འབྱོར་པ་རྣམས་ཀྱི་ཀུན་རྫོབ་པ་འཛག་པའི་ཕྱིར་པདྨར་ལྟུང་བའི་དུས་སུ་བདེ་བ་ནུབ་བས་སྐུ་ཡང་ཞེས་པ་ནི་ཆོས་ཀྱི་སྐུར་འགྱུར་བའོ། །དེ་བཞིན་དུ་བྷ་གའི་ཞེས་བྱ་བ་ལ་སོགས་པ་ནི་འདིར་རྣལ་འབྱོར་པ་རྣམས་ཀྱི་ཚེས་དབྱིངས ་བྷ་གར་བརྗོད་དེ། དེའི་དབུས་སུ་གནས་པ་ཡུངས་ཀར་ཞེས་པ་དེ་གནམ་སྟོང་གི་མཛའ་ཨི་དཀར་པོའི་ཚེས་གཅིག་གི་མཚན་མའི་མཚམས་སུའོ། །དེས་ན་ཡང་ཉི་མའི་གཟུགས་ཞེས་པ་ནི་ཆགས་པ་ཆེན་པོ་ལས་རྡོ་རྗེའི་བདག་ཉིད་སྟོང ་པ་ཉིད་དང་དབྱེར་མེད་པ་ཉིད་དུ་གནས་པ་ནི་ལོངས་སྤྱོད་རྫོགས་པའི་ཕྱིར་ཏེ་གང་གི་ཕྱིར་དེ་ནི་སྤྲུལ་པའི་སྐུ་རུ་བརྗོད་པའི་ཕྱིར་རོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལས་བྱུང་ཞེས་པ་ནི་དེ་ལས་སྐྱེ་བར་འགྱུར་པའོ། །ཅིའི་ཕྱིར་ཞེ་ན ་འདིར་གང་གི་ཕྱིར། །པདྨ་གར་དབང་ཞེས་པ་ནི་རྩ་རྣམས་ཐམས་ཅད་ཀྱི་རྒྱུ་པའི་སྦྱོར་བས་གར་གྱི་དབང་ཕྱུག་ནི་སྲོག་གོ། རྒྱལ་པོ་ཞེས་པ་ནི་སེམས་ཀྱི་ཁྱད་པར་རོ། །དེ་ཉིད་ཀྱིས་ནི་མཆོག་གོ་འཕང་དུ་འགྲོ་བའི་ཕྱིར་རོ། །པདྨ་འབྱད་པའི་སྦྱོར ་དང་ལྡན་ཞེས་པ་ནི་ཆོས་ཀྱི་དབྱིངས་རྒྱས་པར་བྱེད་པ་ཞེས་པའི་དོན་ཏོ། །དེས་ན་སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྲུལ་པའི་སྐུ་སྤྲོས་ཞེས་སྦྱར་རོ། །དེ་རུ་ཞེས་བྱ་བ་ལ་སོགས་ང་ནི་ནུབ་ནས་ཉི་མའི་མཐར་ཏེ ་གནམ་སྟོང་དང་དཀར་པོའི་ཚེས་གཅིག་གི་མཚམས་སུའོ། །སྤྲུལ་པའི་སྐུའི་གཞུགས་ཅན་ཏེ་ཞེས་པ་ནི་ཉ་དང་གནམ་སྟོད་དག་གཉིས་མེད་པའི་ཕྱིར་ཏེ། དེས་ན་སྐད་ཅིག་མ་གཅིག་ལ་གང་སྐྱེས་པ་དེ་ཐམས་ཅད་གང་དེ་རྫོགས་བྱད ་ཆུབ་ཅེས་པ་ནི་དོན་དམ་པ་ཆགས་པ་ཚེམ་པོ་དག་གི་སེམས་སོ། །གོང་བུར་གྱུར་པ་ཞེས་པ་ནི་རོ་གཅིག་པར་གྱུར་པ་བསམ་དུ་མེད་པ་གཉིས་མེད་པ་ལས་གཉིས་མེད་པའི་གཟུས་བརྗོད་དུ་མེད་པར་གྲངས་མེད་པར་བརྗོད་པས་སངས་རྒྱས་ཐམས་ཅད ་ཀྱི་གཟུགས་ཅན་གཉིས་མེད་པ་ཞེས་པའི་དོན་ཏོ། དེ་ཉིད་ཀྱིས་ན་འཁོར་བ་ཞེས་བྱ་བ་ལ་སོགས་པ་ནི་ཐ་མལ་པའི་འདོད་ཆགས་ལ་སོགས་པ་རྣམ་པར་གཅོད་ཅིང་སྤྲོས་པ་ལྟ་བུའི་འཇིག་རྟེན་དེ་རྣམས་སངས་རྒྱས་ཏེ། དེས་ན ་ཡང་ཞི་བྱེད་ཅེས་པ་ནི་སྒྱུ་མ་ལྟ་བུས་སེམས་ཅན་ཐམས་ཅད་ལ་དགེ་བ་སྟེར་བར་བྱེད་པའོ། །སྒྱུ་མ་དེ་ཡང་རང་སྤྲུལ་པས། །རང་གི་བདག་ཉིད་དེ་སངས་རྒྱས། །སེམས་ཀྱི་སངས་རྒྱས་འཇིག་རྟེན་མཆོག། སངས་རྒྱས་བསྐྱེད ་པའི་མཚན་ཉིད་མིན། །སངས་རྒྱས་ཞེས་པ་དེ་ཇི་ལྟ་བུའི་རང་བཞིན་ཡིན་ཞེ་ན། །དེ་ཉིད་བསྟན་པའི་ཕྱིར་གཉིས་མེད་ཅེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་སེམས་ང་རྒྱལ་དང་བཅས་པ་དེས་ནི་སེམས་ཅན་ཡང་སྐྱེད ་གཅིག་ནས་གཅིག་ཏུ་བརྒྱུད་བར་སེམས་དག་པས་སངས་རྒྱས་སུ་འགྱུར་བའོ། །དེ་ཉིད་ཀྱིས་ནི་རྒྱུད་ཅེས་བྱ་བ་ལ་སོགས་པ་ནི་རྒྱུད་རྣམ་པ་བཞིའོ། །དེ་རྣམས་ཀྱི་ཡོན་ཏན་ཞེས་པ་ནི་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པའི་མཚན ་ཉིད་དེས་ན་རང་བཞིན་ཅན་ཞེས་པ་ནི་རྒྱུད་རྣམ་པ་བཞིའི་གཟུགས་ཅན་ནོ། །དེ་ཡང་རྒྱུད་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །རྒོད་པ་དང་ལྟ་པ་དང་ལག་པ་བཅངས་པ་རྣམས་རིམ་བཞིན་གཟུགས་མེད་པ་དང་གཟུགས་དང། འདོད ་པའི་ཁམས་ཡིའོ། །འདོད་ཆགས་ཞེས་པ་ནི་མི་རྣམས་ཀྱི་གཉིས་འཁྱུད་པ་ཉིད་དོ། །དེ་ཡང་ཆགས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །ཆགས་བྲལ་ཞེས་པ་ནི་དགའ་བྲལ་ལོ། །དེ་དག་གི་བར་དུ་ཟོས་པ་ནི་མཚོན་པའོ། །དེས་ན ་ཡོན་ཏན་དུ་ནི་གནས་ཞེས་པ་ནི་སངས་རྒྱས་ཀྱི་ཡོན་ཏན་མཚོན་དུ་མེད་པ་ཞེས་དགོངས་སོ། །དེ་ལྟར་ཡང་གསུངས་པ། འཆར་དང་ནུབ་ལ་དུས་ནི་ཡོངས་ཤེས་པས། །རྣལ་འབྱོར་ཚུལ་དེར་གང་མཚོན་མཚོན་པ་མེད། །བྱང་ཆུབ་རང་བཞིན ་དེ་ལས་འཇིག་རྟེན་སྐྱེས། །གང་ཞིག་བདེན་དངོས་དངོས་པོ་མེད་པར་འབྱུང། །རྩ་རྣམས་ཐམས་ཅད་ཅེས་པ་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྣམས་ཀྱིས་ཕན་ཚུན་འདུས་པའི་གནས་དང་ཕྲང་བའི་གནས་ནི་གང་ལྟེ་བར་རོ། །དེས ་ནམ་མཁའ་འགྲོ་བའི་དྲ་བ་ཞེས་པ་ནི་ཐ་མལ་དང་འདུས་བྱས་པའི་དངོས་པོའི་མཚན་ཉིད་གསུངས་པའོ། །སྡོམ་པ་ཞེས་པ་ནི་སྡོམ་པའི་ཕྱིར་སྲིད་པ་དང་མྱ་ངན་ལས་འདས་པ་རྣམས་འགོག་པར་བྱ་ཞེས་པ་སྟེ་ངེས་པའོ། །ཁ་སྦྱོར་ཐིག་ལའི་རྒྱུད ་ཀྱི་རྒྱལ་པོ་རྟོག་པ་དྲུག་པའི་རབ་ཏུ་བྱེད་པ་གསུམ་པ་ལུས་ཀྱི་དཀྱིལ་འཁོར་ལ་སོགས་པའི་མན་ངག་སྣ་ཚོགས་པའི་རྒྱ་ཆེར་འགྲེལ་བ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་བསྟན་པ་སྟེ་གསུམ་པའོ།། །། ་ད་ནི་རབ་ཏུ་བྱེད་པ་གསུམ་མདོར་བསྟན་ནས་དེ་རྣམས་ཀྱི་སྡོམ་པའི་དབྱེ་བ་སླར་བཤད་པས་གཏན་ལ་དབབ་པ་བསྟན་པའི་ཕྱིར། །དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སྙིང་པོ་ལ་སོགས་པ་ནི་གང་གི་དང་པོ་ཡིན་པ་དེ་ནི་དེ་བཞིན ་དུ་རྡོ་རྗེ་སྙིང་པོ་སྟེ། དེ་ལ་སོགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་སོ། །དེ་བཞིན་དུ་བདག་མེད་མ་ལ་སོགས་པའི་རྣལ་འབྱོར་མ་ཞེས་པ་ནི་བདག་མེད་མ་གཙོ་མོ་ལ་སོགས་པའི་མཁའ་སྤྱོད་ཀྱི་མཐར་ཐུག་པ་བཅོ་ལྔ་དང། གཞན ་འཆད་བཞིན་པའི་གྲངས་མེད་པ་རྣམས་སོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་དང་རྣལ་འབྱོར་མ་རྣམས་བསམ་པ་གཅིག་པས་ཞུས་ཞེས། འདིར་གང་གི་ཕྱིར་དངོས་པོ་ཐམས་ཅད་སྡོམ་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདིར་གང་གི་ཕྱིར་བྱང་ཆུབ ་སེམས་དཔའ་དང། རྣལ་འབྱོར་མ་རྣམས་དངོས་པོའི་རང་བཞིན་གྱི་ཕྱིར་རོ། །འདི་སྐད་གསོལ་ཏོ་ཞེས་པ་ནི་དེ་རྣམས་ཀྱི་ཚིག་གོ། དེ་ཡང་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་ནི་རབ་ཏུ་བྱེད་པ་མདོར་བསྟན་པ་གསུམ་ལས་བསྟན་པ་དེ་ཐམས་ཅད་དོ། །དེའི ་ཕྱིར་སྡོམ་པ་ཞེས་པ་ནི་འདུས་པའི་རྣམ་པར་དག་པའི་བསྡུས་དོན་ཏེ། །བདག་ལ་བཤད་དུ་གསོལ་ཞེས་པ་ནི་བདག་ཉིད་ཀྱི་དོན་གང་གི་ཕྱིར་བདག་དང་ཁྱོད་དབྱེར་མེད་པའི་དངོས་པོའི་ཕྱིར་ཤིན་ཏུ་བརྟགས་པའི་གཟུགས་དེ་ཉིད་འགྲོ་བའི་དོན་གྱི་རྒྱུ ་བྲག་ཅའི་སྒྲ་ལྟ་བུའོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནི་འཇིག་རྟེན་པ་འཇུག་པའི་དོན་ཏོ་ཞེས་སྦྱར་རོ། །དེ་ཉིད་གསུངས་པ། རྣལ་འབྱོར་མ་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །ལུས་དབུས་ཞེས་པ་ནི་ལྟེ་བའི་དབུས ་སུའོ། ། ཞེས་པ་ནི་དང་པོའི་དབྱངས་ཡིག་གོ། གནས་ཞེས་པ་ནི་རྟག་ཏུ་གནས་པ་ཉིད་དོ། །རྣལ་འབྱོར་མའི་ཞེས་པ་ནི་བདག་མེད་པའི་ས་བྱོན་ནོ། །དེ་ཉིད་ཀྱིས་ན་དངོས་པོ་མ་ལུས་པས་སྡོམ་པས་ན་སྡོམ་པ་ཞེས ་སྦྱར་རོ། །དེ་བཞིན་དུ་སྡོམ་པའི་སྒྲའི་དོན་གསུངས་པ། །ས་ནི་དངོས་པོ་ཐམས་ཅད་ཀྱང། །རྣམ་རྟོག་ཐམས་ཅད་བླ་ན་མེད། །དྲན་པའི་ཕྱིར་ན་དངོས་ཀུན་ནི། །ཡིད་ཀྱི་ནམ་མཁའ་ལས་དེ་འཛག། བ་ནི་ནམ་མཁའ་ཡི་ནི་མཆོག། སྟོང་དང་མི་སྟོང ་ནམ་མཁའ་མེད། །སྤྱི་བོའི་ཐིག་ལེ་ལས་འཛག་པའི། །ནམ་མཁའ་ལྟེ་བ་རུ་ནི་ལྷུང། །ར་ཞེས་པ་ནི་མེ་འདས་པས། །སེམས་ཀྱི་ནམ་མཁར་བཅས་པ་བསྲེག། ཐལ་བ་རྣལ་འབྱོར་མ་གཟུགས་ཅན། །སྡོམ་པ་ཡཾས་ནི་མཐར་པར་བརྗོད། ། ཡི་ཀྱང ་ནི་མཐར་པར་འགྲོ། ཀུན་གཞི་ཞེས་བྱ་སད་པའི་ཕྱིར། །མེ་ལོང་ལ་ནི་ཧས་བཏབ་བཞིན། །རིམས་ཀྱིས་མི་སྣང་བ་རུ་འགྱུར། །དེ་བཞིན་དུ་ཕྱི་རོལ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་ཕྱི་རོལ་དེ་བཞིན་དུ་ནང་ཡང་བལྟ་བར་བྱའོ། །དེ ་ལས་རིང་བ་མ་ཡིན་ཞེས་པའི་དོན་ཏོ། །ལུས་ལ་སྡོམ་པའི་ཕྱིར་སྡོམ་པ་ཞེས་དགོངས་སོ། །དེའི་ཕྱིར་འདི་ཇི་ལྟར་བདག་མེད་མའི་ལུས་ལ་གནས་པ་དེ་ལྟར་རྣལ་འབྱོར་པའི་ལྟ་བ་ལ་གནས་པ་ཀུན་རྫོབ་ཀྱི་ཨ་ཞེས་གསུངས་པར་འགྱུར ་རོ། རྡོ་རྗེའི་བདེ་བ་ཞེས་པ་ནི་ལྟེ་བའི་ཨ་རྡོ་རྗེའི་རྩེ་མོར་སོང་བ་དང་སྙིང་གནས་ཨའི་རྩེ་མོར་སོང་བའི་ཧཱུཾ་ནི་རྡོ་རྗེའི་བདེ་བ་སྟེ། དེ་ནི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་མ་དང། ཧེ་རུ་ཀའི་ལུས་ཀྱི་སྡོམ་པ་ཞེས་པའི་དོན་ཏོ། །དེ་ཉིད་རྡོ་རྗེ་སྐྱེ ་མཆེད་བྱང་ཆུབ་ཀྱི་སེམས་ཏེ། དེ་ཉིད་ཐོབས་སོ། ། དང་ཧཱུཾ་འདི་དག་གི་སྙོམས་པར་འཇུག་པས་བདག་མེད་མ་དང་ཧེ་རུ་ཀ་དག་གི་ཕྱིའི་གཉིས་གཉིས་སྙོམས་པར་འཇུག་པའི་མཆོག་ཏུ་དགའ་བ་གཉིས་མེད་པ་བསྟན་ཏོ། །དེ་ནས ་བུད་མེད་དང་སྐྱེས་པ་འབྲེལ་ལོ་ཞེས་པ་སྟེ་དེས་པའོ། སྐུ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་སངས་རྒྱས་སོ་སོ་ཐམས་ཅད་ཀྱི་སྤྲུལ་པའི་སྐུ་མཛའ་ཡས་པ་དང། ལོངས་སྤྱོད་རྫོགས་པའི་སྐུ་མཛའ་ཡས་པ་དང། ཆོས་ཀྱི་སྐུ་མཛའ་མེད་པའོ། ། ་དེ་ལུས་ཀྱི་དབུས་སུ་གནས་པར་བསྟན་ཅེས་པ་ནི་བརྗོད་པའོ། །སྡོམ་པ་དུ་ཞེ་ན། འཁོར་ལོའི་གཟུགས་ཀྱིས་ཏེ། སྤྲུལ་པ་ལ་སོགས་པ་འཁོར་ལོ་གསུམ་གྱིས་གཟུགས་སོ། །དེ་ཡང་འདབ་མ་དྲུག་ཅུ་རྩ་བཞི་ལ་སོགས་པའི་གཟུགས་ཀྱིས་སོ། ། ་སྐུ་གསུམ་པོ་དེ་ཉིད་ཡོངས་སུ་ཤེས་པ་ནི་རང་བཞིན་གྱི་སྐུའོ། །དེ་མཛའ་མེད་པ་བཞི་པ་སངས་རྒྱས་རྣམས་ཀྱི་སྐུ་བདེ་བ་ཆེན་པོའི་འཁོར་ལོའི་གཟུགས་ཀྱིས་སྡོམ་པ་སྟེ། པདྨ་འདབ་མ་སུམ་ཅུ་རྩ་གཉིས་ཀྱིས་རྣམ་པས་དེས་པར་བསྟན་པས་པའི ་དོན་ཏོ། །འཁོར་ལོ་རྣམས་ཀྱི་ཡང་དོན་བསྟན་པའི་ཕྱིར། །ཆོས་ཞེས་བྱ་བ་ལ་སོགས་པ་གསུངས། །དྷ་ཞེས་པ་ནི་གསལ་བའི་ཆོས། །ཆོས་ཀྱི་འབྱུང་གནས་སུ་ནི་ཐིམ། །ཆོས་ཀྱི་དབྱིངས་དང་འཁོར་ལོར་བཅས། །སྲིད་པ་ཡི་ནི་རྒྱ་མཚོ་གཅོད། ་རྨ་ཞེས་པ་ནི་གཉིས་མེད་ཉིད། །འདོད་ཆགས་རྡོ་རྗེའི་འངམ་སྐྱེས་ལས། །དེ་བཞིན་སྙོམས་པར་འཇུག་པ་གསུངས། །སྦྲང་རྩིའི་ས་བོན་བདེ་ཆེན་ཕྱིར། །ས་ནི་ས་སོགས་བཟང་པོ་འདིར། །རྒྱུ་དང་མི་རྒྱུར་སོང་བ་ཡིན། །བྷོ་ནི་སྒྱུ་མའི་མཚན་ཉིད་སྤྱོད ་བཅུ་གཉིས་བརྒྱད་ཀྱི་འཁོར་ལོར་སྐྱེས། །ལོངས་སྤྱོད་ས་ལ་ཐམས་ཅད་སྤྱོད། །འདི་ནི་རྟག་ཏུ་སངས་རྒྱས་བཞུགས། །དབུ་གསུམ་ས་ལ་ཧཱུཾ་ཆ་བྱད། །ག་ཞེས་པ་ནི་ཐར་པར་འགྲོ། ཟབ་མོ་བདེ་བ་ཕུན་སུམ་ཚོགས། །ནམ་མཁའ་ཨི་དཀྱིལ ་ནི་ལྟ་བུའི་ཕྱིར། །ནམ་མཁའ་ལས་ནི་འབྱུང་ཞིང་ཐིམ། །ནི་ནི་ཀུན་ཏུ་གླེང་བཞིར་འགྱུར། །རྟག་ཏུ་ནམ་མཁའ་ཨི་ཡིད་ཀྱིས་ནི། །རྣམ་པར་ནི་རྟོག་བདག་དངོས་ཉིད། །མཚན་མོའི་དུས་སུ་སངས་རྒྱས་ཉིད། །རྨ་ནི་ཡིད་ཀྱི་ཆོས་སྤྲུལ་པ། །མྱ་ངན ་འདས་ཕན་སེམས་ཀྱིས་ནི། །རྣལ་འབྱོར་མཚོན་ཆ་མཚོན་པ་ཡིས། །གཟུགས་ནི་བཟང་པོ་བྱེད་པ་ཡིན། །ཐོག་མ་བར་དང་ཐ་མ་མེད། །སྤྲུལ་པ་སྟོང་པའི་མཚན་ཉིད་དོ། །དངོས་པོ་མེད་ཅིང་འདུས་པ་མེད། ། ་མཁས་པས་ཉོན་མོངས་མེད་པའོ། །མ་ནི་སྔགས་ཀྱི་ནུས་པ་སྟེ། །ནོར་བུའི་ནང་ཆུད་འགོག་པའི་ཕྱིར། །འདོད་པ་སྟེང་དུ་རྒྱུ་བ་ཡིན། །སྔགས་ནི་བཟང་པོས་གཟིར་བའི་ཕྱིར། །ཧི་ཡི་རྣམ་པའི་གཟུགས་ཀྱིས་ནི། །རྐང་པའི་མཛའ་ནས ་མགོ་བོར་ཧ། །འདི་ནི་ཁྱབ་བྱེད་ཆེ་བཟང་པོ། །རྣལ་འབྱོར་མ་གནས་རྡོ་རྗེ་ཅན། །སུ་ཞེས་པ་ནི་ལམ་གྱི་རབ། །ལྷ་རྣམས་ཀྱིས་ཀྱང་རྙེད་པར་དཀའ་། །སུ་ནི་ཡིད་བཟང་ནང་གི་སྲོག་།ཐིམ་པའི་ཕྱིར་ན་བདེ་མི་འཛག། ཁང་ཞེས་པ་ནི ་དེར་གནས་པ། །བྱང་ཆུབ་སེམས་ནི་བརྗོད་པའོ། །འདིར་ནི་རང་བཞིན་གྱི་ནི་སྐུ། །གསལ་བར་སངས་རྒྱས་སྤྱོད་ཡུལ་ཉིད། །འདི་རྣམས་ཀྱིས་བསྡུས་པའི་དོན་དུ་གནས་རྣམས་གསུངས་པ། །སྐྱེ་གནས་ཞེས་བྱ་བ་ལ་སོགས་པ ་ལ། སྐྱེ་གནས་ཀྱི་གནས་ནི་སེམས་ཅན་ཐམས་ཅད་ཀྱི་ལྟེ་བའི་འོག་དེར་སྙིང་ག་ལ་སོགས་པ་འཁོར་ལོ་གསུམ་སྐུ་གསུམ་ནང་དུ་འདུས་པའོ། །ལྷན་ཅིག་སྐྱེས་པ་ནི་བཞི་པ་སྟེ། ཐམས་ཅད་ལྷན་ཅིག་སྐྱེས་པའི་རང་བཞིན ་ཞེས་པ་ནི་ཁྱད་པར་རོ། དེ་བཞིན་དུ་གནས་འབྲེལ་བའི་རིགས་པ་བསྟན་པར་འདོད་ནས་གསུངས་པ། གང་ལས་ཞེས་བྱ་བ་ལ་སོགས་པ་ལ། གང་ལས་ཞེས་པ་ནི་སྐྱེ་གནས་ལས་སོ། །རབ་ཏུ་གྲགས་ཞེས་པ་ནི་སྐྱེ་གནས ་བཞི་ལས་སྐྱེས་པ་ནི་སངས་རྒྱས་ཀྱི་གཟུགས་སུ་རབ་ཏུ་གྲགས་སོ། །དེ་རྣམས་ཀྱང་སྐྱེ་བ་ཉིད་དུ་ཞེས་པ་ནི་ཐམས་ཅད་སྤྲུལ་པའི་སྐུའི་ལུས་ཅན་གནས་བཞི་ལ་སྐྱེས་པའོ། །དེ་ལ་གང་གི་ཕྱིར་བརྟན་ལས་སྤྲུལ་པའོ། །ཞེས་པ ་ནི་རྫུས་ཏེ་སྐྱེས་པའི་སྐྱེ་གནས་ཅན་ལྷའི་གཟུགས་སུ་སངས་རྒྱས་པ་རྣམས་ནི་སའི་སྐྱེ་གནས་ལས་བྱུང་བའོ། །དེ་བཞིན་དུ་ཆོས་ཞེས་པ་ནི་སེམས་ཀྱི་རང་བཞིན་ཏེ། །སྒོང་ལས་སྐྱེས་པའི་གནས་ཅན་ནམ་མཁའ་ལྡིང་ལ་སོགས་པའི་གཟུགས་སུ ་སངས་རྒྱས་པ་ནི་རླུང་གི་སྐྱེ་གནས་ལས་བྱུང་བའོ། །དེ་བཞིན་དུ་ལོངས་སྤྱོད་རྫོགས་པ་ཞེས་པ་ནི་ཟས་ལས་སྤྱོད་མ་མངལ་ནས་སྐྱེས་པའི་སྐྱེ་གནས་ཅན་རྐང་གཉིས་པ་ལ་སོགས་པའི་གཟུགས་སུ་སངས་རྒྱས་པ་ནི་མའི་སྐྱེ་གནས་ལས ་བྱུང་བའོ། །དེ་བཞིན་དུ་ཆོས་ཀུན་ཞེས་བྱ་བ་ལ་སོགས་པ་ནི་དྲོད་གཤེར་ལས་སྐྱེས་པའི་སྐྱེ་གནས་ཅན་སྤྲུལ་ལ་སོགས་པའི་གཟུགས་སུ་སངས་རྒྱས་པ་ནི་ཆུའི་སྐྱེ་གནས་ལས་བྱུང་བའོ། །དེ་ཉིད་ཀྱི་གཟུགས་ཀྱིས་དེའི་སེམས་ཅན་རྣམས ་འདུལ་བར་བྱེད་དོ་ཞེས་པ་སྟེ་ངེས་པའོ། །དེ་རྣམས་ཉིད་སངས་རྒྱས་ཀྱི་གཟུགས་ཀྱིས་སྡོམ་པའི་ཕྱིར་སྡོམ་པར་བརྗོད་དོ། །ཇི་ལྟར་འཁོར་ལོ་བཞི་སྐུ་རྣམས་ཀྱི་སྡོམ་པ་དེ་བཞིན་དུ་འབྲས་བུ་རྣམས་དང་སྡེ་བ་རྣམས་བསྟན་པའི་ཕྱིར། །ེ་བོ་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ་ཨེ་བཾ་ཞེས་པ་ནི་སྐྱེ་གནས་ལ་གནས་པའི་སྤྲུལ་པའི་འཁོར་ལོའོ། །དེ་ཅི་ཞེ་ན། གསུངས་པ། འབྲས་བུ་ཞེས་བྱ་བ་ལ་སོགས་པ་ནི་རྒྱུའི་ཁྱད་པར་གྱི་ཁྱད་པར་དུ་བྱས་པ་ནི་རྒྱུ་མཐུན་པའི་འབྲས་བུའོ། །དེ ་བཞིན་དུ་འབྲས་བུ་བཞི་རྣམས་ཞེས་པར་བྱའོ། །དེ་ཡང་ཨེ་བཾ་གྱི་ནང་དུ་འདུས་སོ། །དེས་འབྲས་བུ་འདི་རྣམས་ལ་སུ་ཞིག་སྤྱོད་ཅིད་གང་ལ་སྟེར་བར་གསུངས་པ། ལས་ལ་སྤྱོད་ཅེས་པ་ལ་སོགས་པ་ནི་ལས་ཀྱི་འབྲས་བུ་རྒྱུ་མཐུན་པ་ལ ་སོགས་པ་རྣམས་ལ་ཤེས་རབ་སྤྱོད་པ་ནི་དེ་བཞིན་ཉིད་ཀྱི་ཆོས་ཀྱི་སྐུའི་མཚན་ཉིད་ཆོས་ཐམས་ཅད་ནང་དུ་འདུས་ཏེ། གང་གི་ཕྱིར་སྟོང་པ་ཉིད་རྣམ་པ་ཀུན་གྱི་མཚན་ཉིད་དེ་དེའི་ཕྱིར་སྐྱེ་གནས་བཞི་ལས་སྐྱེས་པ་སྤྲུལ་པའི་ལུས་ཅན་རྣམས ་ཀྱི་ལས་ཀྱི་ལུས་ལ་སྤྱོད་པ་ནི་བདག་གིས་ལས་ཉིད་བྱིན་པ་ནི་མ་ཡིན་ཏེ་རང་བཞིན་མེད་པའི་ཕྱིར་རོ། །དབང་ཕྱུག་གིས་བྱས་པ་མ་ཡིན་པའི་ཕྱིར་བྱེད་པ་པོ་ལས་སྟེར་བར་བྱེད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན ་སྤྲུལ་པའི་སྐུ་ཉིད་ཀྱི་ཕྱིར་རོ། །འདིར་ཡང་ཇི་ལྟར་རྒྱུའི་གནས་སྐབས་སུ་བྱས་པ་ལས་ཞུ་བ་ལ་སོགས་པ་དེ་བཞིན་དུ་འབྲས་བུ་ལ་སྤྱོད་པ་ནི་སེམས་ཅན་གྱི་རྒྱུད་ཀྱི་སྤྲུལ་པའི་སྐུས་སོ། །དེ་ལྟར་གཉི་ག་རྣམ་པར་མི་རྟོག་པའི་ཕྱིར་རོ། །རྣམ་པར ་སྨིན་པ་ལོག་པ་ཅུང་ཟད་མཚོན་དུ་མེད་པའི་མཚན་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱིས་ན་ལས་ཀྱི་རླུང་གིས་བསྐྱོད་པ་ཞེས་པ་ནི་སེམས་ཅན་རྣམས་ཀྱི་དོན་ཁྱད་པར་དུ་བྱེད་པའི་ཕྱིར་འདྲ་བ་ལས་ལོག་པར་ལྷག་པ་ཞེས་པའི་དོན་ཏོ། ། ་དེ་དག་གི་མཚན་ཉིད་ཀྱང་དག་གིས་སྤྲོས་པས་ཆོས་བསྟན་པའི་ཆོས་ཀྱི་སྐུ་ཡོད་དོ། །སྐྱེས་བུ་བྱེད་པ་བསྐྱེད་པའོ། །ཅིའི་ཕྱིར་ཞེ་ན། མི་ལ་སོགས་པ་རྣམས་ཀྱི་དགེ་བ་རྣམས་བསྐྱེད་པའི་ཕྱིར་རོ། །དེ་ཡང་སྟོན་པ་ལ་སོགས་པ་བྱེད ་པ་དེས་ན་སྒྲུལ་པའོ། །དེའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་སྐྱེས་བུ་བྱེད་པའི་འབྲས་བུའོ། །དེ་བཞིན་དུ་འབྲས་བུ་བཞི་པ་དྲི་མ་མེད་པ་ཕྱག་རྒྱ་ཆེན་པོའི་སྦྱོར་བ་དག་པའོ། །གང་གི་ཕྱིར་རྣལ་འབྱོར་ལས་སྐྱེས་པའི་ཡེ་ཤེས་ནི་རྣལ ་འབྱོར་གྱི་ཕྱག་རྒྱ་ཆེན་པོ་ཞེས་པ་ཡེ་ཤེས་ཀྱི་སྣང་བའོ། །དེས་ན་དག་པ་ཤིན་ཏུ་རྣམ་པར་དག་པའི་ཕྱག་རྒྱ་ཆེན་པོའོ། །དེའི་ཕྱིར་དྲི་མ་མེད་པ་བདེ་བ་ཆེན་པོའི་འཁོར་ལོའོ།། །།ད་ནི་སྐུ་བཞི་ཉིད་དེའི་དབྱེ་བས་བསྟན ་པའི་འཕགས་བའི་དགེ་འདུན་བརྗོད་དེ་སྐུ་རྣམས་བདེ་བ་ཡིན་པ་དེའི་ཕྱིར་སྤྲུལ་པ་ལ་སོགས་པའི་སྐུ་བཞི་སྔོན་དུ་གསུངས་པའི་རྫུས་ཏེ་སྐྱེ་བ་ལ་སོགས་པ་ནི་སྐུའི་རྣམ་པའི་གཟུགས་ཅན་ཏེ། དགེ་སློང་གི་གཟུགས་རྣམས ་ནི་མ་ཡིན་ནོ། །འོན་ཀྱང་དགེ་སློང་གི་གཟུགས་སོ། །དེ་ཅིའི་ཕྱིར་ཞེ་ན་འདི་གང་གི་ཕྱིར་བརྟགས་པའི་ཆོས་རྣམས་ཐམས་ཅད་ཐ་མལ་པའི་གནས་སྐབས་ཀྱི་དུས་སུ་ཡང་སྐུ་བཞིའི་རང་བཞིན་སངས་རྒྱས་ཀྱི་སྤྲུལ་པ་ཉིད་དེ་དེ་ཡང་གང་དང་གང་གི ་སེམས་ཅན་རྣམས་གདུལ་བ་དེ་དང་དེའི་གཟུགས་སུ་བྱ་ཞེས་སོ། །དེས་ན་གནས་ཉིད་ལ་སྦྱར་བའི་གནས་བརྟན་པ་སྟེ་བརྫུས་ཏེ་སྐྱེས་པའོ། །ཐམས་ཅད་བདེན་པར་སྨྲ་བའི་ཕྱིར་ན་ཐམས་ཅད་ཡིད་རང་བར་སྨྲ་བ་སྟེ་སེམས་ཀྱི་ཆོས་ཉིད་ཀྱི་ཕྱིར་རོ། །དེ ་ཡང་ཉན་ཐོས་ཀྱི་ཐེག་པ་ཉིད་གང་ཟག་ཏུ་ལྟ་བའོ། །ཡང་ན་ཆོས་རྣམས་ཐམས་ཅད་སེམས་ཀྱི་རྣམ་པ་ཉིད་དུ་བརྗོད་པའི་ཕྱིར་སྔོན་པོ་ལ་སོགས་པར་སྣང་བ་མེད་པ་ཉིད་ཀྱིས་ན་དེ་ཙམ་དུ་ཡོད་པར་སྨྲ་བར་བྱེད་པའོ། །དེ་རྣམས་ཡང་དག་པར ་རིག་པར་སྦྱོར་བའི་ཕྱིར་མང་པོས་བཀུར་བསྟེ་སྒྱུ་མའི་རྣམ་པར་དེས་ན་བརྗོད་པའོ། །དེ་ཡང་གཉིས་མེད་པ་ལས་གཉིས་མེད་པའི་ཕྱིར་སྲ་བའི་དངོས་པོ་རྣམས་དོན་མདེ་པའི་ཕྱིར་རོ། །དགེ་འདུ་ནི་ཐལ་ཆེན་པའི་སྤྱི་བོ་ཐོག་མ་དང་ཐ་མ་མེད ་པའི་ཕྱིར་རོ། །དེ་དང་སྦྱོར་བའི་ཕྱིར་དགེ་འདུན་ཕལ་ཆེན་པོའོ། །དེ་ཡང་ཆོས་ཀྱི་དབྱིངས་འདུས་པ་ཐམས་ཅད་གོང་ན་མེད་པའི་ཕྱིར་མགོ་བོར་གནས་པའོ། །གང་གི་ཕྱིར་ཐམས་ཅད་ལས་སྦྱོར་གཙོ་བོར་གྱུར་པའི་ཕྱིར་ཞེས་པ་སྟེ་ངེས་པའོ།། ་དེ་རྣམས་ཀྱི་རྒྱུད་ནི་གསང་བའི་མཚན་ཉིད་ལས་ཕྱག་རྒྱ་ཆེན་པོ་དངོས་གྲུབ་དུ་གསུངས་སོ། །སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་རྣམས་འབྱུང་བ་ནི་ཆོས་སྡུང་པ་ལ་སོགས་པའི་ཚུལ་ལས་ཁོང ་དུ་ཆུད་པར་བྱའོ། །དེ་ལྟར་ཉན་ཐོས་ཀྱི་ཚོགས་དང་བྱང་ཆུབ་སེམས་དཔའ་ཨི་ཚོགས་སྙོམས་པར་འཇུག་པར་རྫོགས་ཏེ། ཇི་ལྟར་སྔོན་དུ་གསུངས་པའི་མཚན་ཉིད་ཀྱིས་སྐུ་གསུམ་དང་བཞི་སྦྱོར་བ་སྟེ་ངེས་པའོ།། །།ད་ནི་བྱང་ཆུབ་སེམས ་དཔའ་ཨི་ཚོགས་ཐམས་ཅད་ཀྱི་ཕྱིར་དེ་ལྟར་ཀུན་རྫོབ་རྒྱས་པར་གསུངས་ཏེ། སྡེ་ནི་ཞེས་བྱ་བ་ལ་སོགས་པ་ལ། ལྟོ་བ་ཞེས་པ་ནི་མ་ཡི་ལྟོ་བའོ། །འདོད་ཆགས་བྲལ་བ་ཞེས་པ་ནི་མ་དང་ཕར ་སྦྱོར་བས་ཀུན་གཞི་རྣམ་པར་ཤེས་པ་སྐྱེ་བའི་དུས་སུ་འདོད་ཆགས་མེད་པའི་ཕྱིར་རོ། །ཤ་མའི་དྲ་བ་ཞེས་པ་ནི་མའི་མངལ་གྱི་དྲ་བ་དྲི་མ་འབར་བ་ཞེས་པའི་དོན་ཏོ། ། ཧཾ་ཞེས་པ་ནི་མངལ་ནས་ལྟུང་བའི་དུས་སུ་དབུགས ་འབྱུང་བ་དང་འཇུག་པའི་སྒྲའོ། །དེ་བཞིན་དུ་ཞེས་པ་ནི་རྒན་པོའི་དུས་སུ་ཡང་ཏ་ཧུ་ཞེས་པའི་སྡཌ་བཟླས་པའོ། །དེ་བཞིན་དུ་ཨ་དད་ཧཾ་ཞེས་པ་བཟླས་པའི་དོན་ཏོ། །དེ་ཉིད་ཀྱིས་ན་དགེ་སློང་སྐྱེས་པ་ཞེས་གསུངས་ཏེ་སློང་མོ་ཟ་བའི་རིམ་པ་དང་རིམ་པས་བཟླས་རང ་བྱའོ། །རབ་ཀྱི་མཐར་ཐུག་ན་ནི་སློངས་མོ་ཟ་བས་མི་བཟླས་ཞེས་པའི་དོན་ཏོ། །དེས་ན་ཡང་གོས་མེད་པ་ཞེས་པ་ནི་རེག་པའི་བདེ་བ་དང་བྲལ་ལོ། །དེ་ཉིད་ཀྱིས་ནི་གཅེར་བུ་སྟེ་གོས་མགོན་པའོ། །རང་བཞིན་གྱི་གོས་བགོས ་པའོ། །མགོ་བོ་ཞེས་པ་ནི་སྐྲ་མེད་པའི་འོ། །ཁ་སྡུ་ཞེས་པ་ནི་སྨ་རའོ། །བྲེ་ཀས་ཞེས་པ་ནི་རང་བཞིན་གྱིས་སོ། །ཚོགས་འདི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ས་བཅུའི་དབང་ཕྱུག་ཅེས་པ་ནི་སྐྱེས་པའི་དུས་ཀྱི་མཐར་ཐུག་པ ་དེ་རྗེས་སུ་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་དང་རྟོགས་པའི་ཕྱིར་སངས་རྒྱས་ཞེས་དགོངས་སོ། །དེ་ལྟར་ལྟོ་བ་ལ་སོགས་པ་ཡང་ཕྱིའི་ལྷ་ཁང་ལ་སོགས་པའོ། །དེའི་སྡོམ་པ་ནི་རེག་པའི་བདེ་བར་ཤེས་པར་བྱའོ། །དེ ་རྣམས་ཀྱི་ཡང་གཉིས་མེད་པའི་ས་རྣམས་ལ་རབ་ཏུ་བཞག་པ་དེ་ལ་དེ་སྐེད་ཅེས་བྱའོ། །སླར་ཡང་སེམས་ཅན་རྣམས་ཀྱི་རྒྱུ་དང་འབྲས་བུ་ཉིད་ཀྱིས་ན་དེ་ཉིད་སངས་རྒྱས་ཞེས་པ་ནི་བཅོམ་ལྡན་འདས་དེ་ཉིད་རང་བཞིན་གྱིས་རྣམ་པར ་སྤྱོད་ཅེས་བརྗོད་དོ། །དེའི་དོན་གསུངས་པ། བཙུན་མོ་ལ་སོགས་པའི་ཚིགས་སུ་བཅད་པ་ནི་བསྡུས་པའི་རྒྱུད་པར་རྒྱས་པར་གསུངས་ཏེ། །འདིར་ནི་མདོར་བསྡུས་ཏེ་གསུངས་སོ། །དེ་ལྟར་བཙུན་མོ་ཞེས་པ་ནི་རྡོ་རྗེ་བཙུན་མོ་སྟེ། ལས་ཀྱི་ཕྱག་རྒྱ་རྣམས ་ཀྱི་བཙུན་མོའོ། །དེའི་བྷ་ག་རྣམས་སུ་ཁུ་བ་ཞེས་པ་རྣམ་པར་བཞུགས་ཏེ་ཞེས་པ་ནི་དེ་ཡང་གྲུབ་པ་དང་བསྒྲུབ་བྱའོ། །གང་གྲུབ་པ་དེ་ནི་ཡེ་ཤེས་ཀྱི་ཁུ་བའོ། །གང་བསྒྲུབ་བྱ་དེ་ནི་དབེའི་ཕྱིར་ཐབས་ཀྱི་ཕྱིའི་ཁུ་བ་སྟེ། དེས་ན་འདི་ནི་ཁུ་བའི་མིད་ཅན་ཏེ ་དེའི་ཁུ་བ་ནི་འདིར་ཁུ་བ་གཉི་ག་སྙོམས་པར་འཇུག་པས་བལྟོས་པའི་ཕྱིར་བདེ་བ་ཆེན་པོ་གཉིས་མེད་པ་མེད་པའི་ཕྱིར་རོ། །རྒྱུ་བའི་ནང་དུ་རུས་པ་མེད་པའི་ཕྱིར་རོ། །ལྷ་ཞེས་པ་ནི་ལྷའི་སྦྱོར་བ་ལས་ལྟར་སྐྱེ་བར་འགྱུར་རོ། །དེའི་ཕྱིར་བལྟར་བསྒྲུབ་བྱའི་བདེ་བ ་འདོད་པ་རྣམས་ཀྱིས་ལྷའི་སྦྱོར་བ་ལས་དེ་བསྒོམ་པར་བྱ། །དེ་བཞིན་དུ་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ་དངོས་མིན་ཞེས་པ་ནི་བསྒྲུབ་བྱའི་བདེ་བ་སངས་རྒྱས་མ་ཡིན་ཞེས་པའོ། །དེ་ཇི་ལྟར་ཞེ་ན་འདིར་གང་གི་ཕྱིར་ལམ་ནི་དངོས་པོ་མིན་ཞིང་དངོས ་པོ་མིན་པ་མ་ཡིན་ཏེ། འོད་གསལ་བར་འཇུག་པའི་ཕྱིར་རོ། །དེའི་ཕྱིར་འབྲས་བུ་ཡང་སངས་རྒྱས་མ་ཡིན་ཏེ། དེ་ཉིད་ཡང་གང་གི་ཚེ་འོད་གསལ་ལངས་ནས་འདིར་གནས་པར་ཡང་སྙིང་རྗེ་ལ་དམིགས་པ་དེས་ན་འདིར་འདིའི་ལུས་ཀྱིས་དེའི ་ཀུན་ནས་ཉོན་མོངས་པ་མ་ལུས་པ་ཟད་པའི་མཚན་ཉིད་ཀྱི་ཕྱིར་རོ། །ཚུལ་འདིས་སངས་རྒྱས་དེ་ཉིད་དངོས་པོ་དང་དངོས་པོ་མེད་པ་རབ་ཏུ་རྟོགས་པས་ནི་འགྲོ་བའི་དོན་བྱེད་པའི་དོན་ཏོ། །དེ་ཉིད་ཀྱིས་ན་དངོས་པོ་མེད་པ་ཉིད་ཀྱང་མིན་ཞེས་གསུངས་ཏེ། །དེ་ཡང ་ཐམས་ཅད་ལ་ཁྱབ་པར་བྱེད་པས་རྣམ་པར་དག་པར་རོ་མཉམ་པ་ཡེ་ཤེས་གྱི་རང་བཞིན་ཉིད་ཀྱི་ཕྱིར། ཆོས་འདོད་པ་ལྷུན་གྱིས་གྲུབ་པའི་རྒྱུན་གཉིས་སུ་བྱར་མེད་པའི་མཚན་ཉིད་ཀྱིས་ན་ཆོས་ཀྱི་གའདབྱིངས་མི་ཟད་པའི་རྒྱུད་ཀྱི་དངོས་པོའི་ཚུལ་ཏེ། ་དངོས་པོའི་དོན་ཏོ། །ཕྱག་དང་ཞལ་གཟུགས་རྣམ་པ་ཞེས་པ་ནི་རང་བྱིན་གྱིས་བརླབ་པའི་ཕྱིར་སྒྱུ་མའི་དཔེས་ལོངས་སྤྱོད་རྫོགས་པ་དང་སྒྲུབ་པའི་གཟུང་དོ། །རྣལ་འབྱོར་པའི་ཡང་དེ་ཉིད་དུ་བརྗོད་དོ། །དེ ་ཉིད་ཀྱིས་ན་གཟུགས་མེད་ཅེས་པ་ནི་རྒྱུ་མ་མི་བདེན་པའི་ཕྱིར་རོ། །དེས་ན་དོན་དམ་བདེ་བ་ཞེས་པ་ནི་གྲུབ་པའི་བདེ་བ་མཚོན་པའི་མཚན་ཉིད་ཀྱིས་བརྫུན་པས་གྲུབ་པས་ཆོས་ཀྱི་སྐུའི་བསམ་གྱི་མི་ཁྱབ་པའི་ཆོས་དང་ལོངས་སྤྱོད་རྫོགས ་པའི་བདེ་བས་རྟག་པའི་རང་བཞིན་གྱི་ཕྱིར་ཞེས་པའི་དོན་ཏོ། །དེ་ལྟར་དེ་ཡང་འབྲས་བུ་རབ་ཏུ་སོང་བ་ན་དངོས་པོ་དང་དངོས་པོ་མེད་པ་མེད་དོ། །དེ་བཞིན་དུ་དེས་ན་ཞེས་བྱ་བ་ལ་སོགས་པ་ལ། འགྲོ་ཀུན་ལྷན་ཅིག་སྐྱེས་ཞེས་པ་ནི་འདིར་གང ་གི་ཕྱིར་ལྷན་ཅིག་སྐྱེས་པའི་སྦྱོར་བ་ལས་སྐྱེ་བོ་ཐམས་ཅད་འབྱུང་ཞིང་དེ་རྣམས་དང་སངས་རྒྱས་ཉིད་ཀྱི་སྦྱོར་བས་ལྷན་ཅིག་སྐྱེས་པ་དེ་ཉིད་དུ་ཐིམ་པ་ཉིད་དུ་འགྱུར་རོ། །དེ་ཡང་འགྲོ་ཀུན་ཞེས་པ་ནི་སུམ་ཅུ་རྩ་གཉིས་པའི་ལྷ་ལ་སོགས ་པ་དང་མི་ལ་སོགས་པའི་སེམས་ཅན་རྣམས་སངས་རྒྱས་དང་རྡོ་རྗེ་འཆང་བར་ཡང་འགྱུར་ཏེ་ལྷན་ཅིག་སྐྱེས་པ་འདོད་པས་སོ། །དེ་བཞིན་དུ་ལྷན་ཅིག་སྐྱེས་པ་ཞེས་པའི་དོན་ཅི་ཞེ་ན་གསུངས་པ། ལྷན་ཅིག་སྐྱེས་པ་ཞེས་པ་ལ ་སོགས་པ་ནི་རང་བཞིན་གྱིས་འོད་གསལ་བའི་རྣམ་གྲངས་ཏེ་ཐོག་མ་མེད་པར་རྟག་པའི་གཟུགས་ཉིད་ཀྱི་ཕྱིར་ཞེས་དགོངས་སོ། །དེ་ལྟར་གཙོར་སྤྲུལ་པའི་སྐུས་སངས་རྒྱས་པའི་ཕྱིར་ལོངས་སྤྱོད་རྫོགས་པ་དང་ཆོས་ཀྱི་སྐུ ་དག་གིས་རང་བཞིན་ལྷན་ཅིག་སྐྱེས་པའི་དངོས་པོ་རོ་ཞེས་པ་སྟེ་ངེས་པའོ། །དེའི་དབང་དུ་བྱས་ཏེ་གསུངས་པ། འོད་གསལ་བའི་རང་བཞིན་གྱིས་ལྷུན་གྱིས་གྲུབ་པས་རྟག་པ་དང། མི་རྟག་པའི་དོན་མེད་པར་འཇུག་པ་ཆོས་མཐུན ་པའི་ཕྱིར་རོ། །དེ་ཡང་ཇི་ལྟར་ཞེ་ན་གསུངས་པ། སེམས་ཀྱི་ཞེས་བྱ་བ་ལ་སོགས་པ་ལས་རྣམ་པར་དག་པ་ནི་རྣལ་འབྱོར་ལ་ཞེན་པའི་དྲི་མ་མེད་དེ། འོད་གསལ་བ་ཉིད་བསམ་དུ་མེད་པའི་རྣལ་འབྱོར་པའི་རང་བཞིན་གང་ཡིན་པ་དེ་ནི་སེམས ་ཀྱི་རང་བཞིན་རྣམ་པར་དག་པ་དེ་ལ་དེ་སྐད་ཅེས་བྱའོ། །རྒྱུ་དེས་ན་གང་གི་ཕྱིར་འོད་གསལ་བ་རྣམ་པར་དག་པར་ནི་མྱ་ངན་ལས་འདས་པའོ། །དེའི་ཕྱིར་དངོས་པོ་མེད་པའོ། །གང་གི་ཕྱིར་སེམས་ཉིད་རྣམ་པར་དག་པའི་ཕྱིར་བསམ་དུ་མེད་པའི ་རྣམ་པའོ། །དེའི་ཕྱིར་དངོས་པོ་དང་དངོས་པོ་མེད་པ་མེད་དོ། །གཉིས་མེད་པའི་དངོས་པོ་ཡང་མེད་དེ་མི་སྦྱོར་བའི་ཕྱིར་རོ། །ཐོག་མ་མེད་པ་ནས་གྲུབ་པ་འདི་རྣམས་ནི་རང་བཞིན་གྱིས་འོད་གསལ་བ་སྟེ། དེ་ཡང་རྣལ་འབྱོར་པའི་སེམས་ཀྱིས་སངས ་རྒྱས་དང་རྡོ་རྗེ་འཆང་ཐོབ་པའི་ས་བོན་དུ་གསུངས་ཤིང་ཆོས་ཀྱི་སྐུ་ཐབ་མོའི་ས་བོན་དུ་ཡང་ངོ། །དེ་ཇི་ལྟར་ལོངས་སྤྱོད་རྫོགས་པའི་སྐུའི་ས་བོན་མེད་དེས་ན་སྔོན་གྱི་ཚིག་མི་བདེན་པར་འགྱུར་རོ། །དེ་ནི་བརྗོད་དེ་ཐ་མལ་པའི་ལུས་ཙམ་དེའི ་ས་བོན་ནོ་ཞེས་སྡུག་བསྔལ་མང་པོ་དང་ལྡན་པ་དེས་ན་ལྷའི་ལུས་མ་ཡིན་ནོ། །དེའི་ཚེ་མེད་པའི་ཕྱིར་ལྷའི་རིགས་དང་བྲལ་བའི་དོན་ཏོ། །དེས་ན་བཅོམ་ལྡན་འདས་ཀྱིས་བཀའ་གསུངས་པ། ལྷའི་ཞེས་བྱ་བ་ལ་སོགས་པ་ནི་འདིར་གང ་གི་ཕྱིར་ཀུན་བཞི་རྣམ་ཤེས་པ་གཟུཊ་མེད་པའི་ཕྱིར་གཟུཊ་མེད་པ་ལྟ་བུ་དེ་སྐྱེས་པའི་དུས་སུ་ལྷའི་གཟུགས་ཀྱི་སྒྲས་ནི་དེས་ས་བོན་དང་འདྲ་བར་གསུངས་སོ། །དེ་ཡང་སྐྱེས་པ་ཙམ་གྱི་ལུས་ལ་གནས་ཏེ། སྔོན་གྱི་དངོས་པོའི་ཕྱིར་རོ། །དེ་ཅི་ཞེ་ན། ་གསུངས་པ། ཕྱག་དང་ཞལ་ཞེས་བྱ་བ་ལ་སོགས་པ་ནི་མངོན་སུམ་དུ་མི་ལ་སོགས་པ་གཉིས་ལ་སོགས་པའི་ལུས་དང་མཐུན་པའི་ཕྱིར་ཞེས་པའི་དོན་ཏོ། །ཇི་ལྟར་རྣལ་འབྱོར་པའི་ལུས་ལ་རང་བཞིན་གྱིས་རྣམ་པར་དག་པ་བློ་བུར་པའི་དྲི་མ ་རྣམས་ཀྱིས་བསྒོས་པའི་ས་བོན་ནི་འོད་གསལ་བ་རྣམ་པར་དག་པའི་ཡེ་ཤེས་སོ། །དེས་ན་དེ་ལས་བྱུང་བ་ན་སྤྲུལ་པའི་སྐུའི་ཕྱིར་ཞེས་པ་སྟེ་ངེས་པའོ། །དེ་ལྟར་རང་བཞིན་གྱིས་རྣམ་པར་དག་པའི་ལུས་ཉིད ་ལྷའི་ལུས་ཀྱི་ས་བོན་ཞེས་དགོངས་སོ། །དེ་བསམས་ཀྱང་རུང་མ་བསམས་ཀྱང་རུང་ལྷན་ཅིག་སྐྱེས་པའི་རྣམ་པ་ཞེས་པའི་དོན་ཏོ། །དོའི་དོན་བསྒོམ་པའི་ཕྱིར། དེ་བཞིན་གཤེགས་པའི་གསུང་གིས་ངེས་པར་གསུངས་པ་བཀོད ་པ་བསྟོན་པ་འོན་ཀྱང་ཞེས་བྱ་བ་ལ་སོགས་པ་ནི་ཐ་མལ་བའི་ལུས་ཀྱི་རྒྱུ་ལས་བག་ཆགས་ཐོག་མ་མེད་པ་ནས་བསགས་པའི་ཕུང་པོ་དེ་ཡོངས་སུ་ཟང་པའི་ཕྱིར། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་དང་དུ་ལེན ་པའི་ལས་ཀྱི་སེམས་དག་པའི་རྣམ་པར་ཏོག་པའི་བག་ཆགས་དམ་པས་ཧེ་རུ་ཀ་ཕྱག་གཉིས་པ་ལ་སོགས་པའི་གཟུགས་དམིགས་པའི་རང་གི་ལུས་ལྷའི་སྐུ་རུ་བསྒོམས་པ་དེས་ཐ་མལ་པའི་ལུས་སྤོང་སྟེ། བསྐྱེད་པའི་རིམ ་བས་རྣལ་འབྱོར་པ་རྣམས་ཀྱི་རྡོ་རྗེའི་སྐུ་རུ་འགྲུབ་བོ། །རྫོགས་པའི་རྣལ་འབྱོར་པ་ཁྱད་པར་ཅན་གྱི་སྔོན་དུ་གསུངས་པའི་ཚུལ་གྱིས་ལྷན་ཅིག་སྐྱེས་པའི་རྣམ་པས་ཕྱག་རྒྱ་ཆེན་པོའི་འགྲུབ་པའོ། །འོན་ཀྱང་རྣམ་པར་བསྒོམ་པ་ཅི་འདྲ་བ་འདིར ་ཡང་དེ་འདྲ་བ་འཆད་བཞིན་པ་ལས་དཔེ་མང་པོས་བཤད་པར་བྱ་ཞེས་པ་སྟེ་ངེས་པའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པའི་ནི་དེ་ལྟར་སེམས་དངོས་པོ་ཐམས་ཅད་སྡོམ་པའི་ཕྱིར་བཤད་པ་ཞེས་པ་ནི་རང་བཞིན་གྱི་དངོས་པོ་མེད་པས་སྡོམ ་པ་མེད་པར་གསུངས་སོ། །དེས་ན་གོང་མེད་ཅེས་པ་ནི་སྦྱོར་པ་བསྒོམ་པའི་ཕྱིར་ཞེས་སྦྱར་རོ། །དེས་ན་དེ་ཐམས་ཅད་འདུས་པའི་རྣལ་འབྱོར་མ་རྣམས་ཀྱིས་བརྗོད་པ། དེས་ན་ཞེས་བྱ་བ་ལ་སོགས་པ་ལ། འདིར་བདག་མེད་མ་རྣལ ་འབྱོར་མའི་རྒྱུད་རྣམས་སུ་བསྟན་པའི་ཕྱིར་རྣལ་འབྱོར་མ་དེ་རྣམས་ཐམས་ཅད་ལ་སོགས་པ་དང་གཞན་སྤྱན་མ་ལ་སོཊ་པ་བཞི་ལ་སོཊ་པ་རྣལ་འབྱོར་གྱི་རྒྱུད་རྣམས་སུ་བསྟན་པའི་རྣལ་འབྱོར་མ་ཐམས་ཅད་དང་འདི་རྣམས་ཀྱི་ཐབས་དཔའ་བོ་རྣམས ་དང་དེ་བཞིན་དུ་ཁྲོ་གཉེར་མ་ལ་སོགས་པ་རྣལ་འབྱོར་མ་ལྔ་རྣམས་ཏེ། བྱ་བའི་རྒྱུད་རྣམས་སུ་བསྟན་པའི་རྣལ་འབྱོར་མ་རྣམས་དང། དེ་བཞིན་དུ་དང་གི་སྒྲས་ནི་སྤྱོད་པའི་རྒྱུད་རྣམས་སུ་གསུངས་པའི་རྣལ་འབྱོར་མ་རྣམས་བསྟན་པའོ། །དེ་དག ་ལ་སོགས་པ་ཞེས་པ་ནི་རྣལ་འབྱོར་མ་དང་རྣལ་འབྱོར་དང་བྱ་བ་དང་སྤྱོད་པའི་རྒྱུད་རྣམས་རེ་རེ་ཡང་ཇི་ལྟར་གསུངས་པར་འགྱུར་རོ། །རྣལ་འབྱོར་མ་དེ་རྣམས་དང་ནང་དུ་རྐང་པའི་མཐིལ་ནས་གཙུག་ཏོར་གྱི་མཐར་ཐུག་པར་གཞུའི ་རྣམ་པའི་སྲོག་དེའི་ཚད་ཀྱི་རྣལ་འབྱོར་མ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་སྲོག་དང་རྩོལ་བ་དེ་རྣམས་ལས་སྐུའི་རང་བཞིན་སྤྱོད་པའི་རྒྱུད་ལས་སྐྱེས་པའོ། །དེ་བཞིན་དུ་གསུང་གི་རང་བཞིན་བྱ་བའི་རྒྱུད་ལས་སྐྱེས་པའོ། །ཐུགས་ཀྱི་རང་བཞིན་རྣལ ་འབྱོར་གྱི་རྒྱུད་ལས་སྐྱེས་པའོ། །ཡེ་ཤེས་ཀྱི་རང་བཞིན་རྣལ་འབྱོར་མའི་རྒྱུད་ལས་སྐྱེས་པ་རྣམས་ཞེས་པ་སྟེ་ངེས་པའོ། །དེ་ལྟར་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་རང་བཞིན་གྱི་རྣལ་འབྱོར་མ་རྣམས་མཆོག་ཏུ་ཡ་མཚན ་སྐྱེས་པར་འགྱུར་རོ་ཞས་སྦྱར་རོ། །དེར་དེ་རྣམས་བསླང་བའི་དོན་དུ་མི་བསྐྱོད་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྔོན་གྱི་སྲོག་གི་རང་བཞིན་གྱི་རྣལ་འབྱོར་མ་རྣམས་བརྒྱལ་བར་འགྱུར་རོ། །དེ་བཞིན་དུ་ཕུང་པོ་ལ་སོགས ་པའི་དེ་བཞིན་གཤེགས་པ་རྣམས་སྔོན་གྱི་བག་ཆགས་ཀྱི་རྨི་ལམ་བཞིན་རང་བཞིན་གྱི་མཐོང་ངོ། །དེས་ན་བཅོམ་ལྡན་འདས་ཤེས་པ་ནི་ཡེ་ཤེས་ཀྱི་རྒྱན་གྱིས་རང་གི་རང་བཞིན་དེ་ཉིད་བྲག་ཆའི་སྒྲ་བཞིན་སློང་སྟེ། བསྐུལ་བས ་རྣལ་འབྱོར་མའི་ཚོགས་ཞེས་པ་སྐུ་ལ་སོགས་པ་རྣམས་སོ། །འོན་ཀྱང་དགོངས་པ་ནི་འདི་ཡིན་ཏེ་ཕན་ཚུན་སེམས་ཅན་གྱི་གཟུགས་ནི་རྣལ་འབྱོར་མའོ། །རྣལ་འབྱོར་མའི་གཟུགས་ཀྱང་སེམས་ཅན་ནོ། །དེ ་བཞིན་དུ་རྣལ་འབྱོར་མ་ཡང་སངས་རྒྱས་རྡོ་རྗེ་འཆང་ལ་སོགས་པའི་གཟུགས་ཅན་ནོ། །སེམས་ཅན་ཡང་བདག་གི་ལུས་སོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱང་ངོ། །དེས་ན་དེའི་ཚེ་ཇི་ལྟར་བཅོམ་ལྡན་འདས་ཀྱི་བཀའ་འགྱུར། བདག ་སྤངས་པ་དེས་ན་སེམས་ཅན་དང། སངས་རྒྱས་དབྱེར་མེད་པ་དེའི་ཚེ་ཉེས་པ་ཡོད་དེ། གང་གི་ཕྱིར་སྔོན་དུ་ཐམས་ཅད་གྲུབ་བོ། །དེའི་ཕྱིར་བཅོམ་ལྡན་འདས་ཉིད་རང་འཁྲུལ་པར་འགྱུར་ཏེ་དེས་ན་བརྒྱལ་བར་འགྱུར་རོ། །གང་གི་ཕྱིར་འབྱུང ་བ་ཆེན་པོའི་རང་བཞིན་སྣ་ཚོགས་པ་ཐ་མལ་པའམ། སྦྱངས་པའི་དངོས་པོ་ཡིན་པའི་ཕྱིར་རོ། །དོན་དེ་ཉིད་དུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་མི་ཤེས་པ་ཀུན་ཞེས་པ་ནི་དེ་ཁོ་ན་ཉིད་ཀྱི་མི་ཤེས་པའི་རྣལ་འབྱོར ་མ་རྣམས་སོ། །དེ་ཅིའི་ཕྱིར་ཞེ་ན། འདིར་གང་གི་ཕྱིར་ཉན་པའི་སྐྱེ་པོའི་གཟུགས་ཅན་ཐུན་མོང་པའི་ཕྱིར་རོ། །གལ་ཏེ་རེ་ཞིག་སངས་རྒྱས་ཀྱི་གཟུགས་ཏེ། ཇི་ལྟར་སྣགས་རྒྱས་ཀྱི་མདུན་དུ་ཆོས་སྟོན་པ་ཉན་ཡོན་ཀྱང་སྣགས་རྒྱས་རྡོ་རྗེ ་འཆང་ལ་སོགས་པ་རྣམས་ཀྱི་དངོས་པོའོ། །སངས་རྒྱས་ཀྱི་རང་བཞིན་འབའ་ཞིག་རང་རང་གི་རང་བཞིན་རྟོགས་པའི་ཕྱིར་སངས་རྒྱས་སོ། །དེས་ན་ཐམས་ཅད་མཁྱེན་པར་མི་འགྱུར་རོ། །དེའི་ཕྱིར་མི་ཤེས་པ་སྟེ་དེའི་མི་ཤེས་པ་བཟློག་པའི་ཕྱིར་རོ། ་རྣམ་པར་རྒྱལ་བ་ཞེས་པ་ནི་ཡང་དག་པའི་ཡེ་ཤེས་རྟོགས་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་རྡོ་རྗེ་ཞེས་པ་ནི་མི་བྱེད་པའི་གཟུགས་སུ་གང་གི་ཚེ་འབྱུང་བ་དེའི་ཚེ་ཏིང་ངེ་འཛིན་དེ་ཡང་རྡོ་རྗེའི་མིང་སྟེ་དེ་ལ་སྙོམས་པར་ཞུགས་པ་རྟག་པའི་གཟུགས ་རྣམ་པ་ཀུན་དང་ལྡན་པའོ། །རྣལ་འབྱོར་མ་ཐམས་ཅད་ཅེས་པ་ནི་དེའི་གཟུགས་རྡོ་རྗེའི་རང་བཞིན་གྱི་མཚན་ཉིད་ཀྱི་མི་ཕྱེད་པའི་དུས་གཅིག་ལ་འབྱུང་བ་ཐམས་ཅད་མཁྱེན་པའི་དོན་ཏོ། །དེས་ན་བདག་དང་མཚུངས་པ་བསླང་བའོ། །གཞན ་དུ་སེམས་ཅན་སངས་རྒྱས་ཉིད་ཅིས་པ་ནི་བདེན་ཏེ་ཁྱོད་ཉིད་ཁྱོད་ཀྱི་རང་བཞིན་ནོ་ཞེས་པའོ། །དེའི་དོན་ནི་འདི་སྟེ་འོན་ཀྱང་ཞེས་པ་ནི་ལས་དང་པོ་པའི་དུས་སུ་དུས་གསུམ་དུ་གང་དག་རྟོགས་པ་དེ་རྣམས་ཀྱང་ངོ། །གློ་བུར་དྲི་ཡིས་བསྒྲིབས་ཞེས་པ་ནི་ཤིན ་ཏུ་རྣམ་པར་དག་པའི་སེམས་ཅན་སངས་རྒྱས་ཡིན་མོད་དེ་རྣམས་ལ་ཇི་སྲིད་དུ་དེ་བཞིན་གཤེགས་པའི་རབ་ཏུ་སོན་པའི་ཏིང་ངེ་འཛིན་མ་རྟོགས་པ་དེ་སྲིད་དུ་བཞི་པའི་རང་བཞིན་དུ་མི་འགྱུར་རོ། །དེས་ན་རང་གི་ཡེ་ཤེས་ལ་ཆགས་པ་ཐམས་ཅད ་མཁྱེན་པ་མ་ཡིན་པ་བློ་བུར་པའི་དྲི་མ་རྣམས་ཀྱིས་བསྒྲིབས་པ་ཡིན་ནོ། །གང་ཡང་བཞི་པ་དང་ལྡན་པ་དེ་ཐམས་ཅད་ནི་འཇིག་རྟེན་དུ་གྲགས་པའི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་གི་མཆོག་གི་གཟུགས་ཀྱིས་གནས་ལ་སོགས་པའི་ཡུལ ་དང་ཡུལ་དུ་སེམས་ཅན་གྱི་དོན་བྱས་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་ཞེས་དགོངས་སོ། །གཞན་ཡང་པདྨ་བཛྲའི་ཞལ་སྔ་ལ་སོགས་པ་རྣམས་ནི་གྲུབ་པའོ། །ཞེས་གྲགས་སོ། །དེ་སྤངས་ཞེས་བྱ་བ་ལ་སོགས ་པ་ནི་ད་ལྟར་གྱི་སེམས་ཅན་གློ་བུར་བའི་དྲི་མས་བསྒྲིབས་པ་རྣམས་ཀྱིས་ཏེ་དེའི་ཞེས་བྱ་བ་དང་སྦྱར་རོ། །དེ་བཞིན་དུ་སྤངས་པའི་ས་ཞེས་པ་ནི་སྔོན་དུ་གསུངས་པའི་མན་ངག་སྣ་ཚོགས་པ་དང་ཁ་སྦྱོར་འདི་ལ་སོགས་པའི་གཞུང ་བསྟན་པའོ། །དེ་ནས་སྡུད་པ་པོས་ཀྱང་གླེགས་བམ་རྣམས་སུ་ཡི་གེའི་གཟུགས་ཀྱིས་བྲིས་ཞེས་པའི་དེས་པའོ། །དེ་བཞིན་དུ་དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་འདིར་དེ་ལྟར་འདི་དག་ཅེས་པ་ནི་གལ་ཏེ་རེ་ཞིག་གླེགས་བམ་ལ་སོགས་པ་རྣམས ་སུ་བཅོམ་ལྡན་འདས་ཀྱི་གསུངས་གནས་པ་བླ་མ་གཅིག་ནས་གཅིག་དུ་བརྒྱུད་པའི་ཁ་ནས་ཁར་གནས་སོ། །དེ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཚིག་མདོ་སྡེ་རྣམས་དང་རྟོགས་པར་བརྗོད་པ ་ལ་སོགས་པ་རྣམས་དང་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གསུང། ང་མྱ་ངན་ལས་འདས་ནས་ཕྱི་མའི་དུས་ཕྱི་མའི་ཚེ་ན་སེམས་ཅན་གདུལ་དཀའ་བསྡིག་པའི་བློ་ཅན་སྡིག་པའི་ལས་བྱེད་པ་འབྱུང་ཞེས་བྱ་བ་ལ་སོགས་པ་རྒྱས་པར ་བསྟན་པའི་ཕྱིར་རོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་བརྫུན་ནམ་ཞེ་ན་གསུངས་པ། རིགས་ཀྱི་བུ་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་དེ་རྣམས་ལ་བོད་པའོ། །དུག་ཟོས་ཞེས་བྱ་བ་ལ་སོགས་པ་ལ་ནི་འདིར་དུག་ཟོས་པའི ་འཇིག་རྟེན་གང་བརྒྱལ་བ་སེམས་མང་པ་དུག་སེལ་བར་མི་ཤེས་པ་ཡིང་སེམས་པ་མེད་པའོ། །དེ་ཉིད་ཤེས་པའི་ཕྱིར་གཏི་མུག་སྤངས་པ་ནི་གང་གི་དུག་སྤངས་པ་དེའི་འོ། །དེ་ཉིད་ཡིང་ཅས་པ་ནི་དུག་སེལ་པའི་དེ་ཁོ་ནའི་ཡིད ་ཀྱིས་འཇུག་པའོ། །དེའི་དུག་ཟོས་པའི་སྡུག་བསྔལ་སྐྱེས་པ་འདིར་གཅོད་པ་འདི་ནི་དཔེ་ཙམ་མོ། །དེའི་ཕྱིར་དཔེས་ཤེས་པར་བྱ་བའི་བྱང་ཆུབ་སྔོན་གྱི་ཚུལ་གྱིས་ཁོང་དུ་ཆུང་པར་བྱའོ། །དེ་ཡང་རྣམ་པ་དང་བཅས་པའི་བསྒོམ་པས ་མོས་པར་དེའི་ཕྱིར་ཐབས་ཀྱི་སྒོ་ནས་རྒྱུ་དང་འབྲས་བུ་འབྲེལ་པའི་ཕྱིར་བྱང་ཆུབ་བོ། །དེ་ཡང་ཤེས་བྱ་བ་ལ་ཤེས་པ་འཇུག་པའོ། །དེ་ལྟར་ཡེ་ཤེས་དང་ཤེས་བྱ་དག་དཔེས་ཤེས་པར་བྱ་བ་སྣང་པ་མེད་པར་བརྗོད་དུ་མེད་པ་ལྷན་ཅིག ་སྐྱེས་པའི་དོན་དམ་པའོ། །དེ་ཉིད་ཀུན་རྫོབ་ཀྱི་བདེ་བ་མེད་པར་མི་འགྲུབ་སྟེ། །དངོས་པོ་ཤེས་པའི་ཕྱིར་རོ། །འདིར་གལ་ཏེ་འོ་ན་དངོས་པོའི་ཡེ་ཤེས་ཀྱིས་གྲོལ་བར་འགྱུར་ན་དེའི་ཚེ་སེམས་ཅན་རྣམས་ཇི་ལྟར་འཁོར་བར་འཁོར ་མ་རིག་པ་ལི་དབང་གིས་ཞེས་པ་ནི་དེ་ཡིས་ཇི་ལྟར་སྲིར་པར་འགྱུར། །ཁྱོད་ཅག་རྣམས་ཀྱི་གཏམ་ཡང་ཐོས་པ་མ་ཡིན་ནམ། །འདིར་གང་གི་ཕྱིར་ཁམས་གསུམ་པ་འདོད་ཆགས་ཀྱི་དབང་གིས་སྐྱེས་པ་དེ་ཡང་གང་དག་སེམས་ཅན ་དེ་དག་ཀྱང་འདོད་ཆགས་ཅན་ནོ། །འདོད་ཆགས་ཀྱང་མ་རིག་པའི་རྩ་བའོ། །དེའི་ཕྱིར་མ་རིག་པ་དངོས་པོའོ། །ངེས་གྲོལ་པ་འདི་དག་ནི་འགལ་ལོ། །དེའི་ཕྱིར་བརྗོད་དེ་བཅོམ་ལྡན་འདས་ཀྱི་བཀའ་ལས་ཤེས་པར་བྱའོ། །དེ་ཅི་ཞེ་ན། ་གསུངས་པ་དུག་གི་དུམ་བུ་ཞེས་བྱ་བ་ལ་སོགས་པ་ནི་འདིར་དུག་བསལ་བ་ཐུན་མོང་བ་ནི་རྣམ་པ་གསུམ་སྟེ། དེ་ལ་གཅིག་གི་སྔགས་གྲུབ་པ་སྟེ། ལུང་སྣ་ཚོགས་པའི་རྗེས་སུ་འབྲངས་པའི་ཕྱིར་རོ། །གཉིས་པ་ནི་སྨན་གྱི་གྲུབ ་པའོ། །གསུམ་པ་ནི་རྣལ་འབྱོར་གྱི་ནུས་པས་སོ། །དེ་ཡང་སྔགས་དང་སྨན་ངག་གི་རྣམ་པ་གཉིས་སུ་འདོད། །དེ་ལ་གཅིག་ནི་སྔགས་བཟླས་པ་དང་སྨན་བསྒྲུབས་པས་ཤིན་ཏུ་ཡུན་རིང་པོ་ནས་བསོང་ནམས་ཀྱི་དབང་གིས་འགྲུབ་པོ། །གཉིས ་པ་ནི་པ་གས་གྲུབ་པའོ། །དེ་ཡང་བླ་མ་དང་རྣལ་འབྱོར་མ་རྣམས་བསྙེན་པ་དང་བསྙེན་བཀུར་བྱས་པའི་ཕྱིར་རོ། །གང་ཡང་རྣལ་འབྱོར་གྱི་སྟོབས་ཀྱིས་དེ་དུག་གི་དེ་ཉིད་ཤེས་པས་དུག་སེལ་བ་འབའ་ཞིག་ཏུ་མ་ཟད་ཀྱི་དུག་ཉིད་བདུད་རྩི་རེ ་བྱེད་དོ། །དེས་ན་དུག་གིས་སེལ་བར་འགྱུར་ཞེས་པ་ནི་རྒ་བ་དང་འཆི་བ་དང་མཛེ་ལ་སོགས་པའི་ནད་རྣམས་དུག་གིས་རབ་ཏུ་བརླག་ཅིང་མི་རྒས་པ་དང་མི་འཆི་བར་འགྱུར་རོ། །དེ་བཞིན་དུ་མ་རིག་པའི་བག་ཆགས་ཉིད་སྲིད་པའོ། །འོན ་ཀྱང་སྔོན་དུ་སངས་རྒྱས་ཡིན་པ་གསུངས་པའི་སྒྲུབ་པ་རྣམས་ལ་དང་སྣ་ཚོགས་པ་རྣམས་ཀྱིས་རིགས་པ་བསྟན་ཏོ། །འདིར་མ་རིག་པ་ཉིད་རིག་པ་བཟང་པོར་བྱ་བའི་ཕྱིར། །ཇི་ལྟར་རླུང་ནང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། ། ་དེ་བཞིན་དུ་སྦྱོར་བ་ཞེས་པ་ནི་ཀུན་རྫོབ་ཀྱི་བདེ་བའི་རྣམ་པར་དག་པའི་ཡིད་ལ་བྱེད་པའོ། །སྲིད་པ་ཉིད་ཀྱིས་ཞེས་པ་ནི་ཤིན་ཏུ་རྣམ་པར་དག་པའི་སྲིད་པས་སོ། །དེ་ཉིད་ཀྱིས་ན་རྣམ་རྟོག་ཅེས་པ་ནི་གང་གིས ་སངས་རྒྱས་པ་དེ་ཉིད་རྣམ་པར་རྟོག་པས་བརྟགས་པའོ། །དེ་བཞིན་དུ་འདིའི་རྣ་བར་ཞེས་བྱ་བ་ལ་སོགས་པའི་དཔེས་ཀྱང་ཤེས་པར་བྱའོ། །དངོས་པོ་ཞེས་པ་ནི་ཤེས་བྱའི་བདེ་བའོ། །དེ་སྒྲིབ་པ་ནི་རྣམ་པར་རྟོག་པ་སྟེ་དེ་སྤངས་པའོ། །གང ་གིས་ཤེ་ན་རྣམ་པས་ཞེས་པ་ནི་ལྷའི་སྦྱོར་བའི་སྒོམ་པ་ལྷན་ཅིག་སྐྱེས་པའི་རང་བཞིན་ཞེས་པའི་དོན་ཏོ། །ཉིད་ཅེས་པ་ནི་ངེས་པ་ཞེས་པའི་དོན་ཏོ། །དཔེར་ན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་བཞིན་དུ་སྦྱོར་བ་ཞེས་བྱ་བ་ལ་སོཊ ་པ་ནི་བསྐྱེད་པའི་རིམ་པས་འབྱུང་བ་དང་འབྱུང་བ་ལས་གྱུར་བ་བསྟན་ཏེ། དེ་ཡང་དབང་གཉིས་སྦྱོར་བ་ཞེས་པ་ནས་ཕྲ་མ་ནམ་མཁའ་ལས་བྱུང་ངོ། །ཞེས་པའི་མཐར་ཐུག་པ་ནི་འབྱུང་བའོ། །དེ་བཞིན་དུ་ཆེན་པོའི་སེམས་ཞེས་པ་ནས་ཇི་སྲིད་མཆོག ་ཏུ་དགའ་བའི་རིགས་ལས་བྱུང་ཞེས་པའི་མཐར་ཐུག་པ་ནི་འབྱུང་བ་ལས་གྱུར་པའོ། །དེ་བཞིན་དུ་འདིར་གསོལ་བ་ཞེས་པ་ནི་རྡོ་རྗེ་སྙིང་པོ་ལ་སོགས་པས་ཞུས་པའོ། །དེ་ཡང་ཅི་ཞེས་བྱ་བ་ལ་སོགས་པའོ། །འདིར་བཅོམ་ལྡན ་འདས་ཀྱི་རིགས་གྲངས་མེད་པ་འབྱུང་བདེའི་ཚེ་ཇི་ལྟར་འཇིག་རྟེན་གྱི་ཁམས་ཀྱང་དོག་པ་ཉིད་དུ་འགྱུར་རོ། །གོང་བུའི་གཟུགས་ཅན་ཞེས་པ་ནི་ས་ལ་སོགས་པའི་ཁམས་རྣམས་བྱེ་བྲག་ཏུ་སྨྲ་བའི་གཞུང་ལུགས་ཀྱི་དེས་པ་གསུངས ་པའི་དབྱེད་བས་བཤད་པའི་ཕྱིར་རོ། །དེ་ཇི་ལྟར་རིགས་གྲངས་མེད་པ་རྣམས་གང་དུ་གནས་ཞེས་པའི་དོན་ཏོ། །འདིང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནི་ལན་ནོ། །དེ་བསྟན་པ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནི ་འདིར་ཇི་ལྟར་ཁ་ཅིག་ཏུ་བྱུང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྡུལ་གཅིག་གི་ཚད་ཀྱིས་ནང་གི་ཕུག་ཀྱང་བསོད་ནམས་ཀྱི་མཐུས་དོག་པར་མི་འགྱུར་ཞིང་ཡངས་པར་མི་འགྱུར་རོ། །སངས་རྒྱས་ལ་སོགས་པའི་འཕགས ་པའི་དགེ་འདུན་མཛའ་དག་སྟོན་མོ་ལ་སྤྱན་འདྲེན་པར་བྱེད་དོ། །དེ་ཡང་བཞེངས་ཤིག་ཅེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་བསྐྱེད་པའི་རིམ་པས་རྫོགས་པའི་རིམ་པ་བསྐྱེད་པ་གསུངས་པ། ཁ་སྦྱོར་ཞེས་བྱ་བ་ལ་སོགས་པ ་ལ། ཁ་སྦྱོར་ལས་བྱུང་བ་ཞེས་པ་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་སྦྱོར་བ་ལས་བྱུང་བ་དང། འབྱུང་བ་ལས་གྱུར་བ་དག་འབྱུང་བ་སྟེ། དེ་ཡང་ཡེ་ཤེས་ཀྱི་ཁམས་ཀྱི་རང་བཞིན་ས་ལ་སོགས་པ་འབྱུང་བ་རྣམས་སོ། །ཡེ་ཤེས་ཀྱི ་ཁམས་དེ་ཅི་ཞེ་ན། །གསང་བ་ཞེས་བྱ་བ་ལ་སོགས་པའི་ཚིག་གི་ཕྱིར་རོ། །དེ་ལྟར་མེ་ལོང་ལྟ་བུའི་ལ་སོགས་པའི་ཡེ་ཤེས་ལྔ་རྣམས་སོ། །དེས་ན་དེ་བྱང་ཆུབ་བོ། །དེ་བཞིན་དུ་རྒྱ་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ ་ལྔ་ཡང་ངོ། །དེ་མང་བདག་པོ་རེ་རེ་ཡང་ལྔ་ལྔ་ཉི་ཤུར་རྩ་ལྔར་འགྱུར་རོ། །གཞན་ནི་གོ་སླའོ། །འོན་ཀྱང་འཆད་བཞིན་པས་རྒྱས་པར་བཤད་པར་བྱའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་དྲུག་པའི་རྒྱ་ཆེན་འབྲེལ་པ་ཡང་དག་པའི ་ལྟ་བ་དྲན་པའི་སྣང་བ་ཞེས་པ་ཕྱི་དང་ནང་གི་སྡོམ་པ་བསྟན་པའི་གཞུང་བསྟན་པ་སྟེ། བཞི་པ་རྫོགས་སོ།། །།ད་ནི་རྣལ་འབྱོར་པ་སྤྲུལ་པའི་ལུས་ཅན་རྣམས་ཀྱི་ཕྱི་རུ་རྣམ་པས་སྤྱོད་པས་སེམས་ཅན་གྱི་དོན་བྱ་བའི་ཕྱིར་ལས ་སྣ་ཚོགས་ཀྱི་སྒྲུབ་ཐབས་བརྗོད་པའི་ཕྱིར་དག་གི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །དག་གི་ཕྱག་རྒྱའི་ཡི་གེ་བརྗོད་པའི་ཕྱིར་ཕྱག་རྒྱ་དེ་ནི་བརྡའི་སྐད་དོ། །སླར་ཡང་ལག་པའི་ཕྱག་རྒྱས་དཔའ་བོ་དང་དཔའ་མོའི་དབང ་ཕྱུག་མ་རྣམས་ཤེས་པར་བྱེད་པ་གང་གི་ཚེ་དེའི་ཚེ་མཚན་ཉིད་ནི་མཚན་མའི་ཕྱག་རྒྱས་ཞེས་པའི་དོན་ཏོ། །དགོངས་པའི་སྐད་ནི་ཇི་ལྟར་བརྗོད་ཅེས་པ་ནི་ཀླ་ཀློའི་ཚིག་ཅེས་པའི་དོན་ཏོ། །རྣལ་འབྱོར་མ ་ཞེས་བྱ་བ་ལ་སོགས་པ་ལ་དབྱེ་བ་དང་རབ་ཏུ་དབྱེ་.....་བ་མི་ཕྱེད་པའོ། །དེ་བཞིན་དུ་རྒོད་དང་ཞེས་བྱ་བ་ལ་སོགས་པ་བཞི་རྣམས་སུ་སྟེ་སྔོན་གྱི་ཚུལ་གྱིས་ལྷ་དང་མི་ལ་སོགས་པ་རྣམས་སུ་མ་གསུངས་ཞེས་པ་ནི་མ་བརྗོད ་ཅེས་པ་སྟེ་ཞུས་པའོ། །རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པ་ནི་ལན་གྱི་ཚིག་གོ། ཌིནཌི་མ་ཞེས་པ་ནི་མཐར་སྐྱེས་མའོ། །ལུ་གུ་ཞེས་པ་ནི་ཁ་ལས་བརྗོད་པར་བྱའོ། །ཡི་གེའི་ཕྱག་རྒྱའི་ཡེ་ཤེས་ཞེས་པ་ནི་སྔོན་དུ་གསུངས་པའི་རྣལ ་འབྱོར་པ་མངོན་ཤེས་དང་ལྡན་པས་བསྟན་གྱི་ཐ་མལ་པས་ནི་མ་ཡིན་ཏེ་རྣལ་འབྱོར་མ་འཁྲུགས་པའི་ཕྱིར་རོ། །འོན་ཀྱང་ཐ་མལ་པའི་གནས་སྐབས་ཀྱི་དུས་སུ་ཡང་གོམས་པར་བྱ་སྟེ། སེམས་རྣམ་པར་དག་པས་ཞེས་དགོངས་སོ། ། ་དེ་བཞིན་དུ་ཡེ་ཤེས་ཀྱི་སྒྲ་ནི་མངོན་པར་ཤེས་པའི་མཚན་ཉིད་ཀྱི་ཕྱིར་རོ། །འཆད་བཞིན་པའི་ཡེ་ཤེས་ཀྱི་སྒྲ་ཐམས་ཅད་དང་དེ་ལྟར་ཤེས་པར་བྱ་ཞེས་པ་ནི་ངེས་པའོ། །གཞན་ནི་གོ་སླའོ། །སླར་ཡང་རྡོ་རྗེ་སྙིང་པོས་ཞུས་པ་བརྡ ་ཞེས་པ་ནི་ཕྱག་རྒྱའོ། །གཞན་ནི་གོ་སླའོ། །དེ་བཞིན་དུ་ངག་གི་བརྔའི་ཡེ་ཤེས་ནི་གཉིས་པའོ།། །།ད་ནི་ལྟ་སྟངས་ཀྱི་ཕྱག་རྒྱའི་ཡེ་ཤེས་བརྗོད་པའི་ཕྱིར་མཉམ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ལྟེ ་བའི་གནས་སུ་སྔོན་དུ་སྲོག་གོམས་པར་བྱས་ཏེ་ཇི་སྲིད་དུ་མངོན་ཤེས་ཐོབ་པར་འགྱུར་གྱི་བར་དུའོ། །དེ་ནས་ཕྱི་རུ་སྦྱར་བར་བྱའོ། །ལྷག་མ་ནི་གོ་སླའོ། །འདི་ནི་ཡེ་ཤེས་གསུམ་པར་བརྗོད་དོ། །ད་ནི་སེམས་ཅན་རྣམས་གཞུག ་པའི་ཕྱིར་ཕྱི་དང་ནང་གི་བདག་ཉིད་ཀྱི་ལས་ཚོགས་ནུས་པ་ཉིད་ཀྱིས་བསྟན་པའི་ཕྱིར་རོ། །དཔལ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་ཞེས་པ་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་རོ། །ངེས་ན་རྣལ་འབྱོར་མའི་སྐུའི ་དབྱིབས་དང་ལྡན་པ་བསམ་གཏན་གྱི་སྦྱོར་བ་དང་ལྡན་པས་མཚན་མ་ཐོབ་པ་དང་ལྡན་ནོ། །དེ་ཡང་འཆད་བཞིན་པའི་ལས་བརྗོད་པར་བྱའོ། །དེ་བཞིན་དུ་མིའི་ཐོད་པར་ཞེས་བྱ་བ་ལ་སོགས་པ་ལ་ཆོ་ག་བཞིན་ཞེས་པ་ནི་གང་གི་ཐོད་པ ་ཡིན་པ་དེའི་རོའི་ལུས་ཀྱི་ཤ་དང་བཤད་པ་ལ་སོགས་པས་བྲན་པ་དང་སྔགས་བཟླས་པས་ཡུངས་ཀར་འཕེལ་བར་འགྱུར་རོ། །དེའི་འབྲས་བུ་ལ་སོགས་པས་སྲུང་བར་བྱེད་དོ། །དེ་ཡང་དམ་པ་ཞེས་པ་ནི་གོང་ན་མེད་པ་ཞེས་པའི ་དོན་ཏོ། །དེ་བཞིན་དུ་འོལ་མ་སེ་དཀར་པོའི་སྒྲུབ་པ་བསྟན་པའི་ཕྱིར་དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སོ་མཆུ་བཙིར་བའི་ཁ་སྦྱར་གྱི་ཕྱག་རྒྱས་དེ་བཞིན་དུ་ཕྱོགས་རྒྱས་གདབ་པར་བྱའོ། །སངས ་རྒྱས་ཀུན་གྱི་ཞེས་པ་ནི་སེམས་ཀྱིས་གྲུབ་པ་དེ་ལ་དེ་སྐད་ཅེས་བྱའོ། །སྐྱེས་གཉིས་ཀྱི་ཐོད་པ་ཞེས་པ་ནི་བྲམ་ཟེའི་ཐོད་པའོ། །ཡང་ན་བསྒེགས་པས་བསྒྲུབ་སྟེ། །དེའི་ཐོད་པ་ལ་སྔོན་བཞིན་དུ་སྲུང་བ་ལ་སོགས་པ་ཐམས་ཅད ་བྱས་ན་འོལ་མ་སེ་བསྐྱེད་པར་བྱའོ། །དེས་ནི་མའི་ཐོད་པ་ལ་བར་སྣང་ནས་བླངས་ནས་དེས་གང་ལ་བསྣུན་ན་དེའི་ཚེ་བུད་མེད་ཀྱི་དངོས་གྲུབ་དུ་འགྱུར་རོ། །ཕན་ཚུན་དུ་གཟུགས་བསྒྱུར་བའི་ཕྱིར་ཞེས་པ་ནི་དེས་པའོ། །ཡང་ན་བསྒྲུབས ་པའི་འོལ?་མ་སེ་དེ་གླང་པོ་ཆེ་ལ་སོགས་པའི་ཐོད་པར་བསྐྱེད་དོ། དེའི་ཤ་ལ་སོགས་པས་བྲན་པར་བྱ་ཞིང་དེ་ཉིད་སྔགས་རབ་ཏུ་བཟླས་པ་ལ་སོགས་པས་བསྲུང་བ་བྱས་ནས་ཇི་སྐད་གསུངས་བཞིན་དུ་བྱེད་དོ། །ལྷག་མ་ནི་གོ ་སླའོ། །ད་ནི་དབབ་པའི་ཆོ་ག་བསྟན་པའི་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རོའི་ཁར་གུ་གུལ་ཞེས་པ་ནི་འཆད་བཞིན་པའི་གུ་གུལ་དང་ལྷན་ཅིག་པ་ཡན་ལག་ལྔ་ཡོངས་སུ་བསྒྲུབས། ་ཏེ། ཉིན་ཞག་ལ་ཞེས་པ་ནི་དེའི་ཚེ་མཚན་མོ་ལ་བྱས་ནས་ཇི་སྐད་གསུངས་པ་བཞིན་བྱེད་དོ། །དེ་བཞིན་དུ་གསེར་གྱི་འབྲས་བུ་ཞེས་པ་ནི་དུ་དུ་རའི་འབྲས་བུའོ། །ཁྱིམ་བྱ་ཞེས་པ་ནི་ཟངས་མའི་གཙུག་པུད་ཅན་ནོ། །དེ་ལྟར་ཇི ་སྐད་གསུངས་པ་བཞིན་དུ་བྱེད་དོ། །དེ་བཞིན་དུ་དུག་གི་སྒྲུབ་པ་འམ་བཟའ་བའི་སྦྱོར་བ་བསྟན་པའི་ཕྱིར། རྟ་གསོད་དཀར་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཏུ་རུས་སྐད་དཀར་པོའི་ཆའོ། །དེ་བཞིན་དུ་མ་རིའི་རྩ ་བའོ། །ཡང་ན་དུག་གི་རྩ་བའོ། །རྒ་ཞེས་པ་ནི་ཤིང་ཨར་ཀའི་རྩ་བའོ། །ཏ་རུ་ཞེས་པ་ནི་ཨ་རྐ་ཡི་འོ་མའོ། །ས་ལ་བྷ་ཞེས་པ་ནི་དུག་སྣ་ཚོགས་ཀྱི་འབྲས་བུའི་ཁྱད་པར་རྣམས་སོ། །དེ་རྣམས་ཀྱི་ཆ་དང་སྡིག་པ་ནི ་གྲགས་པར་ཟད་དོ། །དེའི་མཇུག་མ་ཡ་རྩེ་མོའོ། །དེ་ལྟར་ཐམས་ཅད་ཕྱེ་མར་བྱས་ཏེ་སྔོན་གྱི་སྨན་དུག་བརྒྱ་ལྡན་པར་བྱའོ། །ལག་པའི་གྷོ་ན་ས་ཞེས་པ་ནི། དེ་ཕྱེ་མ་དེ་རི་ལུ་བྱས་ཏེ་དེ་བཞིན་དུ་ལག་པས་བཀུང་ན ་གྷོ་ན་ས་ལྟ་བུའི་སྲོག་ཆགས་ཀྱི་ཁྱད་པར་དུ་འགྱུར་རོ། །ཞེས་པ་སྟེ་ངེས་པའོ། །རི་ལུ་དེ་བཏགས་ན་ཉིན་མོ་བྱེད་པ་ཞེས་ཨ་ཀའི་འོ་མ་དང་ལྷན་ཅིག་གཏུད་བར་བྱའོ། །ཡང་ན་འཐུང་དུ་གཞུག་གོ། དེའི་ཚེ་ཞག་བདུན་དུ ་བརྒྱལ་བར་འགྱུར་རོ། །སྤྲེའུ་ཞེས་པ་ནི་མི་མ་ཡིན་པར་འགྱུར་རོ། །ཁ་ཅིག་ནི་དུག་ནག་པོར་འགྱུར་ཞེས་ཟེར་བའི་དོན་ཏོ། །དེ་ཡང་འཚོ་བ་ལ་སྟན་པའི་ཕྱིར་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ནི་གསུངས་ཏེ་གོ་སླའོ། །དེ ་བཞིན་དུ་སྨན་གྱི་སྦྱོར་པས་དུག་སྨིན་པར་བསྟན་པའི་ཕྱིར། མ་ལ་ཡ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་ལ་ཡ་ཞེས་པ་ནི་ཙནདན་ནོ། །འབྱུང་བ་ཞེས་པ་ནི་ནང་གི་ཙནདན་ཏེ། དེའི་འཆང་བཞིན་པའི་མར་ཁུའོ། །ནད་ཡི་དབང་པོ ་ཞེས་པ་ནི་རུང་ཤའི་ཁྱད་པར་ཏེ་མངལ་སྤྱོད་པའོ། །རྒྱ་སྤོས་ཞེས་པ་ནི་གོང་བུའི་རྒྱ་སྤོས་སོ། །དེ་ལྟར་ཐམས་ཅད་བཅོས་ནས་འགྲོ་པ་ཞེས་པའི་བྱ་བ་བྱེད་དོ། །ཉིན་ཞག་དེས་ཞེས་བྱ་བ་ལ་སོགས་པ་ནི་ཉིན་ཞག་དེ་ལ་སྐྱེས་ནས་ཤི་བའི་ལྕེ་བཏོན་ཏེ་ཤུ ་ཐག་དང་རྒྱ་སྤོས་དང་སྦྱར་ལ་དེའི་རི་ལུ་ཙ་ན་ཀའི་ཚད་ཙམ་བྱས་ཏེ་བཟའ་བར་བྱའོ། །དེ་ལྟར་གོམས་པ་ལས་དེའི་ཚེ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་བྱེད་དོ། །དེ་བཞིན་དུ་སྤལ་བ་ཞེས་པ་ནི་སྤལ་བའི་ལྕའུ?་ཆུང་པའོ། །དེ་བཞིན་དུ་སྤྲུལ ་ཞེས་པ་ནི་སྦྲུལ་གྱི་ལྤགས་པའོ། །པ་རུ་ར་ཞེས་པ་ནི་བ་རུ་རའི་འབྲས་བུའོ། །དེས་ན་ཇི་སྐད་གསུངས་པ་བཞིན་དུ་བྱེད་དོ། །དེ་བཞིན་དུ་བའི་མར་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཅན་ཞེས་པ་ནི་ཤྲི་ཁ་ཎྜའི་ཤིང་ངོ། །ཡང་ན་ཕུད ་མེད་ཀྱི་མེ་ཏོག་གོ་།གཞན་ནི་གོ་སླའོ། །དེ་བཞིན་དུ་རིམས་ཞི་བ་ལ་སོགས་པའི་ཆོ་ག་བསྟན་པའི་ཕྱིར། མཉམ་པར་གཞག་ཅིང་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་དབྱེ་བ་ལ་སོགས་པ་བསྡུའོ། །འགྱུར་བའི་ཉི་མ་ཞེས་པ་ནི་མར ་དོ་ཨི་ཚེས་བཅུ་བཞི་ལའོ། །དེའི་ཆོ་གས་རིམས་ཉེ་བར་ཞི་བར་འགྱུར་རོ། །དེ་བཞིན་དུ་སྤྲུལ་གྱི་ལྤགས་པ་བརྗེས་པ་དང་སྤྲུལ་གྱི་སྒྲ་ཞེས་པ་ནི་ནེའུ་ལེའི་པགས་པ་ལ་འཆད་བཞིན་པའི་སྔགས་ཀྱིས་དགྲའི་མིང་དང་ལྡན་པར་བྲི་བར་བྱའོ།། ་འོན་ཀྱང་དུས་ཀྱི་ཁྱད་པར་གྱིས་ཞེས་གྱི་བའི་དོན་ཏོ། །སྦལ་པ་ཞེས་པ་ནི་སྦལ་བའི་ལྕེ་དང་བྱ་རོག་གི་སྒྲོ་དང། ཉིན་མོ་འཇིགས་ཞེས་པ་འུག་པའི་སྒྲོ་སྟོ་དེ་རྣམས་ཀྱི་སྤོས་ཀྱིས་དབང་ཕྱུག་མ་དང་སྨད་ཀྱང་འབྱེད་པར་བྱེད་པར་བྱེད་ཅེས་པའི་དོན ་ཏོ། །དེ་བཞིན་དུ་བསྐྲད་པ་གསུངས་པའི་རྟའི་ཞེས་བྱ་བ་ལ་སོགས་པ་ནི་རྟའི་རྨིག་པ་ལ་སོགས་པའི་འཁྲུལ་འཁོར་རོ། །དེ་བཞིན་དུ་སྦྲུལ་གྱི་མགོ་དང་ཁྱི་སྨྱོན་པའི་ལྕེས་ནི་གསུངས་པའི་ལས་བྱེད་དོ། །དེ ་བཞིན་དུ་ནང་གི་སྦྱོར་བ་བསྟན་པའི་ཕྱིར། ཧ་ལི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཧ་ལི་ནི་ཞེས་པ་ནི་ཨུ་མའི་རྩ་བའོ། །ཕག་ལ་ཞེས་པ་ནི་བུམ་པ་ཅན་ནོ། །རུས་པ་ཞེས་པ་ནི་འཇུག་པའོ། །མགྲིན་རིངས་ཞེས་པ་ནི་འབྱུང་བའོ། ། ་དེ་བཞིན་དུ་ཨོཾ་དང་ཨཱ(རྒྱུད་འགྲེལ་བསྐྲད་པར་འགྱུར་ཞེས་པ་སྟེ་ངེས་པའོ། །དེ་བཞིན་དུ་སྦྱོར་བ་གཞན་བསྟན་པའི་ཕྱིར་རྟའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟའི་ཁྲག་དང་བདུད་ཅེས་པ་ནི་ཀ་ར་བི་རའོ། །དེ་ལྟར་བྱས་ཏེ་བསམ་གཏན་གྱི་ཁྱད་པར་གྱིས་མེ་ལོང་ལ ་བལྟས་ན་ཇི་སྐད་གསུངས་པ་བཞིན་དུ་འགྱུར་རོ། །དེའི་ཚེ་དེ་རྣམས་ཀྱི་གཉེར་མའི་དྲི་མ་དང་ཁྲག་ལ་སོགས་པ་དང། བསྲེས་ཏེ་རྟ་ལ་སོགས་པའི་ལག་སྐྱེས་ཁ་སྦྱོར་བས་བསྲེགས་པའི་ཐལ་བ་བླངས་ཏེ། སྦལ་པའི་ཞག་དང ་བསྲེས་པས་བྱུགས་དེ་ལ་ཡང་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་མིག་སྨན་བསྟན་པའི་ཕྱིར། ཨངཀོ་ཏ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཨངཀོ་ཏ་ཞེས་པ་ནི་ཡོན་ཏན་མེད་པའི་ཨངཀོ་ཏའི་འབྲས་བུ་སྟེ་དེའི་ས་བོན་གྱི་མར ་ཁུ་འམ་འོ་མའོ། །དེ་ཡང་ན་སུ་ར་བྷིའི་འོ་མ་དེས་མིག་ལ་བྱུགས་པས་སོ། །སྲིད་པ་གཞན་གྱི་ཞེས་བྱ་བ་ནི་སྐྱེ་བ་སྣ་ཚོགས་པ་གཞན་ཡང་མཐོང་བའོ། །ལྷག་མ་ནི་གོ་སླའོ།། །།ད་ནི་མེ་མནན་པ་བརྗོད་པའི ་ཕྱིར་རི་བོང་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རི་བོང་ཅན་གྱི་སྒྲས་ནི་རྣམ་པ་གཉིས་ཏེ། གཅིག་ནི་དངུལ་ཆུའོ། །གཉིས་པ་ཞེས་པ་ནི་རི་བོང་གི་མར་ཁུའོ། །སྲིན་པོ་པདྨ་དཀར་པོའི་མར་ཁུ་དང་དེ་བཞིན་དུ་སྦལ་པའི་ཞེས་བྱ་བ་ལ ་སོགས་པ་ནི་སྔ་མ་བཞིན་ནོ། །དེ་བཞིན་དུ་འཛག་པ་ཞེས་པ་ནི་དུ་བ་ཅན་ནོ། །རི་བོང་ལས་བྱུང་བ་ཞེས་པ་ནི་རི་བོང་གི་ཁྲག་གོ་།ཇི་ལྟར་ཇི་སྐད་གསུངས་པ་བཞིན་དུ་འགྱུར་རོ། །དེ་བཞིན་དུ་ཆུ་ལས་ཆགས་པ་གསུངས་པ། ཆུ་སྦྲུལ་ཞེས་པ་ནི་ལྟོ་འཕྱེའི་སྙིང་ཁྲག་དང ་བཅས་པའོ། །དེས་ནི་དེ་བཞིན་དུ་འགྱུར་རོ། །སླར་ཡང་སྤོང་ན་ཀ་ཞེས་པ་ནི་པ་ཏ་ན་ཀའི་ས་བོན་རྣམས་ཀྱིས་ཁ་བཀང་བར་བྱ་ཞེས་པའོ། །ལྷག་མ་ནི་གོ་སླའོ། །བཙག་ཡུལ་རྣམས་ཞེས་པ་ནི་ལྡོང་རོས་དམར་པོའོ། །དྲི་ངན་པ་ཞེས་པ་ནི་མུ་ཟི ་སེར་པོའོ། །དེ་བཞིན་དུ་ཡིད་དགས་སུ་བྱ་བ་གསུངས་པ། གསེར་གྱི་ས་བོན་ཞེས་བྱ་བ་ལ་སོགས་པ་ལ་གསེར་ཞེས་པ་ནི་ད་དུ་རའོ། །པི་ཌི་ཞེས་པ་ནི་དངུལ་ཆུ་བསད་པའོ། །པཱ་ཐ་ཞེས་པ་ནི་པ་ཐའི་ཕྱེ་མའོ། །དེ་རྣམས་ལས་གཟུགས་བསྙན ་བྱའོ། །བུ་རམ་དང་སྐྱར་པོ་དག་གིས་ཞེས་པ་ནི་བུ་གའི་ནང་ནས་ཕྱུག་ནས་བཀྲུས་ནས་སྡོན་བཞིན་དུ་འགྱུར། །དེ་བཞིན་དུ་གཉིས་སྐྱེས་ཞེས་བྱ་བ་ལ་སོགས་པ་ལ། །སྤྲེའུ་ཞེས་པ་ནི་སྤྲེའུ་དམར་བའོ། །དེ་བཞིན་དུ་བྱ་རོག་གི་སྒྲོ་རྣམས་སོ། ། ་ས་ཅན་ཞེས་པ་ནི་ས་བོན་གྱི་རི་བོང་ངོ། །དྭ་ཀ་ཞེས་པ་ནི་སྔགས་པའོ། །སྣང་ཞེས་པ་ནི་དོན་གཉིས་ཏེ། གཅིག་ནི་རང་འབྱུང་དུ་འགྱུར་རོ། །གཉིས་པ་ནི་སྦྲུལ་གདུག་པའི་ཁྲག་དེ་ཡང་བླང་ངོ། །དེ་བཞིན་དུ་འོག་ནས་འབྱུང་བ་ཞེས་པ་ནི ་དྲི་ཆེན་དང་དྲི་ཆུའོ། །གསེར་ཞེས་པ་ནི་ད་དུ་རའི་རྩ་བའོ། །དེ་བཞིན་དུ་ཕུག་རོན་ལ་སོགས་པ་རྣམས་ཀྱི་བྱ་བྲ་དང་སྤུ་དང་སྐྲ་ལ་སོགས་པ་རྣམས་སོ། །མེ་ཞེས་པ་ནི་སྟག་གི་སྤུ་ལ་སོགས་པ་རྣམས་སོ། །དེས་ནི་ཇི་སྐད་གསུངས་པ་བཞིན ་བྱེད་དོ། །དེ་བཞིན་གསེར་ཞེས་བྱ་བ་ལ་སོགས་པ་ལ་དམ་ཚིག་ཆེན་པོ་ཞེས་པ་ནི་གླང་པོ་ཆེའི་རྡུལ་ལོ། །འབུའི་ཕྱེ་མ་ཞེས་པ་ནི་ཤིང་གི་ནང་གི་སྲོག་ཆགས་དེའི་ཕྱེ་མ་ནི་དུག་གི་ཁྱད་པར་རོ། །དེས་ན ་དེ་ལ་དེ་སྐད་ཅེས་བྱའོ། །སླར་ཡང་སྦྱོར་བ་གཞན་བསྟན་པའི་ཕྱིར། ཚ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚ་བའི་མར་ཁུ་དེ་ཉིད་ཀྱིས་འདི་ལྟར་བྱ་སྟེ། ཤིང་དེའི་རྩེ་མོ་འུག་པའི་ཚང་དང་ཤིང་གི་རྩེ་མོའི་རྩ་བ་དེ་ཐམས ་ཅད་ལ་ཕྱུགས་ནས་ལག་པ་དེ་ཉིད་ཀྱིས་ཞེས་པ་བྱ་རོག་གི་ལག་པས་དུར་ཁྲོད་ཀྱི་ཤིང་གི་མེ་ལ་ཚང་ལ་སོགས་པ་བསྲེགས་ནས་ཇི་སྐད་གསུངས་པ་བཞིན་དུ་འགྱུར་རོ། །དབྱེ་བ་བསྟན་པའི་ཕྱིར། །བྱ་རོག་ཅེས་བྱ་བ་ལ་སོགས ་པ་གསུངས་ཏེ། བྲམ་ཟེའི་སྐྲ་དང་མདུད་པ་མེད་པའི་སྐྲ་དག་དང་དེས་བྱ་ཡི་གཞན་དུ་མ་ཡིན་ནོ། །དེ་ལྟར་རྣམ་པར་ཤེས་པའི་ཡེ་ཤེས་ཞེས་པ་ནི་བཞི་པའོ། །འོན་ཀྱང་རྣམ་པར་ཤེས་པ་ཡེ་ཤེས་ནི་གྲུབ་པའི་རྣལ་འབྱོར ་པ་རྣམས་ཀྱི་ནང་གི་ལས་ཐམས་ཅད་བྱ་སྟེ་རྩ་བའི་རྒྱུ་བའི་སྦྱོར་བས་སོ། །དེ་ཡང་བླ་མའི་མན་ངག་ལས་རྟོགས་པར་བྱ་ཞེས་པ་སྟེ་ངེས་པའོ། །ད་ནི་དབང་དུ་བྱ་བ་བརྗོད་པའི་ཕྱིར་ཡང་ན་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། དཀར་མོ་དགའ་བ་དང་བཅས་པ་ཞེས་པ་ནི་འདིར་གང་སུ་ཡང་རུང་བའི་བུད་མེད་རྣལ་འབྱོར་པ་འདོད་པས་དང་པོ་བདེ་བའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་ཀྱི་རང་གི་ངོ་བོར་སྙིང་དུ་བསམ་པར་བྱའོ། ། ་སྦྲང་བུ་ཕྱེ་མར་བྱས་ཏེ་ཞེས་པ་ནི་བུད་མེད་གཞན་དང་འཁྲིག་པར་བྱས་ཏེ་དེའི་ཁུ་བ་བླངས་ཏེ་ཕྱེ་མ་དང་སྦྱར་བ་དེ་ལ་དེ་སྐད་ཅེས་བྱའོ། །འོན་ཀྱང་དེའི་ལས་ནི་རྟུལ་ཞུགས་པ་ནི་དབང་དུ་བྱེད་པའོ། །བསམ་གཏན ་དང་ས་བོན་དང་སྔགས་སྤྱོད་པ་དང་སྔོན་དུ་བསྙེན་པ་བྱེད་པ་ཡིའོ། །བསམ་ཞེས་པ་ནི་སྐར་མ་རྒྱལ་ལ་སྙོམས་པར་འཇུག་པར་བྱ་ཞེས་པ་སྟེ་ངེས་པའོ། །དེ་དག་གི་བཅུང་ལ་རྫས་སྦྱོར་བ་གསུངས་ཏེ། ན་རི་ཅི་ཞེས་བྱ་བ་ལ་སོགས ་པ་ལ། ན་རི་ཅི་ཞེས་པ་ནི་རྔད་ཀྱི་ཁྱད་པར་ཏེ་དོའི་བྱེ་མའོ། །ན་ར་ཏ་རུའི་འདབ་མ་ཞེས་པ་ནི་ན་རང་ཀའི་ལོ་མའི་ཁུ་བ་དེ་དང་ཆ་མཉམ་པའོ། །གླང་པོ་ཆེའི་དྲེག་པ་ཞེས་པ་ནི་གླང་པོ་ཆེའི་རྡུལ་དང་མའི་མར་ཁུའོ། །དེ་ལྟར་ཐམས་ཅད་རོ་གཅིག ་པར་བྱས་ནས་བུ་མོ་ཞེས་པ་ཇི་སྐད་གསུངས་པ་བཞིན་བྱེད་དོ། །དེ་བཞིན་དུ་མིག་གི་ཆུ་ཞེས་པ་ནི་མཆི་མའོ། །ཀྲནྟ་ཞེས་པ་ནི་ཙ་ཀ་ཀྲ་ཨ་ཀའོ། །འཛག་པ་ཞེས་པ་ནི་དུ་བའོ། །ལག་རྨི་ཞེས་པ་ནི་སྐྱ་རུ་རའི་ཁུ་བའོ། །དེ་བཞིན་དུ་ཤིང་ཨརྐ ་དཀར་པོའོ། །གནས་ཀྱི་བྱེའུ་ཞེས་པ་ནི་ཁྱིམ་གྱི་བྱེའུ་འམ་ཕྱིལ་པའོ། །རྨ་སྐྱེས་ཞེས་པ་ནི་རང་ཀྱི་སྲིན་ལག་གི་ཁྲག་གོ་།དེས་ནི་གསུངས་པའི་ལས་བྱེད་དོ། །དེ་བཞིན་དུ་ར་མ་དུ་ཏི་ཞེས་པ་ནི་སྔོན་དུ་གསུངས་པའི་སྙོམས་པར ་འཇུག་པའི་ཁུ་བ་དང་དྷུ་པའི་འོ་མ་དང་བསྲེའོ། །སྦལ་པ་ཞེས་པ་ནི་དེའི་ཁུ་བའོ། །དེས་ནི་ཇི་སྐད་གསུངས་པ་བཞིན་དུ་བྱའོ། །ཤི་བའི་ཡན་ལག་མ་ཞེས་པ་ནི་བདག་པོའི་ཕྱིར་ཤི་བའོ། །དེའི་སྐྲ་ཞེས་པ་ནི་སྐྲའི་ཐལ་བའོ། ། ་དེ་བཞིན་དུ་རེག་པ་ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་པའི་དབང་པོས་དྲན་པ་ཙམ་གྱིས་ཐམས་ཅད་བྱེད་ཅེས་པའི་དོན་ཏོ། །ཡེ་ཤེས་ཅེས་པ་ནི་ལྔ་པའོ། །ད་ནི་ཐིག་ལེར་བྱས་པའི་ཡེ་ཤེས་བརྗོད་པའི་ཕྱིར། །བྱ་ཡི་ཞེས་བྱ་བ་ལ ་སོགས་པ་གསུངས་པ། འཁོར་ལོས་མཚན་པ་དང་ཨིནཧྲ་གོ་བ་དང། ཤི་ལ་ཞེས་པ་བྲག་ཞུན་དང་བ་ལང་གི་གི་ཝང་དང་ལྡོང་རོས་ཏེ། ཇི་སྐད་གསུངས་པ་བཞིན་དུ་འགྱུར་རོ། །དེ་བཞིན་དུ་དུར་བ་ཞེས་བྱ་བ་ལ ་སོགས་པ་ལ། རི་དགས་ཀྱི་དུར་བ་ཞེས་པ་ནི་ཀྲིཥྞ་ས་རང་ཀའི་དུར་བ་ཞེས་པའོ། །ཡང་བྱ་བ་བདག་དང་ཨ་བན་ཏ་ཞེས་པ་རྟག་ཏུ་མེ་ཏོག་ཅན་ནོ། །བག་པོ་སར་པ་ཞེས་བྱ་བ་ལ་སོགས་པ་ནི་འདིས ་བུ་མོ་བག་མར་བླངས་པའི་དུས་ནས་ཞག་བདུན་གྱི་ནང་དུ་གལ་ཏེ་ཁྱོ་ཤི་བ་དེའི་ཚེ་དེ་ཡང་མེ་ལ་ཤི་བའོ། །དེ་དག་གི་མེ་ཏོག་ཞེས་པ་ནི་འདིར་ཀྱང་ཇི་སྐད་གསུངས་བཞིན་དུ་འགྱུར་རོ། །དེ་བཞིན་དུ་བྱི་སྣུ་ཞེས་བྱ་བ་ལ་སོགས་པ་ལ ་ཤྲི་ཞེས་བྱ་བ་ལ་སོགས་པ་ལ་ཀྵ་ན་ཞེས་པ་ནི་ཨིནྟ་ཀ་ཞེས་པའི་སྨན་ཏོ། །སྭ་ཧ་ཞེས་པ་ནི་ས་ཧ་དེ་བའོ། །ནན་ཏ་ཀི་ནི་ཞེས་པ་ནི་རྩད་སྤའོ། །ཡང་སྤྲུལ་གྱི་རྒྱལ་པོའོ། །ུ་ཀྲ་ཞེས་པ་ནི་དྲག་པོའི་རྩ་བའི། །ཀུ་ཐ་ར་ཙི་ན་ཞེས་པ་ནི་རྩ ་སྟ་རེས་བཅད་པའོ། །བེའུ་ཞེས་པ་ནི་པུན་ཏན་ཛ་རིའོ། །ལྟེ་བ་ཞེས་པ་ནི་གླ་རྩིའོ།། །།དེ་བཞིན་དུ་ཤྲི་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དང་ཙནདན་དམར་པོ་དང་ཤྲི་ཁཎྜ་དང་ལྷན་ཅིག་པའོ། །ལྟེ་བ་ཞེས་པ་ནི ་གླ་ཅིའོ། །རི་ཤི་སུ་ཏ་ཞེས་པ་ནི་པ་ལ་ཤའི་ས་བོན་ནོ། །བྱེའུའི་ཁྲག་ཞེས་པ་ནི་བྱེའུ་དམར་བའི་ཁྲག་གིས་བསྒོས་ཏེ་ཐིག་ལེར་བྱས་ཞེས་པ་ནི་ངེས་པའོ། །ཛེ་ཡན་ཏི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་ན་ཐིག ་ལེའིུ་ཡེ་ཤེས་དྲུག་གོ། །།ད་ནི་རི་ལུ་བསྟན་པའི་ཕྱིར་ཡང་ན་ཞེས་བྱ་བ་ལ་སོགས་པ་ལ། །སངས་རྒྱས་ཀྱི་ཞེས་པ་ནི་དེའི་རང་བཞིན་ཉིད་དོ། །དཀྲི་ཞེས་པ་ནི་རི་ལུའོ། །ཉི་མ་ཞེས་པ་ནི་ཟངས་མའོ། །ཟླ་བ ་ཞེས་པ་ནི་དངུལ་ལོ། །མེ་ཞེས་པ་ནི་གསེར་རོ། །དེ་བཞིན་དུ་འདི་རྣམས་ཀྱི་ཚད་གསུངས་པ། །ར་ཏི་ཕྱེ་གསུམ་མ་ཤ་གསུམ། །ར་ཏི་ཕྱེད་གསུམ་མ་ཤ་བཞི། །ར་ཏི་བདུན་དང་མ་ཤ་བཞི། །ཉི་མ་ཟླ་བ་སྲེག་བྱེད ་ཀྱི་ཞེས་སོ། །དེ་བཞིན་དུ་ཡང་ན་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེའི་འོ་མ་ཞེས་པ་ནི་རྡོ་རྗེ་ཤིང་གི་འོ་མས་སོ། །གཞན་ནི་གོ་སླའོ། །པྲཾ་ཡཾ་ཀུའི་མེ་ཏོག་ཅེས་པ་ནི་ལང་ཚོའི་དང་པོའི་མེ་ཏོག་གོ། གཉིས་སྐྱེས་ཞེས་པ་ནི་སྙོམས་པར་འཇུག ་པ་ལས་བྱུང་བའོ། །འདི་ནི་བདུན་པ་མི་སྣང་བའི་ཡེ་ཤེས་སོ། །སླར་ཡང་གྲུབ་པའི་མིག་སྨན་གྱི་སྦྱོར་བ་བསྟན་པའི་ཕྱིར། དེ་ནས་མིག་སྨན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤ་ཆེན་ལས་སྐྱེས་ཞེས་པ་ནི་ཤ་ཆེན་པོ་ལས་འབྱུང་བའོ། ། ་ཐོད་པ་གང་བ་ཞེས་པ་ནི་ཆང་བའི་ཐོད་པའོ། །བྷ་ག་ཞེས་པ་ནི་དཀྱིལ་འཁོར་གྱི་འཁོར་ལོའི་རིམ་པ་བཞིན་ལྷའི་སྦྱོར་བས་བསྒོམ་པར་བྱ་ཞེས་པའོ། །གྲུབ་པའི་མིག་སྨན་གྱི་ཡེ་ཤེས་ཞེས་པ་ནི་བརྒྱད་པའོ། །ད་ནི་བཅུད་དང་གསེར་གྱི ་ཆོ་ག་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རི་ཞེས་པ་ནི་རི་ལས་སྐྱེས་པའོ། །དེ་བཞིན་དུ་རྒྱ་མཚོ་ལས་སྐྱེས་དང། ཁྲོན་པ་ལས་སྐྱེས་པའོ། །དེ་ལ་སོགས་པ་ནི་མང་པོའི་ཚིག་ཏུ་བརྗོད་པའི་ཕྱིར་རོ། །སྒྱུར་མོ ་ཞེས་པ་ནི་སྟར་བུའི་འབྲས་བུའི་ཁུ་བའོ། །རྡོ་ཚན་ཏེ་ལ་ཞེས་པ་ནི་ཤེལ་རྡོ་བའོ། །ཡང་དང་ཡང་དུ་མཉེས་པས་ནི་བརྟན་པར་འགྱུར་རོ། །ཛ་ཏི་ཀ་ཞེས་པ་ནི་དྲག་པོ་རལ་པ་ཅན་གྱི་རྩ་ཟབའོ། །ཆུ་དང་བཅས་པ་ཞེས་པ་ནི་སྨན་དུ་ཏན་ཉིའོ?