CLOSE WINDOW

N1121: rgyud kyi rgyal po mkha' 'gro ma rdo rje dra ba'i dka' 'grel de kho na nyid rgyas pa zhes bya ba
Wyliee-texts based on the ACIP/ALL Input

རྒྱལ་པོ་ཆེན་པོའི་བརྟག་པའི་བཤད་སྦྱར་སློན་ཆེན་པོ་ནག་པོ་ཞབས་ཀྱི་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་...་པོ་ག་ཡ་དྷ་རའི་ཞལ་སྔ་ནས་དང། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་ཡཻས་ཀྱིས་བསྒྱུར་ཅིང ་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྡོ་རྗེ་དྲ་བའི་དཀའ་འགྲེལ་རྒྱས་པ་ཞེས་བྱ་བ་བཞུགས་སོ།། །།*། །རྒྱ་གར་སྐད་དུ། ཌཱ་ཀི་ནཱི་བཛྲ་ཛཱ་ལི་པཉྫ་ར་ཏནྟྲ་རཱ་ཛ་སྱ་ཏཏྟཱ་པཽཥྚི་ཀ་བཉྫི་ཀཱ་ནཱ་ཨ། བོད་སྐད་དུ། ་རྒྱུད་ཀྱི་རྒྱལ་པོ་མཁའ་འགྲོ་མ་རྡོ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ཞེས་བྱ་བ། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །རླབས་ཚོགས་གཡོ་བའི་མཚོ་ཡི་ཆུ་ནི་ཆུ་སྐྱེས་དམར ་པོའི་སྟེང་གནས་དང་པ་ཡི། །ཕྲེང་བས་བརྒྱན་ལྟར་གང་གི་ཕྱག་རྣམས་ཐོད་པའི་ཕྲེང་བས་ཤིན་ཏུ་མཛས་བྱས་ལ། །འཕྲལ་གྱི་ཆར་སྤྲིན་ལྟ་བུར་སྡོ་ཞིང་ལྕུག་མའི་ནགས་བཞིན་བཅུ་དྲུག་ཕྱགས་གིས་གནས། །མཆེ་བ་དང་བཅས་ཞལ ་དང་སྐུ་རུ་ལྡན་པའི་གར་མཛད་དེ་ལ་རབ་འདུད་ཅིང། །ཟབ་ཅིང་ཤིན་ཏུ་གཏིང་དཔག་དཀའ་ལ་དོན་དམ་རིན་པོ་ཆེ་ཡི་གནས་སུ་གྱུར་པ་ཡི། །དམ་པའི་ཆོས་ཀྱིས་གཞུང་ལུགས་རྟོགས་པར་ནུས་པའི་རྣམ་དག་བློ་དང་ལྡན་པ་གང། ། ་བཤེས་གཉེན་དམ་པའི་ཞབས་ཀྱི་པདྨར་གུས་ཕྱག་འཚལ་ཏེ་ཡང་དག་རིག་པ་ལས། །དེ་ཁོ་ན་ཉིད་དྲན་པར་བྱ་ཕྱིར་དེ་ཉིད་རབ་གསལ་དཀའ་འགྲེལ་བྲི་བར་བྱ། །མཁའ་དང་ཞེས་བྱ་བ་ལ་སོགས་པ་ལ། མཁའ་ཞེས་བྱ་བ་ནི་པར ་མའི་རང་བཞིན་ཏེ། རིག་པ་བཞིའི་ཆོས་འབྱུང་བའི་ཕྱག་རྒྱ་ཁ་དོག་དཀར་པོ་གྲུ་གསུམ་པ་སྨད་ཞུམ་ཞིང་སྟོད་ཡངས་པ་སྣ་ཚོགས་རྡོ་རྗེ་པདྨས་ནང་མཚན་པའོ། །བེམས་པོ་ཞེས་བྱ་བ་ནི་སའི་དཀྱིལ་འཁོར་ཏེ། ཁ་དོག་སེར་པོ་གྲུ་བཞི ་ལ་གྲཝར་རྡོ་རྗེ་རྩེ་གསུམ་པས་མཚན་པ་ལམ་ལས་བྱུང་བའོ། །དང་བཞེས་བྱ་བ་ནི་ཆུའི་དཀྱིལ་འཁོར་ཏེ་ཁ་དོག་དཀར་ལ་ཟླུཾ་བ་བུཾ་པས་མཚན་པ་བཾ་ལས་བྱུང་བའོ། །གོ་སྐབས་ཅེས་བྱ་བ་ནི་ཁྱད་པར་རྒྱུ་ཞིང་སྐབས་མེད་པས ་ན་གླུང་གི་དཀྱིལ་འཁོར་ཏེ། ཁ་དོག་དུད་ཁ་གཞུ་ལྟ་བུ་རྒྱལ་མཚན་གྱིས་མཚན་པ་ཡཾ་ལས་བྱུང་བའོ། །གསལ་བཞེས་བྱ་བ་ནི་བླ་ན་མེད་པའི་ཡེ་ཤེས་ཀྱི་འོད་འབར་བའི་ངོ་བོ་ཉིད་ཀྱི་ཕྱིར་མེའི་དཀྱིལ་འཁོར་ཏེ། ཁ་དོག ་དམར་པོ་གྲུ་གསུམ་འབར་བས་མཚན་པ་རཾ་ལས་བྱུང་བའོ། །སྣ་ཚོགས་ཞེས་བྱ་བ་ནི་དཀྱིལ་འཁོར་བཞིའི་འོག་ན་གནས་པའི་སྣ་ཚོགས་པདྨའོ། །རྡོ་རྗེའི་གཞི་ཞེས་བྱ་བ་ནི་རྡོ་རྗེའི་མཆོག་ཐམས་ཅད་ཀྱི་རྟེན་གྱུར་པའི་སྣ ་ཚོགས་རྡོ་རྗེའོ། །གནས་ཁང་ཞེས་བྱ་བ་ནི་ཁང་བུ་བརྩེགས་པ་སྟེ། བྷྲུཾ་དང་འཁོར་ལོ་ལས་བྱུང་བའི་རྣམ་པར་སྣང་མཛད་ཀྱི་བ་སྤུའི་བུ་ག་ནས་བྱུང་བའི་བདུད་རྩིའི་རྒྱུན་གྱིས་འབྱུང་བ་ཆེན་པོ་བཞི་ཞུ་བ་ལས་གྱུར་པའོ། ། ་སེམས་ཅན་ཁམས་ཞེས་བྱ་བ་ནི་དེ་ཉིད་དེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་ཚོགས་འཕྲོ་བས་ཡོངས་སུ་གང་བའི་ཕྱིར་རོ། །ཡང་དེའི་ཉིད་ནི་ཡིད་དུ་འོང་བ་ཞེས་ཀྱང་བྱ་སྟི་ཤིན་ཏུ་བཟང་ཞིང་གསལ་བའི་རིན་པོ་ཆེ ་རྣམས་ལས་བསྒྲུབ་པའི་ཕྱིར་རོ། །ཡང་ནི་དེ་ཉིད་གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱིས་ཡོངས་སུ་གང་བས་ན་ཡིད་འོང་བའོ། །དེ་དག་གིས་ནི་འདི་སྐད་དུ་ཆོས་འབྱུང་བའི་ནང་དུ་སོན་པའི་སྣ་ཚོགས་རྡོ་རྗེ་དང་པདྨ་ལ་གནས ་པ་ཁང་བུ་བརྩེགས་པ་བསྒོམ་པར་བསྟན་པའམ། གཞལ་ཡས་ཁང་ལྔའི་ནང་ངོ། །ཁ་ཅིག་ནི་འོག་ནས་འབྱུང་བའི་རྒྱུད་ཀྱི་རིམ་པས་བདག་མེད་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྟོན་པར་བྱེད་དོ་ཞེས་ཟེར་རོ། །མཁའ་ ་ཞེས་བྱ་པ་ནི་སངས་རྒྱས་ཐམས་ཅད་ཡང་དག་པར་སྡུད་པར་བྱེད་པའི་བདག་མེད་པའོ། །བེམས་པོ་ཞེས་བྱ་བ་ནི་སའི་ཁམས་ཀྱི་རང་བཞིན་པུཀྐ་སཱིའོ། །དང་བ་ཞེས་བྱ་བ་ནི་ཆུའི་ཁམས་ཀྱི་རང་བཞིན་ས་བ་རཱིའོ། ། ་གོ་སྐབས་མེད་ཅེས་བྱ་བ་ནི་རླུང་གི་ཁམས་ཀྱི་རང་བཞིན་ཌོམྦི?་ནཱིའོ། །གསལ་བ་ཞེས་བྱ་བ་ནི་མའི་ཁམས་ཀྱི་རང་བཞིན་ཙནཌ་ལཱིའོ། །སྣ་ཚོགས་ཞེས་བྱ་བ་ནི་ལུས་དང་ལོངས་སྤྱོད་གནས་སུ་གནང་བའི་ཀུན་གཞི་རྣམ་པར ་ཤེས་པ་ཡོངས་སུ་གྱུར་པའི་མེ་ལོང་ལྟ་བུའི་ཡེ་ཤེས་དང། གཟུགས་ཀྱི་རང་བཞིན་རྡོ་རྗེ་མའོ། །རྡོ་རྗེའི་གཞི་ཞེས་བྱ་བ་ནི། རྡོ་རྗེ་རྣམས་ཀྱི་བརྟེན་ཏེ། སངས་རྒྱས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས ་དང། ཚོར་བའི་རང་བཞིན་ནང་གི་གཽ་རཱི་མའོ། །གནས་ཁང་ཞེས་བྱ་བ་ནི་གཟུང་བ་གཟུགས་ལ་སོགས་པའི་རང་བཞིན་གྱི་གཉེན་པོ་རྣམ་པར་རྟོག་པ་ཐམས་ཅད་ཐིམ་པར་གྱུར་བའི་སོ་སོར་རྟོག་པའི་ཡེ་ཤེས་དང། འདུ་ཤེས་ཀྱི ་རང་བཞིན་པ་རི་ཌཱ་ཀཱི་ནཱིའོ། །སེམས་ཅན་ཁམས་ཞེས་བྱ་བ་ནི་གདུལ་བྱའི་སེམས་ཅན་གྱི་ཁམས་སྣ་ཚོགས་གདུལ་བར་བྱེད་པའི་བྱ་བ་ནན་ཏན་གྱི་ཡེ་ཤེས་དང་འདུ་བྱེད་ཀྱི་རང་བཞིན་བཛྲ་ཌཱ་ཀིནཱིའོ། །ཡིད་འོང་བ་ཞེས་བྱ་བ་ནི ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཡིད་དུ་འོང་ཞིང་དགུག་པར་བྱེད་པ་སྟེ། དད་པ་དང་གཟུགས་ཀྱི་སྐྱེ་མཆེད་ཀྱི་རང་བཞིན་གཽ་རཱི་མའོ། །སེམས་ཅན་ཞེས་བྱ་བ་དེ་དག་འཇུག་པ་སྟེ། བརྩོན་འགྲུས་དང་སྒྲའི་སྐྱེ ་མཆེད་ཀྱི་རབ་བཞིན་ཙཽ་རཱིའོ། །སྣོང་ཅེས་བྱ་བ་ནི་གནས་སུ་སྐྱེད་ཅིང་འཆིང་བ་སྟེ། དྲན་པ་དང། དྲིའི་སྐྱེ་མཆེད་ཀྱི་རང་བཞིན་བེ་ཏྟཱ་ལཱིའོ། །འཇིག་རྟེན་ཞེས་བྱ་བ་ནི་དོན་སྣ་ཚོགས་ལ་ལྟ་ཞིང་མཉེས་པར་བྱེད་པ་སྟེ། ཏིང་ངེ་འཛིན ་དང། རོའི་སྐྱེ་མཆེད་ཀྱི་རང་བཞིན་གྷ་སྨ་རཱིའོ། །ས་འོག་ས་སྟེང་ས་བླ་ཞེས་བྱ་བ་ལ། ས་འོག་ནི་རེག་བྱའི་སྐྱེ་མཆེད་ཀྱི་རང་བཞིན་ས་འོག་ན་རྒྱུ་བའོ། །ས་སྟེང་ནི་རྣམ་པར་ཤེས་པའི་ཕུང་པོའི་རང་བཞིན་ཏེ། སླར་ཡང་བདག ་མེད་མ་ཉིད་དེ་བསྟན་པའོ། །ས་བླ་ཞེས་བྱ་བ་ནི་ཆོས་ཀྱི་སྐྱེ་མཆེད་ཀྱི་རང་བཞིན་མཁའ་ལ་རྒྱུ་མའོ། །བར་ཞེས་བྱ་བ་ནི་ལོགས་སུ་རྒྱུ་བ་མ་ཡིན་གྱི་སྟེང་དང་འོག་ཏུ་འགྲོ་བ་ཞེས་བྱ་བའི་བར་དུའོ། །དེས་ནི་བདག་མེད ་མའི་འཁོར་ལོ་བསྟན་ཏོ། །ཡང་གོང་དུ་ཐལ་བའི་འཕྲོ་བཤད་པར་བྱ་སྟེ། སེམས་ཅན་སྣོད་ཀྱི་འཇིག་རྟེན་དང་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་པ་སྟེ། དེ་ལ་སྣོད་ཅེས་བྱ་བ་ནི་གནས་སུ་སྣང་བ་ཡོངས་གྱུར ་པའི་ཁང་བུ་བརྩེགས་པ་བཤད་པ་ཉིད་དོ། །སེམས་འཇིག་རྟེན་ཞེས་བྱ་བ་ནི་རྟག་པ་སྟེ། བྱང་ཆུབ་སེམས་དཔའ་ལ་སོགས་པའི་ལུས་ངང་ལོངས་སྤྱོད་དུ་སྣང་བ་གནས་གྱུར་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ནོ། །ས་འོག ་ས་སྟེང་ས་བླ་ངང་ཞེས་བྱ་བ་ནི་སྐམ་བ་མ་སྟེ། ས་འོག་དང་ས་སྟེངས་དང་ས་བླ་ན་གནས་པའི་གདུག་པ་རྣམས་ཀྱི་མགྲིན་པ་འདོན་པའི་ཕྱིར་རོ། །བར་དང་ཞེས་བྱ་བ་ནི་ཞགས་པ་མ་སྟེ། གདུག་པ་རྣམས་བཙལ་ནས་ནང་དུ་འཆིད ་བར་བྱེད་པའི་ཕྱིར་རོ། །ཡིད་ཅེས་བྱ་བ་ནི་འཚོད་པ་མ་སྟེ། གདུག་པ་རྣམས་བསལ་ནས་འཇིག་རྟེན་དག་པའི་ཡིད་ཀྱི་ཡང་དག་པའི་དྲ་བས་བསྡམས་པའི་ཕྱིར་རོ། །ལུས་ཞེས་བྱ་བ་ལྕགས་ཀྱུ་མ་སྟེ། གདུག་པའི་ལུས་ཕུགས་ནས ་འགུགས་པའི་ཕྱིར་རོ། །དག་ཅེས་བྱ་བ་མེ་ཏོག་མ་སྟེ། བྱང་ཆུབ་ཀྱི་ཡན་ལག་ལ་དམ་པའི་མེ་ཏོག་གི་ཟ་མ་ཏོག་འབུལ་པའི་གསུང་རབ་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་མེ་ཏོག་མའོ། །གཅིག་ཅེས་བྱ་བ་ནི་བསྡུག་སྔོས་མ་སྟེ། ཆོས། ་ཐམས་ཅད་ཟག་པ་མེད་པའི་བདུག་པས་གཅིག་ཏུ་སློན་པའི་ཕྱིར་རོ། །གཉིས་ཞེས་བྱ་བ་ནི་མར་མི་མ་སྟེ། སྙིང་རྗེའི་སྣུམ་ལས་བྱུང་བའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྒྲོན་མ་མ་སྟེ། གཉིས་ཀྱི་རབ་རིབ་བཟློག་ནས་སངས ་རྒྱས་ཀྱི་ཡོན་ཏན་སྣང་བར་བྱེད་པར་ཕྱིར་རོ། །མཁའ་བདེ་ཞེས་བྱ་བ་ནི་བྱུག་པ་མ་སྟེ། ནམ་མཁའ་མ་ལུས་པར་རྒྱས་པའི་བླ་ན་མེད་པའི་དབྱིངས་ཀྱི་དྲི་ལ་དགའ་ཞིང་གྲགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །རྟག་པའི ་དཀྱིལ་འཁོར་པ་རྣམས་སོ། །དྲུག་དང་ལྔ་དང་ཞེས་བྱ་བ་ནི། རྡོ་རྗེ་ཉི་མ་སྟེ། ང་རྒྱལ་ལ་སོགས་པའི་ཉོན་མོངས་པ་དྲུག་དང། སྒྲིབ་པ་ལྔའི་གཉེན་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང ་བཞིན་ཡིན་པའི་ཕྱིར་རོ། །དྲུག་གཉིས་ཞེས་བྱ་བ་ནི་ལག་ན་ཉི་མ་མ་སྟེ། ཉི་མ་བཅུ་གཉིས་བསྡུས་པའི་སྣང་བས་མ་རིག་པའི་མུན་ནག་ཟློག་པར་བྱེད་པའི་ཕྱིར་རོ། །བཞི་ཞེས་བྱ་བ་ནི་རྣལ་འབྱོར་བཞིའི་ཡེ་ཤེས་ཀྱི་སྣང ་བས་རྣམ་པར་རྟོག་པའི་རབ་རིབ་སེལ་བར་བྱེད་པའི་ཕྱིར་རོ་།འགྲོ་བ་རྣམས་ཞེས་བྱ་བ་ནི་རིན་ཆེན་སྒྲོན་མ་སྟེ། འགྲོ་བ་རྣམས་ཀྱི་མུན་པའི་དྲ་བ་འཇོམས་པར་བྱེད་པའི་ཕྱིར་རོ། །ཉི་ཤུར་གཅིག་གིས་མ་ཚང་བ་ཞེས་བྱ་བ་ནི་ལག་ན ་གློག་འཛིན་མ་སྟེ་ཁམས་བཅཝོ་བརྒྱད་དང་གང་ཟག་ཏུ་འཛིན་པ་སྟེ། རྣམ་པར་རྟོག་པ་བཅུ་དགུའི་ཆུ་པོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྣང་བས་སེལ་བར་བྱེད་པའི་ཕྱིར་རོ། །ཁམས་གསུམ་པོ་ནི་མ་ལུས་དང། ཞེས་བྱ ་པ་ནི་སྒེག་མོ་སྟེ། ཁམས་གསུམ་མ་ལུས་པ་ཐམས་ཅད་ལ་ཕ་རོལ་པར་སྟོན་པའི་ཕྱིར་རོ། །ཕ་ཞེས་བྱ་བ་ནི་ཕྲེང་བ་མ་སྟེ། ཉོན་མོང་པ་ལ་སོགས་པ་རྣམས་ཀྱིས་བཅིང་བ་ལས་སྐོལ་པའི་ཕྱིར་དང། དོན་དམ ་པའི་རིན་པོ་ཆེ་ལ་རོལ་ཅིང་འཛིན་པའི་ཕྱིར་རོ། །བུ་ག་ཞེས་བྱ་བ་ནི་གླ་མཁན་མ་སྟེ། ཐར་པའི་གྲོང་ཁྱེར་དུ་འཇུག་པར་མཛད་ཅིང་བླ་ན་མེད་པའི་ཆོས་སྟོན་པའི་དབྱངས་ཀྱིས་སྐྱོབ་པའི་ཕྱིར་རོ། །མ་ཞེས་བྱ་ནི་གར་མཁན་མ ་སྟེ། གར་གྱི་ཕྱག་རྒྱ་བསྐྱོང་པ་ཡིས་བདུད་ཀྱི་རྒྱ་མཚོ་ལས་གྲོལ་བའི་ཕྱིར་རོ། རྡོ་རྗེ་ཉི་མའི་དཀྱིལ་འཁོར་བ་རྣམས་སོ། །ཕྱི་རོལ་དོན་ཞེས་བྱ་བ་ནི་བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་སྟེ། གཟུང་བ་ལ་སོགས་པའི་རྣམ ་པར་རྟོགས་པས་བཅིངས་ཤིང་མནན་ནས་ངོན་རྣམས་ལ་གཟིགས་པའི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །ནང་དང་ཞེས་བྱ་བ་ནི་ལག་ན་པདྨ་མ་སྟེ། སྙིང་རྗེ་ཆེན་པོའི་འདོད་ཆགས་ཆེན་པོས་ནང་ཞེས་བྱ་བ་པདྨའི་བདག ་ཉིང་སྟོན་པའི་ཕྱིར་རོ། །བཙུན་མོ་ཀུན་གྱི་ཆོས་དང་ནི་ཞེས་བྱ་བ་ནི་ལག་ན་ཆོས་འབྱུང་མ་སྟེ། བདེ་བ་ཆེན་པོ་སྤེལ་བར་བྱ་བའི་ཕྱིར་ཆོས་འབྱུང་བས་སྣམས་པའོ། །ལས་རྣམས་ཐམས་ཅད་ཅེས་བྱ་བ་ནི་ལག་ན་ལྕགས་སྒྲོགས་མ་སྟེ། སངས ་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བྱམས་པས་འཆིང་བའི་ལས་བྱེད་པའི་ཕྱིར་རོ། །བདག་མེད་མ་ཞེས་བྱ་བ་ཀུན་ཏུ་འཁྱུད་མ་སྟེ། ཆོས་ཐམས་ཅད་བདག་མེད་པར་བསྟན་པ་དང། སངས་རྒྱས་རྣམས་ལ་ཆགས་པས་རྗེས་སུ ་འཆིང་བའི་ཕྱིར་བདག་ལ་ཀུན་ཏུ་འཁྱུད་བར་སྟོན་པའི་ཕྱིར་རོ། །འབྲས་བུ་ཞེས་བྱ་བ་ནི་གླིང་བུ་མ་སྟེ། བུ་ག་དང་ལྡན་པའི་གླིང་བུ་འབུད་པའི་ཕྱག་རྒྱས་ཆོས་རྣམས་སྟོང་པ་ཉིད་དུ་དྲལ་སྟེ། སྟོན་པའི་ཕྱིར་རོ། །རྒྱུ་ཞེས་བྱ་བ་པི་ཝང་མ་སྟེ ་སྐྱེ་བ་དང་འགག་པ་ལ་སོགས་པའི་སྒྲས་འདོད་ཆགས་ལ་སོགས་པ་བསལ་ཞིང་དོར་བར་བྱ་བ་ཉིང་དུ་སྟོན་པའི་ཕྱིར་རོ། །བྱ་བར་གྲགས་ཞེས་བྱ་བ་ནི་རྫ་རྔ་མ་སྟེ། རྫ་རྡའི་ཁ་གཅིག་ལ་རྡུང་བའི་ཚུལ་གྱིས་བདག་མེད། བའི་བྱང་ཆུབ་ཏུ་བྱ་བ་སྟོན ་པའི་ཕྱིར་རོ། །བསྒྲུབ་བྱ་སྒྲུབ་ཐབས་རྡོ་རྗེ་ཅན་ཞེས་བྱ་བ་ནི་རྔ་ཆེན་མ་སྟེ་མགྲིན་པར་བཏགས་ནས་ལག་པ་གཉིས་རྡུང་པའི་ཚུལ་གྱིས་རྒྱུ་དང་བཅས་པའི་སྐུ་གསུམ་སྣོན་པའི་ཕྱིར་རོ། །པདྨ་གར་གྱི་དབང་ཕྱུག་གི་དཀྱིལ་འཁོར་བ་རྣམས ་སོ། །འདི་ལྟར་ཀུན་གཞ་རྣམས་ཤེས་འགྱུར་ཞེས་བྱ་བ་ནི། བཅོམ་ལྡན་འདས་འདུ་བྱེད་ཀྱི་ཕུང་པོའི་རང་བཞིན་རྟ་མཆོག་སྟེ། ཀུན་གཞི་རྣམ་པར་ཤེས་པ་ལྟར་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱིས་སྐུ་སྣ་ཚོགས་སྤྲུལ་ཞིང་རྣམ་པར་རྟོག ་པ་བཅོམ་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི་རྡོ་རྗེ་སྒོ་ལྕགས་མ་སྟེ། ཟག་པ་མེད་པའི་དབྱིངས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྲུང་བར་བྱེད་པའི་ཕྱིར་རོ། །མ་བྱུང་དང་ཞེས་བྱ་བ་ནི་ལྡེ་ཀྱོག་འཛིན་མ ་སྟེ་ཡེ་ཤེས་གཟུང་ནས་དེའི་སྒོ་བཅད་པས་ཉོན་མོངས་པ་ལ་སོགས་པའི་རྟོག་པ་འཇུག་པར་མི་བྱེད་པའི་ཕྱིར་རོ། །སེམས་ཅན་ཁམས་ཞེས་བྱ་བ་ནི་རྡོ་རྗེ་སྒོ་གླེགས་མ་སྟེ། སེམས་ཅན་གྱི་ཁམས་ལྟར་ཡེ་ཤེས་སྐྱེས་པ་མི ་འདོར་བ་དང་ཉེས་པ་རྣམས་ཀྱི་སྐབས་མི་འབྱེད་པས་ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ། །ནམ་མཁའ་ཨི་ཁམས་ཞེས་བྱ་བ་ནི་རྡོ་རྗེ་ཡོལ་བ་མ་སྟེ། རང་གི་འོད་ཀྱིས་བཙུན་མོ་རབ་ཏུ་བསྲུང་བའི་ཕྱིར་ནམ་མཁའ་ཨི་དབྱིངས་སུ་ཁྱབ་པའི་ཡོལ་བ ་འཛིན་པའི་ཕྱིར་རོ། །བདག་མེད་ཅེས་བྱ་བ་ནི་སངས་རྒྱས་སྤྱན་མ་སྟེ། སངས་རྒྱས་ཐམས་ཅད་སེམས་ཅན་གྱི་བདག་ཉིད་ཀྱིས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཆོས་ཡིན་པའི་ཕྱིར་རོ། །བདག་ཉིད་ཐ་སྙད་ཅེས་བྱ་བ་ནི་མཱ་མ་ཀཱི་སྟེ། གཉིས ་པོ་རྣམ་པར་སྤྱོད་ན། གཉིས་མེད་པ་ནི་ཐ་སྙད་ཡིན་ལ། དེ་འདི་ལ་ཡོད་པས་ན་བདག་གིས་ཐ་སྙད་ཅན་ཏེ། དེ་གཉིས་པའི་ཆོས་ཡིན་པའི་ཕྱིར་རོ། །དངོས་དང་བྲལ་བ་ཞེས་བྱ་བ་ནི་གོས་དཀར་མོ་སྟེ། གཉིས་ཀྱི་དངོས་པོ་རྣམས ་སྟོང་པ་ཉིད་ཀྱི་རྣམ་པར་དཔྱད་ན་རྟོག་པ་དང་བྲལ་བའི་ཆོས་ཉིད་པའི་ཕྱིར་རོ། །དངོས་མེད་པ་ཞེས་བྱ་བ་ནི་སྒྲོལ་མ་སྟེ། སངས་རྒྱས་ཀྱི་སྤྲུལ་པ་སྣ་ཚོགས་ཀྱིས་འཇིག་རྟེན་གྱི་ཁམས་མ་ལུས་པ་རྣམས་སུ་ཆོ་སྟོན་པ་འགྲོ་ཞིང་སྒྲིབ ་པའི་དངོས་པོ་དང་བྲལ་བའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །རྟ་མཆོག་གི་དཀྱིལ་འཁོར་པ་རྣམས་སོ། །བདེ་བ་ཞེས་བྱ་བ་ནི་ཀཽ་རཱི་སྟེ། བདེ་བ་ཆེན་པོའི་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡིན་ལ་།དེ་དང་པས་སྲུང་ཞིང ་འགུགས་པར་བྱེད་པའི་ཕྱིར་རོ། །གྲུ་གསུམ་ལ་ཞེས་བྱ་བ་ནི་ཙཽ་རཱི་སྟེ། དེ་ལ་ཁ་ཅིག་ན་རེ་ཁམས་གསུམ་ཟིལ་གྱིས་གནོན་པའི་གཟུགས་སྟོན་པར་བྱེད་པ་ཞེས་ཟེར་རོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་གྲུ་ནི་གཉིས་སུ་ངེས་པ་ཡིན་ལ། ་གྲུ་གཅིག་ཏུ་ངེས་པ་ཡིན་ན་ནི་།དེ་ལ་གོམས་པར་འཛིན་པའི་ཕྱིར་རོ། །ཡང་ན་བརྩོན་འགྲུས་ཀྱིས་ལུས་ལ་སོགས་པ་ལ་སྐུ་ལ་སོགས་པ་འཛུད་པའི་ཕྱིར་རོ། །རྡུལ་མེད་ཅེས་བྱ་བ་ནི་དྲན་པའི་རང་བཞིན་ནི་རོ་ལངས་མ་སྟེ། རྡུལ་ནི ་དམ་ཚིག་དང་ཡེ་ཤེས་ཀྱི་རྟོག་པ་ཡིན་ལ། གཉིས་པོ་སྟོང་པ་ཉིད་ཀྱི་དྲ་པས་ལྕགས་སྒྲོག་གིས་གཅིག་ཏུ་བྱེད་པའི་ཕྱིར་རོ། །སྐྱོན་བྲལ་ཞེས་བྱ་བ་ནི་གྷ་སྨ་རཱི་སྟེ། རྡོ་རྗེ་དྲིལ་བུའི་སྒྲས་འབེབས་པར་བྱེད་ཅིང་ཏིང་ངེ་འཛིན་གྱི་རང ་བཞིན་གྱིས་རྣམ་པར་གཡེང་པའི་སྐྱོན་ཐམས་ཅད་བསལ་བའི་ཕྱིར་རོ། རྡུལ་བྲལ་ཞེས་བྱ་བ་ནི་པུཀྐ་སཱི་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། སྙིང་རྗེས་སེར་སྣ་དང། །སྔར་བའི་ཉེས་པ་བསལ་བའི་ཕྱིར་ཏེ། ས་དང་པོ་རབ ་ཏུ་དགའ་བ་དང། སའི་ཁམས་ཀྱི་རང་བཞིན་ནོ། །སྡིག་བཅོམ་ཞེས་བྱ་ནི་ས་བ་རཱི་སྟེ་།ཚུལ་ཁྲིམས་དང། བྱམས་པས་ཚུལ་ཁྲིམས་འཆལ་པ་དང། མི་རྩེ་བའི་སྡིག་པ་བཅོམ་པའི་ཕྱིར་ཏེ། ས་ཇི་མ་མེད་པ་དང། ཆུའི་ཁམས ་ཀྱི་རང་བཞིན་ནོ། །ཁྲོ་གཉེར་མེད་པ་ཞེས་བྱ་བ་ནི་ཙཎྜ་ལཱི་སྟེ། དགའ་བ་དང། བཟོད་པས་རྣོངས་ཤིང་ཞུམ་པ་དང། །ཁྲོ་བའི་གཉེར་བ་བསལ་བའི་ཕྱིར་ཏེ། ས་འོད་བྱེད་པ་དང། མེའི་ཁམས་ཀྱི་རང་བཞིན་ནོ། །མཉམ་གཞག ་པ་ཞེས་བྱ་བ་ནི་ཌོམྦ་ནཱི་སྟེ། བཏང་སྙོམས་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་སྙོམས་ལས་དང་རྣམ་པར་གཡེང་བ་བཅོམ་པའི་ཕྱིར་ཏེ། ས་འོད་འཕྲོ་བ་ཅན་དང་མངོན་པར་འདུ་བྱེད་པ་མེད་པའི་རང་བཞིན་ནོ། །ནང་གི ་བདེ་མཆོག་རིག་པ་ཞེས་བྱ་བ་ནི་ཧེ་རུ་ཀ་སྟེ། ནང་གི་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་པོ་རྣམས་ཡིན་ལ་དེའི་བདེ་བ་ནི་རབ་ཏུ་ཞི་ཞིང་མི་འགྱུར་བར་དབང་དུ་གྱུར་པའོ། །མཆོག་ནི ་མཛེས་ཤིང་ཡིད་དུ་འོང་བ་སྟེ། དེ་རིག་པའི་ངང་ཚུལ་འདི་ལ་ཡོད་པས་ན་ནང་གི་བདེ་བ་མཆོག་རིག་པའོ། །དཔལ་ཧེ་རུ་ཀའི་དཀྱིལ་འཁོར་བ་རྣམས་སོ། །འཁོར་ལོས་སྒྱུར་བ་ལྔ་པོ་དེ་དག་ཉིད་སླར་ཡང་བསྟོན་པའི་ཕྱིར་གསང ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསང་བ་ཞེས་བྱ་བ་ནི་དབེན་པ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། སྣ་ཚོགས་འདི་དག་གཉིས་ཀྱི་སྟོང་པ་ལས་བྱུང་བའི་ཕྱིར་གསང་བའམ། འདོད ་ཆགས་ལ་སོགས་པ་ཉོན་མོངས་པའི་རྟོག་པ་བོར་ཞིང་བཏང་བས་གསང་བ་སྟེ། དེ་ལ་གནས་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་ཧེ་རུ་ཀ་སྟེ། དེའི་གནས་པ་ཡང་དེ་སྐད་ཅེས་བྱའོ། །མཆོག་ཅེས་བྱ་བ་ནི་དག་པ་འཇིག ་རྟེན་པའི་ཡེ་ཤེས་ཀྱིས་གཞལ་ཞིང་ཡོངས་སུ་བཅད་ནས་ངེས་པར་བྱས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། དེ་ཉིད་ནི་པདྨ་གར་གྱི་དབང་ཕྱུག་སྟེ། དེའི་གནས་ལ་ཡང་དེ་སྐད་ཅེས་བྱའོ། །དགྱེས་པ་ཞེས་བྱ་བ་ནི ་སངས་རྒྱས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་དེས་མཉམ་ཉིད་དུ་རོལ་ཅིང་རྟོགས་པའི་ཕྱིར་དེ་ཉིད་ནི་རྡོ་རྗེ་ཉི་མ་སྟེ། དེའི་གནས་ལ་ཡང་དེ་སྐད་ཅེས་བྱའོ། །ཐམས་ཅད་བདག་ཉིད་ཅེས་བྱ་བ་ནི་བྱ་བ་ནན་ཏན ་གྱི་ཡེ་ཤེས་ཏེ། སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པའི་སྐུའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་རྡོ་རྗེ་རྟ་མཆོག་སྟེ། དེའི་གནས་ལ་ཡང་དེ་སྐད་ཅེས་བྱའོ། །དེ་རྣམས་ཀུན་ཀྱང་བདུན་པའི་དོན་གྱི་མཛའ་ཅན་བསྒྱུར་བར ་བྱས་ལ། དང་པོའི་མཛའ་ཅན་དུ་རྟོགས་པར་བྱའོ། །རྟག་ཏུ་བཞུགས་ཞེས་བྱ་བ་ནི་སྐུ་གསུམ་གྱིས་མི་གཡོ་བར་བཞུགས་པ་སྟེ། ཆོས་ཀྱི་སྐུའི་རང་བཞིན་གྱིས་བརྟགས་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ཉམས་པ་མེད་པར་བཞུགས་པས ་རྟགས་པའོ། །སྤྲུལ་པའི་སྐུ་ནི་རྒྱུན་མི་འཆད་པས་རྟགས་པའོ། །སངས་རྒྱས་དངོས་ཞེས་བྱ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ལུས་དང་ལོངས་སྤྱོད་དང་གནས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཉིད་རྟག་པ ་སྟེ་དེའི་གནས་ལ་ཡང་དེ་སྐད་ཅེས་བྱའོ། །སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་སྟེ། ཤེས་བྱའི་རང་བཞིན་གྱིས་སོ། །འདི་ནི་ཞེས་བྱ་བ་ནི་འདི་ལ་སྟེ་རྟག་ཏུ་ད་ལྟར་བྱུང་བས་སོ། །རང་བྱུང་ཞེས་བྱ་བ་ནི་དོན་དབང་རྒྱུ་ལ ་སོགས་བ་མེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་བྷ་ག་ནི་དབང་ཕྱུག་ལ་སོགས་པ་དྲུག་སྟེ། དེ་འདི་ལ་ཡོད་པས་ན་བཅོམ་ལྡན་འདས་སོ། །དེ་སྐད་དུ། དབང་ཕྱུག་དང་ནི་གཟུགས་བཟང་དང། །དཔལ་དང་གྲགས་དང་ཡེ ་ཤེས་དང། བརྩོན་འགྲུས་ཕུན་སུམ་ཚོགས་ལྡན་པ། །དྲུག་པོ་འདི་དག་བཅོམ་བར་བཤད་ཅེས་སོ། །གཅིག་པུ་ཞེས་བྱ་བ་ནི་གཉིས་མེད་པ་སྟེ། ཆོས་ཀྱི་སྐུའི་ཚུལ་གྱིས་སོ། །ལྷག་པའི་ལྷ་ཞེས་བྱ་བ་ནི་ལྷག་པར་གྱུར་པའི་ལྷ་སྟེ། ལོངས ་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་ཚུལ་གྱིས་སོ། །འབུམ་ཕྲག་ལྔ་པོ་ཧེ་བཛྲ་ཞེས་བྱ་བ་ནི་སྔར་བཤད་པའི་རྒྱུད་རྒྱས་པའོ། །དཀྱིལ་འཁོར་ལྔ་བ་ཞེས་བྱ་བ་ནི་འབུམ་ཕྲག་ལྔ་མདོར་བསྡུས་པའི་རྒྱུར་ཀྱི་དཀྱིལ་འཁོར་ལྔ་པོ་གཙོ་བོར ་གྱུར་བས་མཁའ་འགྲོ་མ་རྡོ་རྗེ་དྲ་བ་ཞེས་བྱ་བར་བསྟན་པའོ། །དེ་ཉིད་ཀྱི་ཕྱིར་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་རྒྱུད་འདིར་མ་སྨོས་ཏེ། རྒྱུད་རྒྱས་པ་ལ་བལྟོས་པའི་ཕྱིར་རོ། །སྙིང་ཁར་གཡོན་བཅངས་སྡིགས ་མཛུབ་སྟེ། །སྣ་ཚོགས་ཁ་དོག་ཆེར་འབར་མའོ། །ཞེས་བྱ་བ་ནི་དཀར་པོ་ལ་སོགས་པའི་ཁ་དོག་དང་ལྡན་པ་སྟེ། ཁ་དོག་དེ་དག་ཀྱང་བསྡུས་པའི་དཀྱིལ་འཁོར་ལ་སྟོན་པར་འགྱུར་རོ། །ཤིན་ཏུ་གཏི་མུག་ཆེ་ཞེས་བྱ་བ་ལ་གཏི་མུག ་ནི་བག་ཆགས་དང་བཅས་པའི་ཀུན་གཞི་རྣམ་པར་ཤེས་པ་ཡིན་ལ། དེ་ཤིན་ཏུ་གནོན་པས་ན་ཤིན་ཏུ་སྟེ། སེམས་ཅན་གྱི་མཚན་ཉིད་ཟག་པ་མེད་པའི་དབྱིངས་ཀྱི་རང་བཞིན་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་ཉིད་ཀྱི་གཏི་མུག་དེ ་གནོད་པའི་ཕྱིར་ཆེན་པོ་ཡིན་ནོ། །ཤིན་ཏུ་གཟི་བརྗིད་ཆེ་ཞེས་བྱ་བ་ལ། གཟི་བརྗིད་ནི་ང་རྒྱལ་ལ་སོགས་པའི་ཉོན་མོངས་པ་དྲུག་གོ། དེ་སངས་རྒྱས་ཐམས་ཅད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་གནོད་པས་ན་ཤིན་ཏུ་གཟི་བརྗིད་དེ་དེ ་ཉིད་ཀྱི་ཕྱིར་གཟི་བརྗིད་ཆེན་པོའི། །ཤིན་ཏུ་འདོད་ཆགས་འདོད་ཆགས་ཆེ་ཞེས་བྱ་བ་ལ། འདོད་ཆགས་ནི་ཡུལ་རྣམས་ལ་ཞེན་པ་སྟེ། དེ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་གནོད་པས་ན་ཤིན་ཏུ་སྟེ། དེ་ཉིད་ཕྱིར་འདོད་ཆགས་ཆེན་པོ ་ཡང་ཡིན་ནོ། །ཕྲག་དོག་ཆེན་པོ་སྒྲིབ་པ་ཞེས་བྱ་བ་ལ་རང་གི་ངོ་བོ་ཉིད་རྟོགས་པའི་ཕྱིར་དང། སྐུ་གསུམ་ཐུགས་ཀྱི་སྤྲུལ་པས་འཁོར་བ་ཇི་སྲིད་པར་བཞུགས་ཤིང་མི་གནས་པའི་མྱ་ངན་ལས་འདས་པར་གྱུར་པ་ན། ཕྲ་དོག ་ཆེན་པོ་སྒྲིབ་པ་ཆེ་ཞེས་བྱ་བ་སྟེ། བྱ་བ་ནན་གྱི་ཡེ་ཤེས་སོ། །རྣམ་པར་རྟོག་པའི་རབ་རིབ་འཕྲོག་ཅེས་བྱ་བ་ནི་བདག་ཏུ་ལྟ་བའི་རབ་རིབ་བོ། །ཐེག་པ་གཞན་ནི་རྣམ་པར་སྤངས་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་མྱ་ངན་ལས ་འདས་པ་ལ་བཟློག་པའི་ཕྱིར་རོ། །མི་བསྐྱོད་ཡེ་ཤེས་ལས་བྱུང་བ་ཞེ་བྱ་བ་ལ། ཉོན་མོངས་པའི་རྟོག་པས་མི་གཡོ་བས་ན། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་མི་བསྐྱོད་ཡེ་ཤེས་སོ། །འབྱུང་བ་ནི ་དེ་ལས་སྐྱེས་པའོ། །སྐྱེ་འགྲོ་མི་ཐད་དོན་གཉེན་ཕྱིར་ཞེས་བྱ་བ་ལ་འགྲོ་བ་ནི་སངས་རྒྱས་རྣམས་ཏེ་མི་ཟད་པ་ནི་འབྲི་བ་མེད་པའོ། །དེ་རྣམས་ཀྱི་ཅི་ཞིག་ཅེ་ན། མགྲོན་དུ་གཉེར་བ་སྟེ་བསྟེན་ཅིང་རི་མོར་བྱ་བས་ན་མགྲོན་ནི་མཐར་ཕྱིན ་པའི་ཤེས་རབ་ཡིན་ལ་དེ་སྲུངས་བས་ན་གཉེར་བ་ནི་ཤེས་རབ་དང་སྙིང་རྗེ་ཆེན་པོའོ། །དེ་ཉིད་ནི་དོན་ཏེ་དགོས་པ་ཞེས་བྱ་བའི་བར་དུའོ། །སྒྲིབ་པ་ལྔ་ནི་འཇོམས་པའོ་ཞེས་བྱ་བ་ནི་དོན་དང་སེམས་ཅན་དང། བདག་དང་རྣམ་པར་རྟོག་པ་དང ་འདུ་བྱེད་དང་འཇུག་པའི་རྣམ་པར་ཤེས་པ་ལྔ་པོ་འཇོམས་པ་སྟེ། དེ་ལ་དོན་དང་སེམས་ཅན་གྱི་དོན་རྣམ་པར་རྟོག་པ་འཇོམས་པ་ནི་མེ་ལོང་ལྟ་བའི་ཡེ་ཤེས་སོ། །བདག་ཏུ་ལྟ་བ་འཇོམས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །གཟུང་བ་དང ་འཛིན་པའི་རྣམ་པར་རྟོག་པ་འཇོམས་པ་ནི། སོ་སོར་རྟོག་པའི་ཡེ་ཤེས་སོ། །འདུ་བྱེད་ནི་སེམས་རྣམ་པར་གཡེང་བ་ཉིད་དེ། དེ་འཛེམས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །འཇུག་པའི་རྣམ་པར་ཤེས་པ་རྣམ་པ་ལྔ་འཛེམས་པ་ནི། ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཏེ་འཇོམས་པ་ནི་བཅོམ་པ་ལས་གྱུར་པའོ། །དབང་པོ་གང་དང་གང་ལམ་ནས་ཞེས་བྱ་བ་ནི། དབང་པོ་རྣམས་ཀྱི་ཡུལ་གད་དང་གང་རྙེད་པ་སྟེ་མངེན་སུམ་དུ་བྱ་བ་ཞེས་བྱ་བའི་དོན་ཏོ། ། ་མཆོག་ཏུ་ཕན་པའི་རྣལ་འབྱོར་གྱི་ཞེས་བྱ་བ་ལ། མཆོག་ཅེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱིས་མངོན་པར་ཤེས་པའི་རང་བཞིན་གྱིས་སོ། །ཕན་པ་ཞེས་བྱ་བ་ནི་ལྷུན་གྱིས་གྲུབ་པར་འཇུག་པས་སོ། །རྣལ་འབྱོར ་ཞེས་བྱ་བ་ནི་ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱི་སོ། །ཅེ་སྟེ་གཟུང་བ་དང་འཛིན་པས་སྣང་བས་འཁྲུལ་པའི་རང་བཞིན་འབའ་ཞིག་ཡིན་ནོ་སྙམ་དུ་དོགས་པ་ལ། སངས་རྒྱས་ཀུན་གྱི་རང་བཞིན་འཇུག་ཅེས་བྱ་བ་སྨོས་ཏེ། ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གཉིས་ཀྱིས་སྟོང་པ་ཉིད་ཀྱིས་གང་དང་གང་ཉམས་སུ་མྱོངས་པ་དེ་དང་དེ། བརྫུན་པ་ཉིད་དུ་ཡོངས་སུ་གཅོད་པས་འཁུལ་བ་མེད་པ་ཁོ་ནའོ། །ཞེས་བྱ ་བའི་དོན་ཏོ། །དངོས་པོ་གང་དང་གང་གིས་ནི། ཞེས་བྱ་བ་ནི་རིགས་གང་དང་གང་གིས་དོན་ཞེས་བྱ་བའི་དོན་ཏོ། །སེམས་ཅན་རྣམས་ཀྱི་རིགས་འདོད་ཆགས་དང་ཞེ་སྡང་དང། གཏི་མུག་དང་ང་རྒྱལ་དང་ཕྲག་དོག ་དག་གི་རིགས་ལྔའི་བྱེ་བྲག་གིས་སོ། །དེ་ནས་དེའི་རང་བཞིན་འགྲོ་ཞེས་བྱ་བ་ནི་དེས་བྱང་ཆུབ་ཀྱི་རིགས་ལྔར་འགྱུར་པའོ། །སྣ་ཚོགས་གཟུགས་ཅན་ནོར་བུ་ཞེས་བྱ་བ་ནི་ནོར་བུ་ཤེས་སྒོད་སྟེ། མཇའ་བའ་ཨི་མེ་ཏོག ་ལ་སོགས་པའི་ཁ་དོག་ཉེ་བར་པ་སྒྱུར་ཏུ་རུང་བའི་ཕྱིར་རོ། །ཐུགས་ཀྱི་རྡོ་རྗེ་ལས་བྱུང་ཞེས་བྱ་བ་ནི་རྡོ་རྗེ་ལྟ་བུའི་ཡེ་ཤེས་ལས་སྐྱེས་པའི་ཕྱིར་རོ། །རང་གི་རྣམ་རྟོག་ཅེས་བྱ་བ་ནི་བདག་ཏུ་འཛིན་པ་ལ་སོགས་པའི་ལྟ ་བ་སྟེ། གཉིས་བརྟགས་པའི་ཕྱིར་རོ། །རྣམ་དག་ཅེས་བྱ་བ་ནི་བློ་བུར་གྱི་དྲི་མ་རྣམ་པར་བྲལ་བའོ། །སེམས་དག་པ་ནི་བདེ་བ་ཡིན་ཞེས་བྱ་བ་ནི། དྲི་མ་གསུམ་སྤངས་པ་ལས་ཟག་པ་མེད་པའི་བདེ་བ་ཆེན་པོར ་འགྱུར་བའི་ཕྱིར་རོ། །ཅི་སྟེ་མདོག་དང་མཆན་མ་ལ་སོགས་པའི་སྤྲོས་པས་གྲོལ་བའི་ཐབས་སུ་ཅི་ལྟར་འགྱུར་སྙམ་དུ་དགོངས་ནས་གལ་ཏེ་སྟོང་ཐབས་ཡིན་ན། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ ་ཐབས་དང་བྲལ་བའི་སྟོང་པ་འབའ་ཞིག་ལམ་དུ་འདོང་ན་དེའི་ཚེ་བསྐལ་བ་བྱེ་བས་ཀྱང་སངས་རྒྱས་ཉིད་དུ་མི་འགྱུར་ཏེ། ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལ་སོགས་པ་ཞི་བའི་འབྲས་བུ་ཉིད་ཀྱིས་མི་ཁོམ་པ་ཐོབ ་པར་འགྱུར་རོ། །འདི་ནི་ཕ་རོལ་ཏུ་ཕྱིན་པའི་ལུགས་ལས་ཀྱང་འདོད་པ་མ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་ལྔའི་ཐབས་དང་ལྡན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱའོ། །ཐབས་དང་བྲལ་བའི་ཤེས་རབ་འབའ་ཞིག་གིས་ནི་མ་ཡིན་ནོ། ། ་ཞེས་བྱ་བ་ལ་སོགས་པའོ། །ཅི་སྟེ་སྟོང་པ་དེ་ཉིད་ལམ་གྱི་གནས་སྐབས་ན་ནི་ཐབས་ཡིན་ལ། སྨིན་པའི་གནས་སྐབས་ན་ནི་འབྲས་བུ་ཡིན་ནོ་སྙམ་དུ་སེམས་ན། རྒྱ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཚེ་ལམ་དང་སྨིན་པ་གཉིས ་ཀྱི་སྟོང་པ་ཉིད་ལ་བྱེ་བྲག་མེད་པའི་ཕྱིར་འབྲས་བུ་འདོད་པ་བཞིན་དུ་སྟོང་པ་ཉིད་ཐབས་མ་ཡིན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྒྱུ་ནི་སྤྲོས་པའི་ངོ་བོ་ཉིད་དེ་དམིགས་པ་དང་བཅས་པའི་ཕྱིར་རོ། །འབྲས་བུ་ནི་སྤྲོས་པ་མེད་པའི་ངོ་བོ་ཉིད་དེ ་དམིགས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་རྒྱུ་དང་འབྲས་བུ་ཐ་དད་པར་གྲུབ་བོ། །དེའི་ཕྱིར་ཐབས་ནི་སྟོང་པ་ཉིད་འབའ་ཞིག་མ་ཡིན་པར་གྲུབ་པའོ། །འོ་ན་ཅིའི་ཕྱིར་སྟོང་པ་ཉིད་གསུངས་སྙམ་དུ་སེམས་ན། ཕྱིན་ཅི་ལོག་བཟློག་པས ་ཐབས་ཀྱི་ཡན་ལག་ཉིད་དུ་བསྟན་པའི་ཕྱིར་ལྟ་བ་ལས་ནི་ལོག་པ་རྣམས་ཞེས་བྱ་བ་ཆོས་ལ་བདག་མེད་པ་ལ་སོགས་པ་ལྟ་བ་ལོག་ཅིང་མི་མཐུན་པའོ། །བདག་ཏུ་ལྟ་བ་འཚོལ་རྣམས་ཀྱིས། ཞེས་བྱ་བ་ནི་བདག་ཏུ་ལྟ་བ་འཚོལ་བ ་སྟེ། བདག་ཏུ་འཛིན་པ་ལ་མངོན་པར་ཞེན་པ་སྟེ། དེ་རྣམས་ཀྱི་བདག་ཏུ་འཛིན་པའི་ལྟ་བ་བཟློག་པའི་ཕྱིར་སྟོང་པ་ཉིད་རྒྱལ་བས་གསུངས་སོ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་ཤེས་རང་ཀྱི་ཕ་རོལ་ཏུ་ཕྱིན ་པའི་ཐབས་ཀྱིས་ཟིན་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་བསྐལ་པ་གྲངས་མེད་པ་གསུམ་དུ་སྤྱོད་ཅིང་མགོ་སྦྱིན་པར་བཏང་བ་ལ་སོགས་པ་དཀའ་བའི་སྤྱོད་པ་སྣ་ཚོགས་ཀྱིས་བྱང་ཆུབ་འགྲུབ་པར་བསྟན་པ་ཡིན་ན། དཀྱིལ་འཁོར་འཁོར་ལོ ་ལ་སོགས་པའི་ཐབས་ཀྱི་ཅི་བྱ་ཞེ་ན། དེའི་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །ཐབས་ནི་བདེ་བའི་སྡོམ་པ་སྟེ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཕྱིར་ཞེས་བྱ་བ་ནི་འཁོར་དང་བཅས་པའི་ཕ ་རོལ་ཏུ་ཕྱིན་པ་ལྔ་དེ་དག་ཉིད་ལྷའི་དཀྱིལ་འཁོར་གྱིས་འཁོར་ལོར་བསྡུས་པ་ཐབས་ཡིན་ཏེ། བདེ་བའི་ཐབས་ཞེས་བྱ་བ་ནི་དཀའ་བའི་སྤྱོད་པ་མ་ཡིན་པའོ། །སྡོམ་པ་ཞེས་བྱ་བ་ནི། བདེ་བ་ཉིད་དུ་བསྟན་པ་སྟེ། འདོད་པའི་ཉེ་བར ་སྐྱེད་པ་ཐམས་ཅད་ལ་སྤྱོད་ཅིང་དབང་པོ་གཉིས་ཀྱི་བདེ་བ་ཉམས་སུ་མྱོང་བ་དང་ལྡན་པའོ། །སངས་རྒྱས་ང་རྒྱལ་ཞེས་བྱ་བ་ནི་ཐ་མལ་པའི་ང་རྒྱལ་དང་བྲལ་བའོ། །མྱུར་དུ་ཞེས་བྱ་བ་ནི་ཚེ་འདི་ཉིད་ལ། ཅི་སྟེ་སངས་རྒྱས་ཀྱི་སྐུ ་ཆོས་ཀྱི་སྐུ་རྣམ་པ་མེད་པའི་ཚུལ་གྱིས་བསྒོམ་པར་བྱ་བ་འམ་ཞེ་ན། སུམ་ཅུ་རྩ་གཉིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐབས་ནི་སྐུ་གསུམ་གྱི་གཟུགས་ཅན་གྱི་ཏིང་ངེ་འཛིན་གསུམ་གྱི་རང་བཞིན་གྱི་གནས་པར ་བསྟན་ཏོ། །རྣམ་པ་ཐམས་ཅད་ཀྱི་མཆོག་ཅེས་བྱ་བ་ལ་སོགས་པ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་ནི་དམ་པ་སྟེ། སྟོང་པ་ཉིད་ཀྱི་རང་བཞིན་ནོ། །རྒྱ་ཚ་བ་ནི་ཐབས་ཆེ་བའི་རང་བཞིན་ནོ། །ངེས་སེམས་ཅན་རྣམས ་འཁོར་ལོས་སྒྱུར་པ་ལྔ་ལ་འཇུག་པས་ན་སེམས་ཅན་འཇུག་པའོ། །དེ་གསལ་བར་བྱེད་པས་ན་ལེའུ་དང་པོའོ། །མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་གསལ་བ་ལས། ལེའུ་དང་པོའི་རྣམ་པར ་བཤད་པའོ།། །།དེ་ནས་ཞེས་བྱ་བ་ནི་ལེའུ་དང་པོའི་རྗེས་ཐོགས་ལའོ། །འཇིག་རྟེན་གསུམ་ཐོབས་ཅེས་བྱ་བ་ནི་ས་གསུམ་མོ། །དེ་ལ་འདིའི་དགོངས་པ་ནི་ཕོ་བྲང་ཁང་བུ་སུམ་བརྩེགས་དད་ལྡན ་བའོ། །དམ་ཚིག་མཆོད་པ་ཞེས་བྱ་བ་ནི་རང་རང་གི་འཁོར་ལོས་སྒྱུར་བའི་དབྱེ་བས་ཕྱེ་བའི་ཇི་ལྟར་རིག་པའི་མཆོད་པས་རྫས་རྣམས་ལས་འདའ་བར་མི་བྱའོ། །ཀུན་ཏུ་བཟང་པོའི་ས་བོན་བདག་ཅེས་བྱ་བ་ནི་ས་བོན་ཧཱུཾ་ལས་བསྐྱེད ་པའོ། བགྲེང་བ་ཉིད་ཅེས་བྱ་བ་ནི་སྡིགས་མཛུབ་ཀྱིས་གསོད་པར་འཇམ་པ་སྟེ་གཡོན་པའི་སྡིགས་མཇུབ་ཅེས་པའི་དོན་ཏོ། །གཉིས་བོ་དག་གིས་ཕྱག་རྒྱ་སྦྱོར་ཞེས་བྱ་བ་ནི་རྡོ་རྗེ་བཅིང་བ་བྱས་ནས་སྲིན་ལག་གཉིས་སྒྲོག་ཏུ་སྤྲེལ ་ལ་མཐེ་བོང་གཉིས་ཀྱིས་གུང་མོའི་སེན་མོ་གཉིས་མནན་ནས་མཛུབ་མོ་གཉིས་བཀན་ཏེ་ཅུང་ཟད་དགུག་པ་ནི་རིན་པོ་ཆེའི་ཚུལ་དུ་བྱས་ནས། སྙིང་གར་བཞག་པའོ། །གནོད་སྦྱིན་མོ་དང་ཀླུ་མོ་དང་ཞེས་བྱ་བ་ལ་གནོད་སྦྱིན ་མོ་བསྒྲུབས་པས་གསེར་གྱི་སྟེགས་བུ་ལ་སོགས་པ་ཡི་གེ་ཁྲིམ་གི་འོད་ཟེར་གྱིས་བགུག་ལ་བཅུག་སྟེ། གནོད་སྦྱིན་མོ་མདོགས་སེར་མོ་གདུགས་དཀར་པོ་ཐོགས་པ། བསྐལ་བའི་མེ་ལྟ་བུ་གཤིན་རྗེ་མཐར་མཛད་ཀྱི་མགོ ་བོར་མནན་ཅིང་ཁྲིམ་གིས་སྙིང་གར་མཚན་པ་བསྒོམ་པར་བྱའོ། །ཀླུ་མོ་ལ་ནི་ཡི་གེ་ནམ་གིས་སོ། །སྟོབས་ཆེན་ཏིང་ངེ་འཛིན་ལ་གནས་ནས་ཞེས་བྱ་བ་ལ་སོགས་པ་ལ། པདྨ་འདབ་མ་བརྒྱད་ཅེས་བྱ་བ་ནི་འོག་ནས་གྱུར ་བའི་དྲག་ཤུལ་གྱིས་བསྒྲུབ་པའི་དོན་དུ་རླུང་དང་མེ་དང། ཆུ་ལ་སོགས་པའི་རིམ་གྱིས་ཀླུའི་དཀྱིལ་འཁོར་བྲིས་པར་པདྨ་འདབ་མ་བརྒྱད་པར་འདབ་མའི་མདོག་རྣམས་ཕྱོགས་ཀྱི་ཀླུ་བརྒྱད་ཀྱི་མདོག་ལྟར་བྲིས་པའོ། །ཀླུ་བརྒྱུད་ཅེས ་བྱ་བ་ལ་སོགས་པ་ལ། ཤར་དུ་ནི་མཛའ་ཡས་ནག་པོ། ལྷོར་ནི་ནོར་རྒྱས་དཀར་པོ། ནུབ་ཏུ་འཇོག་པོ་དམར་པོ། བྱང་དུ་སྟོབས་ཀྱི་རྒྱུ་སྔོན་པོ། མེ་མཚམས་དང་བདེན་བྲལ་གྱི་མཚམས་སུ་ནི་པདྨ་དང་པདྨ་ཆེན་པོ ་སེར་སྐྱའོ། །རླུང་མཚམས་སུ་ནི་དུང་སྐྱོང་སེར་པོའོ། །དབང་ལྡན་དུ་ནི་རིགས་ལྡན་ཁ་དོག་སྣ་ཚོགས་བསྒོམ་པར་བྱའོ། །རྡོ་རྗེ་མཁའ་ལྡིང་གདན་དུ་མཛད་ཅེས་བྱ་བ་ནི་དེ་རྣམས་ཀྱིས་མཇུག་མ་གང་ལས ་སྐྱེས་བའི་ཁྱུད་གིས་རྐང་པ་གཡོན་བརྐྱད་པས་མནན་ཅིང་བསྐལ་པ་མ་ལྟར་འབར་ཞིང་སྟོབས་པོ་ཆེའི་རྣལ་འབྱོར་གྱིས་དེའི་གདན་ལ་བཞུགས་པའི་ཀླུའི་བདག་པོ་ཞེས་བྱ་བ་ནི་མཛའ་ཡས་ལ་སོགས་པ་སྟེ། དེ་དག་ཉིད་ལག ་པར་བསམ་ལ། ཧཱུཾ་དག་དང་ནི་སྤེལ་པ་ཡིས། །ཡི་གེ་ཕུ་ཡི་སྔགས་བརྗོད་བྱ་ཞེས་བྱ་བ་ནི་ཕྲེང་སྔགས་ཀྱིས་མཐར་ཧཱུཾ་ཕུ་ཧཱུཾ་ཕཊ་ཅེས་བརྗོད་པའོ། །རབ་ཏུ་བསྒོམ་ཞེས་བྱ་བ་ནི། །ནམ་མཁའ་ཨི་ངོས་ལ་ཁྲོ་བ་ཡིས། །འོད་ཀྱིས་རྨོངས ་པར་གྱུར་པ་ཡི། །ཀླུ་རྣམས་ཀྱིས་ཆུའི་ཚོགས་འབེབས་པས་བསྒོམས་པའོ། །ངེས་པར་ཆར་འབབ་བོ། །སངས་རྒྱས་དེ་ཉིད་དབྱེ་བར་བྱ། །ཞེས་བྱ་བ་ནི་སངས་རྒྱས་ཀྱི་རྒྱུར་གྱུར་པའི་ལམ་གྱི་དེ་ཁོ་ན་ཉིད་དོ། །ལྷག་མ་ནི་གོ ་སླའོ། །དོན་གྱི་ཁྱད་པར་གཞན་ནི་བླ་མའི་མན་ངག་ལས་ཤེས་པར་བྱའོ། །དག་པའི་གནས་ཞེས་བྱ་བ་ནི་དམ་པ་དང་པོ་ལ་སོགས་པའི་གནས་སོ། །རྡོ་རྗེ་ལུག་གུ་རྒྱུད་ཅེས་བྱ་བ་ལ་སོགས་པས་ནི་དྲག་ཤུལ་གྱིས་བསྒྲུབ་པའི ་ཕྱིར་ལས་དགུག་པ་དང་བཅིང་བ་ལ་སོགས་པ་བསྟན་པའོ། །མཁའ་འགྲོ་མ་བཞི་ཞེས་བྱ་བ་ལ་སོགས་པ་ནི་གཽ་རཱི་ལ་སོགས་པ་དེ་དག་ཉིད་དོ། །དེ་དག་གིས་ནི་འདི་སྐད་དུ་སྟོན་ཏེ། བསྒོམ་པ་དང་བཟླས་པ་ལ་ཞེན་པ་ལ་ཡང ་སྤྱན་རས་ཀྱིས་མི་འཚོན་དེའི་ཚེ་ཟླ་བ་དྲུག་ཙམ་དུ་མཆོད་པ་ཐམས་ཅད་ཀྱིས་མཆོད་ལ་གསན་པར་གསོལ་ཏེ། ཡང་ཟླ་བ་དྲུག་ཏུ་སྙིང་གར་ལྕགས་ཀྱུས་དགུག་པ་ལ་སོགས་བྱས་ནས་ཟླ་བ་གཞན་ལ་དྲག་ཤུལ་གྱི་ཕུར་པས ་གདབ་པར་སྟོན་པར་འགྱུར་རོ། །སངས་རྒྱས་གར་མཁན་ཞེས་བྱ་བ་ནི། སངས་རྒྱས་རྣམས་ཀྱིས་གར་མཛད་པའོ། །ཅི་སྟེ་གླུ་དང་རོལ་མོ་ངག་འཁྱལ་བ་སྨྲ་བ་དང་འདྲ་བར་སྟོན་པས་སྡིག་པ་ཉིད་ཀྱིས་ངན་སོང་དུ་ལྟུང་བར་མི ་འགྱུར་རམ་ཞེ་ན། སངས་རྒྱས་གར་མཁན་རྡོ་རྗེ་ཡིས། །འདོད་ཆགས་ཅན་གྱི་བྱང་ཆུབ་སྒྲུབ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་སངས་རྒྱས་གར་གྱི་རྡོ་རྗེ་ཞེས་བྱ་བའི་ནི་ཕྱག་རྒྱ་དང་བྱེད་པ་ལ་སོགས་པའོ། །འདོད་ཆགས་ཅན ་ཞེས་བྱ་བ་ནི་ཡུལ་ལ་ཞེན་པ་རྣམས་ཏེ་འདོད་པ་ལ་ཆགས་པ་དང་ལྡན་པའོ། །བྱང་ཆུབ་སྒྲུབ་ཅེས་བྱ་བ་ནི་སངས་རྒྱས་ཉིད་དོ། །ལག་པ་དང་རྐང་བ་དང་ལྟ་སྟངས་དང་ཕྱག་རྒྱ་རྣམས་ཀྱིས་བསོད་ནམས་ཡེ་ཤེས་བསོག་པར ་མཛད་པ་སྟེ་ཇི་ལྟར་ལྕགས་ལ་སོགས་པའི་གོང་བུ་ཆུང་ཡང་ཆུའི་ནང་དུ་འབྱིང་བ་དེ་ཉིད་སྣོད་དུ་བྱས་ན་ཆེ་ཡང་སྟེང་དུ་འཕྱོ་བར་འགྱུར་བ་བཞིན་ནོ། །དེ་བཞིན་དུ་ཡང་རྡོ་རྗེའི་གར་ལ་སོགས་པ་ནི་འདུས་བྱས་པའི་ཕྱག་དང་ཞབས ་དང། ཞལ་ཡིན་པའི་ཕྱིར་ཞལ་ཅིག་དང་ཕྱག་གཉིས་དང་ལྡན་པར་བྱའོ། །རྡོ་རྗེ་ཅན་ཞེས་བྱ་བ་ནི་རྡོ་རྗེ་གང་ལ་ཡོད་པ་ནི་རྡོ་རྗེ་འཆང་སྟེ་ཀྱེའི་རྡོ་རྗེའོ། །དེ་ལ་གཡས་ཀྱི་ཐོད་པ་རྣམས་ཉེ་བར་བསྡུས་པ་ནི་རྡོ་རྗེའོ། ་ཕྱག་གཡོན་པའི་ཐོད་པ་རྣམས་ཉེ་བར་བསྡུས་པ་ནི་ཐོད་པ་དང་ཁ་ཊཝཱཾ་གའོ། །དེ་བཞིན་དུ་བསྟན་པ་ནི་རྟག་པའི་གཡས་སུ་ནི་འཁོར་ལོའོ། །ཉི་མའི་གཡས་སུ་ནི་རིན་པོ་ཆེའོ། །པདྨ་གར་གྱི་དབང་ཕྱུག་གི་གཡས་སུ་ནི་པདྨའོ། །རྟ ་མཆོག་གི་གཡས་སུ་ན་རལ་གྲིའོ། །གཡོན་པ་རྣམས་སུ་ཁ་ཊཝཱཾ་ག་དང་ཐོད་པའོ། །ཞབས་ནི་ཕྱེད་ཀྲུང་བཅས་པའི་གར་གྱིས་བཞུགས་པའོ། །ཕྱག་ལ་སོགས་པ་ཇི་ལྟར་བསྡུས་པ་བཞིན་དུ་མ་མོ་ལ་སོགས་པའི་དཀྱིལ ་འཁོར་བ་རྣམས་ཀྱང་བསྡུས་པར་བྱ་སྟེ། གཽ་རཱི་ལ་སོགས་པ་བསྡུས་པ་ནི་མཱ་མ་ཀཱིའོ། །སྐམ་པ་མ་ལ་སོགས་པ་བསྡུས་པ་ནི་སངས་རྒྱས་སྤྱན་ནོ། །ཕྱག་ན་པདྨ་ཅན་ལ་སོགས་པ་བསྡུས་པ་ནི་དཀར་མོའོ། །ཕྱག་ན་ཉི་མ ་ཅན་དང། སྒོ་ལྕགས་མ་ལ་སོགས་པ་བསྡུས་པ་ནི་སྒྲོལ་མའོ། །ཁྲོ་བོ་རྣམས་དང་སྒོ་སྐྱོང་རྣམས་བསྡུས་པ་ནི། ཁྲོ་བོ་མི་གཡོ་བའོ། །ཁ་ཅིག་ན་རེ་ཁྲོ་བོའི་འཁོར་ལོ་བསྡུས་པའོ། །ཞེས་ཟེར་ར། །མེ་ཏོག་སྙིམ་པ་རབ་སྦྱོར ་བས་ཞེས་བྱ་བ་ལ་ལག་པ་གཉིས་སུ་ཨ་ལས་ཟླ་བའི་དཀྱིལ་འཁོར་དེར་ཧཱུཾ་ལས་རྡོ་རྗེ་དཀར་པོ་བསྐྱེད་ལ་སོར་མོ་རྣམས་ཀྱང་རྡོ་རྗེའི་ཚུལ་དུ་མོས་ཏེ། མེ་ཏོག་གི་ཐལ་མོ་སྤྱི་བོར་སྦྱར་ཏེ་ཕྱག་བྱ་བ་ནི་མེ་ཏོག་གི་སྙིམ་པའོ། །དེ ་ནས་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱས་ནས་བདག་ཉིད་ངེས་པར་དབུལ་བ་ནི་རབ་ཏུ་སྦྱོར་བའོ། །དེ་ནས་འོག་ནས་འབྱུང་བ་བཞིན་དུ་སྨོན་ལམ་གདབ་པའོ། །འདུ་ཤེས་མེད་པ་ཞེས་བྱ་བ་ནི་ནམ་མཁའ་མཛའ་ཡས་སྐྱེ ་མཆེད་ལ་སོགས་པ་རྣམས་སོ། །ཧཱུཾ་ཞེས་བྱ་བ་ནི་ལུས་དང་བརྗོད་པ་དང་ཡིད་དེ། ལུས་ནི་ཧའོ། །བརྗོད་པ་ནི་ཨུའོ། །ཡིད་ནི་མའོ། །མི་བསྐྱོད་པ་ཞེས་བྱ་བ་ནི་གཉིས་ཀྱི་རྣམ་པར་རྟོགས་པས་གཡོ་བའོ། །བདག་གི ་སྟོབས་བཅོམ་པ་ཞེས་བྱ་བ་ནི། །གཉིས་པོ་མེད་པས་སྣང་བ་ཙམ་ཡིན་པ་རི་ཕྱིར་རོ། །ོཾ་ཞེས་བྱ་བ་ནི་དོན་གྱིས་སྟོང་པ་དང་ཡིད་དེ། སེམས་ཙམ་གྱི་ངོ་བོ་ཉིད་དོ། །ཚངས་པ་ཞེས་བྱ་བ་ནི་གནས་པའི་མྱ་ངན་ལས་འདས ་པའོ། །རྣམ་པར་སྣང་མཛད་ཅེས་བྱ་བ་ནི་ཡེ་ཤེས་ཀྱི་མེ་འབར་བས་སྣང་བའི་ཕྱིར་རོ། །ཱ་ཞེས་བྱ་བ་ནི་ནམ་མཁའ་དང་ཚུངས་པའོ། །གར་གྱི་དབང་ཕྱུག་ཅེས་བྱ་བ་ལ་སོགས་ལ། གར་ན་རྣམ་པར་རོལ་པའོ། །དབང ་ཕྱུག་ནི་དེའི་གཙོ་བོ་སྟེ། ཆོས་ཐམས་ཅད་སོ་སོར་རྟོག་ཅིང་རྣམ་པ་སྣ་ཚོགས་ཀྱི་འདུལ་བྱ་རྣམས་ལ་ལོངས་སྤྱོད་པའོ། །ཏྲཾ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཉམས་སུ་མྱོང་བས་ཆགས་ཤིང་མཉམ་པ་ཉིད་དེ། ་སངས་རྒྱས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ནི་ཡི་གེ་ཏེའོ། །ཉམས་སུ་མྱོངས་པས་ཆགས་པའི་མཉམ་པ་ནི་རའོ། །ཡིད་ནི་མའོ། །གདུགས་གཅིག་ཅེས་བྱ་བ་ནི་མཉམ་པར་འགེགས་པའོ། །ཚ་བ་སེལ་བ་ཞེས་བྱ་བ་ནི་ཉོན ་མོངས་པའི་གདུང་བ་སེལ་བའོ། །འཁོར་ལོའི་རྣམ་པ་ཞེས་བྱ་བ་ནི་ཉི་མ་ལྟ་བུའི་ཡེ་ཤེས་སོ། །ཁཾ་ཞེས་བྱ་བ་ནི་ནམ་མཁའ་དང་མཉམ་པའི་སྤྲུལ་པའི་ཡིད་དེ། ལཾ་རྡོ་རྗེ་མགྱོགས་འགྲོ་ཞེས་བྱ་བ་ནི་ཆོས་ཀྱིས་འགྱོགས་འགྲོ་བ ་སྟེ། དེ་དང་དེར་སྤྲུལ་པ་སྣ་ཚོགས་སྟོན་པའོ། །སྙིང་རྗེའི་ཆང་ཞེས་བྱ་བ་ནི་གཉིས་ཀྱི་རྟོག་པ་བཞུ་ནས་རོ་གཅིག་མཉམ་པའི་རང་བཞིན་ནོ། །མཱ་མ་ཀཱི་ཞེས་བྱ་བ་ནི་གཉིས་ཀྱིས་སྒྱུ་མ་འཇོམས་པའི་ལས་ཏེ་མཱ་མ་ཀཱི་ནི་མི་བསྐྱོད་པའོ། ། ་ཞེ་བ་ཞེས་བྱ་བ་ནི་གཟུང་བ་ལ་སོགས་པ་རྣམ་པར་རྟོག་པ་ཞི་བའི་ཕྱིར་སེམས་ཙམ་ཉིད་དོ། །ཆགས་པ་ཞེས་བྱ་བ་ནི་གཉིས་ཀྱིས་སྟོང་པའི་ཡེ་ཤེས་ཉམས་སུ་མྱོང་བར་ཡོངས་སུ་གཅོད་པར་གནས་པའོ། །དབང་མོ་ཆེ་ཞེས་བྱ་བ་ནི་འཇིག ་རྟེན་གྱི་ཁམས་སྣ་ཚོགས་སུ་སྤྲུལ་པ་རྣམས་ཀྱིས་རྗེས་སུ་འཛིན་པའི་རང་བཞིན་ནོ། །མིག་ཡོན་ཞེས་བྱ་བ་ནི་སྟེང་དང་འོག་ཏུ་བལྟ་བ་སྟེ། འཁོར་བ་དང་ཞི་བ་ལྟ་བའོ། །དེ་ལ་ཕྱོགས་གཅིག་ཏུ་བསྟན་པ་ནི་ཁང་པ་སུམ ་བརྩེག་བྱས་ནས་ཁང་པ་འོག་མར་ནི་གར་བྱེད་པའི་གར་མཁན་རྣམས་བཞག་པའོ། །བར་མར་ནི་བཟའ་བཅའ་ལ་སོགས་པའི་ཡོ་བྱང་བཞག་གོ། སྟེང་མར་ནི་དཀྱིལ་འཁོར་འཁོར་ལོའི་ཁར་བཞག་ལ་དཀྱིལ་འཁོར་འཁོར་ལོའི་སྒྲུབ ་ཐབས་ལས་གོ་རིམས་སྨོས་པ་བཞིན་ཏིང་ངེ་འཛིན་གསུམ་བྱ་སྟེ། སློབ་མ་བཞི་དང་རྣལ་འབྱོར་མ་བཞི་དང་བཅས་པས་རང་རང་གི་འཁོར་ལོས་བསྒྱུར་བར་བཅོས་པར་བྱ་ཞིང། རྣལ་འབྱོར་མ་མེད་ན་སྐྱེས ་པ་རྣམས་ཀྱིས་བུད་མེད་ཀྱི་གཟུགས་གཟུང་ལ་ཁྲོ་བོ་དང་སྒོ་སྐྱོད་ཐམས་ཅད་མི་གཡོ་བར་བསྡུས་པ་དང་བཅས་པས་སོ་བདུད་ཐམས་ཅད་གཞོམ་པར་བྱའོ། །བསྡུ་བདེ་ཡང་ཁང་དབུ་བརྩེགས་པ་རྣམས་ནི་ཁང་དུ་བརྩེགས་པ་ལའོ། །ཞལ ་རྣམས་ནི་ཞལ་ལའོ། །ཕྱག་རྣམས་ནི་ཕྱག་ལའོ། །ཞབས་རྣམས་ནི་ཞབས་ལའོ། །གླང་པོ་ཆེ་ལ་སོགས་པའི་ཐོད་པ་རྣམས་ནི་བཅོམ་མའི་རྡོ་རྗེ་ལའོ། །དེ་བཞིན་དུ་རྨ་བྱའི་ཐོང་བ་རྣམས་ནི་འཁོར་ལོ་ལའོ། །སྣོད་ལ་སོགས་པའི་ཐོད ་པ་རྣམས་ནི་རིན་པོ་ཆེ་ལའོ། །དོམ་ལ་སོགས་པའི་ཟོད་པ་རྣམས་ནི་པདྨ་ལའོ། །ས་ལ་སོགས་པའི་སྣོད་རྣམས་ནི་རལ་གྲི་ལའོ། །དེ་བཞིན་དུ་གཡོན་པའི་མཚན་རྣམས་ནི་ཁ་ཊཾ་ག་དང་ཐོད་པ་ལ་བསྡུའོ། །དེ་ལ་དང་པོར་ཡོལ ་བས་བཅད་ལ་སློབ་དཔོན་གཅིག་པུ་མེ་ལོང་མདུན་དུ་བཞག་སྟེ། རང་རང་གི་ལྷའི་ཞལ་དང། ཕྱག་དང། བཅོས་མའི་རྡོ་རྗེ་དང་ཁ་ཊཱཾ་ག་དང་ཐོད་པ་དང་ལྡན་པ་ནོར་བུ་ལ་སོགས་པའི་མདོག་ཏུ་ཚོ་ནི་གྱིས་བྱུག་ཅིང་བཅོས་མའི ་མཆོད་ཕྱིར་ཐོག་པ་ལ་སོགས་པའི་རྒྱན་གྱིས་བརྒྱན་པ། རྐང་པའི་མཐིལ་དུ་ཧཱུཾ་གིས་རྡོ་རྗེ་རྩེ་གཅིག་རང་རྩེ་གསུམ་དང་རྩེ་ལྔ་ཡི་དང། ཨ་ཡིས་བསྐྱེད་པའི་རྡོ་རྗེ་རྒྱ་གྲ་མ་རྣམས་རིམ་གཞིན་དུ་བསམས་ལ་འོག་ནས་འབྱུང ་བའི་རྡོ་རྗེ་འགྲོས་རྣམས་དང་སྦྱར་བར་བྱའོ། །དེ་བཞིན་དུ་ཁྲ་བོ་ཆེན་པའི་ཁྲོ་གཉེར་གྱིས་སྨིན་མ་བཅུམ་པའི་ལྟ་བ་མིག་གཡོན་པར་ནཱ་ལས་བྱུང་བའི་ཟླ་པ། གཡས་པར་མ་ལས་བྱུང་བའི་ཉི་མ་ལ་ཧཱུཾ་ཞེས་བྱ་བ་ལ་བཀོད ་ནས། འབར་བའི་ལྟ་བ་དང། ཧེ་རུ་ཀའི་ང་རྒྱལ་གྱིས་ཧཱུཾ་ཞེས་བྱ་བ་བརྗོད་ནས་འོག་ནས་འབྱུང་བའི་རྡོ་རྗེ་འགྲོས་ཀྱིས་བསྐོར་ཕར་བྱའོ། །དེ་ཡང་དང་པོ་ཡོལ་བ་རིམ་གྱིས་བསལ་ཅིང་ས་རབ་ཏུ་དགའ་བ་ལ་སོགས་པའི་སྒྲིབ་པ ་བསལ་ཅེད་བསྟན་པའི་ཕྱིར་རོ། །རིམ་པ་བཞིན་དུ་དབུ་བརྒྱན་དང། དཔྲལ་བ་དང་སྤྱན་དང་ཀོས་ཀོ་དང་མགྲིན་པ་དང། པྲག་པ་དང་ཕྱག་དང་སྙིང་ག་དང་ལྟེ་བ་དང་རྐྱེད་པ་དང་བརླ་དང་ཞབས་ཀྱི་བར་དུ་བསྟེན་པས་རྡོ་རྗེ་ཅན་ཕྱུང་སྟེ། ཕྱེད་ཀྲུང ་བཅས་ནས་གཡས་པ་མན་ཏེ། མཉམ་པའི་འདུག་སྟངས་ཀྱི་གནས་ལ། སྔར་སྨོས་པ་བཞིན་དུ་མེ་ཏོག་གི་ཐལ་མོ་སྤྱི་བོར་གཟུང་ལ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ཞེས་བྱ་བས་ཕྱག་བྱ་བ་དང། དེ་བཞིན ་གཤེགས་པ་ཐམས་ཅད་ལ་བདག་ཉིད་དབུལ་ལོ་ཞེས་བྱ་བས་བདག་ཉིད་ཕུལ་ནས་འདི་སྐད་དུ་སེམས་ཅན་བསྡུ་བས་བསྡུས་པ་ཇི་སྙེད་པ་སྒོར་ལས་སྐྱེས་པ་དང། དྲོད་གཤེར་ལས་སྐྱེས་པའམ་བརྫུས་ཏེ་སྐྱེས་པར་མ། མངལ་ནས ་སྐྱེས་པ་ཡང་རུང་སྟེ། གཟུགས་ཅན་ནམ་གཟུགས་ཅན་མ་ཡིན་པའམ། གའདུ་ཤེས་ཅན་ནམ་འདུ་ཤེས་མེད་པའམ། འདུ་ཤེས་ཅན་ཡང་མ་ཡིན་འདུ་ཤེས་མེད་པ་ཡང་མ་ཡོན་པ་རྣམས་ཀྱང་རུང་སྟེ། དེ་དག་ཐམས ་ཅད་བདག་གིས་ཕྱག་རྒྱ་ཆེན་པོའི་གོ་འཕངས་ལ་རབ་ཏུ་བཞག་པར་བྱའོ། །ཞེས་སྨོན་ལམ་བཏབ་ལ། སེམས་ཅན་གྱི་ཁམས་རྣམས་མུན་པ་དང་འདྲེས་པར་བལྟ་ཞིང། ཨོཾ་ཀྲོ་དྷ་དྲིཥྚི་ཧཱི། ཞེས་བྱ་བ་དང། ཧཱུཾ་གི ་མིག་འབྲས་ཀྱི་འོང་ཟེར་འཇིགས་པ་མེ་ལྟར་འབར་བས་འགྲོ་བ་གསུམ་པོ་ཐལ་ངར་བྱིས་ནས་ཕྱེད་གྲུང་བྱས་པའི་གོར་ལ་གནས་ཏེ། སླར་ཡང་རྒྱལ་མཚན་ཆེན་པོ་དང། དྲིལ་བུའི་སྒྲས་བླངས་ལ་གར་ཆེན་པོའི་རོལ ་མོའི་བསྐོར་བར་བྱའོ། །གདམས་ངག་ལས་འོངས་པས་རྡོ་རྗེ་འགྲོས་རྣམ་པ་བཞི་སྦྱར་བར་བྱ་སྟེ། སྐང་མཐིལ་གྱིས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་པས་ས་གཞི་ལ་གཡོག་ཅིང་རྡོ་རྗེ་དང་དྲིལ་བུ ་རྐེད་པར་གཟུང་ལ་ཨོཾ་ཨེ་ཀ་སཱུ་ཙི་ཀ་བཛྲ་པཱ་ད་བཛྲ་མ་ཧཱ་ཀྲོ་དྷ། བྷཉྫ་བྷཉྫ་སརྦ་དུ་ཥྚ་སཱུ་རཱ་ཎ་ཧཱུཾ་ཕཊ་ཅེས་བརྗོད་ནས། རྡོ་རྗེ་རྩེ་གཅིག་པའི་འགྲོས་ཀྱིས་བསྐོར་རོ། །དེ་ནས་དེ་བཞིན་དུ་རྡོ་རྗེ་རྩེ་གསུམ་པའི་འགྲོས་ཀྱིས་བསྐོར་ཏེ། ་སྔགས་ནི་ཨོཾ་ཏྲཾ་སཱུ་ཙི་ཀ་བཛྲ་པཱ་ད་བཛྲ་མ་ཧཱ་ཀྲོ་དྷ་བྷཉྫ་བྷཉྫ་སརྦ་དུཥྚཱ་སཱུ་རཱ་ཎ་ཧཱུཾ་ཕཊ། དེའི་འོག་ཏུ་རྡོ་རྗེ་རྩེ་ལྔ་པའི་འགྲོས་ཀྱིས་བསྐོར་ཏེ། སྔགས་ནི་ཨོཾ་པཉྩ་སཱུ་ཙི་ཀ་བཛྲ་མ་ཧཱ་ཀྲོ་དྷ་བྷཉྫ་བྷཉྫ་སརྦ་དུ་ཥྚཱ་སཱུ་རཱ་ཎ་ཧཱུཾ ་ཕཊ་ཅེས་བྱའོ། །དེའི་འོག་ཏུ་མཛའ་ཨི་དབྱངས་ཡིག་ལས་སྐྱེས་པའི་རྡོ་རྗེ་རྒྱ་གྲམ་བསམས་ལ། །རྡོ་རྗེ་རྒྱ་གྲམ་གྱི་འགྲོས་ཀྱིས་བསྐོར་བ་བྱ་སྟེ། སྔགས་ནི་ཨོཾ་བི་ཤྭ་བཛྲ་པཱ་ད་བཛྲ་མཧཱ་ཀྲོ་དྷ་བྷཉྫ་བྷཉྫ་སརྦ་དུ་ཥྚ་སཱུ་རཱ་ཎ་ཧཱུཾ་ཕཊ། ་ཅེས་བྱའོ། །དེ་ནས་གཞན་ཡང་བཤད་པ་ནི། །རང་གི་ལྷག་པའི་ལྷར་དམིགས་ལ། །ལྷའི་རྒྱན་གྱིས་བརྒྱན་པ་སྟེ། །ཡོ་བྱད་ཐམས་ཅད་དམིགས་བྱས་ལ། །ལྟོ་བའི་མེ་ལ་སྦྱིན་སྲེག་བྱ། །ཤར་དང་ནུབ་འདིར་བྱང་དང ་ལྷོར། །ཕྱོགས་སུ་གནས་པའི་རྣལ་འབྱོར་པ། །མཚམས་ན་གནས་པའི་ལྷ་མོ་རྣམས། །ཚེ་ཡི་མཆོག་གི་མཆོད་པར་བྱ། །དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་སོ་སོ་རང་གི་ངོ་བོ་ཡོལ་བས་བར་དུ་བཅོད་ལ་རང ་རང་གིས་བསྡུ་པའི་གཟུགས་ཀྱིས་བཅོས་མ་བྱས་ནས། རི་བོ་ལྷུན་པོའི་སྟེང་དུ་གནས་པར་བསམས་ཏེ་གར་བྱའོ། །དེ་ལ་རྟག་པ་ནི་ཤར་ཕྱོགས་ཀྱི་སྒོར་མདོག་དཀར་པོ་བཅོས་མའི་འཁོར་ལོ་ཐོགས་ནས ་སྔ་མ་བཞིན་དུ་ཐམས་ཅད་བྱ་སྟེ། ཨོཾ་གྱི་མིག་འབྲས་དང་ལྡན་པས་བྱམས་པའི་ལྟ་བས་བལྟ་ཞིང་བ་དུད་རྩི་བསིལ་བའི་འོད་ཀྱིས་ཕྲེང་བས་མེད་པའི་རྟུལ་ཞུགས་འཛིན་པའི་ལྟ་བར་ལྟུང་བ་རྣམས་སངས་རྒྱས་ཀྱི་གཏི་མུག ་མི་གནས་པའི་མྱ་ངན་ལས་འདས་པ་ལ་དགོད་པར་བསམ་མོ། །དེ་བཞིན་དུ་ནུབ་སྒོ་ནས་པདྨ་གར་གྱི་དབང་ཕྱུག་མདོག་དམར་པོ་བཅོས་མའི་པདྨ་འཛིན་པ་ཧྲཱི:ཱི་མིག་འབྲས་དང་ལྡན་པས། ཨོཾ་བཛྲ་དྲིཥྚ་རུ་ཊ་མ་ཊ་ཞེས་བྱ ་བ་དང། གཡོན་ལ་བརྟེན་པའི་ལྟ་བའི་ལྕགས་ཀྱུའི། འོད་ཀྱིས་ཉན་ཐོས་ལ་སོགས་པའི་བྱང་ཆུབ་ལ་གནས་པ་རྣམས་རྗེས་སུ་ཆགས་པས་འདོད་ཆགས་ཀྱི་བྱང་ཆུབ་ལ་དགོད་པར་བསམ་མོ། །དེ་བཞིན་དུ་རྟ་མཆོག་བྱང་སྒོར ་མདོག་ལྗང་གུ་བཅོས་མའི་རལ་གྲི་ཐོགས་ཤིང་རྟ་གདོང་ལྗང་གུ་དང་ལྡན་པས་ཇི་ལྟ་བ་བཞིན་དུ་འབར་བའི་ལྟ་བས་ལྕགས་ཀྱུས་ཐམས་ཅད་མཁྱེན་པའི་ལམ་ལ་བརྟེན་ནས་ཉན་ཐོས་ཀྱིས་ལམ་དུ་ཞུགས་པ་རྣམས་ཐོབ་པའི ་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྤྲུལ་པ་སྣ་ཚོགས་ཀྱིས་བྱང་ཆུབ་ཆེན་པོའི་ལམ་དུ་ཁྲིད་པར་བསམ་མོ། །དེ་བཞིན་དུ་ལྷོ་ཕྱོགས་ཀྱི་སྒོར་རྡོ་རྗེ་ཉི་མ་མདོག་སེར་པོ་བཅོས་མའི་རིན་པ་ཆེ་དང་ལྡན་པས། ཨོཾ་རཱི་བཏ་དྲི་ཤ་ཨཾ ་ཀུ་ཤ་ར:??་ཞེས་བྱ་བ་དང། ཉི་མ་དང་ཟླ་བའི་མིག་གཡས་སུ་རྟེན་ཅིང་མྱུར་བས་གཡོ་བ་ལྟ་བའི་པདྨའི་ལྕགས་ཀྱུས་སེར་སྣ་ལ་སོགས་པའི་ཉེས་པ་བསལ་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་སྦྱར་བར་བསམས་ཉེ། དེ་སྐད་དུ ་ཡང། ཤར་དང་ནུབ་དང་བྱང་ཕྱོགས་དང། །ལྷོ་ཡི་ཕྱོགས་སུ་རིམ་བཞིན་སྦྱར། །ཞེས་གསུངས་སོ། །དེ་དག་ཐམས་ཅད་ཀྱང་བཅོས་མའི་སྟག་ལྤགས་ཀྱི་ན་བཟའ་དང་བཅོས་མའི་སྐྲ་ཁམ་སེར་དང། སངས་རྒྱས་ལྔའི ་ཐོད་པའི་ཅོད་པན་དང་སྤྱན་གསུམ་པ། བཅོས་མའི་སྣ་ཚོགས་པདྨ་དང་ཉི་མ་ལ་ཕྱེད་ཀྲུང་བཅོས་པའི་གར་གྱིས་བཞུགས་པ་སྟེ། ཁྱད་པར་དུ་རྟག་པའི་ཟླ་བའི་གདན་དང་འོད་ཅན་ནོ། །དེ་བཞིན་དུ་དབང ་ལྡན་གྱི་མཚམས་སུ་སྤྱན་མ་མདོག་དཀར་མོ་བཅོས་མའི་འཁོར་ལོ་འཛིན་པས་བྱམས་པའི་ལྟ་བས་སེམས་ཅན་རྣམས་ཀྱི་ཉེ་བར་འཚེ་བཞི་བར་མཛད་དོ། །དེ་བཞིན་དུ་མེའི་མཚམས་སུ་མཱ་མ་ཀཱི་མདོག་སྡེན ་མོ་བཅོས་མའི་རྡོ་རྗེ་ཐོགས་ནས་རྡོ་རྗེ་ལྟ་བས་གཞན་གྱི་དཔུང་གིས་ཉེན་པ་རྣམས་བསྲུང་བའོ། །དེ་བཞིན་དུ་བདན་བྲལ་མཚམས་སུ་གོས་དཀར་མོ་བཅོས་མའི་པདྨ་འཛིན་པ་རྗེས་སུ་ཆགས་པའི་ལྟ་བས་སྐྱེ་བོ ་རྣམས་ལ་རྗེས་སུ་ཆགས་པར་མཛད་པའོ། །དེ་བཞིན་དུ་རླུང་མཚམས་སུ་སྒྲོལ་མ་ལྗང་གུ་ཨུཏཔ་ལ་བསྣམས་པ་འབར་བའི་ལྟ་བས་གདུལ་བྱ་རྣམས་འགུགས་པ་མཛད་དོ། །དེ་དག་ཀྱང་སྔ་མ་ལྟར་བཅོས་མའི་སྐྲ ་ཁམ་སེར་དང། བཅོས་མའི་ཞལ་དང་བཅོས་མའི་པདྨ་དང་ཉི་མ་ལ་གཡོན་བརྐྱང་བས་བཞུགས་ཤིང་ཁ་དོག་ཚོན་གྱིས་བསྒྱུར་བ་གཡོན་པ་སྙིང་གར་ཁུ་ཚུར་སྡིགས་མཛུབ་བྱེད་པའོ། །དེ་བཞིན་དུ་ཁྲོ་བོ་མི་གཡོ་བ་རལ་གྲི་དང ་སྡིགས་མཛུབ་དང་ཀླུའི་ཞགས་པ་ཐོགས་པ། བཅོས་མའི་སྣ་ཚོགས་པདྨ་དང་ཉི་མ་ལ་གཡོན་བརྐྱང་བ་གནས་ཤིང། རིན་པོ་ཆེ་ལ་སོགས་པའི་རྒྱན་སྣ་ཚོགས་དང། གོས་བཟང་པོ་བགོས་པ་འཁོར་ལོས་སྒྱུར་བ་རྣམས་དང ་ལྷ་མོ་རྣམས་དང་ལོགས་ནས་བསྐོར་ཞིང་སུན་འབྱིན་པར་བྱེད་པ་སྟེང་དང་འོག་ན་བལྟས་པས་སྲིད་པ་དང་ཞི་པ་མཉམ་པར་བསམ་མོ། །ཀུན་ཀྱང་རྡོ་རྗེ་འགྲོས་ལ་སོགས་པ་དང་པདྨའི་སྐོར་བ་ལྔ་དང་ལྡན་པས་རིམ་བཞིན་དུ་རྐང ་སྟབས་ཀྱི་ཚུལ་དགུ་བཅུ་རྩ་བརྒྱད་ཀྱི་གར་བྱ་ཞིང་གླུ་བླང་བར་བྱ་སྟེ། སྟོང་པ་གོས་མེད་མཆོག་གི་གཙོ་རྨི་ལམ་སྒྱུ་མའི་རང་བཞིན་དུ། །ཇི་སྲིད་མ་གྲུབ་པར་དུ་ནི། །སེམས་ཀྱི་རང་བཞིན་བསྒོམ་པར་བྱ། །མཱ་མ་ཀཱིའི་གླུའོ། །སྲིད་མིན ་མྱ་ངན་འདས་མིན་གང། །དེ་ནི་བདེ་ཆེན་རྡོ་རྗེ་སྟེ། །གང་གི་ཡིད་ལ་བསྒོམས་མེད་པ། །དེ་ཡིས་བྱ་བ་སྒྲུབ་པ་ཡིན། །སྤྱན་མའིའོ། །སྔགས་དང་ཡི་གེ་རྣམས་སྤངས་ཤིང། །ཐིག་ལེ་སྒྲ་དང་བྲལ་བའི་སེམས། །དེ་ནི་མཆོག ་ཏུ་བདེ་ཆེན་ཏེ། །འདི་ལ་བསལ་དང་བཞག་པ་མེད། །གོས་དཀར་མོའིའོ། །ཇི་ལྟར་གཟུགས་བརྙན་རང་བཞིན་ཉིད། །དེ་ལྟར་དངོས་རྣམས་སྒོམ་བྱེད་པ། །སྟོང་ཉིད་གོས་མེད་མཆོག་གི་གཙོ། །དེ་ལ་བསོད་ནམས་སྡིགས ་པ་མེད། །སྒྲོལ་མའིའོ། །ཇི་ལྟར་ཆུ་ཡི་ཟླ་བ་བཞིན། །བདེན་པ་མ་ཡིན་བརྫུན་པ་མིན། །དཀྱིལ་འཁོར་འཁོར་ལོ་མཆོག་གིས་ནི། །ལུས་ཀྱང་དེ་བཞིན་བལྟ་བར་བྱ། །ཞེས་འཁོར་ཐམས་ཅད་ཀྱིས་གསུངས་སོ། །ཆོས་འབྱུང ་གར་གྱི་གྲོང་ཁྱེར་དུ། ཞེས་བྱ་བ་ནི་ཚོན་གྱི་གནས་ཆོས་འབྱུང་བར་རོ། །མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་གསལ་བ་ལས། ལེའུ་གཉིས་པའི་རྣམ་པར་བཤད་པའོ།། །།རྡོ་རྗེ་དྲ་བའི་ཏིང་ངེ་འཛིན ་གནས་ཞེས་བྱ་བ་ནི་དགྱེས་པའི་རྡོ་རྗེའི་ཏིང་ངེ་འཛིན་དུ་གནས་པའོ། །འབྱུང་པོ་ཆེན་པོའི་གཏོར་མ་ཞེས་བྱ་བ་ནི་འབྱུང་པོ་ཆེན་པོ་རྣམས་ཚིམ་པར་བྱ་བའི་གཏོར་མའི་མཆོད་པ་ཉེ་བར་སྤྱད་པ་དང་བཅས་པའོ། །དེ་སྐད་དུ་ཡང་ཡན་ལག ་རྒྱན་ཀུན་གྱིས་བརྒྱན་ཅིང། །རྡོ་རྗེ་རྒྱན་གྱིས་མཛེས་བྱས་ལ་རྡོ་རྗེ་དྲིལ་བུ་གཟུང་ནས་སུ། །ལམ་གྱི་བཞི་མདོར་མ་བཏང། །མེ་ཏོག་སྤོས་དང་མར་མེ་དང། །དྲི་ཡི་དུང་སོགས་གཡས་སུ་གཞག་།གཡོན་དུ་སྔགས་ཀྱི་མཆོད ་ཡོན་སྣོད་།སྣོད་གཞན་མདུན་དུ་བཞག་ནས་ནི། །སྔོན་དུ་ཞལ་བསིལ་ཆོ་ག་ཡིས། །མེ་ཏོག་ལ་སོགས་རིམ་བཞིན་དབུལ། །མེ་ཏོག་མཆོད་སོགས་བྱས་ནས་སུ། །བཟང་པོའི་སྣོད་དུ་དབུལ་བར་བྱ། །མེ་ཏོག་ཚུལ་དུ ་བསྐྱོད་པ་དང། །བདུག་པའི་ཚུལ་དུ་བསྐྱོད་པ་དང། །མར་མེ་འདེགས་པའི་ཚུལ་དང་ནི། །དྲི་ཡི་ཚུལ་དུ་བྱུག་པར་བྱ། །རོལ་པའི་ལག་པས་སྒེག་པ་དང། །ཕྲེང་ཚུལ་མཁའ་འགྲོ་ཕྲེང་བ་མ། །ཧཱུཾ་ཞེས་བྱ་བས་གླུ་བླངས་ཞིང། །གར་ལ་པུས་མོ་དགུག ་པར་བྱ། །འདི་དག་བླ་མེད་མཆོད་པ་སྟེ། །སངས་རྒྱས་རྣམས་ནི་མཉེས་མཛད་པའོ། །ཤཱ་མཁའ་ཨི་ཁམས་ཀྱི་དབུས་གནས་པར། ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་སོན་པའོ། །པདྨ་ཞེས་བྱ་བ་ནི་པདྨ་དམར་པོ ་འདབ་མ་བརྒྱད་པའོ། །བསྒོམ་བྱ་ཞེས་བྱ་བ་ནི་སྟོང་པ་ཉིད་བསྒོམ་པའི་རྗེས་ལའོ། །ཧཱུཾ་ལས་ཞེས་བྱ་བ་ནི་ཧཱུཾ་རྣམས་ལ་སྟེ། །ཕྱོགས་དང་ཕྱོགས་མཚམས་ཀྱི་འདབ་མ་རྣམས་སུ་བརྒྱ་བྱིན་ལ་སོགས་པ་ཁ་དོག་སྔོན་པོར ་བྱའོ། །དེ་བཞིན་དུ་ཚངས་པ་ལ་སོགས་པ་རྣམས་ནི་སྟེང་དུ་ཨོཾ་དེ་རྣམས་ལས་དེ་ཁ་དོག་དཀར་པོར་བྱའོ། །ཀླུ་ལ་སོགས་པས་ས་འོག་རྣམས་ནི་ཨཱ(རྒྱུད་འགྲེལ་ཐོགས་ཤིང་རང་གི་རིག་མས་འཁྱུད་པའོ། །གཡས་བརྐྱང་བའི་ཞབས་ཀྱི་གདན་ལ་ཞེས་བྱ་བ་ནི་སྣ་ཚོགས་པདྨ་དང་ཉི་མ་ལའོ། །ཚངས་པ་ལ་སོགས་པ་རྟག་པ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །དབང་པོ་སོགས་རྡོ་རྗེ་ཞེས ་བྱ་བ་ནི་མི་བསྐྱོད་པའོ། །ཀརྐོ་ཊ་ལ་སོགས་པ་གར་གྱི་དབང་ཕྱུག་ཅེས་བྱ་བ་ནི་སྣང་བ་མཛའ་ཡས་སོ། །ཐམས་ཅད་རིགས་ནི་གསུམ་ལས་སྐྱེས་ཞེས་བྱ་བ་ནི་གཏི་མུག་དང་ཞེ་སྡང་དང་འདོད་ཆགས་ཀྱི་རང་བཞིན་ཡི་གེ་གསུམ ་ལས་བྱུང་བའོ། །གཽ་རཱི་ཡིས་ནི་དགུག་པར་བྱ་ཞེས་བྱ་བ་ནི་དམ་ཚིག་འཁོར་ལོ་བསྐྱེད་པ་ལས་ཡེ་ཤེས་ཀྱི་འཁོར་ལོ་གཽ་རཱིའི་ལྕགས་ཀྱུས་དགུག་པའོ། །ཙཽ་རཱིའི་ཞགས་པས་བཅུག་ནས་ནི། །ཞེས་བྱ་བ་ལ་སོགས་པ་ནི ་གོ་སླའོ། །དེ་ནས་མཆོད་ཡོན་ཞབས་བསིལ་ནས། །སྔགས་འདི་ཡིས་ཚིམ་པར་བྱ་ཞེས་བྱ་བ་ལ། །མཆོད་ཡོན་དང་ཞབས་བསིལ་ནི་ཉེ་བར་མཚོན་པ་ཙམ་སྟེ། །མཆོད་པ་དང་བསྟོད་པ་བྱས་ལ། །ོཾ་ལ་སོགས་པའི་ཡི་གེ ་གསུམ་གྱིས་སྦྱངས་པ་དང། །བཙོ་བ་ལ་སོགས་པས་བདུད་རྩིར་བྱས་ལ་ཚིམ་པར་བྱ་སྟེ་ཞི་བ་ལ་སོགས་པ་ནི་རྡོ་རྗེ་དཀར་པོ་ལ་སོགས་པས་བརྒྱན་པའི་ཞལ་དུ་ཅུང་ཟད་ཕྱེ་བར་དབུལ་ལོ། །གསོད་པ་ལ་སོགས་པ་ལ་ནི་ཁོ་བོའི ་རྡོ་རྗེས་བརྒྱན་པའི་ཞལ་གདེང་པར་རོ། །ལྷག་མ་ནི་གོ་སླའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་གཞུང་གི་ཚིག་སྣ་ཚོགས་ལ་རྡོ་རྗེའི་མིང་རྣམས་དཀྲུགས་པ་ཉིད་དུ་སྣང་སྟེ། དེ་རྣམས་འདིར་རིམ་པ་བཞིན་དུ་བསྡེབས་ལ་བརྗད ་པར་བྱའོ། །དེ་ལ་རྡོ་རྗེ་བཞད་པ་དང། རྡོ་རྗེ་རྣམ་པར་རོལ་པ་དང། རྡོ་རྗེ་འགྱིང་པ་དང། རྡོ་རྗེ་ཨ་ལ་ལ་རྣམས་ནི་ཞེ་སྡང་གི་རིགས་སོ། །རྡོ་རྗེ་ཡེ་ཤེས་དང། རྡོ་རྗེ་འབེབས་པ་དང། རྡོ་རྗེ་ཕ་རོལ་ཏུ་ཕྱིན་པ་རྣམས་ནི་གཏི་མུག་གི ་རིགས་ཀྱིའོ། །རྡོ་རྗེ་མྱུ་གུ་དང། །རྡོ་རྗེ་པདྨ་དང། རྡོ་རྗེ་པདྨའི་མྱུ་གུ་དང། རྡོ་རྗེ་ཀུན་ཏུ་གཟིགས་པ་དང། རྡོ་རྗེ་འདོད་ཆགས་རྣམས་ནི་འདོད་ཆགས་རིགས་ཀྱིའོ། །རྡོ་རྗེ་ཡིད་བཞིན་ནོར་བུ་དང། རྡོ་རྗེ་ཡན་ལག་མེད་པ་དང ་རྡོ་རྗེ་མཆོག་ཏུ་དགའ་བ་དང། རྡོ་རྗེ་དགའ་བའི་བདེ་བ་དང། རྡོ་རྗེ་དགའ་བ་རྣམས་ནི་རིན་པོ་ཆེའི་རིགས་ཀྱིའོ། །རྡོ་རྗེ་ཤེས་རབ་དང་རྡོ་རྗེ་ཤེས་རབ་མྱུ་གུ་དང། རྡོ་རྗེ་སྙིང་རྗེ་མྱུ་གུ་དང། རྡོ་རྗེ་ནམ་མཁའ་རྣམས་ནི་དམ་ཚིག་གི་རིགས། ་མཁའ་འགྲོ་མ་རྣམས་ཀྱི་བརྗོད་པར་བྱ་སྟེ། རྡོ་རྗེ་སྙིང་པོ་དང་རྡོ་རྗེ་མཚོན་ཆ་དང། རྡོ་རྗེ་ཨེ་མ་བདེ་བ་དང། རྡོ་རྗེ་བདག་མེད་མ་དང། རྡོ་རྗེ་བདག་མེད་པ་དང། རྡོ་རྗེ་ལག་པ་རྣམས་ནི་ཞེ་སྡང་གི་རིགས་ཀྱིའོ། །རྡོ་རྗེ ་སྤྱན་མ་དང། རྡོ་རྗེ་མཁའ་འགྲོ་མ་དང། རྡོ་རྗེ་སེར་སྐྱ་མ་དང། རྡོ་རྗེ་སྒྱུ་འཕྲུལ་རྣམས་ནི་གཏི་མུག་གི་རིགས་ཀྱིའོ། །རྡོ་རྗེ་འབར་མ་དང། རྡོ་རྗེ་བེབས་མ་དང། རྡོ་རྗེ་འབེབས་མ་དང། རྡོ་རྗེ་རོ་ལངས་མ་དང། རྡོ་རྗེ་ལྕགས་ཀྱུ་མ་དང། ་རྡོ་རྗེ་ཕྲེང་བ་རྣམས་ནི་རིན་པོ་ཆེའི་རིགས་ཀྱིའོ། །རྡོ་རྗེ་ཕྲེང་བ་མ་དང། རྡོ་རྗེ་སྒེག་མོ་དང། རྡོ་རྗེ་བཞད་མ་དང། རྡོ་རྗེ་ཀུན་ཏུ་འཁྱུད་མ་དང། རྡོ་རྗེ་རྒྱས་མ་དང། རྡོ་རྗེ་པདྨ་དང། རྡོ་རྗེ་ཆགས་པ་མ་རྣམས་ནི་འདོད་ཆགས་ཀྱི་རིགས ་ཀྱིའོ། །རྡོ་རྗེ་འབྱུང་མ་དང། རྡོ་རྗེ་རྒོད་མ་དང། རྡོ་རྗེ་སྒྲོལ་མ་དང། རྡོ་རྗེ་རྣམ་པར་རོལ་མ་དང། རྡོ་རྗེ་བློ་གྲོས་དང། རྡོ་རྗེ་གིང་ཀ་མ་དང། རྡོ་རྗེ་ཁ་ཆུ་མ་དང། རྡོ་རྗེ་དབུགས་དབྱུང་མ་རྣམས་ནི་དམ་ཚིག་གི་རིགས་ཀྱིའོ། །འདོད་ཆགས ་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་ནི་སྙིང་རྗེ་ཆེན་པོའོ། །ཞེ་སྡང་ནི་གཉིས་མི་ཟད་པའོ། །གཏི་མུག་ནི་གཉིས་སུ་མི་ཤེས་པའོ། །ཀུན་ཏུ་དམ་ཚིག་ཅེས་བྱ་བ་ནི་ཀུན་ཏུ་རྣམ་པར་སྤྲུལ་པའོ། །སེམས་དཔའ་ཞེས་བྱ་བ ་ནི་དངོས་པོ་གསུམ་གཅིག་ཏུ་གྱུར་བ་སྟེ། ཤིན་ཏུ་རྣམ་པར་དག་པའི་དབྱིངས་སོ། །ནོར་བུ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་མཉམ་པ་ཉིད་ཀྱི་ཁྱད་པར་དུ་འཕགས་པའོ། །དེས་ནི་རིགས་དྲུག་གོ། རིགས་ལྔ་དང་གཅིག ་སྟེ། གཞན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་ལྔའོ། །འདོད་པ་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ལྡན་པའི་སེམས་སོ། །མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲོལ་དེ་ཁོ་ན་ཉིས་རྒྱས་པ ་ལས། ལེའུ་གསུམ་པའི་རྣམ་པར་བཤད་པའོ།། །།རྡོ་རྗེ་སྙིང་པོ་མངོན་བྱང་ཆུབ་བརྟག་པའི་རྒྱལ་པོ་དང་པོ་ཉིད་ཅེས་བྱ་བ་ལ་སོགས་པ་གོ་སླའོ། །སྐུ་ཡི་ལག་པའི་ཕྱག་རྒྱ་ཞེས་བྱ་བ་ལ། སྐུའི་ཞེས་བྱ་བ ་ནི་སྐུའི་བྱ་བའོ། །ཕྱག་རྒྱ་ཞེས་བྱ་བ་ནི་འདའ་བར་མི་བྱ་བ་སྟེ། ཧཱུཾ་གི་རྡོ་རྗེ་སྦྱངས་པའི་ལག་པའི་སོར་མོ་རྣམས་ཀྱི་རྡོ་རྗེ་དང་འཁོར་ལོ་ལ་སོགས་པ་བཅའ་བའོ། །དེ་བཞིན་དུ་རྐང་བ་བསྐྱོད་པ་དང། ལྟ་བའི་ཕྱག་རྒྱ་ལ ་སོགས་པ་ཡང་གཟུང་བར་བྱའོ། །དག་གི་ཕྱག་རྒྱ་ཞེས་བྱ་བ་ནི་དག་གི་བྱ་བ་སྟེ། ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་དཀར་པོས་མཚན་པའི་ལྕེས་ཁྲོ་བོ་ལ་སོགས་པའི་སྔགས་བཟླས་པའོ། །སེམས་ཀྱི་ཕྱག་རྒྱ་མཚན་མ་ཡིན ་ཞེས་བྱ་བ་ལ་སོགས་སེམས་ཀྱི་སྒྲུབ་པའི་ཕྱག་རྒྱ་ནི་བརྩམས་པའི་སྐུ་གཟུགས་དང་ཐད་ཀལ་སོགས་པ་མཚན་མ་སྐམ་པ་མ་ལ་སོགས་པའོ། །ལུང་ཁ་ཅིག་ལས་ནི་རི་མོའི་མཚན་མ་ནི་ཕྱག་རྒྱ་ཡིན་ཞེས་འབྱུང་སྟེ། རི ་མོ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་རོ། །ཕྱག་རྒྱ་ནི་དེར་བྲི་བའི་གྱ་སེར་ལ་སོགས་པ་ལས་བྱས་པའི་མཚན་མ་གྲི་བར་བྱའོ། །དེ་ཉིད་བསམ་གཏན་དཀྱིལ་འཁོར་ལའོ་ཞེས་བྱ་བ་ནི་བསམ་གཏན་གྱི་ལྷའི་མཚན་མ་སྟེ། ཐུགས ་ཀྱི་མཚན་མའོ། །དེ་ཡང་སྐམ་པ་ལ་སོགས་པ་དངོས་སུ་སྨོས་པ་རྣམས་ཏེ། དེ་བས་པུཀྐ་སཱི་ལ་སོགས་པའི་རི་མོའི་དཀྱིལ་འཁོར་གྱི་རྗེས་སུ་འབྲངས་ནས་སེང་གེ་ལ་སོགས་པ་བྲི་བར་ཤེས་པར་བྱའོ། །གཡས་ཀྱི ་ལག་ན་ཞགས་པ་སྟེ་ཞེས་བྱ་བ་ནི་གོ་སླའོ། །ནམ་མཁའ་ཀུན་ཏུ་རྒྱུ་ཞེས་བྱ་བ་ལ། ནམ་མཁའ་ཀུན་ནི་ཤེས་རབ་ཀྱི་ཡེ་ཤེས་སོ། །མཁའ་འགྲོ་མའི་རྒྱུད་ཅེས་བྱ་བ་ནི་རྒྱུའི་རྒྱུད་དང། འབྲས་བུའི་རྒྱུད་དང། ཐབས་ཀྱི་རྒྱུད་དོ།། ་དེ་ལ་ཕན་ཞིང་འབྲས་བུའི་ངོ་བོར་འགྲོ་བས་ན་རྒྱུ་སྟེ། ཆོས་ཐམས་ཅད་དམིགས་པ་ཐོག་མ་དང་ཐ་མ་མེད་པའི་དབྱིངས་ཀྱི་རང་བཞིན་ནོ། །དེའི་ཕྱིར་རྒྱུས་འབྲས་བུ་བསྡུ་བ་མེད་པའི་ཕྱིར་འབྲས་བུའོ། །བསྡུ་བར་བྱ ་བའི་རྟེག་པའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཐབས་ཀྱི་རྒྱུད་ཅེས་བྱ་བ་ནི་སྔགས་དང་ཕྱག་རྒྱ་དང་དཀྱིལ་འཁོར་འཁོར་ལོ། །སོགས་པ་རྣམས་སོ། །རྒྱུད་རྣམས་ཀུན་གྱི་བླ་མ་སྟེ། ཞེས་བྱ་བ་ནི་རྣལ་འབྱོར་གྱི་རྒྱུད་བླ་ན་མེད་པ་སྟེ། བྱ་བ ་དང་སྤྱོད་པའི་རྒྱུད་ལ་སོགས་པའི་བླ་མར་གྱུར། པའི་ཕྱིར་རོ། །ཡངས་ཤིང་གཏིང་དཔག་དཀའ་བ་སྟེ། ཞེས་བྱ་བ་ལ། ཡངས་པ་ནི་ཐབས་ཀྱི་རྒྱུད་དོ། །གཏིང་དཔག་དཀའ་བ་ནི་འབྲས་བུའི་རྒྱུད་དོ། །དེ་རྣམས་སངས་རྒྱས་རྣམས ་རིགས་ལྔའི་ཡེ་ཤེས་གཞན་གྱི་སྤྱོད་ཡུལ་མ་ཡིན་པར་ཕྱིར་རོ། །དེས་ན་རིགས་དང་གཞན་གྱིས་མི་རིག་པ་ཉིད་དོ་ཞེས་བྱ་བ་གསུངས་པ་ནི་ལྷག་མ་གོ་སླ་བས་བཤད་པ་མ་བྱས་སོ། །ཏིང་འཛིན་མཆོག་ལ་དགའ་གནས་ཏེ། ་ཞེས་བྱ་བ་ནི་མན་ངག་ཇི་ལྟ་བ་བཞིན་དུ། མཆོད་པའི་ཡོ་བྱད་སྣ་ཚོགས་ཀྱི་དཀྱིལ་འཁོར་སྒྲུབ་པ་ལ་སོགས་པ་བྱས་ནས། སློབ་མ་དཀྱོར་དུ་འཇུག་པའི་ཚོགས་དང་པོར་རང་ཉིད་ཞུགས་ནས། ཆུ་ལ་སོགས་པ་རྗེས་སུ་གནང ་བའི་མཐར་ཐུག་པའི་དབང་འཁོར་ལོའི་བདག་པོ་ལ་གནོས་ནས། བདེན་པའི་བྱིན་རླབས་བསྒྲགས་པ་ལ་སོགས་པའི་མཐར་བགེགས་དགྲས་བཟས་པའི་རས་ཀྱི་གདོང་གཡོག་དང་སྟེང་གཡོ་བྱས་ལ། སྙིང་གར་མཆོག་ཏུ་དགའ་བའི་ཆང? ་བཞིན་ཏེ་ཧེ་རུ་ཀའི་ཐུགས་ཀར་ཨའི་འོད་ཟེར་གྱིས་རྡུལ་ཕྲ་རབ་ཀྱིས་ལུས་ཐམས་ཅད་བཀང?་པའི་ཏིང་ངེ་འཛིན་ལ་གནས་པའོ། །རིག་པའི་དབང་ཞེས་བྱ་བ་ནི། མ་རིག་པ་བཟློག་པ་སྟེ། དེ་ཉིད་ན་འཁྲུ་བས་ན་དབང་ངོ། །དེ་ལ་དེ་ཁོ ་ན་ཉིད་ཀྱི་སྒྲིབ་པ་དང་དོན་དང་སེམས་ཅན་དང་བདག་དང། རྣམ་པར་རྟོག་པ་དང། བདུ་བྱེད་དང། བཅུག་པའི་རྣམ་པར་ཤེས་པ་རྣམས་གོ་རིམས་བཞིན་འཁྲུ་བར་བྱེད་པའི་དབང་རྣམ་པ་དྲུག་གོ་།དེ་ཡང་འདི་ཉིད་ལས། ཆུ ་ཡི་དབང་ནི་དང་པོ་སྟེ། །དབུ་རྒྱན་དབང་ནི་གཉིས་པའོ། །རྡོ་རྗེའི་དབང་ནི་གསུམ་པ་སྟེ། །ཅང་གི་བདག་པོ་བཞི་པ་ཡིན། །མིང་གི་དབང་བསྐུར་ལྔ་པ་ཡིན། །སངས་རྒྱས་ཉིད་ནི་དྲུག་པ་སྟེ། །བུམ་པའི་དབང་ནི ་བདུན་པ་ཡིན། །གསང་བའི་དབང་བསྐུར་བརྒྱད་པ་སྟེ། །ཤེས་རབ་ཡེ་ཤེས་དགུ་པའོ། །ཞེས་གསུངས་སོ། །གསུམ་ནི་འོག་ནས་འཆད་དོ། །ཅི་སྟེ་རྫོགས་པའི་སངས་རྒྱས་ཀྱི། དབང་དང་པོར་བསྐུར་བ ་ཡིན་ན། ཇི་ལྟར་དྲུག་པར་འཇོག་ཅེ་ན། རིམ་པ་ལ་དང་པོ་ཡིན་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ཡེ་ཤེས་ལྔ་རྣམ་པར་དག་པ་ལ་བལྟོས་ནས། ཤེས་བྱ་རྣམ་པར་དག་པ་ཡིན་པའི་ཕྱིར་དྲུག་པར་བཞག ་གོ། དེ་ལ་དཀྱིལ་འཁོར་དུ་ཞུགས་པའི་རྗེས་ལ། པྲ་ཥིཙཚ་བཛྲ་ཧཾ(རྒྱུད་འགྲེལ་མཧཱ་བ་ལ་ཞེས་བྱ་བས་སློབ་མའི་མགོར་མེ་ཏོག་གི་ཕྲེང་བ་བཅིང་བ་ནི་སངས་རྒྱས་ཉིད་དུ་ཁས་ལེན་པའི་ཕྱིར། །རྫོགས་པའི་སངས་རྒྱས་ཀྱི་དབང་སྟེ་མེ་ཏོག་ཕྲེང་བའི་དབང་དོ། །ཐོག་མཛའ་མེད་པའི་ཆོས་ཞིང་རྣམ་པར ་དག་པའི་རང་བཞིན་ནོ། །རང་རིག་སྐྱེས་བུའི་ཆུ་དང་ནི། ཀུན་ནས་བུམ་པ་བརྒྱད་པོར་བཅས། །ཞེས་བྱ་བ་ལ། རང་རིག་སྐྱེས་བུའི་ཆུ་ཞེས་བྱ་བ་ན་རིག་པ་དང་བཅས་པའི་འཁོར་ལོའི་བདག་པོར་སྙོམས་པར་འཇུག་པ་ལས ་སྐྱེས་པའི་བྱང་ཆུབ་སེམས་ཀྱི་ཆུས་གང་བ་སྟེ། རྣམ་པར་རྒྱལ་བའི་བུམ་པའོ། །ཡང་ན་སྙོམས་པར་འཇུག་པའི་མཆོད་པ་ལས་བྱུང་བའི་ཆུས་བུམ་པ་བརྒྱད་པོ་ཡང་དག་པར་བྱའོ། །དེ་དང་བཅས་པས་དོན ་གཅིག་པོར་གོ་པར་བྱའོ། །ཀུན་ནས་ཞེས་བྱ་བ་ནི་ཕྱོགས་བརྒྱད་ན་གནས་པ་སྟེ། སྒོ་བཞི་དང་མཚམས་ན་གནས་པའི་ལྷ་མོ་བརྒྱད་ཀྱི་མཚན་མ་རྣམས་ཀྱིས་མཚན་ཅིང་ནང་དུ་ཡང་དེ་དག་གིས་བཀང་བའོ། །བཅུ་པ་ནི་བགགས ་དགྲའི་མཚན་མས་མཚན་པ་སྟེ། བུམ་པ་བཅུ་ལས་ཉུང་བར་མི་བྱའོ་ཞེས་གསུངས་པའི་ཕྱིར་རོ། །མཉེས་པར་བྱ་ཞེས་བྱ་བ་ནི་བཀྲུ་བར་བྱའོ། །གང་ལ་ཞེ་ན། རྡོ་རྗེ་ཅན་བསམས་ཞེས་བྱ་བ་སྨོས་ཏེ། སློབ་མ་ཧེ་རུ་ཀར ་བསྒོམས་པ་ལའོ། །རྡོ་རྗེ་སེམས་སུ་རབ་བསྒོམས་པ་ཞེས་བྱ་བ་ནི་ཀུན་གཞི་རྣམ་ཤེས་གནས་གྱུར་པའི། མེ་ལོང་ལྟ་བུའི་ཡེ་ཤེས་སུ་བསྒོམས་པའོ། །ཡང་ན་རྡོ་རྗེ་སེམས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ ་རྣམས་སོ། །རབ་བསྒོམས་པ་ཞེས་བྱ་བ་ནི་ཅོད་པན་ལ་དེ་རྣམས་ཀྱིས་བྱས་ཤིང་མཚན་པའོ། །རྡོ་རྗེ་ཉི་མ་རབ་བསྒོམ་བྱ་ཞེས་བྱ་བ་ནི་སློབ་མའོ། །དབང་གིས་ནི་དེ་གྱུར་པ་ལས་དབུ་རྒྱན་ནོ། །རྡོ་རྗེའི་ཚིག་ནི་རབ་ཏུ་སྦྱར་ཞེས ་བྱ་བ་ནི་དབང་བསྐུར་བ་དེ་གཉིས་ལ་ཡང་བཛྲེ་ཨབྷི་ཥཉྩ་ཞེས་བརྗོད་པར་བྱའོ། །རྩེ་དགུ་པ་ཞེས་བྱ་བ་ནི་རྩེ་མོ་ལྔ་པ་ཉིད་དོ། །ཇི་ལྟར་སྦྱར་སྙམ་པ་ལ། འོག་གི་ངོས་ཀྱི་རྩེ་མོ་བཞི་ནི་སྒོ་སྐྱོང་བ་རྣམས་ཀྱི་རང་བཞིན་ནོ། ། ་སྟང་གི་ངོས་ཀྱི་རྩེ་མོ་བཞི་ནི་མཚམས་ཀྱི་ལྷ་མོ་བཞིའི་རང་བཞིན་ནོ། །སྟེང་འོག་གི་དབུ་མའི་རྩེ་མོ་གཉིས་ནི་དཀྱིལ་འཁོར་གྱི་བདག་པོ་དང་དེའི་རིག་པའི་རང་བཞིན་ནོ། །དེ་ལྟར་ཡང་སློབ་དཔོན་ཀུན་དགའ་སྙིང་པོའི་ཞལ་སྔ ་ནས་སངས་རྒྱས་མཉམ་སྦྱོར་གྱི་ནཱི་ཀཱ་ལས། ངོས་ཀྱི་རྩེ་མོ་བཞིན་ནོ། །སྣང་བ་མོ་ལ་སོགས་པའི་ལྷ་མོ་རྣམས་ཀྱི་རྣམ་པར་དག་པ་ཡིན་ལ། གཞན་བཞི་ནི་མྱུར་འགྲོ་མ་ལ་སོགས་པའི་འོ་ཞེས་གསུངས་སོ། །དབུ་མ་ནི་རྡོ་རྗེ ་སེམས་དཔའ་ཨི་རང་བཞིན་ཏེ་དབུ་མ་ལ་དབྱེ་བ་མེད་པས་ལྔ་ཡང་གྲངས་དགུར་འགྱུར་རོ། །དེ་ལྟར་ཡང་རྡོ་རྗེ་གདན་བཞི་ལས་གསུངས་པ། ཀུན་གྱི་དབུ་མ་རྣམ་སྣང་མཛད། ཅེས་བྱ་བའི་རྭ་དབུས་མ་ནི་རྣམ་སྣང་ངོ་བོ་སྟེ། སྟེང་འོག་གཉིས ་ཀའི་ངོ་བོ་ཡང་དེ་བཞིན་གོ་བར་བྱའོ། །རྡོ་རྗེ་ཆེན་པོ་ཞེས་བྱ་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་པདྨ་གར་དབང་གི་རང་བཞིན་བས་སོ། །སྙིང་གར་ཞེས་བྱ་བ་ནི་གཟུང་བར་བྱ་བ་ཞེས་བྱ་བ་ནི་ལྷག་མ་ཅན་ནོ། །སློབ་མ་ལ ་འཇིག་རྟེན་དབང་བྱ་ཞིང། ཞེས་བྱ་ནི་སློབ་མ་པདྨ་གར་དབང་གི་རྣམ་པར་བྱའོ། །དེ་རིང་ཁྱོད་དབང་བསྐུར་ཞེས་པ་ནི་དེར་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་སོ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད་ཅེས ་བྱ་བ་ནི་བྱང་ཆུབ་ཐམས་ཅད་བསྐྱེད་པའོ། །སློབ་མ་རྟ་མཆོག་ལྷ་མོ་ནི་ཞེས་བྱ་བ་ནི་རྡོ་རྗེ་རྟ་མཆོག་གོ་།སྒྲོལ་མས་འཁྱུད་པ་བསམ་པར་བྱ་ཞེས་བྱ་བ་ནི་སྒྲོལ་མ་དང་སྙོམས་པར་ཞུགས་པའོ། །རྡོ་རྗེ་བདག་པོ་ཞེས་བྱ ་བ་ནི་རྡོ་རྗེ་རྣམས་ཀྱི་བདག་པོ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་གདུལ་བྱ་རྣམ་པར་དག་པས་གདུལ་པའི་ཕྱིར་རོ། །ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། ཞེས་བྱ་བ་ནི་རྡོ་རྗེ་དང་དྲིལ་བུ་དང་ལྡན་པས་སྒྲོལ་མ་ལ་འཁྱུད་དེ་ཕྱི་ནས ་དྲིལ་བུ་འཁྲོལ་བའོ། །སློབ་མ་རྣམ་སྣང་བྱས་ནས་ནི། རྟག་པའི་གཟུགས་སུ་བསྐྱེད་ལ། མིང་གི་དབང་བསྐུར་བ་ཞེས་བྱ་བ་ནི་སློབ་མའི་སྤྱི་བོར་ལག་པ་བཞག་ནས་མིང་གདགས་པས་དབང་བསྐུར་བ་སྟེ། ཆོས་ཀྱི ་དབྱིངས་རྣམ་པར་དག་པའི་རང་བཞིན་ནོ། །དབང་དྲུག་པོ་དག་ཉེ་བར་བསྡུ་བ་གསུངས་པ། གང་གང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གང་སྣང་བ་ཞེས་བྱ་བ་ནི་ཆུ་ལ་སོགས་པ་སྣང་བ ་རྣམས་སོ། །ཀུན་གྱི་རང་གཙོ་ཞེས་བྱ་བ་ནི་དེ་ཉིད་ཐམས་ཅད་ཀྱི་བདག་ཉིད་དོ། །གཙོ་བོ་ནི་བདག་པོའོ། །ཧེ་རུ་ཀ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། སོ་སོར་རང་གི་འཁོར་ལོས་སྒྱུར་པའི་བདག་པོར་བལྟ་བར་བྱའོ། །གང་ཞེས་པ ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །རང་བཞིན་དག་པ་ཞེས་བྱ་བ་ནི་འཁྲུ་བ་སྟེ། དབང་བསྐུར་བ་རྣམས་སོ། །དྲི་མེད་ཅེས་བྱ་བ་ནི་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ། །ཆོས་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་ཆོས་སོ། ། ་དེ་ཉིད་ཅི་ཞིག་ཅེ་ན། སངས་རྒྱས་ཡེ་ཤེས་ཞེས་བྱ་བ་སྨོས་ཏེ་ཡེ་ཤེས་ལྔ་ཆོས་ཉིད་རྣམ་པར་དག་པའི་དབྱིངས་དང་དྲུག་གོ། དེ་དག་ཏུ་ཟད་དམ་ཅེ་ན། མ་ཡིན་ཏེ་བརྟུལ་ཞུགས་དང་ལྡན་ལུང་བསྟན་པར་ཡང་བྱའོ། །དེ་ཉིད་གསུངས ་པ། འདི་ཞེས་བྱ་བ་ལ་སོགས་པ་ལ། སརྦ་ཏ་ཐཱ་ག་ཏ་སིདྡྷཱ་བཛྲ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་པོ། །ས་མ་ཡ་ཏཥྛ་ཞེས་བྱ་བ་ལ་ཡེ་ཤེས་ཀུན་ཏུ་འགྲོ་བ་ཐོབ་པས་ན། དམ་ཚིག་སྟེ་ཡང་དག་པར ་རྫོགས་པའི་བྱང་ཆུབ་པོ། །ཏིཥྛ་ནི་དེ་གནས་པའོ། །དེ་ཉིད་ཡི་གེ་དྲུག་གི་བསྟན་ཏེ། དེ་ལ་ཧི་ཞེས་བྱ་བ་ནི་དོན་དང་སེམས་ཅན་གྱི་ཉེས་པ་རྡུལ་དང་བྲལ་བ་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཧི་ཧི་ཧི་ཧི་ཞེས་བྱ་བ་ནི ་བདག་ཏུ་འཛིན་པ་ལ་སོགས་པའི་དྲི་མ་དང་བྲལ་བ་སྟེ། མཉམ་པ་ཉིད་དང། སོ་སེ་རྟོག་པ་དང། བྱ་བ་ནན་ཏན་དང། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་སོ། །ཧཱུཾ་ཞེས་བྱ་བ་ནི་གཟུང་བ་ལ་སོགས་པའི་དྲི་མ ་དང་བྲལ་བའི་ཆོས་ཉིད་རྣམ་པར་དག་པའོ། །སྒྲུབ་ཐབས་ཀུན་གྱི་ཆོ་ག་ཡིས་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ཡོ་བྱད་རྣམས་སོ། །ཆོ་ག་ནི་ཇི་ལྟ་བ་བཞིན་དུ་འབུལ་བ་སྟེ། སྒྱུ་མ་ལ་སོགས་པ་དང་མཚུངས་པར་མོས་པའོ། །མཆོད ་པ་བླ་མེད་ཀུན་ཅེས་བྱ་བ་ནི་ཕྱི་དང་གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པ་རྣམས་སོ། །བརྟུལ་ཞུགས་ཞེས་བྱ་བ་ནི་མི་ཕྱེད་པའི་དམ་བཅའ་ཨོ། །དེ་ནས་རྡོ་རྗེ་ལ་གནས་ལག་ཞེས་བྱ་བ་ནི་ཚིགས་སུ་བཅད་པ་བརྗོད་ཀྱི་འོག་ཏུ་སློབ་དཔོན་གྱི ་ལག་ནས་སློབ་མའི་ལག་ཏུ་སྦྱིན་པའོ། །ཅི་འདྲ་ཞེ་ན། ཐོག་མཛའ་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐོག་མཛའ་མེད་པ་ཞེས་བྱ་བ་ནི་ཆོས་ཉིད་རྣམ་པར་དག་པའི་ཆོས་ཀྱི་སྐུའོ། །སེམས་དཔའ་ཞེས་བྱ་བ་ནི་ཆོས་ཐམས ་ཅད་རོ་གཅིག་པའོ། །རྡོ་རྗེ་སེམས་དཔའ་ཨི་ཞེས་བྱ་བ་ནི་མི་བསྐྱོད་པའི་རང་བཞིན་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དགའ་བ་ཆེ་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཀུན་ཏུ་བཟང་པོ་ཞེས་བྱ ་བ་ནི་ཀུན་ནས་དགེ་བ་སྟེ་སྣང་བ་མཛའ་ཡས་དང་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཀུན་གྱི་བདག་ཅེས་བྱ་བ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་དང། དོན་ཡོད་གྲུབ་པའི་རང་བཞིན་ནོ། །རྡོ་རྗེ་སྙིང་པོ་ཞེས་བྱ་བ་ནི་ཆོས ་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་དང། རྣམ་པར་སྣང་མཛད་ཀྱི་ཚུལ་གྱིས་སོ། །གཙོ་བོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་གཙོ་བོ་ཡིན་པའི་ཕྱིར་རོ། །ཤེས་རབ་དབྱངས་ཏེ་རྗེས་འགྲོ་བ་ཞེས་བྱ་བ་ནི་གདུལ་བྱའི ་རྒྱུད་ཐམས་ཅད་ཀྱི་སོ་སོའི་བསམ་པ་དང་མཐུན་པར་ཆོས་ཉིད་རྟོགས་པར་བྱེད་པའི་ཕྱིར་རོ། །དབུགས་དབྱུང་ཐམས་ཅད་བྱིན་ནས་སུ་ཞེས་བྱ་བ་ནི་མཐོང་བ་དང་བཙོད་པ་ཡིས་ཞེས་བྱ་ལ་སོགས་པའི་ཚིག་གིས་སོ། །རང་ཉིད ་ཤཱཀྱ་ཐུབ་འགྱུར་ཏེ་ཞེས་བྱ་བ་ནི། གཡོན་པའི་ཁུ་ཚུར་གྱིས་སྙིང་གར་ཆོས་གོས་གཟུང་ལ། གཡོན་པ་མཆོད་སྦྱིན་གྱི་ཕྱག་རྒྱ་བཅས་ནས་མཉམ་པའི་རྐང་སྟབས་ལ་གནས་ཏེ། དེ་བཞིན་གཤེགས ་པ་རྣམས་དང་ལྷན་ཅིག་ལུང་བསྟན་པར་བྱའོ། །སྲིད་པ་ཤིན་ཏུ་སྒྲུབ་པའི་ཕྱིར་ཞེས་བྱ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པའི་བྱ་བའི་ཕྱིར་རོ། །བྷུར་བྷུ་བ་སྭ་ཞེས་བྱ་བ་ནི་འཇིག་རྟེན་རིག་པའི་དབང་ཐོབ་པས། ཏིང་ངེ་འཛིན ་གསུམ་བསྒོམ་མོ་ཞེས་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡོ་རྗེ་ཏིང་ངེ་འཛིན་ཞེས་བྱ་བ་ནི་སྦྱོར་བ་དང་པོ་དང་དཀྱིལ་འཁོར་རྒྱལ་མཆོག་དང་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་ཏོ། །རྡོ་རྗེ་དམ་ཚིག་ཕྱུང ་ནས་ནི་རང་གི་སྙིང་ཁར་ཟླ་བ་འམ་ཉི་མ་ལ་རང་གི་ས་བོན་བསམས་ལ་དེའི་འོད་ཟེར་ཕྱུང་སྟེ། རང་གི་འཁོར་ལོས་སྒྱུར་བ་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དམིགས་ནས་དཀོན་མཆོག་གསུམ ་ལ་སྐྱབས་སུ་མཆི་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །བླ་མ་རྡོ་རྗེ་ཅན་ཞེས་བྱ་བ་ནི་ཉེ་བར་མཚོན་པའོ། །མཆོད་པ་ཞེས་བྱ་བ་ནི། རང་གི་སྙིང་གའི་འོད་ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པའོ། ། ་བདུན་པོ་རྣམ་པར་དག་པར་བྱ་བ་ཞེས་བྱ་བ་ནི་སྡིག་པ་བཤགས་པ་དང། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང་བསོད་ནམས་ཡོངས་སུ་བསྔོ་བ་དང། གསུམ་ལ་སྐྱབས་སུ་འགྲོ་བ་དང། ཞུ་བ་དང་གསོལ་པ་གདབ་པ ་དང་ལམ་བསྟེན་པར་བྱ་བ་རྣམས་སོ། །བྱང་ཆུབ་ཏུ་སེམས་བསྐྱེད་ནས། ཞེས་བྱ་བ་ནི། དོན་དམ་པ་དང། རྗེས་ལས་སྐྱེས་པ་དག་འཇིག་རྟེན་པའི་ཡེ་ཤེས་ལས་བྱུང་བས་སྲུང་བའི་འཁོར་ལོ་ལ་སོགས་པའོ། ། ་ཆོས་ཀྱི་འབྱུང་གནས་རྣམ་པར་བསྒོམ་ཞེས་བྱ་བ་སྔོན་དུ་བསྲུང་བའི་འཁོར་ལོ་བསྒོམ་ནས། དེར་མོས་པ་སྤྱོད་པའི་ས་དང་བཅས་པའི་ས་བཅུ་གསུམ་པའི་རང་བཞིན་ཆོས་འབྱུང་བའི་ཕྱག་རྒྱ་ཞབས་ཕྲ་བ་སྟེར་ཡངས་པ་དཀར ་བོ་རྡོ་རྗེ་འཛིན་པའི་བདག་ཉིད་བསྒོམ་པའོ། །དེར་ནི་སངས་རྒྱས་གནས་ཁང་བསྒོམ་ཞེས་བྱ་བ་ནི་དེའི་ནང་རྡོ་རྗེ་པདྨའི་སྟེང་དུ་འབྱུང་བ་ཆེན་པོ་བཞི་དང། བྷྲུཾ་དང་འཁོར་ལོ་ལ་སོགས་པར་སྣང་མཛད་ཡོངས་སུ་གྱུར་པ་ལས་ཁང་བུ་བརྩེགས་པ ་བསྒོམ་པའོ། །རྣམ་པ་ལྔ་པོ་བསྒོམ་པར་བྱ་ཞེས་བྱ་བ་ནི་ཨ་ལ་སོགས་པའི་དབྱངས་ཡིག་བཅོ་ལྔ་ལས་ཟླ་བ། ཀ་ལ་སོགས་པའི་གསལ་བྱེད་སུམ་ཅུ་རྩ་བཞི་ལས་ཉི་མ་དེའི་འོད་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་བཀུག ་སྟེ་སྐར་མ་ལྟ་བུར་བཙུད་ནས་དེ་དག་ཕན་ཚུན་དུ་གཟུགས་བརྙན་ལྟ་བུར་བལྟ་བར་བྱ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེའི་སྟེང་དུ་ཧཱུཾ་དང་ཨཾ་ཡོངས་སུ་གྱུར་པ་ལས་རིམ་པ་བཞིན་དུ་སྣ་ཚོགས་རྡོ་རྗེས་མཚན་པའི་ཐོད་པ་དང་གྲི་གུག ་ལྟེ་བར་ཉི་མ་ལ་ས་བོན་གྱིས་མཚན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེའི་འོད་ཟེར་ལས་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་གྱི་འཁོར་ལོ་འཕྲོས་ཏེ་འགྲོ་བའི་དོན་བྱེད་པ་ནི་བྱ་བ་ནན་ཏན་གྱིས་ཡེ་ཤེས་སོ། །བསྡུས་ནས་ས ་བོན་དང། ཕྱག་མཚན་དང་ཟླ་བ་ཉི་མ་དེ་དག་ཐམས་ཅད་ཡོངས་སུ་གྱུར་པ་ལས་བྱུང་བའི་དང་པོའི་སྐྱེས་བུ་ཞེས་བྱ་བ་ཀུན་ཏུ་བཟང་པོ་ཕྱག་བཅུ་དྲུག་པ་ཞལ་བརྒྱད་པ་ཞབས་བཞི་པ་འོག་ནས་འབྱུང་བའི་མདོག་དང ་མཚན་མང་ལྡན་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཏེ། མངོན་པར་བྱང་ཆུབ་པ་ལྔའོ། །བསྒོམ་པར་བྱ་ཞེས་བཤད་དོ། །མཁའ་འགྲོ་མའི་འཁོར་ལོ་སྤྲོས་ཞེས་བྱ་བ་ནི། དེ་ནས་རྡོ་རྗེ་ཆགས་ཆེན་ཏེ་ཞེས ་བྱ་བའི་མཐར་སྦྱར་བར་བྱའོ། །དྲི་ཟ་བཞིན་དུ་ཞུགས་ནས་ནི། ལྟུང་སྟེ་ཞུ་བ་རྗེས་དྲན་བྱ་ཞེས་བྱ་བ་ལ། སྐྱེ་བཞིན་པའི་ལྷའི་རྣམ་པ་ལྟར། ཧཱུཾ་ཨཾ་ཞེས་བྱ་བ་ཧོ(རྒྱུད་འགྲེལ་བཅུག་སྟེ། ཡི་གེ་བཞི་རང་གི་ཞལ་ནས་ཞུགས་ཏེ། པདྨའི་སྙིང་པོར་བསམས་ཏེ། འདོད་ཆགས་ཆེན་པོ་ཞུ་བར་བལྟས་ལ། དེའི་འོད་ཀྱི་མཐུས་དང་པོའི་སྐྱེས་བུ་རིག་པ་དང་བཅས་པ་ཡང་མེ་ལྕེ་འབར་བ་དང་འདྲ་བར་འོད ་འབར་བ་དང་ཞུ་བའི་གཟུགས་སུ་གྱུར་པར་བསྒོམ་པའོ། །མཚམས་ཀྱི་ལྷ་མོས་བསྐུལ་བར་བྱ། ཞེས་བྱ་བ་ནི་ཞུ་བའི་འོད་ལས་བྱུང་བའི་མཁའ་འགྲོ་མ་རྣམ་པ་བཞིས། ཁྱོད་ནི་ཞེ་སྡང་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་གླུས་བསླང་བར ་བྱའོ། །འཁོར་ལོའི་འདྲེན་པ་བསྐུལ་ནས་ནི། ཞེས་པ་ནི་གླུས་བསྐུལ་བའི་འོག་ཏུ་ལྷ་མོ་བཞི་ཞུ་བའི་གཟུགས་སུ་བསྡུས་ནས་ས་བོན་དང་མཚན་མ་ཡོངས་སུ་གྱུར་པ་ལས་ཞལ་ལ་སོགས་པའི་འོག་ནས་འབྱུང་བ་དང་ལྡན ་པའི་སྐུར་བ་ཞེངས་བའོ། །མིག་སོགས་རྣམས་ལ་གཏི་མུག་སོགས། ཞེས་བྱ་བ་ལ། མིག་དག་ལ་ནི་གཏི་མུག་རྡོ་རྗེའོ། །རྣ་བ་དག་ལ་ནི་ཞེ་སྡང་རྡོ་རྗེའོ། །སྣ་དག་ལ་ནི་སེར་སྣ་རྡོ་རྗེའོ། །ལྕེ་དག་ལ་ནི་འདོད་ཆགས་རྡོ་རྗེའོ། ། ་ལུས་ལ་ནི་ཕྲག་དོག་རྡོ་རྗེའོ། །ཡིད་ལ་ནི་བདག་མེད་མཁའ་འགྲོ་མ་སྟེ། དེ་རྣམས་ཀྱི་མདོག་ལ་སོགས་པ་ནི་འོག་ནས་སྟོན་པར་འགྱུར་རོ། །རྡོ་རྗེ་གསུམ་བོ་གནས་གསུམ་དགོད། ཅེས་བྱ་བ་ནི། སྙིང་ག་དང། མགྲིན ་པ་དང། སྤྱི་བོའི་གནས་སུ་མཁའ་ལ་སྦྱོང་མ་དང། ས་སྤྱོད་མ་དང། ས་འོག་ན་སྤྱོད་པ་རྣམ་པ་གསུམ་དགོད་དོ། དེ་དག་གི་ཐུགས་ཀྱི་ལྟ་བས་ཧཱུཾ་ཨཾ། ཨོཾ་ཞེས་བྱ་བ་རྣམས་སྔོན་པོ་དང། དམར་པོ་དང། དཀར་པོའི ་མདོག་ཏུ་རིམ་བཞིན་དུ་བསམ་པར་བྱའོ། །དེའི་འོག་ཏུ་དབང་བསྐུར་བར་གསོལ་བས་དབང་བསྐུར་བསྟན་པའི་ཕྱིར་རིག་མ་བརྒྱད་ཀྱིས་དབང་བསྐུར་བྱ་ཞེས་བྱ་བ་སྨོས་ཏེ། རང་གི་སྙིང་གར་ཉི་མ་ལ་གནས་པའི་ཐོད་པ་དང། ཟངས་གྲིའི ་ས་བོན་ལས་བྱུང་བའི་འོད་ཀྱིས་སྐུལ་བའོ། །ལྷ་མོ་བརྒྱད་ཀྱི་ཕྱག་གི་པདྨ་བདུད་རྩིས་གང་བའི་བུམ་པས་བརྒྱན་པས་སྤྱི་བོར་བཀྲུ་བར་བསྒོམ་པའོ། །དེ་ནས་རྡོ་རྗེ་རྗེས་ཆགས་ཏེ། ཞེས་བྱ་བ་ལ། རྡོ་རྗེ་ནི་དེ་བཞིན་གཤེགས་པ ་རྣམས་སོ། །དེ་རྣམས་ཀྱི་རྗེས་སུ་ཆགས་པ་ནི་རྡོ་རྗེ་པདྨ་སྦྱངས་ནས། མཉམ་པར་སྦྱོར་བའི་སྒྱུ་མའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་བདག་ལ་བཙུང་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཧ་ཨ་ནུ་རཱ་ག་ན་བཛྲ་སྭབྷཱ་བ་ཨཱཏྨ་ཀོ་ཉ་ཧཾ་ཞེས ་བྱ་བས་བདེ་བ་ཆེན་པོ་ལ་ལོངས་སྤྱོད་པའོ། །དེ་དག་ནི་རང་བཞིན་གྱི་སྐུའི་བདག་ཉིད་སྦྱོར་བ་དང་པོའི་ཏིང་འཛིན་ཏོ། །དེ་ནས་པདྨའི་ནང་དུ་སོ་སོའི་ས་བོན་ཡོངས་སུ་གྱུར་པ་ལས་སོ་སོའི་ཡི་གེ་བརྗོད་ནས་སྒོ་དང། མཚམས་ཀྱི་ལྷ ་མོ་རྣམས་དེ་དང་དེར་སྤྲོ་ཞིང་དགོད་པར་བྱའོ། །ཡེ་ཤེས་འཁོར་ལོ་བཞུག་པར་བྱ་ཞེས་བྱ་བ་ནི་ས་བོན་དེ་དག་ལས་བྱུང་བའི་འོད་ཀྱི་ཡེ་ཤེས་ཀྱི་འཁོར་ལོ་བཀུག་ནས། སླར་ཡང་བགེགས་བསལ་བ་དང། མཆོད་པ་བྱས་དགུག་པ་དང། ་གཞུག་པ་དང། བཅིད་བ་དང། དབང་དུ་བྱ་བར་བསྒྲུབ་པའོ། །དེ་ནས་བདུད་རྩི་མྱང་བར་བྱ་ཞེས་བྱ་བ་ནི་འཁོར་ལོའི་གཙོ་བོ་ལ་བསྟོད་པར་བྱ་ཞེས་བྱ་བའི་འོག་ཏུ་སྦྱར་བར་བྱའོ། །ལྷ་མོ་བརྒྱད་ཀྱིས་མཆོད་ནས་ནི་ཞེས་བྱ་བ་ནི་སྙིང་གའི ་ས་བོན་ལས་སྤྲོས་པའི་རིག་མ་བརྒྱད་གྱིས་མཆོད་པའོ། །འཁོར་ལོའི་གཙོ་བོ་བསྟོང་བར་བྱ་ཞེས་བྱ་བ་ནི། འོག་ནས་འབྱུང་བའི་གླུ་དང་སྦྱར་རོ། །དེ་ནས་ཡན་ལག་དྲུག་པོ་བསྒོམ་ཞེས་བྱ་བ་ནི་ཁ་དོག་རྣམ་པར་དྲུག་འཁོར་ལོ ་སྒྱུར་བ་དྲུག་གི་རང་བཞིན་གྱི་གནས་སུ་སྟོན་པ་སྟེ། དེ་ལ་ནག་པོ་དང། དམར་པོ་དང། སེར་པོ་དང། ལྗང་གུ་དང། སྔོན་པོ་དང། དཀར་པོའི་རིམས་ཀྱིས་ལྷན་ཅིག་སྐྱེས་པའི་དགའ་བ་ཙམ་གྱི་བདག་ཉིད་དུ ་འཁོར་ལོའི་བདག་པོ་རྣམས་བསྒོམ་པར་བྱའོ། །དེ་དག་ནི་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏེ་གཉིས་པའོ། །བདག་བྱིན་བརླབས་པས་བྱིན་གྱིས་བརླབ་ཅེས་བྱ་བ་ལ་བདག་བྱིན་གྱིས་བརླབ ་པ་ནི་རང་གི་ཡེ་ཤེས་ཏེ། དེས་གཞན་དག་བྱིན་གྱིས་བརླབ་པ་ནི་རང་གི་ཡེ་ཤེས་སུ་སྦྱར་བའོ། །དེ་དག་གི་སྤྲུལ་པའི་སྐུའི་བདག་ཉིད་ལས་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པའོ། །ཆོ་ག་དེ་ཡང་སྒྲུབ་ཐབས ་སུ་ཤེས་པར་བྱ་སྟེ། རྒྱུད་ཀྱི་ཚུལ་ལས་འབྱུང་བ་རེ་ཞིག་འདིར་སྦྱར་བར་བྱ་སྟེ། བདག་བྱིན་གྱིས་བརླབ་པ་ནི་མཚན་མ་རྣམ་པ་ལྔ་སྟོན་པར་ལེའུ་བཅུ་བཞི་པ་ལས་གསུངས་ཏེ། བདག་བྱིན་བརླབས་ནས་བྱིན་བརླབ་པ། ་མདོར་བསྡུས་ནས་ནི་བཤད་པར་བྱ། །སྙིང་གའི་དབུས་གྱུར་ཟླ་བ་སྟེ། །ཟླ་བའི་གཟུགས་ལ་མི་ཤིགས་པ། འོད་ཟེར་སྣ་ཚོགས་ཀུན་ཏུ་འཕྲོ། །དེ་ཡིས་རྡོ་རྗེ་རྣམ་པར་བསྒོམ། །རྡོ་རྗེས་བདག་མེད་རྣལ་འབྱོར་མ། །བསྒོམས ་ཏེ་ཚོགས་བསྐུལ་ནས་སུ། །མཁའ་འགྲོའི་སྣ་རྩེ་ནང་གནས་པོར། །ཡུངས་ཀར་ཞེས་བྱ་བ་རྣམ་པར་བསྒོམ། །ཁམས་གསུམ་རྒྱུ་དང་མི་རྒྱུ་བ། །འགྲོ་བ་མ་ལུས་དེར་བསྒོམ་བྱ། །འདི་ལྟར་རྟག་ཏུ་བསྒོམ་པ་ཡིས། །བདག ་བྱིན་བརླབ་པ་འགྲུབ་པར་འགྱུར་ཞེས་བྱ་བ་སྨོས་ཏེ། དེ་ལ་མདོར་བསྡུས་ཞེས་བྱ་བ་ནི་གོ་རིམས་བཞིན་དུའོ། །སྙིང་གི་དབུས་གྱུར་ཞེས་བྱ་བ་ནི་ཤེས་རབ་ཀྱི་པདྨ་ནང་དུའོ། །ཟླ་བ་ནི་ཟླ་བའི་དཀྱིལ་འཁོར་རོ། །མི་ཤིགས ་པ་ཞེས་བྱ་བ་ནི་ཐིག་ལེ་དང། ཟླ་ཚེས་དང། དབྱངས་ཡིག་དྲུག་པས་བརྒྱན་པའི་ཡི་གེ་ཧའོ། །འོད་ཟེར་སྣ་ཚོགས་ཀུན་ཏུ་འཕྲོ་ཞེས་བྱ་བ་ནི་འོད་ཟེར་སྣ་ལྔ་དང་ལྡན་པའོ། །དེ་ཡི་རྡོ་རྗེ་རྣམ་པར་བསྒོམ་ཞེས་བྱ་བ་ནི་ཧཱུཾ་ཡོངས་སུ་གྱུར་པ་ལས ་བྱུང་བའི་རྡོ་རྗེ་སྔོན་པོ་ནས་འབྲུ་ཙམ་བསམ་པའོ། །རྡོ་རྗེས་བདག་མོད་མཁའ་འགྲོ་མ། བསྒོམས་ནས་ཞེས་བྱ་བ་ནི་རྡོ་རྗེས་མཚན་པའི་དོན་ཏོ། །ཆོ་གས་སྐུལ་ནས་སུ་ཞེས་བྱ་བ་ནི་དབང་པོ་གཉིས་ཀྱི་སྦྱོར་བས་དབབ་པའོ། །མཁའ་འགྲོ་མ ་ཡི་སྣ་རྩེར་གནས་ཞེས་བྱ་བ་ནི་གཉི་གའི་སྣའི་རྩེ་མོའི་མཚམས་སུའོ། །ཁམས་གསུམ་རྒྱུ་དང་མི་རྒྱུ་བ་ཞེས་བྱ་བ་ནི་རྟེན་དང་རྟེན་པའི་དཀྱིལ་འཁོར་རོ། །དེར་ཞེས་བྱ་བ་ནི་རྡོ་རྗེ་ལྟ་བའི་ནང་དུའོ། །ཡང་ན་སྙིང་གའི་དབུས་གྱུར་བ་ཞེས་བྱ་བ་ནི ་རང་གི་སྙིང་གར་རོ། །ཟླ་བ་དང་མི་ཤིགས་པ་ནི་བཤད་ཟིན་ཏོ། །ཕྲ་མོ་ཞེས་བྱ་བ་ནི་རྡོ་རྗེ་ཡོངས་སུ་གྱུར་པའི་ཐིག་ལེ་སྟེ། མཁའ་འགྲོ་བདག་མེད་མ་ཞེས་བྱ་བ་ནི་བདག་མེད་མ་ཉིད་སྟོན་པའོ། །ཆོ་གས་བསྐུལ་ནས་སུ་ཞེས་བྱ་བ་ནི ་སྔར་བཤད་པ་བཞིན་དུ་སྙིང་ག་ནས་བསྐུལ་བའོ། །གང་དུ་ཞེ་ན། མཁའ་འགྲོ་མ་ཡི་སྣ་རྩེར་གནས་ཞེས་བྱ་བ་སྟེ། པདྨའི་སྣའི་རྩེ་མོར་རོ། །ལྷག་མ་ནི་སྔར་བཤད་པ་བཞིན་དུ་སྦྱར་རོ། །ཆོ་གའི་གོ་རིམས་རིམ་པ་ཡིས། །དེ་ནས ་མཚན་མ་མཚོན་པར་བྱ་ཞེས་བྱ་བ་ལ། །ཆོ་གའི་གོ་རིམས་ནི་གོམས་པ་ཕུལ་དུ་བྱུང་བའོ། །རིམ་པ་ཞེས་བྱ་བ་ནི་མཚན་མ་རྣམས་རིམ་གྱིས་སྐྱེ་བའོ། །གཞན་དག་ན་རེ་རིམ་པའི་མཚན་ཉིད་ཐ་དད་པ་སྟེ་དུས་གཅིག་ཏུ་སྐྱེ་བར ་འགྱུར་ཞེས་ཟེར་རོ། །དང་པོ་སྤྲིན་གྱི་རྣམ་པ་སྟེ་ཞེས་བྱ་བ་ནི་ཕྲ་མོའི་འོད་ཟེར་དང་པོ་སྤྲིན་དང་འདྲ་བར་མཐུག་པ་སྟེ། ཧེ་རུ་ཀའེའོ། །གཉིས་པ་དུ་བ་ལྟ་བུ་ཡིན་ཞེས་བྱ་བ་ནི་འོད་ཟེར་ཡགཉིས་པ་ནམ་མཁའ་ལ་ཆགས་པའི་དུད་སྤྲིན་ལྟར ་སྣང་བ་སྟེ་རྟག་པའིའོ། །གསུམ་པ་སྲིན་བུ་མེ་ཁྱེར་འདྲ་ཞེས་བྱ་བ་ལ་མཁའ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་སོ། །ུ་འདོད་ལྟ་ཞེས་བྱ་བ་ནི་ཤར་ཅིང་སྐྱེས་པ་སྟེ། སངས་རྒྱས་ཀྱི་སྐུ་ཡིན་ལ། དེ་ལྟར ་སྣང་བའི་འོད་ནི་གསུམ་བ་སྟེ། ཉི་མའི་ཡིན་ནོ། །བཞི་པ་མར་མེ་ལྟ་བུར་འབར། ཞེས་བྱ་བ་ནི་མར་མེའི་རྩེ་མོ་ལྟར་འབར་བ་སྟེ། པདྨའི་ཡིན་ནོ། །ལྔ་པ་རྟག་ཏུ་སྣང་བ་ནི། སྤྲིན་མེད་ནམ་མཁའ་ལྟ་བུའོ་ཞེས་བྱ་བ་ནི་སྣང་བ་གང ་ནམ་མཁའ་ཨི་རྣམ་པ་ལྟར་རྒྱུན་ཏུ་གསལ་བར་སྣང་བ་སྟེ། རྟ་མཆོག་གོ། ཐམས་ཅད་མཁྱེན་བའི་རྒྱུ་ཡིན་ནོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་རྙེད་པའོ། །ཕྱི་ནས་སྒྱུ་མའི་ཚུལ་དུ་ཞེས་བྱ་བ་ནི་ཏིང་ངེ་འཛིན་རྙེང་ནས་མཚན་མའི་དཀྱིལ ་འཁོར་ལ་བསྡུ་ཞིང་རྨི་ལམ་ལྟར་བརྫུན་པ་ཉིད་ཀྱིས་ནི་ཉི་མ་དང་ཟླ་བའི་དཀྱིལ་འཁོར་ཤིན་ཏུ་ཕྲ་བའི་རྣམས་བདག་མེད་པ་ཉིད་དུ་བསྡུ་བར་བྱའོ། །འདི་ས་གཉིས་པ་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་ནས་གནས་པ་སྟེ་མོས་པས ་སྤྱོར་བའི་སས་བྱིན་གྱིས་བརླབས་པའོ། །སྐད་ཅིག་འགྱུར་ཞེས་བྱ་བ་ནི་ཡང་ལྷག་པར་དགའ་བ་སྟེ། སྔར་མ་རྟོགས་པའི་ཆོས་ཉིད་རྟོགས་པའི་ཕྱིར་རོ། །དེ་ཡང་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་པས ་བདག་དང་གཞན་གྱི་འཁོར་ལོ་གསུམ་བོ་མཉམ་ཞིང་གཟུགས་བརྙན་གྱི་རྣམ་པ་ལྟ་བུའི་སྐུ་སྣང་བ་སྟེ། རབ་ཏུ་དགའ་བའི་སས་བྱིན་གྱིས་བརླབས་པའོ། །ཁམས་གསུམ་རྒྱུ་དང་མི་རྒྱ་བ་ཞེས་བྱ་བ་ལ་རྒྱུ་བ་ནི་སེམས་ཅན་ཀྱི ་རྒྱུ་བ་ནི་སྣོད་ཀྱི་འཛིན་ནོ་མ་ལུས་ལུས་ཕ་མེད་ན་ནི་ཞེས་པ་ནི་འདོད་པ་དང་གཟུགས་མེད་པོའི་ཁམས་མཛའ་དག་སོ། འགྲུབ་ཅེས་བྱ་བ་ནི་གནས་གསུམ་ཡོངས་སུ་གྱུར་བའི་ཆོས་ཀྱི་སྐུ་ཐོབ་པར་འགྱུར་པའོ། །རྡོ་རྗེའི་ལུས ་ཅན་ཞེས་བྱ་བ་ནི་ས་མི་གཡོ་བ་ལ་སོགས་པར་འཇུག་པའོ། །དེ་ཅི་ཞིག་ཅེ་ན། གོང་དུ་ཐལ་པའི་སྐུ་ནི་ཡེ་ཤེས་ཀྱི་ཕུང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཡེ་ཤེས་ཕུང་པོ་ཞེས་བྱ་བ་ནི། མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ ་བརྒྱད་ཅུས་བརྒྱན་བའི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །བློ་ལྡན་ཞེས་བྱ་བ་ནི་སྤྲུལ་པའི་སྐུ་སྟེ། འགྲོ་བ་མཛའ་དག་གི་ཡིད་དང་འཚམ་པའི་ཕྱིར་རོ། །ཡང་ན་དག་པ་འཇིག ་རྟེན་པའི་ཡེ་ཤེས་ཀྱིས་རྣཾ་པ་ཐམས་ཅད་ཇི་ལྟ་བ་བཞིན་དུ་མཁྱེན་པ་སྟེ། མཁས་པ་ཞེས་བྱ་བའི་དོན་ཏོ། །ཁམས་གསུམ་མ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་རང་བཞིན་ཏེ་ཁང་བུ་བརྩེགས་པའོ། །གསལ་བ་ཞེས་བྱ ་བ་ནི་ཤིན་ཏུ་འབར་བའི་རིན་པོ་ཆེ་བདུན་ལས་བསྒྲབས་པའི་ཕྱིར་རོ། ཇི?་སྲིད་སྐྱེ་གནས་ལས་འབྱུང་གནས། ཞེས་བྱ་བ་ནི། སྐྱེ་གནས་བ་ཞིས་མངལ་སྐྱེ་སྒོང་སྐྱེ་དྲོང་ཤེར་སྐྱེ་བརྫུས་ཏེ་སྐྱེ་བས་བསྡུས་པའི་སྐྱེ་བོ་རྣམས་སོ། །ཕྱག་རྒྱ་ཆེན ་པོ་རྗེས་སུ་ཞེས་བྱ་བ་ནི་ལྷ་ལ་སོགས་པའི་སྐྱེ་བོ་ཁྱད་པར་ཅན་རྣམས་ཕྱག་རྒྱ་ཆེན་པོ་ལ་འཐོབ་པའི་འཁོར་དུ་འགྱུར་བའོ། །དེ་དག་ཀུན་ལ་ཉེ་བར་སྤྱེད་ཅེས་བྱ་བ་ནི་བླ་ན་མེད་པའི་ཆོས་ཀྱི་ལོངས་སྤྱོད་ལ་སྤྱོང་པའོ། །ཞལ་བརྒྱད་ཅས་བྱ་བ ་ནི་སྒྲ་ཇི་བཞིན་པ་སྟེ་རྣམ་པར་ཐར་པའི་སྒོ། བརྒྱད་རྣམ་པར་དག་པས་སོ། །ིནྡྲ་ནཱི་ལ་མཚུངས་པའི་འོད་ཅེས་བྱ་བ་ན་སྐུའི་ཁ་དོག་སྟེ། བྱམས་པའི་སེམས་དང་ལྡན་པས་སོ། །ཞབས་བཞི་པ་ཞེས་བྱ་བ་ནི་བདུད་བཞི་རྣམ་པར་དགའ་ ་སོ། །དང་པོའི་ཞལ་ནི་ནག་པོ་སྟེ་ཞིས་བྱ་བ་ནི་མཚན་མ་མེད་པའི་སྒྲོ་དག་པས་སོ། །དགར་པོ་པར་པོས་རྣམ་པར་བརྒྱན་ཅེས་བྱ་བ་ལ། སྟོང་པ་ཉིད་ཀྱི་སྒོ་སྦྱངས་པས་ན་དཀར་པོའོ། །སྨོན་བ་མེད་པའི་སྒོ་མ་ཆགས་པས་ན་དམར་པོའོ། །བདུད་བཞི ་མཉམ་པར་མནན་པ་སྟེ་ཞེས་པ་ནི་ཕུང་པོ་དང་ཉོན་མོངས་པ་དང་འཆི་བདག་དང་ལྷའི་བུ་བདུད་དོ། །སྤྱི་བོར་རྡོ་རྗེ་འཛིན་པ་ཞེས་བྱ་བ་ནི་མི་བསྐྱོད་པའོ། །སྣ་ཚོགས་གཟུགས་ཅན་བཙུན་མོ་རྣམ ་ཞེས་བྱ་བ་ལ། གཏི་མུག་རྡོ་རྗེ་ནི་དཀར་མོའོ། །ཞེ་སྡང་རྡོ་རྗེ་ནི་སྡོན་མོའོ། །སེར་སྣ་རྡོ་རྗེ་ནི་སེར་མོའོ། །འདོད་ཆགས་རྡོ་རྗེ་ནི་དམར་མའོ། །ཕྲག་དོག་རྡོ་རྗེ་ནི་ལྗང་གུའོ། །བདག་མེད་རྣལ་འབྱོར་མ་ནི་ནག་མོའོ། །གྲི་གུག་ཐོང་པ་ཕྱིག ་ན་བསྣམས་ཞེས་བྱ་བ་ལ། གྲི་གུག་ནི་གཡས་ནའོ། །ཐོད་པ་ནི་གཡོན་ནའོ། །སྲོག་དང་བྲལ་བ་སྟེང་དུ་གནས་ཞེས་བྱ་བ་ནི་རོའི་སྙིང་གར་ཉི་མ་ལ་གཡོན་བརྐྱང་པས་གནས་པའོ། །མཁའ་སྤྱོད་ཅེས་བྱ་པ་ནི་སྙིང་གར་མདོག་སྔོན་མང ་ས་སྤྱོད་ཅེས་བྱ་བ་ནི་མགྲིན་པ་སྟེ་ཁ་དོག་དམར་མོའོ། །ས་འོག་སྤྱོད་པ་ཞེས་བྱ་བ་ནི་སྦྱི་བོར་ཏེ་ཁ་དོག་དཀར་པོའོ། །རྒྱུད་འདིར་ཉི་མའི་འོད་དང་གདན་ཅན་ཡིན་པས་ཉི་མའི་དཀྱིལ་འཁོར་ལ་བསྒོམ་མོ། །གཟུགས་དཀར་མོ་ཞེས་གསུངས ་པའོ། །ལྷག་མ་གོ་སླའོ། །བྱང་ཆུབ་སེམས་ཀྱི་བུམ་པ་ནི། མེ་ཡི་ཐབས་ཏུ་རྒྱལ་མཆན་ཆེ། ཞེས་བྱ་བ་ནི་བསྡུས་པའི་དཀྱིལ་འཁོར་གྱི་མཚམས་ན་གནས་བའི་ལྷ་མོ་རྣམས་ཀྱི་མཚན་མའོ། །དེ་དག་སྒོ་སྐྱོང་རྣམས་ནི་གོ་རིམས ་ཇི་ལྟ་བཞན་ནོ། །ཡང་ན་ནི་མཚན་མ་འབའ་ཞིག་བསྒོམ་མོ། །འཁོར་ལོས་སྒྱུར་བ་ལྔའི་སྒྲུབ་ཐབས་ནི་མངོན་བར་འབྱུང་བ་བསྡུས་པ་ལས་ཤེས་པར་བྱའོ། །ཟངས་གྲི་དང་ནི་ཆུ་སྐྱེས་དང། །ཁྭ་ཊཱཾ་ག་བསྣམས་བདག་མེད་མ། །བདུད་དེ་དེ ་སྒྲུབ་ཐབས་ནི། །རིམ་པ་བཞིན་དུ་བྲི་བར་བྱ། །དེ་ལ་སྔགས་པ་སྟོང་བལ་སོགས་པའི་ཡོན་ཏན་དང་ལྡན་ཞིང། བྱམས་པ་ལ་སོགས་པ་སྔོན་དུ་འགྲོ་བའི་བྱང་ཆུབ་ཀྱི་ཡིད་ཅན། དཔལ་མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀྱིལ་འཁོར་དུ་དབང ་བསྐུར་ཞིང་རྗེས་སུ་གནང་བ་ཟབ་མོལ་ལྷག་པར་མོས་པ་དེ་ཁོ་ན་ཉིད་བཅུ་ཤེས་ཤིང་དམ་ཚིག་དང་སྡོམ་པ་ལ་གནས་ནས་རང་གི་སྡགས་མཉེས་པར་བྱེད་པ་ལ་བརྩོན་པས། རི་བོ་ལ་སོགས་པ་གནས་ཡིད་དུ་འོང་བ་ལ་ལར། བསམ་གཏན་ཁང་པ་ཙན ་དན་ལ་སོགས་པ་དྲི་ཞིམ་པོས་གྲུ་བཞི་བར་བྱུགས་ནས་བདེ་བའི་བསྟན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་འདུག་སྟེ། ཕྱག་གི་ལོ་མ་ཏིང་ངེ་འཛིན་གྱི་ཕྱག་རྒྱར་བྱས་ལ་རང་གི་སྙིང་གར་ཉི་མ་ལ་ཡིག་གེ་ཨཾ་བཀོད་ནས་གདོང་བཀྲུ་བ་ལ་སོགས་པ་བྱ་སྟེ། ཨོཾ ་རཀྵ་ཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་ཞེས་བྱ་བའི་སྡགས་ཀྱིས་གནས་དང་བདག་བསྲུང་བ་བྱས་ཤིང་རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་མདུན་དུ་དམིགས་ལ་ཕྱག་ནས་མཆོད་བར་བྱ་སྟེ། དེ་ལ་གོ་རཱི་རི་བོང་ཅན་གྱི ་སྣོད་ཐོགས་པ་དང། ཙོ་རཱི་ཉི་མའི་སྣོད་ཐོགས་པ་དང་བེཏྟ་ལཱི་ཆུའི་སྣོད་ཐོགས་པ་དང། གྷ་སྨ་རཱི་སྨན་ཐོགས་པ་དང། བུཀ་སཱི་རྡོ་རྗེ་སྣོད་ཐོགས་པ་དང། སབ་རཱི་རོའི་སྣོད་ཐོགས་བ་རྣམས་ཀྱིས་མཆོད་ནས། ཙན་ལཱི་རྡེའུ་ཆུང་བརྡུང་ཞིང། ཌོ་མྲི་ནཱིས་མགྲིན ་པ་ནས་འཁྱུད་དེ་མཉེས་པར་བྱའོ། །དེའི་རྗེས་ལ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི་ཞེས་བྱ་བ་ནས། འགྲོ་བ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་བྱ་བའི་བར་དུ་བརྗོད་ནས། བདེ་བར་གཤེགས་པའི་ཚོགས་ཀྱི་སྤྱན་སྔར་སྡིག་པའི་ཕུང་པོ་དག ་བཤེགས་པར་བགྱིའོ། ཞེས་བྱ་བ་དང། བདེ་གཤེགས་ཐུབ་པ་རྣམས་དང། སྲིད་བ་གསུམ་གྱི་སྐྱེ་བོ་དམ་པ་རྣམས་ཀྱི་བསོད་ནམས་ཀྱི་ཆོགས་ཀྱི་དཔལ་ལ་དད་པས་རྗེས་སུ་ཡི་རང་བར་བགྱིའོ། །ཞེས་བྱ་བ་དང། ཇི་སྲིད་བྱང་ཆུབ་སྙིང་པོར་མཆིས ་ཀྱི་བར་དུ་རྟོག་པ་ཡོངས་སུ་བཅོམ་པའི་རྒྱལ་བ་སངས་རྒྱས་རྣམས་ལ་སྐྱབས་སུ་མཆི་ཞེས་བྱ་བ་དང། དེ་བཞིན་ཐེག་པ་ཆེན་པོའི་ཆོས་ཀྱི་མཆོག་ལ་སྐྱབས་སུ་མཆིའོ་ཞེས་བྱ་བ་དང། དེ་བཞིན་དུ་ཕྱིར་མི་ལྡོག་པའི་ཚོགས་ཀྱི་བྱང་ཆུབ་སེམས ་དཔའ་ཨི་དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་བྱ་བ་དང། མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དེ་ཁོ་ན་ཉིད་ཀྱི་རྒྱལ་པོ་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་བསྟེན་པར་བྱའོ། །ཞེས་བརྗོད་ནས། སྐྱེ་བ་མེད་པའི་སྦྱོར་བ་ཡིས། །སྐྱེ་བ་འདི་ནི་རབ་ཏུ ་གྲགས་ཞེས་བྱ་བའི་ཚུལ་གྱིས་དངོས་པོ་ཐམས་ཅད་རྣམ་པར་དཔྱད་ན་མེད་ཅིང། །སྟོན་ཀའི་ནམ་མཁའ་ཨི་དཀྱིལ་ལྟར་སྣབ་བ་མེད་ལ་སྤྲོས་པ་མེད་པ་ཉིད་དུ་བསྒོམ་ནས། ཨོཾ་ཤཱུ་ནྱ་ཏཱ་ཛཱ་ན་བཛྲ་སྭ་བ་ཨཱ་ཏམ་ཀོ་ཧཾ་ཞེས་བྱ་བས་བྱིན་གྱིས་བརླབས ་པའོ། །དེ་ནས་མདུན་དུ་རི་ལས་ཉི་མའི་དཀྱིལ་འཁོར་ཏེ། ཉི་མ་དེར་ནི་ཧཱུཾ་བྱུང་རྡོ་རྗེ་བསམ། །རྡོ་རྗེ་བསམ། །རྡོ་རྗེ་དེ་ཉིད་ཀྱིས་ནི་རྣམ་པར་བསྒོམ་བྱ་བ། །ར་བ་དང་ནི་དྲ་བ་རབ་ཏུ་བཅིང་པར་བྱ། །ཞེས་བྱ་བ་ལ་སོགས་མངོན་དུ་བྱས་ལ། དེའི་དབུས་སུ་བྷཱུཾ་ལས་འཁོར ་ལོ་སེར་པོ་རྩིབས་བཅུ་ལ་མི་གཡོ་བ་ལྟ་བུར་འཁོར་བ། །ཧཱུཾ་བཅུ་ཡིས་ནི་སྦྱོར་བ་ཡིས། །ཁྲོ་བོ་བཅུ་ནི་རྣམ་པར་བསྒོམ། ཞེས་བྱ་བ་འདིས་ཁྲོ་བོ་བཅུ་བསམས་ཏེ། དེ་ལ་ཤར་ལ་སོགས་པའི་རྩིབས་ལ་ནི་གཤིན་རྗེ་མཐར་བྱེད་སྔོན་པོའོ། །ལྷོ ་ཕྱོགས་སུ་ནི་ཤེས་རབ་མཐར་བྱེད་དཀར་པོའོ། །ནུབ་ཕྱོགས་སུ་ནི་པདྨ་མཐར་བྱེད་དམར་པོའོ། །བྱང་ཕྱོགས་སུ་ནི་བགེགས་མཐར་བྱེད་སྔོན་པོ་སྟེ། རིམ་པ་བཞིན་དུ་ཐོ་བ་དང། དབྱུག་པ་དང། པདྨ་དང། རྡོ་རྗེ་གདེང་པོ་ཐོགས་པ་ཐུང ་ཞིང་གསུས་པ་ཆེ་བ། སྦྲུལ་བརྒྱད་ཀྱི་རྒྱན་གྱིས་གྲུབས་པ། སྐྲ་ཁམ་པ་གྱེན་དུ་བརྫེས་ཤིང་མིག་དམར་ལ་ཟླུམ་པ། རྣམ་པར་སྣང་མཛད་དང་མི་སྐྱོད་པ་དང། སྣང་བ་མཛའ་ཡས་དང་དོན་ཡོད་གྲུབ་བའི་དབུ་རྒྱན་དང། སྟག་ལྤགས ་ཀྱི་ཤམ་ཐབས་བགོས་པའོ། །མཚམས་ཀྱི་ཁྲོ་བོ་ནི་ནག་པོ་སྟེ། གནོད་མཛེས་དང་གཅུག་ཏོར་འཁོར་ལོས་སྒྱུར་བའི་བར་དུ་གཙུག་ཏོར་དང། ལྕགས་ཀྱུ་དང། མདུང་རྩེ་གསུམ་པ་དང། རལ་གྲི་དང། གཏུན་ཤིང་རྣམས་ཐོགས་བསྟེ། ་དེ་ལ་མི་མཚམས་སུ་ཊཀྐི་རིན་པོ་ཆེས་བརྒྱན་པ་དང། ལྷའི་ན་བཟའ་བསྣམས་བའོ། །བདེན་བྲལ་དུ་ནི་དབྱུག་པ་སྡོན་པོའོ། །རླུང་མཚམས་སུ་ནི་སྟོབས་པོ་ཆེ་སྟེ། དེ་དག་ནི་གཤིན་རྗེ་གཤེད་པ་སོགས་པ་དང་འདྲའོ། །དབང་ལྡན་དུ་ནི་མི་གཡོ་བ ་སྟེ་ཊཀྐི་ལྟ་བུའོ། །སྟེང་དུ་གཙུག་ཏོར་སེར་པོའོ། །འོག་ཏུ་གནོད་མཛས་ནག་པོ་སྟེ། རྒྱན་ལ་སོགས་པ་ཊཀེཀ་ལྟ་བུའོ། །ཐམས་ཅད་ཀྱང་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་གཡོན་བརྐྱང་པས་གནས་བའོ། །ལག་པ་གཡོན་པ་རྣམས ་ཀྱིས་ཀླུའི་ཞགས་པ་དང། ལྡིགས་མཛུབ་ཐོགས་པ། མི་བསྐྱོང་པ་དང་ནོར་བུའི་དབུ་རྒྱན་ཅན། དབུས་ན་དཀྱིལ་འཁོར་ལྔ་ལ་ཁྲོ་བོ་གཞན་ཡང་ལྡན་པའོ། །དེ་ནས་འབར་བའི་ཚོགས་པདྨ་ཕྱོགས་བཅིང་བ་ལ་སོགས་པ་བྱས་ནས། དེ་འདི་དུག ་ཆོས་འབྱུང་བ་ཞེས་བའི་ཕྱག་རྒྱ་གྲུ་གསུམ་པ་ནང་ནམ་མཁའ་ཨི་རང་བཞིན་ལ། སྣ་ཚོགས་རྡོ་རྗེ་དང་པདྨའི་སྟེང་དུ། ཡཾ་རཾ་པཾ་ལཾ་གཾ་ས་བོན་རྣམས་ལས་བྱུང་བ་རླུང་དང་མེ་དང་ཆུ་དང་དབང་ཆེན་གྱི་དཀྱིལ་འཁོར་རྣམས་དུད་ཀ་རང་དམར་པོ་དང ་དཀར་པོ་དང། སེར་པོའི་ཁ་དོག་ཅན་ནོ། །དེར་བྷྲུཾ་དང་འཁོར་ལོ་ལས་བྱུང་བའི་རྣམ་པར་སྣང་མཛད་ཀྱི་བ་སྤུའི་བུ་ག་ལས་བདུད་རྩིའི་ཆུ་རྒྱུན་འཛག་པས་འབྱུང་བ་བཞི་ཞུ་བ་ཨ་ལས་བྱུང་བའི་ཁང་བུ་གརྩེགས་པ་བཞི་པ་ཁ་ཁྱེར་བཞི་དང ་ལྡན་པ་རྟ་བབས་བཞིས་བརྒྱན་པ་མེ་ཏོག་གི་ཕྲེང་བས་བརྒྱན་པ་ལ། ལྷ་བཅོ་ལྔའི་གནས་སུ་སྣ་ཚོགས་པདྨ་ལ་རོའི་གདན་ལ་སྙིང་ཁར་ཉི་མའི་དཀྱིལ་འཁོར་གྱིས་བརྒྱན་པ་བསྒོམས་ལ། ཨོ་སརྦ་ཏ་ཐཱ་ག་ཏ་ནཱི་ལ་ཡ་བཛྲ་སྭ ་བྷཱ་པ་ཨཱ་ཏམ་ཀོ་ཧཾ། ཞེས་བརྗོད་པར་བྱའོ། །དེ་ནས་གདན་དབུས་མའི་སྟེང་དུ་སྒྲ་ཡིག་བཅོ་ལྔ་ལས་བྱུང་བའི་ཟླ་བ་དང། ཀ་ལ་སོགས་པའི་གསལ་བྱེད་སུམ་ཅུ་རྩ་བཞི་ལས་བྱུང་བའི་ཉི་མ་བསམས་ལ། དེའི་འོད་ཀྱིས་དེད་འདྲ་བར་སངས་རྒྱས ་ཀྱི་ཆེ་བའི་ཡོན་ཏན་རྣམས་བཙུད་དེ་བརྒྱས་པར་བྱའོ། །དེའི་སྟེང་དུ་དབྱངས་ཡིག་དང་པོ་ཐིག་ལེ་དང་བཅས་པར་གྱུར་པ་ལས་ས་བོན་དེ་ཉིད་ཀྱིས་མཚན་བའི་ཟངས་གྲི། དེའི་འོད་ཟེར་གྱི་སྒོ་ལས་རྣལ་འབྱོར་མ ་བཅོ་ལྔའི་འཁོར་ལོ་སྤྲོ་བ་དང་བསྡུ་བའི་རིམ་པས་བདག་ཉིད་མེད་མར་བསྒོམ་པར་བྱ་སྟེ། རོའི་སྙིང་གའི་སྟེང་གི་ཉི་མ་ལ་ཕྱེད་ཀྲུང་བཅས་ཕའི་གར་གྱིས་རོལ་ཅིང། །མགོ་བོའི་ཕྱོགས་སུ་འཇིག་པའི་དུས་ཀྱི་མེ་འབར་བའི་སྐྲ་དམར ་སེར་གྱེན་དུ་འབར་བ་བརྗོས་པ། རྒྱལ་བ་མཆོག་གི་རྡུལ་ཕྲ་རབ་ལས་བསྒྲུབས་པའི་སྐུ། དམར་ལ་ཟླུམ་པའི་སྤྱན་གསུམ་པ་ཉི་མ་ཕྱེ་བ་ལྟ་བུའི་འོད་ཀྱིས་བདུད་སྲེག་པར་མཛད་པ། མགོ་པོ་རློན་པ་ལྔ་བཅུའི་ཕྲེང་བས་ནམ་ཚོང་གི་ཕྱོགས་སུ ་བརྒྱན་པ། ཕྱག་རྒྱ་ལྔའི་སྤྲས་པ། སྲིད་བ་དང་ཞི་བ་ལ་མི་གནས་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་བསམས་ནས། ཨོཾ་དྷ་རྨཱ་དྷཱ་ཏུ་སྭཱ་བྷཱ་བ་ཨཱ་ཏམ་ཀོ་ཏུཾ། ཞེས་བྱ་བས་ང་རྒྱལ་བྱའོ། །ཕྱག་གཡས་ཀྱིས་ཟངས་གྲི་འཕྱར་ཟངས་གྲི་འཕྱར་ཞིང་ཕྱག་གཡོན་པས་ལྟ ་དང་ལྷ་མ་ཡིན་ལ་སོགས་པའི་ཁྲག་གིས་བཀང་བའི་ཐོད་བ་དང་ཁ་ཊཱཾ་ག་མཆོད་ཕྱིར་ཐོགས་ཀྱི་ཚུལ་དུ་ང་སྣམས་པ་སྟེ། མིག་གཉིས་སུ་གི་ཏ་མུག་རྡོ་རྗེ་མའོ། །རྣ་བ་དག་ལ་ནི་ཞེ་སྡང་རྡོ་རྗེ་མའོ། །སྣ་ལ་སེར་སྣ་རྡོ་རྗེ་མའོ། །ལྕེ་ལ་འདོད་ཆགས ་རྡོ་རྗེ་མའོ། །ལུས་ལ་ཕྲག་དོག་རྡོ་རྗེ་མའོ། །ཡིད་ལ་བདག་མེད་རྣལ་འབྱོར་མའོ། །ཡང་གཟུགས་ཀྱི་ཕུང་པོ་དང། གཏི་མུག་ལ་ནི་རྡོ་རྗེ་མའོ། །ཆར་བ་དང་ང་རྒྱལ་ལ་ནི་རྡོ་གོ་རི་མའོ། །འདུ་ཤེས་དང་འདོད་ཆགས་ལ་ནི་ཆུ་མའོ། །རྣམ་པར་ཤེས་པ་དང ་ཞེ་སྡང་ལ་ནི་བདག་མེད་མའོ། །དེ་བཞིན་དུ་སའི་ཁམས་དང་བྱམས་པ་ནི་པུཀྐ་སྡིའོ། །དེ་བཞིན་དུ་ཆུ་དང་སྙིང་རྗེ་ནི་ས་བ་རཱིའོ། མེ་དང་དགའ་བ་ནི་ཙཎྜ་ལཱིའོ། །རླུང་དང་བཏང་སྙོམས་ནི་ཌོ་མིབ་ནཱིའོ། །དེ་དག་གིས་རིམ་པ་བཞིན་ནང་དུ་གཟུགས་དང་སྒྲ་དང་དྲི་དང ་རོ་རྣམས་སྦྱང་ཞིང། རེག་བྱ་དང་ཆོས་ཀྱི་ཁམས་ལ་ནི་ས་འོག་དང། གནས་པ་དང་མཁའ་སྦྱོད་མར་བསམ་མོ། །དེ་ལྟག་པར་བསམས་ནས་སྙིང་གའི་ཟླ་བའི་ཧཱུཾ་གིས་མཁའ་སྤྱོད་མ་སྔོན་མོའོ། །མགྲིན་པར་ཟླ་བར་ནི་ཨ་ཡིས་ས་སྤྱོད ་མ་དམར་མའོ། །མགོ་བོའི་ཟླ་བར་ནི་ཨོ་གྱིས་ས་འོག་ན་གནས་པ་དཀར་མོ་བསྐྱེད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཁེ་ཙ་རི་བདྲ་སྭ་བཏཱ་བ་ཨཱ་ཏྨ་ཀོཥ་ཏཾ། ཨོཾ་སརྦ་ཏ་ཐའ་ག་ཏ་བྷུ་ཙ་རི་བཛྲ་སྭ་བྷཱ་བ་ཨཱ་ཏམ་ཀོ་ཉ་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པ་ཏ་ལ་བ ་སི་ནི་བཛྲ་སྭ་བྷ་བ་ཨཱ་ཏྨ་ཀོ་ཉ་ཧཾ། ཞེས་བྱ་བས་ང་རྒྱལ་བྱས་ལ། རང་གི་སྙིང་གའི་ཉི་མའི་ཟངས་གྲིའི་ལྟེ་བའི་ཨཾ་ལས་བྱུང་བའི་འོད་ཀྱིས་འོད་ཀྱིས་དེ་བཞིན་གཤེགས་པ་རྣམས་བཀུག་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ ་དབང་བསྐུར་རབ་ཏུ་སྩོལ་ཞེས་བྱ་བས་དེ་རྣམས་ཧེ་རུ་ཀའི་གཟུགས་སུ་གྱུར་ནས། མེ་ཏོག་གི་ཆར་དང་རྔ་སྒྲ་དང་བཅས་པར་སྤྱན་མ་ལ་སོགས་པས་ག་ལན་ཅིག་གཟུགས་རྡོ་རྗེ་ལ་སོགས་པས་བསྟོད་ཅིང་མཆོད་ནས་དབང་བསྐུར་རོ། ། ་དབང་བསྐུར་ནས་སྤྱི་བོར་མི་བསྐྱོད་བ་བསྒོམས་ཏེ། ཨོཾ་སརྦ་ཏ་ཐཱ་ཏ་ཏ་ཨ་བྷི་ཥེ་ཀ་ཏ་བཛྲ་སྭ་བྷ་བ་ཨཱ་ཏམ་ཀོ་ཉ་ཧཾ། ཞེས་ང་རྒྱལ་བྱ་སྟེ། འདི་ནི་ངོ་བོ་ཉིད་ཉིད་ཀྱི་སྐུ་ལ་རང་བཞིན་སྦྱོར་བ་དང་པོའི་ཏིང་ངོ་འཛིན་ཏོ། །དེ་ནས་བར་གི་སྙིང ་གའི་ས་བོན་ལ་གནས་བཅུ་བཞིར་རོའི་སྙིང་གར་ཟླ་བ་དང། ཉི་མ་ལ་སོ་སོའི་ས་བོན་སྤྲོས་ནས། ས་བོན་དང་ཟངས་སུ་གྲི་ཡོངས་སུ་གྱུར་པ་ལས་སྔ་མ་ཤིན་ལྷ་མོ་རྣམས་བསྒོམ་པར་བྱའོ། །ཱཾ་ཨི་ཨའི་ཨུཾ་རྣམས་ནི་བཛྲ་དད་གོ ་རཱི་དང། བ་རི་དང། བཛྲ་ཌཱ་ཀི་ནི་རྣམས་སོ། །འུཾ་རཾ་རཱཾ་ལཾ་ནི་པུཀཀ་སཱི་དང་ས་བ་རཱི་དང་ཙཎད་ལཱི་དང། ཌོ་མྦཾ་ཨེ་ནི་གཽ་རཱི་དང། ཙ་རཱི་དང། བེཏཏ་ལཱི་དང་བྷ་སྨ་རཱིའོ། །ོཾ་ནི་ས་སྦྱོང་མའིའོ། །ོཾ་ནི་མཁའ་སྤྱོད་མ་སྟེ། རིམ་པ་བཞིན་དུ ་སྐྱེད་ལ་ཐམས་ཅད་ཀྱང་མདོག་དང་མཚན་མ་ལ་སོགས་པ་བདག་མེད་མ་དང་མཚུངས་པར། རོའི་སྙིང་གར་གར་སྟབས་ཀྱིས་བསྒོམ་མོ། །གནས་གང་དང་གང་དུ་ཞེ་ན། རྒྱུད་གཞན་ལས་གསུངས་པ། དབང་པོར ་རྡོ་རྗེ་གཤིན་གཽ་རཱི། ཆུའོ་ཕྱིགས་ཆུ་ཡ་རྣལ་འབྱོར་མ། །གནོད་སྦྱིན་རྡོ་རྗེ་མཁའ་འགྲོ་མ། །དབུས་སུ་བདག་མེད་རྣལ་འབྱོར་མ། །དབང་ལྡན་པུཀཀ་སཱ་ཡིན་ཏེ། །སྲེག་བྱེད་མཚམས་སུ་ཤ་བ་རཱི། །སྲིན་པོའི་མཚམས་སུ་ཙ་ཏཱ་ལཱི། །ཌོ་མིབ་རྟག ་ཏུ་རླུང་དུ་གནས། །ཤར་གྱི་སྒོར་ནི་ག་རཱི་སྟེ། །ལྷོར་ནི་ཙོ་རཱིའི་གཟུགས་ཅན་ནོ། །ནུབ་ཏུ་བེཏའཏ་ལཱི་ཡིན་ཏེ། །དེ་བཞིན་བྱང་དུ་བྷ་སྨ་རི། །འོག་ཏུ་ས་སྤྱོད་མ་ཡིན་ཏེ། །སྟེང་དུ་མཁའ་ལ་སྤྱོད་མར་འདོད། །ཅེས་བྱ་བའོ། །དེ་ལྟར་དཀྱིལ་འཁོར་ཡོངས ་སུ་རྫགས་པར་བལྟས་ནས། ཐམས་ཅད་ཀྱི་སྙིང་ཁ་ནས་བྱུང་བའི་འོད་ཀྱི་སཅགས་ཀྱུས་ཐུབ་པའི་དབང་པོ་རྣམས། རྣལ་འབྱོར་མ་བཅོ་ལྔའི་ཚུལ་དུ་དྲངས་ལ། སྒོ་སྐྱོང་མ་རྣམས་ཀྱིས་བགེགས་བསྐྲད་ཅིང། གཽ་རཱི་ལ་སོགས་པ་རྣམས་ཀྱིས ་མཆོད་དོ། །ོཾ་བཛྲ་གོ་རཱི་ཨཱརཥ་ཡ་ཛ(རྒྱུད་འགྲེལ་བརླབས་ཏེ། སྐུ་ལ་སོགས་པ་བྱིན་གྱིས་བརླབས་པ་སྔོན་དུ་འགྲོ་བས་དབང་བསྐུར་ལི་རིགས་ཀྱི་བདག་པོ་དབུལ་བསྒོམ་པར་བྱ་སྟེ། དེ་ལ་རྡོ་རྗེ་མ་ལ་སོགས་པ་སྣམས་ཀྱི་ནི་རྣམས་པར་སྣང་མཛད་དང། རིན་ཆེན་དབང་དང། འོད་དཔག་མེད ་དང། དོན་ཡོད་གྲུབ་པ་རྣམས་སོ། །མཚམས་ན་གནས་པ་དང། སྒོ་སྐྱོང་མ་རྣམས་ཀྱིས་ནི། སེམས་ཀྱི་ནི་དབང་དང། རྟག་པ་དང་རིན་ཆེན་དབང་དང། སྣང་བ་མཛའ་ཡས་རྣམས་སོ། །ས་ལ་སྤྱོད་མ་ནི་རྣམ་པར་སྣང་མཛད་དོ། །མཁའ་ ་སྤྱོད་མ་ནི་སྣད་བ་མཛའ་ཡས་སོ། །དེ་ནས་གཽ་རཱི་ལ་སོགས་པས་རང་གི་མཆོད་རྫས་རྣམས་ཀྱིས་ཐོང་པ་ཡོངས་སུ་གང་བས་བཅོམ་ལྡན་འདས་བདུད་རྩིས་ཡོངས་སུ་མཆོད་ལ། དཀྱིལ་འཁོར་པ་གཞན་དག་གིས་ཀྱང་ལོངས་སྤྱད་ནས། ཨོཾ ་སརྦ་ཏ་ཐཱ་ག་ཏ་ཨ་མྲི་ཏ་སྭ་བྷཱ་བ་ཨཱཧམ་ཀོ་ཉ་ཧཾ། ཙཎྜ་ལཱི་ཡིས་རྡེའུ་ཆུང་རྡུང་ཞེང་ཌོ་མྦིས་སྐུ་ལ་འཁྱུད་པར་བྱའོ། །དེ་ནས་གསད་བའི་པདྨར་བསྐྱེད་པའི་རྡོ་རྗེ་དང་རྗེས་སུ་ཆགས་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་པུ་ཛ་བཛྲ་སྭ་བྷཱ་བ་ཨཱ་ཏྨ་ཀོ་ཉ་ཧཾ། ་ཞེས་བྱ་བ་མཆོད་ལ། ཁྱོད་ནི་རྣལ་འབྱོར་མ་རྣམས་ཡོངས་སུ་བསྐོར། ཞེས་བྱ་བ་ལ་སོགས་པས་བསྟོད་དེ། ཨོཾ་སརྦ་ཏ་ཐཱ་ག་ཏེ་སྟུ་ཏི་པུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉ་ཧཾ། ཞེས་བྱ་བས་བསྟོད་དེ། སླར་ཡང་ཨོཾ་པདྨ་སུ་ཁ་དྷ་ར་མ་ཧཱ་རཱ་ག་སུ་ཁཾ་དད་ཙ ་ཏུ་རྣ་ནད?་བྷ་ག་བི་ཤཱ་ཧཱུཾ་ཧཱུཾ་ཧཱུཾ་ཀར་ཡཾ་ཀུ་རུ་ཤ་མ། ཨོཾ་བཛྲ་མཧཱ་དེ་ཥ་ཙ་ཏུ་རྣ་ནྔ་དཱ་ཡ་ཀ། ཁ་ག་མུ་ཁེ་ཀ་རཱ་སོ་ནཱ་ཐ་ཧཱུཾ་ཧཱུཾ་ཧཱུཾ་ཀ་ར་ཡཾ་ཀུ་རུཾ་ཥ་མེ་ཞེས་བྱ་བས་རྡོ་རྗེ་དང་ཆགས་པ་སྤྱད་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཏ་བཛྲ་སྭ་བྷཱ་བ་ཨཏྨ་ཀོ། ཧཾ། ་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད། དཀྱིལ་འཁོར་རྒྱལ་མཆོག་གི་རིང་ངེ་འཛིན་ཏོ། །དེ་ནས་ལྟ་བར་འདབ་མ་དྲུག་ཅུ་རྩ་བཞི་བའི་དབུས་སུ་ཨཾ། སྙིད་གར་འདབ་མ་བརྒྱད་པའི་སུ་ཧཱུཾ། མགྲིན་པར་འདབ་མ་བཅུ་དྲུག་པའི ་དབུས་སུ་ཨོཾ། མགོ་བོར་འདབ་མ་སུམ་ཅུ་རྩ་གཉིས་པའི་དབུས་སུ་ཧཾ་ཞེས་བྱ་བ་བཀོད་ལ། ལྟེ་བར་གཏུམ་མོ་སྦར་པ་ཡིས། །དེ་བཞིན་གཤེགས་པ་ལྡ་བསྲེགས་ཏེ། །སྤྱན་ལ་སོགས་པའང་བསྲེགས་བར་བྱ། །བསྲེགས་པས་ཧཾ་ལས་ཟླ་འཛག ་འགྱུར། ཞེས་བྱ་བ་ལ་སོགས་གཏུམ་མོ་བསྒོམ་པར་བྱའོ། །དེའི་འོག་ཏུ་རང་རང་གིས་བོན་གྱི་འོད་ལས་རང་རང་གི་སྤྲུལ་པ་ཕྱུང་སྟེ། རང་རང་གི་ཡེ་ཤེས་ལ་སེམས་ཅན་རྣམས་བཀོད་ནས་དཀྱིལ་འཁོར་བསྡུས་ལ། དཀྱིལ་འཁོར་གྱི་བདག ་བོ་རྡོ་རྗེ་འཛིན་ཆེན་པོའི་གོ་འཕང་ལ་གནས་ནས་བསྒོམ་པས་དུ་བ་ན་འགོག་པའི་ཚིག་གིས། ཨོཾ་ཨ་ཨཱ་ཨི་ཨའི། ཨུ་ཨའུ། རི་རི། ལི་ལཱི། ཨེ་ཨི། ཨོ་ཨཽ་ཨ་ཨ(རྒྱུད་འགྲེལ་བའི་ཆོགས་སོ། །ཁ་ཟས་ལ་ལོངས་སྤྱོད་པ་ལ་ནི་བདུད་རྩི་མྱང་བའི་ཆོགས་སོ། །དགའ་བ་ལ་སྤྱོད་ན་རྗེས་སུ་ཆགས་པའི་ཆོ་གས་སོ། །ངལ་དུ་བ་ལ་ནི་སྤྱི་བོར་ཨོཾ་ལས་བདུད་རྩི་འཛག་པས་ལུས་རྟ་བ་སྔོན་བཏང་ལ་སྔགས་བཟླས་པ་བྱའོ། ། ་ཇི་སྐད་དུ་བསྟན་པའི་དམ་ཚིག་ཉམས་པ་ལ། དམ་ཚིག་ཅེས་བྱ་བ་བྱུང་ནས་ནི་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་དཔལ་རྟ་མཆོག་གི་ཏིང་ངེ་འཛིན་ལ་གནས་ནས། སྣ་ཚོགས་རྡོ་རྗེ་དང་ཡི་གེ་ཁཾ་གིས་པོན་གྱི་འོད་ཀྱིས་ཇི ་ལྟ་བ་བཞིན་དུ་དབང་བསྐུར་བར་བྱའོ། །བདུད་གཞོམ་པ་ལ་ནི་བགེགས་དགྲའི་འཁོར་ལོ་ལ་གནས་པར་བྱ་སྟེ། འདི་དག་ནི་སྤྲུལ་བའི་སྐུའི་རང་བཞིན་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་ཏོ། །མཁའ་འགྲོ་མ་ཡིས་འཁོར་ལོ་ནི། བྲིས་ལ ་དགེ་བ་གང་སྙེད་པ། །དེས་ནི་སྐྱེ་འགྲོ་སྲིད་མཚོ་ལས། །བརྒལ་ནས་རྒྱལ་མཆོག་ཉིད་གྱུར་ཅིག་།བདག་མེད་མའི་སྒྲུབ་ཐབས་རྫོགས་སོ།། །།འོག་ནས་འབྱུང་བའི་ལྷ་རྣམས་ཀྱི་སྒྲུབ་ཐབས་གཞན་དག་ཀྱང་བདེ་བླག་ཏུ་རྟོགས་པར ་བྱ་བའི་ཕྱིར། འདིར་རིམ་པ་བཞིན་དུ་བྲི་བར་བྱ་སྟེ། དེ་ལ་སྔར་མ་དང་འདྲ་བར་སྙིང་གར་ཟླ་བ་ལ་བསམས་པའི་ཏཱཾ་གི་འོད་ཟེར་གྱིས་དཀྱིལ་འཁོར་གྱི་འཁོར་ལོ་མདུན་དུ་དམིགས་ལ་ཕྱག་བྱ་བ་དང། མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བས ་དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་ལ། །བསྲུང་བྱ་བ་སྟེ། ཆོས་འབྱུང་བའི་ནང་དུ་ཁང་དུ་བརྩེགས་པའི་འོག་ཏུ་ཉམས་སུ་བླངས་ནས། མངོན་པར་བྱང་ཆུབ་པ་ལྔའི་རིམ་པའམ། ཟླ་བ་དང་རྡོ་རྗེ་རིམས་ཀྱིས་ཀྱང་རུང་སྟེ། ཡི་གེ་ཏཱཾ ་དང་ཨུཏཔ་ལ་སོགས་སུ་གྱུར་པ་ལས་སྤྲོ་བ་དང། བསྡུ་བའི་རིམ་པ་སྔོན་དུ་འགྲོ་བས། རྡོ་རྗེ་སྒྲོལ་མ་བསྐྱེད་པར་བྱ་སྟེ། དེ་ཡང་གསུངས་པ། མ་མོའི་དཀྱིལ་འཁོར་དབུས་གནས་པར། ལྷ་མོ་སྒྲོལ་མ་བསྒོམ་བྱ་སྟེ། །ཞལ་བཞི་པ་ལ་ཕྱག་བརྒྱ་ང། ་རྒྱན་རྣམས་ཀུན་གྱི་རྣམ་པར་ཀླུབས། །གསེར་གྱི་མདོག་ཏུ་རྣམ་པར་བསྒོམ། །གཞོན་ནུ་མ་ཡི་མཚན་གྱིས་འབར། །རྡོ་རྗེ་ཉི་མས་དབང་བསྐུར་ཏེ། །སངས་རྒྱས་བཞི་ཡི་ཅོད་པན་ཆེ། །ན་ཆུང་གཞོན་ནུ་མདངས་བཟང་ཞིང། །གསེར་གྱི་རྣ་ཆ ་གཡོ་བ་ཅན། །སྣ་ཚོགས་པདྨར་བཞུགས་ནས་ནི། འོད་ཟེར་དམར་པོས་རྣམ་པར་ཀླུབས། །རྡོ་རྗེ་ཞགས་པ་རལ་གྲི་དང། །དེ་བཞིན་གཡས་ན་མདའ་ནི་བསྣམས། །རྡོ་རྗེ་ལྕགས་ཀྱུ་ཨུཏཔ་ལ། །གཞུ་དང་སྡིགས་མཛུབ་གཡོན་པས་འཛིན། ཞེས་པས ་སོ། །དེའི་འོག་ཏུ་མིག་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་དང། དབང་བསྐུར་བའི་མཐར་ཐུག་པ་སྔ་མ་བཞིན་དུ་ཉམས་སུ་གླང་བར་བྱ་སྟེ། འདི་ནི་སྦྱོར་བ་དང་པོའི་ཏིང་ངེ་འཛིན་ཏོ། །གཞན་དག་ཀྱང་གསུངས་པ། །རྡོ་རྗེ་སྐྱིལ་ཀྲུང ་སྤྱོད་པ་ཡིས། །ས་གསུམ་པ་ནི་བསྒྲུབ་པར་བྱ། ཞེས་བྱ་བ་ལ་སོགས་པ་སྟེ། ཐམས་ཅད་ཀྱང་སྣ་ཚོགས་པའི་སྟན་ལ་རྡོ་རྗེ་སྐྱིལ་ཀྲུང་གི་བཞུགས་ཤིང། འོད་ཟེར་དམར་པོས་བརྒྱན་པའོ། །དེ་དག་ཀྱང་གང་ཞེ་ན། ཤར་དུ་མེ་ཏོག་སྒྲོལ ་མ་སྟེ། ཡི་གེ་ཨོཾ་གྱིས་བསྐྱེད་པའོ། །ཁ་དོག་དམར་པོ་ཡིད་དགའ་མ། །ཕྱག་ན་མེ་ཏོག་ཕྲེང་བ་བསྣམས། །ཞལ་གཅིག་པ་ལ་ཕྱག་གཉིས་པ། །རྒྱན་རྣམས་ཀུན་གྱི་རྣམ་པར་ཀླུབས། ཞེས་བྱ་བ་ནི་ཐམས་ཅད་ཀྱིའོ། །ལྷོ་རུ ་སྤོས་ཀྱི་སྒྲོལ་མ་སྟེ། །ཡི་གེ་ཏཱཾ་གིས་བསྐྱེད་པའོ། །ཁ་དོག་སྔོན་མོ་ཡིད་འོང་མ། །ཕྱག་དུ་བདུད་པའི་ཕོར་བ་བསྣམས། །ནུབ་དུ་མར་མེའི་སྒྲོལ་མ་སྟེ། །ཡི་གེ་རེ་ཡི་བསྐྱེད་པ་ཡིས། །ཁ་དོག་སེར་མོ་རྣམས་བརྒྱན་གཡོན། ། ་མར་མེའི་ཀོང་བུ་ཕྱག་ན་བསྣམས། །བྱང་དུ་དྲི་ཡི་སྒྲོལ་མ་སྟེ། །ཡི་གེ་ཏུས་བསྐྱེད་ཁ་དོག་དམར། དྲི་ཡི་དུང་ཆོས་ཕྱག་ན་བསྣམས། །སྙིང་པོའི་དཀྱིལ་འཁོར་བསྒོམ་པར་བྱ། ཞེས་བྱ་བ་ལ་སོགས་པ་སྟེ། ཤར ་ལ་སོགས་པའི་སྒོ་རྣམས་སུ་ནི་ཡི་གེ་ཧཱ་ཡིས་ལྕགས་ཀྱུ་སྒྲོལ་མའོ། །རེ་ཡིས་ཞགས་པ་སྒྲོལ་མའོ། །ཏུ་ཡིས་ལྕགས་སྒྲོག་སྒྲོལ་མའོ། །རེ་ཡིས་བགེགས་པའི་སྒྲོལ་མ་སྟེ། །རིམ་བཞིན་དུ་ཁ་དོག་དཀར་པོ་དང་སེར་པོ་དང། ་དམར་པོ་དང་ལྗང་གུ་སྟེ། ལྕགས་ཀྱུ་དང་ཞགས་པ་དང། ལྕགས་སྒྲོག་དང་དྲིལ་བུ་བསྣམས་པའོ། །འོག་ཏུ་ཡི་གེ་ས་ཡིས་ངེས་འདུལ་སྒྲོལ་མ་སྟེ། ཁ་དོག་སྡོན་མོ་ཕྱག་ན་ཀླུའི་ཞགས་པ་བསྣམས་པའོ། །སྟེང་དུ་ཡི་གེ ་ཧ་ཡིས་བསྐྱེད་པའི་གཙུག་ཏོར་རྣམ་པར་རྒྱལ་མའི་སྒྲོལ་མ་ཁ་དོག་སེར་མོ་ཕྱག་ན་འཁོར་ལོ་བསྣམས་པའོ། །ཁ་ཅིག་ནི་བཅོམ་ལྡན་འདས་མའི་ཐུགས་ཀར་ལྷ་མོ་རྣམས་བསྒོམ་པར་བྱའོ། །ཞེས་ཟེར་རོ། །ཁ་ཅིག་གདན ་ལ་བསྐྱེད་པར་འདོད་དོ། །དེ་ནས་སྔོན་བཞིན་དུ་ཡེ་ཤེས་ཀྱི་འཁོར་ལོ་བཅུ་གལ་མཆོད་པ་དང་བསྟོད་པ་དང། བདུད་རྩི་མྱང་བའི་མཐར་ཐུག་པ་ཉམས་སུ་བླངས་ནས་སྤྲོ་བ་དང་བསྡུ་བས་འགྲོ་བའི་དོན་བྱེད་ཅིང། ཇི་སྲིད་འདོད་པས ་བསྒོམས་ལ། ཨོཾ་ཏཱ་རེ་ཏུད་ཏཱ་རེ་ཏུ་རེ་སྭཱཧཱ། ཞེས་བྱ་བ་བཟླས་ཤིང། །ནཾ(རྒྱུད་འགྲེལ་བྷ་ཡ་མོ་ཧ་ཡ་བན་དྷ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སརྦ་དུ་ཥྚ་ན་སྟ་བྷ་ནི་ཏཱ་རེ་སྭཱཧཱ། །ཞེས་བྱ་བས་ཀྱང་བསྒྲུབ་པར་སྟེ། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་སོ། །རྡོ་རྗེ་གཞིའི་རིམ་གྱིས་སྔ་མ་ལྟ་ར་སྙིང་གར་ཉི་མ་ལ(རྒྱུད་འགྲེལ་ལ། མཆོད་པ་ནས་སྡིག་པ་བཤགས་པ་དང་སྟོང་པ་ཉིད་དང་བསྲུང་བའི་འཁོར་ལོ་དང། ཆོས་འབྱུང་བའི་བར་དུ་བསྒོམས་ནས་དེར་དུར་ཁྲོད་བརྒྱད་ཀྱིས་དབུས་སུ་ཧྲཱི(རྒྱུད་འགྲེལ་པར་བྱང་ཆུབ་པ་རྣམ་པ་སྔའི་རིམ་གྱིས་ཧྲཱི(རྒྱུད་འགྲེལ་ཅིང། དམར་ལ་ཟླུམ་པའི་སྤྱན་གསུམ་པ། ཞལ་གཅིག་ཕྱག་བཞི་པ་ལ། ཕྱག་དང་པོ་གཉིས་ན་ཨུ་ཏཱ་ལ། ཕྱག་དང་པོ་གཉིས་ན་ཨུ་ཏཔ་ལ་ཁ་ཟུམ་པའི་འདའ་དང་མེ་ཏོག་རྒྱས་པའི་གཞུ་བསྣམས་པ། གཞན་གཉིས་ཀྱིས་ལྕགས་ཀྱུ་དང་ཨུ་ཏཔ་ལའི་ཞགས་པ ་བསྣམས་ཤིང། བདོག་དམར་བ། །དོའི་སྙིང་གའི་ཉི་མ་ལ་ཕྱེད་ཀྲུང་བཅས་པའི་ཉི་མད་གར་གྱིས་བཞུགས་པར་དུར་ཁྲོད་བརྒྱད་ཀྱི་དབུས་སུ་བསམས་ནས། རྡོ་རྗེ་སེ་གོལ་གྱི་ཕྱག་རྒྱ་བཅས་ཏེ། ཨོཾ་བཛྲ་ས་མཱ་ཛ(རྒྱུད་འགྲེལ་སེམས་དཔའ་བཀུག་ལ་སྔ་མ་བཞིན་དུ་དཔང་བསྐུར་ནས། སྣང་བ་མཛའ་ཡས་དབུ་བརྒྱན་དུ་བསམས་ཏེ། མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་བྱས་ལ་སྤྲོ་བ་དང་བསྡུ་བས་འགྲོ་བའི་དོན་བྱེད་ཅིང། ཇི་སྲིད་འདོད་ཀྱི་པར་དུ། ་བསྒོམས་ནས། ཨོཾ་ཀུ་རུ་ཀུ་ལླེ་ཧྲཱི(རྒྱུད་འགྲེལ་ཁྲི་ཕྲག་བཟླས་ལ། དེ་ནས་ཉའི་ཅུ་བ་མོ་སྙིང་གའི་ཧྲཱི(རྒྱུད་འགྲེལ་དོག་དམར་པོ་ཁྲོ་ཞིང་རྒྱགས་པས་མྱོས་པ་བརྒྱད་བསམས་ལ། དབུགས་ཀྱི་རླུང་གི་སྣ་སྒོ་གཡོན་པ་ནས་སྤུར་ཏེ། བསྒྲུབ་བྱའི་སྣ་སྒོ་གཡས་པ་ནས་སྙིང་གར་ཞུགས་ནས་དེའི་སྙིང་ག་ན་གནས་པའི་དབྱངས་ཡི་གེ ་ཐུང་དུ་བརྒྱད་ལ་མྱོས་པས་འཇིབ་ཅིང་ཕྱེ་མར་བྱེད་པར་བསམ་མོ། །དེ་ནས་རྣལ་འབྱོར་པས་མེ་ཏོག་གི་གཞུ་དང་ཨུཏཔ་ལའི་མདའ་རྣ་དྲུང་དུ་བཀང་སྟེ། ལྟེ་བ་ཆང་བ་ལ་གཏད་ནས་བསྒྲུབ་བྱའི་སྙིང་གའི་པདྨའི་ལྟེ་བར་བསྣུན་པས་བུང་བ་དེ་རྣམས ་དེའི་རང་གི་དམ་ཚིག་གིས་བསྐུལ་ནས། སོ་སོར་དབྱངས་ཡིག་རྣམས་གཟུང་སྟེ། སྣ་སྒོ་གཡོན་ནས་བྱུང་སྟེ། རྣལ་འབྱོར་པའི་སྣ་སྒོ་གཡས་པར་ཞུགས་ནས། རང་གི་དམ་ཚིག་གི་ཡེ་ཤེས་པ་དང། གཉིས་སུ་མེད་པར་བསམས་ཏེ། དེ ་ནས་ཨུཏཔ་ལའི་སྡོང་བུའི་ཞགས་པས་མགྲིན་པ་བཅིངས་ལ། ལྕགས་ཀྱུས་སྙིང་ག་གཟེར་ཏེ། འོད་ཟེར་འབར་བས་འཁྲུགས་ཤིང་མགལ་མེའི་འཁོར་ལོ་ལྟར་སྔགས་ཀྱི་ཕྲེང་བ་བསམས་ནས། ཨོཾ་ཀུ་རུ་ཀུལླེ་ཧྲཱི(རྒྱུད་འགྲེལ་ཡ་ཧྲཱི(རྒྱུད་འགྲེལ་ལ་ཡི་གེ་ཧཾ་བསམས་ནས། མཆོད་པ་དང། སྡིག་པ་བཤགས་པ་ལ་སོགས་པ་སྔོན་དུ་འགྲོ་བས་སྟོང་པ་ཉིད་དུ་བསྒོམས་ལ། མངོན་པར་བྱང་ཆུབ་པ་ལྡིང་རིམ་གྱི་ས་པོན་དང་རལ་གྲིའི་མཚན་མ་ཡོང་སུ་གྱུར་པ་ལས། རྡོ་རྗེ་ལུན? ་མེད་ཞལ་གཅིག་ཕྱག་བཞི་པ་འམ། ཕྱག་དྲུག་པར་བསྒོམས་པར་བྱ་སྟེ། ཁ་དོག་སེར་པོ་སྒེག་ཅིང་རལ་པའི་ཐོར་ཚུགས་ཅན་ལོ་བཅུ་དྲུག་ལོན་པ་གཞོན་ནུའི་རྒྱན་ཅན། ཕྱག་གཡས་ན་མདའ་དང་རལ་གྲི་དང་མེ་ལོང་བསྣམས ་ཤིང། གཡོན་ན་གཞུ་དང་ཨུཏཔ་ལ་དང་ཨ་ཤྭ་ཀའི་འདམ་བསྣམས་པ། གཡོན་བརྐྱང་བས་བཞུགས་པར་བསམས་ལ། སྡམ་ལྟར་ཡེ་ཤེས་སེམས་དཔའ་བཅུ་གནས། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་འགྲོ་བའི་དོན་བྱེད་བཞིན ་བར་བསམས་ལ། ཨོཾ་མཉྫུ་གྷོ་ཥ་ཡ་ཧྲཱི(རྒྱུད་འགྲེལ་བསྡིགས་ནས་མེ་ལོང་བསྟན་ལ། རྐང་པ་གཞུ་ཡིས་བཅིངས་ཏེ་ཨུཏཔ་ལའི་ཞགས་པས་དྲངས་ནས་སྨས་པར་བསྒོམས་ན། གདོན་མི་ཟ་བར་འགུགས་པར་འགྱུར་ཏེ་ལུས་མེད་རྡོ་རྗེའི་སྒྲུབ་ཐབས་རྫོགས་སོ།། །།རྡོ་རྗེ་བཞི་ཡིས ་རིམ་གྱི་ས་སྔ་མ་བཞིན་དུ་བསྒྲུབ་པར་བྱ་སྟེ། སྙིང་གར་ཟླ་བ་ལ་ཡི་གེ་ཨོཾ་བསམས་ནས། མཆོད་པ་ལ་སོགས་པ། སྟོད་པའི་བྱང་ཆུབ་ཀྱི་བར་དུ་ཉམས་སུ་བླངས་ལ། སཾ་ལས་བསྐྱེད་པའི་པདྨ་དཀར་པོ་དང། ཟླ་བ་ལ་ཡི་གེ་ཨ་སྤྲེས་པ ་དང་བསྡུ་བའི་སྦྱོར་བས་ཡོངས་སུ་གྱུར་པ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཞལ་གཅིག་ཕྱག་གཉིས། ཡིད་དུ་འོང་ཞིང་སྐུ་མདོག་དཀར་མོ་རྒྱན་ཐམས་ཅད་ཀྱི་ཀླུབས་པ་ཕྱག་གཡས་ན་པདྨ་དམར་པོ་བསྣམས་ཤིང་གཡོན་ཤེས་རབ་ཀྱི་ཕ ་རོལ་དུ་ཕྱིན་པའི་པོ་ཏི་བསྣམས་པ། རྡོ་རྗེ་སྐྱིལ་ཀྲུངས་སུ་བཞུགས་པར་བསམས་ལ། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང། ཨོཾ་བཛྲ་ས་མཱ་ཛ་ཛ(རྒྱུད་འགྲེལ་ལ་ཨོཾ་བསམས་ནས། དེ་ལ་སྔགས་ཀྱི་ཕྲེང་བ་ཁ་ནས་བྱུང་ཞིང་ལྟེ་བའི་གནས་སུ་འཇུག་པས་མགལ་མེ་ལྟར་བསྒོམས་ལ། ཨོཾ་པི་ཙུ་པི་ཙུ་པྲཛྲཱ་བརྦདྷ་ནི་ཛཝ་ལ་ཛཝ་ལ་མེ་དྷ་བརྡཏ་ནི། དྷི་རི་དྷི་རི་ཤུད་དྷི་བརྡྷི་སྭཱཧཱ། ཞེས་བཟླས་པར་བྱའོ། ཆོ་ག ་འདི་ནི་གཞན་དག་ཏུ་ཡང་སྦྱར་བར་བྱ་སྟེ། དེ་སྐད་དུ་ཡང་གསུངས་པ། དང་པོ་སྟོང་པའི་བྱང་ཆུབ་སྟེ། གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་ལ་ནི་གཟུགས་རྫོགས་ཏེ། བཞི་པ་ལ་ནི་ཡི་གེ་དགོང་ཅེས་སོ། །ལཾ་གི ་ཡི་གེ་ལས་སྐྱེས་པ། །འཇིག་རྟེན་དབང་ཕྱུག་ཐུབ་པ་ཆེ། །ཞལ་གཅིག་པ་ལ་ཕྱག་གཉིས་པ། །པདྨ་དཀར་པོས་རྣམ་པར་ཀླུབས། །དབུ་རྒྱན་རྡོ་རྗེ་ཆོས་ཀྱིས་བརྒྱན་པདྨའི་གདན་ལ་བཞུགས་པར་བསྒོམས། །ོཾ་མ་ཎི་པདམེ་ཧཱུཾ། སྔོན ་བཞིན་དུ་རྡོ་རྗེ་བཞིའི་རིམ་པས་ཐམས་ཅད་དུ་བལྟ་བར་བྱའོ། །མཾ་གི་ས་བོན་ལས་བྱུང་བ། །འཇམ་པའི་དབྱངས་ནི་སེར་པོ་སྟེ། །ཕྱག་ན་མེ་ཏོག་མཆོད་སྦྱིན་བརྒྱན། །མི་བསྐྱོད་རྡོ་རྗེ་སྤྱི་བོར་འཛིན། །ོཾ་མཉྫུ་བཛྲ་མུཾ་སྭཱ་ཧཱ། །ཡཾ ་གི་ཡི་གེ་ལས་སྐྱེས་པ། །རྡོ་རྗེ་ཐོ་བ་སྡིགས་མཛུབ་བསྣམས། །མདོག་སྔོན་མ་ཧེའི་རྒྱབ་ཏུ་ནི། གཡོན་བརྐྱང་བཞུགས་པའི་གཤིན་རྗེ་གཤེད། །ཁྲོ་བོའི་གཟུགས་ཅན་སྐྲག་བྱེད་པ། །དབུ་རྒྱན་རྣམ་པར་སྣང་མཛད་པ་བཞུགས། ། ་ཨོཾ་ཧྲཱི(རྒྱུད་འགྲེལ་གར་བཞུགས། །སྤྱི་པོར་རྡོ་རྗེ་རིགས་ཀྱིས་བརྒྱན། །ཁམས་གསུམ་རྣམ་རྒྱལ་བསྒོམ་པར་བྱ། །ོཾ་ཧཱུཾ་ཕཊ་སྭཱཧཱ། ཏཱཾ་གི་ཡི་གེ་ལས་བྱུང་བ། །ལྷ་མོ་ཁ་དོག་སྔོ་བསངས་མ། །མཆོག་སྦྱིན་དང་ནི་ཨུ་ཏཱ་ལ་བསྣམས། །སྣ་ཚོགས་པདྨའི ་སྟན་ལ་ནི། །རྟག་ཏུ་བཟང་པོའི་སྟངས་ཀྱིས་གནས། །སྤྱི་བོར་དོན་ཡོང་གྲུབ་པས་བརྒྱན། །བསྐལ་བཟངས་ཤིན་ཏུ་བགགས་མ་ཡི། །སྒྲོལ་མའི་གཟུགས་སུ་བསྒོམ་པར་བྱ། །ོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཡི་གེ་མཾ་ལས་བྱུང་བ་ཡེ། །མཆོག ་སྦྱིན་མྱ་ངན་མེད་ཤིང་བསྣམས། །ཉི་མ་འཆར་ཀ་ལྟ་བུའི་མདོག་།རྣམ་པར་སྣང་མཛད་དབུ་རྒྱན་ཅན། །རྟ་བདུན་ལྡན་པའི་ཤིང་རྟ་ལ། །གཡས་བརྐྱང་བ་ཡི་སྦྱོར་བ་ཡིས། །སྒེག་ཅིང་ཡན་ལག་བརྒྱན་པ་ཡི། །བརྟུལ་ཞུགས་ཅན ་གྱི་འོད་ཟེར་བསྒོམ། །ོཾ་མཱ་རི་ནྱཻ་སྭཱཧཱ། །ཡི་གེ་ཙུམ་ལས་བྱུང་བ་ཡི། །སྟོན་ཀའི་ཟླ་བ་ལྟ་བུའི་མདོག་།རིན་ཆེན་སྙིམ་པ་སྙིང་གར་འཛིན། སྣ་ཚོགས་པདྨའི་སྟན་ལ་ནི། །རོལ་པའི་སྟབས་ཀྱིས་ཡང་དག་བཞུགས། །རྣམ་པར་སྣང་མཛད་སྤྱི ་བོར་བརྒྱན། །བྱང་ཆུབ་སེམས་ནི་འཛག་ཅིང་འབབ། །མྱོས་དང་བཅས་པའི་སྐུལ་བྱེད་བསྒོམ། །ོཾ་ཙེ་ལེ་ཙུ་ལེ་ཅུ་ནདེ་སྭཱ་ཧཱ། །ཡི་གེ་བཾ་ལས་བྱུང་བ་ཡིས། །ལྷ་མོ་ནོར་རྒྱན་ཁ་དོག་སེར། །མཆོག་སྦྱིན་སྙེ་མ་ཕྱག་ན་བསྣམས། །རིན་ཆེན ་པདྨའི་སྟན་ལ་ནི། །རྡོ་རྗེ་སྐྱིལ་ཀྲུང་སྦྱོར་བས་བཞུགས། །རིན་པོ་ཆེན་དབང་པོ་དབུ་རྒྱན་ཅན། །ོཾ་བ་སུ་དྷ་རེ་བ་སུ་བི་ཥྚི་པཱ་ཏ་ཡ་བ་སུ་སྭཱཧཱ། །ཡི་གེ་ཇི་ལས་བྱུང་བ་ཡི། །གནོད་གནས་སུ་ནི་བསྒོམ་བྱ་སྟེ། །མདོག་སེར་རྒྱན་ཀུན་གྱིས་བརྒྱན ་ཅིའི། །གཡས་ཀྱིས་སྐྱུར་རྩི་ཤིང་ཐོག་བསྣམས། །གཡོན་ན་རིན་པོ་ཆེ་ཡི་ཁྲིའུ། །རིན་ཆེན་དབང་པོ་ཅོད་པན་ཅན། །ོཾ་ཛཾ་བགྷ་ལ་ཛ་ལེན་དྲ་ཡེ་སྭཱཧཱ། །ཡི་གེ་པ་ལས་བྱུང་བ་ཡི། །འཁོར་ལོ་དང་ནི་རིལ་གྲི་བསྣམས། །རྣམ་པར་སྣང་མཛད་ཅོད ་པན་ཅན། །ཟླུམ་པོ་ཡི་ནི་སྟབས་གནས་ནས། །གཞོན་ནུ་གཟུགས་ནི་སྐྱེ་དང་ལྡན། །སོ་སོར་རྗེས་སུ་འབྲང་བ་བསྒོམ། །ོཾ་མ་ཎི་དྷ་རི་བཛྲི་ཎི་མ་ཧཱ་པྲ་ཏི་སྭ་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། །ཧཱུཾ་གྱི་ཡི་གེ་ལས་བྱུང་བའི། །ནག་པོ་ཆེན་པོ་ཕྱག་གཉིས་པ། །ཞལ་ཅིག ་མདོག་སྔོན་ཆེར་འབར་ཞིང། །ཟངས་གྲི་དང་ནི་ཐོད་པ་བསྣམས། །མགོ་བོའི་ཕྲེང་བའི་ངོ་ཤལ་ཁྱས། །མཆེ་བ་གཅིགས་ཞིང་འཇིགས་སུ་རུང། །བོངས་ཐུང་གཟི་བརྗིད་ཆེན་པོ་སྟེ། །ཁ་ཁྲག་ནི་འཛིན་པར་བསྒོམ། །སློབ་དཔོན་ལ་རྟག་སྡང་བ ་དང། །གང་ཞིག་དཀོན་མཆོག་གསུམ་ལ་གནོད། །སེམས་ཅན་སྣ་ཚོགས་གསོད་པ་རྣམས། །ནག་པོ་ཆེན་པོས་ཟ་བར་བྱེད། །ོཾ་མ་ཧཱ་ཀ་ལ་ཤཱ་ཤ་ནཱ་པ་ཧཱ་རི་རེ་ཥཔོ་པ་ཤཙི་མ་ཀཱ་ལོ་ཡཾ་དིནྟད་རཏན་ཏྲ་ཡཱ་པ་ཀ་རི་ནཱ་ནྱ་དི་པྲ་ཏི་ཛྙཱཾ་སྨ ་ར་སི་ཏ་དཱ་ཨི་དཾ་དུཥྚ་ཁ་ཁ་ཁཱ་ཧི་མཱ་ར་མཱ་ར་གྲིཧྞ་བནདྷ་བནདྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་ཧཱུཾ་ཕཊ། ཧཱུཾ་ལས་བྱུང་བ་ཞེས་བྱ་བ་ནི་ཧཱུཾ་ཡོངས་སུ་གྱུར་པ་ལས་བསྐྱེད་པའོ། །རྟེན་ཏུ་ཞེས་སྡང་ཕ་རོལ་སོན། ཞེས་བྱ་བ་ནི་གཉིས ་པོ་ཟད་པའི་མཐར་ཐུག་པའོ། །སེམས་ནི་ནང་དུ་ཁྲོས་པ་སྟེ། ཞེས་བྱ་བ་ནི་ཁྲོས་པས་ཁེངས་པའི་ཡིད་དང་ལྡན་ཞེས་བྱ་བའི་དོན་ཏོ། །ན་མ(རྒྱུད་འགྲེལ་སོགས་པ་ལ། །ཙན་དྷ་མ་དྷ་ལ་ཞེས་བྱ་བ་ནི་གཤིན་རྗེ་དང་སྲིན་མོ་ལ་སོགས་པའོ། །ོཾ་ཀྵེ་པ་ཞེས་བྱ་ང་ནི་ཁྱད་དུ་གསོད་པའོ། །དེ་བྱེད་པས་ནི་ཙན་དྷ་མན་དྷ་ལ་ཀྵེ་པ་བྱེད་པའོ། །ཧཱུཾ་ཞེས་བྱ་བ་ནི་གཟུང་བ་ལ་སོགས་པས། སྟོང་པའི ་སྒྲའི་རྐྱེན་མེད་པའི་ཡིད་དོ། །ཕཊ་ཅེས་བྱ་བ་ནི་གདུག་པ་རྣམས་ལྟུང་བར་བྱེད་པའོ། །མི་མོའི་པདྨ་གས་ཆག་མེད་ཅེས་བྱ་བ་ནི་མི་མའི་ཉེ་བར་མཚོན་པ་སྟེ། སྐྱེས་པ་ཡི་ཡང་གཟུང་བར་བྱའོ། །པདྨ་ནི་ཐོད་པའོ། །གས་ཆག་མེད་པ་ནི ་ཟག་རྡོལ་མེད་པའོ། །དེ་ལྟར་ཡང་གསུངས་པ། །ཟླ་བ་གླང་གདོན་པདྨ་འདྲ། །གཞན་ཡང་གསེར་གྱི་སྒོ་དང་ལྡན། །བྲམ་ཟེ་ལ་སོགས་ཐོད་པ་དང། །སྨད་པའི་རིགས་བྱུང་ཐོད་པ་དང། །དུམ་དུ་གཅིག་དང་ལྡན་པ་ཡི། །མི་ཡི་ཐོད་པས་ཤེས ་བར་བྱའོ། །རྣ་ལྟག་གི་ནི་བུ་ག་དང། །ལྟ་པ་ཡི་ནི་བུ་གར་ལྡན། །མ་མོའི་མཛེས་ཤིང་གས་ཆག་མེད། །ཡེ་ཤེས་ཅན་གྱི་ཤེས་པར་བྱ། །དཔྲལ་བ་འམ་རྣ་བའི་སྟེང་དུ་ནི། །མུ་ཏིག་ཕྲེང་བའི་རི་མོ་ཡོད། །དུམ་གཅིག་དུམ་གཉིས་དུམ ་གསུམ་བཞི། །བཅུ་གཉིས་པ་དང་བཅུ་དྲུག་པར། །དེ་བཞིན་དུ་ནི་གས་ཆག་མེད། །ཟླ་བ་ལྟ་བུར་ཤེས་པར་བྱ། །ཅུང་ཟད་རིང་ཞིང་ཤིན་ཏུ་མཛེས། །དམར་ཞིང་སེར་བ་བ་ལང་གདོང། །པདྨ་འདྲ་བ་པདྨ་སྟེ། །དམར་སེར་དང་ནི་དཀར་པོ་ཡིན། །ཐེག་པ་དེ་དག་བསྔགས ་པ་སྟེ། །དེ་ལ་ལྷག་མ་སྤངས་པར་བྱ། །གས་དང་ཟགས་པ་ལ་སོགས་པའི། །ཐོད་པ་ཤིན་ཏུ་གཟུང་མིན་ཡིན། །རིག་མ་བཞི་ཡི་རབ་སྦྱོར་གྱིས། །ཞེས་བྱ་བ་ལ། རབ་ཏུ་སྦྱོར་བ་ནི་དགུག་པ་ལ་སོགས་པའི་ལས་སོ། །རིག་མ་བཞི་ལས་དེ་དག་ལ། ་རིམ་པ་བཞིན་དུ་སྦྱན་ལ་སོགས་པའི་ལྷ་མོ་རྣམས་ཀྱི་དགུག་པ་ལ་སོགས་པ་བྱའོ། །སངས་རྒྱས་ཀུན་གྱིས་དགང་བར་བྱ་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱིས་ལྷའི་རང་བཞིན་གྱི་ཞལ་གྱིས་བཀང་སྟེ། སངས ་རྒྱས་ཀྱི་རྡུལ་ཕྲ་རབ་ཀྱིས་སོ། །ཡང་ན་རིགས་པ་བཞིའི་རབ་སྦྱོར་གྱིས། །ཞེས་བྱ་བ་ནི། སྙིང་ག་རྡོ་རྗེ་ལྕགས་ཀྱུས་དབུག་པ་དང། མགྲིན་པ་ཞགས་པས་བཅིངས་ནས་རླུང་གི་དཀྱིལ་འཁོར་ལ་བསྐྱོན་ཏེ། །བཀུག་ལ་སྤྱི་བོར་ལྷ་མོ་རྣམས ་ཀྱི་བདུད་རྩིའི་བུམ་པས་ཁྲུས་གསོལ་པའོ། །རྐང་རྗེས་ནི་སྙིང་གའི་ས་བོན་ནོ། །རྡུལ་ནི་དེའི་འོད་ཟེར་རོ། །ཆོ་ག་ནི་དེ་ལས་སྤྲོས་པའི་ལྕགས་ཀྱུ་དང་ཞགས་པ་ཐོགས་པའི་ལྟའོ། །ཡང་ན་རྐང་རྗེས་ཀྱི་རླུང་ནི་རྐང་པ་བོར་བའི་སའོ། །ཆོ་ག ་ནི་ཆུ་མགྲམ?་གཉིས་ཀྱིས་དང། རྐང་རྗེས་ཀྱིས་རུལ་བསྲེས་པའི་ས་ལས་གཟུགས་བརྙན་བྱའོ། །རྐང་བས་མནན་ཏེ་བཟླས་པ་བྱ་ཞེས་བྱ་བ་ལ། །བུམ་མོ་དགུགས་པ་ལ་ནི་གཡོན་བརྐྱང་བས་མནན་པར་བྱས་ལ། །སྐྱེས་པ་ལ་ནི་གཡས ་བརྐྱང་པས་མནན་པར་བྱ་སྟེ། སྔགས་ཐོད་པ་ལ་བྲིས་ལ་ཞེས་བྱ་བ་ནི་ལྷག་མའོ། །དེ་ཞེས་བྱ་བ་ནི་གཤིན་རྗེའི་མཐར་བྱེད་དོ། །བཟླས་པ་ཞེས་བྱ་བ་ནི་བསྐུལ་ཚིག་དང་བཅས་པའི་སྔགས་འདོན་པའོ། །འདིའི་བསྡུས་པའི་དོན་ནི་འདི་ཡིན་ཏེ། ་བུད་མེད་འགུགས་པར་འདོད་པས་བུ་མོའི་ཐོད་པ་མཚན་དང་ལྡན་པ་བླངས་ལ་གུར་གུམ་དང་གོ་རོ་ཙ་ན་དང། སྲིན་ལག་གི་ཁྲག་གིས་ཐོད་པའི་རྒྱབ་དུ་ལྟེ་བ་དང། བཅས་པའི་པདྨ་འདབ་མ་བརྒྱད་བྲིས་ལ་ལྟེ་བར་བསྒྲུབ ་བྱ་སྤྱན་མ་ལ་སོགས་པའི་གཟུགས་སུ་བྲིས་ནས་དེའི་སྙིང་གར་ཕྲེང་བའི་སྔགས་ཆེ་གེ་མོ་ཨཱ་ཀར་ཥ་ཡ་ཛ(རྒྱུད་འགྲེལ་གར་གྲོ་ག་ལ་སོགས་པ་ལ་བྲིས་པའི་སྔགས་བཅུག་ནས་རྐང་མཐིལ་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ལྕགས་ཀྱུས་མཚན་པས་གཟུགས་བརྙན་གྱི་སྙིང་ག་རྐང་པ་གཡོན་བརྐྱང་པ་ལྕགས་ཀྱུའི་ཚུལ་ཅན་གྱིས་མནན་ནས་ཕྲེང་སྔགས་བསྐུལ། ་ཚིག་དང་བཅས་པ་བཟླས་པས་བསྒྲུབ་པར་བྱའོ། །བསྒྲུབ་བྱ་ཡཾ་ལས་བསྐྱེད་པའི་རླུང་གི་དཀྱིལ་འཁོར་ལ་ཡི་གེ་ཛེ་འོད་ཀྱིས་བླངས་ནས་བསྐྱོན་ཏེ། དེས་བསྐུལ་བཞིན་པ་རང་གི་སྙིང་གནས་ལྕགས་ཀྱུ་དང་ཞགས་པ་ཐོགས་པའི་ཁྲོ་བོ་སྤྲོས? ་ནས་དེ་ལ་བཀའ་སྒོ་སྟེ་དེས་ཇི་ལྟ་བ་བཞིན་དུ་དྲངས་ཏེ། རླུང་གིས་བཏེག་ནས་འོངས་པ་དང། ཁྲོ་བོ་ལ་སོགས་པ་དེ་དག་ལ་ཙན་དན་གྱི་ཆུའི་ཨརྒྷ་ལ་སོགས་པ་སྦྱིན་པར་བྱ་སྟེ། དེས་གནོད་སྦྱིན་མོ་དང་མི་ལ་སོགས་པ་འགུགས་པར ་འགྱུར་རོ། །སྐྱེས་པ་དགུག་པ་ལ་ནི་སྐྱེས་པའི་ཐོད་པ་དང། གཡས་བརྐྱང་བས་མནན་པར་བྱའོ། །སྐུ་གསུམ་སྐྱེ་གནས་བསྒོམས་པ་ཡིས་ཞེས་བྱ་བ་ནི། གདན་དང། ས་བོན་དང། མཚན་མ་རྣམས་ཀྱིས་ལྷའི་གཟུགས་བསྐྱེད་པར་བྱའོ། །སི་ཏདྡྷ་བདྷ? ་རེ་ཞེས་བྱ་བ་ནི་རྡོ་རྗེ་དབྱུག་པ་དཀར་པོ་དང་པདྨ་ཐོགས་པའོ། །བི་བི་ད་སུ་རཱ་སུ་ར་མཱ་ར་ད་ཡ་ཏི་ཞེས་བྱ་བ་ནི་ལྷ་དང་ལྷ་མ་ཡིན་སྣ་ཚོགས་འཇོམས་པའོ། །བུ་ད་ནི་མ་ཐེ་ཞེས་བྱ་བ་ནི་འབྱུང་པོ་དང་ཡི་དགས་དང་ཤ་ཟ་དང་གནོད་སྦྱིན་ལ་སོགས་རྣམས། ་གཏོགས་པར་བྱེད་པའོ། །ལྷག་མ་གོང་བཞིན་ནོ། །འབྱུང་པོ་ཡི་དགས་ཤ་ཟ་དང། །མཁའ་འགྲོ་མ་ཡི་འཁྲུགས་ནས་སུ། །རྒྱས་བཏབ་ཧཱུཾ་གིས་བསྒྱིངས་པར་བྱ། །ཞེས་བྱ་བས་འབྱུང་པོ་ལ་སོགས་པ་ཟབ་ཅིང་རྒྱས་བཏབ་པ་ལ་ཧཱུཾ་ཞེས་འདོན་ཅིང་ཁྲོ་བོ་དང ་བཅས་པའི་ཁྲོ་གཉེར་བསྐོར་བ་སྨིན་མ་བཅུམ་པ་དང་བཅས་པས་བསྒྱིངས་ཤིང་བལྟའོ། །རྡོ་རྗེས་གཟིར་བས་བདེ་བར་འགྱུར་ཞེས་བྱ་བ་ལ། །རྡོ་རྗེས་གཟིར་བ་ཞེས་བྱ་བ་ནི་རྣལ་འབྱོར་མའི་ལག་པ་གཉིས་དང། རྐང་མཐིལ་གཉིས་སུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ ་བསམས་ལ། དྲིལ་ཞིང་མཉེ་བ་དང། ཧཱུཾ་ལས་བསྐྱེད་པའི་རྡོ་རྗེ་འབར་བར་བསྐྱེད་པའི་ཡུངས་ཀར་གྱིས་བརྡེག་པའོ། །བདེ་བར་འགྱུར་ཞེས་བྱ་བ་སྔ་མ་བཞིན་དུ་འགྱུར་བའོ། །འདིའི་དོན་ཡང་གཞན་གྱིས་མི་ཐུབ་པའི་རྣལ་འབྱོར་ལ་གནས་ཏེ། བསྲུང་བ་བྱེ་ནས ་ལག་མཐིལ་གཉིས་དང་རྐང་མཐིལ་གཉིས་སུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་འབར་བ་བསམས་ལ་ཡིད་ཀྱིས་བསྒྲུབ་བྱའི་ལུས་ལས་སྲིན་པོ་ལ་སོགས་ཡིད་ཀྱིས་དྲངས་ནས་ལག་པའི་བར་དུ་མཉེས་ཞིང་རྡོ་རྗེ་འབར་བར་བསྲེགས་ལ། ཡང་རྐང་པའི་འོག་ཏུ་བཅུག ་སྟེ། མཉི་ཞིང་ཚིག་པར་བསྒོམས་ནས། ཨ་མུ་ཀ་རཱ་ཀྵ་ས་ཨ་ཏི་བྷཡོ་མོ་ཛ་ཡིད་ཞེས་བསྐུལ་ཚིག་དང་བཅས་པར་སྔགས་བཟླས་པའམ། ཡང་ན་བསྒྲུབ་བྱའི་ལུས་ཀྱི་སྟེང་དུ་གནས་ཏེ། སྲིན་པོ་ལ་སོགས་པ་དེ་དག་ཉིད་ཡིན་པར་དམིགས་ནས་བཅིང ་བར་བྱས་ན། བསྒྲུབ་བྱ་དབུགས་ཆད་པར་འགྱུར་བར་བསམས་ཏེ། དེ་ནས་བསྒྲུབ་བྱའི་རྩིབ་ལོགས་གཉིས་སུ་རྡོ་རྗེ་དང་བཅས་པའི་ལག་པ་གཉིས་ཀྱིས་གཟིར་ལ་བསྒྲུབ་བྱའི་སྙིང་ག་དང། མགྲིན་པར་ཡང། ཧཱུཾ་གིས་བསྐྱེད་པའི་རྡོ་རྗེ་འབར ་བས་བསྲེག་ཅིང། ཡུངས་ཀར་གྱི་རྒྱལ་པོ་ཧཱུཾ་གིས་རྡོ་རྗེ་འབར་བར་བསྐྱེད་ལ། སྔགས་བརྒྱ་བརྒྱད་བཟླས་ཏེ་དེའི་འོག་ཏུ་ཡུངས་ཀར་རེ་རེ་ལ་སྔགས་ལན་རེ་བཟླས་བས་བསྣུན་པས་ཕྱེ་མར་གྱུར་པར་བལྟའོ། །དེས་ནི་སྲིན་པ་ལ་སོགས་པ་སྙིང ་རྗེ་དང་བཅས་ཤིང་གདུང་རབ་འགྱུར་ཏེ། ཇི་སྲིད་དུ་ཤིང་གི་ཡལ་ག་ཆག་པར་གྱུར་པའི་མནའ་བོར་ན་བཏང་བར་བྱ་བ་ཡིན་ནོ། །ཡང་ན་རྡོ་རྗེས་གཟིར་བ་ཞེས་བྱ་བ་ནི། སྲིན་པོ་ལ་སོགས་པ་གཟུང་བར་བྱ་བ་སྟེ། གདུལ་བྱ་རྣམས་འདུན་པར ་བྱ་བའི་ཕྱིར་སྲིན་པོ་ལ་སོགས་པ་གཟུང་བས་ཚར་བཅད་པའོ། །བདེ་བར་འགྱུར་ཞེས་བྱ་བ་ནི། ཚར་བཅད་ནས་བྱང་ཆུབ་ཀྱི་ལམ་དུ་བཅུག་པ་སྟེ། ལྟུང་བའི་གནས་ནས་བླང་བར་བྱའོ། །རྡོ་རྗེ་རིམ་པ་ཡང་འདི་ཡིན་ཏེ། བདག་ཉིད་གཞན་གྱིས་མ་ཐུབ་པའི་རྣལ་འབྱོར ་དུ་གནས་ལ། ཟླ་བ་མར་ངོའི་ཚེས་དང་སྐར་མ་དྲག་པོ་ལ་མདུང་གིས་གསོད་པ་དང། བསྒེགས་ནས་གསད་པའམ། མཚོན་གྱིས་གསད་པ་གཞན་ཡང་རུང་སྟེ། དེའི་ཐོད་པ་བླངས་ཏེ། དུར་ཁྲོད་ཀྱི་སོལ་བས་ཧཱུཾ་ལས་བསྐྱེད་པའི་མཆེ་བ་གཅིགས་ཤིང ་འཇིགས་སུ་རུང་བ་སྐྲ་གྱེན་དུ་བརྫེས་བཤིང་ཐོང་པས་བཅིངས་ལ་ལག་པ་གཡས་པ་རོ་ལངས་ཀྱིས་ཟངས་གྲི་འཕྱང་ཞིང་གཡོན་པར་སྡིག་མཛུབ་བྱེད་པའི་དོན་བྲིས་ལ་དེའི་སྙིང་ག་དུག་དང་རུས་ཕྱེ་དང། མཛུབ་མོའི་ཁྲག་ཏུ་བཅས་པས། ཆེ་གེ་མོ་གྲཧྞ ་ཞེས་བྱ་བའི་བསྐུལ་བའི་ཚིག་དང་བཅས་པའི་སྔགས་བྲིས་ལ། ཡང་ཐོད་པ་གཉིས་པ་བསྒྲུབ་བྱའི་རྐང་རྗེས་ཀྱི་རྡུལ་དང། དུར་ཁྲོད་ཀྱི་ཐལ་བ་དང་སོལ་བར་བཅས་པའི་རྡོ་རྗེས་སྤྲུས་ལ། གཟུགས་བརྙན་ཏེ་ཏ་ལའི་འདབ་མ་ལ་དུག་དང་འཛུབ་མོའི་ཁྲག ་ཏུ་བཅས་པས་བསྐུལ་ཚིག་དང་བཅས་པའི་སྔགས་བྲིས་ལ་སྙིང་གར་བཅུག་ནས་དུག་དང་ལན་ཚ་དང་སྐེ་ཆོས་བྱུག་གོ་།དེ་ནས་སྙིང་ཡང་དགུག་པ་ལ་སོགས་པ་བྱས་ནས་གདོན་གྱི་ཐོད་པ་སྟེང་དུ་གདོན་ཞིང་ཁ་སྦྱར་ལ་དུར་ཁྲོད་ལ་སོགས་པའི ་གནས་སུ་དེས་དེ་གཟུང་བར་བསམས་ཏེ། མཚན་ཕྱེད་ན་སྡོག་པས་མནན་ལ་བསྒྱིངས་པ་དང་བཅས་པས་སྔགས་བཟླས་ན་གདོན་མི་ཟ་བར་གདོན་གྱིས་ཟིན་པར་འགྱུར་རོ། །རིམས་ལ་སོགས་པས་འཛིན་པའི་ཆོ་ག་ཡང་དེ་ཉིད་དོ། །ཧུ་ལུ་ཧུ་ལུ ་ཞེས་བྱ་བ་ནི་མཛོད་ཅིག་མཛོད་ཅིག་པའོ། །མཧཱ་པདྨ་ཞེས་བྱ་བ་ནི་དྲན་པ་རྣམ་པར་དག་པ་ཡིན་པའི་ཕྱིར་ན་པདྨ་འདྲ་བར་ཉེས་པས་མ་དགོས་པའོ། ། མྲི་ཏཾ་ཀུ་རུ་བ་ཞེས་བྱ་བ་ནི་གཅིག་དང་བྲལ་བའི་ཕྱིར་རང་བཞིན་མྱ་ངན་ལས་འདས་པ་ཉམས་སུ་བླང ་བའོ། །བི་ཤ་ན་ཨ་ཞེས་བྱ་བ་ནི་རྣམ་པར་རྟོག་པའོ། ། ལ་ལ་ཞེས་བྱ་བ་ནི་རང་བཞིན་གྱིས་སྐྱེ་བ་མེད་པ་སྟེ་དེས་ན་དངོས་པོ་རྣམ་པར་རྟོག་པ་ཉིད་ཀྱིས་བཅོམ་པ་ཉིད་དུ་སྟོན་ཏོ། །དུག་ཆེན་པོའི་ནི་འགུགས་པར་བྱེད་ཅེས་པ་ནི། སྙིང་གར་ཉི་མ་ལ ་གནས་པའི་ཧཱུཾ་གི་འོད་ཟེར་གྱིས་ཁམས་གསུམ་ན་གནས་པའི་དུག་རྣམས་འགུགས་པའི་ཕྱིར་རོ། །དེ་བཞིན་བརྒྱལ་ལས་སློང་བར་བྱེད་ཅེས་བྱ་བ་ནི་བྱ་ཁྱད་གི་བསྟན་བཅོས་ལས་འབྱུང་བ་བཞིན་སྲག་དང་དྲན་པ་ཉམས་པ་རྣམས་སད་པར་བྱེད ་པ་སྟེ། དེ་ཡང་རྟ་མགྲིན་གྱི་རྣལ་འབྱོར་བྱ་ཁྱུང་གི་རྒྱུབ་ཏུ་ཉི་མ་ལ་གནས་པ་བསྒོམ་ལ་བསྒྲུབ་བྱའི་སྙིང་གར་ཧཱུཾ་ལས་བྱུང་བའི་ཉི་མ་ལ་ཡི་གེ་ཧཱུཾ་བཀོད་དོ། དུག་ལྡང་བར་བྱ་བའི་ཕྱིར་ཧཱུཾ་གི་འོད་ཟེར་གྱིས་ཡན་ལག་ཀུན་ལ་གནས་པའི་དུག་འབར ་བར་བྱའོ། །དེ་ནས་ལག་པ་གཡོན་པའི་མཐིལ་པཾ་ལས་བྱུང་བའི་པདྨ་དཀར་པོ་འདབས་མ་བརྒྱད་པ་བསམས་ལ། དེར་ཧཱུཾ་དཀར་པོ་འོད་དང་བཅས་ཤིང་བདུད་རྩི་འཛག་པར་དགོད་པའམ། ཡང་ན་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཧ་འམ། ཨོཾ་ཧའརཱ་ཧི་ཧཱུཾ་ཛ་བུ ་ཞེས་བྱ་བ་དྲུག་བཀོད་ཀྱང་རུང་སྟེ། ལག་པ་དེས་མགོ་བོ་ནས་བརྩམས་ནས་རྐང་པའི་བར་དུ་བྱས་ལ། ཡི་གེའི་འོད་ཀྱིས་བདུད་རྩིའི་རྒྱན་གྱིས་ཡན་ལག་ཀུན་གྱི་དུག་དྲངས་ནས་རྐང་པའི་རྩེ་མོ་ནས་མདོག་ནག་པོ་དྲངས་པར་བསྒོམས་ལ། ་སྔགས་ཀྱི་ཕྲེང་བ་བཟླ་ཞིང་སྔགས་ཀྱི་འོད་ཟེར་དཀར་པོས་ལུས་ཐམས་ཅད་དག་པར་བྱའོ། །ཡང་ན་བསྒྲུབ་བྱའི་མགོར་ཧྲཱི(རྒྱུད་འགྲེལ་ལུས་ཁ་དོག་དཀར་པོར་བསམས་ལ་ཡང་དང་ཡང་དུ་བྱས་ལ་འཕྲེང་བའི་སྔགས་བཟླའོ། །གཉི་ག་ལྟར་ན་ཡང་ངེས་པར་དུག་མེད་པར་འགྱུར་རོ། །ཡང་སྤང་ལེབ་དཀར་པོ་དང་བསྒྲུབ་བྱའི་མིང་གི་ཡི་གེ་རེ་རེ་ཧཾ་དང་སྤེལ ་ལ་དཀར་པོར་བྲིས་ནས་སྦྱོར་བ་དེ་ཉིད་ཀྱིས་ཕྲེང་བའི་སྔགས་བཟླས་པའམ། བསྒྲུབ་བྱའི་གཟུགས་བྲིས་ལ། ཡང་སྤྱི་བོར་ཧྲཱི(རྒྱུད་འགྲེལ་རོ། །ཡང་ན་དུག་གིས་ཟིན་པའི་ཧཾ་ས་མིང་དང། བསྒྲུབ་བྱའི་མིང་དུ་ཡི་གེ་རེ་རེ་ཞིང་སྤེལ་བ་དེ་སྤང་ལེབ་ལ་བྲིས་ལ། ཡི་གེ་ཐ་དང་ཨོཾ་གྱིས་བསྐོར་ཉེ་ཧ་དང་མིའི་ས་བོན་གྱིས་ཆོ་ག་བཞིན་དུ་སྦྱར་ན་དུ་བའི་མདོག་ལྟ་བུས་འདྲེན་པར་བྱེད་དོ། །དཀར་པོས་ནི ་ཉེ་བར་ཞི་བར་འགྱུར་རོ། །སེར་པོས་ནི་འཆིང་བར་བྱེད་དོ། །བཛྲ་ས་དོ་ཧ་དར་པ་ཡ་ཞེས་བྱ་བས་ནི། བཛྲ་ནི་ཁྲོས་པའོ། །དར་པ་ཡ་ནི་དྲེགས་པའོ། ། མྲི་ཏ་ཀུཎྜ་ལི་ཞེས་བྱ་བ་ནི་བདེ་བའོ། །རླུང་སྦུར་ཞེས་བྱ་བ་ནི་རླུང་གི་སྤུར་ཞིང་ཁྱེར་བའོ། །བསྒྲུབ་བྱའི་མིང ་གཟུང་ནས་སུ་ཞེས་བྱ་བ་ནི་མིང་དང་སྤེལ་བའི་སྔགས་བྲི་བར་བྱའོ། །ཚོགས་བདག་རྐང་པའི་འོག་ཏུ་དགོད་ཅེས་བྱ་བ་ལ་ཚོགས་ནི་ཨ་མྲི་ཏ་ཀུཎྜ་ལིར་ཞེས་བྱ་བའི་ཚིག་གོ་།རྐང་པའི་འོག་ཏུ་དགོད་ཅེས་བྱ་བ་ནི་རྐང་པའི་མཐིལ་དུ་བྲི་བ་འམ་ཚིག་གི་མཐར ་བཟླ་བའོ། །ཧཱུཾ་དང་ཕཊ་ཀྱིས་བསྒྱིངས་པར་ཞེས་བྱ་བ་ནི་གསང་མཐོན་པོར་བཟླ་བའོ། །ཧཱུཾ་གིས་བདུད་རྩིའི་ཏིང་འཛིན་བྱ་བ་ནི་ཧཱུཾ་བསྐྱེད་པའི་བདུད་རྩི་འཁྱིལ་པར་བསྒོམ་པའོ། །ཁྲོ་བོའི་སྡིགས་ཀྱི་རབ་སྦྱོར་གྱི་ཞེས་བྱ་བ་ནི། རབ་ཏུ ་སྦྱོར་བ་ནི་འདི་ཡིན་ཏེ། ཕ་མེས་ཀྱི་ན་གསུ་ཤིང་བསྙོན་བྱེད་བསྲེགས་པའི་སོལ་བ་དང། བ་བླ་དང་ནི་མ་པའི་ལོ་མའི་ཁུ་བ་དང་རྐང་པ་གཡོན་པའི་སྲིན་ལག་གི་ཁྲག་ཏུ་བསྲེས་ཏེ་རླུང་གིས་སྤུར་པའི་གོས་ལ་སོགས་པ་ལ་བྱ་རོག་ཆེན་པོའི་སྒྲོ ་རྩའི་སྨྱུག་གུས་རླུང་གི་དཀྱིལ་འཁོར་ལ་གནས་པའི་རལ་གྲིའི་འཁོར་ལོ་ལྟེ་བ་ཡངས་པར་བྲིས་ལ། ལྟེ་བར་བསྒྲུབ་བྱའི་གཟུགས་བྲིས་ཏེ། དེའི་སྙིང་གར་མིང་དང་སྤེལ་བའི་སྔགས་ཀྱི་ཕྲེང་བ་བྲིས་ནས། རྫ་མཁན་གྱི་འཁོར ་ལས་བྱུང་བའི་འཛིམ་པ་དང་རྐང་རྗེས་ཀྱི་རྡུལ་དང། ལམ་གྱི་བཞི་མདོའི་ས་རྣམས་ལས་གཟུགས་བརྙན་བྱས་ལ། རས་མ་སྙིང་གར་སྦཅུག་སྟེ། ཐོད་པ་ཁ་སྦྱར་གྱིས་ནང་དུ་གཞག་ནས། དགུག་པ་སྔོན་དུ་འགྲོ་བ་ན། ན་མ་(རྒྱུད་འགྲེལ་ཏ་བུདྡྷེ་བྷཡོ་ན་བཛྲ་ཀྲོ་དྷ་ཡ་མཧཱ་དཾ་ཥྚོང་ཀ་ཊ་བཏཻ་ར་བཱ་ཡ། ཨོཾ་ཨ་མྲི་ཏ་ཀུ་ཎྜ་ལི་མུ་ཀ་ཨུ་ཙྪ་ཊཱ་ཡ་ཧཱུཾ་ཕཊ། ཞེས་བྱ་བའི་ཕྲེང་བའི་སྔགས་བརྒྱ་རྩ་བརྒྱད་བཟླས་ལ། མ་མོའི་ཁྱིམ་མམ་ལམ་གྱི་བཞི་མདོ་འམ་དུར་ཁྲོད་དུ་སྦའོ། ། ་བསྒྲུབ་བྱ་ཡང་རླུང་གིས་བཏེག་པའི་རྔ་མོ་ལ་བསྐྱོན་ཏེ། ལག་ན་དབྱུག་པ་ཐོགས་པའི་ཁྲོ་བོ་དྲག་པོས་བརྡེག་ཅིང་ལྷོ་ཕྱོགས་སུ་ཁྲིད་པར་བསམས་ན་གདོན་མི་ཟ་བར་འཁྲིད་པར་འགྱུར་རོ། །ལྷག་མ་ནི་གོ་སླའོ། །ཡ་མི་ནི་གཤིན ་རྗེ་ལ་སོགས་པའོ། །ད་ཎྜ་ནི་དེ་རྣམས་གསོད་ཅིང་ཆད་པ་གཅོད་པའོ། །ནཱི་ལ་ཡ་ཞེས་བྱ་བ་ནི་ལུས་ཀྱི་ཁ་དོག་གོ་།ནཱི་ལ་ཡ་ཞེས་བྱ་བ་ནི་དབྱུག་པའི་ཁ་དོག་སྟེ། མིང་ནས་བོད་པའོ། །ཏུ་རུ་ཏུ་རུ་ཞེས་བྱ་བ་ནི་རིངས་པར་རོ། མུ་རུ་མུ་རུ། ་ཞེས་བྱ་བ་ནི་མཛོད་ཅིག་མཛོད་ཅིག་ཕའོ། །སརྦ་དུཥྚ་ན་ཞེས་བྱ་བ་ནི་དཀོན་མཆོག་གསུམ་ལ་སྡང་བ་རྣམས་སོ། །སྦྱོར་བའི་ཆོ་གས་བསྒྲུབ་པར་བྱ་བ་ལ། སྦྱོར་བའི་ཚོ་ག་ནི་འདི་ཡིན་ཏེ། འཕགས་དབྱུག་སྔོན་གྱི་རྣལ་འབྱོར་དང་ལྡན་པས ་དུར་ཁྲོད་ཀྱིས་ལ་བ་དང། གྲོག་མཁར་གྱིས་དང། ཕུབ་མ་དང། ཤ་ཆེན་དང། རྐང་རྗེས་ཀྱི་རྡུལ་རྣམས་ལས་གཟུགས་བརྙན་བྱས་ལ་དུག་དང་ཁྲག་དང་རམས་དང་བཅས་པའི་ཚ་བ་གསུམ་དང། ནི་མྦའི་ལོ་མའི་ཁུ་བས། དུར་ཁྲོད་ཀྱི་རས ་ལ་མི་རུས་ཀྱི་སྨྱུ་གུ་སྣ་ཚོགས་རྡོ་རྗེ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་དེའི་དབུས་སུ་སྒྲུབ་བྱའི་མིང་དང་སྤེལ་པའི་ཕྲེང་སྔགས་བྲིས་ནས་གཟུགས་བརྙན་གྱི་སྙིང་གར་བཅུག་སྟེ། དགུག་པ་སྔོན་དུ་འགྲོ་བས་ཐོད་པ ་གཉིས་ཀྱིས་ནང་དུ་བཅུག་ལ། དེ་གསོད་བྱེད་ཀྱི་ཁྲོ་བོ་གཏུམ་པོར་བདག་ཉིད་བསྒོམས་ནས་མཚན་ཕྱེད་དམ་ཉི་མའི་གུང་ལ་རྐང་པའི་རུས་པ་དང་ནི་ནི་མཔའི་ལོ་མའི་མཁར་བསྡད་ཅིང། སྡོག་པ་གཡོན་པས་མནན་ལ། ཆེ་གེ་མོ་མཱ་ར་ཡ་ཕཊ་ཅེས ་བྱ་བ་དང་སྤེལ་བའི་ཕྲེང་སྔགས་ཁྲོ་བོའི་ཚིག་གིས་བཟླས་ན་ཉི་མ་བདུན་གྱིས་འཆི་བར་འགྱུར་རོ། །དེས་ཀྱང་མ་གྲུབ་ན་དུར་ཁྲོད་དུ་སོང་སྟེ་ནིམཔའི་ཤིང་ལ་མེ་སྦར་ལ། དེའི་དབུས་སུ་ཁྲོ་བོའི་རྒྱལ་པོ་སྤྱན་དྲངས་ཏེ། ཞལ་ཤིན་ཏུ་གདངས ་བར་བསམས་ཏེ། མཚོན་རྣོན་པོས་གཟུགས་བརྙན་གྱིས་རྐང་པ་གཡོན་པའི་མཐེའུ་ཆུང་ནས་སྦམས་ཏེ། གཏུབས་ནས་བསྐུལ་བའི་ཚིག་དང་བཅད་པའི་ཕྲེང་སྔགས་ཟློས་ཤིང་ཤིན་ཏུ་ཁྲོས་པས་སྦྱིན་སྲོག་ཏུ་ཕུལ་ན། གདོན་མི་ཟ་བར ་དེའི་མཆེན་མོ་འཆི་བར་འགྱུར་རོ། །ུ་ཙུ་ཤམ་ཀྲོ་དྷ་རཱ་ཛ་ཞེས་བྱ་བ་ནི་མིང་སྟེ་ཤིན་ཏུ་གསལ་བའི་ལུས་དང་ལྡན་པའི་ཕྱིར་རོ། །ན་མ(རྒྱུད་འགྲེལ་པའི་ཕྱིར་སྙིང་གཟེར་བའོ། །དེ་ལ་དབྱར་ཟླ་ཐ་ཆུང་ལ་ནི་ཀརྐོ་ཊས་སོ། །སྟོན་ཟླ་ར་བ་ལ་ནི་ཤཾ་ཀ་པ་ལས་སོ། །སྟོན་ཟླ་འབྲིང་པོ་ལ་ནི་ཏ་ཀྵ་ཀས་སོ། །སྟོན་ཟླ་ཐ་ཆུང་ལ་ནི་བ་སུ་ཏས་སོ། །དེ་བཞིན་དུ་དཔྱིང་ཟླ་འབྲིང་པོ་ལ་སོགས་པ་རྣམས་ལ ་ཡང་རིམ་བཞིན་དུ་འཆང་འབེབས་པར་ཤེས་པར་བྱའོ། །སྔར་བསྟན་མོད་ཀྱི་འདིར་བཤད་པར་བྱ་སྟེ། སྔར་བསྟན་པ་བཞིན་སྟོབས་པོ་ཆེའི་རྡོ་རྗེའི་ཏིང་ངེ་འཛིན་ཞལ་བཞི་ཕྱག་བརྒྱད་པ་འམ། ཞལ་གཅིག་ཕྱག་གཉིས་པ་སྟེ། དེ་ལ་གནས་ནས་ཁམ ་པོར་སོ་མ་བཏང་པས་རོམས་ཀྱི་ཁུ་བས་རལ་གྲི་ལྕེ་བརྒྱད་པའི་འཁོར་ལོའི་དབུས་སུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཤུ་ལོ་ནིའི་སྔགས་དང་སྤེལ་བའི་སྔགས་ཀླུ་རྣམས་ཀྱི་སྙིང་པོ་བྲིས་ནས། ཁཾ་ཕོར་ཁ་སྦྱར་ཏེ། སྐུད་པ་སྔོན་པོས་དཀྲིས་ལ་ཤུ་ལོ་ནི ་དང། ཀླུ་རྣམས་བཀུག་སྟེ། མཆོད་ནས་བཀའ་བསྒོ་བ་སྟེ། ཀླུ་གནས་པའི་རྫིང་བུ་ལ་སོགས་པར་གཞུག་གོ། ཡང་ན་ཏཱ་ལའི་འདབ་མ་ལ་སྣ་ཚོགས་རྡོ་རྗེ་རྩེ་ལྔ་པའི་སྔགས་ཀྱི་ཚིག་དང་བཅས་པ་སྣག ་ཆས་བྲིས་ལ། དེ་ཉིད་མེ་ལྕེ་འབར་བ་དང་འདྲ་བར་བསམས་ནས་དེ་ལས་གྱུར་པའི་ལྷ་མོ་རལ་གཅིག་མ་ཞལ་གཅིག་ཕྱག་གཉིས་པ་བཟངས་གྲི་དང་ཐོད་པ་བསྣམས་ཤིང་མདོག་སྔོ་བ་སྐྲ་ཁམ་སེར་གྱེན་དུ་བརྫེས་ཤིང་ཐོད་པ་གསུམ་གྱིས ་བཅིངས་པ་བསྒོམས་ལ། མཆོད་དེ་བཀའ་བསྒོ་བས་ཏཱ་ལའི་འདབ་མ་ཀླུའི་མཚོར་བོར། དེ་ནས་དབེན་པའི་ས་གཞན་དུ་མེའི་དཀྱིལ་འཁོར་ལ་རླུང་གི་དཀྱིལ་འཁོར་དབུས་སུ་ཆུའི་དཀྱིལ་འཁོར་ལ་པདྨ་འདབ་མ་བརྒྱད་བྲིས་ལ། དེའི་ལྟེ་བར་ཆུའི ་ལྷ་སྐུ་སྟོང་སྐྱེས་བུའི་གཟུགས་ཅན་གདེངས་ཀ་བདུན་དང་ལྡན་ཞིང་མདོག་དཀར་བ་ཕྱག་གཉིས་ན་སྦྲུལ་ཞགས་ཐོགས་པ་བྲིའོ། །ཤར་ལ་སོགས་པའི་ཕྱོགས་རྣམས་སུ་ནི་ཨ་ནནད་སྡོ་བསངས་དང། བ་སུ་ཀ་དཀར་པོ་དང། ཏཱ་ཀྵ་ཀ་དམར་པོ་དང། ་ཀཀེཊ་སྔོན་པོའོ། །མེ་དང་བདེན་བྲལ་གྱིས་མཚམས་སུ་པདྨ་དང་པདྨ་ཆེན་པོ་སྐྱོ་བོའོ། །རླུང་མཚམས་སུ་ནི་ཤཾ་ཀ་པ་ལ་སེར་པོའོ། །དབང་ལྡན་དུ་ནི་ཀུ་ལི་ཤཾ་སྣ་ཚོགས་ཀྱི་མདོག་གོ་།དེ་ནས་ཀླུ་ཐམས་ཅད་ཡི་གེ་རྣམས་ལས་བསྐྱེད་པ་ལ ་སོགས་པ་བྱས་ལ། བུ་རམ་དང་འོ་མལ་སོགས་པའི་ཀླུ་རྣམས་དགའ་བའི་ལྷ་བཤོས་ཡི་གེ་ཕུ་བཟླས་ལ་དབུལ་ཞིང། མེ་ཏོག་སྔོན་པོ་དང་དྲི་དང་བ་དན་སྔོན་པོ་དབུལ་ཞིང། སྤོས་དང། རྒྱ་སྤོས་དང། ཀུནདུ་རུ་དང། སེན་མོ་དང། ཡུངས་དཀར ་དང། ནག་གེ་སར་རྣམས་ཀྱི་ཕྱེ་དང། ནཱ་ག་གེ་སར་རྣམས་ཀྱི་ཕྱེ་མ་ཤ་ཀ་ར་དང་བཅས་པའི་བདུག་པ་དང། མར་ལས་བྱུང་བའི་མར་མེ་རྣམས་མངོན་པར་བསྔགས་ལ་དབུལ་ལོ། །དེ་བཞིན་དུ་བུམ་པ་སྔོན་པོ་ཆུ་སྔོན་པོས་བཀང་བ་ཡང་དབུལ ་ཏེ། ཡི་གེ་ཕུ་དང་ནད་དུ་སྤྲེལ་བའི་སྔགས་ཀྱིས་དགུག་ཅིང་བཅུག་ལ། ཨརྒྷ་སྦྱིན་པ་སྔོན་དུ་འགྲོ་བས་དེ་ལྟར་མཆོད་ནས། བཅོམ་ལྡན་འདས་ཀྱི་བཀས་ཀླུ་ཁྱེད་རྣམས་བདག་ལ་དགའ་བཞིན་དུ་ཆར་ཕོབ་གཅིག་ཅེས་བརྗོད་ལ་ཀླུ་རྣམས་ནམ་མཁའ་ལ་ཆར་འབེབས ་ཕར་བསམས་ནས། ཨོཾ་ཤུ་ལ་པཱ་ནི་བྲཤ་ཡ་ཤཱི་གྷཝཾ་ཨོཾ་ཛཡོ་ཏི་ནིང་ན་ད་པརཤ་པ་ཡ་ཤཱི་གྷྲཾ་ཞེས་བྱ་བའི་བསྐུལ་ཚིག་དང་བཅས་པའི་སྔགས་བཟླས་ན་འབབ་པར་འགྱུར་རོ། །དེ་ནས་ཀྱང་མི་འབབ་ན་ཧོཾ་ཁུད་ཟླུམ་པོ་བྱས་ལ། དེ་ཉི་དུ་ཀླུའི་དཀྱིལ་འཁོར་བྲིས་ཏེ། ་སྤྱན་དྲངས་པ་ལ་ཡི་གེ་ནི་ལྕེ་ལ་བསམས་ལ། ཨརྒྷ་ལ་སོགས་མཆོད་པ་སྔོན་དུ་འགྲོ་བས་བུ་རམ་དང་བཅས་པའི་མར་གྱི་དགང་བླུགས་གསུམ་ཕུལ་ལ་བུ་རམ་དང་བཅས་པའི་འོ་མ་ལ་སོགས་པའི་སྦྱིན་སྲེག་བླུགས་ཤིང། ཨོཾ་ཨ་ནན་ཞེས་བྱ་བས ་བྱིན་གྱིས་བརླབས་པ་ཕུལ་ན། ཚིམ་ནས་ཆར་འབེབས་པར་འགྱུར་རོ། །དེ་ནས་ཡང་འབབས་པར་མ་གྱུར་ན། ཆད་བས་བཅད་པར་བྱ་སྟེ། རླུང་དང་མེ་ལ་སོགས་པའི་རིམ་གྱིས་དཀྱིལ་འཁོར་བྲིས་ལ་དེའི་དབུས་སུ་སྟོབས་པོ་ཆེའི་ཏིང་ངེ་འཛིན་བྱ ་ཁྱུད་གིས་ཀླུ་རྣམས་ཀྱི་མཇུག་མ་བརྫིས་པའི་སྟེང་དུ་མེ་དཔུང་འབར་པ་འདྲ་བའི་ཕྱག་བརྒྱད་ཀྱིས་ཀླུ་རྣམས་གཟིར་བར་བསྒོམས་ལ། ཨོཾ་ཞེས་བྱ་བ་དང། སྤེལ་བའི་ནང་དང་བཅས་པའི་སྔགས་འདི་ཉིད། བརཤ་ཡ་ཤཱི་གྷྲ་ཞེས་བྱ་བའི་བསྐུལ་ཚིག ་དང་བཅས་པས་བ་སྤྱིངས་ཏེ་ཟློས་ཤིང་བསྡིགས་ན་ཀླུ་རྣམས་ཁྲོ་བོས་སྐྲག་ནས་མྱོས་བཞིན་དུ་ནམ་མཁའ་ལ་ཆར་འབེབས་པར་བསམས་ན། འབབ་བར་གྱུར་རོ། །ཅི་སྟེ་དེས་འབབ་པར་མ་གྱུར་ན་དེའི་ཚེ་ཆུང་དུ་དང་འབྲིང་པོ་དང། ཆེན་པོའི་ཕྱེ་དང ་གིས་ཀླུ་རྣམས་ལ་མངོན་སྤྱོད་བྱ་སྟེ། དེའི་རིམ་པ་ཡང་འདི་ཡིན་ནོ། །མཚོན་གྱིས་བད་པའི་སས་སམ་དུར་ཁྲོད་ཀྱིས་རས་ལ་དུག་དང་སྐེ་ཚེ་དང། ལན་ཚ་དང། མར་ནག་དང། ཚ་བ་རྣམས་ཀྱིས་རལ་གྲིའི་འཁོར་ལོའི་ལྟེ་བ་ལ་པདྨ་འདབ ་བརྒྱད་བྲེས་ཏེ། འདབ་མ་རྣམས་ལ་ཀླུ་རྣམས་ཀྱི་སྙིང་པོ་དང། ལྟེ་བར་བཾ་ལས་ཞེས་བྱ་བ་ཧཱུཾ་དང་སྤེལ་བ་བྲིས་ལ། ཆུ་འགྲམ་གཉིས་ཀྱིས་དུར་ཁྲོད་ཀྱིས་དང་ཐལ་བ་དང་གྲོག་མཁར་གྱི་ས་དང། ཤིང་གཅིག་པའི་དྲུང་གི་ས་རྣམས་བཤད ་གཅི་དང་བཅས་པ་རྣམས་ལས་ཀླུའི་གཟུགས་བརྙན་བྱས་ལ་སྙིང་གར་རས་མ་བཅུག་སྟེ། དགུག་པ་སྔོན་དུ་འགྲོ་བས་ཚ་བ་གསུམ་དང། སྐེད་ཚེ་བྱུགས་ལ། ཧོཾ་ཁུད་གྲུ་གསུམ་དུར་ཁྲོད་ཀྱི་ཤིང་བུ་ལས་མེ་སྦར་ཏེ། གཟུགས་བརྙན་མེ ་ལ་གདུང་ཞིང་སྔགས་བརྒྱ་རྩ་བརྒྱད་བཟླས་ན་འབབ་པར་འགྱུར་ཏེ། ཆུང་དུའོ། །འབྲིང་པོ་ནི་དེས་ཀྱང་མ་ཕེབས་ན། ས་གཞི་འདི་ཉིད་དུ་ཀླུའི་དཀྱིལ་འཁོར་བྲིས་ལ། གོས་སྔོན་པོ་དང་ཅོད་པན་སྔོན་པོ་བཅིངས་པ་འམ་གཅེར་བུ་ཡང་རུང་སྟེ། ཉི ་མ་ལ་གནས་པའི་རྡོ་རྗེ་འབར་བས་མཚན་པའི་རྐང་བ་གཡོན་པས་གཟུགས་བརྙན་གན་རྐྱལ་དུ་བཞག་སྟེ་མནན་ལ་བསྒྱིངས་པ་དང་བཅས་པའི་ཕཊ་ཅེས་བྱ་བས་སྤྱི་བོར་དྲལ་ལ་ནམ་མཁའ་ལ་ཁྲག་གི་ཆར་འབབ་པར་བསམས་ནས ་སྔ་མ་ལྟར་ནི་བརྒྱད་དང་སྤེལ་ཞིང། བརཤ་པ་ཡ་ཤཱི་གྷྲི་ཞེས་བྱ་བའི་བསྐུལ་ཚིག་དང་བཅས་པའི་སྔགས་བསྐྱིངས་ཤིང་ཁྲོ་བོའི་ཚིག་བཟླས་ན་འབབ་པར་འགྱུར་རོ། །ཆེན་པོ་ནི་དེས་ཀྱང་འབབ་པར་མ་གྱུར་ན། དུག་དང་ལན་ཚ་དང། སྐེ་ཚེ ་དང། ད་དུ་ར་རྣམས་ལས་ཀླུའི་གཟུགས་བརྙན་བྱས་ལ། སེང་ལྡེང་གི་ཕུར་བུ་སོང་དགུ་པ་སྙིང་གར་བཏབ་སྟེ། ཧོ་ཁུང་གྲུ་གསུམ་པར་ཤན་པའི་མེ་འམ། དུར་ཁྲོར་ཀྱི་མེ་ཕུ(རྒྱུད་འགྲེལ་ནས་ལུས་བཤང་གཅིས་བྱུག་ཅིང་ཁ་ལྷོར་བལྟས་ལ་སྟོབས་པོ་ཆེ་ཁྲོ་བོའི་ཞལ་གངས་ཤིང་ལྕེ་ལ་ཧཱུཾ་གིས་བྱིན་གྱིས་བརླབས་ལ་གཟུགས་བརྙན་གྱི་མཇུག་མ་ནས་བརྩམས་ཏེ་མཚོན་རྣོན་པོས་གཏུབ་ནས་སྦྱིན་སྲེག ་བརྒྱ་རྩ་བརྒྱད་དབུལ་ཞིང་སྔགས་ལུཌ་ལས་ཟློག་སྟེ། །བཟླས་ན་འབབ་པོ། །ཅི་སྟེ་ལན་གསུམ་གྱིས་འབབ་པར་མ་གྱུར་ན་དེའི་ཚེ་སྟོབས་པོ་ཆེ་ཉིད་ཀྱིས་ཉེས་པ་དུག་དང། སྐེ་ཚེ་དང་དངུ་རར་བཅས་པ་ལས་སྟོབས་པོ་ཆེའི་གཟུགས་བརྙན་བྱས་ལ་བཀུག ་ནས་བདག་ཉིད་གནོད་མཛེས་སུ་བསྒོམས་ཏེ། ཉི་མ་ལ་གནས་པའི་རྡོ་རྗེས་མཚན་པའི་རྐང་པས་གཟུགས་བརྙན་གན་རྐྱལ་དུ་མནན་ཏེ། བརཤ་པ་ཡ་ཤཱི་གྷཾ་ཞེས་བྱ་བའི་བསྐུལ་ཚིག་དང་བཅས་པའི་ཧཱུཾ་བཞི་སྔགས་ལན་བཞི་ཁྲིར་བཟླས ་ནས། སྟོབས་པོ་ཆེས་ཆར་འབེབས་སུ་འཛུད་དོ། །དེས་ཀྱང་མ་ཕེབས་ན་དེའི་ཚེ་མངོན་སྤྱོད་ཀྱིས་ཐབས་ཁུང་དུ་གནོད་མཛེས་རྒྱལ་པོ་སྤྱན་དྲངས་ཏེ། ཧཱུཾ་གིས་མཚན་པའི་ཞལ་གདངས་པར་བདག་ཉིད་གནོད་མཛས་སུ་བསྒོམས་ནས། ་གཟུགས་བརྙན་སྔ་མ་ཉིད་ཚིནད་ཚིནད་ཞེས་ཚིག་དང་བཅས་པའི་ཧཱུཾ་བཞི་པའི་སྔགས་ཀྱིས་གཏུབ་ཅིང་ལན་ཁྲིར་སྦྱིན་སྲེག་བྱས་ན་གདོན་མི་ཟ་བར་སྟོབས་པོ་ཆེ་ཉིད་ཀྱིས་ཆར་འབེབས་སོ་ཞེས་སྦྱོར་བ་ཐམས་ཅད་ལ་གྲགས་སོ། །ཆར་བབ་ནས ་ཀླུ་རྣམས་དང་སྟོབས་པོ་ཆེ་དབུགས་དབྱུང་བའི་ཕྱིར། ཧོཾ་ཁུང་དཀར་པོ་ཟླུམ་པོར་རྣམ་པར་སྣང་མཛད་ལ་སོགས་པའི་ཞལ་དུ་དེའི་སྔགས་ཉིད་ཀྱི་མར་དང་འོ་མ་ལ་སོགས་པའི་སྦྱིན་སྲེག་ཁྲི་བྱས་ན་གདོན་མི་ཟ་བར་ཞི་བར་འགྱུར་རོ། ། ་ཆར་ཤིན་ཏུ་ཆེས་པ་ལ་ནི་སྔར་བསྟན་པའི་མངོན་སྤྱོད་ཀྱི་ཐབས་ཁུང་དུ་དཔལ་རྡོ་རྗེ་སེམས་དཔའ་ལ་ཕུལ་བའི་མེ་ཏོག་སྙིང་བ་དང་རས་བལ་གྱི་སྦྱིན་སྲེག་ལན་བརྒྱ་ཕུལ་ན་ཆད་པར་འགྱུར་རོ། ། ཙ་ལི་ནི་དེ་ཁོ་ན་ཉིད་ཀྱི་དོན་ཏོ། །ཀ་ན ་ཞེས་བྱ་བ་ནི་དེ་ལ་བློས་བལྟ་བའོ། །ཙེ་ཏ་ཙེ་ཏ་ཞེས་བྱ་བ་ནི་ཕོ་ཉ་ལྟར་བཀའ་བསྒོ་བ་ཐམས་ཅད་འགུག་པའི་ཕྱིར་རོ། །མོ་ཏ་མོ་ཏ་ཞེས་བྱ་བ་ནི་ལག་པའི་ཤུགས་ཀྱིས་རི་བོ་ཞེས་བྱ་བ་དང་སྦྱར་རོ། །ཏུ་ཏ་ཏུ་ཏ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་མཐོང ་པའི་མཚོན་ཆས་མ་རིག་པའི་སྐུད་པ་རིང་པོར་ཞེས་སྦྱར་རོ། །འདིར་སྦྱོར་བ་ནི་འདི་ཡིན་ཏེ། སྐྱེས་པའི་ཐོད་པ་ལ་རྐང་པ་གཡས་པའི་མཛུབ་མོ་ཁྲག་དང། ལན་ཚ་དང། མར་ནག་དང། ཚ་བ་རྣམ་པ་གསུམ་གྱིས་ལྷ་ཆེན་པོ་ལ་སོགས ་པའི་ཆུང་མ་དང་བཅས་པའི་གཟུགས་བྲིས་ལ་རྡོ་རྗེ་མི་གཡོ་བའི་རྣལ་འབྱོར་གྱིས་དེ་ཉིད་ཀྱི་སྔགས་ཟློས་ཤིང་དགུག་པའོ། །རླུང་གི་དཀྱིལ་འཁོར་སྦྱོར་བ་ཡིས། །སེངྒེས་བསྐྱོན་པའི་ཆོ་ག་བྱ། །ཞེས་བྱ་བ་ནི་ཡཾ་ལས་བསྐྱེད་པའི་རླུང ་ལས་སི་ལས་བསྐྱེད་པའི་སེངྒའི་རྒྱབ་ཏུ་བསྐྱེད་དེ་ལྕགས་ཀྱུ་དང། ཞགས་པ་ཐོགས་པའི་ལྷ་དགུག་པར་བསམ་པའོ། །སུམ་བྷ་ནི་སུམ་བྷ་ཞེས་བྱ་བ་ནི་བོད་པ་སྟེ། སྒྲིབ་པ་ཐམས་ཅད་འཇོམས་པས་ནི་སུམ་བྷའོ། །གྲིཧྞ་གྲིཧྞ་ཞེས་བྱ་བ་ནི་རབ ་གིས་གཟུང་ཞིག་པ། གྲིཧྞ་པ་ཡ་ཞེས་བྱ་བ་གཉིས་ནི་གཞན་འཛིན་དུ་ཆུག་གཅིག་པའོ། ། ན་ཡ་ཧོ་ཞེས་བྱ་བ་ནི་དེ་ཉིད་ཁྲིད་ལ་ཤོག་ཅིག་པའོ། །ཧོ་ཞེས་བྱ་བ་ནི་གུས་པ་དང་བཅས་པའི་བོད་པའོ། །ཧཱུཾ་ཕཊ་ཅེས་བྱ་བ་ནི་བསད་པའི་ཕྱིར ་བོད་པའོ། །ཡང་ན་ཧཱུཾ་བཞའི་བཀའ་བསྒོ་བའོ། །ཕཊ་ཅེས་བྱ་བ་ནི་འགོག་པར་བྱེད་པའོ། །ཊཀྐི་ཧཱུཾ་ཞེས་བྱ་བ་ལ་ཊཀྐི་ནི་འདོད་པའོ། །ཧཱུཾ་ཞེས་བྱ་བ་ནི་ཁྲོ་བའོ། །ཛ(རྒྱུད་འགྲེལ་ཏུ་འདོད་པར་གསུངས། །ཧཱུཾ་ཞེས་བྱ་བ་ཁྲོ་བོར་བརྗོད། །ཛ(རྒྱུད་འགྲེལ་ཞེས་བྱ་བ་ནི་ཆོས་ཀྱི་ལོངས་སྤྱོད་ཀྱིས་དགེ་བའི་འབྱུང་གནས་སུ་གྱུར་པའི་ཕྱིར་རོ། །ཚིནད་ཚིནད་ཞེས་བྱ་བ་ནི་གཞན་གྱི་སྔགས་དང་སྦྱར་རོ། །བྷིནད་བྷིནད་ཞེས་བྱ་བ་ནི་ཕྱག་རྒྱ་ཐམས་ཅད་དང་སྦྱར་རོ། །ཙི་རི་ཙི་རི་ཞེས ་བྱ་བ་རྩ་བ་ལམ་གསོད་པའི་དོན་རྣམས་དང་སྦྱར་འོ། །གི་རི་གི་རི་ནི་སློན་པར་བྱེད་པའོ། །མཱ་ར་ཡ་མཱ་ར་ཡ་ཞེས་བྱ་བ་ནི་མི་སྣང་བར་གྱིས་ཤིག་པ་སྟེ། གཟུང་བ་དང་འཛིན་པ་སྟོང་པ་ཉིད་ཀྱིས་བདུད་རྣམས་ནམ་མཁའ་དང་མཉམ་པའོ། ། ་ཉིད་ཀྱི་ཕྱིར་ཆོས་ཀྱི་དབྱིངས་ལ། ཡུལ་དང་ཡུལ་ཅན་མེད་པའི་ཕྱིར་ཧཱུཾ་བཅུ་སྨོས་སོ། །གནས་གསུམ་ལྟུང་བའི་ཕྱིར་ཕཊ་གསུམ་སྨོས་སོ། །བདག་ཉིད་ཅེས་བྱ་བ་ལ་སོགས་པ་ལ་བདག་ཉིད་བསྲུང་ན་གཙུག་ཏོར་འཁོར་ལོས་སྒྱུར་བའི་རྣལ ་འབྱོར་གྱིས་བསྲུང་བའི་འཁོར་ལོའི་དབུས་སུ་གནས་ནས། །རང་གི་སྙིང་གའི་འཁོར་ལོའི་ལྟེ་བར་ཧཱུཾ་གི་ཐིག་ལེ་རང་གི་གཟུགས་སམ། །གཞན་བསམས་ནས་འཁོར་ལོ་གཡོན་དུ་བསྐོར་བར་བསམས་ན་བསྲུང་བར་འགྱུར་ཏེ ་གཞན་ལ་ཡང་དེ་བཞིན་ནོ། །དཔུང་པར་རིག་པ་གཟུང་ན་ས་ནི་ཞེས་བྱ་བ་འཁོར་ལོ་རྩིབས་བཅུ་པའི་རྩིབས་རྣམས་ལ། ཧཱུཾ་བྲིས་ཤིང་ལྟེ་བ་ལ་མིང་བྲིས་ནས་མུ་འཁྱུད་ལ་ཕྲེང་བའི་སྔགས་མན་ངག་ཇི་ལྟ་བ་བཞིན་བྲིས་ཏེ། དཔུང ་པར་གདགས་པར་བྱའོ། །ཁྲོ་བོ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། སྙིང་པོ་ཞེས་བྱ་བ་ནི་དམ་པའི་དོན་ཏོ། །ཅི་ཞིག་ཅེ་ན། སྔགས་རྣམས་ཏེ། ལེའུ་གང་དུ་དེ་དག་ལ་འཇུག་པ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །མཁའ་འགྲོ་མ ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ལས་ལེའུ་བཞི་པའི་རྣམ་པར་བཤད་པའོ།། །།དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་ཨི་སྙིང་ལ་ཞུགས། །ཞེས་བྱ་བ་ནི་སྔགས་ཀྱི་ལྷ་ཐམས་ཅད་ལ་བྱ་བའི་དོན་ཏོ། །སངས་རྒྱས ་སྐུ་ཞེས་བྱ་བ་ནི་མངོན་པར་བྱང་ཆུབ་པ་ལྔས་རྡོ་རྗེ་སེམས་པའི་སྐུ་རྫོགས་པའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་དཔལ་ཧེ་རུ་ཀའོ། །གཞན་ལ་ཡང་དེ་ལྟར་བལྟའོ། །སངས་རྒྱས་གཟུགས་ལས་བྱུང་བའི་དཀྱིལ་འཁོར། ཞེས་བྱ་བ་ནི་བསྡུས་པའི ་དཀྱིལ་འཁོར་ལ། རྟག་པ་ལ་སོགས་པའི་དཀྱིལ་འཁོར་བ་རྣམས་ཀྱི་གཅོ་བོ་སྟེ་བདག་པོའོ། །སྔགས་རྣམས་ཞེས་བྱ་བ་ནི་སྔགས་ཀྱི་ལྷ་རྣམས་སོ། །སྙིང་གར་ཡེ་ཤེས་དམ་ཚིག་བཞུགས་ཞེས་བྱ་བ་ནི་ཡེ་ཤེས་སེམས་དང་ལེས་བོན ་དང། མཚན་མའི་ཚུལ་གྱིས་སྙིང་གར་དགོང་པའོ། །ཡེ་ཤེས་སེམས་དཔའ་ཨི་རབ་སྦྱོར་བས། ཞེས་བྱ་བ་ནི་དམ་ཚིག་གི་དཀྱིལ་འཁོར་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་གཅིག་ཏུ་སྦྱོར་ཞིང་བསྲོག་པའོ། །སྒྱུ་ལ་རྣམ་གསུམ་ཞེས་བྱ་བ་ནང??? ་བྱ་བ་ནི་འདོད་ཆགས་ཞེ་སྡང་དང་གཏི་མུག་སྐྱེད་པར་བྱེད་པའི་བདེ་བ་སྡུག་བསྔལ་དང་བཏང་སྙོམས་ཀྱི་ཡུལ་རྣམས་སོ། །བསྲུང་བའི་དམ་ཚིག་དབུས་གནས་པ། ཞེས་བྱ་བ་ནི་བྷྲུཾ་ལས་བསྐྱེད་པའི་འཁོང་ལོ་སེང་པོ་རྩིབས་བཅུ་གནས་པའི ་དབུས་སུའོ། །དཀྱིལ་འཁོར་ལྔ་ཞེས་བྱ་བ་ནི་བསྡུས་པའི་དཀྱིལ་འཁོར་རོ། །ཉི་ཤུ་རྩ་ལྔར་ཕྱེ་བ་ཡི། རྡུལ་ཚོན་གྱིས་ཀྱང་ཞེས་བྱ་བ་ནི་སྐུད་པ་བསྡུ་བར་བྱའོ། །ཉི་ཤུ་རྩ་ལྔ་ནི་རྣམ་པ་ཉི་ཤུ་རྩ་ལྔ་སྟེ། རྟག་པ་ལ་ནི་སྔོན་པོ་རང་སེར་པོ་དར ་དམར་མོ་དང་ལྗང་ཁུ་དང་དཀར་པོའོ། །ཉི་མ་ལ་ནི་དཀར་པོ་དང། སྔོན་པོ་དང། དམར་པོ་དང། ལྗང་ཁུ་དང། སེར་པོའོ། །གར་གྱི་དབང་ཕྱུག་ལ་ནི་དཀར་པོ་དང། སེར་པོ་དང། སྔོན་པོ་དང། ལྗང་ཁུ་དང། དམར་པོའོ། །རྟ་མཆོག་ལ་ནི་དཀར་པོ་དང། སེར་པོ་དང། ་དམར་པོ་དང། སྔོན་པོ་དང། ལྗང་ཁུའོ། །ཧེ་རུ་ཀ་ལ་ནི་དཀར་པ་དང། སེར་པོ་དང། དམར་པོ་དང། ལྗང་ཁུ་དང། ནག་པོ་སྟེ། འདིར་ནི་སངས་རྒྱས་མགོན་པོ་རྣམས། གང་ཞིག་དབུས་གནས་དཀྱིལ་འཁོར་ཡིན་ཞེས་སྨོས་པས་སོ། །འདིར་སེམས ་གཙོ་བོ་ཉིད་དུ་བསྟན་པའི་ཕྱིར། །བསྡུས་པའི་དཀྱིལ་འཁོར་གཙོ་བོ་ཧེ་བཛྲ་ཉིད་ཡིན་པར་བསྟན་མོད་ཀྱི། གཞན་དག་ཀྱང་དགག་པ་མ་ཡིན་ཏེ། གནས་འཕོ་བ་དང། བསྟན་པའི་རིམ་གྱིས་ཇི་ལྟར་འདོད་པ ་བཞིན་གཟུང་བར་བྱའོ། །དེ་ཉིད་ཀྱིས་ན་གཙོ་བོའི་བྱེ་བྲག་གིས་སའི་ཆུའི་ཁ་དོག་གཟུང་ངོ། །དཀྱིལ་འཁོར་རེ་རེ་??་སྒོམས་པ་འམ། ཞེས་བྱ་བ་ནི་དཀྱིལ་འཁོར་སོ་སོའི་རིམ་པས་བསྒོམས་པའོ། །ཡང་མ་བསྡུས་པའི་དཀྱིལ་འཁོར་ཏེ ་ཞེས་བྱ་བ་ནི་བསྡུས་པའི་དཀྱིལ་འཁོར་ཏེ། འཁོར་ལོས་སྒྱུར་བ་ལྔ་དབུས་སུ་གྱུར་བའི་དཀྱིལ་འཁོར་ལྔ་བསྒོམས་པའོ། །བརྒྱད་བརྒྱད་ཀྱི་ནི་དབུས་ཞུགས་པའམ། ཞེས་བྱ་བ་དེ་ཉིད་ཀྱི་བཤད་པ་སྟེ། མ་མོ་བརྒྱད་བརྒྱད་ཀྱིས་བསྐོར་བའི ་འཁོར་ལོས་སྒྱུར་བ་ལྔ་རྣམས་བསྡུས་པའོ། །སྒོ་སྐྱོང་མ་རྣམས་སྒོར་དགོད་པ། །དེ་ཚེ་བསྡུས་པའི་དཀྱིལ་འཁོར་ཡིན། །ཞེས་བྱ་བ་ནི་དཀྱིལ་འཁོར་ཆེན་པོ་ལག་ན་ལྕགས་ཀྱུ་ཐོགས་པ་ལ་སོགས་པའི་ལྷ་མོ་རྣམས་སྒོར་དགོད་དོ། །ཞེས་བྱ་བའི ་དོན་ཏོ། །ཉ་དང་རྒྱལ་པོ་ཞེས་བྱ་བ་ལ། ཉ་ནི་རོ་ཧི་ཧའི་ཉའོ། །རྒྱལ་པོ་ནི་སྦྲུལ་གྱི་རྒྱལ་པོའོ། །འགྲོ་བ་རྣམས་ཀྱི་རབ་མཆོག་ནི། མི་རྣམས་ཀྱི་འགྲོ་བ་སྟེ། །ཞེས་བྱ་བ་ནི་མི་རྣམས་ཀྱི་འགྲོ་བ་ལ་བརྟེན་ནས་དེས་པའི་རིགས་ཅན་རྣམས་ཀྱིས ་མངོན་དུ་དང་རིམ་གྱིས་ཀྱང། བྱང་ཆུབ་བ་རྣམ་པ་གསུམ་པོ་པར་འགྱུར་གྱི་འགྲོ་བ་གཞན་གྱིས་ནི་མ་ཡིན་ཏེ། དེ་རྣམས་སྐྱེ་གནས་དང་ཤེས་རབ་དམན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་མི་རྣམས་ཀྱི་འགྲོ་བ་གྱ་ནོམ་པ་ཉིད་དོ། །གླང་པོ་ལ ་སོགས་ནད་རྣམས་བསྣམས་ཞེས་བྱ་བ་ནི་ཕྱག་གཡས་ཀྱི་ཐོད་པ་ན་བསྣམས་པ་རྣམས་ནི་ནད་ཡིན་ལ། དོན་གྱིས་ན་གཡོན་པ་ན་བསྣམས་པ་རྣམས་ནི་སྨན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ནད་ཐམས་ཅད་དབུགས་དབྱུང་ཞིང་རབ་ཏུ ་ཞི་བ་རྡོ་རྗེ་ཞེས་བྱ་བ་ལ་ནད་ཐམས་ཅད་རབ་ཏུ་ཞི་བ་དེ་ལས་དབུགས་དབྱུང་བ་གང་དུ་སྟོན་པ་དེ་ལ་དེ་སྐད་ཅེས་བྱའོ། །མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ལས།། །།ལེའུ་ལྔའི་བཤད་པའོ།། །། ་ལུས་རྣམས་ཐམས་ཅད་འཛིན་པའོ། །ཞེས་བྱ་བ་ནི་སྔགས་ཀྱི་ལྷ་ཐམས་ཅད་འཛིན་པའོ། །སེམས་ནི་རྗེས་དྲན་ཞེས་བྱ་བ་ལ་སོགས་པ་དཀྱིལ་འཁོར་གྱི་ལྷ་སྤྲོ་བའི་དུས་དང་མཚན་མ་ལྔ་ཐོབ་ནས་རྡོ་རྗེ་ཕྲ་མོ་སྤྲོ་བའི་རིམ་གྱི ་རྗེས་སུ་དྲན་པ་བསྟན་པའོ། །རྡོ་རྗེ་སེམས་དཔའ་རྣམ་བསྒོམས་ནས་ཞེས་བྱ་བ་ནི་དགྱེས་བ་རྡོ་རྗེ་བསྒོམ་པའོ། །ཕྱག་རྒྱ་བཞི་ཡི་རྒྱས་གང་བ་པ། ཞེས་བྱ་བ་ནི་སྐུ་གསུང་ཐུགས་དང། ས་བོན་དང་མཚན་མའི་ཚུལ་གྱིས་ཡེ་ཤེས་སེམས ་དཔས་སོ། །ཡང་ན་ལྟེ་བ་དང། སྙིང་ག་དང། མགྲིན་པ་དང། མགོ་བོའི་རྣམས་སུ་དྲུག་ཅུ་རྩ་བཞི་དང། བརྒྱད་དང། བཅུ་དྲུག་དང། སུམ་ཅུ་རྩ་གཉིས་ཀྱི་འདབ་མཅན་གྱི་པདྨ། སྤྲུལ་པ་དང། ཆོས་དང། ལོངས་སྤྱོད་དང། བདེ་ཆེན་པོའི ་འཁོར་ལོ་ལ་རིམས་བཞིན་དུ། ཨཾ་དང་ཧཱུཾ་དང་ཨོཾ་དང་ཧཾ་གིས་བྱིན་གྱིས་བརླབས་པའོ། །རྟ་ལ་སོགས་པ་ལ་ཡང་དེ་བཞིན་ནོ། །ཞེ་སྡང་རྒྱལ་པོ་ཆེ་ཞེས་བྱ་བ་ནི་དགྱེས་པའི་རྡོ་རྗེའོ། །ཞེ་སྡང་ཐམས་ཅད་ཟང་མཛད་པ། ཞེས་བྱ་བ་ནི ་གཉིས་དང་བྲལ་བའི་རང་བཞིན་ནོ། །སྦྲོ་བའི་སྦྱོར་བ་བསྒོམ་བྱ་ཞིང། རབ་ཏུ་བསྡུ་བ་བསྟན་པ་སྟེ། ཞེས་བྱ་བ་ནི། རང་གི་སྐུའི་སྦྲིན་མཚན་མའི་སྤྲིན་སྔགས་ཀྱི་ཐིག་ལེ་ལས་སྦྲོ་ཞིང་བསྡུ་བ་སྟེ། ཐིག་ལེ་ཕྲ་མོ་དང་རྗེས་སུ་དྲན་པ་རྣམས་བསྡུ ་པའོ། །རྡོ་རྗེ་སེམས་ལ་མི་ཕྱེད་པ། ཞེས་བྱ་བ་ནི་བགྱེས་པའི་རྡོ་རྗེ་སྣ་ཚོགས་རྡོ་རྗེ་དབུ་རྒྱན་བྱ་བའོ། །དེ་བཞིན་དུ་རྟག་པ་ལ་ནི་ཆོས་ཀྱི་འཁོར་ལོའོ། །ཉི་མ་ལ་ནི་རིན་ཆེན་ནོ། །གང་གྱི་དབང་ཕྱུག་ལ་ནི་པདྨའོ། །རྟ་མཆོག་ལ་ནི་རལ་གྲིའི་དབུ་རྒྱན ་དུ་ཤེས་པར་བྱའོ། །དཔག་ཚད་བྱེ་བ་ཞེས་བྱ་བ་ནི་གྲངས་མེད་པར་མཚོན་པའོ། །སངས་རྒྱས་ང་རྒྱལ་ལ་ནི་དམིགས་བྱ་ཞེས་བྱ་བ་ནི། བདག་ཉིད་སངས་རྒྱས་ཀྱི་རང་བཞིན་དུ་མོས་པའོ། །ཆོས་ཀྱི་དབྱིངས་ནི་འོད་གསལ་བར། །གང ་ཕྱིར་བསྒོམས་པ་དེ་ཡིས་ནི། །སེམས་ཅན་སངས་རྒྱས་དང་མཉམ་འགྲོ། ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྐུ་འོད་གསལ་ཞིང་སྒྱུ་མ་ལྟར་བསྒོམས་པས་སངས་རྒྱས་ཉིད་དུ་འགྱུར་བས་སོ། །བདེན་མིན་རྟོག་པའི་རྣམ་རྟོག་གིས། སེམས་ནི་དྲི་མ་ཅན ་དུ་བྱས། ཞེས་བྱ་བ་ལ། བདེན་མིན་རྟག་པ་ནི་བདག་དང་བདག་གི་གཟུང་བ་དང་འཛིན་པར་ཞེན་པའོ། །དེ་ཉིད་ནི་རྣམ་པར་རྟོག་པ་སྣ་ཚོགས་སུ་ཞེན་པའི་བློ། །གཞན་གྱི་དབང་གི་ངོ་བོ་ཉིད་དེ། དེས་སེམས་ཀྱི་རིན་པོ་ཆེ་སྤགས་བའོ། །ཇི ་ལྟར་ནམ་མཁའ་ཞེས་བྱ་བ་ནི་ནམ་མཁའ་ཁུག་རྣ་ལ་སོགས་པ་དང་བྲལ་བ་ལྟར་བློ་བུར་གྱི་དྲི་མ་དང་བྲལ་བའོ། །འཇིག་མེད་པ་ལ་ཞེས་བྱ་བ་ནི་རང་བཞིན་གྱིས་བརྟན་པས་བརྟག་པའོ། །སེམས་ཀྱི་རིན་ཆེན་རབ་ཏུ་བསྐུལ་ཞེས་བྱ་བ་ནི་བདེ ་བའི་དོན་བསྒོམས་པའོ། །ཅི་སྟེ་ཕྱི་རོལ་གྱི་ཀ་དང་བུམ་པ་ལ་སོགས་པ་སྣང་བ་ཉིད་དམིགས་པ་ཡིན་ཏེ། གང་ན་སེངྒེ་གནས་པ་དེར་སེངྒེར་སྣང་བ་སྐྱེའི། །མེད་པའི་ཕྱོགས་སུ་ནི་མ་ཡིན་ནོ་ཞེ་ན། འཁྲུལ་པ་བསྟན་པའི་རིན་པོ་ཆེ་སེམས་ཆེར ་བྱ་བ་སྨོས་ཏེ། འདིའི་དོན་ནི་རྨི་ལམ་ལ་སོགས་པ་དང་འདྲ་བར་དོན་མེད་བཞིན་དུ་ཡང་སེམས་འབའ་ཞིག་དོན་དུ་སྣང་གི་གཉིས་ཡོད་ནས་སྣང་བ་ནིམ་ཡིན་ནོ། །ཞེས་བྱ་བ་ཡིན་ནོ། །ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ་ཞེས་བྱ་བ་ནི་ལོངས་སྤྱོད ་རྫོགས་པ་དང་སྤྲུལ་པའི་སྐུའི་ཁམས་གསུམ་གྱི་བདག་པོར་གྱུར་པའོ། །རྡོ་རྗེ་སེམས་དཔའ་ཨི་སྙིང་པོར་རབ་ཏུ་གསལ་བ་ཞེས་བྱ་བ་ནི་ཆོས་ཐམས་ཅད་བདག་མེད་པའོ། །མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་བ་ལས། ། ་ལེའུ་དྲུག་པའི་རྣམ་པར་བཤད་པའོ།། །།དེ་ནས་རྡོ་རྗེ་ཞེས་བྱ་བ་ནི་ནམ་མཁའ་ལྟ་བུའི་ཆོས་ཀྱི་སྐུའི་བདག་ཉིད་དོ། །རྣམ་པ་ལྔ་པོ་བསྒོམ་པར་བྱ་ཞེས་བྱ་བ་ནི། ཨཱ་ལི་བཅོ་ལྔ་ལས་བྱུང་བའི་ཟླ་བ་དང། ཀཱ་ལི་སུམ་ཅུ་རྩ་བཞི་ལས་བྱུང ་བའི་ཉི་མ་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་སྐར་མ་ལྟ་བུ། ཞུགས་པ་དང་ཨོཾ་དང་ཧཱུཾ་ལཾས་བྱུང་བའི་ཐངས་གྲི་དང། ཐོད་པ་དང། རྣལ་འབྱོར་མ་རྣམས་ཀྱི་འཁོར་ལོ་སྤྲོ་བ་དང་བསྡུ་བ་དང། རྡོ་རྗེ་འཛིན་པའི་གཟུགས་སུ་བསྐྱེད་པ་དག་བསྒོམས ་པའོ། །དཀྱིལ་འཁོར་ཇི་ལྟ་བའི་ཚུལ་བཞིན་དུ་དགོད་ཅེས་བྱ་བ་ནི་རང་གི་ལྷག་པའི་ལྷའི་སྐུ་ལས་དཀྱིལ་འཁོར་བ་རྣམས་སྤྲོ་ཞིང་བསྡུ་བའོ། །འབྱུང་བཞིའི་དཀྱིལ་འཁོར་ཞེས་བྱ་བ་ནི་ས་ལ་སོགས་པའི་དཀྱིལ་འཁོར་རོ། །དེ་སྟངས་སངས ་རྒྱས་བསམས་ནས་སུ་ཞེས་བྱ་བ་ནི་བྲུཾ་ལས་རྣམ་པར་སྣང་མཛད་བསྐྱེད་པའོ། །མི་ཕྱེད་པ་ཞེས་བྱ་བ་ནི་ཡེ་ཤེས་ཐམས་ཅད་མི་ཕྱེད་ཅིང་རང་བཞིན་དབྱེར་མེད་པ་སྟེ། འདིས་ནི་ཕྲེང་བ་དང་ཆུའི་དབང་བསྐུར་བའི་རྣམ་པར་དག་པ་ཤན་ཏུ་རྣམ ་བར་དག་པ་ཆོས་ཀྱི་དབྱིངས་དང་མེ་ལོང་ལྟ་བུ་ཡེ་ཤེས་ཀྱི་ཆུས་མི་ཤེས་པའི་དྲི་མ་འཁྲུ་བར་བཤད་པའོ། །སྐྱེ་བ་མེད་ཅིང་འཇིག་པ་མེད་ཅེས་བྱ་བ་ནི་རྟག་ཆད་དང་བྲལ་བ་སྟེ། འདིས་ནི་མིང་གི་དབང་གི་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རྙར་དག་? ་ཡཻ་སུ་བསྟན་ཏོ། །རིན་ཆེན་ཞེས་བྱ་བ་ནི་སངས་རྒྱས་རྣམས་སོ། བླ་མའི་བླ་ཞེས་བྱ་བ་ནི་ང་རྒྱལ་ཆེན་པོ་བླ་ན་མེད་པའི་ཕྱིར་རོ། །འདིས་ནི་རང་གི་བདག་པོས་མཚན་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་ཅོད་པན་དབང་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་རྣམ ་པར་བསྟན་ཏོ། །འདོད་ཆགས་ལ་སོགས་མཚན་ཉིད་འཛིན་པའི་ཕྱིར་ཞེས་བྱ་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་ཆོས་རྣམས་ཀྱི་ཆོས་ཉིད་ལ་ཆགས་ཤིང། རྡོ་རྗེ་འཛིན་པའོ། །འདིས་ནི་རྡོ་རྗེའི་དབང་བསྐུར་བ་རྣམ་པར་དག་པ་བསྟན་ཏོ། །དངོས ་གྲུབ་འབྲས་བུ་རབ་སྟེར་བ། ཞེས་བྱ་བ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་དོན་ཡོད་པའི་འབྲས་བུ་སྟེར་བ་སྟེ། ཤེས་རབ་ཀྱི་དབྱངས་ཀྱིས་འཇིག་རྟེན་གྱི་ཁམས་མ་ལུས་བར་ཁྱབ་པའོ། །འདིས་ནི་བདག ་པོའི་དབང་གི་རྣམ་པར་དག་པ་བསྟན་ཏོ། །རིག་པའི་ཚིག་རྡོ་རྗེ་ཞེས་བྱ་བ་ནི་དེ་དག་མ་རིག་པ་བཟློག་པའི་རང་བཞིན་ཅན་ནོ། །བུམ་པའི་དབང་ནི་དང་པོ་སྟེ་ཞེས་བྱ་བ་ལ་སོགས་པ་གསང་བ་གསུམ་གྱི་རང་བཞིན་ཅན་ནོ། །དེ་ནས ་དེ་ལྟར་དེ་བཞིན་མིན་ཞེས་བྱ་བ་ནི། མཚོན་པར་བྱ་བའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཇི་ལྟ་བ་བཞིན་དུ་མཚོན་པར་བྱ་བ་ཡེ་ཤེས་མ་ཡིན་པ་སྟེ། དེ་ནི་རྒྱ་ཆེ་བ་དང། ཟག་པ་མེད་པ་དང། རྒྱུན་དུ་འབྱུང་བའི་ཕྱིར་རོ། །རྡོ་རྗེ་ས་བོན་ཞེས་བྱ ་བ་ལ། རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །ས་བོན་ནི་ཞུ་བའི་གཟུགས་སུ་གྱུར་པའོ། །རིགས་ཀྱི་མིང་ཞེས་བྱ་བ་ནི་སོ་སོའི་རིགས་ཀྱི་སྔགས་འདོན་པའོ། །མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ལས ་ལེའུ་བདུན་པའི་རྣམ་པར་བཤད་པའོ།། །།ཞེ་སྡང་རྡོ་རྗེ་ཁྱོད་ཅེས་བྱ་བ་ནི་གཉིས་ཟད་པའི་རང་བཞིན་ཅན་ཏེ། འཇོམས་པས་ན་ཞེས་སྡང་ངོ། །རྣམ་དག་ཐུགས་ཞེས་བྱ་བ་ནི། སྒྲིབ་པ་ཐམས་ཅད་ཟང་པའི་ཕྱིར་རོ། །གཏི ་མུག་རྡོ་རྗེ་ཞེས་བྱ་བ་ནི་གཉིས་སུ་མི་ཤེས་པའི་ཕྱིར་རོ། །དག་པའི་སྐུ་ཞེས་བྱ་བ་ནི་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་ཕྱིར་རོ། །དམ་པའི་སོ་སོར་རྟོག་པ་ཞེས་བྱ་བ་ལ ་དམ་པ་ནི་སངས་རྒྱས་རྣམས་སོ། །སོ་སོར་རྟོག་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །སངས་རྒྱས་ཀུན་གྱི་གཟུགས་ཀྱིས་ཞེས་བྱ་བ་ནི་ལུས་མེད་པའི་གཟུགས་ཀྱིས་སྤྲུལ་པའི་སྐུ་སྟོན་པར་བྱེད ་བས་སོ། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། །ཅི་སྟེ་རང་གི་རང་བཞིན་གྱིས་མ་དག་པ་འགའ་ཡང་ཡོད་པ་མ་ཡིན་ན། །གང་ཞིག་གང་གིས་དག་པར་བྱེད། ཇི་ལྟར་དག་པར་བྱེད་སྙམ་པ་ལ། གང་གི་ཚེ་འགལ་བའི་དངོས་པོ་ཡོད་མིན་ཡང་ཞེས་བྱ་བ ་ལ་སོགས་པ་སྨོས་སོ། །འགལ་བའི་དངོས་པོ་ནི་མ་དག་པའི་དངོས་པོའོ། །གང་ཚེ་ཞེས་བྱ་བ་ནི་དོན་དམ་པའི་དབང་དུ་བྱས་པའོ། །དེའི་ཚེ་ན་སྦྱང་བར་བྱ་སྟེ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པའི་དབང་དུ་བྱས་པ་སྟེ། ཀུན་རྫོབ་ཀྱི་བདེན་པ་ལ་ཆུའི་རྙོག ་པ་དང་ནོར་བུ་ལྟར་དྲི་མ་སྦྱོང་བ་ལ་སོགས་པ་སྲིད་དོ། །ཞེས་བྱ་བའི་དོན་ཏོ། །འཁོར་ལོ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་འཁོར་ལོ་སྟེ་ལམ་གྱི་བདེན་པའོ། །འོ་ན་ཇི་ལྟར་དོན་དམ་པའི་བདེན་པ་གཟུང་ཞེ་ན། ཆོས་ཉིད་རང་བཞིན་ཙམ་དུ་རྣམ་པར་བསྒོམ ་ཞེས་བྱ་བ་ནི་ཆོས་ཉིད་རང་གི་ལྷའི་སྐུ་རང་བཞིན་བསྒོམ་པ་སྟེ་ལུས་གཅིག་ཏུ་བ་སྒོམས་པའོ། །རྣམ་པར་དཔྱད་ན་ཆོས་ཉིད་དངོས་པོ་བདེན་པ་མིན་ཞེས་བྱ་བ་ནི་བདེན་པ་ནི་དེ་ཁོ་ན་ཉིད་ཀྱིས་དངོས་པོའོ། །རྣམ་པར་དཔྱད་པ་ནི་རྟེན་ཅིང་འབྲེལ་བར ་འབྱུང་བ་ལ་སོགས་པའི་མཚན་ཉིད་བསམས་ནའོ། །ཡོད་མ་ཞེས་བྱ་བ་ནི་གཉིས་རྣམ་པར་སྤྱད་ནའོ། །འཇིག་རྟེན་འགྲོ་བ་བསམས་པར་ནུས་མ་ཡིན་ཞེས་བྱ་བ་ལ་འཇིག་རྟེན་ནི་སངས་རྒྱས་རྣམས་སོ། །འགྲོ་བ་ནི་ཡེ་ཤེས་ཏེ། བསམ་པར ་མི་ནུས་པ་ནི་བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །མ་མོའི་དཀྱིལ་འཁོར་ཞེས་བྱ་བ་ནི་རྣལ་འབྱོར་གྱི་འཁོར་ལོའོ། །ཞལ་བཞི་ཞེས་བྱ་བ་ནི་ཞལ་དབུས་མ་ནི་སེར་པོའོ། །དེ་ནས་སྒོ་སྐྱོང་མ་རྣམས་དགོང་ཅེས་བྱ་བ་ནི་ལྕགས ་ཀྱུ་དང་ལྕགས་སྒྲོག་མ་ལ་སོགས་པ་དགོད་པའོ། །འོག་ཏུ་གནང་མཛེས་རབ་བསྒོམ་ཞེས་བྱ་བ་ནི་ཁ་དོག་སྔོན་མོ་རོ། །གཙུག་ཏོར་རྣམ་པར་རྒྱལ་མ་ཞེས་བྱ་བ་ནི་ཁ་དོག་སེར་མོའོ། །ཏཱ་རེ་ཞེས་བྱ་བ་ལ། །ཏུཏྟཱ་ཞེས་བྱ་བ་ནི་དེས་པའི་ཚིག་གི་ཚུལ་དུ ་གཅིག་ཤོས་ཕྱིན་ཞེས་ཁྱོད་ཅེས་བྱ་བར་འགྱུར་ལ། ཏཱ་རེ་ནི་སྒྲོལ་མའོ། །ཏུ་རེ་ཞེས་བྱ་བ་ནི་ཐམས་ཅད་ལ་ལོངས་སྤྱོད་པས་ཚིམ་པར་བྱེད་པའོ། །གཏུམ་པོའི་ས་བོན་ཞེས་བྱ་བ་ནི་སྒེ་ཚེའི་ས་བོན་ནོ། །རྡོ་རྗེ་ཆུ་ཞེས ་བྱ་བ་ནི་ཁུ་བའོ། །རྡོ་རྗེ་ཉི་མ་ཞེས་བྱ་བ་ནི་ཟླ་མཚན་ནོ། །རྟ་མཆོག་ཅེས་བྱ་བ་ནི་ཤ་ཆེན་པོའོ། །པི་ཙུ་པི་ཙུ་ཞེས་བྱ་བ་ནི་ཤིན་ཏུ་བར་གཡང་བ་སྟེ། རས་བལ་དང་ཆོས་མཐུན་པས་ན་ཕྲ་མོར་འབུགས་པའི་ཤེས་རབ་པོ། །ཛཝ་ལ་ཛཝ་ལ ་ཞེས་བྱ་བ་ནི་དེ་ཉིད་སེམས་འོད་གསལ་བའི་ཕྱིར་རོ། །དེ་རི་དི་རི་ཞེས་བྱ་བ་ནི་བརྟན་པ་སྟེ་དྲན་པ་མ་ཉམས་པའོ། །འཇིག་རྟེན་སྦྱོད་པའི་ལུགས་ཀྱི་ཞེས་བྱ་བ་ལ་ལུགས་ནི་གནས་པ་སྟེ། ཐ་མལ་པའི་ཚུལ་གྱིས་ཉེ་བར་གནས་པའོ། ། ་མཆོག་ཅེས་བྱ་བ་ནི་དམ་པའོ། །བྱང་ཆུབ་ཡན་ལག་དེ་དང་བཅས་ཞེས་བྱ་བ་ལ། བྱང་ཆུབ་ཡན་ལག་ནི་བུ་མོ་རྣམས་སོ། །ཧོ་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བ་དང་ཉིད་ཅེས་བྱ་བར་ཡང་འགྱུར་ཏེ། སྒེག་མོ་ལ་སོགས་པའི ་ཕྱག་རྒྱ་དང་བཅས་པའི་བྱང་ཆུབ་ཀྱི་ཡན་ལག་ཉིད་ཀྱིས་མཆོད་པ་ནི་དམ་པ་སྟེ། དེ་ཁོ་ན་ཉིད་སྟོན་པའི་ཕྱིར་རོ། །ཚངས་པའི་ཐིག་ལས་ཆ་གཉིས་པོར་ཞེས་བྱ་བ་ནི་སྒོའི་ཕྱེད་སྤངས་པའོ། །ཆ་དྲུག་ཅེས་བྱ་བ་ནི་ཆ་དྲུག་གོ། སྒོའི་ཆ་གཉིས་པོར ་ཞེས་བྱ་བ་ནི་སྒོའི་ཚད་གཉིས་ཞེས་བྱ་བའི་དོན་ཏོ། །ཆ་བརྒྱད་ཀྱིས་སྒོ་གཉིས་ལྡང་ན་དགུ་ཅི་སྨོས་ཞེས་བྱ་བ་ལ་བསྡུའི་དཀྱིལ་འཁོར་དུ་སྒོ་གཉིས་ཀྱི་བར་བཅད་པའི་དོན་དུ་ཆ་དགུ་སྨོས་པའོ། །ཆ་དགུ་ཞེས་བྱ་བ་ནི་ཆ་དགུ་པའོ། །མཁའ་ ་འགྲོ་མ་རྡོ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ལས། །ལེའུ་བརྒྱད་པའི་རྣམ་པར་བཤད་པའོ། །།རིག་པ་འཛིན་པ་ཞེས་བྱ་བ་ནི་གཟའ་དང་ཐོར་ཚུགས་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །གཡས་བརྐྱང ་ཐམས?་??་སྐྱར་བ་ཡིས་ནི་ཞེས་བྱ་བ་ནི་དང་པོ་སྟེ། ཕྱིན་པ་ཅི་བདེ་བར་བྱ་བའོ། །རྡོ་རྗེ་སེ་གོལ་སྦྱོར་བ་ཡིས། །ཞེས་བྱ་བ་ནི་ལག་པ་གཉིས་དབུང་མགོར་བཅིངས་པ་བྱས་ལ། བཛྲ་ས་མཱ་ཛ(རྒྱུད་འགྲེལ་བཀུག་ནས་མཐེ་བོང་དང། གུང་མོ་སེ་གོལ་བརྡེབས་བའིའོ། །རྡོ་རྗེ་ཡི་གེ་ཞེས་བྱ་བ་ནི་ཡི་གེ་ས་བོན་གང་ཡིན་ཡང་དོ། །རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བ་ནི་རླུང་གི་དཀྱིལ་འཁོར་རོ། །རྡོ་རྗེ་སྤུངས་པ་ཞེས་བྱ་བ་ནི་ས་བོན་རཾ་ལས་གྱུར་བའི་མེའི་དཀྱིལ་འཁོར ་རོ། རྡོ་རྗེ་སྨིམ་པ་ཞེས་བྱ་བ་ནི་ཉམ་ལ་གནས་པའི་ཧཱུཾ་ཡིག་གིས་བསྐྱད་པའི་རྡོ་རྗེ་ཨཾ་གིས་མཚན་པའི་བདུད་རྩི་སྨིན་པར་བྱའོ། །ནམ་མཁའ་དབྱིངས་ཀྱི་དབུས་གནས་པ་ཞེས་བྱ་བ་ནི་ནམ་མཁའ་ཨི་ཁོངས་སུ་ཆུད་པར་གནས་པའོ། །ཆོས་འབྱུང་གྲོང་ཁྱེར་ཞེས་བྱ ་བ་ནི། རང་གི་འོད་ཀྱི་རིག་མའི་པདྨར་མེའི་དཀྱིལ་འཁོར་ལ་གནས་པའོ། །རྡོ་རྗེ་སེར་མོ་ཞེས་བྱ་བ་ནི་རང་གི་ཁྲོ་བོའི་རྡོ་རྗེའོ། །ལྷག་མ་ནི་བླ་མའི་ཁ་ལས་ཤེས་པར་བྱའོ། །དུ་ར་དུ་ར་ཞེས་བྱ་བ་ནི་བྲོད་ཅིག་བྲོད་ཅིག་པའོ། །ཚིནད་ཚིནད་ཞེས་བྱ་བ་ནི་དེ་ཉིད་གསལ ་བར་བྱེད་པའོ། །ཧཱུཾ་ཞེས་བྱ་བ་ནི་ངས་པར་འཇོམས་པའོ། །དར་ཞེས་བྱ་བ་ནི་བསྟན་པའོ། །དུར་ཡ་ཞེས་བྱ་བ་ནི་བཤད་པའོ། །དུཥྚ་ནཾ་མཱ་ར་དུ་ཡ་ཞེས་བྱ་བ་ནི་རྡོ་རྗེ་ལྟ་བས་མི་སྣང་བར་གྱིས་ཤིག་པའོ། །བཛྲ་དཏྲིཀ་ཅེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ ་ཤེས་དའི་རང་བཞིན་གྱིས་འཛིན་པ་སྟེ། དེ་ཡང་གསང་པ་འདུས་པ་ལས། རྒྱུ་ལྔ་དག་ཏུ་རིག་པ་ནི། །རྡོ་རྗེ་ཞེས་བྱར་བརྗོད་པ་སྟེ། །དཏྲིཀ་ཅེས་བྱ་བ་འཛིན་བར་བཤད། །རྣམ་ཤེས་རྡོ་རྗེ་འཛིན་པར་འདོད་ཅེས་གསུངས་སོ། །དེ་ལ་རྒྱུ་ཞེས་བྱ་བ་ནི་གཟུང་བ ་རྣམས་སོ། །རིག་པ་ཞེས་བྱ་བ་ནི་འཛིན་པ་རྣམས་སོ། །ལྔ་ཞེས་བྱ་བ་ནི་ལྔ་ལྔ་སྟེ་བཅུའོ། །རྡོ་རྗེ་ཞེས་བྱ་བ་ནི་དེ་དག་བསྡུས་ནས་སེམས་ཀྱི་རང་བཞིན་དུ་གཅིག་པའོ། །འཛིན་པ་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་དེའི་རང་བཞིན་གྱིས་འཛིན་པའོ། ། ་རྣམ་ཤེས་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཕུང་པོ་སྟེ། སངས་རྒྱས་རྣམས་ཀྱི་ཟག་པ་མེད་པའི་རྣམ་པར་ཤེས་པའི་ཚོགས་སོ། །བཛྲ་ནཱ་མ་ཞེས་བྱ་བ་ནི་མིང་ཡིན་ལ། དེའི་ས་མ་ཡ་ནི་གདུལ་བྱའི་སེམས་ཅན་ཐམས་ཅད་ལ་རྗེས་སུ ་ཆགས་པས་ལྟ་བའོ། །ཧུ་ལུ་ཧུ་ལུ་ཞེས་བྱ་བ་ནི་འགྲོ་བའོ། །བླ་ན་མེད་པའི་ལམ་དུ་ཞུགས་པའོ། །ཱ་རོ་ལིཀ་ཅེས་བྱ་བ་ནི་འདི་ཡང་གསང་བ་འདུས་པ་དེ་ཉིད་ལས། ཐམས་ཅད་ནས་ནི་ཐམས་ཅད་ཀུན། །མཚོན་ཆའི་མཚན་ཉིད་མཚོན ་པས་ན། །རོལ་པ་བོ་ལ་སོགས་པ་ཀུན། ཨཱ་རོ་ལི་ཀ་ཅེས་བྱ་བར་བཤད། ཅེས་གསུངས་ཏེ། དེ་ལ་ཐམས་ཅད་ཅེས་བྱ་བ་ནི་རོལ་པ་པོ་སྟེ་འདུ་ཤེས་སོ། །ཐམས་ཅད་ཀྱི་ཞེས་བྱ་བ་ནི་རོལ་པར་བྱ་བ་སྟེ། མཆོན་བྱའི་དངོས་པོ་རྣམས་སོ། །ཀུན་ཞེས ་བྱ་བ་ནི་མཚན་ཉིད་དེ་འདུ་ཤེས་ཀྱི་ཁོངས་སུ་ཆུད་པའོ། །འདུ་ཤེས་ཅི་འདྲ་ཞེ་ན། མཚན་མེད་པར་ཁོངས་སུ་ཆུད་པར་བསྟན་པའི་ཕྱིར། ཨཱ་རོ་ལིཀ་ཅེས་བྱ་བ་སྨོས་ཏེ། ངེས་པའི་ཚིག་གི་ཚུལ་དུ་ནི་ཨཱ་ཞེས་བྱ་བ་ནི་བདག་སྟེ། ཆོལ ་པ་པོའོ། །རོ་ཞེས་བྱ་བ་ནི་མཚེན་པར་བྱེད་པའོ། །ལིཀ་ཅེས་བྱ་བ་ནི་མཚན་ཉིད་ཁོངས་སུ་ཆུད་པའོ། །ཤ་ཤྭ་ཏ་ཞེས་བྱ་བ་ནི་མིད་དོ། །པ་ར་མ་ཤ་ཤ་ཏ་ཞེས་བྱ་བ་ནི་མཆོག་ཏུ་རྟག་པ་སྟེ། ལོངས་སྤྱོད་པའི་བསྐུར་ཁེ་མོར་འཇུག ་པའོ། །ེ་ཏ་ཧེ་ཞེས་བྱ་བ་ནི་ཚུལ་སྤྱོན་ཅིག་པའོ། །ཛི་ན་ཛི་ཀ་ཞེས་བྱ་བ་ནི་ཡང་གསང་བ་འདུས་པའི་བཤང་པ་ལས་ཡོད་མེད་ཀྱི་དབུས་ལས་འདས་པ་སྟེ། འབྱུང་བ་དང་འབྱུང་ལས་གྱུར་ལས་འབྱུང། །སེམས་ཅན་ཀུན་ཀྱི་ལུས ་རྣམས་ནི། །བསྐྱེད་ལས་རྒྱལ་བ་ཛི་ན་ཛི་ཀ། ཅེས་གསུངས་ཏེ། དེ་ལ་ཡོད་པ་ཞེས་བྱ་བ་ནི་སེམས་ཅན་ཕྱི་རོལ་ཏུ་གྱུར་པའི་དོན་དང་སྐྱེ་བའོ། །མེད་པ་ཞེས་བྱ་བ་ན་ནིང་འཛིན་པ་དང་འགག་པའོ། །དབུས་ཞེས་བྱ་བ་ནི་པར་དང ་གནས?་པ་སྟེ། དེ་དག་དང་བྲལ་བའ། །ཅི་ཞིག་ཅེ་ན། འབྱུང་དང་འབྱུང་ལས་གྱུར་ལས་བྱུང། ཞེས་བྱ་བ་སྟེ། ཟག་པ་མེད་པའི་གཟུགས་ཀྱི་ཕུང་པོའོ། །སེམས་ཅན་ཀུན་ཞེས་བ7 ་བ་ནི་སངས་རྒྱས་རྣམས་སོ། །ལུས་ཞེས་བྱ་བ་ནི་གསང་བའི་སྐུའོ། །སྐྱེད་པ ་ཞེས་བྱ་བ་ནི་སྐྱེ་བའོ། །རྒྱལ་བ་ཞེས་བྱ་བ་ནི་ངེས་པར་བསྟན་པ་སྟེ། ངེས་པའི་ཚིག་གི་ཚུལ་གྱིས་ནི་ཛི་ན་ཛི་ཀ་གོ། བཛྲ་སཱུརྱ་ཞེས་བྱ་བ་ནི་མིང་དོ། །ཏོ་མོ་བི་ང་ཡ་ན་ཞེས་བྱ་བ་ནི་ང་རྒྱལ་གྱི་དབྱེ་བ་རྣམ་དྲུག་གི་མུན་པ་སེལ་བར་བྱེད་པའོ། ། ་ས་མ་ཡ་སྟཝཾ་ཧཾ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་མཉམ་པ་ཉིད་ཀྱི་བདག་ཉིད་ཅན་ན། །རཏཎ་དཏྲིཀ?་ཅེས་བྱ་བ་ནི་ཡང་གསང་བ་འདུས་པའི་བཤད་པ་ལས། དོན་རྣམས་ཐམས་ཅད་འབྱུང་བས་ན། སེམས་ནི་རིན་ཆེན་ཞེས་བྱར་བཤད། རིག ་པ་པོས་ངེས་རིག་པས་ན། །ཚོར་བ་རིན་ཆེན་འཛིན་པར་འདོད། །ཅེས་གསུངས་ཏེ། དེ་ལ་སེམས་ཞེས་བྱ་བ་ནི་སེམས་ཉིད་དོ། །ཅི་འདྲ་ཞེ་ན། དོན་རྣམས་ཐམས་ཅད་འབྱུང་བས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་རོ་གཅིག་པར ་འབྱུང་བའོ། །དེ་ཉིད་ནི་རིག་པ་སྟེ། དེ་ཁོ་ན་ཉིད་ཀྱི་རིག་པ་པོའོ། །ངེས་པ་ནི་གདོན་མི་ཟ་བའོ། །རིགས་ནི་ཉམས་སུ་མྱོང་བ་སྟེ། སེམས་ཀྱི་རང་བཞིན་ཚོར་བའི་ཡུལ་ལོ། །ཚོར་བ་ནི་མཉམ་པ་ཉིད་རིག་པའི་རང་བཞིན་ཏེ། ངེས་པའི་ཚིག་གི ་ཚུལ་གྱིས་ན་རཏན་དྷྲིཀ་གོ། པུ་ཕུ་ཕུ་ཧི་ཧི་ཧི་ཞེས་བྱ་བ་ནི་རང་བཞིན་གྱི་རྟའི་སྐད་དོ། །ཡང་ན་ཕྲུ་ཞེས་བྱ་བ་ནི་སྤྲི། ཤིང་འཕུར་པའོ། །ཧི་ཞེས་བྱ་བ་ནི་རྟ་ལྟར་འགྲོ་བ་སྟེ་སྤྲུལ་པའི་སྐུ་ཐམས་ཅད་དུ་འགྲོ་བའོ། །པྲཛྙཱ་དྷྲིཀ་ཅེས་བྱ་བ་ནི་ཡང་པ ་འདུས་པའི་བཤད་པ་ལས། རབ་ཏུ་གསལ་བས་རྣམ་ཤེས་ནི། པྲཛྙཱ་ཞེས་བྱར་བརྗོད་པ་ཡིན། །སེམས་ནི་འདུ་བྱེད་ཀྱིས་འཛིན་པས། །ཤེས་རབ་འཛིན་པས་ཞེས་བྱར་བརྗོད་ཅེས་གསུངས་ཏེ། དེ་ལ་རབ་ཏུ་གསལ་བཞེས་བྱ་བ་ནི་རང ་བཞིན་གྱིས་འོད་གསལ་བའོ། །ཅི་ཞིག་ཅེ་ན། རྣམ་ཤེས་ཏེ། ངེས་པའི་ཚིག་གིས་ནི། ཛྙཱ་ཞེས་བྱ་བ་ནི་རྣམ་ཤེས་ཡིན་ལ། པྲ་ཞེས་བྱ་བ་ནི་འོད་གསལ་བའོ། །འདུ་བྱེད་ཅེས་བྱ་བ་ནི་འདུ་བྱེད་ཀྱི་ཕུང་པོ་སྟེ། ་ཅི་འདྲ་བ་ཞིག་ཅེ་ན། སངས་རྒྱས་རྣམས་ཀྱིས་བརྩོན་འགྲུས་ཀྱིས་གུས་པར་དེ་ཁོ་ན་ཉིད་སེམས་པའོ། །མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ལས་ལེའུ་དགུ་པའི་རྣམ་པར་བཤད་པའོ།། །། ་རྡོ་རྗེའི་མིག་གིས་ཞེས་བྱ་བ་ནི་ཐོགས་པ་མེད་པའི་སྦྱན་གྱི་སོ། །རྫུ་འཕྲུལ་སྣ་ཚོགས་དྲ་བ་ཡིས་ཞེས་བྱ་བ་ནི་ལྟག་པར་མོས་པ་དང། མངོན་དུ་ཕྱོགས་པ་དང། མངོན་པར་འདུ་བྱེད་བ་མེད་པ་དང། ལྷའི་རྫུ་འཕྲུལ་ལོ། །དལ? ་ལྷག་པར་མོས་པ་ནི་སེམས་ཅན་རྣམས་སངས་རྒྱས་ཀྱི་གཟུགས་དང། སངས་རྒྱས་རྣམས་ཀྱང་སེམས་ཅན་གྱི་ལུས་དང་དབྱེར་མེད་པར་མོས་པའོ། །མངོན་དུ་ཕྱོགས་པ་ཞེས་བྱ་བ་ནི་ནམ་མཁའ་ལས་པད་མཛོད་ལ་སོགས་པ ་སྟོན་པའོ། །མངོན་པར་འདུ་བྱེད་པ་མེད་པ་ནི་སྐྱེ་བ་དང་བྱང་ཆུབ་པ་ཞེས་བྱ་བ་དང། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་ལྷུན་གྱིས་གྲུབ་པར་སྟོན་པའོ། །མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ལས། ་ལེའུ་བཅུ་པའི་རྣམ་པར་བཤད་པའོ།། །།ཞི་བའི་སེམས་ཞེས་བྱ་བ་ནི་རབ་ཏུ་དང་བའི་སེམས་སོ། །དབང་བསྐུར་བ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་པ་སོགས་པའི་ཁ་དོག་དཀར་པོ་ལྷའི་རྣམ་འབྱོར་ལ་གནས་ནས། སྤྲེའུ ་དང་འདྲ་བ་ལ་སོགས་པ་ནི་ནང་བཅོམ་སྟེ། རང་གི་སྙིང་ག་འམ་ཤེས་རབ་ཀྱི་པདྨར་སྒྲུབ་པར་བྱ་བ་ཆུའི་དཀྱིལ་འཁོར་ལ་བཞག་སྟེ། བུམ་པ་དཀར་པོ་ཐོགས་པའི་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་ནས། སངས་རྒྱས་ཐམས་ཅད་ཀྱི་སྡུལ ་ཕྲ་རབ་ཀྱིས་བསྒྲུབས་པའི་ལྷའི་སྐུར་བལྟའོ། །རྒྱས་པའི་སེམས་ཞེས་བྱ་བ་ཡོད་དོ། །འདིར་ཡང་རྡོ་རྗེ་ཉི་མའི་རྣལ་འབྱོར་གྱིས་དབང་ཆེན་གྱིས་དཀྱིལ་འཁོར་ལ་གནས་པར་བྱ་བའི་བསྒྲུབས་པར་བྱ་བ་ལ་བུམ་པ་སེར་པོའི་ཆུ་རྒྱུན་གྱིས་དབང་བསྐུར་བ་སྔ ་མ་བཞིན་ནོ། །རྗེས་སུ་ཆགས་པའི་སེམས་ཞེས་བྱ་བ་ནི་ཞེན་པའི་སེམས་ཏེ། གར་གྱི་དབང་ཕྱུག་ལ་སོགས་པའི་རྣལ་འབྱོར་ལ་གནས་ནས་བུམ་པ་དམར་པོའི་ཆུ་རྒྱུན་གྱིས་དབང་བསྐུར་བ་སྔ་མ་བཞིན་ནོ། །གདུག་པའི་སེམས་ཞེས་བྱ་བ་ནི་གདུག ་མི་གདུག་པ་མི་བཟོད་པ་སྟེ། མི་བཟད་པའི་སེམས་སོ། །མེའི་སྤྲིན་ཚོགས་ཀྱི་ཆར་པས་གསོང་པར་བྱེད་པའོ། །མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ལས་ལེའུ་བཅུ་གཅིག་པའི་རྣམ་པར་བཤད་པའོ།། །།རི་སུལ་ཆ་ཚད་ཞེས ་བྱ་བ་ནི་འདབ་ན་གནས་པའི་བཀང་སའོ། །ཡང་ན་བྱང་ཆུབ་སེམས་མྱང་བ་ལས་མི་གཡོ་བའི་ཕྱིར་རི་སུལ་ནི་ཤེས་རབ་པོ། །ཚང་ཚིད་ཕུག་ནི་དེའི་ཆོས་འབྱུང་བའི་ནང་དུ་ཆུད་པའི་པདྨའོ། །མེ་ཏོག་འབྲས་པུ་ལ་སོགས་བརྒྱན་ཞེས་བྱ་བ་ལ་མེ ་ཏོག་གི་སྔོན་གྱིས་ལས་སོ། །འབྲས་བུ་ནི་དེའི་ཚེ་འདིའི་ལུས་ཏེ། རྣམ་པར་སྨིན་པ་ཡིན་པའི་ཕྱིར་རོ། །ཡང་ན་མེ་ཏོག་གི་རྡུལ་ལོ། །སོགས་ཀྱིས་ནི་ན་སོ་ལ་སོགས་པ་གཟུང་བར་བྱའོ། །བྱང་ཆུབ་སེམས་ཞེས་བྱ་བ་ལ་སོགས་པ་ལ་ཅ་སྟེ་?? ་བ་དང་འཛིན་བ་ལ་སོགས་པའི་དངོས་པོ་བརྟག་པ་ཉིད་ཀྱིས་ཇི་ལྟར་དོན་དམ་པ་བྱང་ཆུབ་ཀྱི་སེམས་སུ་གྱུར་སྙམ་ནས། དངོས་པོ་བདེན་བརྫུན་རྣམ་དབྱང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་པས་རྣམ་པར་དཔྱད་ན། གཟུང་བ་དང། ?? ་བའི་དངོས་བོ་ཉིད་དུ་མི་རུང་བས། མི་བདེན་ཞིང་སེམས་འབའ་ཞིག་རྣམ་པར་གནས་སོ། །ཞེས་བྱ་བའི་དོན་ཏོ། །ཅི་སྟེ་གཟུང་བ་ལ་སོགས་པའི་ཕྱིར་རོལ་གྱི་དངོས་པོར་མི་དུད་ཡང་རྣམ་པར་ཤེས་པ་ཉིད་དུ་རྫས་སུ་ཡོད་དོ་ཟེར་ན། སྐྱེ་བ་མེད་པའི ་སྦྱོར་བ་ཡིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཅིག་དང་དུ་མ་ལ་སོགས་པའི་སྦྱོར་བ་འདིས་ཇི་ལྟར་ཕྱི་རོལ་གྱི་དོན་ལ་གནོད་པ་ལྟར་རྣམ་པར་ཤེས་པ་ལ་ཡང་གནོད་པར་བྱེད་པ་ཡིན་ཏེ། འདིར་བཏང་སྙོམས་སུ ་བཞག་བའམ་དངོས་པོ་དོན་དམ་པ་ལས་འགའ་ཡང་ཡང་པ་མ་ཡིན་ནོ། །སྐྱེ་བ་འདི་ནི་ཞེས་བྱ་བ་ནི་སྟོང་པ་སྟེ་སྟོང་པ་ཉིད་ཀྱི་རང་བཞིན་དུ་བྱུང་བའོ། །ོཾ་ཞེས་བྱ་བ་ལ་སོགས་པ་ལ། ཨོཾ་ཞེས་བྱ་བ་ནི་དོན་འདིའོ། །ཤཱུ་ནྱཏ་ཛྙན་སྟེ་རབ ་ཏུ་གསལ་ཙམ་ཡིན་པའི་ཕྱིར་རོ། །བཛྲ་ཞེས་བྱ་བ་ནི་བདག་ཉིད་མི་ཕྱེད་པའི་ཕྱིར་སྒྲིབ་པ་ཐམས་ཅད་འཇོམས་པའི་ཕྱིར་རོ། །ཡང་ན་སྟོང་པ་ཉིད་ཀྱིས་དོན་ཅན་གྱི་མེ་ལོང་ལྟ་བུའི་ཡེ་ཤེས་ནི་ཨོཾ་ཞེས་བྱའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི། ་ཤཱུ་ནྱ་སོ་སོར་རྟོག་པའི་ཡེ་ཤེས་ནི་ཛྙཱ་ནའོ། །བྱ་བ་ནན་ཏན་གྱི་ཡེ་ཤེས་ནི་བཛྲ་སྟེ། སྤྲུལ་པའི་སྐུ་ནམ་མཁའ་ཇི་སྲིད་པར་གནས་པའི་ཕྱིར་རོ། །ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ནི་སྤ་བཏཱ་བ་ཨཱཏྨ་ཀོ་ཧཾ་ངོ། །མི་འཆི་སྦྱོར་བ་ཞེས་བྱ་བ་ནི། ་བསྲུང་བའི་འཁོར་ལོ་ལ་བགེགས་དགྲིའི་རྣལ་འབྱོར་དུ་གནས་པའོ། །རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བ་ནི་རླུང་གི་དཀྱིལ་འཁོར་རོ། །འོད་ཕྱི་དཀྱིལ་འཁོར་ནི་མི་ལོང་གི་དཀྱིལ་འཁོར། །མཁའ་འགྲོའི་དཀྱིལ་འཁོར་ནི་དགྱེ་ས་པའི ་རྡོ་རྗེའི་དཀྱིལ་འཁོར་རོ། །སའི་ཆ་ཞེས་བྱ་བ་ནི་བདག་མེད་མའི་དཀྱིལ་འཁོར་མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ལས་ལེའུ་བཅུ་གཉིས་པའི་རྣམ་པར་བཤད་པའོ།། །།བྱ་བའི་རྒྱུད་ཅེས་བྱ་བ་ནི་ཕྱི་རོལ ་ཏུ་ཐམ་ལ་སོགས་པའི་ལྷད་དམིགས་པ་དང། གཙང་སྤྲ་དང་མི་སྨྲ་བ་ལ་སོགས་པ་ལྷུར་སྤྱོད་པའོ། །བྱ་བའི་སྦྱོར་བ་ཞེས་བྱ་བ་ནི། །བདག་ལས་ཕྱི་རོལ་ཏུ་དམིགས་པའོ། །རྣལ་འབྱོར་ཞེས་བྱ་བ་ནི་རང་གི་འཁོར་ལོས་སྒྱུར་བའི ་ཡེ་ཤེས་དང་བདག་ཉིད་རོ་གཅིག་ཏུ་དམིགས་པའོ། །རྣལ་འབྱོར་བླ?་མ་ཞེས་བྱ་བ་ནི་རང་གི་རིག་པ་དང་འཁྱུད་པ་ལས་བྱུང་བའི་དགའ་བ་མཆོག་གི་གསང་ཆེན་ལ་སྦྱོད་པའོ། །རྣལ་འབྱོར་བླ་ན་མེད་པ་ཞེས་བྱ་བ་ནི་རང་གི་ལྷའི་རྡོ་རྗེ་པདྨ་སྦྱོར་བ་ལས ་སྐྱེས་པའི་བདེ་བ་མཆོག་ལ་དམིགས་པའོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་བ་ཞེས་བྱ་བ་ལ་སྟོང་པ་ཉིད་ནི་གཉིས་པོ་གཏན་མེད་པའི་མཚན་ཉིད་དེ་ཡང་དག་པའི་མཛའ་ཨོ། །དེ་ཉིད་དོན་དམ་པ་དང། དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པའི་རྣམ་གྲངས་སོ། ། ་སྙིང་རྗེ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པ་བསྡུས་པར་འགྱུར་བའི་ལྷའི་དཀྱིལ་འཁོར་ཏེ། དེ་དང་དབྱེར་མེད་པའི་རོ་གཅིག་ཏུ་གྱུར་པའོ། །དེ་ལ་རྒྱུ་རྡོ་རྗེ་འཛིན་པའི་ཧོ་གཉིས་དང་སྦེལ་བའི་ཡི་གེ་གཉིས་ཞུགས་པའམ། སྐུ་གཉིས་བཞུགས་ཀྱང་རུང་སྟེ། ལྟེ་བའི་པདྨར་འདོད ་ཆགས་ཀྱིས་མེ་འབར་བས་བཞུ་བ་ལས་སྐུ་གཉིས་ཞུ་བར་གྱུར་པའི་བདག་ཉིད་ནི་སྟོང་པ་ཉིད་དོ། །དེ་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་འགྲོ་བ་རྣམས་ལ་ཕན་འདོགས་པ་ནི་སྙིང་རྗེ་སྟེ་དེ་ངད་དབྱེར་མེད་པའི་ལྷའི་སྐུའི་རང་བཞི་ནོ། །མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་ ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ལས་ལེའུ་བཅུ་གསུམ་པའི་རྣམ་པར་བཤད་པའོ།། །།བཟང་པོའི་སྤྱོད་ཡུལ་ཞེས་བྱ་བ་ལ་བཟང་པོ་ནི་རི་ལུ་ལ་སོགས་པའི་དངོས་གྲུབ་རྣམས་སོ། །སྤྱོད་ཡུལ་ནི་སྦྱོད་པ་སྟེ་སྒྲུབ་པའི་ཐབས་ཞེས་བྱ་བའི་བར་དུའོ། ་རྡོ་རྗེ་ཞེས་བྱ་བ་ནི་དགྱེས་བའི་རྡོ་རྗེའོ། །ལུགས་གསུམ་ཞེས་བྱ་བ་ནི་གཞན་ལས་གསུངས་པའི་དེས་བ་འདིར་སྦྱར་ཏེ། མདངས་བཟངས་རི་བོང་ཅན་དང་འོང་བྱེད་རྣམས། །གསུམ་བཞི་རིགས་བྱེད་གྲངས་ཀྱི་མན་ཆ་དང། །ཐུབ་པའི་ཡོན ་ཏན་མངའ་ཡི་གྲངས་བཞིན་དུ། །ར་ཏིར་བབས་པས་རི་ལུ་བཀྲི་བར་བྱ། །ཡང་ན་གཞན་ནས་གསུངས་པ། །གསེར་དང་དངུལ་དང་དེ་བཞིན་ཟངས་མ་རྣམས། །མེ་དང་མདའ་དང་ཟུང་གི་མན་ཆ་དང། །བཅུ་དྲུག་གསུམ་དང་དྲུག་སྟེ་རིམ ་བཞིན་དུའོ། །རི་ལུ་མཐུག་པོར་བཀྲི་ཞེས་གསུངས་པ་དེ་བཞིན་དུའོ། །ཀླུའི་རྒྱལ་པོ་ཞེས་བྱ་བ་ནི་སྤྲུལ་མགོ་གཉིས་པའོ། །ས་བོན་ཞེས་བྱ་བ་ནི་ཁུ་བའོ། །རྡོ་རྗེ་སོར་མོ་ཞེས་བྱ་བ་ནི་སོར་མོ་གླང་པོ་ཆེའི་སྣ་ལྟ་བུ་ལ ་སོགས་པའོ། །རྡོ་རྗེ་ལྕེ་ཞེས་བྱ་བ་ནི་ཧཱུཾ་དང་རྗོས་མཆན་པའི་ལྕེའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་རང་གི་མཚན་ནོ། །རྡོ་རྗེ་འཁྱུད་པ་ཞེས་བྱ་བ་ནི་མགྲིན་པར་དམ་པོར་བསྔམས་པའོ། །རྡོ་རྗེ་སྙིང་པོ་ཞེས་བྱ་བ་ནི་མི་ཕྱེད་པའི་བདེ་བའོ། །པདྨ་ཆཊ ་པ་ཞེས་བྱ་བ་ནི་རྡོ་རྗེ་དང་ལྡན་པའོ། །རྡོ་རྗེའི་བདག་ཉིད་འགུགས་པར་བྱ་ཞེས་བྱ་བ་ནི་ཁ་སྦྱོར་བྱེད་པ་སྟེ། །བླ་མའི་བཀའ་ལས་ཤེས་པར་བྱ་སྟེ། རྡོ་རྗེ་ཅན་གྱི་སར་འགྲོ་འགྱུར་ཞེས་བྱ་བ་ནི་ལུག་གི་ཤིང་རྟའི་སྟེད་དུ་རཾ་ལས་ཉི་མའི་དཀྱིལ་འཁོར ་གཞག་ལ་དེར་ཧཱུཾ་ལ་རྡོ་རྗེ་ཅན་གྱི་གཟུགས་སུ་བསྐྱེད་ནས་མིག་ལ་སོགས་པ་བྱིན་གྱིས་བརླབས་ཏེ། བསྲུང་ཞིང་ཁ་སྦྱོར་ལ་སོགས་པའི་གནས་སུ་བཀྲི་ཞིང་བཞུགས་པར་བྱའོ། །ཞེས་བྱ་བའི་དོན་ཏོ། བདག་བྱིན་བརླབས་པའི་རྣལ་འབྱོར་ཞེས་བྱ ་བ་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་རོ། །སྙིང་གའི་དབུས་འགྱུར་ཞེས་བྱ་བ་ནི་ནོར་བུ་གཉིས་བཅིངས་པའི་མཚམས་སུའོ། །རྡོ་རྗེ་བདག་མེད་མཁའ་འགྲོ་མ་ཞེས་བྱ་བ་ནི་རྡོ་རྗེ་ཡོངས་གྱུར་པ་ལས་བདག་མེད་མའི་རང་བཞིན་གྱིས་ཡུངས་ཀར་ཕྲ་མོ ་རིན་པོ་ཆེ་བསམ་པའོ། །བརྟན་པ་དང་གཡོ་བ་ཞེས་བྱ་བ་ནི་དཀྱིལ་འཁོར་ཀྱི་འཁོར་ལོའོ། །བ་ཅིག་ནི་བྱང་ཆུབ་ཀྱི་སེམས་འཛག་པའོ། །ཞེས་ཟེར་རོ། །རྣམ་པར་དག་མཛའ་ཞེས་བྱ་བ་ནི་རྣམ་པར་དག་པའི་མཛའ་སྟེ་དབུ་མར་གྱུར་པའོ། །རྟོག་པའི ་དྲ་བ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་རྣམས་སོ། །བེམས་པོ་མིན་ཞེས་བྱ་བ་ནི། རབ་ཏུ་གསལ་བ་ཙམ་ཡིན་པའི་ཕྱིར་རོ། །བརྫུན་པ་ཞེས་བྱ་བ་ནི་གཟུང་བ་ལ་སོ་གྲས་པའོ། །བདག་ཉིད་ཅེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའི་གཟུགས་ཀྱིས་སོ། ། ་སྒྲིབ་པ་ལྔ་ཞེས་བྱ་བ་ནི་འདུན་པ་དང་གནོད་སེམས་དང། སྙོམས་ལས་དང། གཉིད་དང། ཐེ་ཚོམ་ཟ་བ་རྣམས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ལ་མཁའ་པའོ། །འབྲས་བུ་དང་རྗེས་སུ་མི་མཐུན་བའི་རྒྱུ་ལས་འགྲུབ་པ ་དགག་པར་བྱ་བའི་ཕྱིར། འདི་ལྟར་མཚན་སུམ་ཅུ་རྩ་གཉིས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིའི་དོན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྗེས་སུ་གཟུང་བའི་ཕ་རོལ་ཏུ་ཕྱིན་པ་ལྔ་བསྡུས་པའི་དཀྱིལ་འཁོར་ཀྱི་འཁོར་ལོ་ཉིད་ཐབས་ཡིན་གྱི ་ཚུལ་གཞན་དང་སྟེང་པ་ཉིད་འབའ་ཞིག་ནི་ནམ་མཁའ་མཛའ་ཡས་སྐྱེ་མཆད་ལ་སོགས་པ་ལྟར་ཞིག་ཉིད་ཀྱིས་མི་ཁོམ་པ་ཐོབ་པར་འགྱུར་ཞེས་བྱ་བ་ཡིན་ན། །བདན་པ་མ་ཡིན་ཞེས་བྱ་བ་ནི་གཅིག་དང་དུ་མས་དཔྱད་ན་སྣང་བ་ཙམ་ཡིན་པའི་ཕྱིར་རོ། ། ་བརྫུན་པ་ཡང་མ་ཡིན་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་སྣ་ཚོགས་སུ་སྟོན་པའི་ཕྱིར་རོ། །དོར་བར་བྱ་བ་མ་ཡིན་ཞེས་བྱ་བ་ནི་སྤང་བར་བྱ་བའི་སྒྲིབ་པའི་ངོ་བོ་ཉིད་མད་པའི་ཕྱིར་རོ། །བླང་བར་བྱ་བ་མ་ཡིན་ཞེས་བྱ་བ་ནི་སྔོན་ཨམེད་པ ་སྐྱེད་པར་བྱེད་པའི་ཕྱིར་རོ། །ཁུ་ཚུར་ཞེས་བྱ་བ་ནི་སོར་མོ་ཐམས་ཅད་བསྐུམས་པའོ། །སེངྒེའི་རྣབ་ཞེས་བྱ་བ་ནི་མཛུབ་མོ་དང་ཅུང་ཟད་བསྐུམ་པའོ། །འདོད་པ་ཞེས་བྱ་བ་ནི་པྲི་ཡང་ཀུའོ། །བོ་ལ་ཞེས་བྱ་བ་ནི་གྷན་རྟ་རི་སའོ། །ས་ལི་ཇ་ཞེས་བྱ་བ་ནི ་ཁན་ད་སའོ། །ཀ་ཅོར་ཞེས་བྱ་བ་ནི་ཤ་ཏིའོ། །འདི་ནི་ཚོགས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ལ། འདེ་ཞེས་བྱ་བ་རྒྱུ་མཚན་ཏེ། བསོད་ནམས་ཀྱི་བསག་པའི་ཕྱིར་རོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་ཧཱུཾ་གིས་བསྤྱོད?་པའོ། །ད་རུ་ཞེས་བྱ་བ་ནི་པདྨའི་སྣ་རྩ་སྟེ ་པདྨའི་ནོར་བུའོ། །དབྱངས་ཞེས་བྱ་བ་ནི་དག་སྟེ། །ནོར་བུ་དེར་སངས་རྒྱས་ཀྱི་གསུང་ནི་རང་བཞིན་ཨ་དེ་གོང་པའོ། །ཡིད་བཞིན་ནོར་བུ་ཞེས་བྱ་བ་ནི་རྡེ?་ནོར་བུའོ། །ནོར་བུའི་སྒྲོ་རུ་ཡི་གེ་བཅོས?་བྱ་བ་ནི་ཕཊ?་སེར་པོའོ། །སྤྱན་གྱི་ལག་པ་ཞེས་བྱ་བ་ནི་མཇུག་མའི་རྒྱབ ་