།། ་དེ་བཞིན་དུ་འབྲས་ཀྱི་ཆུ་སྐྱུར་མོའོ། །བསྐོལ་ནས་ལས་གཞན་གསུངས་པ། །ལྕགས་ཀྱི་དྲེག་པ་ཞེས་པ་ནི་ལྕགས་ཀྱི་དྲི་མའོ། །ལྷག་མ་ནི་གོ་སླའོ། །དགུ་པ་ནི་ཡེ་ཤེས་སོ། །དེ་བཞིན་དུ་བཅུད་ཀྱིས་ལེན་གྱི་ཆོ་ག་བསྟན་པའི་ཕྱིར།། ་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཐམས་ཅད་དུ་ནང་གི་རྫས་རྣམས་ཀྱི་བྱ་སྟེ། དེས་ན་བཅུད་ཀྱིས་ལེན་པའི་སྒྲུབ་ཐབས་སུ་འགྱུར་རོ། །དེ་ཉིད་ཀྱིས་ན་སྙིང་པོ་ཀུན་ལས་བཏུས་ཏེ་བཤད་ཅེས་གསུངས་ཏེ། ཕྱིའི ་སྨན་ཐམས་ཅད་ནི་ས་ལ་སོགས་པའི་ཁམས་ཀྱི་རང་བཞིན་བེམས་པོའོ། །དེས་ན་ནང་གི་ཁམས་ནི་བེམས་པོ་མ་ཡིན་པ་ཉིད་དོ། །དེ་བཞིན་དུ་དུས་བཅིངས་པ་ཞེས་པ་ནི་སྡིག་པ་ནས་ཆུ་སྲིན་འཕྲོ ་བ་ལ་ཐུག་པའི་ཟླ་བ་གཉིས་དང་པོར་བྱས་པ་དང་གཞན་ནི་འཆད་བཞིན་པ་ལས་བཤད་པར་བྱའོ། །རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་ནི་གཏུམ་མོའི་རྣལ་འབྱོར་བསྒོམ་པར་བྱའོ། །དེས་ན་ཕྱག་རྒྱ་དེས་ནི་ནད་ཐམས་ཅད་རབ་ཏུ ་འཇོམས་པའོ། །དེའི་ཕྱིར་རྫས་རྣམས་བདུད་རྩིའི་དངོས་པོར་འགྱུར་རོ། །དེ་ཡང་གཞི་མཉམ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་གཞི་མཉམ་ནི་དྲི་ཆེན་ནོ། །གླ་རྩི་ནི་མི་བསྐྱོད་པའོ། །ཅན་དན་དམར་པོ་ཞེས་པ་ནི་མེ་ཏོག་དང་ལྡན ་བའི་བུད་མེད་དང་འདུས་པ་ལས་བྱུང་བའི་ཁག་དང་ཁུ་པའོ། །ག་བུར་ནི་ལག་པས་བསྐྱེད་པའི་བྱང་ཆུབ་སེམས་སོ། །ཤ་ལི་ཛ་ད་ནི་མའི་མར་ཁུའོ། །སི་ལ་ཀམ་ནི་དང་པོའི་མེ་ཏོག་གོ། ཀུན་ཏུ་རུ་ནི་ལོ་བཅུ་གཉིས་མའི་བུ་མོ་དང ་སྙོམས་པར་འཇུག་པ་ལས་བྱུང་བའོ། །ཀ་ཀྐོ་ནི་ལང་ཚོ་འབའ་ཞིག་ལས་བྱུང་བའི་ཁུ་བའོ། །སྤུ་གུའི་མར་ནི་ལང་ཆོ་མ་རྣམས་ཀྱིས་རྟག་ཏུ་བརླན་པའི་སྣུམ་མོ། །དེ་བཞིན་དུ་ཕྱིའི་རྫས་བཅུ་རྣམས་ཀྱང་བསྡུ་བར་བྱའོ། །དང ་ཞེས་པ་ནི་དེས་པར་ཞེས་པའི་དོན་ཏོ། །དེ་རྣམས་ཞེས་བྱ་བ་ལ་སོགས་པ་ནི་དཔྱིད་ཀའི་དུས་སུ་ནི་གཞི་མཉམ་དང་ཙན་དན་དམར་པོའི་བཅུད་ལེན་བླང་ངོ། །ཡང་ན་ཕྱི་དང་ནང་གཉིས་ཀ་བཟའ་བར་བྱའོ། །དེ་ཡང་ཐོ་རངས་བཟའ་ ་བར་བྱ་བ་འམ་བླང་བར་བྱའོ། །དེ་བཞིན་དུ་སོག་ཉིན་ཕྱེད་ན་ཤ་ལི་ཛ་དང་ཀ་ཀྐོ་ལའོ། །དེ་བཞིན་དུ་དབྱར་རྒོངས་མོ་ནི་གླ་རྩི་དང་སི་ལའོ། །དེ་བཞིན་དུ་སྟོན་སྲོད་ལ་ནི་སྤུ་བུའི་མར་རོ། །དགུན་སྟོད་མཚན་བྱེད་ལ་ནི་ཀུན་དུ་རུའོ། ། ་དགུན་སྨད་ཐོ་རང་དེས་ན་ནི་ག་བུར་བཟའ་ཨོ། །དེ་ཡང་སྔོན་བཞིན་དུ་བྱའོ། །འདི་རྣམས་ཀྱི་ནང་དུ་རང་རང་གི་དུས་རྣམས་ལ་རྫས་བཞི་འདུས་པ་དང་ལྷན་ཅིག་བཟའ་བར་བྱའོ། །དེ་ཡང་དངུལ་ཆུ་ཞེས་བྱ་བ་ལ ་སོགས་པའོ། །འོན་ཀྱང་དངུལ་ཆུ་སྔོན་དུ་གསུངས་པའི་ཚོགས་བཅིངས་པའོ། །མུ་ཟི་ཞེས་པ་ནི་མུ་ཟི་མར་ཁུའོ། །བྲག་ལས་འཛག་ཅེས་པ་ནི་བྲག་ཞུན་ནོ། །མར་དང་ཞེས་པ་ནི་འཕྲལ་དུ་བསྐོལ་བའི་མར་གྱིས་ཏེ། བསླད་ཅེས་པ་ནི་མཉེས ་པའོ། །ལས་རྣམས་ཀུན་ཞེས་པ་ནི་རྫས་ཐམས་ཅད་ལ་འདི་བཞི་པ་སྦྱར་ཞེས་འབྲེལ་ཏོ། །རྣམ་པ་དགུ་ཞེས་པ་ནི་སྔོན་དུ་གསུངས་པའི་གཞི་མཉམ་ལ་སོགས་པའི་རྫས་རྣམས་ཏེ། དེ་དང་རྫས་བཞི་ལྷན་ཅིག་བཟའ་བར་བྱའོ། །དེ་ལྟར་རིམ་པ ་དང་རིམ་པར་བྱ་བའི་དོན་ཏོ། །སླར་ཡང་རྫས་བཅུ་བཞི་པོ་དེ་རྣམས་བཟའ་བར་བྱའོ། །ཟླ་བ་ཞེས་བྱ་བ་ལ་སོགས་པ་ནི་ཁུ་བ་ལ་སོགས་པ་ཟོས་པའི་ཕྱིར་རོ་དངུལ་གྱི་ལས་སུ་འགྱུར་རོ། །ཁྲག་ལ་སོགས་པ་ནི་གསེར་ལ་སོགས་པར་འགྱུར་ཏེ ་དས་པའོ། །ཇི་ལྟར་ཞེ་ན། འདིར་ལོ་གཅིག་ཏུ་རྫས་བཅུ་བཞི་པོ་བསགས་པར་བྱ་སྟེ། ཐམས་ཅད་གཅིག་ཏུ་བྱས་ཏེ་བཟའ་བར་བྱའོ། །དེས་ན་ཉི་མ་བདུན་གསུམ་གྱིས་ཞེས་པ་ནི་ཞག་ཉི་ཤུ་རྩ་གཅིག་ཏུ་ཟོས་པས་སོ། །གྲུབ་ཅེས་པ་ནི་ཇི ་སྐད་གསུངས་པ་བཞིན་དུ་བྱེད་པའོ། །དེ་བཞིན་དུ་མར་ཁུའི་ཆོ་ག་གསུངས་ཏེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །མ་ཧྲི་ཞེས་པ་ནི་མ་དུ་ལུང་གའི་འབྲས་བུ་རྣམས་སོ། །བཞི་གཉིས་ཞེས་པ་ནི་བརྒྱད་དོ། །མིང་བདག་དྲན ་ཞེས་པ་ནི་བུང་པའི་རྒྱལ་པོའི་རྩེའོ། །མི་ཡིས་བོན་ཞེས་པ་ནི་བུང་བའི་རྒྱལ་པོའི་ས་བོན་ནོ། །དེ་བཞིན་དུ་སྐུ་ཕྱུག་པའི་ཆོ་ག་བསྟན་པའི་ཕྱིར། །དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །སྔར་བཤད་ཅེས་པ་ནི་གོང་དུ ་བསྟན་པའི་མར་ཁུ་ཉིད་དོ། །ཁྲག་འཕྲོག་ཅེས་པ་ནི་ཁྲག་འཕྲོག་པར་བྱེད་པའོ། །དྲི་ཌ་ཞེས་པ་ནི་གྲགས་པར་ཟད་དོ། པྲ་རོ་ཧ་ཞེས་པ་ནི་ཅིན་ད་རོ་ཧའོ། །སྔོན་ཞེས་པ་ནི་སྐོལ་བ་ལ་སོགས་པ་བྱའོ། །དེའི ་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མར་ཁུ་དེ་ལ་ལས་གཞན་བྱ་བ་གསུངས་ཏེ། ཤ་མ་ནས་ག་བ་ལའི་མཐར་ཐུག་པའི་སྨན་ཉི་ཤུ་རྩ་གསུམ་མར་ཁུ་དང་ལྷན་ཅིག་པས་ནི་ཐམས་ཅད་ཅེས་པ་ལ་སོགས་པ ་དེ་བཞིན་ཡན་ལག་དྲུག་གིས་སྤྲོས་གསུངས་ཏེ། ཙན་དན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་གཡན་པ་ཞེས་བྱ་བ་ལ་སོགས་པ་ནི་ནང་ཐམས་ཅད་འཇོམས་པའི་དོན་ཏོ། །དེ་བཞིན་དུ་ནད་སྣ་ཚོགས ་པ་འཛོམས་པའི་ཆོ་ག་བརྗོད་པའི་ཕྱིར། །ཡུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡུང་བཞེས་པ་ནི་ཡུང་བ་དང་ཡུངས་བ་ནག་པོའོ། །རྩོར་ཞེས་པ་ནི་རྩོར་པ་ཏྲའོ། །ཀིང་སུ་ཞེས་པ་ནི་ཀིང་སུ་ཀའོ། །བཅས་ཞེས་པ ་ནི་སྐྱེ་ཚེ་དང་ཧ་ས་དེ་བ་གཟུང་ངོ། །དེ་ལྟར་ནད་ཐམས་ཅད་འཇོམས་པ་དེ་ལ་དེ་སྐད་ཅེས་བྱའོ། །བ་ཀུ་ཙ་ཞེས་པ་ནི་ཤུ་ཐག་གོ། །སླར་ལ་ཡ་བེའུ་བསྣབས་ལ་སོགས་པའི་ནད་རྣམས་འཇོམས་པར་བསྟན་པའི་ཕྱིར་ཡང ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གླ་ཅི་ཞེས་པ་ནི་དྲི་ཆུའོ། །ལྷག་མ་ནི་གོ་སླའོ། །འོན་ཀྱང་སྨན་ཞེས་བྱ་བ་ལ་སོགས་པ་རྣལ་འབྱོར་པས་ནད་ཀྱི་བདག་ཉིད་ཀྱིས་བྱའོ། །དེ་བཞིན་དུ་སྟོང་པ་ཞེས་པ་ནི་གནས་ཀྱི་བྱེ ་བྲག་སྟེ། སྙིང་གི་ནམ་མཁར་ཞུགས་པའོ། །བྲག་ཅེས་པ་ནི་རྒལ་ཚིགས་ལ་བརྟན་པའི་གང་རྩ་དེ་རྣམས་ལ་རྒྱུ་བའི་སྨན་ལ་སོགས་པའི་སྦྱོར་བ་བསྟེན་པའོ། །སོགས་པའི་སྒྲས་ནི་དབེན་པའི་གནས་སྣ་ཚོགས་པ་རྣམས ་རྒྱུ་བའི་མཚམས་རྣམ་སུར་ཤེས་པར་བྱའོ། །གཞན་ནི་ཞེས་པ་ནི་ཕྱིའི་སྦྱོར་བ་ལ་སོགས་པ་ལ་བརྟེན་པ་ནི་དོན་མེད་ཅེས་སྦྱར་ཏེ། ནང་གི་བདག་ཉིད་བྲལ་བའི་ཕྱིར་རོ། །དེ་ལ་ཡང་གཉིས་ཀས་འགྲུབ་པའི་དོན་ཏོ། །དེ་བཞིན་དུ་དབེན ་པ་ཞེས་བྱ་བ་ལ་སོགས་པ་ལ་དབེན་པ་ནི་ཡིད་ཀྱི་གནས་སུའོ། །ནགས་ཚལ་ལུས་ཀྱི་སའོ། །དགོན་པ་ཞེས་པ་ནི་དག་གི་གནས་སོ། །བྲག་ཕུག་ཅེས་པ་ནི་ལུས་ཀྱི་ཁམས་རྣམས་སོ། །དེར་གནས་ནས་བསྒོམ་པར་བྱ་ཞེས་པ་ནི་རབ་ཏུ ་བྱེད་ལ་འདི་ཡི་དང། དང་པོའི་ལས་ཚོགས་ཀྱིས་རྫས་རྣམས་བརྩམས་ཏེ། ཇི་སྲིད་རྫས་ཡོངས་སུ་རྫོགས་པ་དེ་སྲིད་རང་གི་སེམས་ལས་ཉིན་མཚན་དུ་འབྱུང་བར་དགོངས་སོ། །དེ་བཞིན་དུ་བཅིང་ཞེས་བྱ་བ་ལ་སོགས་པ་འདིར་དགོངས ་བཤད་གཞན་གྱི་བཅིངས་པའི་སྒྲ་ནི་སྤྱི་རུ་ཁ་ཅིག་ཏུ་མ་དྷུ་ཀ་ལ་སོགས་པའི་ཤིང་དག་ལག་ལ་ཏེ་གཙོ་བོར་མ་དྷུ་ཀར་ཁྱུད་ལ་དེའི་ཚེ་དེ་ལ་མ་ཤ་ཏ་ལ་སོགས་པ་གཞན་གྱི་ཡལ་ག་སྐྱེ་བར་མཐོང་བ་དེའི་ཕྱིར་བཅིངས་པའི་ཤིང་ངོ། ། ་དུས་ཀྱི་སྐྲ་ཡང་རྣམ་པ་གཉིས་སོ། །དེ་བཞིན་དུ་ལུས་ཀྱི་ཤིང་ལ་ཡང་དུས་སྣ་ཚོགས་ཀྱི་དབང་གིས་ལྕུག་མའོ། །གཞན་སྨན་ནི་བག་ཆགས་སྣ་ཚོགས་པའི་དབང་གིས་དཀར་པོའི་ཆོས་རྣམས་འབྱུང་བའོ་ཞེས་པ་སྟེ་དེས་པའོ། །དེས ་གང་གིས་ས་ཤེས་པ་དེ་ནི་རྣལ་འབྱོར་པ་ཉིད་འདོད་ཅེས་པ་ལ་སོགས་པ་དེ་ལ་དེ་ལྟར་བརྗོད་དོ། །དེ་ལྟར་བཅོམ་ལྡན་འདས་ནི་ཡ་མཚན་ཅན་གྱི་གཟུགས་སོ། །དེ་ལྟར་ཡང་གསུངས་པ། གང་ཚེ་སྨན་གྱི་ལས་རྣམས་ལ། གང་ཚེ་སྨན་དུ ་ཡང་འགྱུར་བ། །ལས་བྱེད་པ་ཡིས་ཡང་ན་དེར། །སུ་ཡང་དུང་བ་ལས་ནི་བྱེད། །དངོས་པོ་ཀུན་གྱི་རྣམ་རྟོག་ནི། །སྙིང་གི་ནམ་མཁའ་ལས་ནི་སྤྲོས། །སྒྱུ་མ་བདེན་པ་འདི་གསལ་བ། །ཉན་ཐོས་ལ་སོགས་ཀྱིས་མི་ཤེས། །ཐར ་པའི་དོན་དུ་སེམས་ཀྱིས་ནི། །རྨོངས་པ་དེ་རྣམས་འཁོར་བར་སྤྱོད། །དེ་རྣམས་ལ་ནི་ཐར་པ་རིང། །སྒྱུ་མའི་དཔེ་ནི་སྤངས་པ་ཉིད་དེ། །ལྷག་མ་ཡང་ནི་གོ་སླའོ། །དེ་ལྟར་ཐམས་ཅད་ཤེས་པ་ནི་ཡེ་ཤེས་བཅུ་རྣམས ་ཏེ། སྲོག་ལ་སོགས་པའི་རླུང་རྒྱུ་བ་ལས་འབྱུང་བ་ཡེ་ཤེས་དང་ཤེས་བྱའི་མཚན་ཉིད་དོ། །དེའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་འབྱུང་བ་ལས། ཚོགས་ཀྱི་སྒོ་ནས་སངས་རྒྱས་ཐམས་ཅད་མཁྱེན་པ་ཉིད་རེ། །བཞན་ནི་མ་ཡིན་ཞེས ་དགོངས་སོ། །ཚེའི་རིག་པྱེད་ཅེས་པ་ནི་དེ་རྣམས་ཀྱི་འཆི་བའི་བྱེད་པ་ལོ་རྒྱ་ཕྲག་གཅིག་དང་གསུམ་ལ་སོགས་ལ་རང་རང་གི་དུས་དང་བག་ཆགས་ཀྱིས་སྐད་ཅིག་ལས་གསུངས་སོ། །འོན་ཀྱང་སངས་རྒྱས་ཉིད་ནི་ཐོག་མ་དང་ཐ་མ་སྤངས་པ་སྟེ། ཀུན ་གཞི་ལ་སོགས་པ་སངས་རྒྱས་རྒྱུད་མེད་པའི་ཕྱིར་རོ་ཞེས་པ་སྟེ་ངེས་པའོ།། །།ཁ་སྦྱོར་ཐིག་ལེ་རྒྱུད་ཀྱི་རྒྱལ་པོ་རྟོག་པ་བདུན་པའི་རབ་ཏུ་བྱེད་པ་དང་པོ་ལས། །སྣ་ཚོགས་ཀྱི་སྒྲུབ་ཐབས་ཀྱི་རྒྱ་ཆེ་འགྲེལ་པ་ཡང་དག ་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་བསྟན་པ་སྟེ་དང་པོའོ།། །།ད་ནི་གསུངས་པའི་ལས་རྣམས་ལ་ཞི་བ་ལ་སོགས་པ་རྣམས་ཀྱི་སྦྱིན་སྲག་ལ་སོགས་པའི་ཆོ་ག་བསྟན་པའི་ཕྱིར། །བཅོམ་ལྡན་འདས་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། །བཟླས་པ་ཞེས་པ་ནི་ཚད་མ་ཇི་ལྟ་བུ། སོགས་པའི་སྦྲས་ནི་སྦྱིན་སྲེག་གི་རྫས་ལ་སོགས་པ་བསྡུའོ། །ཅི་འདྲ་ཞེས་བྱ་བ་ནི་རང་བཞིན་ཇི་ལྟ་བུ་ཞེས་པའི་དོན་ཏོ། །ཁ་ཁྱེར་ཞེས་པ་ནི་ཐབ ་ཁུང་གི་ཕྱི་རོལ་ཏུ་མུ་རན་གྱིས་བསྐོར་བའོ། །དམ་ཚིག་ཆེན་པོ་ཞེས་པ་ནི་མིའི་མར་ཁུ་དང་མཆེ་བ་ཅན་གྱི་ཤ་དང་ལྷན་ཅིག་ཏུ་བྱས་པ་ལ་དེ་སྐད་ཅེས་བྱའོ། །ལྕེའི་དྲི་མ་ཞེས་པ་ནི་ལྕེ་གཞར་བའི་དྲི་མའོ། །གྲོང་གི་ཕྱི་རོལ་ཏུ་ཞེས་པ་ནི ་གྲོང་ཁྱེར་གྱི་ཕྱིར་རོལ་ཏུ་བྱ་བ་སྟེ། དམ་ཚིག་ཉམས་ན་མི་འགྲུབ་པའི་དོན་ཏོ། །དེ་དག་ཐམས་ཅད་ནི་གསལ་བའི་ཕྱིར་གོ་སླ་བས་བདག་གིས་མ་བཤད་དོ། །འདིར་ཚིགས་སུ་བཅད་པ་གསུངས་པ། །ཞི་ལ་སོགས་པའི་ལས་ནི་གང། ། ་གཡོན་དང་གཡས་ཀྱི་རྒྱུ་པ་ཡི། །དཀྱིལ་འཁོར་བཅུ་ཡི་གྲངས་ཉིད་ལས། །རྣལ་འབྱོར་བ་ཡིས་རྟག་ཏུ་བྱ། །ཡེ་ཤེས་ཀྱི་ནི་དཀྱིལ་འཁོར་ཉིད། །གཡོན་དང་གཡས་ཀྱི་དཀྱིལ་འཁོར་ནས། །འདི་ནི་གྲངས་ནི་གཉིས་ཞེས་བྱ། །གཉིས་ཀ ་ཡང་ནི་བཅུ་གཉིས་ཉིད། །ལས་ཆེན་བཅུ་གཉིས་པོ་འདི་རྣམས། །ལྟེ་སོགས་ཐབ་ཁུང་དུ་ནི་བྱ། །གཏུམ་མོ་འབར་བའི་མེ་ལ་ནི། །ཁམས་ནི་སྔོན་འགྲོ་སྲེག་པར་བྱ་ཞེས་པ་ནི་ངེས་པའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་ལོ་རྟོག ་པ་བདུན་པའི་རབ་ཏུ་བྱེད་པ་གཉིས་པའི་སྦྱིན་སྲེག་གི་ཐབས་ཁུང་ལ་སོགས་པའི་ཆོ་གའི་རྒྱ་ཆེར་འགྲེལ་བ་ཡང་དག་པའི་ལྟ་བ་དྲན་པའི་སྣང་བ་ཞེས་པའི་གཞུང་སྟེ་གཉིས་པ་བསྟན་པའོ།། །།ད་ནི་ལས་འདི ་རྣམས་བྱ་བའི་ཕྱིར་སྔགས་གསུངས་ཏེ། དེ་ཡང་སྡགས་བཏུ་པའི་མཚན་ཉིད་བརྗོད་པའི་ཕྱིར། །ལྷ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷ་མོ་ཞེས་པ་ནི་ད་ལྟར་སྔོན་དུ་གསུངས་པའི་ལས་ལ་སྔགས་བཏུ་བ་བསྟན་པའི ་ཕྱིར་རོ། །བདག་མེད་མ་ལ་བོས་པའོ། ། ལ་སོགས་པ་ཞེས་པ་ནི་ཨ་ལ་སོགས་པའི་སྡེ་མཚན་བརྒྱད་དོ། །དེ་བཞིན་དུ་དང་པོའི་གཉིས་པ་ཞེས་པ་ནི་ཨའོ། །སྟོང་པ་ཞེས་པ་ནི་ཐིག་ལེའོ། །སྟོད་པ་ཡིས་ནི་ཡང་དག་མནན་ཞེས་པ་ནི ་ཐིག་ལེ་གཉིས་པའོ། །དེས་དེ་མནན་པ་ནི་ཚོག་དྲག་པོ་གཉིས་སོ། །དེ་ལྟར་བསྡུས་ན། ཨ་ཞེས་སོ། །གསུམ་པ་ནི་བཅོ་ལྔའོ། །ཞེས་པ་ནི་ཨའི་ཞེས་པའོ། །དེ་ལ་ཟླ་བ་དང་ནི་ཐིག་ལེ་ཞེས་པ་ནི་ཟླ་བ་ཕྱེད་པ་དང། སྟེང་དུ་ཐིག་ལེ་དགོད་བའོ ་བསྡུས་ན་ཨཱཾ་ཞེས་འགྱུར་རོ། །དེས་ན་བྱང་ཆུབ་ས་བོན་ཞེས་པ་ནི་ཧའོ། །བཅོ་ལྔ་ཞེས་པ་ནི་རྗེས་དབྱངས་དང་ལྷན་ཅིག་པའོ། །བསྡུས་ན་ཧོཾ་ཞེས་སུ་འགྱུར་རོ། །དེ་ལྟར་ཐམས་ཅད་བསྡུས་ན་ཨོཾ་ཨཱ(རྒྱུད་འགྲེལ་ཞེས་པའི་སྡགས་སུ་འགྱུར་རོ། །དེ་བཞིན་དུ་བདུན་པ་ཡི་ནི་གཉིས་པ་ལ་ཞེས་པ་དའོ། །རྡོ་རྗེ་འཁའའགྲོ་མ་ཞེས་པ་ནི་ཨུས་བརྒྱན་པའོ། །དེ་བཞིན་དུ་ལན་གཉིས་སུ་ནི་བཟླས་པར་བྱ་ཞེས་པ་ནི་རུ་རུ་ཞེས་འགྱུར་བའོ། ། ་དྲེ་བ་ཡི་ནི་གསུམ་པ་ཞེས་པ་ནི་སའོ། །དྲུག་པའི་གཉིས་པ་ཞེས་པ་ནི་ཕ་གདན་དུ་བྱས་པའོ། །དེ་ཡང་དབྱངས་ཡིག་ལྔ་པ་དང་ནི་སྦྱར་ཞེས་པ་ཨུ་དང་སྦྱར་བའོ། །དེ་ལྟར་བསྡུས་ན་སུ་ཞེས་འགྱུར་རོ། །མཐར་གནས་པའི ་ཞེས་པ་ནི་མཐར་གནས་པའི་གཉིས་པ་རའོ། །དབྱངས་ཡིག་ལྔ་པ་སྟན་ཏུ་ཞེས་པ་ནི་ཨུ་དང་ལྷན་ཅིག་ཏུ་ཞེས་པར་འགྱུར་རོ། །གསུམ་པ་ཡིན་གསུམ་པ་ལ་ཞེས་པ་ནི་ཛའོ། །ཉི་ཤུ་རྩ་དགུ་པ་ཞེས་པ་ནི་ལྔའོ། །དེའི ་སྟན་དང་ལྷན་ཅིག་ཛཝ་ཞེས་སུ་འགྱུར་རོ། །བདུན་པ་ཡི་ནི་གསུམ་པ་ཞེས་པ་ལའོ། །ལྔ་པའི་དང་པོ་ཞེས་པ་ཏའོ། །དབྱངས་ཡིག་གསུམ་པ་ནི་ཨི་སྟེ་བསྡུས་ན་ཏི་ཞེས་འགྱུར་རོ། །བརྒྱད་པའི་གཉིས་པ་ཞེས་པ་ནི་ཤའོ། །བཅུ་གཉིས་པ་ཡི ་སྟན་དུ་ཞེས་པ་ནི་ཐའོ། །དེས་ན་ཥྛ་ཞེས་འགྱུར་རོ། །སུམ་ཅུ་རྩ་གཉིས་པ་གཟུང་བྱ་ཞེས་པ་ནི་སའོ། །གཽ་རི་ཞེས་པ་ནི་ཨིའོ། །དེ་ལྟར་སི་ཞེས་འགྱུར་རོ། །ལྔ་པ་ཡི་ནི་གསུམ་པ་ཞེས་པ་ནི་དའོ། །དེ་བཞིན་པའི་འོག་ཏུ་སྦྱིན་ཞེས་པ ་ནི་ཧ་འོག་ཏུ་སྦྱིན་པའོ། །གཉིས་ཀ་སྦྱར་བས་དྷ་ཞེས་འགྱུར་རོ། །མཐར་གནས་པ་གསུམ་པ་ཞེས་པ་ནི་ལའོ། །ག་སྨ་རི་ཡིས་སྟེང་དུ་བརྒྱན་ཅེས་པ་ནི་ཨོའོ། །དེ་ལྟར་ལོ་ཅེས་འགྱུར་རོ། །གསུམ་པ་ཡི་ནི་དང་པོ་ཞེས་པ་ནི ་ཙའོ། །ལྔ་པ་ཡི་ནི་ལྔ་པ་ཞེས་པ་ནི་ནའོ། །ཙོ་བོ་རི་མཆོག་ཏུ་ཕན་པར་བྱེད་ཅེས་པ་ནི་ཨེ་དང་ལྷན་ཅིག་པར་བྱའོ། །དེས་ན་ནེ་ཞེས་འགྱུར་རོ། །དེ་ལྟར་བསྡུས་ན་ཨོཾ་རུ་རུ་སཕུ་རུ་ཛཝ་ལ་ནི་ཏི་ཥྛ་སིདྡྷ་ལོ་ཙ་ནེ་སྭཱ་ཧཱ་ཞེས་སོ། །དེ་ལྟར་སངས་རྒྱས ་ཀུན་ཞེས་བྱ་བ་ལ་སོགས་པ་ནི་དངོས་པོ་རྟོགས་པ་རྣམས་ནི་སངས་རྒྱས་ཀྱི་མིང་དུ་འགྱུར་རོ། །འོན་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཞེས་པའི་དོན་ཏོ། །དེ་རྣམས་ཀྱི་ཞི་བ་འབྱུང་བ་ཞེས་བྱ་བ་ལ་སོགས་པ་ནི་དོན་ཇི་ལྟ ་བ་ཉིད་དོ། །དེ་བཞིན་དུ་ཨོཾ་བཛྲ་ཞེས་བྱ་བ་ལ་སོགས་པ་བསྐུལ་བའི་སྔགས་འདི་ནི་ཁ་སྦྱོར་རོ། །སླར་ཡང་གཉིས་པ་ཡི་ནི་བཞི་པ་ཞེས་པ་ནི་གྷ་གའོ། །ཆུ་མ་ཡིས་ནི་བརྒྱན་ཅེས་པ་ཨིའོ། །གཉིས་ཀ་བསྡུས་ན་གི་ཞེས ་འགྱུར་རོ། །གོང་གི་སྡུགས་དང་འདི་སྤེལ་ཏེ་བཟླས་སོ། །ཡང་ན་ཐ་དད་པའི་རིམ་པས་ཨོཾ་གྷི་སྭཱ་ཧཱ་ཞེས་བཟླས་ཏེ་སྙིང་པོའོ། །དེ་བཞིན་དུ་དྲོ་བ་ཡི་དང་པོ་ས་བོན་ཞེས་པ་ནི་ཤའོ། །མཁའ་སྤྱོད་མའི་སྟེང་དུ་བརྒྱན་ཞེས་པ་ནི་རྗེས ་དབྱངས་སོ། །དེས་ན་གཉིས་ཀ་ཤཾ་ཞེས་འགྱུར་རོ། །གཉིས་པ་ཡི་ནི་དང་པོ་ཞེས་པ་ནི་ཀའོ། །བདུན་པ་ཡི་ནི་གཉིས་པ་ཞེས་པ་ནི་པའོ། དེ་བཞིན་དུ་ཙཽ་རཱི་སྦྱར་བར་བྱ་ཞེས་པ་ནི་ཨེའོ། །དེས་ན་གཉིས་ཀར་རེ་ཞེས་འགྱུར་རོ། །དེ་བཞིན ་དུ་བརྒྱད་རྦ་ཡི་ནི་དང་པོ་ཞེས་པ་ནི་ཤའོ། །རྡོ་རྗེ་མ་ནི་མཆོག་ཏུ་ཕན་ཞེས་པ་ནི་ཨ་དང་སྦྱར་བའོ། །གཉིས་ཀ་ཤ་ཞེས་འགྱུར་རོ། །ཡི་གེ་ཉི་ཤུ་པ་ཞེས་པ་ནི་ནའོ། །ལྔ་པ་ཡིས་ནི་སྟན་དུ་བྱས་ཞེས་པ་ནི་ཏའོ། །དེ་བཞིན་དུ་གཽ་རཱ་ཡིས་ནི ་བརྒྱན་ཅས་པ་ནི་ཨཾཱོ། །བསྡུས་ན་ཏི་ཞས་འགྱུར་རོ། །གཉིས་པ་ཡི་ནི་དང་པོ་ཞེས་པ་ནི་ཀའོ། །ཉི་ཤུ་བདུན་པ་ཞེས་པ་ནི་རའོ། །དེ་ལ་རྩཽ་རཱི་ཞེས་པ་ནི་ཨེ་དང་ལྷན་ཅིག་གཉིས་ཀ་རེ་ཞེས་འགྱུར་རོ། །གཉིས་པ་ཡི་ནི་བཞི་ཞེས ་པ་ནི་གྷའོ། །རྡོ་རྗེ་མཁའ་འགྲོ་མ་སྟན་བྱ་ཞེས་པ་ནི་ཨུའོ། །དེ་གཉིས་ཀ་གྷུ་ཞེས་འགྱུར་རོ། །གསུམ་པ་ཡི་ནི་དང་པོ་ཞེས་པ་ནི་ཙའོ། །ལན་གཉིས་བཟླས་ཞེས་པ་ནི་གྷུ་ཙ་ཞེས་པའི་སྔགས་ཀྱི་ཚིག་ལན ་གཉིས་སུ་བཟླས་ཞེས་པའི་དོན་ཏོ། །དེ་བཞིན་དུ་གཉིས་པ་ཡིས་ནི་བཞི་པ་ཞེས་པ་ནི་གྷའོ། །རྡོ་རྗེ་མཁའ་འགྲོ་མ་དང་སྦྱར་ཞེས་པ་ནི་ཨུ་དང་ལྷན་ཅིག་གྷུ་ཞེས་འགྱུར་རོ། །ཡི་གེ་བཅུ་གཅིག་ཅེས་པ་ནི་ཊའོ། །དབྱངས་ཡིག་གསུམ ་བས་ཕྱེ་བ་ཞེས་པ་ནི་ཨིའོ། །དེས་ནི་ཊི་ཞེས་འགྱུར་རོ། །ལྔ་པ་ཡི་ནི་ལྔ་པ་ཞེས་པ་ནི་ནའོ། །དེ་ལ་གཽ་རཱི་སྦྱར་བ་བྱ་ཞེས་པ་ནི་ཨིའོ། །དེས་ན་གཉི་ག་ནི་ཞེས་འགྱུར་རོ། །གཉིས་པ་ཡི་ནི་བཞི་པ་ཞེས་པ་ནི་གྷའོ། །རྡོ་རྗེ་ན་ཡིས་མཆོག་ཏུ ་བརྒྱན་ཞེས་པ་ནི་ཨའོ། །དེས་ན་གཉིས་ཀ་གྷ་ཞེས་འགྱུར་རོ། །དེ་ནས་བཅུ་དྲུག་པ་ཞེས་པ་ནི་ཏའོ། །ཉི་ཤུ་རྩ་དྲུག་ཅེས་པ་ནི་ཡའོ། །ལན་གཉིས་བཟླས་ཞེས་པ་ནི་དེ་ལྟ་གྷ་ཏ་ཡ་ཞེས་པ་ནི་སྔགས་ཀྱི་ཚིག་ལན་གཉིས་སུ་བཟླས ་པར་འགྱུར་རོ། །དེ་བཞིན་དུ་གཉིས་པ་ཡི་ནི་བཞི་པ་ཞེས་པ་གྷའོ། །དབྱངས་ཡིག་ལྔ་བས་བརྒྱན་པར་བྱ་ཞེས་པ་ནི་ཨུ་སྟེ། གཉིས་ཀ་གྷུ་ཞེས་འགྱུར་རོ། །བཞི་པའི་དང་པོ་གང་ཡིན་པ་ནི་ཊའོ། །རཽ་རཱི་དང་ནི་ཡང་དག་ལྡན་ཞེས་པ་ནི ་ཨི་སྟེ་དོས་ནི་ཊི་ཞེས་འགྱུར་རོ། །ལྔ་པའི་ལྔ་པ་ཞེས་པ་ནི་ནའོ། །དེ་ལ་གཽ་རཱི་སྦྱར་བར་བྱ་ཨི་སྦྱར་བར་བྱའོ། །བསྡུས་ན་ནི་ཞེས་འགྱུར་རོ། །དེ་ལྟར་བསྡུས་ན་སྔགས་ཨོཾ་ཤཾ་ཀ་རི་ཤ་ནྟ་ཀ་རི་གྱུ་ཅེ་དྷུ་ཙ་དྷུ་ཊི་ནི་གྷ་ཊ་ཡ་གྷ་ཊི་ནི་སྭཱ་ཧཱ ་ཞེས་པའོ། །རྡོ་རྗེ་བསྲུང་བ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་བསྲུང་བའི་སྦྱོར་བས་ཞེས་པ་ནི་བསྒོམས་པའི་དུས་སུ་ཁྲོ་བོའི་རྡོ་རྗེ་སྤྲོ་བར་བྱ་ཞིང། །རྡོ་རྗེ་དྲ་བ་ལ་སོགས་པ་ཡང་བསྒོམས་པར་བྱའོ། །དེའི་སྟོབས་བྱེད། ་བའི་སྔགས་གསུངས་པ། ཨོཾ་ཛྲ་ལ་ཞེས་བྱ་བ་ལ་སོགས་པ་ནི་འདི་ནི་ཁ་སྦྱོར་གྱི་སྡགས་ཏེ། དེ་དེ་བཞིན་དུ་གསུངས་པ་བྱེད་པའི་དོན་ཏོ། །དེ་བཞིན་དུ་རྒྱས་པའི་སྔགས་གསུངས་པ། གཉིས་པ་ཡི་ནི་དང་པོ་ཉིད་ཅེས་པ་ནི ་ཀའོ། །བཞི་པའི་དང་པོ་ཞེས་པ་ནི་ཊའོ། །གཽ་རཱི་ཡིས་བརྒྱན་པར་འདོད་ཅེས་པ་ནི་ཨེས་སོ། །དེས་ན་ཊེ་ཞེས་འགྱུར་རོ། །བདུན་པ་ཡི་ནི་བཞི་བ་ནི་ཝའོ། །སྟེང་དུ་གཽ་རིའས་བརྒྱན་ཞེས་པ་ནི་ཨིས་ཏེ། དེས་ན་ཝི་ཞེས་འགྱུར་རོ། །གཉིས ་པའི་དང་པོ་ཞེས་པ་ནི་ཀའོ། །དེ་ནས་བཅུ་གཅིག་པ་ཞེས་པ་ནི་ཊའོ། །ཙཽ་རཱི་ཡིས་སྤྱིར་བོར་བརྒྱན་ཅེས་པ་ནི་ཨེས་སོ། །དེས་ན་གཉི་ག་ཊེ་ཞེས་འགྱུར་རོ། །ལྔ་པ་ཡི་ནི་ལྔ་པ་ཞེས་པ་ནི་ནའོ། །དབྱངས་ཡིག་གསུམ་པ་ཞེས་པ་ནི། ་ཨིའོ། །དེས་ན་ནི་ཞེས་འགྱུར་རོ། །གཉིས་པའི་དང་པོ་ཞེས་པ་ཀའོ། །བཞི་པ་ཡི་ནི་དང་པོ་གང་ཡིན་པ་ཞེས་པ་ནི་ཊེའོ། །རྩཽ་རཱི་ཡིས་ནི་ཁྱད་པར་བྱས་ཞེས་པ་ནི་ཨེའོ། །དེས་ན་ཊེ་ཞེས་འགྱུར་རོ། །གཉིས་པའི་དང་པོ་ཞེས་པ་ནི་ཀའོ། ་བཞི་པའི་དང་པོ་ཞེས་པ་ནི་ཊའོ། །མཁས་སྤྱོད་མ་ཡིས་སྤྱི་བོར་བརྒྱན་ཅེས་པ་ནི་ཨཾ་གྱིས་རྗེས་དབྱངས་སུ་སྦྱིན་ཞེས་པའོ། །དེས་ན་གཉིས་ཀ་ཊཾ་ཞེས་འགྱུར་རོ། །གཉིས་པའི་དང་པོ་ཞེས་པ་ནི་ཀའོ། །བཅུ་གཅིག་ཅེས་པ་ནི་ཊའོ། །ཅཽ ་རཱིར་ཡང་དག་ལྡན་ཞེས་པ་ནི་ཨེའོ། །དེས་ན་ཊ་ཞེས་འགྱུར། །དེ་ལྟར་བསྡུས་ན་སྡགས་ནི་ཨོཾ་ཀ་ཊཾ་པི་ག་ཌ་ནི་ཀ་ཊེ། ཀ་ཊཾ་ཀ་ཊེ་སྭཱ་ཧཱ་ཞེས་པའོ། །དེ་ལྟར་རྟག་ཏུ་སྟོབས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེའི་ཁ་སྦྱོར་གྱི་སྡགས ་ནི་ཨོཾ་བཛྲ་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་ཁམས་གསུམ་པའི་དབང་དུ་བྱེད་པའི་སྔགས་གསུངས་པ། །དེ་ནས་བཅུ་དྲུག་པའི་གཟུང་བྱ་ཞེས་པ་ནི་ཏའོ། །རྡོ་རྗེ་མ་ཡིས་མཆོག་ཏུ་མཛེས་ཞེས་པ་ནི་ཨ་སྦྱིན་པའི་ཕྱིར ་གཉིས་ཀ་ཏ་ཞེས་འགྱུར་རོ། །མཐར་གནས་པའི་གཉིས་པ་ཉིད་ཅེས་པ་ནི་རའོ། །ཙཽ་རཱི་སྦྱར་བར་བྱ་ཞེས་པ་ནི་ཨེ་དང་ལྷན་ཅིག་རེ་ཞེས་འགྱུར་རོ། །དེ་ནས་ལྔ་པ་ཞེས་པ་ནི་ཏའོ། །མཁའ་འགྲོ་མ་ཡིས ་རྒྱས་པར་འདོད་ཅེས་པ་ནི་ཨུ་སྦྱར་བས་ཏུ་ཞེས་འགྱུར་རོ། །དེ་ནས་བཅུ་པ་གཟུང་ནས་ཞེས་པ་ནི་ཏའོ། །ལྔ་པའི་དང་པོ་སྟན་དུ་བྱ་ཞེས་པ་ནི་དེ་ལ་ཏ་སྦྱིན་པའོ། །དེས་ན་གཉིས་ཀ་ཏྟ་ཞེས་འགྱུར། རྡོ་རྗེ་མ་ནི་དེ་ལ་སྦྱར་ཞེས་པ་ནི་ཏ་རྩེག ་མ་དེ་ལ་ཨ་སྦྱར་བའོ། །དེས་ན་ཏྟཱ་ཞེས་འགྱུར་རོ། །ཡི་གེ་ཉི་ཤུ་རྩ་བདུན་གཟུང་ཞེས་པ་ནི་རའོ། །ཙཽ་རཱི་དང་ནི་ལྷན་ཅིག་བར་བྱ་ཞེས་པ་ནི་ཨེ་དང་ལྷན་ཅིག་རེ་ཞེས་འགྱུར་རོ། །ལྔ་པའི་དང་པོ་གང་ཡིན་པ་ཞེས་པ་ནི་ཏའོ། །རྡོ་རྗེ་མཁའ་འགྲོ ་འོག་ཏུ་སྦྱར་ཞེས་པ་ནི་ཨུ་འོག་གི་ཆར་སྦྱར་བས་ཏུ་ཞེས་འགྱུར་རོ། །བདུན་པ་ཡི་ནི་གཉིས་པ་ཞེས་པ་ནི་རའོ། །ཙཽ་རཱིས་སྦྱར་པ་གང་ཡིན་ཞེས་པ་ནི་ཨེ་དང་སྦྱར་བ་སྟེ་རེ་ཞེས་འགྱུར་རོ། །དེ་ལྟར་སྒྲོལ་མའི་སྔགས་བཏུས ་པརྡ་ཨོཾ་ཏཱུ་རེ་ཏུ་ཏྟཱ་རེ་ཏུ་རེ་སྭཱཧཱ། །ཞེས་པའོ། །དེ་ལྟར་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ནི་ཇི་སྐད་གསུངས་པ་བཞིན་དུ་བྱེད་པ་ཞེས་པ་སྟེ་ངེས་པའོ། །དེ་ཡང་ཁ་སྦྱོར་གྱི་སྔགས་ནི་ཨོཾ་ཀ་ར་ཀ་ར་ཞེས་བྱ་བ་ལ་སོགས ་བའི། འདིར་གང་ཡང་སྔགས་བསྡུས་པའི་སྔགས་དེ་རྣམས་རྩ་འཆར་པའི་དུས་ཀྱི་དབང་གིས་རྟོགས་པར་བྱ་སྟེ། དེ་རྣམས་ཡི་གེ་རེ་རེའི་ཁ་སྦྱོར་གྱི་སྔགས་བརྗོད་པར་བྱའོ། །དེ་ཡང་སེམས་ཅན་རྣམས་ཀྱི་རང་རང ་གི་ཡི་གེའི་ལས་རྣམས་ལའོ། །དེ་བཞིན་དུ་དང་པོ་རྣམ་པར་སྣང་མཛད་སྦྱིན་ཞེས་པ་ནི་ཨོཾ་མོ། །དྲོ་བའི་བཞི་པ་ཞེས་པ་ནི་ཧའོ། །པུཀྐ་སཱི་ཡིས་ཞེས་པ་ནི་ཨུ་ཞེས་པས་མཛེས་པའོ། །སྟོང་པ་ཞེས་པ་ནི་རྗེས་དབྱངས ་ཏེ་མནན་པའོ། །དེས་ན་གཉིས་ཀ་ཧཱུཾ་ཞེས་འགྱུར་རོ། །དེ་ལྟར་བསྡུས་པ་ནི་ཨོཾ་ཧཱུཾ་སྭཱཧཱ། སྔགས་འདི་ཞེས་བྱ་བ་ལ་སོགས་པ་ནི་སྒྲ་ཇི་བཞིན་ནོ། །དེ་བཞིན་དུ་ཡི་གེའི་བདག་པོ་ཞེས་པ་ནི་ཨོཾ་མོ། །མཁའ་སྤྱོད་མ་ཞེས་པ་ནི་ཨོཾ་མོ། ། ་བསྡུས་པའི་སྔགས་ནི་ཨོཾ་ཨོཾ་སྭཱཧཱ། དེ་བཞིན་བུ་རིག་བྱེད་རྣམས་གྱི་དང་པོ་ཞེས་པ་ནི་ཨོཾ་མོ། །གཉིས་པའི་གཉིས་པ་ཞེས་པ་ནི་ཁའོ། །སྟོང་པས་མནན་ཅིང་ཞེས་པ་ནི་རྗེས་དབྱངས་དང་ལྷན་ཅིག་ཁཾ་ཞེས་འགྱུར་ཏེ་ངེས་པའོ། །དེ་ལྟར ་བསྡུས་ན་ཨོཾ་ཁཾ་སྭཱཧཱ། དེ་བཞིན་དུ་རྣམ་པར་སྣང་མཛད་ཅེས་པ་ནི་ཨོཾ་མོ། །གསུམ་པ་ཡི་ནི་གསུམ་པ་ཞེས་པ་ནི་ཛའོ། །དེ་ཡང་ར་དང་ལྡན་པའོ། །བཱ་རིས་བརྒྱན་ཅེས་པ་ནི་ཨིའི་དབྱངས་དང་ལྷན་ཅིག་པའོ། །སྟོང་དང་ཞེས་པ་ནི་རྗེས་དབྱངས ་སྦྱིན་པའོ། །བསྡུས་ན་ཛྲཱི་ཞེས་འགྱུར་རོ། །དེ་ལྟར་བསྡུས་ན་ཨོཾ་ཛྲི་སྭཱཧཱ། ཞེས་པའི་སྔགས་སོ། །དེ་བཞིན་དུ་དང་པོའི་ཡི་གེ་དབང་ཕྱུག་སྦྱིན་ཞེས་པ་ནི་ཨོཾ་མོ། །བདུན་པ་ཡི་ནི་བཞི་པ་ཞེས་པ་ཝའོ། །སྟོང་དང་ཞེས་པ་ནི་རྗེས་དབྱངས་སྦྱིན ་པའོ། །རྡོ་རྗེ་མཁའ་འགྲོ་མ་ཞེས་པ་ནི་ཨུ་དང་ལྡན་པའོ། །བསྡུས་ན་ཝུཾ་ཞེས་འགྱུར་རོ། །དེ་ལྟར་བསྡུས་པའི་སྔགས་ནི་ཨོཾ་ཨུཾ་སྭཧཱ། དེ་བཞིན་དུ་ཡི་གེའི་དབང་ཕྱུག་ཅེས་པ་ནི་ཨོཾ་མོ། །དེ་བཞིན་དུ་ཧཱུཾ་ཁ་དོག་དམར་པོ་བསམ་མོ། །བསྡུས ་ན་ཨོཾ་ཧཱུཾ་སྭཱཧཱ་ཞེས་པའི་སྔགས་སུ་འགྱུར་རོ། །དེ་བཞིན་དུ་དང་པོ་གཏི་མུག་རིགས་སྦྱ་ནི་ཞེས་པ་ནི་ཨོཾ་མོ། །དེ་བཞིན་དུ་གྷུ་ཡང་སྦྱར་རོ། །དེ་ལྟར་བསྡུས་ན་ཨོཾ་གྷུ་སྭཱཧཱ་ཞེས་པའི་སྔགས་སོ། །དེ་བཞིན་དུ་སྡེ་ཚན་བརྒྱད་རྣམས་ནི་ཞེས་བྱ་བ ་ལ་སོགས་པ་ལ། །སྡེ་ཚན་རྣམ་གཉིས་དབུས་སུ་ཞེས་པ་ནི་འཆད་བཞིན་པའི་ཕྱག་འཚལ་བ་དང་སྭཱཧཱ་ཞེས་པའི་དབུས་སུའོ། །དེ་ཡང་བརྒྱད་བརྒྱད་ཀྱིས་ཞེས་པ་ནི་ཨ་ཀ་ཙ་ཊ་ཏ་པ་ཡ་ཤའི་སྡེ་ཚན་གྱིས་སོ། །དེ་བཞིན་དུ་བརྒྱད་གཉིས ་ཀྱིས་དབུས་སུ་ཞེས་པ་ནི་ཨ་ཐུང་དུ་ནས་ཚེག་དྲག་ཅན་གྱི་མཐར་ཐུག་པའི་ཡི་གེ་བཅུ་དྲུག་རྣམས་ཏེ། དེ་རྣམས་ཉིས་འགྱུར་དུ་བྱས་པའི་ཕྱིར་སུམ་ཅུ་རྩ་གཉིས་ཏེ་དེ་རྣམས་ཀྱི་དབུས་སུ་ཀ ་ལ་སོགས་པའི་མཐར་ཐུག་པ་རྣམས་དེའི་བར་དུ་སྦྱིན་པ་དོན་ཏོ། །དེ་རྣམས་ཀྱི་དང་པོར་གཏི་མུག་རིགས་ཞེས་པ་ནི་དང་པོར་ཨོཾ་སྦྱིན་པའོ། །ཆ་མེད་ཅེས་པ་ནི་ཧཱུཾ་ཞེས་པའོ། །སྭཱཧཱ་མཐར་སྦྱར་ཞེས་པ་ནི་ཁ་ཅིག་གིའོ། །དེ་བཞིན་དུ ་ངེས་པར་གསུངས་པ། སྡེ་ཚན་བརྒྱད་རྣམས་ཞེས་བྱ་བ་ལ་སོགས་པ་ལ་སྡེ་ཚན་བརྒྱད་པའི་ཡི་གེ་གང་དག་ཡིན་པ་དེ་དག་ཐམས་ཅད་གཉིས་དབུས་ཞེས་པ་ནི་དང་པོར་སྦྱིན་པས་ཨོཾ་དང་པོར་དང་སྭཱཧཱ་ཐ་མའི་དབུས་སུ ་བརྒྱད་བརྒྱད་ཀྱིས་ནི་ཞེས་པ་སྡེ་ཚན་བརྒྱད་རྣམས་ཀྱིས་བརྩེ་ཀས་པའི་ཡི་གེར་བྱའོ། །དེ་ལ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ཨི་ཁ་ཆ་ཋ་ཐ་ཕ་ར་ཥ། ཨུ་ག་ཛེ་ཌ་ད་བ་ལས། རི་གྷ་ཛཧ་ཌཧ་དྷ་བྷ་ཝ་ཧ། ལིང་ཉི་ཎ་ན་ཝ་ཐྐ། ཨེཀ ་ཛ་ཌ་ད་བ་ས་ཧ། ཨ་གྷ་ཛ་ཌ་ད་བ་ཧ་ཀྵ། ཨཾ་ག་ཛ་ཌ་ད་བ་ཤཾ་ཀཾཱོ། །དེ་ལྟར་ཡི་གེ་རེ་བརྩེགས་པ་བརྒྱད་བརྒྱད་དུ་འགྱུར་ཏེ། ཡི་གེ་དྲུག་ཅུ་རྩ་བཞིའི་བྱིར་རོ། །ཡང་ན་སྡེ་ཚན་བརྒྱད་རྣམས་ཞེས་བྱ་བ་ལ་སོགས་པ་ནི ་སྔར་གསངས?་པའི་སྔགས་བརྒྱད་དོ། །གཉིས་ཞེས་པ་ནི་ཐམས་ཅད་བཅུ་དྲུག་གོ། དེ་རྣམས་དབུས་སུ་ཞེས་པ་ནི་ཁ་སྦྱོར་གྱིས་སྦྱོར་བས་སོ། །བརྒྱད་བརྒྱད་ཅེས་པ་ནི་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་རྣམས་ཀྱི་སྔགས་རེ་རེ་བརྒྱད ་པ་སྟེ། ཨོཾ་ལ་སོགས་པ་ས་ཧའི་མཐར་ཐུག་པའོ། །དེ་ཡང་གསུངས་པ། ཨོཾ་ཨ་སྭཱཧཱ། ཨོཾ་ཀ?་སྭཱཧཱ་ཞེས་བྱ་བ་ལ་སོགས་བ་སྦྱར་བར་བྱའོ། །ལས་ཀྱི་ས་བོན་གཟུབ་ཞེས་པ་ནི་ཡའོ། །རྣམ་པར་སྣང་མཛད་ཅེས་པ་ནི་ཨོཾ་མོ། ། ་དེ་ནས་ཨོཾ་ཡ་སྭཱཧཱའོ། །སྒོ་སྐྱོང་རྣམས་ནི་ཞེས་པ་ནི་རྟ་གདོང་ལ་སོགས་པའོ། །དེ་བཞིན་དུ་མ་ནིང་ས་བོན་ཞེས་པ་ནི་རི་རཱི་ལི་ལཱིའོ། །དེ་ལྟར་བསྡུས་ན་ཨོཾ་ཡ་རི་སྭཱཧཱ། ཨོཾ་ར་རི་སྭཱཧཱ། ཨོཾ་ལི་ལཱི་སྭཱཧཱ། ཨོཾ་ཝཱ་ལི་སྭཱཧཱ། ཞེས་པ་སྟེ ་སྔགས་སོ། །འདི་རྣམས་ཀྱི་??་ནི་འཆད་བཞིན་པ་ལས་བཤད་པར་བྱའོ། །དེ་བཞིན་དུ་དབྱངས་ཡིག་ལྷག་མ་ཉིད་ཅེས་པ་ནི་དབྱངས་ཡིག་བཅུ་གཉིས་རྣམས་ཏེ། ཨ་ཨའི་ཨི་ཨའི་ཨུ་ཨའུ་ཨེ་ཨི་ཨོ་ཨཽ་ཨཾ་ཨཱ(རྒྱུད་འགྲེལ་སོགས་པ་ནི་ཨོཾ་ལ་སོགས་པ་སྭཱཧཱའི་མཐར་ཐུག་པར་སྦྱོར་བའོ། །དེ་བཞིན་དུ་ཨོཾ་ཨ་སྭཱཧཱ་ཞེས་བྱ་བ་ལ་སོགས་པ་ནི་མེ་ཏོག་མ་ལ་སོགས་པ་ནི་རྣལ་འབྱོར་མ་བརྒྱད་ཀྱི་སྔགས་སོ། །སྔགས་བཏུ་བའི་ཆོ་གའོ། །ད་ནི་རྩ་སུམ་ཅུ་རྩ ་གཉིས་གྱི་དབྱེ་བས་དབང་དུ་བྱེད་པ་ལ་སོགས་པ་སྔགས་ཀྱི་འཁོར་ལོ་སུམ་ཅུ་རྩ་གཉིས་འབྱུང་བ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲོལ་མ་བྱུང་ཞེས་པ་ནི་དང་པོ་ཉིད་དུ་ལྷ་མོ་སྒྲོལ་མའི་སྔགས་ཀྱི་འཁོར་ལོ ་དེའི་འབྱུང་བའོ། །དེ་ཡང་ཨ་བ་དྷཱ་ཏིའི་རྩའོ། །དེ་ཅིའི་ཕྱིར་ཞེ་ན། འདིར་གང་གི་ཕྱིར་ཨ་ཏ་ར་དབྱུག་པའི་དབུས་ན་འབྱུང་བའི་ཕྱིར་རོ། །དེ་ཉིད་ལས་ཐམས་ཅད་རྣམ་འཕྲུལ་བ་ཞེས་པ་ནི་ལས་སུམ་ཅུ་རྩ་གཉིས་རྣམ་པར་བྱེད་པ་སྟེ། རྩ་སུམ་ཅུ ་རྩ་གཉིས་ལ་ཁྱབ་པར་བྱེད་པའི་ཕྱིར་ཞེས་པ་སྟེ་དེས་པའོ། །ུཏཔ་ལ་ནི་ཁ་བཞི་བ་ཞེས་པ་ནི་འཁོར་ལོ་འདི་དང་པོ་ཀུན་ནས་གྲུ་བཞི་བ་བྲི་སྟེ། དེའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པོ་ཟླུམ་པོའི་རྣམ་པར་བྲིས་ནས། དེའི་ཕྱི་རོལ་ཏུ་སླར་ཡང ་ཟླུམ་པོར་བསྐོར་ཏེ་དེའི་གྲུ་བཞིའི་ནང་གི་མཚམས་ཀྱི་ཆ་བཞི་རུ་ཨུཏཔ་ལ་འདབ་མ་གསུམ་གསུམ་པ་བྲི་བར་བྱའོ། །དེ་རྣམས་ལ་ཏཱཾ་གསུམ་གྱིས་ནི་མཚན་མ་སྟེ་ཞེས་པ་ནི་འདབ་མ་རེ་རེ་ལ་ཏཱཾ་རེ་བྲི་བར་བྱའོ། །དེས་ན་འདབ་མ་བཅུ་གཉིས ་ལ་ཏཱཾ་བཅུ་གཉིས་སུ་འགྱུར་རོ། །དེའི་དབུས་སུ་ཞེས་པ་ནི་རྩིབས་བརྒྱད་ཀྱི་ཕྱི་རུ་བྲིའོ། །སྔགས་ནི་གོ་སླའོ། །དེའི་དབུས་སུ་ཞེས་པ་ནི་རྩིབས་བརྒྱད་ཀྱི་འདབ་མ་བརྒྱད་རྣམས་ལའོ། །ཡི་གེས་བརྒྱན་ཞེས ་པ་ནི་ཨོཾ་ཏཱ་རེ་ཏུ་ཏྟ་རེ་ཏུ་རེའོ། །དེ་ལྟར་འདབ་མ་བརྒྱད་རྣམས་ལའོ། །དེའི་ལྟ་བར་ཞེས་པ་ནི་འཁོར་ལོའི་དབུས་སུའོ། །ལྔ་པའི་དབང་པོ་ཞེས་པ་ནི་ཏའོ། །ཟླ་ཕྱེད་ཐིག་ལེ་ཞེས་པ་ནི་ཏཱཾ་ཞེས་འགྱུར་རོ། །དེ་ནས་ཕྲེང་བའི་རྣམ་པས ་བསྐོར་ཞེས་པ་ནི་སྔོན་དུ་གསུངས་པའི་སྔགས་ཀྱིས་བསྐོར་བའོ། །དེ་བཞིན་དུ་དབུས་སུ་ཏ་དང་སྔགས་འདི་སྤེལ་ཏེ་སྭཱཧཱའི་མཛའ་དང་ཧཱི(རྒྱུད་འགྲེལ་གཡས་སྐོར་དུ་སྔཊ་བྲིས་ཏེ་ཁ་སྦྱར་བྱས་པའོ། །ཆོ་ག་བཞིན་ཞེས་པ་ནི་འཆད་བཞིན་པའི་བ་ལང་གི་གི་ཝང་ལ་སོགས་པས་བྲིས་ཞེས་པ་སྟེ་ངེས་པའོ། །དེས་ཀྱང་འདི་སྐང་གསུངས་བ་བཞིན་དུ་བྱེད་དོ། །འདི་ནི་ཨ་བ་དྷཱུ་ཏཱིའི་འཁོར་ལོ་སྟེ ་དང་པོའོ། །དེ་བཞིན་དུ་གཞན་པདྨའི་རྣམ་པའི་འཁོར་ལོ་གསུངས་ཏེ། སླར་ལ་ཡང་ཞེས་བྱ་བ་ལ་སོགས་པ་ནི་སྔོན་དུ་གསུངས་པའི་འགྲུ་བཞི་པ་ཨུཏཔ་ལ་གདོང་བཞི་པའི་དབུས་སུ་རྩིབས་བཅུ་པའི་པདྨ་བྲི་བར་བྱའོ། །ཡི ་གེ་བཅུ་ཞེས་པ་ནི་ཨོཾ་ཏ་རེ་ཞེས་བྱ་བ་ལ་སོགས་པ་བཅུ་འདབ་མ་བཅུ་ལ་བྲི་བར་བྱའོ། །ལྟེ་བར་བསྒྲུབས་བྱ་མིང་དང་སྤེལ་ཞེས་པ་ནི་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཆེ་གེ་མོ་བ་ཤ་མཱ་ན་ཡ་སྭཱཧཱའོ། །འདི་ནི་ལ་ལ་ནཱའི་འཁོར་ལོ་སྟེ ་གཉིས་པའོ། །དེ་བཞིན་དུ་ར་ས་ནཱ་ཡི་གསུངས་པ། ཡི་གེ་དྲུག་ཅེས་བྱ་བ་ལ་སོགས་པ་ལ་སྔོན་དུ་གསུངས་པའི་གྲུ་བཞིའི་དབུས་སུ་འཁོར་ལོ་ཟུར་དྲུག་པ་བྲི་བར་བྱའོ། །ར་ཁྲ་གཅེས་པ་ནི་སྲིན་ལག་གི་ཁྲག་གིས་སོ། ། ་ལྷག་མ་ནི་གོ་སླའོ། །འདི་ནི་ར་ས་ནཱའི་འཁོར་ལོ་སྟེ་གསུམ་པའོ། །དེ་བཞིན་དུ་ཕ་རོལ་གྱི་རྣལ་འབྱོར་མ་རྣམས་ཀྱིས་རང་གི་སྡེ་བ་ཤིག་པའི་ཕྱིར་རིལ་བ་སྤྱི་བླུགས་ཀྱི་མགྲིན་པ་རྡོ་རྒྱུས་ཀྱིས་བསྒྲུབས་པ་དེ་བཞིག་ཅིང་རྡོ་རྒྱུས ་བཅིངས་པ་གསུངས་ཏེ། ཆུའི་ཞེས་བྱ་བ་ལ་སོགས་པ་གསུངས་པ། ཁམ་ཕོར་དཀར་པོ་ཁ་སྦྱར་གྱི་དབུས་སུ་ཡུང་བ་ལ་སོགས་པའི་རེངས་པའི་རྫས་རྣམས་ཀྱིས་བྲིས་ཏེ་ཆོ་ག་བཞིན་དུ་ཞེས་གསུངས་པའི་ཕྱིར་རོ། །ཁ་བཞི་པ་ཞེས ་པ་ནི་སྣ་ཚོགས་རྡོ་རྗེའི་རྣམ་པ་ལའོ། །བསྒྲུབ་བྱའི་མིང་ཞེས་པ་ནི་སྔགས་ཀྱང་ཨོཾ་ཏཱ་རེ་ཞེས་བྱ་བ་ལ་སོགས་པའོ། །ལྷག་མ་ནི་སྔོན་བཞིན་ནོ། །ཕྱེད་མའི་འཁོར་ལོ་སྟེ་བཞི་བའོ། །གཞན་ཡང་རེངས་པ་གསུངས་པ། ཀུན་ནས ་ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་དགོད་པར་བྱ་ཞེས་པ་ནི་ཏཱ་རེ་ཏུཏྟཱ་རེ་སྭཱཧཱ་ཞེས་འདབ་བརྒྱད་ལ་དགོད་པའོ། །གདང་ཞེས་པ་ནི་དང་པོར་ག་ཐ་མར་ཡང་གའོ། །བསྡུས་ན་ག་རེ་ག་ཞེས་བྱ་བ་ལ་སོགས་པའོ། །པདྨའི་ལྟེ་བར་ཞེས ་བ་ནི་ག་བརྒྱད་ཟླུམ་པོའི་རྣམ་པར་བྲི་བའོ། །དེའི་དབུས་སུ་ཞེས་པ་ནི་ཨོཾ་ཏི་གྷ་ཆེ་གེ་མོ་སྟམ་བྷ་ཡ་གྷ(རྒྱུད་འགྲེལ་སྦྱར་བར་བྱའོ། །ཕྲ་གཟུགས་མའི་འཁོར་ལོ་སྟེ་ལྔ་པའོ། །དེ་བཞིན་དུ་བསད་པའི་ལས་གསུངས་པ། འཁོར་ལོ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་སྒྲོལ་མའི་སྔགས་གང་སྤངས་ཏེ། དེའི་གནས་སུ་ཧཱུཾ་ཞེས་བྱ་བ་ལ་སོགས་པ་བྲི ་བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །བཟང་མོའི་འཁོར་ལོ་འབྱུང་བ་སྟེ་དྲུག་པའོ། །དེ་བཞིན་དུ་རྒྱས་པར་བྱེད་པ་གསུངས་པ། འཁོར་ལོ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །མཆོད་པ་ལྔ་ཞེས་པ་ནི་མེ་ཏོག་དང་སྤོས་དང ་མར་མེ་དང་དྲི་དང་ལྷ་བཤོས་རྣམས་ཀྱིས་མཆོད་པའོ། །གཡོན་པ་མའི་འཁོར་ལོ་སྟེ་བདུན་པའོ། །དེ་བཞིན་དུ་བསྲུང་བའི་དོན་དུ་གསུངས་པ། ཡི་གེ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་གཡོན་ཐུང་མའི ་འཁོར་ལོའོ། །ལྷག་མ་ནི་སྔོན་བཞིན་ཏེ་བརྒྱད་པའོ། །དེ་བཞིན་དུ་ཞི་བར་བྱེད་པ་རུ་སྦལ་སྐྱེས་མའི་ལས། ཡི་གེ་བཅུ་པོ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དགུ་པའོ། །དེ་བཞིན་དུ་ཡང་གཞན་དབང་དུ་བྱེད་པ ་གསུངས་པ། ཨ་ཞེས་བྱ་བ་ལ་སོགས་པ་ལ། ཨེའི་དབུས་སུ་ཞེས་པ་ནི་སྔོན་བཞིན་འཁོར་ལོའི་དབུས་སུ་གྲུ་གསུམ་གྱི་རྣམ་པ་བྲིས་ཏེ་དེའི་དབུས་སུ་སྔགས་འདི་བྲིའོ། །(རྒྱུད་འགྲེལ་མཱ་ན་ཡ་ཧཱུཾ་སྭཱཧཱ་ཨའོ་རེ?་ཉིད་ཀྱིས་ཞེས་པ་ནི་སྔགས་ཀྱིས་ཕྱོགས་མཚམས་བརྒྱད་དུ་ཧཱུཾ་བརྒྱད་བྲི་བར་བྱའོ། །རི་མོ་གསུམ་གྱིས་ཞེས་པ་ནི་སྔགས་ཀྱིས་བསྐོར་བའོ། །དེ་ཡང་དང་པོ་ཨའི་ཕྲེང་གིས་སོ། །གཉིས་པ་ཧཱུཾ་གིས ་སོ། །གསུམ་པ་རྩ་བའི་སྔགས་ཀྱིས་བསྐོར་བའོ། །ལྷག་མ་ནི་སྔོན་གྱི་ཆོ་ག་བཞིན་ནོ། །དངོས་པོ་མའི་འཁོར་ལོ་སྟེ་བཅུ་པའོ། །དེ་བཞིན་དུ་ཡང་བརྗོད་དེ་གང་གི་ཚེ་དགྲ་བོ་ཁྲོ་བར་གྱུར་པ་དེའི་ཚེ་པདྨ་ཞེས་བྱ་བ་ལ་སོགས་པ་ཡི ་གེ་བཅུ་དང་ལྷན་ཅིག་ཧྲཱི(རྒྱུད་འགྲེལ་ཕ་ནི་བསྐོར་བར་བྱའོ། །ཐེ་ཚོམ་མེད་པ་ནི་དགྲ་འགལ་བར་མི་སེམས་ཞེས་བའོ། །དབང་མའི་ཆོ་ག་སྟེ་བཅུ་གཅིག་པའོ། །དེ་བཞིན་དུ་སྦྱོར་བ་གཞན་ཡང་སྔོན་དུ་གསུངས་པའི་ཨུཏཔ་ལས་མཚན་པའི་འཁོར་ལོའི ་ཆོ་ག་གསུངས་པ། གུར་གུམ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །ཉེས་མའི་འཁོར་ལོ་འབར་བ་སྟེ་བཅུ་གཉིས་པའོ། །དེ་བཞིན་དུ་ཞུགས་མའི་སྐལ་པ་བཟང་པོའི་འཁོར་ལོ་གསུངས་པ། པདྨ་འདབ་བརྒྱད་ཅེས་བྱ་བ་ལ་སོཊ ་པ་ནི་ཧྲི(རྒྱུད་འགྲེལ་ལ་སོགས་པ་ལ། གཏི་མུག་གི་རིགས་ཞེས་པ་ནི་ཨོཾ་མོ། །དེ་ཡང་དབུས་སུ་གཙོ་བོའི་གཟུགས་སུ་བྲི་བར་བྱའོ། །དེ་ལ་ཡང་སྒྲོལ་མའི་སྔགས་ཆེ་གེ་མོ་དང་ལྷན་ཅིག་ཟླུམ་པོའི་རྣམ་པ་བྲི་བར་བྱའོ། །ཕྱི་རོལ་ཏུ་ཞེས་བྱ་བ་ལ ་སོགས་པ་གོ་སླའོ། །མ་མོའི་འཁོར་ལོའི་ཆོ་ག་སྟེ་བཅུ་བཞི་པའོ། །ད་ནི་རྟ་མགྲིན་གྱི་སྦྱོར་བས་འཁོར་ལོ་འབྱེད་པ་གསུངས་པ། འཁོར་ལོ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་ཐམས་ཅད་ནི་གོ་སླའོ། །འོན་ཀྱང་ཏཱ་རེ་ཞེས་བྱ་བ་ལ ་སོགས་པའི་སྔགས་ཀྱང་ལྷན་ཅིག་བྲི་བར་བྱ་ཞེས་པའོ། །མུན་པ་མའི་འཁོར་ལོ་འབྱུང་བ་སྟེ་བཅོ་ལྔ་པའོ། །དེ་བཞིན་དུ་གཞན་རེངས་པའི་སྦྱོར་བ་གསུངས་པ། མེའི་ཞེས་བྱ་བ་ལ་སོགས་པ་ལ་མེའི་དཀྱིལ་འཁོར་ཞེས་པ་ནི་གྲུ ་གསུམ་གཉིས་ཀྱི་ཟུང་དྲུག་ཏུ་བྱས་སྟེ། དེ་བཞིན་དུ་དེའི་ཟུང་གི་ཆོ་གས་ཞེས་པ་ནི་ཧཱུཾ་ཞེས་པ་ལ་སོགས་པ་སྟེ། ཡི་གེ་བཞི་པོ་རྣམས་ཟུང་སོ་སོའི་དབུས་སུ་བྲི་བར་བྱའོ། །དེ་རྣམས་ཀྱི་སྟེང་དུ་ཡི་གེའི་མགོ་ལ་མགོ་སྦྱར་བའི ་ཧཱུཾ་གསུམ་དང་ཕཊ་ཞེས་པ་བྲི་བར་བྱའོ། །སླར་ཡང་ཞེས་པ་ནི་ཟུར་གྱི་དབུས་ཀྱི་ཡི་གེ་རྣམས་འོག་གི་ཆར་ཧཱུཾ་ཞེས་པ་ལ་སོགས་པ་མགོ་འོག་ཏུ་བལྟས་ཤིང་མགོ་ཕྱིར་བལྟས་པ་བྲི་བར་འགྱུར་རོ། །དབུས་སུ་ཡང་ཞེས་པ་ནི་ཡི ་གེ་བཅུ་དང་ཧཱུཾ་སྤྲེལ་བ་རྣམས་བྲི་བར་བྱ་ཞེས་པའོ། །སྨྱོན་པའི་རས་ཞེས་པ་ནི་ཨ་པ་དྷཱུ་ཏཱིའི་རས་སོ། །ལྷག་མ་ནི་གསུངས་པའི་ཆོ་ག་བཞིན་བྱ་ཞེས་པའི་དོན་ཏོ། །དེ་ཡང་གྲངས་སྦྱིན་གྱི་ལས་ཀྱི་ཆོ་གའི་དུས ་སུ་བྱ་བ་སྟེ་བཅུ་དྲུག་པའོ། །དེ་བཞིན་དུ་གཞན་རིངས་པ་གསུངས་པ། དབང་ཆེན་གྱི་ཞེས་བྱ་བ་ལ་སོགས་པ་ནི་འདིར་ཁམ་ཕོར་ཁ་སྦྱོར་གྱི་དབུས་སུ་དབང་ཆེན་གྱི་དཀྱིལ་འཁོར་ཞེས་པ་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་བྲིས་ནས་འཁོར་ལོ་ཡང་སྔོན་དུ ་གསུངས་པ་??་ལ་བྲིས་ཏེ་དེ་ལ་དབང་ཆེན་བྲིས་ནས་ཕྱོགས་དང་མཚམས་རྣམས་སུ་ཨོཾ་བརྒྱད་བྲི་བའོ། །ལྟེ་བར་སྒྲོལ་མའི་སྔགས་བསྒྲུབ་བྱའི་མིང་དང་སྤེལ་མར་བྲིའོ། །རྡོ་རྗེ་འཛིན་པས་མནན་ལ་ཞེས་པ་ནི་དེ་བསྒོམས་པའོ། ་བསྐུལ་ཚིག་དང་བཅས་པའི་སྔགས་ཞེས་པ་ནི་ཨོཾ་བཛྲ་བཻ་རོ་ཙ་ཎི་ཡེ་སྭཱཧཱ་ཞེས་པ་དང་སྤེལ་བའོ། །དེ་བཞིན་དུ་སྐུ་གསུམ་ལས་བྱུང་བ་ཞེས་པ་ནི་སྤྲུལ་པའི་སྐུ་ལ་སོགས་པ་ལས་སྐྱེས་པའི་བྱང་ཆུབ་སེམས་དཔའ་རྣམས་དང ་བཅིངས་པར་འགྱུར་ན་གཞན་རྣམས་ལྟ་ཅི་སྨོས། །དྲོ་བའི་འཁོར་ལོ་འབྱུང་བའི་ཆོ་ག་སྟེ་བཅུ་བདུན་པའོ། །ད་ནི་གཞན་གྱི་དབུང་རེངས་པ་གསུངས་པ། དབང་ཆེན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དབུས་སུ་སྟམ་བྷ་ན་ཞེས ་བྱ་བ་ལ་སོགས་པའི་སྔགས་དང་བསྒྲུབ་བྱིའི་མིང་སྤེལ་བ་བྲི་བར་བྱའོ། །ཚད་མའི་འཁོར་ལོ་འབྱུང་བ་སྟེ་བཅོ་བརྒྱད་པའོ། །དེ་བཞིན་དུ་འོད་ཟེར་ཅན་གྱི་རྡོ་རྗེའི་སྦྱོར་བ་ལས་བསྲུངས་པའི་འཁོར་ལོ་གསུངས་པ། འཁོར་ལོ་ཟླུམ ་བོར་ཞེས་བྱ་བ་ལ་སོགས་པ་ནི་འཁོར་ལོ་ཟླུམ་པོ་བྲིས་ནས་དེའི་དབུས་སུ་རྩེ་ལྔའི་སྣ་ཚོགས་རྡོ་རྗེ་མཚམས་བཞིར་གནས་པ་བྲིའོ། །དེ་བཞིན་དུ་སྣ་ཚོགས་རྡོ་རྗེའི་རྭ་སོ་སོའི་དབུས་སུ་ཧཱུཾ་བཞི་བྲིའོ། །དེའི་ལྟེ་བར་ཞེས་བྱ་བ་ལ་སོགས ་པ་ནི་གོ་སླའོ། །དགའ་གདོང་མ་ནི་འཁོར་ལོ་སྟེ་བཅུ་དགུ་པའོ། །དེ་བཞིན་དུ་བསྲུང་བ་བརྗོད་དེ། །སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་ནི་སྐྱེས་བུ་གཅེར་བུ་ཁྲོ་བ་དང་བཅས་པ་དེ་ལ་སོགས་པ་མངོན་དུ་བྱས་པའམ། བསྒོམ་པ་དེའི ་ཚེ་འདི་ལྟ་བུའི་འཁྲུལ་འཁོར་འཆད་པ་བཞིན་པའི་རྫས་རྣམས་ཀྱི་བྲི་བར་བྱ་སྟེ། གྲོ་ག་འམ་རས་ལ་བའི་སྐྱེ་བུ་འདི་བྱའོ། །དེ་ཡང་གཅེར་བུ་ཞེས་བྱ་བ་ལ་སོགས་པའོ། །ཀོ་སྐོ་ཞེས་བྱ་བ་སྨར་སྟེ་སྨར་གཡས་པ་ནས ་བརྩམས་ཏེ་དེར་འདི་བྲི་སྟེ་ཡེ་ཞེས་བྱ་བ་ལ་སོགས་པ་པྲ་ཏཾ་གི་རའི་མཐར་ཐུག་པ་རྣམས་སོ། །ཆུ་ཞེས་པ་ནི་དཀྱིལ་འཁོར་གྱི་སྟེད་དུའོ། །གཞན་ནི་གོ་སླའོ། །ཐུན་མོང་བའི་འཁོར་ལོ་འབྱུང་བ་སྟེ་ཉི་ཤུ་བའོ། །ད་ནི་སྤྲིན་རྣམས ་རེངས་པ་དང་ཆར་པ་དབབ་པ་ཡང་དེ་བཞིན་དུ་གསུངས་པ། རྡོ་རྗེ་རྩེ་གསུམ་ཞེས་བྱ་བ་ལ་རྩེ་མོ་བརྒྱད་པའི་རི་རབ་བྲིའོ། ། ག་ཏ་ཀ་ཏ་ཞེས་པ་དབང་ལྡན་གྱི་མཚམས་ནས་མེ་དང་བདེན་བྲལ་ནས་དེ་བཞིན་དུ་རླུང་གི་མཚམས་ཀྱི ་དབུས་སུ་རི་རབ་ཀྱི་རི་མོའི་ནང་དུ་བྲི་བའི་དོན་ཏོ། །ཏྲི་ཀ་ན་ཐ་ཀ་ཞེས་པ་ནི་ཀ་ཎ་ཌ་ཀ་རིའོ། །དེ་བཞིན་དུ་ཀ་ཎ་ཌ་ཀ་རའི་འདབ་ཚེར་ཅན་ཡང་རུང་ངོ། །གཞན་ཐམས་ཅད་ནི་གོ་སླའོ། །དེ་བཞིན་དུ་འཆད་བཞིན་པ་སླར་བཤད་པ་ལས ་བརྗོད་པར་བྱའོ། །རྒྱུ་སྟེར་མའི་འཁོར་ལོའི་སྦྱོར་བ་སྟེ་ཉི་ཤུ་གཅིག་པའོ། །དེ་བཞིན་དུ་དགྲ་རེངས་པ་གསུངས་པ། འཁོར་ལོ་རྩིབས་ཨིབརྒྱད་ལ་སོགས་པ། ལ་བསྒྲུབ་བྱའི་མིང་ཞེས་པ་ནི་ཧཱུཾ་ག(རྒྱུད་འགྲེལ་སྟམ་བྷ་ཡ་ཧཱུཾ་ག(རྒྱུད་འགྲེལ་བ་གཞན་གསུངས་པ། མཾ་ཞེས་བྱ་བ་ལ་སོགས་པ་ནི་འདིར་འཁོར་ལོ་རྩིབས་བརྒྱད་པའི་དབུས་སུ་མཾ་མོ། །དེ་བསྐོར་བ་ནི་ཨོཾ་བ་ཏ་ལི་ཞེས་བྱ་བ་ལ་སོགས་པའོ། །ལྷག་མ་ནི་གོ་སླའོ། །གདུང་མའི་འཁོར་ལོ ་འབྱུང་བ་སྟེ་ཉི་ཤུ་གསུམ་པའོ། །ཡང་གཞན་དབང་དུ་བྱེད་པ་གསུངས་པ། ཡང་ན་ཞེས་བྱ་བ་ལ་སོགས་པ་ལ། མངག་གཞུག་པ་ཞེས་པ་ནི་སྔགས་ཀྱི་ཁྱད་པར་གྱིས་བསྒྲུབ་པས་བསྒྲུབ་བྱ་མང་གཞུག་པར་འགྱུར་ཞེས་པའི་དོན་ཏོ། ། ་གྲུབ་མའི་དུས་ལས་སྦྱོར་བ་འབྱུང་བ་ངེས་པ་སྟེ་ཉི་ཤུ་བཞི་བའོ། །ད་ནི་བུ་སྐྱེས་པའི་དོན་དུ་བསྲུང་བའི་འཁོར་ལོ་བརྗོད་དེ། ཟླ་བ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འོན་ཀྱང་ཇི་ལྟར་སོ་སོའི་འབྲང་མའི་འཁོར་ལོ་བཞིན་མཚོན་ཆ ་བྲི་བ་དེ་བཞིན་དུ་འདིར་ཡང་བྲི་བའོ། །སྨིན་བྱེད་མ་རྩ་བའི་འཁོར་ལོ་སྟེ་ཉི་ཤུ་ལྔ་པའོ། །དེ་བཞིན་དུ་བསྐྲད་པ་གསུངས་པ། འཁོར་ལོ་བུམ་པ་ཞེས་བྱ་བ་ལ་སོགས་པ་འཁོར་ལོ་འདི་རྒྱལ་མཚན་གྱི་རས་ཞེས་པ་མཚོན་ཆ ་གྱིས་བསད་པའམ་བགེགས་པའི་རས་ལ་བྲིའོ། །ལྷག་མ་ནི་གོ་སླའོ། །འདིས་ནི་མྱུར་དུ་སྐྲོད་པར་བྱེད་དེ་གཞན་དུ་ནི་མ་ཡིན་ནོ། །ཡིད་ཟངས་མའི་འཁོར་ལོ་སྟེ་ཉི་ཤུ་དྲུག་པའོ། །དེ་བཞིན་དུ་འདིར་རྣལ་འབྱོར་པ་རྣམས་ཀྱི་བསྲུང་བའི ་འཁྲོ་ལོ་གསུངས་པ་ཉི་མ་ཞེས་བྱ་བ་ལ་སོགས་པ་ལ། འདིར་བསྒྲུབ་བྱ་དང་སྤེལ་ཞེས་པ་ནི་སྔོན་དུ་གསུངས་པའི་སྔགས་པ་ཧཱུཾ་ཐོག་མ་དང་ཐ་མར་སྤེལ་ཞེས་པའི་དོན་ཏོ། །ལྷག་མ་ནི་སྔོན་བཞིན་ནོ། །སུམ་བསྒྲིལ་གྱིས་འཁོར་ལོར ་རྟོགས་པར་བྱ་བའི་ཉི་ཤུ་བདུན་པའོ། །དེ་བཞིན་དུ་གཞན་དབང་དུ་བྱེད་པ་གསུངས་པ། པདྨ་ཞེས་བྱ་བ་ལ་སོགས་པ་ནི་འཁོར་ལོའི་དབུས་སུ་འདོད་པའི་ལྷའི་སྔགས་དང་ཨ་མོ་གྷ་སྱ་བ་ཤི་ཀུ་རུ་ཞེས་སྤེལ་བར་བྱའོ། །དེ་བཞིན་དུ ་རི་མོ་གསུམ་གྱིས་བསྐོར་བྱ་ཞེས་པ་ནི་སུམ་བསྐོར་རེ་རེའི་དབུས་སུ་རིམ་པ་བཞིན་དུ་ཨོཾ་གྱི་ཕྲེང་དང། དེ་བཞིན་དུ་ཧྲི་གི་ཕྲེང་དང་ཀྵི་ཕྲེང་གི་བསྐོར་བ་བྲི་བར་བྱའོ། །འདོད་པའི་འཁོར་ལོ་འབྱུང་བ་སྟེ་ཉི་ཤུ་བརྒྱད་པའོ། །ད་ནི་གནོད ་མཛེས་རྒྱལ་པོའི་སྔགས་ཀྱིས་གནོན་པའི་ལས་གསུངས་པ། རྫ་རྔ་ཞེས་བྱ་བ་ལ་སོགས་པ་ལ། སྐུ་གསུང་ཐུགས་ཞེས་པ་ནི་ཨོཾ་ཨཱ(རྒྱུད་འགྲེལ་ཉི་ཤུ་རྩ་དགུ་པའོ། །དེ་བཞིན་དུ་དཔའ་བོའི་གོ་ཆས་དུས་མ་ཡིན་པར་འཆི་བ་བསླུ་བ་ལ་སོགས་པ་དང་བསྲུང་པའི་འཁོར་ལོ་གསུངས་པ། ཡང་སྡེ་ཞེས་བྱ་བ་ལ་སོགས་པ་ལ། བརྒྱད་པའི་ས་བོན་ཞེས་པ་ནི་ཧའོ། །དེ་ཡང་མ་མོ ་བཅུ་གཉིས་ཞེས་པ་ནི་ཧ་བཅུ་གཉིས་ཀྱི་གནོས་སུ་དབྱངས་ཡིག་བཅུ་གཉིས་བྲིས་པ་སྟེ། དེ་ལ་ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧ:ཱོ། །དེ་བཞིན་དུ་ཡེ་གེ་བར་མ་དོར་བྱས་ཏེ་ཞེས་པ་ནི་ཡེ་གེ་རིང་པོ་དྲུག་ཕྱི་མ་སྟེ། ཧཱ་ཧཱི་ཧཱུཾ་ཧྲཻ་ཧཽ་ཧ: ་ཞེས་པ་དོར་བར་བྱ་སྟེ། ལྷག་མ་དཔའ་བོ་དྲུག་ཅེས་པ་ནི་རིམ་པ་བཞིན་དུ་དབྱངས་ཡིག་ཐུང་དུ་དང་ལྡན་པའི་ཡི་གེ་དྲུག་གོ་།དེ་ལ་ཧ་ལས་སྙིང་གར་རྡོ་རྗེ་སེམས་དཔའ་ཨོ། །ཧི་ལས་སྤྱི་བོར་རྣམ་པར་སྣང་མཛད་དོ། །ཧུ་ལས་སྤྱི ་གཙུག་ཏུ་པདྨ་གར་གྱི་དབང་ཕྱུག་གོ་།ཧེ་ལས་དཔུང་པ་གཉིས་སུ་མི་སྐྱོད་པའོ། །ཧོ་ལས་མིག་གཉིས་སུ་རྡོ་རྗེ་ཉི་མའོ། །ཧཾ་ལས་ལུས་ཐམས་ཅད་ལ་རྟ་མཆོག་གོ་།དེ་བཞིན་དུ་གྲུ་བཞི་ཞེས་པ་ནི་གྲོ་ག་ལ་སོགས་པ་རྣམས་ལ་དྲི་ཞིམ ་པ་སྣ་ཚོགས་པའི་རྫས་ཀྱིས་བྲི་བར་བྱའོ། །དེ་བཞིན་དུ་ཉིས་འགྱུར་ཞེས་པ་ནི་དཔའ་བོ་དྲུག་དང་ཤེས་རབ་མ་སྙོམས་པར་ཞུགས་པ་རྣམས་བྲིའོ། །ཤེས་རབ་ཀྱང་གཤིན་རྗེ་མ་ལ་སོགས་པ་རྣམས་སོ། །མཁའ་འགྲོ་མ་ཞེས་པ་ནི ་རྡོ་རྗེ་ཕག་མོའོ། །ལྷག་མ་ནི་གོ་སླའོ། །གཏུམ་བྱེད་མའི་འཁོར་ལོ་སྟེ་སུམ་ཅུ་པའོ། །དེ་ཉིད་ཀྱིས་རེངས་པ་དང་ཞི་བ་གསུངས་པ། ཡང་ན་ཞེས་བྱ་བ་ལ་སོགས་པ་ནི་སྡོན་དུ་གསུངས་པའི་འཁོར ་ལོའོ། །འོན་ཀྱང་ཟངས་མའི་འདབ་མ་ལ་བྲི་བའོ། །དེ་ཉིད་ཀྱི་སྔགས་ཞེས་པ་ནི་གོ་ཆ་དྲུག་ལ་སོགས་པའི་སྔགས་སོ། །བརླན་པ་ཞེས་པ་ནི་རྒྱུན་མི་འཆད་པར་རློན་པས་བྱས་ན་ཇི་སྐད་གསུངས་པ་བཞིན་བྱེད་ཅེས་པའི་དོན་ཏོ། ། ་བདུང་མོའི་འཁོར་ལོ་སྟེ་སུམ་ཅུ་གཅིག་པའོ། །ད་ནི་སྒྲོལ་མའི་འཁོར་ལོ་ཅན་གྱིས་བྱ་བ་མང་པོ་བྱེད་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། པདྨ་འདབ་མ་བཅུ་པ་ཞེས་པ་ནི་འདབ་མ་དེ་རྣམས་ལ་ཡི་གེ་བཅུ་པའི ་སྔགས་འདི་བྲིས་ཏེ། ཨོཾ་ཏཱ་རེ་ཞེས་བྱ་བ་ལ་སོགས་པའི་ཡི་གེ་རེ་རེ་བྲི་བར་བྱའོ། །བཞི་པའི་དང་པོ་ཞེས་པ་ནི་ཏ་ཞེས་པ་དེ་ལ་དེ་བཞིན་དུ་གསུངས་སོ། །ཡི་གེ་དྲུག་ཅེས་པ་ནི་བ་ཤྱཾ་ཀུ་རུ་སྭཱཧཱ། ཞེས་པའོ། །ཡང་ན་ཀུ་རུ་ཀུ ་ལླ་སྭཱཧཱ། ལྷག་མ་ཐམས་ཅད་ནི་གོ་སླའོ། །དྲལ་མ་ལས་བྱུང་བའི་འཁོར་ལོ་སྟེ་སུམ་ཅུ་རྩ་གཉིས་པའོ། །འཁོར་ལོ་འདི་རྣམས་ཀྱིས་ལས་རྒྱས་པ་དང་བསྒོམ་པ་ཡང་འཆད་བཞིན་པ་སླར་བཤད་པ་ལས་ཁོང་དུ་ཆུད་པར་བྱའོ། ། ་བཞིན་ཡང་མ་གསུངས་པའི་འཁོར་ལོ་དང། ལས་དང་སྔགས་དེ་ཐམས་ཅད་འདི་ལས་བྱུང་ཞེས་པ་སྟེ་ངེས་པའོ། །དེ་ལྟར་ཡང་བསྡུས་པའི་ཚིགས་སུ་བཅད་པ་རྣམས་གསུངས་པ། འདི་ལྟ་སྟེ། ཨ་བ་དྷཱུ་ཏཱིའི་ནད་དུ་ནི། སྒྲོལ ་མ་ཡིན་འཁོར་ལོ་བསྒྲུབ། །སྲོག་གི་དཀྱིལ་འཁོར་སྣང་བ་ཉིད། །དབང་ནི་ཡེ་ཤེས་རང་བཞིན་ནོ། །དགའ་བྱེད་འཁོར་ལོ་གཟུང་བ་ཉིད། གཡོན་གྱི་བེམས་པོའི་ནང་དུ་ཐིམ། དབང་དུ་འབྱ་བའི་འཁོར་ལོ་བྱེད། །རང་རང་སྣང་བའི ་མཆོག་ནི་འཛིན། །རོ་བཅུད་གྱིས་ནི་དབང་དུ་བྱེད། །དབང་པོ་རྣམས་ནི་གཟུང་བའི་ཕྱིར། །འོག་དང་སྟེང་གི་ལས་ཀྱིས་ནི། །རང་གི་སྣང་བ་དབང་དུ་བྱས། །ཉིན་དང་མཚན་ནི་བཅིང་བ་དང། །ལོ་ཡི་ཞག་རྣམས་དེ་བཞིན་དུ། །ཟླ་དང་ཟླ ་ཕྱེད་མ་ཕྱེད་པ། །དུས་དྲུག་ཏུ་ནི་གསུམ་རྣམས་ཀྱང། །ཕྲ་གཟུགས་མ་ནི་འདིར་ཤེས་བྱ། །རྫུས་ཏེ་སྐྱེས་པ་རྣམ་པ་ལྔ། །གནས་རྣམས་སུ་ནི་སོང་བའི་སེམས། །རྣག་གི་ང་རྒྱལ་གྱིས་ནི་བཅིངས། །བཟང་པོ་ལ་སོགས་ཉི་ཤུ་བདུན། །བཅུ་དྲུག་དེ ་བཞིན་བཅུ་གཅིག་ཉིད། །སྣ་ཚོགས་ལས་ཀྱི་ང་ཤེས་བྱ། །སྲིད་པར་སྤྱོད་པར་བྱེད་པ་གཟུང། །རང་གི་འདུ་ཤེས་ཉིད་ཀྱིས་འབྱུང། །འདུ་ཤེས་ཀྱི་ནི་ཐིམ་པར་བྱེད། །དེས་ན་ཁམས་གསུམ་པ་ཡི་ལས། །བདག་གིས་བདག་ལ་འགྲུབ་པར ་འགྱུར། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །ཁ་སྦྱོར་ཐིག་ལེ་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་བདུན་པའི་རབ་ཏུ་ཕྱེད་པ་གསུམ་པ་སྔགས་བཏུ་ག་ལ་སོགས་པ་ལས་ཐམས་ཅད་ཀྱི་ལས་ཚོགས་ཀྱི་འཁོར་ལོ་འབྱུང་བའི་རྒྱ་ཆར་འགྲེལ ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་བསྟན་པ་སྟེ་གསུམ་པའོ།། །།ད་ནི་མདོན་བསྟན་པ་གསུམ་གྱི་མཐར་བཟླས་པ་དང་སྦྱིན་སྲེག་ལ་སོགས་པའི་སླར་བཤད་པ་བརྗོད་པའི་ཕྱིར། རབ་གནས་ཞེས་བྱ ་བ་ལ་སོགས་པ་གསུངས་ཏེ། ཚུལ་བཞིན་དུ་ནི་ཞེས་པ་ནི་ཇི་ལྟར་སྦྱོར་བའི་རིགས་པ་བསྟན་པ་བཤད་པའི་ཕྱིར་རོ། །དེ་བཞིན་དུ་ཡང་རབ་གནས་ཞེས་བྱ་བ་ལ་སོགས་པ་ལ། གནས་སྐབས་འདིར་རབ་གནས་ཞེས་པ་ནི་འཆད་པའི་སྒྲུབ ་ཐབས་ཀྱི་ཚུལ་གྱིས་རང་རང་གི་མཚན་ཉིད་བྱུང་བའི་ལྷ་མོ་རྣམས་འཇོག་པའི་ཕྱིར། ཞེས་པ་སྟེ་ངེས་པའོ། །དེ་ནས་མཚན་ཉིད་བསྟན་དུ་གསོལ་ཞེས་པའི་ཚུལ་གྱིས་སོ། །དགེ་བ་ཞེས་པ་ནི་གང་གིས་རབ་གནས་བྱས་པས་བསོད་ནམས ་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་རོ། །བཟླས་དང་ཞེས་བྱ་བ་ལ་སོགས་པ་ལ་མི་འཚལ་ཏེ་ཞེས་པ་ནི་སེམས་ཅན་གྱི་དོན་མི་འཚལ་བ་དེས་ནའོ། །སྙིང་རྗེ་ཆེན་པོའི་བདག་ཅེས ་པ་ནི་ཆོས་ཀྱི་དབྱིངས་ཀྱི་ནང་དུ་ལྷན་ཅིག་སྐྱེས་པའི་སྐུའི་བདག་ཉིད་དོ། །དེ་བཞིན་དུ་བསྟན་དུ་གསོལ་ཞེས་པ་སྟེ། འདི་ལྟ་བུའི་མཆོག་ཏུ་དགང་ལ་རྙེད་བར་དཀའ་བ་བཤད་དུ་གསོལ་ཞེས་སྦྱར་རོ། །དེ་ལ་སོགས་པ་ནི་བདག་མེད་མ་ལ ་སོགས་པའི་རྣལ་འབྱོར་མ་རྣམས་ཀྱིས་ཞུས་པའོ། །དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནི་ལན་གྱི་དོན་ཏོ། །བསམ་གཏན་ཞེས་བྱ་བ་ལ་སོགས་པའོ། །འདིར་ཕྱིའི་དཀྱིལ་འཁོར་དང་སྦྱིན་སྲེག་དང་ལས་ཚོགས་ལ་སོགས ་པ་དང་བསྲུང་བ་དེ་ཐམས་ཅད། བསམ་གཏན་དང་སྔགས་ཀྱི་རབ་ཏུ་སྦྱར་བས་བྱ་ཞེས་པའི་དོན་ཏོ། །དེ་བཞིན་དུ་དཀྱིལ་འཁོར་གྱི་ས་ལ་སོགས་པའི་གནས་སྦྱང་བར་བྱའོ། །དེ་ལ་དང་པོར་ཞེས་བྱ་བ་ལ་སོགས་པ་ལ། །བསྒྱིངས་ཞེས ་པ་ནི་རྡོ་རྗེའི་སེམས་དཔའ་ཨི་ང་རྒྱལ་དུ་བདག་ཉིད་བྱ་ཞེས་པ་སྟེ་བསྒྲུབ་པའོ། །སླར་ཡང་ཆོས་ཐམས་ཅད་རང་བཞིན་མེད་པའི་མཚན་ཉིད་དུ་རྣམ་པར་བསམས་ཏེ། ཁམས་བཅས་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། ་དེ་བཞིན་ཁམས་གསུམ་རྣམ་པར་རྒྱལ་ཞེས་བྱ་བ་ལ་སོགས་པ་ནི། བདག་ཉིད་འཇིག་རྟེན་གསུམ་ལས་རྒྱལ་བའི་ཏིང་ངེ་འཛིན་མངོན་དུ་བྱེད་པ་དང་ལྡན་པའོ། །བགེགས་ཞེས་བྱ་བ་ལ་སོགས་པ་ནི་འདིར་རྒྱས་པར་དཀྱིལ་འཁོར ་གྱི་ཆོ་གའི་ཚུལ་གྱིས་བྱའོ། །འདིར་ནི་བསྡུས་པ་ཉིད་དོ། རྐང་སྟབས་དགོད་པ་ཞེས་པ་ནི་སྔོན་དུ་གསུངས་པའི་གཡས་བརྐྱང་ལ་སོགས་པའོ། །གར་གྱི་ཚུལ་གྱིས་བཅག་པར་བྱའོ། །ལྷ་མོ་རྣམས་ཞེས་པ་ནི་དཀྱིལ་འཁོར་དང ་དཀྱིལ་འཁོར་བ་རྣམས་སོ། །ཡང་ན་རྡོ་རྗེའི་རིགས་ལ་སོགས་པའི་ཤེས་རབ་མ། དེ་རྣམས་ཀྱིས་ཀྱང་དེ་བཞིན་དུ་བྱ་དགོངས་སོ། །དེ་བཞིན་དུ་སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པ་ལ། ཕྱག་རྒྱའི་སྦྱོར་བས་ཞེས་པ་ནི་རྡོ་རྗེ་བུ་མོ་ལ ་སོགས་པ་ཤེས་རབ་མ་བཅུ་འདོད་པ་སྤྱད་པར་བྱའོ། །དེ་ལྟར་བྱས་ནས་སུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། །།གཏུམ་མོ་ཞེས་བྱ་བ་ལ་སོགས་པ་ལ་སོགས་པའི་སྒྲས་ནི་བྲམ་ཟེ་མོ་ལ་སོགས་པ་གཟུང་ངོ། །རྒྱུ་ཅིའི་ཕྱིར་ཞེ་ན། ་གསུངས་པ་འདིར་གང་གི་ཕྱིར་ནང་གི་སྦྱིན་སྲོག་བྱ་བའི་ཕྱིར་རོ། །ཐུན་མོང་པ་ཞེས་པ་ནི་གཞན་གྱི་རིགས་ལས་བྱུང་བའོ། །ཡན་ལག་ལ་སྔགས་ཞེས་པ་ནི་རིགས་ལྔས་རིགས་ཅན་དུ་བྱ་སྟེ། སྔཊ་ནི་འདི་ལྟ་སྟེ། ཧྲཱི(རྒྱུད་འགྲེལ་བརྒྱད་ལ་བསམ་པར་བྱའོ། །ལྷག་མ་ནི་སྒྲ་ཇི་བཞིན་ནོ། །དེའི་བྷ་ག་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་ནང་གི་སྦྱིན་སྲེག་གིས་ནི་ཀུན་རྫོབ་ཏུ་ཕྱག་རྒྱ་ཆེན་པོའི་ཤེས་རབ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་རྣམ་པར་དག་པའི་ཕྱི་རུ་ཡང ་སྦྱིན་སྲེག་ལ་སོགས་པའི་གནས་ཐམས་ཅད་དང་ཤེས་རབ་ཀྱི་གཟུགས་སུ་བསམ་པར་བྱ་ཞེས་པ་ནི་གཞུང་ལུགས་ཏེ། དེར་མེ་ཏོག་ལ་སོགས་པ་གཏོར་རོ། །ཁུ་བ་མེད་པའི་མེ་ཏོག་ཀྱང་ཁུ་བའི་རྣམ་པར་རྟོག་པར་བྱའོ། །ཞེས་པ་སྟེ་ངེས་པའོ། ། ་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ་ཐ་མལ་པ་ཞེས་པའི་སློབ་མ་ལ་བྱིན་པའོ། །དེས་ན་གཞན་དུ་ཤེས་པར་བྱའོ། །འོན་ཀྱང་དཀྱིལ་འཁོར་ལ་བལྟོས་པ་ཞེས་པ་ནི་དང་པོ་ཉིད་དུ་དཀྱིལ་འཁོར་བྱས་ནས་སྦྱིན་སྲེག་བྱ་བ་སྦྱིན ་སྲེག་འབའ་ཞིག་ཙམ་ནི་མར་པར་འགྱུར་རོ། །གཞན་དུ་འཇིག་རྟེན་པའི་ཐ་སྙད་ཙམ་དུ་འགྱུར་ཞེས་པའོ། །དེ་ལྟར་ཡང་གང་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཀྱི་དཀྱིལ་འཁོར་ཞེས་པ་ནི་ཆོས་ཀྱི་འབྱུང་གནས་ཆོས ་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་རོ། །དེ་ཡང་ཐིག་གདབ་པ་ཞེས་པ་ནི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། ཕྱི་རུ་རྡུལ་ཚོན་གྱི་དཀྱིལ་འཁོར་ཆ་དྲུག་ཅུ་རྩ་བཞིའི་ཁྱད་པར་གྱི་ཐིག་གདབ ་པའོ། །ཆོས་ཀྱི་དཀྱིལ་འཁོར་གྱི་རང་གི་དམ་ཚིག་ཅེས་པ་ནི་ཇི་སྲིད་བྱང་ཆུབ་ཀྱི་ལམ་བསྟན་པ་མཐོང་བདེ་སྲིད་དུ་ཨ་བ་དྷཱུ་ཏཱིའི་ནང་དུ་ཚུད་པས་རྩ་ཐམས་ཅད་ཀྱི་ཐིག་སྐུད་འཛིན་པའི་ཕྱིར་ཞེས་དགོངས་སོ། །དེ་ལྟར་ཞེས་པ་ནི ་རྩ་རྣམས་སུ་རྒྱུ་བའི་ཕྱིར་རོ། །པ་ཞེས་པ་ནི་རྩ་རྣམས་སུ་རྒྱུ་བའི་རྣལ་འབྱོར་པ་ཞེས་པ་ནི་རྣམ་པར་ཤེས་པ་ཙམ་པའོ། །གནས་ཞེས་པ་ནི་མཚམས་ཀྱིས་གནས་སུ་གྱུར་པ་ཞེས་སྦྱར་རོ། །དེར་གནས་ཏེ་དུས་ཐམས་ཅད ་དུས་ཕྱིའི་ས་ཕྱོགས་ཞེས་བྱ་བ་ལ་སོགས་པ་ལ། ལས་རྣམས་ཐམས་ཅད་ཅེས་པ་ནི་སྔོན་དུ་གསུངས་པའི་ལས་རྣམས་སོ། །མེ་ནི་ལྷའི་ཞལ་ཞེས་པ་ནི་ནང་གི་རྣལ་འབྱོར་པ་རྣམས་ཀྱི་རྩ་ཐམས་ཅད་དུ་གཏུམ་མོའི་སྦྱོར་བ ་དེའི་མེས་སོ། །ཞལ་ཞེས་པ་ནི་དེ་ལ་བརྟེན་པ་སེམས་དང་སེམས་ལས་བྱུང་བའོ། །ལྷ་ཞིས་པ་ནི་སྐུ་དང་གསུང་དང་ཐུགས་ཀྱི་ཆོས་ཅན་ཕུང་པོ་དང་ཁམས་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཏེ། དེའི་མཚན ་ཉིད་ཀྱི་རང་བཞིན་དེ་ལ་དེ་སྐད་བརྗོད་པར་འགྱུར་རོ། །དེ་ཉིད་ཀྱིས་ན་སྦྱིན་སྲེག་དེ་ཉིད་རྣམ་པར་གནས་ཞེས་གསུངས་ཏེ། དེའི་ཕྱིར་སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིམ་ཞེས་པ་ནི་བཏང་བ་སྟེ། ནང ་གི་བྱང་ཆུབ་ཀྱི་སེམས་ཀྱིས་ཚིམ་པ་དེ་ལ་བརྟེན་ནས་ཕྱི་རུ་སྲེག་རྫས་ཀྱིས་ཚིམ་པ་ཞེས་པ་མགུ་བར་འགྱུར་བའོ། །དེ་ནས་སྩོལ་ཞེས་པ་ནི་ངེས་པའོ། །སྔགས་ནི་ལྷག་གམ་མ་ཚང་ཞེས་བྱ་བ་ལ་སོགས་པ་ནི་འདིར་ནང ་ནང་དུ་སྔགས་ཀྱི་སྒྲ་ནི་ཕལ་ཆེར་སེམས་ལས་བྱུང་བའི་རང་བཞིན་ཏེ། དེ་རྣམས་ཉིད་ཐུང་དུ་དང་རིང་པོའི་དུས་སུ་ཉམས་ཏེ། མཉམ་པར་མ་བཞག་པས་འཁོར་བར་འཁོར་རོ། །དེས་ན་དེ་རྣམས་ཀྱི་ནང་གི་སྦྱིན་སྲེག་གིས་དུས་མཉམ ་པར་འགྱུར་རོ། །ཕྱི་རུ་ནི་སྒྲ་ཇི་བཞིན་ནོ། །དེ་བས་ཞེས་བྱ་བ་ལ་སོགས་པ་ལ། སྐུ་གསུང་མཆོག་ཅེས་པ་ནི་རྡོ་རྗེ་སེམས་དཔས་བསྔགས་པ་དེ་ལ་དེ་སྐད་ཅེས་བྱའོ། །གཙུབ་ཤིང་ཞེས་པ་ནི་ཨ་བ་དཏུ་ཏཱིའི་དུས་མཚམས་སུ་གཏུ་མོ་སྦར་བའོ། ། ་ཕྱི་རུ་ན་དངོས་སུ་སྦར་བར་བྱའོ། །གདོལ་བའི་མེ་ལ་དགེ་བ་མ་ཡིན་པའི་ལས་བསྒྲུབ་པ་ནི་མཚམས་མ་ཡིན་པའི་དུས་སུ་གཏུམ་མོའི་མེ་སྦར་བའོ། །ཕྱི་རུ་ནི་སྒྲ་ཇི་བཞིན་ནོ། །དེ་བཞིན་དུ་ཟླུམ་པོ་ཞེས་བྱ་བ་ལ་སོགས་པ་ལ། ཐབ་ཁུང ་བཞི་ནི་དཀྱིལ་འཁོར་བཞི་དང་འཁོར་ལོ་བཞི་རྣཾ་དག་པ་ཕྱི་དང་ནང་གི་བདག་ཉིད་སྙིང་ག་དང་ལྟེ་བ་དང་སྤྱི་བོ་དང་མགྲིན་པའི་ཐུན་མཚམས་བཞི་པོ་རྣམས་ལ་རྡོ་རྗེ་ལ་སོགས་པའི་མཚན་མ་བཞིའོ། །འདིར་དཀྱིལ་འཁོར་ལ་དགོད་པའི་མཚན ་མ་གང་དག་རྡོ་རྗེ་ལ་སོགས་པའི་མཚན་མ་དེ་ངག་མན་ངག་ཇི་ལྟ་བ་བཞིན་ཐབ་ཁུང་གི་དབུས་སུ་སྦྱིན་ནོ། །ཁ་ཁྱེར་ཞེས་པ་ནི་ཁ་ཁྱེར་གྱི་མཚམས་དང་ཟུར་དུ་མཛེས་པར་བྱ་ཞེས་པ་ནི་བརྒྱད་པ་སྟེ། རྡོ་རྗེ་རིན་ཆེན་དང་ཟླ་བ་ཕྱེད་པ ་རྣམས་ཀྱང་ཁ་ཁྱེར་དང་མཆུ་ལ་དགོད་པར་བྱའོ། །གཙུག་ཏོར་ལ་སོགས་པ་ཐབ་ཁུང་གི་དབུས་སུ་དགོད་ཅེས་པ་སྟེ་ངེས་པའོ། །སྦྱིན་སྲེག་དེ་ཉིད་ཅེས་པ་ནི་སྦྱིན་སྲེག་གི་ཆོ་ག་རྒྱས་པ་ཉིད་ཀྱིས་སློབ་དཔོན་གྱི་བྱ་བའོ། །དེ་བཞིན་དུ ་སྦྱོར་བ་ཇི་བཞིན་ཞེས་པ་ནི་གསུངས་པའི་སྦྱོར་བ་དང་ལྡན་པའོ། །ཐམས་ཅད་ལས་ཞེས་པ་ནི་ལས་ཐམས་ཅད་པའི་སྦྱིན་སྲེག་ལ་སྲེག་བླུགས་གསུཾ་གསུམ་དབུལ་བའོ། །གཞན་ནི་གོ་སླའོ། །དེས་ནས་ཞེས་བྱ་བ་ལ་སོགས་པ་ལ། །རྣམ ་པར་སྣང་མཛད་ཆེན་པོ་ཞེས་པ་ནི་འདིར་རྣམ་པར་སྣང་མཛད་ཅིང་གསལ་བར་མཛད་པས་ན་རྣམ་པར་མཛད་དོ། །ཆེན་པོ་ཡང་ལྷན་ཅིག་སྐྱེས་པའི་དགའ་བ་གཅིག་གི་གཟུགས་ཀྱི་ཕྱིར་རོ། །དེ་ནས་མི་ཕྱེད་པའི་ཕྱིར ་རྡོ་རྗེའོ། །དེལ་མངོན་པར་ཞེན་པས་ནི་དེ་བཞིན་གཤེགས་པའོ། །དེ་ཡང་ཡེ་ཤེས་ཀྱི་འཁོར་ལོ་ཞེས་པ་ནི་སྙིང་རྗེས་ཞེས་བྱ་བའི་རྣམ་པའི་ཡེ་ཤེས་ཏེ། དེའི་རྣམ་པས་འཇུག་པའོ། །དེའི་སྒྲུབ་ཐབས་ཞེས་པ་ནི་འཇུག་པའི་ཕྱིར་རོ། །དེ་བཞིན ་དུ་སྟོང་པ་ཉིད་སྙིང་རྗེ་གཉིས་ཀ་དབྱེར་མེད་པའི་ཕྱིར་བྱང་ཆུབ་པས་སེམས་རྡོ་རྗེ་དང་ཆོས་མཐུན་པ་མི་ཕྱེད་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་གང་ལ་སྙོམས་པར་ཞུགས་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་ཕྱི་དང་ནང་གི་ཞེས་བྱ་བ་ལ ་སོགས་པ་ལ། འཁོར་ལོ་ཞེས་པ་ལ་སྔོན་དུ་གསུངས་པའི་རྩ་སུམ་ཅུ་རྩ་གཉིས་ཀྱི་འཁོར་ལའོ། །དེའི་རབ་ཏུ་སྒྲུབ་པ་ནི་ཆོ་གའོ། །སྦྱོར་བ་ཞེས་པ་འཆད་བཞིན་པའི་ཚུལ་གྱིས་རང་བཞིན་གྱི་དུས་རྣམས་ལ་རང་རང་གི་ལྷའི་གཟུགས་དམིཊ ་པའི་ཕྱིར་ཞེས་པ་སྟེ་ངེས་པའོ། །དེ་བཞིན་དུ་ལས་ཚོགས་ཞེས་བྱ་བ་ལ་སོགས་པ་ནི་བརྗོད་ཅེས་པའོ། །ལྷག་མ་གང་ཡང་རུང་ཞེས་པ་ནི་མདོར་བསྡུས་ན་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཞེས་པ་རྣམས་སུ། ་དུས་ལས་བྱུང་བའི་ལྷ་དེ་རྣམས་རང་རང་གི་གནས་སུ་རང་གི་འཁྲོ་ལོའི་དབུས་སུ་དེའི་སྐད་ཅིག་ལ་དེའི་ནང་དུ་བསྒོམ་པའི་ཕྱིར་མཆོད་པའི་ལས་བླ་ན་མེད་པར་འགྱུར་རོ། །དེ་བཞིན་དུ་དེའི་ཞེས་པ་ནི་ཕྱི་རུ་མི་ལས་གང་གི་ཕྱིར་འབྱུང་བའི ་དུས་སུ་འགྱུར་ཏེ། དེའི་ཕྱིར་རྡོ་རྗེ་ཞེས་པ་ནི་མི་ཕྱེད་པའི་རྡོ་རྗེ་ལས་རྡོ་རྗེ་སེམས་དཔའ་འབྱུང་བའོ། །དཀྱིལ་འཁོར་ཞེས་བྱ་བ་ནི་བསམ་དུ་མེད་པ་ལས་བསམ་པའི་ཕྱིར། སངས་རྒྱས་ཀྱིས་གསུངས་ཞེས་པ་ནི་སྔགས་ཞེས་སྦྱར་རོ། ། ་དེས་ན་ཞི་བ་ལ་སོགས་པའི་ལས་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་པ་འདོད་པ་དབང་གིས་སྦྱར་ཞེས་སྦྱོར་རོ། །རང་རང་གི་དུས་གྲུབ་པས་ཤེས་པར་བྱའོ། །དེས་ན་བདག་པོ་ཞེས་བྱ་བ་ལ་སོགས་པ་ནི་ལས་རེ་རེའི་དུས་སུ་རང་རང་གི་འཁོར ་ལོའི་གཙོ་བོའི་གནང་བ་བླང་པར་བྱའོ། །དེ་གནང་བ་ཐོབ་པས་དེའི་ཕྱིར་ལས་བྱ་ཞེས་སྦྱར་རོ། །དེ་ནི་རང་རང་གི་ལས་འདི་རྣམས་བྱུང་བའི་དུས་སུ་གཙོ་བོ་བསྒོམ་པ་གསུངས་པ། དེ་ལ་དང་པོའི་སྒྲོལ་མ་རྗོད་དེ། ཟླ་བའི་དཀྱིལ་འཁོར་ཞེས ་བྱ་བ་ལ་སོགས་པ་ལ་བྷ་བའི་དབུས་སུ་ཞེས་པ་ནི་ནང་དུ་རྩ་བྷ་གའི་ཕྱིར་དེའི་ཚེ་ཕྱི་རུ་ཡང་དེའི་རང་བཞིན་ཉིད་ཀྱིས་བསྒོམ་པར་བྱའོ། །ཟླ་བའི་དཀྱིལ་འཁོར་ཞེས་པ་ནི། དང་པོ་སེམས་ཀྱི་རང་བཞིན་འབྱུང་བའི་སྐད་ཅིག་ལ་ཟླ་བའི་དཀྱིལ ་འཁོར་གྱི་རྣམ་པར་བསྒོམ་པར་བྱའོ། །དེ་ལྟར་འབྱུང་བའི་དུས་སུ་ཡང་སྐད་ཅིག་གི་རྣམ་པར་དམིགས་པར་བྱའོ། །དེས་ན་ཏཱཾ་གི་ཡེ་ཤེས་ཞེས་པ་ན་རང་གི་སེམས་ཀྱི་ཡེ་ཤེས་འཆར་བ་ལ་སྒྲོལ་མའི་ས་བོན་ཏཱཾ་བསྒོམ་པར་བྱའོ། །དེ ་ཡང་སེམས་ཀྱི་ཟླ་བའི་སྟེང་དུ་དེ་ལས་བྱུང་བ་ཞེས་པ་གྲུབ་པའི་ལྷ་མོ་སྒྲོལ་མའི་བསྒོམ་པར་བྱའོ། །དེ་བཞིན་དུ་སྒེག་པའི་ཉམས་དང་ལྡན་ཞེས་པ་ནི་ཧེ་རུ་ཀའི་ཐབས་དང་ལྡན་པའོ། །ལྷ་མ་ནི་གོ་སླའོ། །འོན་ཀྱང་ཧེ་རུ་ཀའི་རིགས་བྱེད་མ ་ཞེས་པ་ནི་དེ་བཞིན་དུ་སྒྲོལ་མ་རྗེ་བཙུན་མ་ཨ་བ་དྷཱུ་ཏཱིའི་ནང་དུ་ཧེ་རུ་ཀའི་རྣམ་པ་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ་གསུངས་པ་འདིར་ཨ་བ་དྷཱུ་ཏིའི་དཀྱིལ་འཁོར་རྒྱུ་བའི་ཕྱིར་རང་གི་དུས་འགོག་པ་བརྗོད་དེ། དེ་ཅི་ཞེ་ན་རང་གི ་སྐད་ཅིག་ལ་འགོད་པ་ཡང་ཞལ་བརྒྱད་ཅེས་པ་ཐུན་བརྒྱང་འགོག་པའོ། །དེ་བཞིན་དུ་སྤྱན་གསུམ་གསུམ་ཉི་ཤུ་རྩ་བཞིར་འགྱུར་རོ། དེས་ན་ཁམས་ཉི་ཤུ་རྩ་བཞི་རྣམས་འགོག་པའོ། །བཅུ་དྲུག་ཕྱག་ཅེས་པ་ནི་འཕོ་བ་བཅུ་དྲུག ་འགོག་པའོ། །བཞད་པ་ཞེས་པ་ནི་དབང་པོ་ཐམས་ཅད་སྡུད་པའི་ཕྱིར་རོ། །ཀུན་ནས་དམར་འདྲ་ཞེས་པ་ནི་ཁ་དོག་ཐམས་ཅད་ནི་སྙིང་རྗེའི་ཆགས་པས་བཅོས་པའོ། །དེ་ཡང་བདག་གིར་བྱེད་པའི་ཕྱིར་རྣམ ་པར་རྟོག་པ་འགོག་པའོ། །ལང་ཚོ་གཞོན་བས་ཞེས་པ་ནི་ལོ་བཅུ་གཉིས་ལོན་པའི་ཕྱིར། ཡན་ལག་བཅུ་གཉིས་འགོག་པའོ། །སྣ་ཚོགས་པའི་ཞེས་པ་ནི་སྣ་ཚོགས་སུ་བསྒྱུར་བའི་མདོག་སངས་རྒྱས་ཀྱི ་ན་བཟའ་སྐུལ་བསྣམས་པའོ། །དོ་ཤལ་ཞེས་པ་ནི་གཉིས་མེད་པའི་ཐར་པའི་ས་ལེ་བཞུགས་པའོ། །རྐང་རྒྱན་ཞེས་པ་ནི་རྐད་པ་ལ་བཏགས་པའི་ཚིག་གིས་དོར་ཐབས་སྤངས་པར་གྱུར་པའོ། །མགུལ་ཏོ་ཞེས་པ་ནི་མགུལ་ཏུ ་རིན་པོ་ཆེའི་ཕྲེང་བ་བཏགས་པའི་དགྲའི་རྒྱུད་ཐམས་ཅད་ཀྱི་སྐྱེ་བཅིངས་པའོ། །རྣ་རྒྱན་ཞེས་པ་ནི་རྣ་བ་གཉིས་ལ་རྣ་ཆ་བཏགས་པས་དབུ་མ་ལས་བདུད་རྩིའི་རྒྱུན་འཛག་པའོ། །དཔུང་རྒྱན་ཞེས་པ་ནི་དཔུད་པ་གཉིས་སུ་བཏགས ་པས་བདག་གིས་འགོག་པའི་ཕྱིར་དབང་དུ་བྱེད་པའོ། །སྐེ་རགས་ཞེས་པ་ནི་སྐེ་རགས་བཅིངས་པ་ནི་བྱ་བ་དང་བྱ་བ་མ་ཡིན་པ་འགོག་པར་བྱེད་པའོ། །སྲད་བུ་ཞེས་པ་ནི་ཚངས་པའི་སྐུད་པས་ལས་ཀྱི་ཆོགས་ཐམས་ཅད་ཨ་བ་དྷ ་ཏཱིའི་ས་ཁྱབ་པར་བྱེད་པའོ། །སོགས་པའི་སྒྲས་ནི་སྤྱི་བོར་འཁོར་ལོས་བརྒྱན་པ་བསྡུས་ཏེ། དེ་ཡང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཆོས་བསྟན་པའི་ཕྱིར། །དེ་རྣམས་ལ་ཆོས་བསྟན་མི་ནུས་པ་འགོག་པའི་སྟོང་པའི ་མཚན་ཉིད་ཀྱིས་སོ། །སྣ་ཚོགས་རྒྱན་ཞེས་པ་ནི་བདེ་བ་སྣ་ཚོགས་པའི་རང་བཞིན་བྱང་ཆུབ་སེམས་བག་ཆགས་དང་བྲལ་བའི་ཕྱིར་ཡིད་ཀྱིས་གཟུང་བའི་དོན་ཏོ། །ུ་ཏྭ་ལ་ཞེས་པ་ནི་ཤིན་ཏུ་བརྩོན་པའི་བརྩོན་འགྲུས་ཀྱིས ་བརྒྱན་པའི་སེམས་སོ། །ཛི་བ་ཀའི་མེ་ཏོག་ཅེས་པ་ནི་བཛུ་ཀའི་མེ་ཏོག་དམང་པོ་བཅིངས་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྙིང་རྗེས་བརྩོན་པའི་ཕྱིར་རོ། །གཡས་བརྐྱང་བ་ཞེས་པ་ནི་ཏིང་ངེ་འཛིན་འདི་སྤངས་ནས་དུས་ཐམས་ཅད་དུ་ཡོད ་རོལ་བ་མ་ཡིན་པའོ། །སུམ་ཅུ་གསུམ་པ་ཞེས་པ་ནི་སུམ་ཅུ་རྩ་གསུམ་པའི་གནས་རྣམས་ཀྱི་དབང་པོ་ལ་སོགས་པའི་ལྷ་རྣམས་ཀྱི་ལུས་དང་དག་དང་སེམས་འགོག་པའོ། །འགྱེལ་ཞེས་པ་ནི་དྲེགས་པ་དང་བྲལ་བའི་བློ་མི་ཤིགས ་པ་ལས་རྟག་ཏུ་བཞུགས་པའོ། །གཞན་ཡང་དག་གི་སྒྱུ་མས་སྐྲག་པ་དང། །དེའི་བརྫུན་པ་ནི་ཐལ་མོ་སྦྱར་བས་སྲིད་པ་དད་མྱ་ངན་ལས་འདས་པ་འགོག་པར་བྱེད་པའོ། །འོད་ཟེར་དམར་པོ་འབར་བ་ཞེས་པ་ནི་འདས་པ་དང་མ་འོངས ་པ་དང་ད་ལྟར་བྱུང་བ་རྣམས་ཀྱི་སྙིང་རྗེ་ཉིད་ཀྱི་འོད་དོ། །གཟི་བརྗིད་ཅེས་པ་ནི་སྙིང་རྗེ་ཆེན་པོ་ཉིད་ཀྱི་ཚིག་གོ། དེས་ན་འབར་བ་ནི་དགའ་བའི་ཡིད་ཀྱི་གཉིས་མེད་པའི་བློའི་ཕྱིར་རོ། །དེ་བཞིན་དུ་བསམ་གྱིས་མི་ཁྱབ་པའི་སྤྲུལ་པས་བསམ་གྱིས ་མི་ཁྱབ་པའི་ཆོས་རྣམས་སྤྲོས་ཞེས་པ་ལ་སེགས་པ་ཇི་སྐད་གསུངས་པ་བཞིན་ནོ། །སེམས་ཅན་ཞེས་བྱ་བ་ལ་སོགས་པ་ལ། སྐྱེད་བྱེད་མ་ཞེས་པ་ཏིང་ངེ་འཛིན་ཏེ་སྒྲོལ་མ་སངས་རྒྱས་ཐམས་ཅད་ཀྱི་ཡུམ་མོ། །སེམས་ཅན་ཞེས་པ་ནི ་རྡོ་རྗེ་སེམས་དཔའ་ཨི་འཇིག་རྟེན་ནོ། །དེ་བཞིན་དུ་ཡིད་འོད་ཞེས་པ་ནི་སྡུག་པ་སྟོད་པ་ཉིད་དང་སྙིང་རྗེའོ། །བསྒོམས་ན་ཞེས་པ་ནི་མངོན་དུ་བྱ་ཞེས་པའོ། །དེ་བཞིན་དུ་དང་པོ་ཞེས་བྱ་བ་ལ་སོགས་པ་ཕྱག་བཅུ་དྲུག་གི་ཕྱག་མཚན ་རྣམས་ཀྱི་རྣམ་པར་དག་པ་གསུངས་པ་འདི་ལྟ་སྟེ། རལ་གྲི་ཡིས་ནི་རྒྱུ་མ་གཅོད། །རལ་གྲི་ཡི་ནི་གསལ་སྣང་བཞིན། །མཐོང་ཡང་དོན་གནས་པ་མེད། །རལ་གྲི་ཡིས་ནི་ལས་གཙོད་དོ། །འདིར་ནི་ཨུ་ཏཱ་ལ་གཉིས་པ། །བརྩོན ་པས་ཡིད་ཀྱི་རྒྱ་མཚོ་ལས། །དེ་ཡི་སད་པའི་མཚན་ཉིད་ནི། །འཁོར་བའི་རྒྱ་མཚོ་ཕ་རོལ་འགྲོ། མདའ་ནི་བདུད་རྣམས་བཟློག་པ་སྟེ། །མཚོན་ཆ་བསམ་དུ་མེད་པ་འབིགས། །རྣལ་འབྱོར་མ་ནི ་མདའ་བཞིན་དུ། །ཕུགས་ན་རྟག་ཏུ་འོང་བར་བྱེད། །རྡོ་རྗེ་ཕུང་པོ་བསད་པར་བྱ། །སེམས་ཀྱི་རྡོ་རྗེ་དང་འདྲེས་ཕྱིར། །དེ་ཡིས་ཐམས་ཅད་རྒྱས་བཏབ་ཉིད། །རྡོ་རྗེ་གཉིས་ནི་གཉིས་མེད་སྤྱོད། །ལྕགས་ཀྱུ་ཡིས་ནི་ལམ་བཀུག་སྟེ། །སྲོག ་གི་ལྕགས་ཀྱུ་རྟག་ཏུ་ཤེས། །སྐུ་སོགས་རྡོ་རྗེ་སྤྲོས་པའི་ཕྱིར། །དེ་ཡི་ལས་ནི་རབ་ཏུ་ཕུག། དབྱུག་པ་ཡང་ནི་ལྔ་པར་གཟུང། །བག་ཆགས་རྣམས་ནི་འཇོམས་པའི་ཕྱིར། །ལས་ཀྱི་དབྱུག་པ་ཞེས་བརྗོད་པ། །སྲོག་གི་རླུང ་གིས་གཟུང་བར་བྱ། །གྲི་གུག་ཏུ་ནི་གང་བརྗོད་པ། །ཡན་ལག་བཅུ་གཉིས་གཅོད་པའི་ཕྱིར། །ལས་གཅོད་པ་ནི་རྣམ་གཟུང་བས། །བདུད་ཀྱི་སྡེ་རྣམས་བསྡིགས་པར་བྱེད། །ལག་པའི་སོར་མོ་བརྐྱང་བའི་ཕྱིར། །སེམས་ཅན་ཀུན ་ལ་མི་འཇིགས་ཏེ། །སེམས་ཅན་དེ་བཞིན་གཤེགས་ལྔའི་དངོས། །མི་འཇིགས་པ་ནི་རྟག་ཏུ་བསྟན། །གཡོན་དུ་ཐོད་པ་གདུག་པ་ནི། །བདུད་ཀྱི་ཁྲག་བཀད་འཛིན་པའི་ཕྱིར། །ཚངས་པ་ཡི་ནི་གནས་སུ་དགོད། །དེ་ཉིད ་ཏུ་ནི་ཐིམ་སྟེ་གནས། །གང་ཕྱིར་སྡེགས་མཛུབ་འཛིན་པ་ནི། །ལམ་གཅིག་གིས་ནི་མཛེས་པའི་ཕྱིར། །སེམས་ཅན་རྣམས་ལ་བསྟན་པ་ཉིད། །ཏིང་འཛིན་རྫོགས་པར་བསྒོམས་པའི་ཕྱིར། །འགྲོ་བ་ཐམས་ཅད་གཞུ་རྣམ ་པ། །གཡོན་པོ་ཉིད་དུ་སྟག་ཏུ་གནས། །དེ་ཉིད་དབྱུག་པ་དགུག་པ་ཉིད། །མཚོན་བྱ་མཚོན་བྱེད་ཀྱི་ནི་འབིགས། །ཁ་ཊཱཾ་སྟོད་པའི་རྣམ་པ་སྟེ། །དྲི་ཟའི་སེམས་ཅན་ལྟ་བུ་ཉིད། །བག་ཆགས་དྲ་བ་སྤོད་པས་ན། །ཉེ་བར ་དམིགས་པའི་དངོས་པོ་སྤངས། །ཞགས་པ་རྣམ་རྟོག་འཆིང་བ་སྟེ། མིག་ལ་སོགས་པ་བརྒྱད་ཀྱིས་ནི། །རྣམ་པར་ཤེས་པ་རྨོངས་པར་འགྱུར། །བཅིངས་པའི་ཕྱིར་ན་དེ་ནི་སྤངས། །གང་གི་མགོ་པོ་གསུམ་འཛིན་པ། །དུས་གསུམ་པོ་ནི ་གཅོད་པའི་ཕྱིར། །ཡང་ན་དེ་ཉིད་གསུམ་གྱིས་རིགས། །ཡི་གེ་རྣམས་ནི་གཅོད་པ་ཡིན། །འགྲོ་བ་བློ་ལྡན་རིན་ཆེན་མཚུངས། །སངས་རྒྱས་རིན་ཆེན་དེ་རྟག་ཏུ། །སེམས་ཅན་གང་དག་རྨོངས་པ་ལ། །གྲོལ་བ་ཉིད་ཀྱི་ཕྱིར་ནི་གཟུང། །བུམ་པ ་བདུད་རྩིས་རབ་གར་བ། །སྤྲུལ་པ་ལ་སོགས་རོ་རྣམས་ཏེ། །སྐུ་བཞི་ཡིས་ནི་ཆོས་ཀྱིས་ནི། །ཁམས་གསུམ་པ་ནི་ཚིམ་པར་བྱེད། །ཅེས་པ་ནི་བཅོམ་ལྡན་འདས་ཀྱི་དེས་པའོ། །དེ་བཞིན་དུ་གཡས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་གཡས ་དང་གཡོན་དུ་ཞལ་དྲུག་གོ། སྟེང་གི་ཞལ་ནི་བདུན་པའོ། །རྩ་པའི་ཞལ་ནི་བརྒྱད་པའོ། །ཞལ་བདུན་པོ་རྣམས་ཀྱི་མདོག་གང་དག་ཡིན་པ་དེ་དག་ནི། ཨ་བ་དྷཱུ་ཏཱིའི་ནང་དུ་པགས་པ་ལ་སོགས་པའི་ཁམས་བདུན་གྱི་མདོག་འགོག་པའི་ཕྱིར ་རོ། །བོད་པུའི་རྣམ་པ་ཞེས་པ་ནི་སྐྱེ་བ་བདུན་པ་བཞིན་སྣ་ཚོགས་འཛིན་པའི་ཕྱིར་རོ། །ཞབས་བཞི་ཞེས་པ་ནི་སད་པ་ལ་སོགས་པ་རྣམ་པ་བཞི། ཁམས་གསུམ་རྣམས་སྤྲུལ་པ་ཉིད་རྣམ་ཁར་སྤྱོད་པའོ། །མདུང་རྩེ་གསུམ་ཞེས་པ་ནི་དུས ་ཐམས་ཅད་དུ་དེ་ལྟར་རྩ་གསུམ་གྱི་སྦྱོར་བ་འཛིན་པའོ། །སྤྲུལ་ཞེས་པ་ནི་དེ་ལ་སྲོག་བརྟེན་པ་ཉིད་དེ། །སར་པས་རོ་ཡི་སྒྲས་རྒྱས་བ་སྟེ། སྲོག་དེ་ལ་བྲལ་བ་ནི་སེམས་ཅན་མ་ཡིན་ཞེས་པའི་དོན་ཏོ། །དེ་ཡང་སྒྱུ་མ་བཞིན་ཉ་བར་མཚོན ་པའི་ཕྱིར་རོ། །དེ་ལྟར་རྣམ་པར་དག་པའི་ཐབས་སྣ་ཚོགས་པ། །སྒྲུབ་ཐབས་ཐམས་ཅད་ལས་བླ་མའི་མན་ངག་གིས་རྟོགས་པར་བྱ་སྟེ། ངག་གིས་བརྗོད་པ་ཞེས་དགོངས་ཏེ་དང་པོའོ།། །།ད་ནི་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས ་བསྒོམ་པའི་རིམ་པ་གསུངས་པ། བྷ་གའི་ཞེས་བྱ་བ་ལ་སོགས་པ་ནི་འདིར་རྟོག་པ་འདི་རྫོགས་པའི་མཐར་ཐུག་པའི་སྒྲུབ་ཐབས་ཐམས་ཅད་ནི་གོ་སླའོ། །དེས་ན་རྒྱ་ཆེར་འགྲེལ་འདིར་རྒྱས་པར་བརྗོད་དོ། ། ་དེ་ལྟ་མོད་ཀྱི་གནས་སྐབས་ཁ་ཅིག་ཏུ་ཚིག་རྟོགས་པའི་ཕྱིར་བཤད་པར་བྱའོ། །འདིར་ཡང་སྔོན་དུ་གསུངས་པའི་འཁོར་ལོ་སུམ་ཅུ་རྩ་གཉིས་ཀྱིས་ལས་ཀྱིས་ཚོགས་བསྟན་པ་དེ་རྣམས་ལ་ལས་ཀྱི་སྒྲུབ་ཐབས་འདི་རྣམས་སྦྱར་བར ་བྱའོ། །འོན་ཀྱང་སླར་བཤད་པ་འདི་ལས་བསྒྲུབ་པར་བྱའོ། །དེས་ན་མན་ངག་གིས་གསུངས་སོ། །དེ་བཞིན་དུ་སྔོན་གྱི་འཁོར་ལོའི་རྗེས་སུ་འབྲངས་པ་ཉིད་དབང་ལ་སོགས་པའི་ཚིག་ལས་ཤེས་པར་བྱའོ། །དེ་བཞིན་དུ་དར་གསུངས ་པའི་དབང་ལ་སོགས་པ་དང་འདིར་བརྗོད་པའི་དབང་ལ་སོགས་པ་གཉིས་ཀ་འདུས་པ་ལས་ཤེས་པར་བྱའོ། །མ་ཡིན་ན་གཉི་ག་དང་བྲལ་བའི་ཕྱིར། །བརྗོད་པ་དོན་མེད་པར་འགྱུར་ཞེས་པ་སྟེ་དེས་པའོ།། །།དེ་ལྟར་རྡོ་རྗེ ་འཇིག་བྱེད་ཀྱི་སྒྲུབ་ཐབས་ནི་གོ་སླའོ། །གཉིས་པའོ།། །།དེ་བཞིན་དུ་འོད་ཟེར་ཅན་བརྗོད་དོ། །དེ་ནས་མང་ཞེས་བྱ་བ་ལ་སོགས་པ་ལ། །མེ་ཏོག་རྩེག་མ་ཞེས་པ་ནི་རིན་པོ་ཆེ་བཞིན་མེད་ཏོག་གི་ཅོད་པན་ནོ། །གསུངས ་ཞེས་པ་ནི་སྡུང་བ་པོ་རད་ཉིད་ཀྱི་ཉེས་པ་སེལ་བའོ། །གཞན་ནི་ཇི་བཞིན་ཉིད་དོ། །གསུམ་པའོ། །དེ་བཞིན་དུ་པ་རྣ་ཤ་བ་རིའི་སྒྲུབ་ཐབས་བརྗོད་དོ། །ནམ་མཁའ་ཨི་དབྱིངས་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཀྱི་འབྱུང་གནས་ཀྱི་དབུས ་སུའོ། །ལང་ཚོ་ཞེས་པ་ནི་ལོ་བཅུ་གཉིས་པའི་ཆ་བྱད་དོ། །ཐོར་ཚུགས་ཞེས་པ་ནི་སྤྱི་བོ་རི་སྐྲའོ། །དེ་དེ་བཞིན་དུ་མེ་ཏོག་གི་ཕྲེང་བས་བཅིངས་པའོ། །སྔ་མ་བཞིན་ཞེས་པ་ནི་འོད་ཟེར་ཅན་བཞིན་ནོ། །བཞི་པའོ། །དེ་བཞིན ་དུ་རྡོ་རྗེ་ཁྲོ་བོ་རྣམས་ཀྱི་བསྒོམ་པ་གསུངས་པ། རྡོ་རྗེ་ཁྲོ་བོ་ཞེས་པ་ནི་དེའི་བརྗོད་པའོ། །འདིར་ནི་པདྨ་འདབ་བརྒྱད་པ། །དུར་ཁྲོད་བརྒྱད་པོ་རྣམས་དབུས་སུ། །བདུད་རྩི་བྱེད་པའི་ཧེ་རུ་ཀ། ཁྲོ་བོ་འདི་ལྟ་བུ་བསྒོམ་བྱ། །མཐུན་པའི་སྟོབས ་སོགས་བརྩམས་ནས་ནི། །གར་གྱི་ཚུལ་ལ་སྦྱོར་བ་ཉིད། །ཁ་དོག་དམར་པོ་འོད་མཉམ་པ། །ཁྲོ་བོའི་རྒྱལ་པོ་བསམ་པར་བྱ། །ཞལ་བཞི་པ་ལ་ཕྱག་བཞི་པ། །རལ་པའི་ཅོད་པན་གྱིས་ནི་མཛེས། །ཞལ་གྱི་མཚ་བ་ཅུད་ཟད་གཅིག་ས། ། ་ཡི་དགས་ཆེན་པོ་གང་ན་དུ་བྱས། །ཕྱག་བཞི་རྣམས་ལ་མཚན་མ་རྣམས། །དབྱུག་པ་གཡས་ཀྱི་དང་པོ་ལ། །གཉིས་པ་ན་ནི་ལྕགས་ཀྱུ་ཉིད། །གཡོན་ན་སྡིགས་འཛུབ་ལྕགས་ཀྱུའོ། །དེ་ལྟར་ཁྲོ་བོ་མཆོག་ཐམས་ཅད། །གཅིག ་ལ་སོགས་པ་མཛའ་ཡས་པའོ། །ཁ་ཅིག་ཤེས་རབ་ལྡན་པར་འདོད། །ཁ་ཅིག་དེ་ཡི་དངོས་བསྒོམས་བྱེད། །དངོས་གྲུབ་ཀུན་གྱི་གཞི་བྱེད་པ། །རྡོ་རྗེ་ཕག་མོ་དུ་ནི་འདོད། །དེ་ཡི་མདོག་དང་མཆོན་ཆ་སོགས། །གོ་སླ་གཞན་དུ་རྒྱས ་པའི་ཕྱིར། ཞེས་པ་ནི་བཅོམ་ལྡན་འདས་ཀྱི་དེས་པའོ། །འོན་ཀྱང་གཞན་ཡང་བརྗོད་པ་སྟེ། རྡོ་རྗེ་ཁྲོ་བོ་ཞེས་པ་ནི་རྡོ་རྗེ་ཤུགས་ལ་སོགས་པའི་ཇི་ལྟར་འཐང་པའི་ཁྲོ་བོ་ཐམས་ཅད་བསྒོམ་པར་བྱའོ། །རྡོ་རྗེ་ཕག་མོ་ཞེས་པ་ནི ་འཁྱུད་པའི་ཤེས་རབ་མའོ། །དེ་ཡང་དེའི་མདོག་ཅེས་པ་ནི་བཅོམ་ལྡན་འདས་བཞིན་ནོ། །རྟའི་གཟུགས་ཞེས་བྱ་བ་ལ་སོགས་པ་ལ། སོགས་པའི་སྒྲས་ནི་ལྕེ་སྦྱང་གི་གདོང་ལ་སོགས་པ་བསྡུའོ། །དེས་ནི་དེ་རྣམས་ཀྱི་ལས ་བསྒྲུབ་པོ། །ཡི་གེ་དང་ནི་ཡི་གེར་ལྡན། །ཞེས་པ་ནི་རང་གི་ས་བོན་ཡོངས་སུ་གྱུར་པ་ལས་ལྷར་བཞེངས་པས། ས་བོན་དེ་ཉིད་འཛིན་པའི་ཕྱིར་རོ། །དེ་བཞིན་དུ་ཡར་ཞེས་བྱ་བ་ལ་སོགས་པ་ན་ས་བོན་བཞི་ལས་བཞི ་བསྒྲུབ་པའོ། །དེ་ན་སྒྲུབ་པ་ཞེས་བྱ་བ་ལ། དུང་ཁ་ཞེས་བྱ་བ་ལ་སོགས་པ་ནི་ལས་ཀྱི་བྱེ་བྲག་གིས་ཁ་དོག་གི་ཁྱད་པར་བསྒོམ་པའོ། །དེ་བཞིན་དུ་རླུང་ལ་སོགས་པའི་ཞེས་པ་ནི། རླུང་ལ་སོགས ་པའི་དཀྱིལ་འཁོར་བཞི་ལ་ཞོན་པ་དེ་ཡང་རླུང་ལ་སོགས་པའི་ཕྱོགས་སུ་སོང་བར་བསམ་པར་བྱའོ། །དེ་ལྟར་ཡང་གི་ཆོ་ག་སྟེ་ལྔ་པའོ། །དེ་བཞིན་དུ་རའི་ལས་གསུངས་པ། ཡི་གེར་ཞེས་བྱ་བ་ལ་སོགས་པ་ནི་གོ ་སླ་སྟེ་དྲུག་པའོ།། །།དེ་བཞིན་དུ་མ་ཧེའི་གདོང་ཅན་གྱི་ལས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་མ་ལུས་དེ་ཉིད་ཅེས་པ་ནི་ཧཱུཾ་ངོ། །སྲུངས་མ་ཞེས་པ་ནི་རྣལ་འབྱོར་མ་གཞན་རྣམས་ཀྱིས་སྔགས་ཀྱི ་བསྲུངས་པས་བསྲུངས་པ་དེ་ལ་དེ་སྐད་ཅེས་བྱའོ། །ལྷག་མ་ནི་སྒྲ་ཇི་བཞིན་ཏེ། བདུན་པའོ།། །།དེ་བཞིན་དུ་གཞན་ཁྱིའི་གདོང་ཅན་གྱི་ལས་གསུངས་པ། དེ་ནས་ཁྱིའི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སྲིན་པོ ་ཞེས་པ་ནི་སྔོན་དུ་གསུངས་པའི་མ་ཧེའི་གཟུགས་ཅན་ཏེ། དེ་ལྟར་མ་ཧེའི་གཟུགས་སྤངས་པའི་ཕྱིར་ཁྱིའི་གདོང་པར་འགྱུར་རོ། །རྡོ་རྗེ་མཆུ་ཅན་ཞེས་པ་ནི་ཕག་གི་གདོང་ཅན་དེའི་རྐང་པར་ཞུགས་པའོ་བརྒྱད་པའོ།། །། ་དེ་བཞིན་དུ་རྡོ་རྗེ་ཁྲོ་བོའི་ལས་གསུངས་པ། འུག་པའི་ཞེས་བྱ་བ་ལ་སོགས་པ་ལ། ས་ལ་འགོག་ཅེས་པ་ནི་སའི་ནང་དུ་གཞུག་པའོ། །ལྷག་མ་ནི་སྔོན་བཞིན་དེ་དགུ་པའོ།། །།དེ་བཞིན་དུ་ཆང་དགུག་པ་གསུངས་རྩི་ཞེས ་བྱ་བ་ལ་སོགས་པ་ནི་ཆང་ཚོང་པའི་ཁྱིམ་ནས་ཆང་བླངས་ཏེ། དེའི་ཚེ་སྣོད་དེའི་སྟེང་འོག་ཏུ་རྟའི་རྣམ་པའི་གདོང་བར་གཉིས་བཞག་ནས་ཆད་ཐམས་ཅད་དགུག་པར་བྱ་སྟེ། བཅུ་པའོ།། །།དེ་བཞིན་དུ་མུ ་སྟེགས་དང་ཉན་ཐོས་ལ་སོགས་པ་མཐོ་འཚམས་པ་རྣམས་ཀྱི་ཆད་སྐྱུག་པའི་ཆོ་ག་གསུངས་པ། སྐུ་མདོག་ལྗང་གུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླ་སྟེ། བཅུ་གཅིག་པའོ། །དེ་བཞིན་རེངས་པས་གསུངས་པ། རླུང་གི་ཞེས་བྱ་བ ་ལ་སོགས་པ་ལ། འདི་རླུང་ཞེས་པ་ནི་རླུང་ལྷའི་མཚམས་སུའོ། །ཁམས་ཕོར་ཞེས་པ་ནི་སྡོན་དུ་གསུངས་པའི་རེངས་པའི་འཁོར་ལོ་བྱ་བའོ། །དེ་ཉིད་ཀྱི་ནི་རི་བོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རི་རབ་རྩེ་མོ་བརྒྱད་པར་བདུན་དང་བཅས ་པས་མནན་པའོ། །དེ་ཡང་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་སྦྱིན་པའོ། །དབུགས་ནི་ནང་དུ་བསྡམས་ཏེ། ཞེས་བྱ་བ་ནི་རྣལ་འབྱོར་པས་ཏིང་ངེ་འཛིན་འདི་བསྒོམ་པར་བྱ་བའོ། །དེ་ཡང་ལས་ཀྱི་དུས་སུ་བྱ་ཞེས་པ་ནི་འདིར་ནི་ཨཾ? ་དང་ལྡན་པའི་སྲོག་འགོག་པར་བྱ་སྟེ། དེའི་སྟེང་དུ་ལམ་གྱིས་མཚན་པ་ཞེས་པ་ནི་ས་བསྒོམ་པའོ། །དེ་ཡང་ལམ་ཡོངས་སུ་གྱུར་པའོ། །དེ་ལྟར་བྱས་པས་ནི་རླུང་འཆིང་བར་འགྱུར་ཏེ། གཞན་དུ་ནི་མ་ཡིན་ནོ། །བཅུ་གཉིས་པའོ།། །། ་ད་ནི་སྤྲིན་རྣམས་ཀྱི་ཆར་དབབ་པའི་ཆོ་ག་གསུངས་པ། པདྨ་འདབ་བརྒྱད་ཅེས་བྱ་བ་ལ་སོགས་པ་ནི་འདིར་སྡོན་བཞིན་དུ་སྐད་ཅིག་རྣལ་འབྱོར་པའི་སྦྱོར་བས་པདྨ་འདབ་མ་བརྒྱད་པ་བྲིའོ། །དེ་ལྟར་འདབ་མ་བརྒྱད་ལ་མཛའ་ཡས་ལ་སོགས ་པ་ཀླུ་བརྒྱད་རྣམ་པར་དགོད་པར་བྱའོ། །དེའི་རིམ་པ་ནི་འདི་ཡིན་ཏེ། དེ་ལ་ཀླུ་ཐམས་ཅད་ཀྱི་མགོ་བོ་ནི་འདབ་མའི་རྩེ་མོ་རྣམས་ལ་དགོད་དོ། །མཇུག་མ་ནི་ལྟེ་བའི་གནས་སུའོ། །དེ་ལ་ལྟེ་བའི་དབུས་སུ་མཇུག་མ་རྣམས་ཀྱི་སྟེང་དུ་རྡོ་རྗེ་ཁྲོ་བོ ་ཞེས་པ་སྔོན་བཞིན་ཕྱག་འབུམ་ལ་སོགས་པ་དེའི་སྐུས་གཟིར་པར་བྱ་ཞེས་སྦྱར་རོ། །ཀླུའི་ས་བོན་ཞེས་པ་ནི། ཀླུ་རྣམས་ཀྱི་རང་རང་གི་མིང་དང་ལྡན་པའི་ཕུ་ཞེས་པ་དང་སྦྲེལ་བ་དགོད་པའོ། །དེ་བཞིན་དུ་ཀླུ་དེ་རྣམས་ཏིང་པའི་མཐིལ་ཞེས་པ་ནི ་ཐམས་ཅད་ཀྱི་འཇུག་མའི་རྩེ་མོར་ཞབས་སྦྱིན་པ་སྟེ། རྐང་པའི་རྩེ་མོའི་ཕྱི་ཆས་མནན་པ་དེའི་ཚེ་ཇི་སྐད་གསུངས་པ་བཞིན་བྱེད་དོ། །རྣལ་འབྱོར་དེས་ལས་ཐམས་ཅད་བྱེད་དོ། །དེ་བཞིན་དུ་ཡང་འདི་སྦྱོར་བ་གཞན ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འདིར་རང་གི་ཕྱག་རྒྱ་ཞེས་པ་ནི་ཀླུ་བརྒྱད་པོ་རྣམས་ཀྱི་ཀླུའི་བུ་མོ་བརྒྱད་གཞུག་པར་བྱའོ། །བཅོམ་ལྡན་འདས་རྡོ་རྗེ་ཁྲོ་བོ་དང་རྟ་གདོང་མ་ལ་སོགས་པའི་རྣལ་འབྱོར་མའི་ཚོགས ་གཞུག་པར་བྱ་ཞེས་པ་ནི་བསྒོམ་པར་བྱ་ཞེས་པའི་ཁྱད་པར་རོ། །དེས་ན་གཏུ་བ་ཅེས་པ་ནི་སྤྲིན་བྲལ་བའི་དོན་ཏོ། །དེའི་སྔགས་སུ་འགྱུར་བ་ནི། །དེའི་ལུས་གསུངས་པ། ཨོཾ་བི་ཕཊ་ཡ་ཧཱུཾ་ཚི་ཎྜ་ཡ་ཧཱུཾ་ཞེས་པའོ། །སྐད་ཅིག་གིས་ནི་ཞེས ་པ་ནི་དེ་བཞིན་དུ་སྔགས་ཀྱི་ཚིག་རྣམས་ལན་གཉིས་སུ་བཟླས་ཏེ་བརྗོད་པའོ། །སྒོམ་པ་ཡང་སྟོན་ཀའི་དུས་ཀྱི་ནམ་མཁའ་བཞིན་དྲི་མ་མེད་པའོ། །མེ་རུ་ཞེས་པ་ནི་མེའི་མཚམས་སུའོ། །དཀྱིལ་འཁོར་ལ་ཞེས་པ་ནི་དཀྱིལ་འཁོར་བྲིས་ནས ་དེར་གནས་ཏེ། རྡོ་རྗེ་ཆེན་པོ་གཏུམ་པོའི་ཏིང་ངེ་འཛིན་གྱིས་འདི་སྤྲོ་བར་བྱའོ། །དཔྲལ་པ་ཞེས་བྱ་བ་ལ་སོགས་པ་ལ། མི་གཡོ་བ་ཞེས་པ་ནི་ཁྲོ་བོའི་རྒྱལ་བོ་མི་གཡོ་བའོ། །དེ་བཞིན་དུ་རྣམ་སྣང་མཛད་སྡུག་ཅེས་པ་ནི་རྣམ་པར ་སྣང་མཛད་ཀྱི་བཙུན་མོ་རྡོ་རྗེ་རྣམ་སྣང་མཛད་མ་སྟེ། དེས་སྤྲིན་ཐམས་ཅད་བཟློག་པར་བྱའོ། །བཅུ་བཞི་པའོ།། །།དེ་བཞིན་དུ་ཏིང་ངེ་འཛིན་འདི་ལས་གཞན་གསུངས་པ། བགེགས་ཞེས་བྱ་བ་ལ་སོགས་པ་ལས། མིག་ཅེས ་བ་ནི་འཆད་བཞིན་པའི་གཟུགས་དེ་ལ་བསྔགས་པར་བྱའོ། །དེ་ཡང་གླང་པོ་ཆེ་ཞེས་པའི་མིག་ལ་ཞེས་དགོངས་སོ། །དེ་ལྟར་ལྷག་མ་ཨོཾ་བཛྲ་ནཱ་ར་ཡཱ་ཎ། ཞེས་པའི་མཐར་ཐུག་པའི་ནི་གོ་སླའོ། །འདི་ནི་མདོར་བསྡུས་པའོ། །འོན ་ཀྱང་གཞན་དུ་རྡོ་རྗེ་མཁའ་འགྲོ་དང་འདུས་པ་ལ་སོགས་པ་རྣམས་སུ་རྙེད་སླ་བའི་དོན་ཏོ།། །།ད་ནི་རང་བྱིན་གྱིས་བརླབས་པས་ལྷའི་དབང་པོ་རྣམ་པར་དག་པ་དང། སངས་རྒྱས་ཉིད་ལ་སོགས་པའི་དངོས་གྲུབ་སྣ་ཚོགས་སྒྲུབ་པའི ་ཕྱིར་སྒྲོལ་མའི་སྒྲུབ་ཐབས་གསུངས་པ། ནམ་མཁའ་ཨི་དབྱིངས་ཞེས་བྱ་བ་ལ་སོགས་པ་ནི། ཆོས་ཀྱི་འབྱུང་གནས་ཀྱི་གཞལ་ཡས་ཁང་གི་ནང་དུ་པདྨ་ཆེན་པོ་བསམ་མོ། །དེའི་ལྟེ་བར་ཨཱ་ལི་ཀཱ་ལིའི་སྟེང་དུ་ཡི་གེ་ཧཾ་མི་ཡི་གེ་བཅུ་ཧྲ(རྒྱུད་འགྲེལ་སྤེལ་བར་བསམ་མོ། །དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་སྒྲོལ་མའི་གཟུགས་སུ་སྐད་ཅིག་གིས་བསམ་པར་བྱའོ། །དེ་བཞིན་དུ་ཞལ་གསུམ་ཞེས་བྱ་བ་ལ་སོགས་པ་ནི། ཞལ་གསུམ་པ་ཕྱག་བཅུ་པ་ཞབས་གཉིས་ཀྱིས་དབང? ་ཕྱུག་ཆེན་པོ་དང་ཁྱབ་འཇུག་གནོན་པའི་ལྷ་མོར་དེ་བཞིན་དུ་བྱའོ། །ལྷག་མ་ནི་གོ་སླའོ། །ནང་དུ་རྩ་སུམ་ཅུ་རྩ་གཉིས་ཀྱི་མཚམས་སུ་རང་བྱིན་གྱིས་བརླབས་པས་ན། ནམ་མཁའ་ཨི་དབྱིངས་ཞེས་བྱའོ། །དེའི་དབུས་སུ་ཞེས་པ་ནི་རྩ ་གཉིས་སུ་འཕོ་བའི་སྦྱོར་བས་སོ། །ཞལ་གསུམ་ཞེས་པ་ནི་སྤྲོ་བ་དང་བསྡུད་བ་དང་གནས་པའོ། །དེ་བཞིན་དུ་ཐིམ་པ་དང། ལོངས་སྤྱོད་པ་དང། དབང་དུ་བྱེད་པའི་རིམ་པས་སོ། ། ད་ཡང་རྩ་གཅིག་དོར་བ་ནི་ཐིན་པའོ། །གཅིག་ལ ་འཇུག་པ་ནི། །ལོངས་སྤྱོད་པའོ། །གཉིས་ཀའི་མཚམས་སུ་བྱེད་པ་ནི་དབང་དུ་བྱེད་པའོ། །དེ་བཞིན་དུ་སྤྱན་གསུམ་ཞེས་པ་ནི་ཞལ་གསུམ་ལ་སྤྱན་དགུའོ། །དེ་ལ་སྔོན་དུ་གསུངས་པའི་ནང་གི་བཅུད་ཀྱིས་ལེན་གྱིས་རྫས་དགུད་གུན་སྟོན་ལ་སོགས་པ་དུས ་དྲུག་ལས་བྱུང་བའི་འཇུག་པའི་ཕྱིར་རྩ་དགུ་ཨ་བ་དྷཱུ་ཏཱིའི་ནང་དུ་གཟུང། དེ་བཞིན་དུ་རྒྱན་ཀུན་ཞེས་བ་ནི་དེ་ལྟར་བྱས་ནས་རྣལ་འབྱོར་པའི་ལང་ཚོ་གཞོན་པ་ཕུན་སུམ་ཚོགས་པ་སངས་རྒྱས་ཀྱི་མཚན་གྱིས་བརྒྱན་པ་རྟག་ཏུ་གོམས་པའི ་ཕྱིར། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞེས་པའི་དོན་ཏོ། །དེ་ཡང་སྟག་གི་ཞེས་བྱ་བ་ལ་སོགས་པ་ནི། སྲོག་ལ་སོགས་པའི་རླུང་མན་ངག་གིས་འགོག་པ་ལ་གོམས་པའི་ཕྱིར། གཏུམ་མོ་སྦར་བར ་བྱའོ། །དེའི་པགས་པ་ཞེས་པ་ནི་རང་རིག་པའི་མཚན་ཉིད་ཅན་རེག་པའི་བདེ་བའོ། །དེ་དག་གི་ན་བཟའ་ཞེས་པ་ནི་གནས་དེར་དུས་ཐམས་ཅད་དུ་གནས་པའོ། །དེ་ལ་སྐུ་མདོག་དམར་པོ་ཞེས་པ་ནི་ཁམས་གསུམ་པ་དབང་དུ་བྱ་བའི་ཕྱིར་སྐུ ་དང། གསུང་དང་ཐུགས་ལས་བྱུང་བ་ཉིད་དེ། གང་གི་ཕྱིར་ཤིན་ཏུ་ཆགས་པ་རྒྱུན་ཏུ་འབབ་པའི་ཕྱིར་རོ། །གཟི་བརྗིད་ཆེ་ཞེས་པ་ནི་འབད་པ་དང་བཅས་པའི་བརྩོན་འགྲུས་སོ། །ཉི་མ་འཆར་ཀ་ཞེས་པ་ནི་སེམས་ཅན་ཐམས་ཅད་གཉིད ་དང་ལེ་ལོ་དང། རྨོངས་པ་དང་བརྩོན་འགྲུས་དམན་པ་དང་ལྡན་ལ་བདག་ཉིད་ནི། །ཐོ་རངས་སྣང་བ་གསལ་པས་ཁ་དོག་དམར་པོའི་འོད་དོ། །རྣལ་འབྱོར་པ་ཡང་སྤྲོ་བ་དེ་ཉིད་ཀྱིས་ན། དུས་ཐམས་ཅད་དུ་དེའི་རང་བཞིན་གྱི་སྦྱོར་བས་དམར ་བོར་སྣང་ངོ། །དེ་ཉིད་ཀྱིས་ན་གང་གི་རྨོངས་པ་འཆི་འགྱུར་བ། །དེ་ཡིས་མཁས་པ་གྲོལ་བར་འགྱུར་ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་ཕྱག་བཅུ་ཡང་དེ་རྣམས་ཀྱི་གཡོན་དང་གཡས་རྣམས་ཀྱི་རིམ་པ་བཞིན་མཚན་བརྗོད་དེ། ་རལ་གྲི་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་གཡས་ཀྱི་ཕྱག་ལྔ་རྣམས་ལ། རལ་གྲི་མདའ་དང་ཤ་ཆེན་པོ། །དེ་བཞིན་ཅང་ཏེའུ་ལྕགས་ཀྱུའོ། །གཡོན་པ་ཁ་ཊཱཾ་ག་དང་གཞུ། །ཐོད་པ་ཞགས་པ་དེ་བཞིན་འདིར། །ལྔ་པ་ཉིད་ནི ་ཨུཏཔ་ལ། །ལྷ་མོ་དེ་ནི་རྣམ་པར་སྤྲས། །འདི་རྣམས་ཀྱི་རྣམ་པར་དག་པ་གསུངས་པ། རལ་གྲི་འཛིན་པའི་སེམས་ཅན་རྣམས། །འདུལ་ཞིང་ཤེས་རབ་འཕེལ་བའི་ཕྱིར། །མངའ་ཡིས་སེམས་ནི་འབུགས་པས་ན། །ཤ་ཆེན ་པོ་ཡིས་རྒྱ་ཡིས་གདབ། །ཅང་ཧེའུ་ཐབས་ཉིད་ཡིན་ཏེ། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །ལྕགས་ཀྱུས་བདེ་བ་ཆེན་པོ་ནི། སྟག་ཏུ་འགུགས་པའི་བྱ་བ་བྱེད། །སེམས་ནི་ཁ་ཊཝཱཾ་ག་བཞིན་དུ། །ཆོས་རྣམས་ཉིད་ནི་མི་དམིགས་སོ། ། ་གཞུ་ནི་རྟག་ཏུ་སྒྲར་ཤེས་བྱ། །ཐོང་པའི་ཐིག་ལེ་ཡི་ནི་གདན། །ཞགས་པས་སེམས་ཅན་རྣམས་ཀྱིས་ནི། །ཡན་ལག་བཅུ་གཉིས་ཀུན་ནས་འཆིང། །ུཏཔ་ལ་ཡིས་ཡང་དག་པའི། །ཡེ་ཤེས་སྤྲོས་མེད་བརྗོད་མེད་པའོ། །ཁ་དོག་སྔོན་པོ ་དམར་རྣམས་པ། སྙིང་རྗེ་ཡི་ནི་གཟུགས་བསྙན་ཉིད། །དེ་བཞིན་དུ་གཡོན་བརྐྱང་བ་ལ་སོགས་པ་ནི་སྔོན་བཞིན་དུ་རྟོགས་པར་བྱ་ཞེས་པ་སྟེ་ངེས་པའོ། །བཅུ་དྲུག་པའོ།། །།དེ་བཞིན་དུ་གསུངས་པའི་མཚན་ཉིད་ཀྱིས་རྣམ་པ ་དང་བཅས་པའི་སྒོམ་པའི་ཕྱིར་སྒྲོལ་མས་སླར་ཡང་དབང་དུ་བྱེད་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྔགས་ཞེས་པ་ནི་ཡི་གེ་བཅུའོ། །ཞལ་གསུམ་པ་ཞེས་པ་ནི་སྔོན་དུ་གསུངས་པའི་སྒྲོལ་མའི་གཟུགས་སོ། ། ་ལྷག་མ་ནི་གོ་སླའོ།། །།བཅུ་བདུན་པའོ།། །།དེ་བཞིན་དུ་རྡོ་རྗེ་ཐོག་ལ་སོགས་པ་བཟློག་པའི་ཕྱིར་སྤྱོད་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དམ་པ་དང་པོ་ཞེས་པ་ནི་རྡོ་རྗེ་སེམས་དཔའ་ཨི་གཟུགས་ཏེ། ་དེ་ལྟ་བུར་གྱུར་པ་འདབ་མ་བརྒྱད་པའི་དབུས་སུ་ལྷ་མོ་བཞིས་ཡོངས་སུ་བསྐོར་བའི་བཅོམ་ལྡན་འདས་བསྒོམས་པར་བྱའོ། །དེ་ལ་བསྒྱིངས་མ་ཞེས་བྱ་བ་ལ་སོགས་པ་ནི་ཤར་གྱི་འདབ་མ་ལ་ནི་རྡོ་རྗེ་མཚོན་ཆ་མའོ། །ལྷོའི་འདབ ་མལ་རྡོ་རྗེ་ཀཱི་ལི་ཀཱི་ལའོ། །ནུབ་ཀྱི་འདབ་མ་ལ་རྡོ་རྗེ་རྩེ་མོའོ། །བྱང་གི་འདབ་མ་ལ་རྡོ་རྗེ་སྙིང་པོ་མའོ། །དེ་ལྟར་ཐམས་ཅད་ཕྱག་བཞི་མ་སྟེ། དེ་རྣམས་ཀྱི་མཚོན་ཆ་ལ་རྡོ་རྗེ་གཏོང་པ་ཞེས་པ་ནི་རྡོ་རྗེ་གསོར་བའོ། །དེ་ལྟ་བུར་གྱུར ་བ་ནམ་མཁར་བསྒོམ་པར་བྱའོ། །ལྷག་མ་ནི་གོ་སླའོ།། །།བཅོ་བརྒྱད་པའོ། །དེ་བཞིན་དུ་གསད་པ་ལས་གཤིན་རྗེའི་འཁྲུལ་འཁོར་གསུངས་པ། །དེ་ནས་བསད་པ་ཞེས་བྱ་བ་ལ ་སོགས་པ་ནི་འདིར་སྒྱུ་མ་གསུངས་མོད། །དེ་བཞིན་དུ་ཞི་བ་ལ་སོགས་པའི་འབྲས་བུ་གནས་པར་ཤེས་པར་བྱའོ། །ཇི་ལྟར་འབྲས་བུ་རྒྱུ་རྒྱས་བཏབ་དེ་བཞིན་དུ་འདིར་ཤེས་པར་བྱའོ། །གཤིན་རྗེའི་འཁོར་ལོ་རིམ་གསུམ་པ་བྱ ་སྟེ། དེ་ལ་ནང་གི་རིམ་པས་རེའུ་མིག་བརྒྱད་དོ། །དེའི་ཕྱིར་རུ་རྩིབས་བཅུ་གཉིས་ཏེ། དེ་ལས་རེའུ་མིག་བཅུ་བདུན་ལ་ཡ་ལ་སོགས་པ་ཡོ་ག་བཅུ་བདུན་དགོད་པར་འགྱུར་ཏེ། ནང་གི་འཁོར་ལོའི་ཤར་ལ་སོགས་པའི་གནས ་བཞི་རུ། །ཡི་གེ་བཞི་དགོང་ཏེ། དེ་ལ་ཀྵེ་མ་མེ་དའོ། །དེའི་དབུས་སུ་ཡའོ། །མཚམས་ཀྱི་ཆ་བཞིར་བསྒྲུབ་བྱའི་མིད་སྤེལ་བའི་སྔགས་ཧྲཱི(རྒྱུད་འགྲེལ་པ་གཡས་སྐོར་དུ་དགོད་དེ། །དེ་ཡང་ཨཙཱ་ནི་རཱ་ཙ་ས་དོ་རུ་ཎ་ཨོ་ནི་ར་ཞེས་པའི་ཡི་གེ་བཅུ་གཉིས་སུ་འགྱུར་རོ། །དེའི་ཕྱི་རོལ་ཏུ་རེ་མིག་བཅུ་དྲུག་བྱའོ། །དེ་རྣམས་ལ་ཤར་ལ་སོགས་པའི་རེའུ་མིག་རེ་རེ་བར་དུ་ཨོཾ་ཧྲཱི(རྒྱུད་འགྲེལ་བྱ་བ་ལ་སོགས་པ་ཡི་གེ་རེ་རེ་བྲི་བར་བྱའོ། །ལྷག་མ་བརྒྱད་ལ་བསྒྲུབ་བྱའི་མིང་དང་སྤེལ་བའི་སྔགས་བྲིའོ། །དེའི་ཕྱི་རོལ་ཏུ་སྔགས་ཀྱི་ཡི་གེ་ཕྱིན་ཅི་ལོག་ཏུ་བྲི་བ་ནི་མན་ངག་གོ་།དེ་ལྟར་འཁོར་ལོ་གཉིས་བྱ་སྟེ། གཅིག་ནི ་གཡས་སྐོར་དུ་བྲིའོ། །གཉིས་པ་ནི་གཡོན་སྐོར་དུ་བྲི་བ་ནི་ཐམས་ཅད་དུ་ངེས་པ་ཉིད་དེ། ལྷག་མ་ནི་སྔོན་དུ་གསུངས་པའི་ཆོ་ག་ཉིད་ཀྱིས་རྟོག་པར་བྱའོ། །གཞན་ཡང་ཞི་བ་ལ་སོགས་པའི་ལས་རྣམས་ལ་ཞི་བ་ལ ་མཛའ་ཨི་ཡ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་གོ་སླའོ། །བཅུ་དགུ་པའོ།། །།དེ་བཞིན་དུ་ཀུ་རུ་ཀུ་ལླེའི་སྦྱོར་བས་དབང་དུ་བྱེད་པ་གསུངས་པ། བུད་མེད་ཅེས་བྱ་བ་ལ་སོགས་པ་ལ། ཡང་ཞེས་པ་ནི་སྔོན་དུ་གསུངས ་ངའི་སྒྲོལ་མ་བཞིན་དུ་བསྒོམ་པའོ། །འོན་ཀྱང་རྣལ་འབྱོར་བ་ཀུ་རུ་ཀུ་ལླེའི་ང་རྒྱལ་དུ་བྱེད་པའོ། །ལྷག་མ་ནི་སྔོན་བཞིན་ནོ། །ཉི་ཤུ་པའོ།། །།ད་ནི་དུས་སུ་ཟིན་པ་བསླད་བའི་སྦྱོར་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ ་སོགས་པ་ལ། མིག་དག་གི་ཞེས་པ་ནི་མཛོད་སྤུ་ལས་སོ། །ལྷག་མ་ཉི་མ་གཟུང་བ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་ཉི་མ་གཟུང་བ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་ཕྱིའི་ལས་བྱ་བ་ལ ་སོགས་པ་ནི་ཕྱིའི་ལས་བྱ་བ་གསུངས་པ་ཐམས་ཅད་ནི་གོ་སླའོ། །འོན་ཀྱང་ནང་དུ་སྲོག་དང་ཐུར་སེལ་འགོག་པ་ཁུ་བ་དང་རྡུལ་དག་གཟུང་བར་བྱའོ། །དེ་ནས་ལྟ་སྟངས་ཕྱི་རུ་སྦྱར་བར་བྱ་ཞེས་པ་སྟེ་ངེས་པའོ། །ཉི་ཤུ་གཉིས་པའོ།། །། ་དེ་བཞིན་དུ་གཞན་གྱི་དཔུང་ཞེས་བྱ་བ་ལ་སོགས་པ་ནི་ནང་དུ་དགྲ་རྣམས་ནི་ཡི་གེ་ལྔ་བཅུ་རྣམས་སོ། །དེ་རྣམས་ཀྱི་མགོ་བོ་བཅད་པའི་ཕྱིར་འདི་བསྒྲུབ་པར་བྱའོ། །རྡོ་རྒྱུས་ཞེས་པ་ནི་ཨ་བ་དྷཱུ་ཏཱིའི་ནང་གི་བྱང་ཆུབ་སེམས་སོ། །དེ་ཕྱི་མ ་ཞེས་པ་ནི་དེ་ཐིམ་པར་བྱས་པའོ། །བདུད་རྩི་ལྔ་ཞེས་པ་ནི་དྲི་ཆེན་ལ་སོགས་པ་དེ་ཉིད་དུ་ཐིམ་པར་བྱའོ། །ཀུ་ཐར་ཚིནདྡུ་ཞེས་པ་ནི་ཨ་བ་དྷཱུ་ཧཱིའི་ཁོང་སྟོང་དོ། །དེ་དང་བསྲེས་ལ་ཞེས་པ་ནི་རིལ་བོ་གཅིག་ཏུ་གྱུར་པ་རི་ལུ་ཞེས་བྱའོ། ། ་དེ་བཞིན་དུ་རིལ་པ་སྦྱི་བླུགས་ཞེས་པ་ནི་མི་ཤིགས་པ་བདུད་རྩིས་གང་བྱའོ། །དེའི་སྐྱེ་བ་ནི་ཐུར་ཏུ་བལྟས་པའི་མགོའམ། བུ་གའི་གནས་སུའོ། །དེ་ལ་རི་མོ་བསྐོར་ན་ཞེས་པ་ནི་མི་འཛག་པར་འགྱུར་བའོ། །དེའི་ཕྱིར་ཡི་གེ ་བརྗོད་དུ་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་ཕྱི་རུ་ཡང་དེ་ཉིད་ཀྱི་ལྟ་བས་ཐམས་ཅད་བྱ་ཞེས་པ་སྟེ། ངེས་པའོ། །ཉི་ཤུ་གསུམ་པའོ།། །།དེ་བཞིན་དུ་ལྷ་རྣམས་དགས་པར་འདོང ་པས་ཐིག་ལེའི་བསྒྲུབ་པ་གསུངས་པ། ལྷ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་བཅིངས་པ་ཞེས་པ་ནི་སྔོན་དུ་གསུངས་པའི་མན་ངག་ཉིད་དོ། །རྟོག་པ་དང་པོའི་རབ་ཏུ་བྱེད་པར་ཡང་གསུངས་པའོ། །དེ་བཞིན་དུ་རྟོག་པ་བཅུ་གཅིག ་པ་ལས་ཀྱང་བསྟན་པར་བྱའོ། །དེ་བཞིན་དུ་རྡོ་རྗེ་མེ་ཏོག་ཅེས་པ་ནི་མཆོག་ཏུ་མི་འཛག་པའི་བྱང་ཆུབ་ཀྱི་མེ་ཏོག་གོ། དེ་ཉིད་ཀྱིས་ན་སྒྲུབ་པ་པོ་དེ་ཡང། ཀུ་ཐར་ཚིན་བྷ་དང་བསྲེས། ཞེས་པ་ནི་མི་རྒྱུའོ། །ཉི་མ་གཟས་ཟིན་པ་ཞེས་པ་ནི ་སྡུད་པའི་དུས་སུ་སྒྲ་གཅན་གྱི་རྩལ་འཇུག་པའོ། །མི་བསྐྱོད་པ་དང་སྟ་རེ་ཞེས་པ་ནི་གང་གི་ཕྱིར་འཁྲུག་བ་ནི་མི་བསྐྱོད་པ་སྟེ་མི་གཡོ་བའི་ཏིང་ངེ་འཛིན་ཞེས་པའི་དོན་ཏོ། །སྟ་རེ་ཞེས་པ་ནི་ཀུན་གཞི་རྣམ་པར་ཤེས་པ་ལྟ ་རེ་རྣོན་པོ་བཞིན་དུ་གྱུར་བ་དེ་ཉིད་ཀྱི་རྣམ་པར་རྟོག་པ་ཐམས་ཅད་གཅོད་པར་བྱེད་པའོ། །རྐང་པས་མནན་ཏེ་ཞེས་པ་ནི་རྐང་པའི་སྒྲས་ནི་དགའ་བ་བཞིའི་ལྷག་མ་ལྷན་ཅིག་སྐྱེས་པའི་དགའ་བ་གཟུང་སྟེ། དེས་མནན་པ་ནི ་སྟོང་པའི་སྟ་རེའོ། །དེའི་ཕྱིར་སྔགས་བཟླས་པ་ཞེས་པ་ནི་ཨོཾ་ལ་སོགས་པ་དུས་ཀྱི་ཡི་གེ་རྣམས་སོ། །དེས་ན་བརྗོད་པའི་དུས་ཀྱི་ཞེས་པ་སྟེ་ངེས་པའོ། །ཐིག་ལེ་ཞེས་པ་ནི་སྦྱོར་བ་འདིས་སྟོང་པ་ཉིད་ལ་ཞུགས་པའོ། ། ་སྟོང་པའི་སྟ་རེའོ། །དེའི་ཕྱིར་སྔགས་བཟླས་པ་ཞེས་པ་ནི་ཨོཾ་ལ་སོགས་པ་དུས་ཀྱི་ཡི་གེ་རྣམས་སོ། །དེས་ན་བརྗོད་པའི་དུས་ཀྱི་ཞེས་པ་སྟེ་ངེས་པའོ། །ཐིག་ལེ་ཞེས་པ་ནི་སྦྱོར་བ་འདིས་སྟོང་པ་ཉིད་ལ་ཞུགས་པའོ། ། ་གང་ལ་ཕྱག་བྱས་པ་ཞེས་པ་ནི་དངོས་པོ་གང་དང་གང་བྱུང་བ་དེ་དང་དེ་ཐམས་ཅད་དེ་བཞིན་ཉིད་དུ་ཞུགས་པས་ན་དེ་རྣམས་འཇིག་པའོ། །ཕྱི་རུ་ཡང་ལྷ་རྣམས་དགས་པ་ནི་དེ་ལ་བརྟེན་པའི་ཕྱིར་ཞེས་དགོངས ་སོ། །ཉི་ཤུ་བཞི་པའོ།། །།ད་ནི་སྤྲིན་རྣམས་ལས་ཆར་འབབ་པའི་ཆོ་ག་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཆོ་ག་བཞིན་ཞེས་པ་ནི། དུར་ཁྲོད་ཀྱི་ས་དང། སོལ་བ་དང་དུག་དང། སྐྱེ་ཚེ་ལ་སོགས་པ ་ལྡན་པས་བྱ་བའོ། །དཀྱིལ་འཁོར་བྲིས་ལ་ཞེས་པ་ནི་སྔོན་དུ་གསུངས་པའི་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་ཏེ། དེར་བདག་པོ་ནས་བརྩམས་ཏེ་དཀྱིལ་འཁོར་བ་ཡང་ངོ། །དེ་བཞིན་དུ་མཛའ་ཡས་མནན་པའི་དགྱེས་པའི་རྡོ་རྗེའི་གཟུགས ་བྲི་ཞེས་པ་ནི་སྒྲུབ་ཐབས་ཀྱི་རིམ་པས་བསྒོམ་པར་བྱའོ། ། རྫ་ཀ་ཞེས་པ་ནི་པ་ན་སའོ། །ལྷག་མ་ནི་གོ་སླའོ། ཉི་ཤུ་ལྔ་པའོ།། །།དེ་བཞིན་དུ་རླུང་ཆེན་པོ་དང་ཆར་ཆེས་པ་བཅད་པའི་ཕྱིར་སྤྲིན་རྣམས་བྲལ་བའི་ཆོ་ག ་གསུངས་པ། སྤྲིན་རྣམས་དྲལ་བར་འདོད་ན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཉི་ཤུ་དྲུག་པའོ།། །།དེ་ལྟར་ལས་ཚོགས་ཉི་ཤུ་རྩ་བདུན་གྱི་སྒྲུབས་ཐབས་གསུངས་ཏེ། ལྷག་མ་དྲུག་ནི་སྔོན་དུ་གསུངས་པའི་འཁོར ་ལོ་སུམ་ཅུ་རྩ་གཉིས་ཀྱི་སྐབས་སུ་ལྷ་རྣམས་ཀྱི་མཚན་གྱིས་བསྟན་ཏེ། ངེས་ན་འདིར་མ་གསུངས་སོ། །དེ་ལྟར་སུམ་ཅུ་རྩ་གཉིས་སུ་གྱུར་ཞེས་པ་ནི་མདོར་བསྡུས་པར་འགྱུར་རོ། །རྒྱས་པའི་གཞུང་སྣ་ཚོགས་པའི་དགོངས་པ་རྣམས ་བླ་མའི་ཁ་ལས་རྙེད་པར་འགྱུར་རོ།། །།ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་བདུན་པའི་མདོར་བསྟན་པ་གསུམ་གྱི་མཐར་སྣ་ཚོགས་སླར་བཤད་པའི་རྒྱ་ཆེར་འགྲེལ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པའི ་གཞུང་ལས་ལས་ཐམས་ཅད་ཀྱི་བསམ་གཏན་འབྱུང་བ་ལ་སོགས་པའི་རྟོག་པ་སྟེ། བཞི་པ་བསྟན་པའོ།། །།ད་ནི་དཔལ་རྡོ་རྗེ་དྲིལ་བུ་ལ་སོགས་པ་དེ་ཁོ་ན་ཉིད་བཞི་མ་རྟོག་པར་རྣལ་འབྱོར་པ་རྣམས་ཀྱི་དངོས་གྲུབ་ཆེས ་མྱུར་བར་མི་འཐོབ་སྟེ། དེའི་དབང་དུ་བྱས་པའི་རྟོག་པས་རྒྱངས་གསུངས་པ། མཚོན་བྱ་ཞེས་བྱ་བ་ལ་སོགས་པ་ལ། མཚོན་བྱའི་མཚན་ཉིད་ཅེས་པ་ནང་གི་མཚན་ཉིད་བཞི་དགོངས་པས་བཤད་པ་ཉིད ་ཀྱིས་མཚོན་པའི་སྐད་ཅིག་ཅེས་པ་བསམ་དུ་མེད་པ་སྟེ་མཚན་ཉིད་གང་གིས་མཚོན་པའི་མཚོན་བྱ་ནི་སྐད་ཅིག་གོ་།དེ་ཡང་དེ་ཉིད་བཞི་ཞེས་པ་ནི་འདིར་ཆོས་ཐམས་ཅད་ཀྱི་སྒྲུབ་པའི་མཛའ་ལ་གནས་པ་ནི། བཅོམ་ལྡན་འདས་ཏེ། ་འདིར་གྲུབ་པའི་མཐར་བདི་ཡང་མཛའ་བཞི་པོ་དེས་རྟོགས་པས་དེ་ཁོ་ན་ཉིད་དམ་པའི་དོན་མཐོང་བས་སངས་རྒྱས་རྡོ་རྗེ་འཛིན་པ་ལ་སོགས་པའི་གོ་འཕང་ཐོབ་པའོ། །དེ་མི་འཚལ་ཞེས་པ་ནི་འདིར་སོམ་ཉི་རྣམ་པ་གཉིས་བརྗོད་དོ། ། ་དེ་ལ་འདིར་གལ་ཏེ་རེ་ཞིག་རྟོག་པ་བདུན་པར་བཅོམ་ལྡན་འདས་ཀྱི་དེས་པར་བསྟན་ཏེ། ལས་ཐམས་ཅད་ཀྱི་བསམ་གཏན་འབྱུང་བ་ཞེས་པ་ལས་ཐམས་ཅད་ཀྱི་ཚོགས་རྣམས་དེ་ཉིད་བསམ་གཏན་ལས་བྱུང་བ་ཞེས་པ་ལྔ་པའི་དོན ་ལ་དང་པོ་སྟེ། དེ་བཞིན་དུ་དེ་རྣམས་བསམ་གཏན་ལས་བྱུང་བའི་ཕྱིར་རོ། །དེ་བཞིན་དུ་བསམ་གཏན་ཞེས་པའི་ཏིང་ངེ་འཛིན་གང་གིས་དངོས་པོ་གཡོ་བ་ཐམས་ཅད་འགོག་པའོ། །འོན་ཏེ་འབྱུང་བ་དང་འབྱུང་བ་ལས ་གྱུར་པའི་ཡེ་ཤེས་དེ་སྐྱེ་བ་གཞན་ཡང་ཉམས་སུ་མྱོང་བར་འགྱུར་ཏེ། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱི་ངེས་པ་སྐྱེ་བ་འདིར་སྔགས་ཀྱི་སྤྱོད་པ་རྟོགས་པའི་ཕྱིར་སངས་རྒྱས་ཉིད་དམ་རྡོ་རྗེ་འཆང་བ་ཉིད་དུ་འགྱུར་ན། དེའི ་ཆེ་ཇི་ལྟར་བཅོམ་ལྡན་འདས་ཀྱི་ལས་ཚོགས་ཀྱི་ཚུལ་གྱིས་སངས་རྒྱས་པ་དེའི་ཆེ་ས་བཅུ་གཉིས་པ་ཙམ་ལ་བརྟེན་ཏེ། ཐར་པ་འབྱུང་བ་ས་བཅུ་གསུམ་པ་ནི་མ་ཡིན་ནོ། །གང་གི་ཕྱིར་བསམ་གྱིས་མི་ཁྱབ་པའི་ས ་དེས་ན་བསམ་དུ་མེད་པའི་ཡེ་ཤེས་དེ་ཉིད་གཉིས་སུ་མེད་པ་བསམ་དུ་མེད་པའི་བསམ་དུ་མེད་པ་ཞེས་པའི་དོན་ཏོ། །དེའི་ཕྱིར་དེ་མེད་པའི་ཕྱིར་སངས་རྒྱས་ཉིད་ལ་སོགས་པར་མི་འགྱུར་རོ། །དེ་ལྟར་སོམ་ཉི་གཅིག་གོ་།དེ་བཞིན་དུ་གཉིས་པ ་བརྗོད་དོ། །འདིར་གལ་ཏེ་རེ་ཞིག་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་བསམ་གཏན་ལ་སོགས་གྲུབ། དེས་ན་ལས་ཀྱི་ཚོགས་ཀྱི་ཚུལ་གྱིས་སེམས་ཅན་གྱི་དོན་དང་སངས་རྒྱས་ཉིད་སྐྱེ་བ་གཞན་ལས་བཅུ་གཉིས་ལ་བརྟེན་པ་ལ་སོགས་པ་གྲང ་མེད་པས། སངས་རྒྱས་ཉིད་ལ་སོགས་པར་མི་འགྱུར་ན་དའི་ཚེ་ཡང་འགལ་ཏེ། དངོས་པོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་མར་མེ་བཞིན་མྱ་ངན་ལས་འདས་པའི་ཡེ་ཤེས་འཇུག་གོ་།དེའི་ཚེ་ངེས་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི ་ས་རྣམས་ལས་ཉམས་ཏེ། དེ་ལྟར་ཉམས་པས་ཉན་ཐོས་ལ་སོགས་པའི་སར་ལྟུང་ངོ། །དེ་ལྟར་ཕྱོགས་གཉི་ག་ལ་ཉེས་པར་འགྱུར་རོ། །དེའི་ཕྱིར་འདིའི་ཐབས་ཀྱིས་ཡེ་ཤེས་ཀྱི་ཕྱིར། དེ་ཁོ་ན་ཉིད་བཞིམ་གཏོགས་པར་བྱང་ཆུབ་མེད་ཞེས ་དགོངས་སོ། །དེས་ན་དེ་རྣམས་མི་འཚལ་ཞེས་སྦྱར་རོ། །དེ་བཞིན་དུ་བདེ་བ་ཆེན་པོ་བཤད་དུ་གསོལ་ཞེས་པ་ནི། བདེ་བ་ཆེན་པོ་ལས་བདེ་བ་ཆེན་པོ་ལྟ་བུ་བདེ་བ་ཆེན་པོ་བཤད་དུ་གསོལ་ཞེས་པའོ། །དེ་ཚེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པ་ནི། འཁོར་བ་ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་ཞེས་པ་ནི་རྡོ་རྗེ་སྙིང་པོ་ལ་བོད་པའི་ཕྱིར་རོ། །དེ་ཉིད་ཇི་བཞིན་ཞེས་པ་ནི་ཇི་ལྟར་ཕྱི་དང་ནང་གི་གོ་རིམས་བཞིན་རྡོ་རྗེ་སྙིང་པོ་ཁྱོད་ཉེན་ཞེས་སྦྱར་རོ། །དེ་ལྟར་བྱང་ཆུབ་མྱུར་ཆེས་པ་ཐོབ་པའོ། ། ་དེས་ན་འཁོར་བ་ཞེས་པ་ནི་འདོད་ཆགས་དང་ཞེས་པ་ལ་སོགས་པའོ། །དེ་ལས་སྒྲོལ་བ་ཞེས་པ་ནི་ཕ་རོལ་ཏུ་ཁྱེར་བའོ། །དེ་ཡང་མཚན་ཉིད་ཅེས་པ་ནི་འཆད་བཞིན་པའི་དགོངས་པས་བཤད་པ་ཉིད་བླ་མའི་མན་ངག་གིས་བཤད་པའི ་ཕྱིར་རོ། །འདི་རྡོ་རྗེ་ཤེས་བྱ་བ་ལ་སོགས་པ་ནི་འདིར་རྣལ་འབྱོར་པ་རྣམས་ཀྱི་བསམ་གྱིས་མི་ཁྱབ་པའི་སྒོམ་པ་ལ་དང་པོ་ཉིད་དུ་གཉིས་མེད་པ་མ་གཏོགས་པར་མི་འགྲུབ་པ་དེས་ན་དེ་བྱའོ། །དེ་ཡང ་དེ་ཁོ་ན་ཉིད་ཅེས་པ་ནི་བདག་ཉིད་ཀྱི་རྡོ་རྗེ་ལ་སོགས་པའི་དེ་ཁོ་ན་ཉིད་གཟུགས་ཀྱིས་ཐམས་ཅད་ཉེ་བར་མཚོན་པར་བྱ་བའོ། །དེས་ན་མཚན་ཉིད་ཀྱིས་མཚོན་པ་འགྲུབ་ཅེས་པའོ། །དེས་ན་ཕྱི་རུ་དེའི་རང་བཞིན་ཉིད་གཟུགས་བརྙན ་བཞིན་སྣང་གི་རང་གི་ངོ་བོ་ཉིད་ཀྱིས་ཕྱིའི་ལས་གྲུབ་པ་ནི་མ་ཡིན་ནོ། །དེའི་ཕྱིར་འདིར་ཆ་བརྗོད་དེ། གཙུག་ཏོར་ནས་ཀོ་སྐོའི་མཐར་ཐུག་པ་ནི། །དྲིལ་བུའི་སྟེང་གི་རྡོ་རྗེ་སྟེ། །རྩ་གཅིག་པ་ནས་དང་པོར་བཙམས་ཏེ་ཇི་སྲིད་བྱེ་བའི་རྩེ ་མོའི་བར་དུ་ཤེས་པར་བྱའོ། །དེ་ནས་ཀོ་སྐོ་ནས་མགྲིན་པའི་མཐར་ཐུག་པ་ནི་རྡོ་རྗེའི་འོག་གི་པདྨའོ། །དེའི་སྟེང་དུ་ནི་ཟླ་བ་དང་ཉི་མའོ། །འོག་ཏུ་ནི་རི་རབ་བོ། །དེ་བཞིན་དུ་ཟླ་བ་དང་ཉི་མ་ནི་ལྕེའི་རྩ་བ་ཉིད་དོ། །རི་རབ་ནི་རྒྱབ་ཀྱི་ཆའོ། ། ་དེ་བཞིན་དུ་མགྲིན་པ་ནས་སྙིང་ག་མཐར་ཐུག་པ་ནི་ཤེས་རབ་ཀྱི་ཞལ་ལོ། །དེ་བཞིན་དུ་སྙིང་ག་ནས་ལྟེ་བའི་མཐར་ཐུག་པ་ནི་བུམ་པ་གང་བའོ། །དེ་བཞིན་དུ་ལྟེ་བ་ནས་བརྩམས་ནས། ཇི་སྲིད་སྐྱེ་གནས་གྱི་མཐར་ཐུག་པ་ངེ་སིང ་ནི་དྲིལ་བུའི་སྦུབས་སོ། །སྐྱེས་གནས་དེ་ཉིད་ཀྱི་དབུས་ཀྱི་ལྟེ་བ་ནི་དྲིལ་བུ་བསྐྱོད་པའི་ལྕེའོ། །དེ་ཉིད་ལ་འདི་བརྗོད་དོ། །ཉོན་ཅིག་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས། རྡོ་རྗེ་འཛིན་རྒྱལ་པོ་ཞེས་པ་ནི་དྲིལ་བུ་དེ་ཁོ་ན་ཉིད་འདི ་ལ་རྣམ་པར་གནས་པ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱིས་མཛེས་ཤིང་འདིས་གསལ་བསན་རྒྱལ་པོའོ། །དེ་ལྟར་དྲིལ་བུ་ཙམ་མཚོན་པར་བྱེད་པ་རང་གི་ལུས་ཀྱི་བདག་ཉིད་ལ་སྦྱོར་བར་བྱའོ། ། ་དེས་ན་སེམས་ཀྱི་འཆར་བ་དང། ནུབ་པ་མེད་པར་འགྱུར་བའོ། །དེ་ཡང་མཚན་ཉིད་ནི་དྲིལ་བུའི་ཚུལ་གྱིས་ཕྱིར་ཞེས་སྦྱོར་རོ། །དེ་བཞིན་དུ་བཤད་པར་བྱ་བ་དེ་གསུངས་པ། ཤེས་རབ་ཅེས་བྱ་བ་ལ་སོགས་པ་ནི་འདིར་རང་གི་ལུས ་ནི་ཤེས་རབ་གྱི་དྲིལ་བུའི་གཟུགས་སོ། །དེ་ཡང་དཀྲོལ་བས་ཞེས་པ་ནི་དུས་ཐམས་ཅད་སྒྲ་ཙམ་ལ་བརྟེན་པས་སྨོན་ལཾ་ལས་སོགས་པ་སྔོན་དུ་འགྲོ་བས་སེམས་ཅན་རྫོགས་པ་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས ་པའི་རྣལ་འབྱོར་པ་སྒྲ་ཙམ་ཉིད་ལ་ཐིམ་པ་ཉིད་དོ། །དེ་ཡང་གང་དུ་དཀྲོལ་བ་ཞེ་ན་གསུངས་པ། དེ་ཁོ་ན་ཉིད་ཀྱིས་ཅེས་པ་ནི་འདིར་དེ་ཁོ་ན་ཉིད་ཀྱི་སྒྲ་ནི་ཕུང་པོ་ལྔ་ལ་སོགས་པའོ། །དེ་རྣམས་ཀྱི་དཀྲོལ་བ་ནི་སྒྲ་ཙམ་ལ་ཐམས་ཅད་ངེས་པར་ཐམ ་པར་འགྱུར་རོ། །དེའི་ཆཻ་ལྷ་རྣམས་ཐམས་ཅད་ཉན་འགྱུར་པ་ཞེས་པ་ནི། སྟོང་པ་གཉིས་མེད་པའི་ལྷ་རྣམས་ཞེས་པ་སྤྲུལ་པ་ལ་སོགས་པའི་སྐུ་བཞི་ལ་གནས་པའི་སངས་རྒྱས་ལ་སོགས་པ་དེ་རྣམས་ཀྱིས་རོ་གཅིག་པའི་ཕྱིར་ཉན ་ཞེས་པའི་ཚུ་ལོ། །དེ་ཉིད་ཀྱིས་ནམ་མཁའ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ་ལྷ་མོ་བརྒྱད་ཅེས་པ་ནི་སྒྲོལ་མ་ལ་སོགས་པ་བརྒྱད་དོ། །ས་བོན་རྣམ་པ་བརྒྱད་ཅེས་བྱ་བ་ལ་ས་བོན་ནི་ཡེ་ཤེས་ཀྱིས་ཁམས་སོ། །དེ་མི་འཛག ་པའི་ཕྱིར་ཡི་གེ་བརྒྱུད་དེ་ཐིག་ལེ་བརྒྱད་སྡོང་བུ་ལས་བྱུང་བའོ། །དེ་ལྟར་ཐིག་ལེ་རེ་རེ་ཡི་གེ་རེ་རེ་ཡང་རྣམ་པར་ཤེས་པ་བརྒྱད་ཀྱི་རིམ་པའི་ཕྱིར། །ཁམས་ནང་དུ་འདུས་པ་དེ་ཡང་ལྷའི་གཟུགས་ཀྱིས་མི་ཤིགས་པའོ། །འདིར་ཤར་དུ་ཞེས ་པ་ནི་ཤར་གྱི་ཐིག་ལེར་རླུང་གི་ཁམས་ཀྱི་ངོ་བོ་ཡེ་ཤེས་ཀྱི་རང་བཞིན་སྒྲོལ་མའོ། །དེ་བཞིན་དུ་མེ་དང་ཆུ་དང་ས་གོས་དཀར་མོ་དང་མཱ་མ་ཀཱ་དང་སྤྱན་མ་དཀྱིལ་འཁོར་བཞི་རྣམ་པར་དག་པ་ཡེ་ཤེས་ཀྱི་ཁམས་སུ་རྟོགས་པར་བྱ་ཞེས་པ་ནི་ངེས ་པའོ། །དེ་བཞིན་དུ་དེ་རྣམས་ལ་མདོག་མཛེས་ཞེས་བྱ་བ་ལ་སོགས་པ་ནི་སྤྱན་མ་ལ་སོགས་པའི་རྣལ་འབྱོར་མ་རྣམས་ཀྱིས་མཚམས་བཞིར་སྤྲོས་པ་སྐུལ་བྱེད་མ་དང་རིན་ཆེན་གློག་དང་ཁྲོ ་གཉེར་མ་དང། རྡོ་རྗེ་ལུ་གུ་རྒྱུད་མའོ། །དེས་ན་ཡང་གནས་དང་ཉེ་བའི་གནས་ན་གནས་རྣམས་ཀྱི་རིགས་བཞིའི་ཁྱད་པར་ལས་སྐྱེས་པའོ། །དེ་ལ་གནས་ནས་སྐྱེས་པ་ནི་མདོག་མཛེས་མའོ། །མངལ་མ་ནི་སྔགས་སྐྱེས་མའོ། ། ་སྡུག་མ་ནི་ཞིང་སྐྱེས་མའོ། །རྡོ་རྗེ་ཕྲེང་བ་ནི་ལྷན་ཅིག་སྐྱེས་མའོ། །དེ་ལྟར་འབྱུང་བ་དང་འབྱུང་བ་ལས་གྱུར་པའོ། །དེ་ཡང་རྣལ་འབྱོར་པ་བདག་གི་རང་བཞིན་ཇི་ལྟ་བུ་ཞེས་པའི་བདག་མི་ཤེས་སོ། །དེ་རྣམས་ཀྱི་སེམས་ནི་ཇི ་ལྟར་དྲིལ་བུའི་དབུས་ཁོང་སྟོང་བ་དེ་བཞིན་དུ་རྣལ་འབྱོར་པའི་ནམ་མཁའ་ཨི་དབུས་ཞེས་པ་ནི་སྙིང་དོ། །དེའི་ཕྱིར་ཏུ་གཟུགས་མཛེས་ཞེས་པ་སྤྲུལ་པའི་སྐུའི་གཟུཌ་ཙམ་མཛེས་པ་ཉིད་དོ། །ཡོན་ཏན་གྱི་ནི་གནས་ཞེས་པ་ནི། ཇི་ལྟར་ནམ ་མཁའ་ཡོན་ཏན་ཐམས་ཅད་རབ་ཏུ་རྫོགས་པ་དེ་བཞིན་དུ་རྣལ་འབྱོར་པ་ཡང་སྔོན་ནས་ཐིག་ལེ་སྟོང་པ་ཉིད་དོ། །དེ་བཞིན་དུ་དྲིལ་བུའི་སྟེང་དུ་པདྨ་རྒྱས་པའོ། །ནང་དུ་ཆོས་ཀྱི་དབྱིངས་ཀྱི་པདྨ་དེ་ལས་བྱུང་བ་གང་གི་ཚེ་དེའི་ཚེ ་གཟུགས་ཞེས་པ་ནི་དེ་རྣམས་ཀྱི་ལུས་ཀྱི་དངོས་པོ་མེད་དེ་འདིར་བཏགས་པའི་ཕྱིར་རོ། །འོན་ཀྱང་འདི་རྣམས་ཀྱི་གནས་སུ་ཞེས་པ་ནི་ལུས་ཤེས་རབ་བདུད་རྩིའི་བུམ་པ་བཞིན་ཞེས་པ་དྲིལ་བུའི་ཁ་བུམ་པ་བཞིན་གསལ་བ་དང་མི ་གསལ་བའོ། །ཇི་ལྟར་བདུད་རྩིའི་བུམ་པ་སེམས་ཅན་ཐམས་ཅད་ལ་ཕན་པ་བྱེད་པ་དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱི་གཟུགས་ཀྱི་གཟུགས་ཀྱད་དོ། །དེ་བཞིན་དུ་ཡེ་ཤེས་བདུད་གྱི་ནི་གནས་ཞེས་པ་ནི་ལྟེ་བའོ། །དེའི་ཞེས་པ་ནི ་ཨ་བ་དྷུ་ཏཱིའི་ཁྱད་པར་རོ། །གདན་ཞེས་པ་ནི་གནས་ཏེ། དེ་ལས་བྱུང་བའི་ཕྱིར་རོ། །དེ་ཡང་རྣལ་འབྱོར་མ་སྟེ། ཤེས་རབ་ཅེས་བྱ་བ་ལ་སོགས་པ་ནི། དེའི་ཚུལ་དུ་སེམས་ཅན་རྣམས་ཀྱི་འཇུག་པའོ། །གང་གི་ཕྱིར་གཟུགས ་མཛེས་པ་སྒྱུ་མ་བཞིན་ཡོན་ཏན་རྣམས་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་འདིར་ག་བ་སྟེ་གནས་པ་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་མི་ཤེས་པའོ། །དེ་བཞིན་དུ་སྟེང་གི་ཅེས་བྱ་བ་ལ་སོགས་པ་ལ། །ཇི་ལྟར་སྔོན་བཞིན་ཞེས ་པ་ནི། པདྨའི་ཆོས་ཀྱི་དབྱིངས་སོ། །རྡོ་རྗེ་ནི་རྡོ་རྗེ་འཛིན་ཆེན་པོའི་ས་བསམ་དུ་མེད་པའི་ཡེ་ཤེས་ཅེས་པའི་དོན་ཏོ། །དེ་བཞིན་དུ་དབུས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་ནང་དུ་སྒྲ་ཙམ་མོ། །འདིར་ཡེ་ཤེས་ཀྱི་གཟུགས་ཀྱི་ཨ ་བ་དྷཱུ་ཏཱིའི་ནང་དུ་དབུས་མ་ཡེ་ཤེས་ཀྱི་དབྱུག་པའོ། །དེ་ལ་གནས་པ་རྣམས་ཀྱི་བསམ་གྱིས་མི་ཁྱབ་པའི་རྣམ་པའི་རང་བཞིན་གྱིས་སངས་རྒྱས་ཀྱི་ཡེ་ཤེས་སོ། །དེ་དེ་རྣམས་ཀྱི་ཨཱ་ལི་ཀླ་ལི་ཞེས་པ་ནི་འབྱུང་བ་དང་འཇུག་པའོ། ། ་???་ན་རབ་སྦྱོར་བ་ཞེས་པ་ནི་སྔོན་དུ་གསུངས་པའི་ཐིག་ལེ་བརྒྱད་ཀྱི་དབུས་ནས་ཨ་བ་དྷཱུ་ཏཱི་རུ་གཞུག་པ་ནི། བསྐྱེད་ཅེས་པ་སྡུད་པའི་དུས་སོ། །དེའི་ཕྱིར་སྤྲོ་བ་ཞེས་པ་ནི་སངས་རྒྱས་ཐམས་ཅད་ཀྱིའོ། །གནས་བརྒྱད་ཅོས་པ་ནི་སྡོང་བུའི ་ཐིག་ལེ་བརྒྱད་རྣམས་ཀྱི་གཟུགས་ལས་ཞེས་སྦྱར་རོ། །དེ་ཉིད་ཀྱིས་ནི་སྤྲུལ་པའི་སྐུའི་ལུས་ཅན་རྣལ་འབྱོར་མའི་གཟུགས་ལ་བརྟེན་ཏེ། ཐམས་ཅད་ཅེས་པ་ནི་སེམས་ཅན་ཐམས་ཅད་དེ་འཁོར་བར་ཡང་དེ་རྣམས་ཉིད་གང་གི་ཕྱིར ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱིས་བསྒྲིབས་པ་དེ་རྣམས་གདོན་པའི་ཕྱིར། གང་ལས་འཁོར་བ་ལ་གཅོད་པའི་ཡིད་ཀྱི་བརྩོན་པ་དང་ལྡན་པ་དེ་ནི། འཁོར་བ་ཐམས་ཅད་གཅོད་པ་པོ་ཞེས་པ་རྣལ་འབྱོར་མའི ་གཟུགས་ཀྱིས་སངས་རྒྱས་དང་རྡོ་རྗེ་འཆང་བ་ཉིད་ཅེས་པའི་དོན་ཏོ། །ང་ནི་རྡོ་རྗེ་དང་དྲིལ་བུའི་རྒྱུ་དང་འབྲས་བུ་གསུངས་པ། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་འདིར་བྱི་དང་ནང་དུ་བཤད་དེ། འདི་ཡང་ནང་གི་དྲིལ་བུ ་འཛིན་ལྟར་ཕྱིའི་རྒྱུས་ཉེ་བར་མཚོན་པར་བྱའོ། །འདིར་ཐབས་ཞེས་པ་ནི་རྩོད་པའི་དུས་ཀྱི་སེམས་ཅན་ཆུང་དུ་འབྲིང་དང་ཆེན་པོ་རྣམས་ཐབས་སྣ་ཚོགས་པས། སངས་རྒྱས་པ་ཉིད་བཅོམ་ལྡན་འདས་ཀྱིས་བསྟན་ཏོ། །དེར་གསུངས་པ་དེའི ་དུས་སུ་གང་དག་ཆུང་ངུའི་སེམས་ཅན་དེ་དག་དྲིལ་བུའི་དེ་ཁོ་ན་ཉིད་ཀྱི་ཐབས་ཀྱིས་སངས་རྒྱས་ཉིད་དོ། །དེ་ཡད་ཐབས་ནི་དེའི་དབུས་ཉིད་དུ་ཞེས་པ་ནི་ཨ་དྷཱུ་ཏཱིའི་རྡོ་རྗེ་དྲིལ་བུ་སྡོན་དུ་གསུངས་པའི་མཚན་ཉིད་དོ། །དེ་བཞིན་དུ་ལག ་བཞེས་བྱ་བ་ལ་སོགས་པ་ནི་ནང་དུ་ལག་པའི་སྒྲ་ནི་སྲོག་དང་ཐུར་སེལ་ལོ། །དེ་ཉིད་བསྐྱངས་ནས་སུ་ཞེས་པ་ནི་ཨ་བ་བྷཱུ་ཏཱིར་བཅུག་པས་ཆོས་ཀྱི་དབྱིངས་སྟོང་པའི་མཚན་ཉིད་ཀྱི་ཕྱིར་རྒྱས་པར་འགྱུར་ཞེས་དགོངས་སོ། །པདྨ་ཞེས ་བ་ནི་ཡེ་ཤེས་ལྔའི་གཟུགས་སུ་བསྐྱེད་དེ་སེམས་ཅན་གྱི་ལུས་གྲངས་མེད་པར་བསྒྱུར་པའོ། །དེ་ཡང་དཀྱིལ་འཁོར་ལྔའི་རིགས་ལ་སོགས་པའི་རིགས་ལྔ་ཡིན་ནོ། །འོན་ཀྱང་གཡས་པར་ཉི་མ་ཞེས་བྱ་བ་ལ་སོགས་པ་ནི་གཡས ་ནས་རྒྱུ་བའི་ཕྱིར་ཉི་མའི་དངོས་པོ་ཡང་སྡུད་པའི་ཚུལ་གྱི་ས་ཤེས་རབ་བོ། །དངོས་པོའི་དབྱེ་བས་ཐབས་སོ། །དེ་བཞིན་དུ་གཡོན་ནས་ཟླ་བ་རྒྱུ་པའི་ཕྱིར་རོ། །སྤྲོ་བའི་ཚུལ་ཟླ་བའི་དངོས་པོ་ཐབས་ཏེ་དངོས་པོའི་དབྱེ་བས་ཤེས་རབ་བོ། །དེ ་བཞིན་དུ་དབུ་མ་ཡང་ཐབས་སུ་བཅོམ་ལྡན་འདས་ཀྱིས་བསྟན་ཏོ། །ལུས་ཅན་རྣམས་ཀྱི་ཞེས་པ་ནི་རང་གི་ལུས་དགྱེས་བའི་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་ལ་སོགས་པའི་རང་གི་འདོད་པའི་ལྷའི་གཟུགས་སུ་བསྒོམ་པར་བྱའོ། ། ་དེ་བཞིན་དུ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་ཆེན་པོ་རྣམས་ཀྱི་སྟེ་གཡོན་གྱི་སྒྲས་ནི་བཟློག་པ་སྣ་ཚོགས་པ་རྒྱས་པ་སེམས་ཀྱིས་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་ཞེས་བྱ་བ་ནི་ཕྱི་རུ་གཡས་སུ་དྲིལ་བུ་གཡོན་དུ་རྡོ་རྗེའོ། །སྒྲོ་བཏགས ་པ་ཞེས་པ་ནི་གཟུང་བར་བྱའོ། །དེའི་ཚེ་རྡོ་རྗེའི་གླུ་འདི་བརྗོད་པར་བྱ་ཞེས་པའི་དོན་ཏོ། །དེ་ལ་ཧཱུཾ་ཞེས་བྱ་བ་ལ་སོགས་པ་ལ། ཚུལ་གྱིས་ཞེས་པ་ནི་ཧཱུཾ་གི་དབྱངས་སོ། །སངས་རྒྱས་ཐམས་ཅད་ཅེས་པ་ནི་ཆོས་ཀྱི་སྐུའོ། །དེའི་ཆགས་པ་ནི་ཆགས ་བ་དེའི་རང་བཞིན་ཉིད་ཀྱི་ཕྱིར་ཞེས་དགོངས་སོ། །འདིར་སོ་ཧ་ཨི་ཞེས་བྱ་བ་ལ་སོགས་པ་ལ། སོ་ཧ་ཨི་ཞེས་པ་ནི་དེ་འདི་སྟེ་ཀྱེ་ཁྱོད་ཀྱིས་འདི་མཇོད་ཅིག་པའོ། །དེ་ཅི་ཞེ་ན་བཛྲེ་མུ་ལླ་ཨི་ཞེས་པ་སྟེ། རྡོ་རྗེ་གསོར་ཞིང་ཞེས་པའི་དོན་ཏོ། །གང་འདིར ་ཏ་རེ་ཨ་ཞེས་པ་ནི་སྲིད་པའི་རྒྱ་མཚོ་ལས་སྒྲོལ་བར་བྱེད་པའོ། །སད་ཏ་བི་མོ་ཁེ་ཡ་ཞེས་པ་ནི་སེམས་ཅན་རྣམས་ལ་ཡང། གྲོལ་བའི་ལམ་སྟེར་བའོ། །དེས་ན་ཧ་མ་བི་མོ་ཞེས་པ་ནི་མི་ཕྱེད་པའི་རྡོ་རྗེ་ཆོས་ཀྱི་སྐུ་རུ་ཚེས་ཉིད་ཀྱི་ཐར་པས་གྲོལ་བར ་འགྱུར་བའོ། །ཀ་ཛུ་བཛྲ་ཧཱུཾ་སར་ད་ར་ནཱུ་ཞེས་པ་ནི་བྱ་བ་འདིས་སྙིང་པོ་རྡོ་རྗེ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཟུང་ཞིག་པའོ། །དེ་བཞིན་དུ་ཕྱི་རུ་བརྗོད་པའི་སྔགས་གཡུངས་པ། ཧཱུཾ་ཞེས་བྱ་བ་ལ་སོགས་པ་ལ་ཤིན་ཏུ་དགའ་བས་བརྗོད་དེ། དབང་གི ་དུས་སུ་སློབ་དཔོན་གྱིས་སྦྱིན་ཏེ། སློབ་མས་ཀྱང་བརྗོད་ནས་གཟུང་བར་བྱའོ། །འདོད་པའི་ལྷ་མཆོད་པ་ལ་སོགས་པའི་དུས་སམ་ཞེས་པ་སྟེ་ངེས་པའོ། །ལྷག་མ་ནི་གོ་སླའོ། །འདིར་བསྡུས་པ་བརྗོད་དེ། ཨ་བ་དྷཱུ་ཏཱི་དྲིལ་བུ་འདི། །མིང་ཤིགས་པ ་ཡིས་བསྡུ་བར་བྱ། ཁམས་གསུམ་པ་ཡི་རང་བཞིན་ནི། །དེ་ནི་ཆ་གསུམ་པ་རུ་གྲགས། །འོག་གི་ཆ་ནི་ལ་ལ་ནཱ། ར་ས་ནཱ་ནི་སྟེང་དུ་སྦྱར། ཨ་བ་དྷཱུ་ཏཱིའི་དབུས་ཀྱི་ཆ། །ཡེ་ཤེས་དབྱུག་པར་ཡང་དག་ཉིད། །ཤེས་རབ་གདོད་ནི་འདིར་སྣང ་སྟེ། །ལྟེ་བའི་བུ་ག་དོག་བལྟས་པའོ། རྐན་ནི་མཚམས་ཀྱི་མདུད་པ་རུ། །བུམ་པ་ཏ་ཡི་རྣམ་པ་ཉིད། །རྩ་གསུམ་གྱི་ནི་ནང་རྣམས་སུ། །རྡོ་རྗེ་བཟླས་པ་དེས་རྡོ་རྗེ། །ཡི་གེ་གསུམ་དང་སྐུ་གསུམ་ཉིད། །ཐིག་ལེ་བརྒྱད་ནི་ཐིམ་པ ་ཅན། །ཐམས་ཅད་དུ་ནི་གྲོལ་བར་བྱེད། །ཕྱོགས་བརྒྱད་བརྒྱད་ཀྱིས་དབྱུག་ཚོད་ནི། །དྲུག་ཅུ་རྩ་བཞི་དུས་ཆེན་པོ། །སྒྲ་ཡི་ཆངས་པ་སྐུལ་བའི་ཕྱིར། །ཡི་གེ་སུམ་ཅུ་གཉིས་ཀྱི་རྩ། །ཀ་སོགས་མཐར་ཐུག་དེ་དེ་བཞིན། །དེ་རྣམས་དབུས་སུ་ཧ་ཡིག་ནི། ། ་ཐམས་ཅད་དུ་ནི་དགྲ་ཡིས་དགོངས། །དགའ་བ་བཅུ་དྲུག་རྐན་ཅན་གྱིས། །རྗེས་སུ་མཐུན་པ་ཡིས་ནི་བརྡུང། །དེ་ཡང་དབྱངས་སུ་ཡང་དག་བཤད། །སྲོག་ནི་བཅུ་དྲུག་པོ་རྣམས་ནི། །འཕོ་བ་བཅུ་དྲུག་པོ་འདི་རྣམས། །འགག་པའི་དུས་ཀྱི་མཚམས ་སུ་སྟེ། །དེ་རུ་འདས་པར་ཡང་དག་བཤད། །ཐིག་ལེ་སྒྲ་ནི་མཚོན་པར་བྱེད། །ཐིག་ལེ་བརྒྱད་དུ་དེ་ཤེས་བྱ། །སྒྲོལ་མ་ལ་སོགས་བརྒྱད་དུ་གྲགས། །དེ་ལྟར་དྲིལ་བུ་ཁམས་གསུམ་པ། །གཅིག་གི་གཟུགས་སུ་རྟག་ཅེས་བྱ། །སྒྲ་ནི་སྒྲ་ཡིས་བརྗོད ་བའི་ཕྱིར། །སྣ་ཚོགས་དོན་ནི་བྱེད་པ་ཉིད། །སེམས་ཅན་གཟུགས་ཀྱང་དེ་ཉིད་དུ། །ཆོས་ཀྱི་སྐུ་ཉིད་བརྗོད་མེད་ཕྱིར། །རྡོ་རྗེ་མི་ཕྱེད་པ་ཡི་གཟུགས། །རྡོ་རྗེ་སེམས་དཔའ་དྲིལ་བདག་ཉིད། །དེ་ལྟར་བསྟན་པ་ཐམས་ཅད་ནི། །རྣལ་འབྱོར་པ་ཡིས་རྟག ་ཏུ་བསྒོམ། །བསམ་དུ་མེད་པའི་ཆོས་ཉིད་འདི། །རྟག་ཏུ་རྒྱུ་དང་འབྲས་བདག་ཉིད། །འདི་བཞིའི་དེ་ཉིད་ཆེན་པོ་ནི། །སྒྲུབ་ལ་བྱང་ཆུབ་སྟེང་བྱེད་པ། །བདག་གིས་མདོ་རུ་བསྡུས་ཏེ་བཤད། །རྒྱས་པ་གཞན་དུ་ཤེས་པར་བྱ། །ཞེས་པ་དེ་དེས ་པའོ།། །།ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་བའི་རྟག་པ་བརྒྱད་པའི་རྡོ་རྗེའི་དྲིལ་བུ་ལ་སོགས་པའི་དེ་ཁོ་ན་ཉིད་ཀྱི་རབ་ཏུ་བྱེད་པའི་རྒྱ་ཆེར་འགྲེལ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ལས་དད་པོ་བསྟན་པའོ།། །།ད་ནི ་བགྲང་ཕྲེང་དང་སྔགས་བཟླས་པ་ལ་སོགས་པའི་རབ་ཏུ་བྱེད་པ་བསྟན་པའི་ཕྱིར། །ཡང་དག་ཆོ་ག་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཞེས་བྱ་བ་ནི། རྡོ་རྗེ་སྙིང་པོ་ལ་བཅོམ་ལྡན་འདས་ཀྱིས་བོད་པའོ། །སོགས་པའི་སྒྲས་ནི་ཞི་བ་ལ་སོགས་པའི་སྔགས ་བཟླས་པ་བསྡུའོ། །འབྲས་བུ་གནག་ཅེས་པ་ནི། །ལུང་ཐང་ལ་སོགས་པའོ། །ཐམས་ཅད་ཉིད་ཅེས་པ་ནི་ཧཱུཾ་སྟེ། དེས་བྱིན་གྱིས་བརླབས་ཅེས་པའི་དོན་ཏོ། །སྡིག་པ་ཞེས་པ་ནི་མཛུབ་མོའི་སྟེང་དུ་བགྲེང་བའོ། །གཞན་ཐམས་ཅད་ནི་གོ་སླའོ། །དེ་བཞིན ་དུ་ཕྲེང་སྔགས་བཟླས་པའི་དེ་ཁོ་ན་ཉིད་ཀྱི་བསྒོམ་པ་གསུངས་བ། སྒྲུབ་པ་པོས་ཞེས་བྱ་བ་ལ་སོགས་པ་ནི། དེ་ཁོ་ན་ཉིད་ཅེས་པ་ནི་འཆད་བཞིན་པ་ཉིད་དོ། །དེས་ན་ཐམ་ཅད་ཅེས་པ་ནི་ཞི་བ་ལ་སོགས་པའི་སྔགས་བཟླས་པའོ། །དེའི་ཕྱིར་བཤད་པའོ། ། ཁ་རུ་ཀུ་རུ་ན ་ཞེས་པ་ནི་མཆོག་ཏུ་མི་འགྱུར་བའི་རྒྱུས་སོ། །དེ་བཞིན་དུ་ཏ་ཏྟཱ་ཞེས་པ་ནི་དེ་ཁེ་ན་ཉིད་དག་པ་འདིས་ཏེ་སོ་ཧི་ཡ་ཞེས་པ་ནི་སྦྱངས་བའོ། །དེ་ཅི་ཞེས་ན་བཱ་ཞེས་པ་ནི་ཐམས་ཅད་སྟོང་པ་འོད་གསལ་བའི་ཡེ་ཤེས་ཏེ་དེ་ཉིད་སྔགས་སྤས་པའི་ཕྱིར་ཏེ། ་གང་གི་ཕྱིར་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཡིན་པས་སི། །བི་སྦ་རུ་ག་ཎ་ཨི་ཞེས་པ་ནི། བགྲང་པའི་རིམ་གྱིས་ཐིག་ལེ་ཉེ་བར་མཚོན་པར་བྱ་ཞེས་པ་སྟེ། གང་གི་མཆོག་ཏུ་མི་འགྱུར་བ་འགྲུབ་ཅེས་པའི་དོན་ཏོ། །དེ་ཉིད་ཀྱིས་ན་ཨ་ས ་ཁ་ཨ་ལེ་ཁུ་ཞེས་པ་ནི་གྲངས་མེད་པའི་བགྲང་བས་མཚོན་པས་ཐིག་ལེ་སྟོང་པ་འགྲུབ་པའོ། །དེས་ན་སི་ཛ་ཨུ་ཛོ་ཨི་ནི་སྭ་ཧཱ་རུ་ཞེས་པ་ནི་རྣལ་འབྱོར་མའི་སྙིང་པོ་ཞེས་པ་ནི་རྣལ་འབྱོར་མའི་སྙིང་པོ་འགྲུབ་སྟེ། རྣལ་འབྱོར ་མའི་ཡེ་ཤེས་བྱེ་བ་ཕྲག་བརྒྱད་ཅུའི་ཉེ་བར་སྤྱོད་པའི་ཐིག་ལེའི་སྟོང་པ་ལས་ཉིན་མཚན་དུ་དཔའ་བོ་དང་རྣལ་འབྱོར་མའི་རང་གི་ལུས་འགྲུབ་པར་འགྱུར་ཞེས་དགོངས་སོ། དེ་ལྟར་ཡང་རང་གི་སེམས་ཀྱི་སྨོན་ལམ་གྱིས་ཨོཾ་ཞེས་བྱ་བ ་ལ་སོགས་པ་ནི་ཨོཾ་ཞེས་པའི་ཚིག་གིས་གང་བཇུག་པའི་ཕྱིར་ཡེ་ཤེས་ཆེན་པོར་འགྱུར་རོ། །སརྦ་པུདྡྷ་ཞེས་པའི་ཚིག་གིས་ནི་ཧཱུཾ་གསུམ་དེ་བཞིན་དུ་ཨ་ཧཾ་ཞེས་པའི་ཚིག་གིས་ནི་ཧོ་གསུམ་མོ། །དེ་བཞིན ་དུ་བྷ་བ་དེ་ཞེས་པའི་ཚིག་གིས་ནི་ཡ(རྒྱུད་འགྲེལ་དོ། །དེ་བཞིན་དུ་ཧཱུཾ་གསུམ་གྱིས་འཇུག་པ་དང་གནས་པ་དང་ལྡང་བ་རྣམས་ལ་ཐམས་ཅད་དུ་ཁྱབ་པར་བྱེད་པ་ནི་སེམས་འདིའོ། །དེ་ལྟར་བགྲང་ཕྲེང་སྦྱངས་པས་སེམས་དག་གོ། དེ་ཉིད་དེ་ཁོ་ན་ཉིད་དེ་དག་པའོ། །དེས་ན་ཐིག་ལེའི་གཟུགས་རྣམས ་རྣལ་འབྱོར་མ་སྟེ། དེ་རྣམས་སྣ་ཚོགས་པ་དེ་ལ་དེ་སྐད་ཅེས་བྱའོ། །དེས་ན་བགྲང་ཕྲེང་ཞེས་བྱ་བ་ལ་སོགས་པ་ནི་ལས་གང་འདོད་པ་དེ་ཐམས་ཅད་འགྲུབ་པར་བྱ་ཞེས་པའི་དོན་ཏོ། །དེ་རྣམས་ཀྱི་ངེས་པའི་ཚིག་ནི་སྔོན་དུ་གསུངས་སོ། །དེ ་ཡང་མི་གསལ་བ་ཞེས་པ་ནི་མི་གསལ་བ་དེ་རིང་བ་ཉིད་དུ་བྱས་ནས་འགྲུབ་ཅེས་པའི་དོན་ཏོ། །དེ་ལྟར་ཡང་གསུངས་པ། ཡི་གེའི་དངོས་དང་དངོས་པོ་རྣམས། །ཐམས་ཅད་སྟོང་པར་མི་འགྱུར་བ། །མཆོག་ཏུ་མི་འགྱུར་སྤྱོར་པ་ཡིས། ། ་ལས་རྣམས་ཐམས་ཅད་བསྒྲུབ་པར་བྱའོ། །ཕྲེང་བ་དང་ནི་སྔགས་དག་ནི། །གང་གི་སྦྱོར་ཐབས་ཤེས་པར་བྱ། །ཉི་མ་ཟླ་བ་འཇུག་པའི་ཕྱིར། །ནམ་མཁའ་ཨི་རྣམ་པའི་ངོ་བོ་ཉིད། །རྣལ་འབྱོར་མ་ཡི་ཆོགས་རྫོགས་པ། །སྔགས་ཀྱི་བཟླས་པ ་ཡིས་ནི་རྫོགས། །སྒྲུབ་པ་པོ་ལས་དེ་བྱུང་ཕྱིར། །མཆོག་འདི་ཉིད་ཀྱང་སྟེར་བར་འགྱུར། །སྔགས་ཀྱི་བཟླས་པའི་སྦྱོར་བ་ཡིས། །ཕྱག་རྒྱའི་དངོས་གྲུབ་གཞན་དུ་མིན། །དེ་ཉིད་དག་པ་ཡིས་ནི་སྦྱངས་པ་མཆོག་ཏུ་མི་འཛག་མི་གཡོའི ་ཕྱིར། །གཞན་དུ་དངོས་པོ་ཉིད་དུ་འགྱུར། །སེམས་དང་སེམས་བྱུང་མཚན་ཉིད་ཕྱིར། །དེས་ནི་རྡོ་རྗེ་རྣལ་འབྱོར་བའི། །རྟགས་སུ་དངོས་གྲུབ་བདེ་བ་མིན་ཞེས་པ་སྟེ་ངེས་པའོ། །ད་ནི་ཀུན་རྫོབ་ཏུ་རྣལ་འབྱོར་པ་རྣམས་ཀྱི་སྔགས་བཟླས་པའི་དུས་སུ་སྐད ་ཅིག་ཐམས་ཅད་དུ་རྣམ་པ་དང་བཅས་པའི་སྒོམ་པར་བརྗོད་དེ། །ཡེ་ཤེས་ཞེས་པ་ལོགས་པ་ལ། ཡེ་ཤེས་ཆེན་པོ་ཞེས་པ་ནི་ལས་དང་པོ་པས་སྔོན་དུ་གསུངས་པའི་རིམ་པས་བསྒོམ་པ་བྱས་པས་རབ་ཀྱི་མཐར་ཐུག་པས་ལུས་དང་དག་དང ་སེམས་ཀྱིས་ཡེ་ཤེས་ཆེན་པོ་ཉིད་ཐོབ་པའོ། །དེས་ན་ཡེ་ཤེས་དེ་ཉིད་ཅེས་པ་ནི་ཀུན་??་ཏུ་ཡེ་ཤེས་ཀྱི་རྣམ་པ་དང་གི་ལུས་རྣམ་པར་སྣང་མཛད་ཀྱི་ཆ་བྱད་ཀྱི་གཟུགས་སུ་བསྒོམ་པར་བྱའོ། །དེས་ན་དེའི་ཁྱད་པར་ཅན་དུ་འགྱུར་རོ། དེ་བཞིན་དུ ་མཉམ་པར་བཞག་པས་ཅེས་བྱ་བ་ལ་སོགས་པ་ལ། འཁོར་ལོ་ཞེས་པ་ནི་དངོས་པོ་ཐམས་ཅད་རོ་གཅིག་པའི་ཚུལ་གྱིས་མཚོན་པར་བྱའོ། །མཉམ་པ་ཉིད་ཅེས་པ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སེམས་ཀྱི་ཁྱད་པར་ཉིད་དོ། ། ་དེའི་ཕྱིར་ཟླ་བ་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་ས་བོན་ཞེས་བྱ་བ་ལ་ཧཱུཾ་ཞེས་པའམ་ཨོཾ་ཞེས་པས་སོ། །ཅིག་ཅར་ཞེས་པ་ནི་ཤེས་རབ་དང་ཐབས་ཀྱི་རིམ་པ་འདིས་གང་སྔགས་ཀྱི་ཡི་གེ་རྣམས་ལྷ་མོའི་ཞལ་ནས་བྱུང་ནས་རང་གི ་ཁར་ཞུགས་པ་དེའི་ཚེ་རྡོ་རྗེའི་ལམ་ནས་ལྷ་མོའི་པདྨར་ཞུགས་པའོ། །ཡང་ལྷ་མོའི་ཞལ་ནས་བྱུང་སྟེ། རིམ་པ་འདིས་རྒྱུན་མི་འཛད་པར་བཟླས་པ་ནི་དོན་གཅིག་གོ། གཞན་ཡང་ཅིག་ཅེར་ཞེས་པ་ནི་ཕྱིའི་ཕྱག་རྒྱ་མ་ལོ་བཅུ་གཉིས་མ ་བསྟེན་པ་སྟེ། ཇི་སྲིད་དུ་ཁུ་བ་དང་ལྡན་པ་དེ་སྲིད་དུའོ། །དེའི་ཚེ་བདག་ཉིད་ཀྱང་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་བྱང་ཆུབ་ཀྱི་སེམས་སོ། །ཕྱག་གཉིས་ཅེས་པ་ནི་སྲོག་དང་རྩོལ་བདག་གཟུང་བར་བྱའོ། །སྙིང་གར་ཞེས་པ་ནི། སྟེང ་དང་འོག་གི་སྲོག་དག་སྙིང་གའི་གནས་སུ་ཕྲད་བར་བྱེད་པའོ། །བརྩིར་བར་བྱ་ཞེས་པ་ནི་ཐིམ་པར་འགྱུར་ཅེས་སྦྱར་རོ། །དེས་ན་ཡང་ཁ་དོག་དཀར་པོ་ཞེས་བྱ་བ་ལ་སོགས་པ་ནི་དེའི་དངོས་པོའི་རང་བཞིན་འབྱུང་བའོ། ་དེའི་ཕྱིར་དེ་རྣམས་བུད་མེད་ལས་ཁུ་བ་འབྱུང་བས་ལག་པ་ཞེས་བྱ་བ་ལ་སོགས་པ་ནི་པདྨའི་ལག་པ་སྦྱིན་ཏེ། རིམ་པ་འདིས་སྲོག་དག་སྔོན་དུ་འགོག་པའི་ཕྱིར། སླར་ཡང་སྤྲོ་བའོ། །བསྐོར་ཞེས་པ་ནི་བསྐྱོད་པར་བྱའོ། །མཁའ་འགྲོ་མའི ་དེ་བདེ་བ་ཞེས་པ་ནི་སྔོན་དུ་བསྒྲུབ་པའི་བྱང་ཆུབ་ཀྱི་སེམས་དེའི་པདྨར་གནས་པའོ། །དེ་ཡང་ཨཱ་ལི་ཞེས་བྱ་བ་ལ་སོགས་པ་ནི་སྲོག་དང་ཐུར་སེལ་རོ་གཅིག་པའི་དངོས་པོའི་ཕྱིར་རོ། །ཧཱུཾ་ཞེས་པ་ནི་ཧཱུཾ་གི་རྣམ་པ་བརྗོད་པའི་ཕྱིར། རྡོ་རྗེས་ལྕགས ་ཀྱུ་བཞིན་བྱང་ཆུབ་ཀྱི་སེམས་དགུག་པར་བྱའོ། །དེ་བཞིན་དུ་སྐུད་པས་ཞེས་པ་ནི་དེ་ཉིད་ཀྱི་སྐུད་པ་ཞེས་པ་ཨ་བ་དྷཱུ་ཏཱིའི་བུ་གའི་ལམ་དུའོ། །གདབ་པར་བྱ་ཞེས་བ་ནི་མི་ཤིགས་པར་བརྗོད་པ་དེར་ཁྱེར་པའོ། །དེའི་ཁྱེར་བརྟན་པར་འགྱུར་ཏེ། ། ་སྲད་བུ་བཞིན་དུ་ཞེས་པའོ། །དེ་བཞིན་དུ་འདི་ཡི་ཞེས་པ་ནི་མཆོག་ཏུ་མི་འཛག་པའི་ས་བོན་གྱིས་དེའི་སྒོམ་པ་དུས་ཐམས་ཅད་དུ་མི་འདོད་ཞེས་པའི་དོན་ཏོ། །དེས་ན་རྣལ་འབྱོར་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལས་ཀྱི་ཕྱག་རྒྱ་ལ་སྦྱོར་བས་ཕྱག་རྐྱ་ཆེན་པོ་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དུ་བསྟན་པའི་ཕྱིར་རོ། །དེ་ཡང་གསུངས་པ། ལས་ཀྱི་ཕྱག་རྒྱའི་སྦྱོར་བ་ཡིས། །ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བྱ། །བཅུ་གཉིས་ལོ་ལོན་དཔེ་མེད་མ། །ཤེས་རབ་ཆེན་མོ་བསྟེན་པར་བྱ། །བུད ་བ་ལ་སོགས་བྱེད་པ་ཡིས། །ཇི་སྲིད་ཁུ་བ་ལྡན་འགྱུར་བར། །ལག་གཉིས་སྙིང་གི་དབུས་བཞག་སྟེ། །བདག་ཉིད་ཀྱིས་ཀྱང་དེ་བཞིན་གཟུང། །ཕྱི་ནང་ཁུ་བ་དགུག་བྱ་བ། །པད་ལས་རྡོ་རྗེ་ལམ་ནས་ནི། །རྐན་གྱི་བུ་ག་རུ་ནི་འདྲེན། །སྔགས ་ཀྱི་བཟླས་པ་མི་འཛག་པ། །དེ་ཉིད་ཀྱིས་ན་སངས་རྒྱས་ཉིད། །ཕྱག་རྒྱ་ཆེ་ལ་ཉེ་བར་གནས། །གོམས་པའི་དུས་སུ་དེ་ཉིད་ཀྱིས། །སྐྲ་དཀར་གཉེར་མ་ལ་སོགས་སྤངས། །ཞེས་པ་སྟེ་དེས་པའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་བརྒྱད་པའི ་རབ་ཏུ་བྱེད་པ་གཉིས་པའི་སྔགས་བཟླས་པ་ལ་སོགས་པའི་རྒྱ་ཆེར་འགྲེལ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བའི་གཞུང་མདོར་བསྟན་པ་སྟེ་གཉིས་པའོ།། །།ད་ནི་རྩོད་པའི་དུས་ཀྱི་དབང་གིས་སེམས་ཅན་རྣམས་ཤིན་ཏུ་གཏུམ ་བའི་ལས་ལ་སྤྱོད་པ་དེས་ན་རྫོགས་པའི་རྣལ་འབྱོར་པ་རྣམས་ཀྱང་ལས་བཟང་པོར་མི་འགྱུར་ཏེ། གང་གི་ཕྱིར་རང་གི་སེམས་ཀྱི་དངོས་པོ་ཐམས་ཅད་མཐོང་བས་དེའི་རང་བཞིན་དུ་འགྱུར་རོ། །དེའི་ཕྱིར་ལམ་བཟང་པོ་ནས་མྱུར་པར་གོང་དུ་བརྗོད་པའི ་ཕྱིར། གོང་དུ་འཕོ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཞེས་པ་ནི་རྡོ་རྗེ་སྙིང་པོ་ལ་འབོད་པའོ། །སྦྱོང་མཚན་ཉིད་ཨེཅེས་པ་ནི་རྩ་རྣམས་ཀྱི་ནང་རྣམས་སུ་དེ་རྣམས་ཐིམ་པར་བྱས་ནས་སོ། །དེ་ཅིའི་ཕྱིར་ཞེ་ན། འདིར་གང་གི་ཕྱིར་གོང ་དུ་མི་འཕོ་བ་དེའི་ཚེ་དེར་ཐིམ་པ་སྟེ། སྒོ་གཞན་གྱི་ལམ་ན་སམ་ཡིན་ཞེས་པའོ། །དེ་བཞིན་དུ་ལམ་བཟང་པོ་ཞེས་པ་ནི་གཞན་བྱིས་པའི་སྐྱེ་བོའི་རང་གི་བློ་ཀུན་ཏུ་བརྟགས་པ་ནི་མ་ཡིན་ནོ། །དེས་ན་ཇི་བཞིན་ཞེས་པ་ནི་ཇི་ལྟར་གོ་རིམས་བཞིན་མི ་འགྱུར་ཞེས་སྦྱར་རོ། །དེའི་ཕྱིར་བདག་གིས་ཡེ་ཤེས་ཀྱིས་ཇི་ལྟར་མཛེས་པ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་ཡང་འཆད་བཞིན་པ་ལས་བཤད་པར་བྱའོ། །ད་ནི་འཆི་བའི་མཐར་དེའི་དངོས་པོ་ལ་གཞན་གྱིས་ཀུན་ཏུ་བརྟགས་པའི ་ལམ་ལ་སྲོག་འབྱུང་བས་འགྲོ་བ་བསྟན་པའི་ཕྱིར། སྒོ་དགུ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚད་མ་ཞེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་ཚིག་གོ། འོན་ཀྱང་མུ་སྟེགས་པ་ལ་སོགས་པའི་བརྟགས་པའི་གོང་དུ་འཕོ ་བ་ལ་སྐྱོན་བརྗོད་དེ། སྦྱོར་བ་ཞེས་པ་ནི་དེ་རྣམས་ཀྱི་རང་གི་འདོད་པའི་ཐིག་ལེའི་གནས་སུ་སོད་བས་ཐར་པར་འདོད་པའོ། །དེ་ནི་མ་ཡིན་ཏེ་སྦྱོར་པ་ཉམས་པའོ། །ཡང་ན་དེ་ཉིད་ཀྱི་སྦྱོར་བས་འགྲུབ་ན་དེའི་ཚེ་བཟད་དོ། ། ་འོན་ཀྱང་མི་ཤེས་པའི་ཕྱིར་ཏེ་མི་ཤེས་ཏེ། དེའི་ཚེ་སྲོག་གཟིར་བས་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །དེས་ན་སྒོ་དགུ་ནས་སྲོག་འགྲོ་སྟེ་ངེས་པ་མེད་པས་སོ། །དེ་ལྟར་དེ་རྣམས་ཀྱིས་མ་ནི་ལམ་ངན་པར་བརྗོད་དོ། །ལམ་བཟང ་བོ་ཞེས་བྱ་བ་ལ་སོགས་པ་ལ། ཐིག་ལེ་ཞེས་པ་ནི་མཛོད་སྤུའོ། །སྟེང་ཞེས་པ་ནི་སྤྱི་བོའོ། །སོགས་པའི་སྒྲས་ནི་ཁ་གཟུང་ངོ། །གྲུབ་པའི་ལྷ་ཞེས་པ་ནི་རལ་གྲིའི་རིག་པ་འཛིན་པ་ལ་སོགས་པའོ། །སྲིད་བའི་སྒོ་ཞེས་པ་ནི་ཁའོ། ། ་འཕོ་བ་ཞེས་པ་ནི་འཕོ་བའི་ཕྱིར་རྣམ་པར་ཤེས་པ་འ་ཕོ་བར་བརྗོད་དོ། །གཞན་ནི་གོ་སླའོ། །དེས་ན་འདིར་ལྟར་སྒོ་བ་ཞེས་བྱ་བ་ལ་སོགས་པ་ནི་འདིར་རྒྱལ་རྣལ་འབྱོར་ཕུལ་དུ་མ་སོང་བ་རྣམས་རྒན་པར་འགྱུར་བའམ། ཡང་ན་དུས་མ ་ཡིན་པར་འཆི་བའི་མཚན་མ་མཐོང་བ་དེའི་ཚེ། དེ་ཡང་གདན་བཞི་པ་དང། རྡོ་རྗེ་མཁའ་འགྲོ་ལ་སོགས་པར་གསུངས་པའི་ཕྱིར། དེ་རྣམས་ལས་རྟོགས་པར་བྱའོ། །དེའི་ཕྱིར་སྒོའི་བྱེ་བྲག་ཅེས་པ་ནི། འདོད་པའི་དབང་གིས་ལྟེ་བ་ལ ་སོགས་པའི་སྒོ་རྣམས་ལས་གོང་དུ་འཕོ་བར་བྱ་ཞེས་སྒྱར་རོ། །དེ་བཞིན་དུ་ཡང་རྒྱུན་མི་འཆད་པར་གོམས་པ་ཤིན་ཏུ་བཐད་བའི་གོང་དུ་འཕོ་བའི་མཚན་ཉིད་བསྟན་པ་གསུངས་པ། མ་གཟིར་བ་ཞེས་བྱ་བ་ལ་སོགས་པ་ནི ་འཆད་བཞིན་པ་ལས་གསུངས་པའི་ཕྱིར་རོ། །རིམས་ལ་སོགས་པས་མ་གཟིར་བའི་རྣལ་འབྱོར་པ་དེ་ལ་དེ་སྐད་ཅེས་བྱའོ། །དེས་ན་བུམ་པ་ཅན་ཞེས་བྱ་བ་ལ་སོགས་པ་ནི་དང་པོའི་ཏིང་ངེ་འཛིན་གྱིས་བུམ་པ་ཅན་གྱི་སྦྱོར ་བ་ལ་གོམས་པར་བྱའོ། །ངེས་ན་སྒོ་རྣམས་ཐམས་ཅད་དེ་བཞིན་དུ་འགྱུར་རོ། །དེ་བཞིན་དུ་སྒྲོགས་པ་ལྔ་ཞེས་བྱ་བ་ལ་སོགས་པ་ནི་མཆོད་རྟེན་གྱི་སྒྲས་སྔོན་དུ་གསུངས་པའི་སྒོ་རྣམས་ལ་བརྩེགས་པའི་ཡི་གེ་རྣམས་དགོད་པ་སྟེ། སྒོ་སོ ་སོ་ལ་ཡི་གེ་ལྔ་པོ་རེ་རེའི་ཡི་གེར་འགྱུར་ཏེ། །ཁམས་ལྔའི་མིང་ཅན་རླུང་ལྔའི་བདག་ཉིད་ཅེས་པའི་དོན་ཏོ། །དེས་ན་ཡང་སྒོ་རེ་རེ་ལ་རྩ་ལྔ་རབ་ཏུ་ཕྲ་བ་སྒྲོགས་པ་ལྔར་ཤེས་པར་བྱ་སྟེ། དེའི་རྣམ་པའི་ཡི་གེ་སྦྱོར་བའི་དུས་སུ་བརྗོད་པས ་རྩ་བ་ཐམས་ཅད་ལ་གནས་པར་འགྱུར་རོ། །དེའི་ཚེ་ཡི་གེ་འདི་ཉིད་ཀྱི་རྣམ་པ་བརྗོད་པའི་ཕྱིར་ཞེས་གསུངས་སོ། །དེ་ལ་འོག་གི་ཞེས་བྱ་བ་ལ་སོགས་པ་ནི་དེ་ལ་ཞེས་པ་ནི་སྒྲོགས་པ་ལྔའི་སྒྲའོ། །དེ་རྣམས་ལ་ཡི་གེ་བརྒྱད་དམ་དྲུག་རིམ ་པ་བཞིན་དགོད་ཏེ་དེས་ན་མཆོད་རྟེན་བཞིན་དེ་རྣམས་ཀྱི་ནང་དུ་ཡང་འཇུག་པས་ན་མཆོད་རྟེན་གྱི་ཡན་ལག་གིས་ས་བོན་གྱིས་དེ་ཉེ་བར་མཚོན་པའི་ཕྱིར། སྲོག་སྤས་པའི་ཡི་གེ་བརྗོད་པའི་ཕྱིར་ཞེས་པ་སྟེ་ངེས་པའོ། །དེའི་སྒོ་ཡི་ས ་བོན་ཧ་ཞེས་པ་ནི་??་གི་ཆ་བྱང་དུ་བདུད་རྩི་རྒྱུན་འབབ་པ་ཁ་དོག་དཀར་པོ་ཆུ་བཞིན་དུ་གཙུག་ཏོར་ནས་རྐད་པའི་མཐེ་བོའི་མཐར་ཐུག་པར་ཟླ་བའི་གཟུགས་སུ་རང་གི་སེམས་བལྟ་བའོ། །ཆུ་དང་ཞེས་བྱ་བ་ལ་སོགས་པ་ལ་ཆུ་ནི་འགྲོ་བའི ་ཚུལ་གྱི་ཕྱིར་ལས་ཀྱི་རླུང་ངོ། །དེའི་ཐིམ་པས་ན་མི་འགྲོ་བའི་ཚུ་མིན་འཆི་བའི་བར་དུ་མི་འབྱུང་བ་དེ་ནི་དབྱིབས་ཀྱི་རླུང་སྟེ། ཆུའི་ནང་གི་ལམ་ནས་རྒྱུ་བའོ། །དེ་གཉིས་ཀའི་སྦྱོར་བས་མེའི་ས་བོན་འཇིག་རྟེན་པ་ལས་གྲགས་པའི་དའོ། །དེ་ཡང ་ཡང་དག་སྦྱིན་པ་ཉིད་ཀྱིས་ཨར་འགྱུར་ཏེ། དེའི་ཆ་གཉིས་ཀྱི་ཕྱིར་ཆུ་མིན་ནི་རའོ། །ཆུ་ནི་ཏའོ། །དེའི་ཕྱིར་ར་མེའི་ས་ཡིན་གྱི་ཕྱིར་འབར་བ་བཞིན་ཞེས་བར་སྤོམ་པ་ཕྱགཱོ། །ཏ་ཡ་དངོས་པོའི་དབྱེ་བས་མེ་འཇུག་པར་འགྱུར་ཏེ་མེ་དེ་ཉིད་ལ་ཐིམ་པར ་འགྱུར་པ་ནི་མེ་ལྷ་ཞེས་དགོངས་སོ། །དེའི་ཕྱིར་མེ་གཞན་ཞེས་པ་སྟེ་ངེས་པའོ། །སྦྱོར་བ་འདིས་ནི་སྒོ་དགུ་རྣམས་འགོག་པར་འགྱུར་རོ། །དེ་བཞིན་དུ་ཤིན་ཏུ་མཉམ་པར་བཞག་པའི་རྣལ་འབྱོར་པ་ཞེས་པ་ནི་རྣམ་པར ་ཤེས་པའོ། །དེའི་སྔོན་ཞེས་པ་ནི་ཏིང་ངེ་འཛིན་རྩོམ་པའི་དུས་སུ་དབུས་ལ་དང་པོ་ཉིད་དུ་འདི་བྱ་ཞེས་གསུངས་པ་ལུས་ནི་རླུང་གི་ཞེས་བྱ་བ་ལ་སོགས་པ་ནི་འདིར་ཀུན་ག་ཞི་རྣམ་པར་ཤེས་པ་ལ་རང་གི་ལུས་གནས་པ་དེའི་ཚེ་རླུང ་གི་རྣམ་པར་ཤེས་པ་བསྒོམ་པར་བྱའོ། །དེས་ན་བརྫུས་ཏེ་སྐྱེས་པ་གཟུགས་མེད་པའི་ཁམས་བཞིན་ནོ་ཞེས་སྦྱར་རོ། །དེ་བཞིན་དུ་རླུང་གི་དཀྱིལ་འཁོར་བསམ་པར་བྱ་ཞེས་པ་ནི་དྲི་ཟའི་སེམས་ཅན་བཞིན་རླུང་གི་དཀྱིལ་འཁོར་གྱི་རྣམ་པ ་བསམ་མོ། །གང་གི་ཕྱིར་རྣམ་པར་ཤེས་པ་དེ་ལ་བརྟེན་པས་སོ། །དེའི་ཕྱིར་བསམ་ཞེས་པ་ནི་སེམས་ལས་བྱུང་བ་ཡེ་ཤེས་ཞེས་པའི་དོན་ཏོ། །དེ་བཞིན་དུ་རླུང་གི་དཀྱིལ་འཁོར་བ་གང་གིས་གང་དུ་ཅི་བྱེད་ཅེ་ན། གསུངས་པ། རླུང་གི་ས་བོན ་རྩ་བ་ནི་ཞེས་བྱ་བ་ལ་སོགས་བ་ལ། རྩ་བ་ནི་དབྱིབས་ཀྱི་རླུང་ངོ། །དེ་ཉིད་ཀྱི་འོག་སྟེ། མཛའ་མ་ནས་སྟེང་དུ་འགྲོ་བ་ནི་ལས་ཀྱི་རླུང་ངོ། །དེ་ཉིད་ཀྱི་མི་ཤིགས་པ་ལ་རེག་པ་དེའི་ཚེ་སྣ་ལ་སོགས་པའི་བུ་གནས་བྱུང་ངོ། །འདིར་ཡང་སྦྱོར་བ ་འདི་བྱ་སྟེ། ས་བོན་ཞེས་པ་ནི་ཨོཾ་ཧཱུཾ་ཞེས་པའི་ས་བོན་གཉིས་ཀྱི་འོག་དང་སྟེང་དུ་གནས་པ་འཇུག་པ་དང་འབྱུང་བའི་ཕྱིར་རོ། །རླུང་གི་ས་བོན་དེ་ཉིད་ཀྱི་དབུས་སུ་སྔོན་དུ་གསུངས་པའི་རླུང་གི་དཀྱིལ་འཁོར་ཨའི་མིང་ཅན་ནོ། །དེ་ཡང ་ཐིག་ལེ་སྒྲ་ཞེས་བྱ་བ་ལ་སོགས་པ་ལ་ཐིག་ལེ་ནི་གཙུག་ཏོར་དུའོ། །སྒྲ་ནི་ལྟེ་བ་དང་རྐང་བའི་མཛའ་ལ་ཐུག་པ་དེ་དང་ལྡན་པས་སྟེང་འོག་ནས་དགུག་ཅིང་ལྟ་བ་ནང་དུ་སྦྱར་ཏེ་ཇི་སྲིད་ཨ་བ་དྷཱུ་ཏཱིར་ཞུགས་ཀྱི་བར་དུའོ། །དེ་ཉིད་སེམས་ཀྱི ་ས་བོན་གྱིས་ཞེས་པ་ནི་དྲི་ཟའི་སེམས་ཅན་གྱི་རྣམ་པའི་བག་ཆགས་ཙམ་གྱིས་སོ། །གཞན་དུ་རླུང་ལ་བརྟེན་པའི་རྣམ་པར་ཤེས་པ་དེ་དང་བྲལ་བའི་ཕྱིར་ལས་ཉིད་དུ་སུ་ཞིག་བྱེད་པར་འགྱུར། དེའི་ཕྱིར་སེམས་ཀྱི་ས་བོན་གྱིས་ཞེས་སྨོས ་ཏེ། དེ་ཉིད་ཀྱང་དེ་ཁོ་ན་ཉིད་གང་གིས་འགུགས་ཞེས་ན་གསུངས་པ། རྡོ་རྗེའི་ས་བོན་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་འཆང་གི་ས་བོན་ནི་དགོངས་བཤད་གཞན་གྱིས་ཧཱུཾ་དུ་གཟུང་ངོ། །དེ་ཡང་སྟེང་དུ་གནས་ནས་འོག་ཏུ་བལྟས་པའོ། །དེ ་བཞིན་དུ་དྲག་པོའི་ས་བོན་ཞེས་པ་ནི། ཨོཾ་སྟེ་འོག་ཏུ་གནས་ནས་སྟེང་དུ་བལྟས་པའོ། །ཡང་ན་སུམ་དང་ཀཱཾ་ཞེས་པ་དག་སྟེ། འདི་གཉིས་ཀྱི་དབུས་མ་གོ་བོ་གཉིས་ཀྱི་སྟེང་དུ་ཡཾ་གི་ས་བོན་གཉིས་ཐིག་ལེ་དང་སྒྲའི་བདག་ཉིད་ཀྱི་ཕྱིར་ཞེས་དགོང་སོ།། ་དེ་ལྟར་ཐིག་ལེ་དང། སྒྲ་དང། ཡཾ་གཉིས་ལྕགས་ཀྱུ་བཞིན་སྦྱར་ཏེ། ལྕགས་ཀྱུ་བཞིན་ཞེས་པ་ནི་ད་ལྟར་ཡང་ཡི་གེ་གཉིས་རྡོ་རྗེ་དྲག་པོའི་གནས་ཀྱིས་སྙིང་ནས་འགུགས་པར་བྱེད་དོ། །སྙིང་གི་གནས་དེ་ཉིད་གོང་དུ་ཤེས་པར་བྱའོ། །གང ་ཕྱིར་དུས་ཀྱི་རྣམ་གྲངས་ཀྱི་སྙིང་སྣ་ཚོགས་པར་འགྱུར་ཏེ། རླུང་རྣམས་འཕོ་བའི་ཕྱིར། ཞེ་ན་གསུངས་པ། ཉི་ཤུ་རྩ་ཞི་ཞེས་བྱ་བ་ལ་སོགས་པ་ནི་པུ་ལླི་ར་མ་ཡ་སོགས་པ་གནས་དང་ཉེ་བའི་གནས་ལ་སོགས་པའི་སྤྱི་བོའི་གནས་ནས་པུས ་མོའི་མཐར་ཐུག་གནས་དེར་འགུགས་པ་དེ་དེ་ལྟར་སྙིང་དུ་གསུངས་སོ། །དེ་ཉིད་ཀྱིས་ན་གནས་གང་ཞེས་རྡོ་རྗེ་སྙིང་པོས་ཞུས་པར་བརྗོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། གོང་གི་གནས་ཞེས་པ་ནི་ལམ་གྱི་ཆག ་སྟེ། པུ་ལླིར་ལ་སོགས་པ་གནས་ཉི་ཤུ་རྩ་བཞི་རུ་བཞག་སྟེ། དེ་ཡང་ཚོགས་དགུ་ཞེས་པ་ནི་སྒོ་དགུའི་སྟེང་དུ་སོང་བའི་སྲོག་ལ་སོགས་པ་དགུག་པ་བྱ་བའོ། །གང་གིས་ཤེ་ན་གསུངས་པ་འགྲོ་དད་ལྡོག་ཅེས་བྱ་བ་ལ་སོགས ་པ་ནི་འདིར་སྔོན་དུ་གསུངས་པའི་རྡོ་རྗེ་ཅན་དྲག་པོའི་ས་བོན་གྱིས་དགུག་པའོ། །དེའི་ཡང་བྱེད་པ་འགྲོ་བ་ཞེས་པ་ནི་ཧཱུཾ་ངོ། །ལྡོག་ཅེས་པ་ནི་ཨོཾ་ཏེ། དེ་དང་སྲོག་དང་ཐུར་སེར་ལ། དེ་ཡང་ས་བོན་གཉིས་སྦྱངས་ཏེ ་ཡི་གེ་ཕྱེད་དང་གཉིས་ཁོང་ནས་བརྗོད་པའི་ཕྱིར་རོ། །དེ་ཡང་དྲག་པོའི་སྒྲས་ཞེས་བྱ་བ་ལ་སོགས་པ་ལ་དྲག་པོ་ནི་ཕྲད་པའི་ཕྱིར་སྡུད་པའི་དུས་སོ། །དེ་ན་སྒྲ་དེ་ཉིད་སྦས་ཏེ་གཞན་ནི་མ་ཡིན་ནོ། །དེའི་སྐད་ཅིག་ལ་ཅི་ཞིག་བརྗོད་པར་བྱ་ཞེས་ན ་གསུངས་པ། བརྒྱད་ཀྱི་མཛའ་ཞེས་བྱ་བ་ལ་སོགས་པ་ནི་ཧའོ། །འི་སྡེའི་རྗེས་སུ་ཀའི་སྡེ་ཀའི་ཕྱེད་དེ། །ཧི་ཀ་ཨ་ཧི་ཀ་གཉིས་ཀྱིས་འོག་དང་སྟེང་དུ་ལྕགས་ཀྱུ་བཞིན་དགུག་པར་བྱ་ཞེས་པ་སྟེ་ངེས་པའོ། རྩ་བར་རླུང་གི་དཀྱིལ་འཁོར་ཞེས་བྱ་བ་ལ ་སོགས་པ་ནི་གོ་སླའོ། །དེ་བཞིན་དུ་རྣལ་འབྱོར་པའི་ཞེས་བྱ་བ་ལ་སོགས་པ་ནི་དབུགས་འབྱུང་བ་དང་འཇུག་པ་དག་གི་ས་བོན་གཉིས་ཀྱིས་སྟེང་གི་ས་བོན་གཉི་སྟེང་དང་འོ་གཟིར་བར་བྱ་ཞེས་པ་ནི་ལས་དང་དབྱིབས་གཉིས་??བར་བྱའོ། །དེས་ན་རྣལ་འབྱོར་པ་ཞེས་པ་ནི ་སངས་རྒྱས་དང་མཚུངས་ཏེ་བཟོད་པའི་ཕྱིར་རོ། །དེ་བཞིན་དུ་འབྲལ་དུ་འཕོ་ཞེས་པ་ནི་སྦྱར་བ་འདིས་གོང་དུ་འཕོ་སྟེ། རྟག་ཏུ་གོམས་པ་ལས་འགྱུར་ཞེས་དགོངས་སོ། །ཡང་ན་རྣལ་འབྱོར་པ་རྣམས་ཀྱི་སྡིག་པ་ཐམས་ཅད་འཕྲལ་དུ་འདག་པར ་འགྱུར་ཏེ་དེ་ཡང་འཆད་བཞིན་པ་དང་བྲལ་བའོ། །ད་ནི་གོང་དུ་འཕོ་བའི་འབྲས་བུ་དང་ཉེས་པ་གསུངས་པ། ལྷ་དང་ཞེས་བྱ་བ་ལ་སོགས་པ་ཆོས་འཁོར་དང་གཙུག་ལག་ཁང་འཇོམས་པ་དང་བྲམ་ཟེ་གསོད་པ་དང། དེ་བཞིན་དུ་ཕ་དང། ་མ་དང། བླ་མ་དང། དགྲ་བཅོམ་པ་གསོད་པའི་མ་ཚམས་མེད་པ་ལྔ་བྱེད་པ་དང་སྡིག་པའི་བློས་དགེ་བ་དང་བ་མིན་པ་དང་མི་དགེ་བ་འཇུག་པ་དང། ཆོམ་བོ་ཡང་མ་རིག་པའི་དབང་གིས་ཏེ་འདོད་པ་ལ་སོགས་པའི་ཉེ་བའི་ལོངས་སྤྱོད་ལ ་ཆགས་པ་དང་སྡིག་པའི་བ་ཤེས་ཀྱིས་གཟུང་བ་སྡིག་པའི་སྐྱེས་བུ་རྣམས་ཀྱིས་ནི་མི་འགྲུབ་སྟེ། དེ་ལྟ་སྨོད་ཀྱི་སྐྱེས་པ་གང་དག་འདི་ཡིས་ཞེས་པ་ནི་ཆོས་པོ་ལ་སོགས་པའི་སེམས་དང་མ་བྲལ་བ་དེ་རྣམས་ཀྱང་ལམ་གྱི་ཁྱད་པར་གྱིས་ཡང ་དག་པར་གོང་འཕྲོ་བས་བདེ་བར་གཤེགས་པ་སངས་རྒྱས་རྡོ་རྗེ་འཆང་ལ་སོགས་པ་ཐོབ་པར་འགྱུར་རོ། །སྡིག་པ་ལ་སོགས་པ་ཞེས་པ་ནི་ལྷ་གསོད་པ་ལ་སོགས་པའི་ཉེས་པ་དེས་གོས་པ་མ་ཡིན་ནོ། །དེ་ལ་སྲིད་པའི་དངོས་པོ་རིང་བ་ཉིད་དུ་མི ་འགྱུར་རོ། །ཅི་སྟེ་གལ་ཏེ་འགྱུར་ན་དེའི་ཚེ་སྐད་ཀྱི་ཐེམ་པའི་རིམ་པ་བཞིན་རིགས་ན། དེ་ཇི་ལྟར་སྡིག་པའི་བདག་ཉིད་ཅན་གྲོལ་བར་འགྱུར། དགེ་བ་བཅུ་ལ་སོགས་པའི་ལས་ཀྱི་ལམ་རྣམས་བསྟན་པའི་ཕྱིར། དེའི་ཚེ་དགེ་བ་བཅུའི་ལམ་ལ ་སོགས་པ་རྣམས་གཟུང་བས་གྲོལ་ལོ་ཞེ་ན་གསུངས་པ། ཇི་ལྟར་འདམ་ཞེས་བྱ་བ་ལ་སོགས་པ་ནི་འོན་ཀྱང་དུས་གང་དུ་འཕོ་བ་དང་ཉེ་བའི་དུས་དེར་རང་གིས་སེམས་དང་ལྷར་སྦྱངས་པའི་ཕྱིར། དགེ་བ་བཅུ་ལ་སོགས་པའི་ལས་ཀྱི་ལམ ་མངོན་དུ་བྱེད་དོ། །དེ་ལ་དཔེ་ནི་བདག་གི་སྡིག་པ་ནི་འདམ་བཞིན་ཏེ། དེ་ལས་བྱུང་བའི་པདྨ་དྲི་མ་མེད་པ་མཛོས་པ་བཞིན་ཡེ་ཤེས་ཀྱི་ལུས་དྲི་མ་མེད་པ་དེ་ལྟར་སྡིག་པ་ཕྱིས་སྤངས་པའི་ཕྱིར་ཇི་སྐད་གསུངས་པ་བཞིན་དུ་བྱེད་དེ། སྡིག ་པའི་སྐྱེས་བུ་ཉིད་སྡིག་པ་མེད་པར་འགྱུར་ཏེ། ལམ་བཟང་པོ་ནས་གོང་དུ་འཕོ་བའི་མཚན་ཉིད་ཀྱིས་སོ། །འོན་ཀྱང་དེའི་དུས་སུ་རྣམ་པར་ཤེས་པ་ཉིད་ཀྱི་དེའི་རང་བཞིན་དུ་འགྱུར་ཏེ། སྔོན་གྱི་རང་བཞིན་རྣམས་ཉིད་དུ་འགྱུར་པ་ནི་མ་ཡིན་ནོ།། ་དེའི་རིགས་ཀྱི་ཕྱིར་སྐྱེ་བ་གཞན་རྣམས་ལ་དེ་ཉིད་ཀྱིས་གདུལ་བའི་བྱ་བ་བྱེད་དེ། བདག་ཉིད་གྲུབ་པའི་ཕྱིར་ཞེས་དགོངས་པའོ། །ལྷག་མ་ནི་གོ་སླའོ། །མདོར་བསྡུས་པའོ། །རྒྱས་པ་ནི་རྟོག་པ་ལྔ་པའི་རབ་ཏུ་བྱེད་པ་གསུམ་པར་གསུངས་པ ་སྟེ། དེར་སྒྲུབ་པ་པོས་ཤེས་རབ་བྱའོ། །བདག་གིས་ཀྱང་དེ་ཉིད་དུ་བསྡུས་པའི་ཚིག་སུ་བཅད་པ་སྣ་ཚོགས་པས་བསྟན་ཏོ། །ད་ནི་སྔོན་དུ་གསུངས་པའི་གོང་དུ་འཕོ་བ་ལས་གོམས་པའི་དུས་སུ་རྣལ་འབྱོར་པ ་བསྒྲུབ་བྱ་ད་ལྟར་བྱུང་བ་རྣམས་ཀྱི་བསྒོམ་པ་གསུངས་པ། རྣལ་འབྱོར་བསྒྲུབ་བྱ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་སྙིང་པོ་ཁྱོད་དེ་བཞིན་དུ་གོ་རིམས་ཇི་ལྟ་བ་དེ་ཁོ་ན་ཉིད་འཆད་བཞིན་པ་དེ་ཉོན་ཞེས་སྦྱར་རོ། །དེ་ཡང་རྣམ་པ་དང་བཅས་པའི ་སྒོམ་པ་ཉིད་ཀྱིས་ཡེ་ཤེས་མཁའ་འགྲོ་མའི་གཟུགས་སུ་བསྐྱེད་དེ། དེས་ན་རྣལ་འབྱོར་པ་བདག་ཉིད་ཀྱི་གཟུགས་འཆད་བཞིན་པ་ལས་དཀྱིལ་འཁོར་གྱི་འཁོར་ལོ་བཤད་དེ། དེ་ཡང་སྔོན་དུ་གསུངས་པའི་རྟོག་པ་གསུམ་པའི་རབ་ཏུ་བྱེད་པ ་གཉིས་པ་དེར་ཤེས་པར་བྱའོ། །དེ་ལྟར་གསུངས་པའི་མཚན་ཉིད་ཐམས་ཅད་སྔོན་བཞིན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འོན་ཀྱང་དེ་རྣམས་ཀྱི་ས་བོན་བརྒྱད་ཅེས་བྱ་བ་ལ་སོགས་པ་ལ། ཨཱ་ལི་ཀཱ་ལི་ཞེས་པ་ནི་རྟོག་པ་བདུན་པའི་རབ ་ཏུ་བྱེད་པ་གསུམ་པར་བརྩེགས་པའི་ཡི་གེ་བརྒྱད་ཇི་ལྟར་བསྡུས་པ་དེའི་ས་བོན་རྣམས་དགོད་ཅེས་དགོངས་སོ། །དེ་བཞིན་དུ་ཕྱིའི་བསྒོམ་པ་འདིར་དེ་བཞིན་དུ་ཡེ་ཤེས་མཁའ་འགྲོ་མའི་ཡི་གེ་ནང་གི་དོན་གསུངས་པ། དེའི་དོན་གྱི་དབང་དུ ་བྱས་པ་གསུངས་པ་ཆུ་ཤིང་མེ་ཏོག་ཅེས་བྱ་བ་ལ་སོགས་པ་ནི་འདིར་རྣལ་འབྱོར་ལ་བསླབ་པའི་ཕྱིར་གང་ཆུ་ཤིང་གི་མེ་ཏོག་ལྟ་བུ་འཕྱང་བཞིན་པ་འོག་ཏུ་བལྟས་པའི་ཕྱིར་རོ། །རྩ་ཧཱུཾ་ཞེས་པ་ནི་མིང་ཅན་དེ་བཞིན་དུ་བརྟན་པའི་སྦྱོར་བ་ཡིས་ལྟ ་བུའི་ཚིག་ཕྱིས་པས་ཆུ་ཤིང་གི་མེ་ཏོག་གོ། དེ་ཡང་མི་ཤིགས་བཞེས་པའི་ཐིག་ལེའོ། །དེའི་དབུས་སུ་པདྨ་ཞེས་བྱ་བ་ནི་བདེ་བ་ཆེན་པོ་མི་གསལ་བའོ། །དེའི་དབུས་སུ་སྙིང་གི་ཞེས་པ་ནི་ཆོས་ཀྱི་དབྱིངས་བྷ་གའི་རྣམ་པ་བརྗོད་དོ། །དེའི་དབུས་གོད་སྐྱེས ་ཞེས་པ་ནི་རྡོ་རྗེ་ལྟ་བུའི་སྲོག་གི་རླུང་ངོ། །བཞག་ཅེས་པ་ནི་མི་སད་པའི་ཏིང་ངེ་འཛིན་ཏེ། མི་གཡོ་བའི་སྦྱོར་བསྲོག་གི་རླུང་བསྟན་པའོ། །དེའི་དབུས་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་རྣམ་ཤེས་ཅེས་པ་ནི་ཤེས་རབ་དང་ཐབས་ཀྱི་བདག ་ཉིད་དང་སྟོང་པ་དང་སྙིང་རྗེའོ། །ལྷན་ཅིག་པ་ཞེས་པ་ནི་མི་ཕྱེད་པས་སོ། །ནའི་སྒྲ་ནི་ངེས་པར་གཟུང་བའི་ཕྱིར་རོ། །དེ་བཞིན་དུ་དངོས་པོ་ཞེས་པ་ནི་དངོས་པོ་ཐམས་ཅད་ཀྱི་དང་པོར་གྱུར་པ་སྟོང་པ་དང་སྙིང་རྗེའོ། །དེ་ཡང་དངོས་པོ་ཞེས་པ་ནི་ཡེ་ཤེས ་དང་རྣམ་པར་ཤེས་པ་སྟེ། སྲོག་ལ་བརྟེན་པའི་ཕྱིར་རོ། །དེས་ན་མི་གཡོ་བ་ནི་ཆོས་ཀྱི་སྐུ་རོ་གཅིག་པར་འོད་གསལ་བའི་ཡེ་ཤེས་སོ། །ཉེ་བར་འཆེ་མེད་པ་ཞེས་པ་ནི་རྡོ་རྗེ་འཛིན་ཆེན་པོའི་ས་ཐོབ་ནས་འཚེ་བ་མེད་པའོ། །དེས་ན་ཕ་རོལ་ཞེས ་བྱ་བ་ལ་སོགས་པ་ནི་འདིར་དང་པོ་གོམས་པའི་དུས་སུ་གསུངས་པའི་རིམ་པས་ནང་གི་རྣལ་འབྱོར་གྱི་བསྒོམ་པ་བྱས་པ་དེའི་ཚེ་དེ་ཉིད་ལ་མོས་པས་ཕྱིའི་ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པའི་གཟུགས་བསྒོམ་པར་བྱ་ཞེས་སྦྱར་རོ། །འདིར ་གཉིས་ཞེས་པ་ནི་སྔོན་དུ་མོས་པའི་ཕྱིར་ཡོ་ཤེས་དང་རྣཾ་པར་ཤེས་པ་དག་ལས་རིང་པོ་ལས་རིང་བར་འགྲོ་བའི་ཕྱིར་འོད་ཟེར་རྣམས་རྣམ་པ་གཉིས་ཀྱི་ཕྱིར་རོ། །འོད་ཟེར་གཅིག་ནི་ཉི་མ་བཞིན་ཁ་དོག་སྣ་ཚོགས་པས་སྦྲས་པའི་འོད་ཟེར་དེ་རྣམས་ལས ་སྤྲོས་པ་རྣམས་ཀྱི་གནས་ཐམས་ཅད་བསྲུངས་པར་འགྱུར་རོ། །གཉིས་པ་ནི་དེ་རྣམས་ཀྱིས་གནས་ཅེས་པ་ནི་འབྱུང་བ་ཆེན་པོའི་ཁམས་སའི་ཡོན་ཏན་སྐྱེ་བའོ། །དེའི་ཕྱིར་ནང་དུ་ཐིམ་པས་རང་གི་སེམས་ཀྱི་ཆུ་ལས་འབྱུང་བ་ཕྱེ་མ ་ལེབ་མར་མེ་ལ་ཐིམ་པ་བཞིན་ནོ། །དེ་ལྟར་གཉིས་ག་བསམ་པ་ལས་ཞེས་པ་ནི་ཡེ་ཤེས་དང་རྣམ་པར་ཤེས་པ་ལས་སོ། །དེ་ཡང་གནས་གཉིས་ཀྱི་དངོས་པོའི་ཕྱིར་ས་དང་ཆུའི་རང་བཞིན་མེ་དང་ཉི་མའི་དཀྱིལ་འཁོར་དུ་འགྱུར་རོ། ། ་དེ་ཡང་བསམ་ཞེས་པ་ནི་ཡེ་ཤེས་དང་རྣམ་པར་ཤེས་པའི་གཟུགས་སྐུ་རུ་སྤྲོ་བར་བྱའོ། །ཇི་ལྟར་ཅིའི་རང་བཞིན་སྤྲོས་ཤེ་ན། གསུངས་པ། སླར་ཡང་རླུང་གི་དཀྱིལ་འཁོར་ཞེས་པ་ནི་སྔོན་དུ་སྒོང་སྐྱེས ་བཞིན་རླུང་གི་འཁོར་ལོ་བསྒོམ་པར་བྱའོ། །བསམ་པར་བྱ་ཞེས་པ་ནི་དེའི་རྣམ་པར་བསེམས་ཉེ་བར་དགོད་ཅིང་དེའི་དབུས་སམ་བསམ་མོ། །དེ་བཞིན་དུ་ཡང། སྔོན་དུ་གསུངས་པའི་ཕྱིར་སྙིང་གི་རང་བཞིན་ཆོས་ཀྱི་དབྱིངས་དེ ་ལས་སྤྲོས་པར་བྱའོ། །དེ་ནས་མེའི་དབུས་སུ་ཉི་མ་ཞེས་པ་ནི་སྔོན་དུ་གསུངས་པའི་པདྨའི་བདེ་བ་ཆེན་པོ་ལས་སྤྲོ་བར་བྱའོ། །དེ་བཞིན་དུ་ཉི་མའི་དབུས་སུ་ཨཱ་ལི་དང་ཀཱ་ལི་སྔོན་དུ་ཐིག་ལེའི་མཚན་ཉིད་ཀྱི་རྣལ་འབྱོར་བསྟན་པའི་ཕྱིར ་ཏེ་དབུགས་དབྱད་པ་དང་འཇུག་པ་མི་གཡོ་བའི་ཕྱིར་ཞེས་པའི་དོན་ཏོ། དེ་ཉིད་རྣལ་འབྱོར་བའི་ཡེ་ཤེས་ཀྱི་སྐུའོ། །དེ་དང་ལྡན་པའི་ས་བོན་ང་ཞེས་པ་ནི་སྔོན་དུ་གསུངས་བའི་མི་ཤིགས་བ་ཆུ་ཤིང་གི་མེ་ཏོག་ལྟ་བུ་ཡིའོ། །དེ ་ཉིད་ཀྱི་དམར་པོ་ཞེས་པ་ནི་ཡེ་ཤེས་ཀྱི་སྐུ་ལས་སྙིང་རྗེ་ཆེན་པོའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་ཆོས་དང་གཉིས་མེད་པའོ། །དེ་ལྟར་ཧཱུཾ་ཞེས་པའི་ཡི་གེ་ལྔ་ཡི་དོན་ཏོ། །དེའི་ཕྱི་རོལ་ཏུ་སྤྲུལ་པའི་སྐུའི་བཟླས་པ་གསུངས་པ་རྣལ ་འབྱོར་པ་ཞེས་བྱ་བ་ལ་སོགས་པ་ནི་འདིར་གསུངས་པའི་སྤྲོ་བ་དང་བསྡུས་པའི་མཚོན་བྱ་འམ། ཡེ་ཤེས་ཀྱི་ས་བོན་གཉིས་མེད་པར་སོན་པའམ། དེའི་དབུགས་དང་སེམས་དག་དེའི་ཚོ་སླ??ཡང་རྩ་གཉིས་པ་རྣམས་ལ་འཕོ ་བའི་དུས་སུ་འབྱུང་བ་ལ་སོགས་པར་འགྱུར་རོ། །དེ་ཇི་ལྟར་ཞེ་ན་གསུངས་བ། པུ་ལླི་ར་ལ་སོགས་པ་གནས་ཉི་ཤུ་རྩ་བཞི་རྣམས་སུ་ཞེས་བུའི་ཕྱིར་རོ། །དེའི་ཕྱིར་རྩ་རེ་རེ་རྣམས་ལ་འཕོ་བའི་དུས་སུ་དེ་ལྟར་གསུངས་པར་འགྱུར་ཏེ། ་རྣལ་འབྱོར་པ་རྣམས་ཀྱིས་ཁྱད་པར་དུ་ཞེས་གསུངས་པའི་ཕྱིར་རོ། །དེའི་ཚེ་དེའི་དུས་སུ་རྩ་གཅིག་གཉིས་མེད་པའི་ཕྱིར་དང། རྣལ་འབྱོར་ལ་གོམས་པའི་ཕྱིར་གཉིས་པ་ལས་འབྱུང་བའི་དུས་སུ་འབྱུང་བས་འབྱུང་བ་སྟེ། དལ་ཞིང་དལ་བས ་རླུང་རྣམས་འབྱུང་བའོ། །འཇུག་པ་ཞེས་པ་ནི་ཡང་བསྡུ་བ་ན་འབྱུང་དང་འཇུག་པའོ། །དེ་བཞིན་དུ་ཡེ་ཤེས་ས་བོན་ཞེས་པ་ནི་སྔོན་བཞིན་དུ་མི་ཤིགས་པ་ཞེས་པ་གཉིས་མེད་པའོ། །དེའི་དབུས་སུ་འབྱུང་བས་བསྣུན་བཞིན་པ་ཞེས་པ་ནི་འབྱུང་བས ་འཇུག་པའི་སྐད་ཅིག་ལས་དབུས་སུ་གནས་པའི་ཡེ་ཤེས་ཀྱི་ས་བོན་གྱི་ཏིང་ངེ་འཛིན་དེ་ལ་བསྣུན་ཏེ་སྲོག་ཕྲ་མོས་བསྐུལ་བ་དེ་དབུས་སུ་ཇི་ལྟར་ཞེ་ན། གསུངས་པ་སྙིང་གི་ཞེས་བྱ་བ་ལ་སོགས་པ་འདིར་སྙིང་གི་ཡེ་ཤེས་སྔོན་ནས་ཆོས ་ཀྱི་དབྱིངས་ཀྱི་རང་བཞིན་ཏེ། དེའི་སྤྲོས་པའི་དོན་དུ་བསྣན་བཞིན་པ་དང་སྤྲོ་བ་དེ་ཡང་ཅི་ཞེ་ན། གསུངས་པ། མེ་ཏོག་བཞིན་ཞེས་པ་ནི་ཇི་ལྟར་པདྨ་དང་ཨུཏཔ་ལའི་འདབ་མ་ལ་སོགས་པའི་གནས་སྐབས་གཅིག་ལ་གཅིག་རྒྱས་བ་དེ་ལྟར ་འདིར་རྒྱུ་དང་མི་རྒྱུ་བ་དེ་རྣམས་གསལ་བཞིན་པ་དེའི་རང་བཞིན་བདག་ཉིད་ཀྱིས་ལྟ་བ་ནི་ཡཻས་ཀྱི་དེ་དག་ཉིད་འོད་གསལ་བར་འགྱུར་དེ་བཞིན་དུ་འབྱུང་བ་ལ་འབྱུང་བས་ཞེས་པ་ནི་དབུགས་དབྱུང་བ་སྡུས་བས་ཡེ་ཤེས་ཀྱི་ས་བོན་བཟླས་སོ། །འབྱུང་བའི་སྐད་ཅིག ་ལས་བྱུང་ཞིང་དེ་ཡང་སྡུས་པའོ། །དེ་བཞིན་དུ་འཇུག་པའི་སྐད་ཅིག་ལས་འཇུག་པའོ། །དེ་ཡང་འཇུག་པ་འོག་གི་ཆ་ལས་འབྱུང་བའོ། །དེ་ལྟར་སྐད་ཅིག་བཞི་བཟླས་པའི་ཁྱད་པར་ལས་སོ། །དེ་འབྱུང་ཨདང་འཇུག་པའི་ཞེས་པ་ནི། ་དེ་ལྟར་སྲོག་གི་རང་བཞིན་གྱི་སྐད་ཅིག་རྣམས་ལས་བདག་ཉིད་ཕྱི་རོལ་ཏུ་བྱས་ཏེ། སྐད་ཅིག་ཉི་ཤུ་རྩ་བཞི་ལ་ཡང་བདག་ཐམས་ཅད་དུ་ཡེ་ཤེས་ཀྱི་ས་བོན་གྱི་རང་བཞིན་ཞེས་དགོངས་སོ། །གལ་ཏེ་རེ་ཞིག་སྐད་ཅིག་ཉི་ཤུ་རྩ་བཞི ་ལ་ཡེ་ཤེས་ཀྱི་ས་བོན་གཟུང་ན་དེའི་ཚེ་འབྱུང་བ་དང་འཇུག་པ་དག་གིས་ཅི་ཞིག་བྱ་ཞེ་ན། གསུངས་པ། འབྱུང་བའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་ནི་འདིར་རྣལ་འབྱོར་པ་དུས་ཐམ་ཅད་དུ་མྱ་ངན་ལས་མི་འདའ་སྟེ། སེམས ་ཅན་ལ་བན་པའི་རྒྱུ་ཡིས་སོ། །དེས་ན་ཡང་བེམས་པོའི་ཏིང་ངེ་འཛིན་སྤངས་པ་བེམས་པོ་མ་ཡིན་པའི་ཏིང་ངེ་འཛིན་ལྷུན་གྱིས་གྲུབ་པའི་རྒྱུན་གྱིས་བདེ་བ་ཆེན་པོའི་རང་བཞིན་ཏེ། དེའི་ཆེ་ཇི་ལྟར་འདི་འབྱུང་བ་ལ་སོགས་པ་མཚན་ཉིད ་ཀྱིས་གསུངས་པའི་རང་བཞིན་གྱི་ཡཻས་དང་རྣཾ་ཤེས་ཤཱི་ས་བོན་བསྒྲུབས་པ་དེ་ལྟར་དེ་ཉིད་ཀྱིས་ན་འབྱུང་བ་ལ་སོགས་དང་འཇུག་པར་བརྗོད་པས་ཀྱང་མཚོན་བྱ་མཚོན་པས་རྣལ་འབྱོར་པས་བྱ་ཞེས་ཤེས་པར་བྱའོ། །དེ་ལྟར་ཅིག་ཅར ་ཡེ་ཤེས་ལ་སོགས་པའི་ས་བོན་དག་གིས་འབྱུང་བ་ལ་སོགས་པ་ལ་འཇུག་པས་ཅིང་འགྱུར་ཞེ་ན། གསུངས་པ། འབྱུང་བ་དང་འཇུག་པའི་སྦྱོར་བས་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་འབྱུང་བ་དད་འཇུག་པ་དང་ཡེ་ཤེས་ཀྱི ་ས་བོན་གཉིས་ཀའི་ཏིང་ངེ་འཛིན་ལ་གནས་ནས་སོ། །མཉམ་ཧིད་དེ་ཁོ་ན་བསྒོམ་པ་ཞེས་བ་ལ་ཁོ་ནའི་སྒྲས་ནི་ཕུང་པོ་ལ་སོགས་པ་གཟུང་དོ། །དེ་རྣམས་ལ་ཕན་པ་མི་འཆི་བར་བྱེད་པ་མཉམ་པ་ཉིད་ཀྱི་བདེ་བའི་རང་བཞིན་དུས་ཐམས་ཅད ་དུ་ཉམས་སུ་མྱོང་བར་འགྱུར་ཏེ། ཕུང་པོ་ལ་སོགས་པའི་སྒོམ་པའི་དེ་ཁོ་ན་ཉིད་ཀྱི་དང་ཆུལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེས་ཀྱང་རབ་ཏུ་སོན་པའི་མཐར་ཐུག་པས་ཐམས་ཅད་མི་དམིགས་པར་བྱ་ཞེས་པའོ། །དེའི་ཕྱིར ་རྣལ་འབྱོར་པ་རྣམས་ཀྱང་འོང་གསལ་བའི་དེ་ཁོ་ན་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་ཞུགས་པས་མཆོག་ཏུ་མྱ་ངན་འདའ་བ་དེའི་དོན་གྱིས་དབང་དུ་བྱས་ཏེ། གསུངས་པ། མཉམ་བཞག་ཅེས་བྱ་བ་ལ་སོགས་པ་ནི ་ཇི་ལྟར་མཉམ་པར་བཞག་པས་མཆོག་ཏུ་མྱ་ངན་ལས་འདས་པའི་མཚན་ཉིད་ཀྱིས་འོང་གསལ་བའི་ངེས་ཐོབ་པར་འགྱུར་རོ། །དེ་བཞིན་དུ་དངོས་པོ་བསྒོམས་པས་ཞེས་པ་ནི་སྔོན་དུ་གསུངས་པའི་བསྒོམས་པ་ཉིད་རང་གི་དོ་པོ་ལ ་སོ་སོར་བརྟགས་པས་དངོས་པོ་ཞེས་པ་སྟེ་ཡང་དག་པའི་ཡེ་ཤེས་ཀྱི་སྐུར་རྣལ་འབྱོར་པ་རྣམས་ཀྱིས་བྱ་བའོ། །དེས་ན་འགྲུབ་འགྱུར་ཞེས་བྱ་བ་ལ་སོགས་པ་འབྲས་བུ་ཐོབ་པ་གཞན་དུ་མ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས ་ཡང་མི་ཞིག་བྱ་ཞེ་ན་གསུངས་པ། དེ་ནས་བསྒྲུབས་པ་པོ་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་ནས་རྣལ་འབྱོར་པའི་སྤྲུལ་པའི་སྐུས་བླ་ན་མེད་པའི་རྫུ་འཕྲུལ་དང། ཆོ་འཕྲུལ་ལ་སོགས་པ་བསྟན་པའི་སྟོབས་བཅུ་དང་མི་འཇིགས ་པ་ལ་སོགས་པའི་སངས་རྒྱས་ཀྱི་ཡོན་ཏན་རྣམས་རྟོགས་པར་འགྱུར་ཏེ། གཞན་ནི་གོ་སླའོ། །དེ་ལྟར་ཡང་གསུངས་པ། རྣལ་འབྱོར་པ་གང་ཡེ་ཤེས་ཀྱི། ཤེས་བྱ་ཆེན་པོ་རྟག་བྱེད་པ། །དེ་འཇུག་སྲིད་པའི་ཕ་རོལ་འགྲོ། བསམ ་མི་ཁྱབ་པའི་གོ་འཕད་ཐོབ། །དེ་ཡིས་རྐྱང་ནི་དམས་ཀྱི་རྒྱུད། །ཀུན་ནས་མཚུངས་མེད་མཐར་པའི་ཕྱིར། །མྱ་ངན་འདས་པར་དེ་ཤེས་བྱ། །ཀྱེ་མ་སྙིང་རྗེ་རྙེད་དཀའ་ཉིད། །ད་ནི་མུ་སྟེགས་རྣམས་དང་ཉམ་ཐོས་པ་རྣམས་ཀྱི་ཤེས་པ་དམ་པའི ་ལྟ་བ་བ་ཞོམ་པར་བྱ་བ་དང། ཡིད་དག་པའི་ཤེས་པའི་ལྟ་བ་བཞག་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཡེ་ཤེས་གཟུགས་ཞེས་པ་ནི་རྣལ་འབྱོར་པ་རྣམས་འཁོར་བར་གནས་ཏེ་སེམས་ཅན་གྱི་དོན ་ཡུན་རིང་པོར་བྱ་བ་དང། དེའི་ཆེ་མྱ་ངན་ལས་འདས་པ་ལ་ཕྱོགས་པ་དེ་རྣམས་ཀྱིས་འདི་བྱའོ། །འདིར་སྔོན་དུ་ཏིང་ངེ་འཛིན་ཐོབ་པའི་ཕྱིར། དེ་སླར་ཞེས་པ་ནི་ཡང་ངོ། །མར་མེ་ལྟ་བུ་ཞེས་པ་ནི། མར་མེས་མེ་ལད་ལ་གཟུགས་བརྙན ་སྣང་བདེ་བཞིན་དུ་རྣམ་པར་བརྟེན་པར་བྱའོ། །སེམས་ཀྱིས་ནི་ཞེས་པ་ནི་ཞེས་པ་ནི་དེའི་ཕྱིར་ལས་བྱ་ཞེས་པ་སྟེ། སྔོན་བཞིན་ཚོགས་ཀྱི་ཚུལ་གྱིས་གནས་སྣང་བཞིན་བྱ་ཞེས་པའི་དོན་ཏོ། །གཞན་ཡང་དེ་ལྟར་བྱས་ནས་མར ་མེའི་རྣམ་པའི་ཏིང་ངེ་འཛིན་ལ་བརྟེན་པ་དེ་ནི་གསལ་བར་འགྱུར་ཏེ། དེའི་དོན་དུ་རྡོ་རྗེ་སྙིང་པོས་ཞེས་ཞུས་པ་གསུངས་པ། ཉན་ཐོས་བྱ་བ་ལ་སོགས་པ་ནི་འདིར་གལ་ཏེ། རེ་ཞིག་བཅོམ་ལྡན་འདས་ཀྱིས་མར་མེའི་རྣམ་པའི་ཡེ་ཤེས ་དེ་ལ་ཉན་ཐོས་རྣམས་ལ་ཕན་པའི་ཕྱིར་གསུངས་པ་ཡིན་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བརྟེན་པ་རྣམས་ལ་གསུངས་པ་ནི་མ་ཡིན་ནོ། །དེས་ན་འགལ་ཏེ། གང་གི་ཕྱིར་ཉན་ཐོས་རྣམས་ཀྱིས་ཀུན་ཏུ་བརྟགས་པ ་མར་མེ་བཞིན་མྱ་ངན་ལས་འདའ་བ་ཞེས་པ་ནི་ཚུལ་ལོ། །དེ་བཞིན་དུ་ཡང་ཉན་ཐོས་ཀྱི་ལུང་རྣམས་ཀྱི་ནང་དུ་ལེགས་པར་བཤད་པ་གསུངས་པ་ཡིན་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་རྡོ་རྗེ་སྙིང་པོ་ཞེས་པའི་ཚིག་མེད་དོ། །ནི ་ཞེས་པ་ནི་ངེས་པར་གཟུང་བར་ཤེས་པར་བྱའོ། །དེ་ལྟར་སོགས་པའི་སྒྲས་ནི་འཆད་བཞིན་པའི་མུ་སྟེགས་པ་རྣམས་ཀྱི་ཡེ་ཤེས་བསྐྱེད་པ་བསྡུའོ། །དེའི་ཕྱིར་འདི་ཞུས་པ་ལ། བཅོམ་ལྡན་འདས་ཀྱིས་རབ་གསུངས་པ། སེམས ་ནི་ཤེལ་ཞེས་བྱ་བ་ལ་སོགས་པ་ནི་འདིར་དང་པོ་ཉིད་དུ་རིགས་ཀྱིས་བུའི་ཤེལ་ལྟ་བུའི་སེམས་བརྟན་པར་བྱའོ། །དེ་ཡང་སྔོན་དུ་ཏིང་ངེ་འཛིན་བྱ་བའོ། །རྗེས་སུ་གང་དག་སྔོན་གྱི་ཐ་མལ་པའི་གནས་སྐབས་ཀྱི་དུས་སུ་ལུས་དང ་ངག་དང་སེམས་རྣམས་ཀྱིས་བྱས་པའི་བདེ་བ་དང་སྡུག་བསྔལ་ལ་སོགས་པ་སྣ་ཚོགས་པའི་ལས་དེ་རྣམས་མར་མེའི་རྣམ་པ་ཞེས་པ་ནི་མེ་ལོང་ལ་མར་མེ་བསྟན་པས་གསལ་སྣང་དམིགས་སོ། །དེ་ལྟར་ཡང་སེམས་འདི ་བརྟན་པར་བྱས་ནས་སོ། །བསམ་པར་བྱ་ཞེས་པ་ནི་སེམས་ལས་བྱུང་བའི་དངོས་པོ་གསལ་བར་འགྱུར། སེམས་དང་སེམས་ལས་བྱུང་བ་དག་ནི་མེ་ལོང་དང་མར་མེ་བཞིན་ནོ། །དེའི་ཕྱིར་སྤྲོས་པ་ཀུན་ཞེས་པ་ནི་སེམས་དང་སེམས་ལས ་བྱུང་བའི་དངོས་པོ་དག་གིས་ལས་སྤྲོས་པ་དེ། འདིར་དེ་ཐམས་ཅད་ནི་བརྫུན་པ་བརྟགས་པའོ། །དེས་ན་ལས་ཀྱི་ཚོགས་ཕྱིན་ཅི་ལོག་གོ་།དེས་ན་དེ་ལྟར་དམིགས་ནས་ཞེས་པ་ནི་ལས་ཀྱི་ཚོགས་རེ་རེའི་དུས་རྣམས་ལ་ཏིང་ངེ་འཛིན་རེ་རེ་གསུངས ་པ། སྤྲོས་པ་སྤྲོས་པ་མེད་པ་ཉིད་ཅེས་པ་ནི་སེམས་ཏིང་ངེ་འཛིན་ལ་ཞུགས་པས་སོ། །དེ་ཡང་ལས་ནི་མེད་ཅིང་བྱེད་པ་མེད། །ཡིད་ལ་འཁྲུལ་ཅིང་རྣམ་པར་འཁྲུལ། །གང་གི་ཕྱིར་སྤྲོས་པ་མེད་པའི་སེམས་ཡང་དག་པའི་ཏིང་ངེ་འཛིན ་གྱིས་ཤེས་བྱའི་སྒྲིབ་པ་ཉིད་དང་ལས་ཀྱི་སྒྲིབ་པ་ཟད་ཅེས་པའི་དོན་ཏོ། །དེ་ཉིད་ཀྱིས་ན་རང་བཞིན་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་ཕྱིར་ཉན་ཐོས་ལ་སོགས་པ་རྣམས་ལ་ཡོད་པ་མ་ཡིན་ཞེས་སྦྱར་རོ། འདིར ་གང་དེ་ལྟར་བྱས་པས་སྤྲོས་པ་ཐམས་ཅད་རྣམ་པར་མི་རྟོག་པ་དེའི་ཚེ་ཡེ་ཤེས་ཀྱི་སྒྲ་དོན་མེད་དོ་ཞེ་ན། དེའི་ཚེ་རྣལ་འབྱོར་མས་ཞུས་པ། ཀྱེ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། གང་གིས་ཅེས་པ་ནི་རྒྱུ་གང་གིས་ཤེས་པའོ། །ཁྱད ་པར་ཕྱེ་ཞེས་པ་ནི་འཇིག་རྟེན་ལས་གྲགས་པ་ཉིད་དོ། །དེ་ཡང་མུ་སྟེགས་པ་ལ་སོགས་པ་རྣམས་ལ་སྣང་བའོ། །ཞེ་ན་གསུངས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་འདི་ནི་ལན་ཏེ། ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ལ། ་འདིར་ཡེ་ཤེས་ཀྱི་སྒྲ་ནི་སེམས་ཅན་ཐམས་ཅད་ཀྱི་འགྲོ་བ་ལྟར་སྐྱེས་པའོ། །དེ་ཡང་ཡེ་ཤེས་སྔོན་དུ་འགྲོ་བའི་སེམས་ཀྱི་རྣམ་པར་རྟོག་པ་ལས་བྱུང་བའི་དངོས་པོ་འབྱུང་བའོ། །དེ་བཞིན་དུ་རྣམ་པ་ལྔ་ཞེས་པ་ནི་ཡེ་ཤེས་རྣམ་པ་ལྔ་འཆད ་བཞིན་བ་ལས་སྟོན་པའི་ཕྱིར་རོ། །དེའི་ཕྱིར་སེམས་ཅན་ཐམས་ཅད་ལས་ཡེ་ཤེས་ཀྱི་རང་བཞིན་ལས་བྱུང་ཞིད་དེ་རྣམས་ཀྱང་རང་བཞིན་ལས་འབྱུང་བ་དེར་དཔེ་གསུངས་པ་ལྷ་ཡི་ཡེ་ཤེས་གསང་བ་བསྟན། ཅེས ་པ་ནི་ཇི་ལྟར་མེ་ལོང་ལ་གདོད་ལ་སོགས་པའི་ཆ་ཤས་ཤེས་པའི་སྟོང་པ་བརྫུན་པའི་ཕྱིར་ཞེས་པ་ནི་ངེས་པའོ། །འདི་ནི་གསུངས་གཅིག་གོ། དེ་བཞིན་དུ་གཞན་ནི་ཡེ་ཤེས་གསང་བར་བསྟན་ཅེས་པ་ནི་སྔོན་བཞིན་དུ་མར་མེ་དང་མེ་ལོང ་དག་གིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་ཐོབ་པའོ། །དེས་ན་དང་ཞེས་བསྡུ་བའི་ཕྱིར་རོ། །དེ་ལྟར་ལྟ་ལ་སོགས་པ་གསང་བའི་ཡེ་ཤེས་ལས་བྱུང་ཞིང་དེ་ཉིད་གྱིས་འཇོམས་ཏེ། ཡང་སྡིག་པའི་ལས་གྱིས་དམྱལ་བ ་ལ་སོགས་པའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །དེ་བཞིན་དུ་ད་མན་པས་ཞེས་པ་ནི་སེམས་ཅན་དབུལ་པོ་སེམས་དམན་པ་ནོར་ལ་འདོད་པས་ཡི་དགས་ཀྱི་ཡིད་ཤེས་ཀྱིས་ཡི་དགས་སུ་སྐྱེའོ། །དེ་བཞིན་དུ་སེམས་ཅན་གྱིས ་སེམས་བསྐྱེད་པ་དང་འཇིགས་པ་ལས་དུ་བར་འགྱུར་བ་དེ་ལ་དེ་སྐད་ཅེས་བྱའོ། །བྱོལ་སོད་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་བཞིན་དུ་རྣམ་པ་ལྔ་ཞེས་པ་ལ་རྣམ་ལྡས་ནི་ཞེས་པ་ནི་རང་གི་སེམས་ལས་འགྲོ་བ་ལྔར་འབྱུང་བར་འགྱུར ་ཏེ། འདིས་ནི་དབང་ཕྱུག་ལ་སོགས་པའི་ལྷ་རྣམས་སུ་སྔོན་གྱི་བག་ཆགས་དང། ཁྲོ་བོ་ལ་སོགས་པའི་ཡེ་ཤེས་ཀྱི་བསྐྱེད་ནས། སླར་ཡང་འཁོར་བ་རྣམས་སུ་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཉམས་སུ་མྱོད་བར་འགྱུར ་རོ། །བེམས་པོ་ལྐུག་པ་ལྟ་བུའི་ཡེ་ཤེས་དེའི་ཚེ་ཡེ་ཤེས་ཅན་དེས་གྲོལ་བར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སེམས་གཅིག་དང་དུ་མའི་རང་བཞིན་གྱི་ཕྱིར་ཏེ། སེམས་ཅན་གྱི་རྒྱུད་སེམས་རང་སེམས་ལས་བྱུང་བ་ཡང་ས ་ཚོགས་པའི་ཕྱིར་རོ། །ཡང་ན་ཐོག་མ་མེད་པ་ནས་བེམས་པོའི་ཡེ་ཤེས་ཀྱི་རྒྱུད་དེ་ལས་ཡང་བེམས་པོའི་ཁམས་འགྱུར་སྟེ། །སེམས་མེན་ཅེས་བྱ་བ་ལ་སོགས་པའི་ཕྱིར་རོ། དེའི་ཕྱིར་དབང་ཕྱུག་ལ་སོགས་པའི་ལྟ་བ་རྣམས་ལ་བལྟ་བས་ཐམས ་ཅད་འགྲོ་བ་ལྔ་ཡིན་ན། དེའི་ཚིག་ལྟར་དེ་རྣམས་ཡེ་ཤེས་གང་གང་གིས་གྲོལ་ཞེ་ན། གསུངས་པ་ཡེ་ཤེས་དེ་ཉིད་ཀྱི་བྱེ་བྲག་ཉིད་ཅེས་བྱ་བ་ལ་སོགས་པ་ལ་ཡེ་ཤེས་ཅེས་པ་ནི་བག་ཆགས་དང་བཅས་པའི་ཉེས་པས་ཞེ་སྡང་ལ་སོགས་པའི་ཡེ ་ཤེས་སུ་འགྱུར་རོ། །དེ་རྣམས་ལ་དེ་ཉིད་བྱེ་བྲག་ཅེས་པ་ནི་རྣལ་འབྱོར་ལ་གོམས་པ་ལས་ཏེ། དེ་ཡང་སྙིང་རྗེའི་ཁྱད་པར་ལས་སོ། །དེས་ན་རྣལ་འབྱོར་བསྟན་བཅོས་ཁྱད་པར་ཉིད་ཅེས་པ་ནི་རྣལ་འབྱོར་པའི་གཞུད་ལུགས་ཀྱི་ཚུལ་ལས་ཏེ། ་མདོང་བསྟན་པ་ཉིད་དོ། །དེའི་ཕྱིར་སངས་རྒྱས་པའི་ཡེ་ཤེས་མེད་པར་གྲོལ་བ་མེད་དོ། །དེ་ཅི་ཞེ་ན། འཇིར་ནི་གང་གི་ཕྱིར་སྟོང་པ་ཉིད་ལ་སོ་སོའི་དབྱེ་བ་ཡོད་དོ། །དེ་ཡང་ལུང་རྣམས་ཀྱི་ནང་དུ་གྲགས་སོ། །འདི་པ་རྣམ་པ་ཀུན་གྱིས་མཆོག་དང་ལྡན་པ ་ཆོས་རྣམས་ཐམས་ཅད་ཀྱི་དང་པོར་འབྱུང་བ་དང། དེ་བཞིན་ཡང་དག་པའི་མཛའ་ཆོས་ཀྱི་སྐུ་ལ་སོགས་པའོ། །ཡང་ན་རྣལ་འབྱོར་བསྟན་བཅོས་ཞེས་པ་ནི་གང་གསུངས་པའི་རྣལ་འབྱོར་སྤྱོད་པ་དེ་ནི་ཐུན་མོང་གི་ཚིག་གོ་།འོན་ཀྱང ་དེའི་ཁྱད་པར་གྱི་ཚིག་གིས་རྣལ་འབྱོར་བསྟན་བཅོས་ཞེས་པ་ནི་སྔགས་ཀྱི་ཐེག་པ་ཆེན་པོའོ། །དེས་ན་སྐྱེ་བ་ཞེས་བྱ་བ་ལ་སོགས་པ་ལ་དེའི་ཞེས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་གཏོགས་པར་ཇི་སྲིད་དུ་སེམས་ཅན ་རྣམས་མ་བསྐུལ་བ་དེ་སྲིད་དུ་དེ་རྣམས་གྲོལ་བར་མི་འགྱུར་ཏེ། སྐྱེ་པ་བྱེ་བ་སྟོང་ཕྲག་དུ་ཞེས་པ་དང་སྦྱར་རོ། །དེ་བས་རྣལ་འབྱོར་བ་བསྟན་བཅོས་ལ་ཞེས་བྱ་བ་ལ་སོགས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས ་གྲུབ་པའོ། །དེའི་ཕན་ཡོན་གཞན་ཡང་གསུངས་པ་གང་གི་ཕྱིར་དེ་མ་གྲོལ་བ་མེད་དོ། །དེའི་ཕྱིར་ཕྱིའི་བསྟན་བཅོས་རིང་པོར་ཡོངས་སུ་སྤངས་པར་བྱའོ། །གར་ཞེས་པ་ནི་སྐད་ཅིག་མའོ། །གཞན་ནི་གོ་སླའོ། ་དེ་ལྟར་ཡང་གསུངས་པ། མུ་སྟེགས་བྱིས་པ་མི་ཤེས་པ། །ཤེས་པ་དན་པས་རྟག་ཏུ་བསྒྲིབས། །བདག་ཀྱང་དེའི་ཕུང་བྱེད་ཅིང། །གཞན་ཡང་ཕུང་བར་བྱེད་པ་ཡིན། །དེ་རྣམས་ཉིད་ཀྱིས་ཐབས་རྟག་ཏུ། །རྣལ་འབྱོར་སྙིང་རྗེ ་མངོན་དུ་བྱ། །ཡེ་ཤེས་འཆང་བས་བསཅུན་བྱ་ཡིན། །རྒྱལ་པོ་ལ་སོཌ་ཆད་པས་མིན། །བསམ་གཏན་སྔཌ་སོཌ་ལས་ཀྱིས་ནི། ནུས་པ་རྣམས་ནི་འགྲུབ་པ་ཉིད། །མུ་སྟེགས་ལ་སོགས་གཞོམ་པའི་ཕྱིར། །ཇི་སྐད་གསུངས་སོགས་ལས་ནི་བྱ། །ཞེས་པ་སྟེ ་ངེས་པའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་བརྒྱད་པའི་རབ་ཏུ་བྱེད་པ་གསུམ་པ་གོང་དུ་འཕོ་བ་ལ་སོགས་པ་དང་མུ་སྟེགས་པའི་ཡེ་ཤེས་ངན་པ་གསལ་ཞིང། དེ་རྣམས་སངས་རྒྱས་པའི་ཡེ་ཤེས་ལ་བཞག་པའི ་རྒྱ་ཆེར་འགྲེལ་ཡང་ངག་ལྟ་བའི་དྲན་པའི་སྣང་བ་ཞེས་བྱ་མངོར་བསྟན་པ་སྟེ་གསུམ་པའོ།། །།ད་ནི་སྔོན་དུ་གསུངས་པའི་སྒྲུབ་ཐབས་ཐམས་ཅད་ཀྱི་ལས་བྱ་བའི་ཕྱིར་སྔགས་བཟླས་པ་ཡང་རྣལ་འབྱོར་པ་རྣམས་ཀྱིས ་ཤིན་ཏུ་རྙེད་སླ་བ་དེ་ཉིད་ཀྱིས་ཅི་སྟེ་ཡང་སྔགས་བསྡུས་པར་ཅུང་ཟད་གསུངས་མོད་དེ་ལྔ་ན་ཡང་འདི་བསྡུས་ཏེ། གསུངས་པ་ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་གཙོ་བོ་རྒྱལ་པོ་ཞེས་པ་ནི་ཡེ་ཤེས་ཅན་རྣམས་ཞེས་པ་ནི་ཡེ་ཤེས་ཅན་རྣམས་ཀྱི་གཙོ ་དད་པ་སྟེ། མཛེས་པས་ན་རྒྱལ་པོའོ། །རྡོ་རྗེ་སྙིང་པོ་ཞུ་བ་པོ་ཉིད་ལ་བོས་ནས། འཆད་བཞིན་པའི་རྣམས་ཀྱི་མཚན་ཉིད་ཉོན་ཞེས་སྦྱར་རོ། །དེ་ལ་ཨོཾ་བཛྲ་ཨ་མྲི་ཏ་ཞེས་བྱ་བ་ལ་སོགས་པ་ནི་འདིར་སྔགས་ཐམས་ཅད་ཀྱི་མན་ངག ་ད་ནི་བླ་མའི་ཁ་ལས་ཉེ་བར་མཚོན་པར་བྱའོ། །དེ་བཞིན་དུ་རྟོག་པ་རྫོགས་པའི་མཐར་ཐུག་པ་ནི་གོ་སླའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་བརྒྱད་པ་ལས་མདོར་བསྟན་པ་གསུམ་ཀྱི་མཐར་སྔགས་སླར་བཤད་པའི་རྒྱ་ཆེར ་འགྲེལ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པ་མདོར་བསྟན་པ་དེ་བཞི་པའོ།། །།ད་ནི་སྤྲུལ་པའི་སྐུ་མཉམ་པོར་བཞག་པའི་རྣལ་འབྱོར་པར་སྤྱོད་པའི་གནས་ངེས་པར་གསུངས་པའི་བྱ་བ་བྱེད་པ་བསྟན་པའི་ཕྱིར་རོ། །དེ་ནས ་རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་རྟོག་པ་བརྒྱད་པའི་རྗེས་སུ་རྟོག་པ་དགུ་པ་ལ་འཇུག་པ་སྟེ། དེ་ཡང་རྡོ་རྗེ་སྙིང་པོ་ལ་སོགས་པ་ནི་སྒྲ་ཇི་བཞིན་ནོ། །དེ་བཞིན་དུ་དཔའ་ཨོ་ཞེས་པ་ནི་ཉོན་མོངས་པ་ཐམས་ཅད་ཀྱི ་གཡུལ་ལས་རྒྱལ་བའི་ཕྱིར་རོ། །དེ་ཉིད་ཡེ་ཤེས་དང་རྣམ་པར་ཤེས་པའི་རང་བཞིན་ཞེས་དགོངས་སོ། །དེ་ཉིད་ཀྱིས་ན་ཆ་ནི་མེད་ཅེས་བྱ་བ་ལ་སོགས་པ་ལ། ཨཱ་ལི་གུང་བ་ཞེས་བྱ་བ་ལ་སོགས་པ་ནི་སྤྲུལ་པའི་རྫུ་འཕྲུལ་གྱི་ལ་ལར་ཞེས ་པའི་ཚིག་གིས་གང་གི་ཚེ་དེ་རྣམས་ཀྱི་དེའི་ཚེ། །ཱ་ལི་ཞེས་པ་ནི་ཡི་གེ་ཐམས་ཅད་ཉིད་སྒྲའི་རང་བཞིན་དུ་བརྗོད་དོ། །དེས་ན་ཆོས་ཐམས་ཅད་བསམ་དུ་མེད་པ་ཉིད་དུ་ཤེས་སོ། །དེའི་ཚེ་བུང་བ་བཞིན་འཁོར་བཞིན་པ་ཡང ་དག་པའི་ཡེ་ཤེས་ཀྱི་རང་བཞིན་སངས་རྒྱས་ཀྱི་སྤྲུལ་པའི་སེམས་སོ། །དེ་ཡང་བུར་པ་རྡོ་རྗེ་འཇིགས་བྱེད་ཅེས་པ་ནི་དགོངས་པ་བཤད་པས། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཞབས་བཅུ་དྲུག་གིས་འཕྲོ་བ་བཅུ་དྲུག་གོ། ཕྱག་ཉི་ཤུ་རྩ་བཞི ་ཡིས་ལུས་ཀྱི་ཁམས་ཉི་ཤུ་ཙ་བཞི་དང་ཟླ་བ་བཅུ་གཉིས་ཀྱི་ཟླ་བྱེད་ཉི་ཤུ་རྩ་བཞིའོ། །ཞལ་དགུས་ནི་ལུས་ཀྱི་སྒོ་དགུ་སྟེ། དེ་ལ་སོགས་པར་དཔག་ཏུ་མེད་པའི་མཐར་ཐུག་པའོ། །འཇིགས་བྱེད་ནི་རྡོ་རྗེའི་རླུང་དོ། །མི་ཕྱེད་པས་རྡོ་རྗེའོ། །དེ་ཉིད་ཀྱིས ་ན་ཨཱ་ལི་ནམ་མཁའ་ཨི་ཞེས་བྱ་བ་ལ་སོགས་པ་ནི་བདུད་རྩི་ལྔའི་ཆོ་གའི་ཁྱད་པར་གྱིས། བདུད་རྩིའི་རང་བཞིན་རྡོ་རྗེ་འཇིགས་བྱེད་ལྷན་ཅིག་སྐྱེས་པའི་དུས་ཞེས་པའི་དོན་ཏོ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཕྱིར་རོ། །མ་ལུས ་པ་ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པས་གསུངས་པའི་རིམ་པས་སོ། །ལུས་ལས་ཞེས་པ་ནི་རྣལ་འབྱོར་པ་རྣམས་ཀྱི་ཡེ་ཤེས་ཀྱི་ལུས་ལས་དེ་དག་འབྱུང་ཞེས་པའི་དོན་ཏོ། །གསང་འཛིན་པ་ཞེས་པ་ནི་རྡོ་རྗེ་སྙིང་པོ ་ཉིད་ཅེས་པའི་དོན་ཏོ། །དེ་མེ་ཞེས་པ་བཞིན་དུ་ཕུང་པོ་ཞེས་བྱ་བ་ལ་སོགས་པ་ནི་མདོར་བསྟན་པ་གསུངས་པའི་སླར་བཤད་པའོ། །རྩ་བའི་དབུས་སུ་ཞེས་པ་ནི་དབུས་ཨ་བ་དྷཱུ་ཏིའོ། །དེའི་རྩ་བ་སྟེ་མགོ་དེའི་དབུས་སུ་ཐིམ་པ་དེ་ལ་དེ་སྐད་ཅེས ་བྱའོ། །རླུང་དང་མེ་ཞེས་པ་ལ་དེ་ལ་རླུང་ཞེས་པ་ནི་ཡའོ། །མེ་ཞེས་པ་ནི་ར་སྟེ། དེ་གཉིས་གཅིག་པའོ། །དངོས་པོ་ནི་རླུང་དང་མེའོ། །དེའི་ཕྱིར་བཅུ་བདུན་ཞེས་པ་ནི་ཧའོ། །རྡོ་རྗེ་མའི་ས་བོན་ཞེས་པ་ནི་ཨུའོ། །དེ་ཡང་གྱ་གྱུ་ཕྱག་རྒྱ་རྡོ་རྗེ་ཞེས ་གསུངས་པའི་ཕྱིར་རོ། །ཐིག་ལེ་སྒྲ་ཞེས་པ་ནི་ཟླ་བ་ཕྱེད་པའི་ཆ་བྱད་དང་རི་མོ་སྟེ། ཐིག་ལེས་མནན་པ་དེའི་སྟེང་དུ་དགོད་པའོ། །དེ་ལྟར་ཆར་བའི་རྒྱུན་ཞེས་པ་ནི་ཧཱུཾ་བདུད་རྩི་འཛག་པའི་རང་བཞིན་གྱི་ཕྱིར་རོ། །དབྱངས་ཡིག་དང་པོ་ཞེས་པ་ནི ་ཨའི་པདྨའི་དབུས་སུ་ཟླ་བ། ཟླ་བའི་དེའི་དབུས་སུ་ཧཱུཾ་ཞེས་པ་གཟུང་བར་བྱའོ། །དེ་ལྟར་ཡི་གེ་དྲུག་ནི་རྡོ་རྗེ་འཆད་གི་ཡེ་ཤེས་ཀྱི་ཁམས་དྲུག་གོ། དེའི་ཀཱ་ལིའི་མེ་ཏོག་ཅེས་བྱ་བ་ལ་སོགས་པ་ལ་ཀཱ་ལི་ནི་ཀུ་མུ་ཏ་དང་ཨུཏཔ་ལ་སོགས་པའི་མེ ་ཏོག་སྟེ། ཤེས་རབ་གང་ལ་རྣམ་པར་བཞག་པ་དེ་ནི་ལུས་ཀྱི་མེ་ཏོག་རྒྱས་པ་རྡོ་རྗེ་འཆང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་སྤྲུལ་པའི་སྐུའི་ཆོ་གས་སོ། །དེའི་ཕྱིར་འཁོར་བ་བསྐྱེད་དོ། །ཐམས་ཅད་ཀྱི་ནི་མ་ཡིན་ཞེས་པ་ནི་རྡོ་རྗེ་འཆང ་གི་རང་བཞིན་གྱི་ཡེ་ཤེས་ལ་བུད་མེད་ཀྱི་སྒྱུ་མའི་གཟུགས་འབྱུང་ངོ། །དེ་བཞིན་དུ་རྣལ་འབྱོར་མ་ཐམས་ཅད་ཀྱི་བྷ་ག་རྣམས་སུ་སོང་བས་བརྒྱན་པ་ཞེས་དགོངས་སོ། །དེ་བཞིན་དུ་རྡོ་རྗེ་འཆང་གི་དངོས་པོ་ལས་སྐྱེས་པས་ཡེ་ཤེས་ཀྱི་རྒྱ་མཚོ་མང ་པོ་ཉིད་རྣམ་པར་བཞག་པ་གསུངས་པ་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ནི་དང་པོ་ཕ་དང་མ་སྦྱོར་བའི་དུས་སུ་ཀུན་གཞི་རྣམ་པར་ཤེས་པ་འཇུག་པའི་ཚེ་ཁུ་བ་དང་ཁྲག་འདྲེས་པའི་དུས་དེར་ཡེ་ཤེས་ཀྱི་ཆུ་དེ་ཉིད་ཀྱི་རང་བཞིན་གྱི་ཕྱིར་རོ། །དེའི་ཕྱིར་ཡེ ་ཤེས་ཆུའི་རྒྱ་མཚོའོ། །དེ་བཞིན་དུ་ཤེས་རབ་དེ་ཉིད་དངོས་པོ་སྣ་ཚོགས་པའི་ཕྱིར་ཆུ་སྲིན་དང་ཉའི་མིང་ངོ། །དེ་ཉིད་དུ་རྒྱལ་བར་གྱུར་བའི་ཕྱིར་གཉིས་མེད་པའོ། །ཇི་ལྟར་རྒྱ་མཚོའི་ནང་དུ་འདམ་ཅེས་པ་ནི་གཉིས་པའི་མིང་ངོ། །དེ་བཞིན་དུ་དེར་ཐམས་ཅད་ནི ་ཟླ་བའི་མེ་ཏོག་གོ། ཇི་ལྟར་རྒྱ་མཚོའི་འགྲམ་གྱི་ཆུའི་ནང་དུ་ལྕུག་མ་སྣ་ཚོགས་པའི་མྱུ་གུ་བཞིན་ནོ། །བནདུ་ཞེས་པ་ནི་བནདུ་ཀའི་མེ་ཏོག་བཞིན་སྙིང་རྗེས་སེམས་ཅན་སྣ་ཚོགས་པའི་རྒྱུད་ལ་ཆགས་པའི་སེམས་སུ་འགྱུར་བའོ། །ཁ་བྱེ་ཞེས་པ་ནི་རྣལ ་འབྱོར་མའི་པདྨ་རྒྱས་པའོ། །དེ་བཞིན་དུ་རྒྱ་མཚོའི་ནང་དུ་གྲུ་འོག་གི་ཆ་ཞུམ་པའི་རྣམ་པ་ལ་སྟེང་གི་ཆ་ཡངས་པར་འགྱུར་རོ། །སྦྲང་རྩི་ཞེས་པ་ནི་མངལ་དུ་ཟླ་བ་གཅིག་སྦྲང་རྩིའི་རྣམ་པར་འགྱུར་རོ། །ཀཱ་ལི་ཞེས་པ་ནི་བདུད་རྩིའི་ཉིད་ལ་རང་འབྱུང་ཐིམ་པའོ། ་མེ་ཏོག་ཆུ་ཞེས་པ་ནི་སྡོང་བུའི་མེ་ཏོག་སྟེ། ཀུ་མུ་ཏ་དང་ཨུ་ཏཔལ་བཞིན་རྩ་ཐམས་ཅད་ཀྱི་རང་བཞིན་སྐྱེས་པའོ། །དེ་བཞིན་དུ་ནང་གི་དོན་ཐམས་ཅད་རྣལ་འབྱོར་པས་བླ་མའི་མན་ངག་ལས་ཤེས་པར་བྱའོ། །ད་ནི་སྔོན་དུ་སྐྱེས་པ་དེ་ཉིད་ཀྱི་རྒྱུའི ་ཕྱིར་འབྲས་བུ་གསུངས་པ། གཉིས་ལས་སྐྱེས་པ་ཞེས་པ་ལ་སོགས་པ་ནི་འདིར་ཤེས་རབ་དང་ཐབས་དག་ལས་ཆོ་ག་སྔོན་དུ་འགྲོ་བས་གཉིས་མེད་པ་འབྱུང་བའོ། །བདུད་རྩིའི་ཆུའི་ཆོ་ག་མཆོག་ཅེས་པ་ནི་ལྔ་པའི་དོན་ལ་དང་པོ་སྟེ། ཆོ་གའི ་མཆོག་ལས་ཤེས་པ་ཡེ་ཤེས་གཉིས་མེད་བ་ལས་སོ། །དེ་བཞིན་དུ་དང་པོ་རྡོ་རྗེ་བདུད་རྩི་ཞེས་བ་ནས་སྣང་བ་ཡིན་ཏེ་ཞེས་པའི་མཐར་ཐུག་པ་ནི་འབྱུང་བ་ཆེན་པོའི་ཡེ་ཤེས་སོ། །དེ་བཞིན་དུ་ཡེ་ཤེས་བདུད་རྩི་བྱིན་གྱིས ་བརླབས་ཅེས་པ་ནི་ཨ་བ་དྷཱུ་ཏཱི་རུ་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་རྣམ་པ་གནས་ཅེས་པའོ། །དེ་བཞིན་དུ་ཡང་མ་ལུས་ཆུའི་དབྱིབས་གནས་ཞེས་པ་ནི་བྱང་ཆུབ་སེམས་ཀྱི་རྣམ་པ་ལས་ཡེ་ཤེས་ལྔའི་རྣམ་པ་འབྱུང་ཞིང། འབྱུང་བ་ལྔ་ལས་བྱུང ་བ་ལས་གྱུར་བ་འབྱུང་བ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་སླར་ཡང་ཆུ་ལ་སོགས་པ་ཁམས་བཞི་དེར་ཐིམ་པས་དངོས་པོ་རྣམས་ཟད་པར་འགྱུར་ཏེ། མི་རྟག་པའི་རང་བཞིན་གྱི་ཕྱིར་རོ་ཞེས་པ་སྟེ་ངེས་པའོ། །ས་ནི་དབང་པོའི་གཟུགས་ཅན་ཡིན ་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་གཉིས་མེད་པའི་སྦྱོར་བས་སྐུ་བཞི་སྤངས་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་དོན་བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ཆེན་པོར་ཞུགས་ནས། ཧཱུཾ་གི་གླུ་ཞེས་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད ་ཀྱི་གཟུགས་རྣལ་འབྱོར་མ་རྣམས་ཀྱི་གླུས་སད་པར་བྱེད་དོ། །དེས་མཉེས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་བཅོམ་ལྡན་འདས་ཀྱང་དུས་ཐམས་ཅད་དུ་བཞུགས་པའི་དོན་ཏོ། །དེ་བཞིན་དུ་གླུ་གསུངས་པ། བཛྲ་ཧཱུཾ ་སུ་ར་ཨ་པ་ཧཱུཾ་ཞེས་པ་དེ་ལ་སོགས་པ་ནི་ཀྱེ་མཆོག་ཏུ་དགའ་བའི་གཙོ་བོ་ཤིན་ཏུ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དོར་ཅིག་བའོ། །ལོ་ཡ་ཎ་དཾ་ཤ་ཎ་ཡི་ཞེས་པ་ནི་གང་གི་ཕྱིར་ཁྱོད་སྟོང་པ་མེད་པར་འཇིག་རྟེན་ཐམས་ཅད་ཀྱང་སྟོང་པའོ། །དེའི ་ཕྱིར་འཇིག་རྟེན་ཐམས་ཅད་ཀྱང་སྟོང་པའོ། །དེའི་ཕྱིར་འཇིག་རྟེན་པ་དེ་རྣམས་ཀྱི་མཐོང་བར་བྱ་བའི་ཕྱིར་བཞེངས་ཤིག་པའོ། ། ཁ་རུ་བྷ་རུ་ས་ཧཱ་ཧཱུཾ་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་བཞིན་གྱིས་མི་འགྱུར་བ་ཁྱོད་གོམས ་ཤིགས་པའོ། །བུ་ཎ་བི་ལཱི་ས་ཎ་ཡེ་ཤེས་པ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་སྦྱར་རོ། །བྷཱ་བཱ་བྷ་བ་བི་ཛ་ཨ་ཞེས་པ་ནི་ལྷན་ཅིག་སྐྱེས་པ་ཉིད་གཉིས་མེད་པའི་གཉིས་པ་གྱིས་ཤིག་པའོ། །དེའི་ཕྱིར་དེར་ཅིག་ཅེས་དགོངས་སོ། །དེས་ན་མ་ཛ་བི་ཛ་ཎ ་ཨེ་ཨེ་ཞེས་པ་ནི་དབུ་མའི་ཚུལ་གྱིས་ལྷན་ཅིག་སྐྱེས་པ་རྫོགས་པ་བྱང་ཆུབ་ཀྱི་རིམ་པ་ཤེས་པའོ། །དེར་ཡང་བརྗོད་དུ་མེད་བའི་ཕྱིར་གསུངས་པ། བྷ་ཎ་ཇི་ཨ་ཨ་ཁ་རུས་བུ་ཞེས་པ་ནི་ཨཱ་ལིཀཱ་ལིའི་ཡི་གེ་ཐམས་ཅད་དག་ཏུ་བཟླས་བ་དེ ་ཆོམས་ཤིག་པའོ། །གང་གཞོམ་ཞེ་ན་གསུངས་བ། ཤེ་ཤོ་བི་ཙིཏྟ་ཨ་ཡེ་ཞེས་པ་ནི་ཡི་གེ་ལྔ་བཅུ་རྣམས་ཀྱི་མགོ་བོ་ཆོད་ཅིག་པའོ། །དྭན་དྷ་ལིངྒེ་ཎ་ཛེ་ཨུ་ཞེས་པ་ནི་གཉིས་གཉིས་འཁྱུད་པའི་སྦྱོར་བས་བདག་གི་རྣལ་འབྱོར་མ་རྣམས ་དང་ལྷན་ཅིག་རྣམ་པར་སྤྱོད་པ་སྟེ། སྒྲོལ་མ་ལ་སོགས་པའི་ལྷ་མོ་བརྒྱད་ལ་འདོད་པ་སྤྱོད་ཅིག་པའོ། །ས་ལི་ལཱ་ཀ་ཛིམ་ཡེ་ཤེས་པ་ནི་རོལ་པའི་རྒྱུད་འདོད་པ་སྦྱོང་ཅེས་པའོ། །དྷ་མ་ཨ་ཌཡེ་དྱ་སུ་བཱ་པི་ཨ་ཡི། ཞེས་པ་ནི་སྐྱེ་གཙོ་བོ ་བདག་པོ་སྤྱོད་པའི་ཕྱིར་ཆོས་གཉིས་མེད་བར་བྱང་ཆུབ་ཀྱི་སེམས་བླུད་ཅིག་པའོ། །གང་གི་ཤེ་ན་མུ་ཁཱ་བི་བ་བི་ཨ་སེ་ཞེས་པ་ནི་བདག་ཅག་རྣལ་འབྱོར་མས་ཐར་པ་ཐོབ་པའོ། །བསྲུབ་པ་དང་བསྲུབ་པས་ཐ་མལ་བའི་འདོད་ཆགས ་སྐྱེས་པའི་བྱང་ཆུབ་སེམས་ནི་མ་ཡིན་ནོ། །དེའི་དོན་གསུངས་པ། སུ་ཧ་སཾ་སཱ་རིབ་མོ་ཏི་ཨ་ཞེས་པ་ནི་ཐ་མལ་བའི་བདེབས་འཁོར་བ་ཐམས་ཅད་རྨོངས་པའོ། །མུ་ཁ་བི་བཛི་ཨ་ཡེ་ཤེས་པ་ནི་མུ་སྟེགས་པ་ལ་སོགས་པ་དང ་སངས་རྒྱས་བཆཊ་བ་ཅན་གྱི་སེམས་ཅན་དེ་རྣམས་ཀྱིས་ཐར་པ་སྤངས་པའི་ཕྱིར་རོ། །དམྱལ་བ་ལ་སོགས་པ་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །ས་བསུ་ཎ་ས་ཧཱ་བོ་ཛོ་ཡི་ཎི་ཞེས་པ་ནི་ཐམས་ཅད་སྟོང་པའི་རང་བཞིན་གྱིས་རྣལ་འབྱོར ་བས་སོ། །མཏྟ་བི་ནི་ཙི་ཨ་ཡེ་ཞེས་པ་ནི་རྣལ་འབྱོར་མའི་གཞུང་ལུགས་ཀྱིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཅིག་གི་སྐུ་ཇི་སྲིད་ནམ་མཁའ་ཨི་མི་འགྱུར་བ་སྒེག་པར་བྱ་བ་སྟེ། སྦྱོར་བ་འདིས་སྦྱོད་པ་བྱ་ཞེས ་སྦྱར་རོ། །བཉྫ་བི་ཛོ་ཨི་ནི་བྷུ་དྷ་ཏཏྟ་ཞེས་པ་ནི་ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པ་རྣལ་འབྱོར་མ་ལྔ་སངས་རྒྱས་ལྔའི་རང་བཞིན་ཞེས་པའོ། །ཏཏྟ་ཞེས་བ་ནི་ཡེ་ཤེས་ལྔའི་བདག་ཉིད་དོ། །དེས་ན་ཨ་ལ་ཁི་ཨ་ཡེ་ཞེས་པ་ནི་སེམས ་ཅན་ཐམས་ཅད་དེའི་རང་བཞིན་ཏེ་དེ་རྣམས་ཀྱི་གཟུགས་སུ་ཡིད་ལ་གནས་ཞེས་པའོ། །དེ་རྣམས་ཀྱང་ས་བྷ་མཱ་ཡེ་བ་ཧཱུ་བི་ཧ་རུ་ཡ་ཞེས་པ་ནི་རྣམ་པ་མང་པོ་རྣམས་ཀྱི་སྒྱུ་མ་ཉིད་རྣམ་པ་མང་པོའི་གཟུགས་དེའི་རྣམ་ལས་སོ། །སཏྟ ་བི་བཱ་ཙི་ཨ་ཡེ་ཞེས་བ་ནི་སེམས་ཅན་རྣམ་པར་སྨིན་པར་བྱ་བའོ། །བཛྲ་པུ་སཱ་རི་ཡ་ག་ཛུ་ཞེས་པ་ནི་སེམས་ཅན་རྣམས་ཀྱི་འཁོར་བའི་ཉེས་པ་རྡོ་རྗེས་གཞོམ་པར་བྱ་བའོ། །ཅིའི་ཕྱིར་ཞེན། གསུངས་པ། བྱ་བ་མ་ཡིན་པ ་བྱེད་པ་སྟེ། དྷ་མ་བི་མོ་ཧི་ཨ་ཨེ་ཞེས་པ་ནི་བྱ་བ་མ་ཡིན་པའི་ཆོས་ཞེ་སྡང་ལ་སོགས་པས་ལྡོངས་པ་རྣམས་བསད་པར་བྱའོ། །དེ་རྣམས་ལ་ཆོས་བསྟན་པ་གསུངས་པ། ན་མ(རྒྱུད་འགྲེལ་དང་སྙིང་རྗེའི་བདག་ཉིད་སངས་རྒྱས་ཀྱི་ཆོས་དེ་ལ་ཡང་ཕྱག་འཚོལ་ཅིག་པའོ། །ཇི་ཨི་ནི་མུ་ཁེ་ཨ་ཡེ་ཞེས་པ་ནི་སྦྱོར་བ་གང་གིས་ཐད་པར་འགྲོ་བ་འཐོབ་པས་དབང་ཕྱུག་ལ་སོགས་པ་ཀླ་ཀློའི་ཆོས་རྣམས་དོར་ཅིག་ཅེས་དགོངས་སོ། ། ་དེ་ཉིད་ཀྱིས་ན་བཅོམ་ལྡན་འདས་ཀྱིས་གསུངས་པ། རིགས་ཀྱི་བུ་གླུ་འདི་ཞེས་བྱ་བ་ལ་སོགས་པ་ནི་གློ་སླའོ། །བཅོམ་ལྡན་འདས་ཅེས་བྱ་བ་ལ་སོགས་པ་ནི་སྡུད་པ་པོ་བདག་ཉིད་ཀྱིས་བྱས་པའི་ཉེས་པ་སྤངས་པའི་དོན་ཏོ། །འདིར ་གསུངས་པ། དེ་ལྟར་རྒྱལ་བའི་གནས་སྣ་ཚོགས། །སེམས་ཅན་རྣམས་ཀྱི་རྒྱ་རུ་བྱ། །དབང་ཕྱུག་ལ་སོགས་མུ་སྟེགས་ཀྱིས་ཀླ་ཀློའི་ཆོས་རྣམས་ལ་ཞེན་པའི། །མུ་སྟེགས་པ་དང་ལྷན་ཅིག་རྩོད། །སྙིང་རྗེ་ཅན་གྱི་རྟག་ཏུ་བྱ། །མངོན ་ཤེས་ཐོབ་བ་རྣལ་འབྱོར་བས། །ཆོས་ནི་གནས་པའི་རྒྱུ་རུ་བྱ། །གལ་ཏེ་མངོན་ཤེས་མེད་ན་ནི། །དེས་ནི་ལུང་གི་རྗེས་འབྲང་བྱ། །དེས་ན་ལེགས་བསླབས་རྣལ་འབྱོར་དབང། །ཕྱི་ཡི་བསྟན་ཆོས་མཛེས་པའི་ཕྱིར། །ཞེས་པ་སྟེ་ངེས་པའོ། ། ་ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་དགུ་པའི་རབ་ཏུ་བྱེད་པ་དང་པོ་དེ་དེ་བཞིན་གཤེགས་པ་ཐམས་ཅད་བསྐྱེད་པའི་རྒྱ་ཆེར་འགྲེལ་ཡང་དག་པའི་ལྟ་བའི་དྲན་བའི་སྣང་བ་ཞེས་བ་མདོར་བསྟན་པ་སྟེ་དང་པོའོ།། །། ་ད་ནི་ཕྱི་དང་ནང་གི་གཏོར་མ་དེ་ཉིད་བརྗོད་པའི་ཕྱིར། ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོ་ག་བཞིན་ཞེས་པ་ནི་རྒྱས་པར་རོ། །དྲི་དམར་ཞེས་པ་ནི་ཙན་དམར་པོ་ལ་སོགས་པས་མཎྜལ་བྱས་ནས། ཕྱི་རོལ་དཀར་པོ་ཞེས་པ་ནི་ཙན་དཀར ་པོ་ལ་སོགས་པས་བྱ་བའོ། །དེ་བཞིན་དུ་མཆོད་ཡོན་ཞེས་བྱ་བ་ལ་སོགས་པ་ཀྱེ་བཅོམ་ལྡན་འདས་ཅེས་པའི་མཐར་ཐུག་པ་ནི་ཕྱི་རུ་སྒྲ་ཇི་བཞིན་ནོ། །འོན་ཀྱང་ནང་དུ་བལྟས་པས་ཀྱང་བྱས་ཏེ། དེ་ཉིད་ཀྱིས་ན་ཡེ་ཤེས་ལྕགས་ཀྱུའི་བྱེ་བྲག་ཉིད ་ཅེས་བས་སྟོན་ཏེ། དེའི་ཆེ་ཀྱི་ཞུས་པ་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་དང་པོ་ཞེས་བྱ་བ་ལ་སོགས་པའོ། །འདིར་འཇིག་རྟེན་པ་ལ་གྲགས་པ་རིགས་ལྔའི་རང་བཞིན་ལྕགས་ཀྱུ་ལྔ་ཤ་ལྔ་ནི་དེ ་བཞིན་གཤེགས་པ་སྟེ། དེའི་རང་བཞིན་མར་མེ་ལྔ་ནི་ལྕགས་ཀྱུ་ཤེས་པར་བྱའོ། །དེ་ལ་སྐྱེ་དགུའི་བདག་པོ་ཞེས་པ་ནི་རྟ་བདུན་པ་ཉི་མ་དེའི་རང་བཞིན་རྟའི་ཤ་འོད་དཔག་མེད་དོ། །གཉིས་པ་སྒྲོལ་མ་ཞེས་པ་ནི་དོན་ཡོད་གྲུབ་པའི་རང་བཞིན ་བ་ལང་གི་ཤའོ། །གསུམ་བ་ཆེན་པོ་རུ་ནི་འདོད་པ་ཞེས་པ་ནི་མིའི་ཤ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཤ་ཆེན་ནོ། །དེ་བཞིན་དུ་བཞི་པ་མང་པོ་ལས་སྐྱེས་ཞེས་པ་ནི་མི་བསྐྱོད་པའི་རང་བཞིན་གླང་པོ་ཆེའི་ཤའོ། ། ་ལྔ་བ་བྱིས་པ་ཞེས་པ་ནི་རིན་ཆེན་གཙོ་བོའི་རང་བཞིན་ཁྱིའི་ཤ་ཞེས་པ་སྟེ་ཡི་གེའི་དོན་ཏོ། །དེས་པའི་དོན་དུ་སྐྱེ་དགུའི་བདག་པོ་ནི་ཁུ་བའོ། །སྒྲོལ་མ་ནི་དེ་ཉིད་ཀྱིས་རླུང་གི་རང་བཞིན་གྱི་འོག་དང་སྟེང་དུ་འབབ་བའོ། ཆེན་པོ་ནི་རྣམ་པར་སྣང་མཛད ་དེ་ཧ་མི་ཤིགས་པའོ། །མང་པོ་ནི་མི་བསྐྱོད་པ་རྣམ་པར་ཤེས་པའི་བདག་ཉིད་སྲོག་བརྟན་པར་སྦྱོར་བའི་ཕྱིར་རོ། །བྱིས་པ་ནི་རིན་ཆེན་འབྱུང་ལྡན་རྡོ་རྗེ་རིན་པོ་ཆེའི་རྩ་ནས་མི་འཛག་པའི་ས་བོན་འགུགས་བཞིན་པའོ། །དེ་དག་ཅེས་བྱ་བ ་ལ་སོགས་པ་ནི་རིགས་ལྔའི་དབྱེ་བས་བདུད་རྩི་ལྔ་རྣམས་སོ། །ཡེ་ཤེས་ཆེན་པོ་ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའོ། །དེ་ལྟ་བུའི་སྦྱོར་བ་ལ་བརྟེན་པས་རྣལ་འབྱོར་བ་ཐམས་ཅད་ཚིམ་པར་བྱའོ། །དེའི་ཕྱི་རུ་སེམས་ཅན་གྱི ་དེན་ཕྱིར་ཞེས་བྱ་བ་ལ་སོགས་པས་མཆོད་པ་ཐམས་ཅད་ལ་སོགས་པ་བྱའོ། དེ་བཞིན་དུ་ནང་གི་བདག་ཉིད་ཀྱིས་ལྷ་ཐམས་ཅད་ཚིམ་པར་བ་ཞེས་པ་དེའི་ཚ་ཇི་ལྟར་སྣང་བ་གང་གིས་ནི། འདིར་གསུངས། དབྱངས་ཡག་ཅེས་བྱ་བ་ལ་སོགས་པ་ལ ་དབྱངས་ཡིག་བཅུ་གསུམ་པ་ཨོཾ་ཞེས་པ་འཇུག་པའི་ཕྱིར། ཟླ་བ་བྱང་ཆུབ་སེམས་ཐིག་ལེ་འབྱུང་བའི་ཕྱིར་རོ། །དེ་ཡང་ཨཱ་ལི་ཀཱ་ལིའི་རིབ་སྦྱོར་བས་ཅེས་པ་ནི་དབུག་དབྱུང་བ་དང་འཇུག་པ་རྣམ་པར་གཟུང་བའི་ཕྱིར་འཇུག་པའི་རིམ་པས་?? ་དུ་གསུངས་པ་དང། འཆད་བཞིན་པའི་ལྷ་ཐམས་ཅད་ཚིམ་པར་བྱའོ། །སླར་ཡང་བདུད་རྩི་ལྔའི་སྒྲུབ་ཐབས་ཀྱི་སྦྱོར་བ་གསུངས་པ། སྦར་བས་ཞེས་བྱ་བ་ལ་སོགས་པ་ལ་སྦར་བས་ཞེས་པ་ནི་དགུག་པའི་སྦྱོར་བས་འོག་དང་སྟེང ་གི་མཉམ་པའི་དུས་སུ་སྲོག་དང་ཐུར་སེལ་དག་ལྟེ་བའི་གནས་སུ་ཕྲད་བར་བྱའོ། །དེ་ན་ཅུང་ཟད་མེའི་དུ་བ་འཐུལ་ཏེ། དེས་ནི་ཡེ་ཤེས་ཀྱི་སྣང་བཅུང་ཟད་ཉམས་སུ་མྱོང་བར་འགྱུར་རོ། །དེ་ནས་རབ་ཏུ་སོན་པའི་ཕྱིར་འབར་བ་ཉིད་དོ། །འབར་བ་ལས ་ཚོགས་ཐམས་ཅད་དྲོ་བར་འགྱུར་རོ། །དེ་ལྟར་བདུད་རྩི་རྫོགས་ནས་དེས་ཚིམ་པར་བྱའོ། །དེ་བཞིན་དུ་ཤེལ་ཞེས་པ་ནི་དག་པའི་སྦྱོར་བའི་ཕྱིར་རང་བཞིན་ཐམས་ཅད་དང་རྩ་རྣམས་ཀྱང་ཤེས་བཞིན་དུ་ཉེ་བར་དམིགས་པར་བྱ་ཞེས་བསྟེངས་པའོ། །དེའི་ཞེས་བྱ་བ ་ལ་སོགས་པ་ནི་རྡོ་རྗེ་རྩའི་སྦྱར་བར་ཨ་བ་དྷུ་ཏཱིའི་དབུས་སུ་མྱོང་བར་བྱ་ཞེས་བའོ། །ཡོ་བྱང་ཅེས་བྱ་བ་ལ་སོགས་པ་ལ། ཡོ་བྱེད་ཀུན་ཞེས་པ་ནི་ཕྱི་རོལ་ཏུ་བཟའ་བ་དང་བཟའ་བ་མ་ཡིན་པ་ཆོ་ག་ཇི་ལྟ་བ་བཞིན་སྦྱིན་པའོ། །ལྷག་མ་ཞེས་པ་ནི ་ཕྱོགས་སྐྱོང་ལ་སོགས་པའི་འབྱུང་པོ་ཐམས་ཅད་ལ་གཏོར་མ་སྦྱིན་པའོ། །དེ་ཉིད་ཀྱིས་ན་ཕྱིའི་དཀྱིལ་འཁོར་ཞེས་པ་ནི་རྣམ་པ་གཉིས་ཏེ། རྡུལ་ཚོན་གྱི་དཀྱིལ་འཁོར་དང། གཉིས་པ་དཔའ་བོ་དད་དཔའ་མོའི་དབང་ཕྱུག་གི་འཁོར ་ལ་ཉིད་དུས་སུ་ཚིམ་པར་བྱའོ། །གཡོན་གྱི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་ཕྱིའི་དཀྱིལ་འཁོར་ཙན་དན་དམར་པོ་ལ་སོགས་པའི་རྡུལ་མཚོན་ནི་ཉེ་བར་ཚོན་པའོ། །དེའི་དབུས་སུ་ནག་པོ་དྲག་པོ་ལ་སོགས་པ་དང་མཆེ་བ ་གཅིགས་མའི་མཐར་ཐུག་པའི་ལྷ་དང་ལྷ་མོ་སུམ་ཅུ་རྩ་གཉིས་ཡང་དག་པར་མཆོད་པར་བྱའོ། །དེ་བཞིན་དུ་ནང་དུ་སྔོན་དུ་གསུངས་པའི་རྩ་སུམ་ཅུ་རྩ་གཉིས་ཡང་དག་པར་མཆོད་པར་བྱའོ། །དེ་བཞིན་དུ་ནང་དུ་མངོན་དུ་གསུངས་པའི་རྩ་སུམ ་ཅུ་རྩ་གཉིས་བོ་དེ་རྣམས་ཀྱི་ནང་དུ་ཆིམ་པར་བྱའོ། །དེ་དག་ནི་བསྡུས་པའོ། །ནམ་མཁའ་འགྲོ་མ་ལྔ་ཞེས་བྱ་བ་ལ་སོགས་པ་ནི་དེ་རྣམས་བསྡུས་ན་ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པའི་དཀྱིལ་འཁོར་ལྔ་རྒྱུ་བའོ། །དེ་བཞིན་དུ་དེ་ཉིད་ཅེས་པ་ནི ་དཀྱིལ་འཁོར་ལྔའི་རང་བཞིན་རྩ་ཐམས་ཅད་དོ། །དེས་ན་ལས་ཀུན་ཞེས་པ་ནི་ཞི་བ་ལ་སོགས་པ་བྱ་ཞེས་པ་སྟེ་ངེས་པའོ། །སྦྱོར་བའི་དཀྱིལ་འཁོར་ཞེས་བ་ནི། ལུས་དང་ངག་དང་སེམས་ཀྱི་བདག་ཉིད་རྩ་ཐམས ་ཅད་དེ། དེ་རྣམས་ཀྱི་གཅིག་ཏུ་སྦྱོར་བ་ནི་ཨ་བ་དྷཱ་ཏཱིར་གཞུག་པའོ། །དཀྱིལ་འཁོར་དང་དེར་དེའི་ཕྱིར་སྦྱོར་བའི་དཀྱིལ་འཁོར་ཐམས་ཅད་ཀྱི་རང་བཞིན་ནོ། །དེས་ན་རྒྱལ་ཆེན་མོ་ནི་བདག་མེད་མའི་གཟུགས་ཀྱི་ཤེས་རབ་པོ། །རྡོ་རྗེའི་དབང ་ཕྱུག་ནི་ཡེ་ཤེས་ཀྱི་ཁམས་སོ། །གཙོ་བོ་ཞེས་པ་ནི་རྡོ་རྗེ་སེམས་དཔའ་སྟེ། དབང་ཕྱུག་མི་འཛག་པའི་ཕྱིར་ཞེས་དགོངས་སོ། །གཞན་ནི་གོ་སླའོ། །འདིར་སྦྱོན་ཅིག་ཅེས་པ་ནི་སྤྱན་དྲང་བ་སྟེ། ཨོཾ་ཀཀྐ་ཞེས་པ་ལ་སོགས་པའོ། །དེའི་ངེས་པར ་གསུངས་པ་བརྗོད་པ། ཨོཾ་ཞེས་པ་ཡི་དབྱངས་རྣམ་པ། །འདིར་ནི་ལུས་ལ་དམིགས་པར་བྱ། །ཀ་གཉིས་ཀྱིས་ནི་བསྣུན་པ་ཡིས། །བྱང་ཆུབ་སེམས་ནི་དྲང་བ་ཡིན། །བ་གཉིས་ཤེས་པ་སྟེང་འོག་ཏུ། སྣལ་མའི་དབུས་སུ་རྒྱུ་བར་བྱ། ། ་རྡོ་རྗེའི་ལམ་དང་རྐན་དབུས་སུ། །བདེ་བ་ཡི་ནི་ས་བོན་བཅིངས། །ཁ་ཞེས་བྱ་བ་གཉིས་ནི་དེར། །འདི་ལྟ་བུའི་རྟོག་པ་བཟའ་། །དེ་ཉིད་བདེ་བ་ཀུན་མཁྱེན་གྱིས། །དབང་པོ་རྣམས་ཀྱི་གདུག་བ་བཟའ་། །ཧ་ན་ཧ་ན་སྔོན་འགྲོ་བ། །ལྷན ་ཅིག་སྐྱེས་སྦྱོར་རྟོག་པའི་ཕྱིར། །གྷ་གཉིས་ཤེས་པའི་མིང་གིས་ནི། །འབྱུང་དང་འཇུག་པའི་ལས་བྱེད་པའོ། །གྷ་ཧ་ཡ་ནི་སྟོང་པའི་སེམས། ། མུ་སེམས་ཅན་གྲངས་མེད་པ། །ཤ་ཏིང་འཁོར་བ་བཟུང་བའི་ཕྱིར། །ཀུ་རུ་སྙིང་རྗེ ་རྟོགས་པའོ། །ཧཱུཾ་ཞེས་པ་ནི་གཉིས་མེད་སེམས། །སེམས་ལས་བྱུང་བའང་དེར་ཐིམ་པ། །ཕཊ་ཅེས་པ་ནི་དེ་བཞིན་དུ། །གཉིས་མེད་མཛེས་པ་ལས་ནི་སད། །ཛ(རྒྱུད་འགྲེལ་སཧ་ཞེས་པ་བདེ་བ་ཉིད། །ཕུང་པོ་ལ་སོགས་ལྷ་ཐམས་ཅད། །དེའི་ཕྱིར་བདུད་རྩིའི་ཞེས་བྱ་བ་ལ་སོགས་པ་ལ། །བསམ་གཏན་ཞེས་པ་ནི་སྔོན་དུ་གསུངས་པའོ། དེས་ན་བདུད་རྩིས་ཁ་བཀང་ཞེས་པ་ནི། །ཏིང་ངེ་འཛིན་རྫོགས་པར་རབ་ཏུ་སོན་པར ་བྱས་པ་དེའི་ཚེག་ལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་བཞིན་དུ་གཏོར་མ་སྦྱིན་པའི་ཚིག་གསུངས་པ། ལྟོས་ཤིག་ཅེས་བྱ་བ་ལ་སོགས་པ་ལ། ལྟོས་ཤིག་དག་པ་ཡིས་ནི་ཆོས་ཞེས་པ་ནི་རབ་ཏུ་དགའ་བའི་ཆོས་འདི་ལ་རྟོགས ་ཤིག་པའོ། །གང་དག་གི་ལམ་བཟང་པོ་ལ་མངོན་པར་ཕྱོགས་པ་དེ་དག་གི་དུས་ཐམས་ཅད་དུ་ཡུལ་དང་ཡུལ་ཅན་ལ་སོགས་པ་འདུས་པའོ། །དེས་ན་འདི་ལ་རྣམ་རྟོག་ཡོད་མ་ཡིན་ཞེས་པ་ནི་དུས་ཐམས་ཅད་དུ་མི་འཛག་པར་སྦྱོར་བའོ། །དེའི ་ཕྱིར་ཡུལ་ལ་སོགས་པ་རྣམས་ལ་རེས་འགའ་ཡང་འཁོར་བར་སྦྱོར་བ་མ་ཡིན་ནོ། །དེས་ན་བྲམ་ཟེ་ཞེས་པ་ནི་གཏི་མུག་གོ། ཁྱི་ཞེས་པ་ཕྲག་དོག་གོ། གདོལ་བ་ཞེས་པ་ནི་ཞེ་སྡང་ངོ། །རང་བཞིན་གཅིག་པས་ཞེས་པ་ནི་ལྷན་ཅིག་སྐྱེས ་བས་གཅིག་གིས་རང་བཞིན་གྱིས་སོ། །ལྷན་ཅིག་བཟའ་ཞེས་པ་ནི་གཏི་མུག་ལ་སོགས་པ་བཟའ་བའོ། །ཕྱིའི་དོན་ནི་སྒྲ་ཇི་བཞིན་ནོ། །གཞན་ཡང་ཕྱི་རུ་པདྨའི་བསྐོར་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་ཡང་གསུངས་པ། གང་གི ་ཕྱི་དང་ནང་གི་ནི། །དེ་བཞིན་གཏོར་མ་གཏོང་བྱེད་པ། །དེ་འདིར་ཉོན་ནི་མི་མོངས་ཤིང། །སྲིད་པའི་རྒྱ་མཆོས་གཟིར་མི་འགྱུར། །དེ་ལ་རྣལ་འབྱོར་མ་མཆོག་སྟེར། །ཞིང་སྐྱོད་བདག་ཉིད་ཆེ་སོགས་ཀྱིས། །སྒྲུབ་པོ་གང་དུ་གནས་ཀྱང་རུང། ། ་རྟག་ཏུ་དེ་ལ་སྲུང་བར་བྱེད། །དངོས་གྲུབ་བརྒྱད་ནི་གྲུབ་པ་ཡིས། །སྐྱེ་བ་གཞན་དུ་ཀུན་དབང་འགྱུར། །དེར་ནི་སྟོངས་དང་གྲོགས་བྱེད་པར། །སྒྲུབ་པ་པོ་ལ་སོམ་ཉི་མེད།། །།ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་དགུ ་པའི་རབ་ཏུ་བྱེད་པ་གཉིས་པ་བླ་ན་མེད་པའི་གཏོར་མ་སྦྱིན་པ་རྒྱ་ཆེ་འགྲེལ་པ་ཡང་དག་པའི་ལྟ་བ་དྲན་པའི་སྣང་བ་ཞེས་པ་མདོར་བསྟན་པ་སྟེ་གཉིས་པའོ།། །།ད་ནི་བྲིས་སྐུ་དང་གླེགས་བམ་རྣམས་ཀྱི ་བྱ་བ་ལ་འཇུག་པའི་འབྲེལ་པ་བསྟན་པའི་ཕྱིར། གསང་བའི་པདྨ་བདེ་བ་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་ཉེན་ཅན་ཞེས་པ་ནི་བློ་བྱང་བའོ། །དཔའ་བོའི་རས་ཞེས་པ་ནི་གཡུལ་དུ་བསད་པའི་རས་སོ། །བུད་མེད་མེ་ཏོག་ཅེས་པ་ནི་རང ་བྱུང་མེ་ཏོག་གིས་པའི་རས་སོ། །ཁྲག་ཆེན་པོ་ཞེས་པ་ནི་མིའི་ཁྲག་གི་བྱུག་པའོ། །སིཧཱ་ཞེས་པ་ནི་བུད་མེད་ཀྱི་མེ་ཏོག་གོ། ག་བུར་ཞེས་པ་ནི་བྱང་ཆུབ་སེམས་བསྲེས་པས་སོ། །སོགས་པའི་སྒྲས་ནི་བཤད་པ་དང་གཅི་བ་བསྡུའོ། །ཁ་ལག་མ ་བཤལ་ཞེས་པ་ནི་རྟག་ཏུ་གཙང་སྒྲ་མེད་པ་དེ་ཉིད་གཙང་སྒྲའོ། །གཞན་ནི་གོ་སླའོ། །འདིར་གསུངས་པ། རང་བྱིན་བརླབས་པས་བྲིས་སྐུ་བ། །ཡན་ལག་དྲུག་གི་བྲི་བའི་ལས། །འཇུག་པ་དེ་ནི་བཅོམ་ལྡན་འདས། །རང་སྣང་གིས་ནི་ཚོན་གྱིས ་བྲིས། །དེང་ནི་རི་མོ་བྱེད་པ་ཡང། །ཤེས་བྱའི་རྣམ་པ་རང་སེམས་ཉིད། །ཡེ་ཤེས་རང་བཞིན་བཅོམ་ལྡན་འདས། །ཤེས་བྱའི་མཚན་ཉིད་མཐོང་ཕྱིར་རོ། །དེ་ཉིད་གླེགས་བམ་དུ་ནི་གསུངས། །སོར་མོ་བཅུ་གཉིས་འགོག་པའི་ཕྱིར། །སྲོག་ནི་གླེཊ ་བམ་མིང་ཅན་ནི། །ཡེ་ཤེས་སྐུ་ནི་རྟོག་བྱེད་པའོ།། །།ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོགས་པ་དགུ་པའི་རབ་ཏུ་བྱེད་པ་གསུམ་པ་བྲིས་སྐུ་ལ་སོགས་པ་གཏན་ལ་འབེབས་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན ་པའི་སྣང་བ་ཞེས་པ་མདོར་བསྟན་པ་སྟེ་གསུམ་པའོ།། །།ད་ནི་ཕྱིའི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་བདེ་བ་བཟུང་བ་ལ་རོལ་མོ་སྣ་ཚོགས་པའི་སྔགས་ཀྱི་ཡི་གེ་རྣམས་བསྟན་པའི་ཕྱིར། ཁ་སྦྱོར་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ་བྲིས་སྐུ་གླེགས་བཾ་ལ་སོགས་པའི་རབ་ཏུ་བྱེད་པ་མདོར་བསྟན་པ་གསུམ་གྱི་མཐར་སླར་བཤད་པ་བརྗོད་པར་བྱའོ། །དེ་ཡང་ཁ་སྦྱོར་ཞེས་པ་ནི་དབང་པོ་གཉིས་སུ་འདུས་པས་དེའི་ཚེ་མཚན་ཉིད་མི་འཇིགས་པར་བྱ་བའི་ཕྱིར་རོ། །སྔགས ་ཀྱང་ཨར་བཞེས་བྱ་བ་ལ་སོགས་པའི་སྒྲས་དེ་གཟུང་བར་བྱའོ། །ལྷག་མ་ནི་བླ་མའི་མན་ངག་ལས་ཤེས་པར་བྱའོ། །སླར་ཡང་སྔགས་དེ་ཉིད་ཀྱི་ཅང་ཏེའུ་བརྡུང་བ་དེའི་མཚན་ཉིད་གསུངས་པ། དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། འདིར་མཚན་ཉིད ་ཅེས་པ་ནི་གང་གིས་འཆད་བཞིན་པའི་ཅང་ཏེའུའི་མཚན་ཉིད་དེས་བསྒྲུབས་པས་མཁའ་འགྲོ་མ་ཐམས་ཅད་འགུག་པར་བྱེད་པའོ། །དེ་བཞིན་དུ་རྡོ་རྗེ་ཅན་ཞེས་པ་ནི་ཤི་རི་ཥ་སྐམ་པོའི་རྩ་བའོ། །མ་ལ་ཡར་སྐྱེས་ཙན་དམར། །ཞེས་པ་ནི་ཙན་དན་དམར་པོ ་ལས་བྱ་བའོ། །གཞན་ཞེས་པ་ནི་ཐོད་པ་ལས་ཅང་ཏེའུ་བྱ་བའོ། །བརྡུང་ཞེས་པ་ནི་ཅང་ཏེའུ་བརྡུང་པ་དང་ལྡན་པས་སོ། །གཞན་ནི་གོ་སླའོ། །དེ་བཞིན་དུ་ཕྱིའི་ཁ་སྦྱོར་བྱ་བའི་ཕྱིར། །ཀ་མ་པོ་ཛ་ལ་སོགས་པའི་རྣལ་འབྱོར་མ་རྣམས་བཀུག་ནས ་འདོད་པ་སྤྱད་པར་བྱའོ། །དེ་བཞིན་དུ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་ལ་སློབ་དཔོན་ཁྲོས་པས་ཞེས་པ་ནི། སློབ་དཔོན་གྱི་ཁྲོ་བོའི་ལྟ་སྟངས་སྦྱར་བ་དེའི་ཚེ་རྣལ་འབྱོར་མ་མིག་ལས་མཆི་མ་འཛག་ཅིང་དུ་བར་འགྱུར་རོ། །དེས་ནི་ཚིག་འདི་བརྗོད་དོ། ། ་ཁྲོ་བོ་སོན་པོ་མཛེས་པ་ཁྱོད་ཅེས་པ་ནི་ཁྱོད་ཀྱི་ཁྲོ་བོ་མཛེས་པ་དང་དཔྲལ་བར་ཁྲོ་གཉེར་གྱིས་བརྒྱན་པ་ཞེས་རྟོགས་པར་བྱེད་པའོ། །དམ་ཚིག་སྒྲུབ་པ་ཞེས་པ་ནི་བདག་ཅག་ཐམས་ཅད་ཁྱོད་ཀྱི་དམ་ཚིག་གྲུབ་པའོ། །མཆིལ་ལྷམ་ཟུང་ཞེས་པ ་འདི་བདག་འཆི་ལྷམ་བཞིན་དུ་ཟུང་ཞིག་པའོ། །ཆད་པ་འདི་ཞེས་པ་ནི་བདག་ཅག་གིས་ཆད་པ་འདིའོ། །མི་གཡོ་བར་ནི་མ་བཞུགས་ཤིག་ཅེས་པ་ནི་ལན་གཉིས་སུ་བཟླས་པའི་ཚིག་སྟེ་བདག་ལ་ཤིན་ཏུ་ཁྲོ་བ་བོར་ཅིག་པའོ། །དེས་ནི་མི་གཡོ་བར་སྡད ་མིག་ཉིད་དོར་ཅིག་པའོ། །དཔའ་བོ་ཁྱོད་ནི་ལྟོས་ཞེས་པ་ནི་དཔའ་བོ་ཁྱོད་གདུལ་བྱ་ལ་གཟིགས་ཤིག་པའོ། །འདུས་པས་འཁོར་བ་ལས་ནི་སྒྲོལ། །ཞེས་པ་ནི་དད་པ་པོ་ཐམས་ཅད་ཀྱི་སེམས་ཅན་ཐམས ་ཅད་འཁོར་བ་ལས་བསྒྲལ་བའི་ཕྱིར་འདུས་པ་མཛོད་ཅིག་པའོ། །བསམ་གཏན་བཟློག་ཅེས་པ་ནི་ཁྲོ་བོའི་བསམ་གཏན་ཟློག་ལ་ཞི་བར་མཛད་ཅིག་པའོ། །ལུས་འདུས་པ་རྣལ་འབྱོར་མའི་དབུས་སུ་མཛོད་ཅེས་པ་ནི་ཚོགས་ཀྱི ་འཁོར་ལོའི་དབུས་སུ་རྣལ་འབྱོར་མ་དང་ལྷན་ཅིག་ལུས་འདུས་པ་གྱིས་ཤིག་པའོ། །དེ་བཞིན་དུ་ཚོགས་ལ་འདུས་པའི་གནས་སྣ་ཚོགས་པའི་དོན་དུ་བཤད་པ་གསུངས་པ། ཉོན་ཅིག་ལྷ་མོ་ཞེས་བྱ་བ་ལ་སོགས་པ་ལ། ་དེ་བཞིན་དུ་ཆད་ཞེས་པ་ནི་རྣལ་འབྱོ་རྨ་རྣམས་འདུས་པའི་དུས་སུ་དགོངས་པས་བཤད་པ་ཉིད་ལ་རྣམ་པར་སྤྱད་པར་བྱའོ། །སྒེག་མོ་ཞེས་གསུངས་པ་ནི་ཆང་དུ་ཤེས་པར་བྱའོ། །ལྷག་མ་ནི་སྡོན་བཞིན་དུ་རྟོགས་པར ་བྱའོ། །གླུ་འདི་ཞེས་བྱ་བ་ལ་སོགས་པ་ནི་འདིར་སྲོག་རང་སེམས་དག་རོ་གཅིག་པའི་རང་བཞིན་གྱི་དུས་སུ་གཡོན་དང་གཡས་ཀྱི་དཀྱིལ་འཁོར་སྒྱུ་བའི་དུས་དང་དཀྱིལ་འཁོར་རེ་རེ་འཕོ་བ་རེ་རེའི་དུས་རྣམས་སུ་ཡང ་ཀ་ལ་སོགས་པའི་སྔགས་ཀྱི་ཡི་གེ་རྣམས་བརྗོད་དོ། །འཕོ་བ་བཅུ་དྲུག་འགོག་པར་འགྱུར་བ་དེ་སྲིད་དུ་རང་བཞིན་གྱི་ཡི་གེ་ཐམས་ཅད་བརྗོད་པར་ཤེས་པར་བྱའོ། །དེ་ལྟ་བུ་གང་དུ་བརྗོད་ཅེ་ན། གསུངས་པ་ཨ་བ་དྷུ་ཏཱི ་ཀླ་ཀློའི་བརྡས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་ཧེ་རུ་ཀའི་གང་ཞེས་པ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་ལ་སོགས་པས་སོ། །ཕྱག་རྒྱ་ཞེས་པ་ནི་སྣ་ཚོགས་བརྗོད་པའི་ལས་སོ། །ཕྱི་རུ་ཡང་འགད? ་དུ་ཞེས་བྱ་བ་ལ་སོགས་པ་གསུངས་པ། དེ་ལ་དེ་སྐད་ཅེས་བྱའོ། །ལྷག་མ་ནི་གོ་སླའོ། །དེ་ལྟར་དེ་ཁོ་ན་ཉིད་ཀྱི་བྱ་བ་ཐམས་ཅད་རྣལ་འབྱོར་མ་ཐམས་ཅད་ཐར་པའི་རྒྱུ་རུ་བྱའོ། །དེ་ཡང་གལ་ཏེ་རྟག་ཏུ་ཕྱག་རྒྱ་ཆེན་པོ་ཉིད་ལ་མངོན ་པར་བགྲོད་ནའོ།། །།ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོ་རྟོག་པ་དགུ་པའི་མདོར་བསྟན་པ་གསུམ་པ་མཐར་སླར་བཤད་པའི་རྒྱ་ཆེར་འགྲེལ་ཡང་དག་པའི་ལྟ་བའི་དྲན་པ་སྣང་བ་ཞེས་པ་སླར་བཤད་པ་སྟེ་བཞི་པའོ།། །། ་ད་ནི་རྟོག་པ་བཅུ་པ་ནས་བརྩམས་ནས་རྡོ་རྗེ་སློབ་དཔོན་གྱིས་དངོས་གྲུབ་ཀྱི་རྒྱུར་སྒྲུབ་ཐབས་བསྟན་པའི་ཕྱིར། །རྡོ་རྗེ་སློབ་དཔོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་ཅེས་པ་ནི་སྒྲུབས་པའི་ཐབས་སོ། །དེ་ཡང་དད་པོ་ཞེས་བྱ ་བ་ལ་སོགས་པ་ལ། །འཁོར་ལོ་ཆེན་པོ་ཞེས་པ་ནི་སྔོན་དུ་གསུངས་པའི་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་ཉིད་དང་པོ་སྙིད་གི་གནས་སུ་རྣམ་པར་བསམ་པར་བྱའོ། །ཕྱི་རུ་ནི་དཀྱིལ་འཁོར་བྲི་བར་བྱའོ། །དེ་བཞིན་དུ་ཐོག་མ་ཞེས་བྱ་བ་ལ་སོགས ་པ་ནི་དབང་བསྐུར་བའི་ཆོགས་ཐམས་ཅད་བྱ་ཞེས་པའོ། །སྙིང་པོ་ཞེས་པ་ནི་སྔོན་དུ་གསུངས་པའི་སྔགས་སོ། །འོན་ཀྱང་སློབ་དཔོན་གྱིས་ལས་ཐམས་ཅད་ཀུན་བརྗོབ་ཏུ་བྱ་ཞེས་པ་སྟེ་དེས་པའོ། །གཞན་ཡང་རབ་ཏུ་བྱེད་པ་འདིའི་དོན་ནི ་གོ་སླ་པ་སྟེ། སྒྲ་ཇི་བཞིན་ནོ། །དེས་ན་བདག་གིས་མ་བཤད་དོ།། །།ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་....་རྟོག་པ་བཅུ་པའི་རབ་ཏུ་བྱེད་པ་དང་པོ་རྡོ་རྗེ་སློབ་དཔོན་གྱི་སྒྲུབ་ཐབས་ཀྱི་རྒྱ་ཆེར་འགྲེལ་ཡང་དག་པའི་ལྟ་བའི་དྲིན་པའི་སྣང ་བཞེས་པ་མདོར་བསྡུས་པ་སྟེ་དང་པོའོ།། །།ད་ནི་བདེ་བ་ཆེན་པོའི་སྒྲུབས་ཐབས་ཏེ། དེས་གྲུབ་པའི་རྣལ་འབྱོར་པ་ནུས་པ་ཅན་ཕྱག་རྒྱ་དང་ལྷན་ཅིག་མཆོད་པ་སྣ་ཚོགས་པ་དང་བཀུར་སྟི་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། རིག་པ་འཛིན་པ་ཞེས་པ་ནི་ཤེས་རབ་དང་ཐབས་ཉིད་མཆོག་ཏུ་མི་འགྱུར་པའི་རྣལ་འབྱོར་མི་འཛག་པའི་ཕྱིར་དེ་རྣམས་རྣལ་འབྱོར་དུ་འགྲུབ་པ་དེ་ཉིད་ཀྱི་འབྲས་བུ་ཕུན་སུམ་ཚོགས་པར་བྱ་བ་གསུངས ་པ། དེར་ས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་རྣལ་འབྱོར་ཞེས་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་དོ། །རྣམ་པ་དྲུག་ཏུ་གཡོས་ཞེས་པ་ནི་གལ་ཏེ་རྣལ་འབྱོར་གྱི་དབང་ཕྱུག་སའི་སྟེང་དུ་འཁོར་བ་དེའི་ཚེ་རྣམ་པ་དྲུག་ཅེས་པ་ནི་གལ་ཏེ་ཡེ་ཤེས ་ཀྱི་དགའ་བས་རྣལ་འབྱོར་པ་གར་བྱེད་བཞིན་པ་དེའི་ཚེ། དྲུས་སྐྱེས་ལ་སོགས་པ་གྲོང་གི་གླུ་དཀྱུགས་ཀྱི་སྒྲ་སའི་ཕྱོགས་ནས་གྲགས་པར་འགྱུར་རོ། །དེ་བཞིན་དུ་དགའ་བ་ཞེས་པ་ནི་གལ་ཏེ་ངེ་ཉིད་ས་གཞི་ལ་ཞབས་དྲག་ཏུ་མནན་པས་གར ་བྱེད་བཞིན་པ་དང་ཐུགས་དགྱེས་བཞིན་པའི་ཕྱིར་དེའི་ཚེ་ཆ་ལང་ལྟ་བུ་ཞེས་པ་ནི་ཆ་ལང་གི་སྒྲ་ཤིན་ཏུ་དྲག་པ་ལྟ་བུ་འམ་གློག་འཁྱུག་པ་ལྟ་བུའི་སྒྲ་ཆེན་པོའི་སྒྲ་གྲགས་པར་འགྱུར་རོ། །དེ་བཞིན་དུ་རྐང་གདུབ་ལས་བསྐལ་པའི་མེ་ལྟ་བུའི ་སྒྲ་འབྱུང་བ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་རྒྱ་མཚོ་འཁྲུག་པ་དང། ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ནི་གོ་སླའོ།། །།ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོ་རྟོག་པ་བཅུ་པའི་རབ་ཏུ་བྱེད་པ་གཉིས་པ་བསྒྲུབ་པའི་རྣལ ་འབྱོར་པ་རྣམས་ཀྱི་མཆོད་པ་དང་བསྐུར་སྟི་བསྟན་པའི་རྒྱ་ཆེར་འགྲེལ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པ་སྟེ་མདོར་བསྟན་པ་གཉིས་པའོ།། །།ད་ནི་ཚེ་འདི་ལ་རྣལ་འབྱོར་པར་གྲུབ་ནས་སངས་རྒྱས་ཀྱི་རང་བཞིན་ཉིད ་རྣམ་པར་སྤྱོད་པ་བརྗོད་པའི་ཕྱིར། །རིགས་པའི་སྐྱེས་བུ་གྲུབ་པ་ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་བ་རྒྱལ་བའི་སྤྱོད་ཡུལ་ཡིན་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པ་མངོན་དུ་ཡོན་ཏན་གྱི་གནས་སོ། །དེ་བཞིན་དུ ་ཡང་ཚིག་སྣ་ཚོགས་པས་སྒྱུ་མའི་མཚན་ཉིད་མཚོན་ཅིང་ཟུད་དུ་འཇུག་པའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པ་དེ། སངས་རྒྱས་བཅོམ་ལྡན་འདས་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེ་ལྟར་ཡང་གཞུང་འདི་ཉུང་དུའི་ཕྱིར་གཞན་ལས་རྗེས་སུ་རྟོཌ ་པར་བྱ་ཞེས་པ་སྟེ་ངེས་པའོ། །ལྷག་མ་གཞན་ནི་གོ་སླའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་བཅུ་པའི་རབ་ཏུ་བྱེད་པ་གསུམ་པའི་རྒྱ་ཆེར་འགྲེལ་ཡང་དག་པའི་ལྟ་བའི་དན་པའི་སྣང་བ་ཞེས་པ་མདོར་བསྟན་པ་སྟེ་གསུམ་པའོ།། །། ་ད་ནི་མངོར་བསྟན་པ་གསུམ་གྱི་མཐར་སླར་བཤད་པ་གཏན་ལ་དབབ་པ་བརྗོད་པའི་ཕྱིར་ལ་ཁྱོད་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་ལ་ཞུས་པ་དང་ལན་བཏབ་པ་ནི་རྒྱུད་ཐམས་ཅད་ཀྱི་ཐུན་མོང་དོ། །ལྷག་མ་ནི་གོ་སླའོ། །འདི ་ཡང་གསུངས་པ། །བ་སྦྱོར་དོན་ནི་གསལ་བྱེད་ཅིང། །རྣལ་འབྱོར་པ་ལ་ཐར་སྟེར་བྱེད། །རྒྱ་ཆེར་འགྲེལ་ཚིག་ལ་ལར་ནི། །སྦས་ཤིང་གསལ་བར་རབ་རྫོགས་པ། །བླ་མ་རྡོ་རྗེ་འཛིན་དགའ་ཡིས། །སེམས་ཅན་རྒྱུ་རུ་འདུད་པ་ཡིན། །སྣ་ཚོགས་ལུང་གི་དགོངས ་པ་ཉིད། །རང་གི་བརྟགས་ནས་བྱས་པ་མིན། །སངས་རྒྱས་རྡོ་རྗེ་འཆང་ལ་སོགས། །ཞིང་བརྒྱད་ལྷན་སྐྱེས་རྣལ་འབྱོར་མ། །བླ་མའི་སྔོན་འགྲོ་ཐམས་ཅད་ནི། །བདག་ལ་བཟོད་པ་མཛད་པར་འོས། །རྣལ་འབྱོར་དབང་པོ་བྱང་ཆུབ་སྲས། །གང་གཞན་དེ་ཉིད ་ཕ་རོལ་འགྲོ། །ཡི་གེ་ལྷག་གམ་ཆད་པའི་ཕྱིར། །དེ་དག་ཐམས་ཅད་བཟོད་པར་འོས། །གལ་ཏེ་སངས་རྒྱས་དོན་སྤྱོད་ཡུལ། །ལུང་གི་དོན་ལ་དཔྱོད་པ་ནི། །དེ་ཚེ་ཀུན་ཏུ་རྒྱ་ཆེན་གྱི། །ལེགས་པའི་ཚིག་ནི་བདག་ལ་སཅོལ།། །།དཔལ་ཁ་སྦྱོར་ཐིག་ལེའི ་རྒྱུད་ཀྱི་རྒྱལ་པོ་རྒྱུད་ཐམས་ཅད་ཀྱི་གླེང་གཞི་ལས། རྟོག་པ་བཅུ་པའི་དཔལ་རྒྱ་ཆེར་འགྲེལ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་ལས་མདོར་བསྟན་པ་སླར་བཤད་པ་སྟེ་བཞི་པའོ།། །།སློབ་དཔོན་ཨི་ཎདྲ་བོ་དྷེ་ནི། །ཞེས་བྱས ་རྒྱལ་བའི་ལམ་འདི་བྱས། །བདེ་ཆེན་བཟང་པོ་དཔལ་ནི་ཉིད། །བསོད་ནམས་བྱང་ཆུབ་ཐོབ་དེ་བཞིན། །ཡེ་ཤེས་ཐོབ་ནས་དེ་ཉིད་ནི། །སེམས་ཅན་རྣམས་ནི ་རྟག་ཏུ་སྤྱོད། །རྒྱལ་བ་ཡིས་ནི་ལམ་ཐོབ་ནས། །དེ་ཀུན་གྱིས་ཀྱང་སེམས་ཅན་གྱི། །དོན་ནི་ནམ་མཁའ་ཨི་མཐར་ཐུག་བྱེད། །དཔལ་ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟག་པ་བཅུའི ་བདག་ཉིད་ཀྱི་རྒྱ་ཆེར་འགྲེལ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་རྫོགས་སོ།། །།ཕྱག་རྒྱ་ཆེ་བ་རྙེས་པདྨ་ཨོ་ཊཡཎ་པའི། །རིམ ་བརྒྱུད་རྒྱལ་པོ་ཨིནྡྲ་བོ་དྷི་ཡི། །གཞུང་ལུགས་ཡང་དག་ལྟ་བ་དྲན་སྣང་བ། །འབད་དེ་བསྒྱུར་བྱས་བསོད་ནམས་གང་ཐོབ་དེས། །འགྲོ་ཀུན་གཉིས་མེད་ཡེ་ཤེས་གནས་ཐོབ་ཤོག། ་རྒྱ་གར་གྱི་མཁན་པོ་ཤྲཱི་བཛྲ་བོ་དྷི་དང། བོད་ཀྱི་ལོ་ཙཥ་བ་ཆེན་པོ་གྱི་ཅོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།བཀྲ་ཤིས། ་