| Wylie | e-texts based on the ACIP/ALL Input |
བོད་ཀྱི་ལོ་ཙཱ་བ་འགོས་ལྷ་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།དཔལ་ཀྱེའི་རྡོ་རྗེའི་འགྲེལ་པ་སྤྱན་འབྱེད་ཅེས་བྱ་བ་བཞུགས་སོ།། །རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྲ་ཏནྟྲ་མ་ཧཱ་རཱ་ཛ་སྱ་པཉྩི་ཀཱ་ན་ཏྲ་བི་བྷཾ་ག་ནཱ་མ། བོད ་སྐད་དུ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་སྤྱན་འབྱེད་ཅེས་བྱ་བ། དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ས་མ་སརྦཱརྠ་སིདྡྷི། ན་མོ་གུ་རུ་པཱ་དཱ་ཡ། ཨེ་ཀ་སྨིན་ས་མ་ཡེ། བྷ་ག་བཱན། སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀ་ཙིཏྟ་ཧྲི ་ད་ཡ་བཛྲ་ཡོ་ཥི་ད་བྷ་གེ་ཥུ་པི་ཛ་ཧ་ར། །གླེང་གཞིའི་དག་དང་པོའོ། །འདི་ཡང་སྒྲའི་ཚུལ་དུ་བཤད་པ་དང། དོན་གྱི་ཚུལ་དུ་བཤད་པའོ། །སྒྲའི་ཚུལ་ལ་ཡང་གསུམ་སྟེ། སྒྲའི་བྱེད་པའི་གནས་དང་སྦྱར་བ་དང། ནུས་པའི་རྩལ་དང་མིང་ཁྱད་པར་དུ ་བཏགས་པའི་ཡོན་ཏན་ནོ། །བྱེད་པའི་དབང་དུ་བྱས་པ་ནི་སྒྲའི་གནས་དང་སྦྱར་ཏེ། དེ་ཡང་སྒྲ་པའི་ལུགས་ཀྱི་ཏི་དནྟའི་མཛའ་ཅན་དང་སུ་བནྟའི་མཛའ་ཅན་ལས་འདིར་སུ་བནྟ་བྱཱ་ཀ་ར་ཎའི་གནས་བརྒྱད་དེ། གང་ཞེས་བྱ་བ་ལ་སོགས་པ་ལས། འདིར་གང་གིས་ཐོས་ན ་བདག་གིས་ཐོས་ཞེས་གསུམ་པ་སྦྱར། གང་གི་ཚེ་སྟེ་དུས་ནི་དང་པོ་འམ་ཏི་དནྟ་གནས་མི་སྦྱར། གང་ལས་ཐོས་ཞེས་པས་བཅོམ་ལྡན་འདས་ཞེས་ལྔ་པ་སྦྱར་བ་དང། གང་དུ་ཞེ་ན། བྷ་ག་ལ་ཞེས་བདུན་པ་འམ་གཉིས་པ་སྦྱར་བ་དང། བཞུགས་ཞེས་པར ་འཁོར་བསྟན་པས་ཐོས་པ་དང། འབྲེལ་པས་འདི་རྣམས་ཀྱི་ཕྱིར་ཞེས་བྱ་སྟེ་བཞི་པའི་སྒྲ་སྦྱར་རོ། །ནུས་པའི་རྩལ་ནི་འདི་སྐད་ཀྱིས་འདི་སྐད་ནས་ཟེ་འབྲུ་ལ་ཨའི་རྣམ་པའོ་རྒྱུད་མགོ་ཞབས་ཀྱི་དོན་འདྲེན་པ་དང། འདི་སྐད་ཀྱིས་ཡང་སྒྲོམ་བཏགས་པ་དང། སྐུར་པ་མ ་བཏབ་པར་བཅོམ་ལྡན་འདས་ལས་ཐོས་ཤིང་བཟུང་ནས་བསྡུས་ཞེས་པ་དང། ཉན་པ་རྣམས་གུས་པ་དང་བཅས་པའོ། །བདག་གིས་ཞེས་པ་ནི་བདག་ཉིད་ཀྱི་སྔོན་མངོན་སུམ་དུ་ཐོས་ཀྱི་རྒྱུད་ཀྱི་བརྒྱུད་པ་མ་ཡིན་པར་སྟོན་པ་དང། ཐོས་པ་ཞེས་པ་ནི་ཐོས་པའི་རྒྱང་བུ་སྟེ། རྟོགས ་པ་ནི་མ་ཡིན་པའོ། །ཐོས་པའི་གནས་སྐབས་ན་ཐོས་ཀྱིས་རྟོགས་པ་ནི་མ་ཡིན་ཏེ། རང་གིས་བྱས་པ་སྟོན་པ་ལ་ཁྱད་པར་མེད་པ་དང། གཞན་མི་གུས་པར་འགྱུར་བ་ལས་སོ། །སྡུད་པ་པོའི་གནས་སྐབས་ནི་དོན་དང་ཚིག་དང་བཅས་པར་བསྡུས་པས་ཁྱད་པར་དུ ་འགྱུར་རོ། །དུས་གཅིག་གིས་ནི་ཡོན་ཏན་གསུམ་འདྲེན་པར་བྱེད་དེ། དུས་གཅིག་ན་འདི་ཐོས་པ་གཞན་དག་ཀྱང་ཐོས་ཞེས་པས་ཐོས་པ་མང་བར་སྟོན་པ་དང། གཞན་དུ་མ་ཐོས་པ་དག་སྲིད་དོ་ཞེ་ན། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་རྒྱུན་མི་འཆད་པ་དང། ཤེས ་བྱའི་སྒྲིབ་པ་སྤོང་བ་གཙོ་བོར་བྱེད་པས་སོ། །དེས་ནི་སྡུད་པ་པོ་ཆེ་བར་བསྟན་ཏོ་ཡང་དུས་གཅིག་གིས་བསྟན་པ་དཀོན་པར་སྟོན་ཏེ། དེའི་ཚེ་ཁོ་ན་གསུངས་ཀྱི་གཞན་གང་དུ་ཡང་མ་བསྟན་པས་ན་དཀོན་པའོ། །དུས་གཅིག་སྟོན་པ་ཆེ་བར་སྟོན་ཏོ། སྐད་ཅིག་མ་ལ་ཐོས་པས་འཁོར་རྣམས ་རྣམ་པར་ཐར་པའི་སྐྱེ་མཆེད་སྒྲུབ་ནུས་པ་འམ་བྱ་བ་རྫོགས་པའི་སྐད་ཅིག་གཅིག་ཅེས་བྱའོ། །བྷ་ག་བཱན་གྱིས་ནི་ཡོན་ཏན་གཉིས་འདྲེན་ཏེ་བྷ་ག་རྣམ་པ་དྲུག་ཏུ་བརྗོད་ཅེས་བྱའོ། དཔལ་དང་གྲགས་དང་ཡེ་ཤེས་དང། །དབང་ཕྱུག་དང་ནི་གཟུགས ་བཟང་དང། །བརྩོན་འགྲུས་ཕུན་སུམ་ཚོགས་ལྡན་དང། །དྲུག་པོ་དེ་ལ་ལྡན་ཞེས་བརྗོད། །ཅེས་པས་ཡེ་ཤེས་ཕུན་སུམ་ཚོགས་པར་བསྟན་ཏོ། །ཡང་ན་ཉོན་མོངས་ལ་སོགས་བདུད་ཅེས་བྱ་སྟེ། བྷ་བཱནྣའི་སྒྲ་ལས་འཇོམས་པ་སྟེ། ཉོན་མོངས་པའི་བདུད་འདོད ་ཆགས་ལ་སོགས་པ་དང། ཕུང་པོའི་བདུད་དེ་རང་དབང་དུ་མ་ཐོབ་པ་དང། འཆི་བདག་གི་བདུད་དེ་འཆི་བའི་དུས་ན་གཤིན་རྗེའི་ལག་ཏུ་འགྲོ་བ་དང་ལྷའི་བུ་བདུད་ནི་དགའ་རབ་དབང་ཕྱུག་གི་བར་ཆད་བྱེད་པ་སྟེ། དེ་རྣམས་བཅོམ་པས་བྷ་ག་བཱན་ནོ། །སརྦ་ཏ་ཐཱ ་ག་ཏ་ནི་ཏ་ཊཱའི་སྒྲས་དེ་ཁོ་ན་ཉིད་དུ་གཤེགས་པ་འམ་སོན་ཞེས་བྱ་སྟེ། ཆོས་སྐུར་གནས་པའོ། །གཏས་ནི་རྟོགས་པ་འམ་བྱོན་པ་སྟེ་སྐུ་གཉིས་སོ། །དེ་དང་དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང། །དེ་བཞིན་བླར་ཡང་གཤེགས་པ་ཉིད་ཅེས་གསུངས་ཏེ། སརྦ་སྟེ ་རྣམ་པར་སྣང་མཛད་ལ་སོགས་པ་དེ་རྣམས་ཀྱི་སྐུ་གསུང་ཐུགས་བསྡུས་པ་ནས་ཧྲི་ད་སྟེ་སྙིང་པོ་བསྡུས་པ་དེ་རྡོ་རྗེ་ལྟར་དབྱེར་མི་བྱེད་པས་རྡོ་རྗེའོ། །བཙུན་མོ་ཞེས་པ་དྲུག་པ་སྟེ། སྤྱན་ལ་སོགས་པ་དེ་རྣམས་བསྡུས་པ་བྷ་ག་རྣམས་ཏེ་ཁྲོ་བ་དང་ཆགས་པ་ཅན ་འདུལ་བ་ལ་གནས་དེར་བཞུགས་པ་སྟེ། ཡེ་ཤེས་ཀྱི་སྣང་བ་ཉིད་གནས་སུ་སྣང་བ་དེ་ལ་རྡོ་རྗེ་འཆང་བཞུགས་པའོ། །བི་ཛ་ཧེ་ར་སྟེ་བཞི་མཐུན་པའི་འབྲུ་མང་པོ་པའོ། །ཧ་ར་ནི་འཕྲོག་པ་སྟེ། གཙོ་བོའི་ཡོན་ཏན་འཁོར་གྱིས་འཁོར་གྱི་ཐེ་ཚོམ་སྟོན་པས་འཕྲོག ་པའོ། །བཞུགས་ཞེས་པས་ཡང་རྒྱལ་པོ་ཕོ་བྲང་ན་བཞུགས་པས། འཁོར་འདྲེན་ཏེ། རྒྱལ་པོ་གཅིག་པུ་བཞུགས་པ་མ་ཡིན་པ་དང། ཐོས་པའི་འགྲེལ་པས་འཁོར་དབང་པོ་དང་བཅས་པས་སྟོན་པས་འཁོར་བསྟན་པ་དང་གཞན་དག་ནི་སྤྱོད་ལམ་དང་ཆོས་འཆད་པ ་དང་ཏིང་ངེ་འཛིན་དང་ནང་དུ་ཡང་དག་འཇོག་པས་བཞུགས་ཞེས་ཀྱང་འཆད་དོ། །མིང་ཁྱད་པར་ཅན་དུ་བཏགས་པ་ནི་འདི་སྐད་ལ་ཨེ་སི་ན་འམ་ཨཾ་དཾ་ཞེས་མི་ཟེར་བར་ཨེ་བཾ་ཞེས་བཏགས་པས་ལོ་ཏོག་སེལ་ཏེ་ཁ་ཅིག་ཕྱ་དང་མེས་པོ་དང་དབང་ཕྱུག་ལ་སོགས་པ་རྒྱུར་སྨྲ་སྟེ། བྱེ ་བྲག་པའི་ལུང་ལས། བ་ནི་བ་སྒྲ་རྣམས་ཀྱི་རྒྱུ་འགྲོ་བའི་རྒྱུ་ནི་དབང་ཕྱུག་སྟེ། དབང་ཕྱུག་གིས་ནི་མཐོ་རིས་སམ། ངན་སོང་དག་ཏུ་འང་ལྟུང་བར་བྱེད། ཅེས་ཟེར་བ་དེ་ལྟ་བུ་དགག་པའི་ཆེད་དུ་སྟེ་ཨེ་བཾ་ནི་ཆོས་ཐམས་ཅད་ཀྱི་ཕ་དང་མ་དེ་ལྟ་བུའི་འབྱུང་ཁུངས་སུ་ཤེས་པར་བྱེད་ལ། ཨེ ་བཾ་སྟེ་བདེ་སྟོང་དབྱེར་མེད་ཐབས་ཤེས་རབ་དང་དབྱེར་མེད་དུ་སྟོན་པས་ན་དེ་སྤོང་ངོ། །དེ་ཡང་ཡི་གེ་ཨེ་ནི་མར་འགྱུར་ལ། བ་ནི་ཕ་ཞེས་བྱ་བར་གྲགས། །ཐིག་ལེ་དེ་ནི་སྦྱོར་བ་སྟེ། སྦྱོར་ཏེ་དེ་ནི་རྨད་བྱུང་བའོ་ཞེས་པ་དང་ཨེ་ནི་ཤེས་རབ་ཉིད་འགྱུར་ལ། །བ་ནི་རབ་དགའ་ཨི་བདག་པོའོ། །འགྲོ་བ་གང ་ཞིག་ཡི་གེ་གཉིས། །མི་ཤེས་རྟག་ཏུ་འདོད་པ་དང། དེས་ན་སངས་རྒྱས་ཆོས་རྣམས་ལས། །ཕྱི་རོལ་སྦྱོར་སྤངས་ཐུབ་པ་བཞིན། །ེ་བཾ་ཡིག་གཉིས་སྒྱུ་མ་ལ། །ཐམས་ཅད་མཁྱེན་པ་འདིར་བཞུགས་པས། དམ་ཚིག་བསྟན་པའི་ཐོག་མར་ནི། །ེ་བཾ་དེ་ཕྱིར་རབ་ཏུ་བཤད་ཅེས་གསུངས་སོ།། ་བདག་གིས་ལ་ཨཱཏ་མའི་ཟེར་བ་ནི་མུ་སྟེགས་བདག་ཏུ་འདོད་པ་ཡང། །གང་ཟག་བདག་ཏུ་འདོད་པ་སྟེ་གྲངས་ཅན་དག་ནི་ཡོན་ཏན་གསུམ་ཆ་མཉམ་པ་ལས་གཙོ་བོ་ལས་བདག་སྟེ། དེ་ལས་འགྱུར་བ་དེ་ལས་ཡོན་ཏན་དུ་མ་སྐྱེ་སྟེ། འདི་ཙམ་ཉི་ཤུ་ལྔ་ཤེས་ན། རལ་བ་འམ་སྤྱི་བོ་གཙུག་པུད་ཀྱིས། ་བསྟི་གནས་གང་དུ་འགྲོ་བ་དེར། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་ཟེར་བ་དེ་བཟློག་པའི་ཕྱིར། །མཱ་ཡཱ་ནི་སྒྱུ་མའི་བདག་ཉིད་དུ་ཤེས་པར་བྱ་སྟེ། བདག་ནི་རྟགས་པ་དང་གཅིག་པུ་དང་རང་དབང་དུ་འདོད་ལ་སྒྱུ་མ་ནི་དེ་དང་མཚན་ཉིད་མི་མཐུན་པས་ནི་སྤོང་ངོ། །ཐོས་པ་ལ་ཤྲུ ་པ་འམ་ཤྲུ་ནེ་ལ་མི་ཟེར་བར་ཤྲུ་ཏ་ཟེར་བ་ནི་མུ་སྟེགས་ཀྱི་རིགས་བྱེད་པ་སྒྲ་ཡོན་ཏན་དུ་འདོད་པ་སྒྲས་ཆོག་པར་འཛིན་ཏེ། དེའི་ལུང་ལས་ཉེས་པ་རྣམས་དང་འབྲེལ་པའི་ཕྱིར། སྐྱེས་བུ་མ་བྱས་བདེན་དོན་ཅན་ཞེས་སྒྲ་རྟག་པར་འདོད་པ་སྟེ་སྤོང་སྟེ། ཤྲུ་ཏྲ་རྒྱུ་བས་མ་ཤྲུ་ཏ་རིག ་པ་ཤེས་པས་སྒྲ་རྟག་པ་དེ་ཐོས་བྱ་དང་ཐོས་བྱེད་ཀྱི་འབྲེལ་པ་མི་འཐད་པས་ན་དེ་བཟློག་གོ་།དུས་གཅིག་ན་ཨེ་ཀ་ཀཱ་ལ་མི་ཟེར་བས་ས་མ་ཡ་ཟེར་བ་ནི་དུས་ཡོན་ཏན་དུ་འདོད་པ་ཡོད་དེ། དེ་ཡང་སྐྱེ་དགུ་འདི་དག་དུས་ཀྱིས་བསྡུས། །དངོས་པོ་འདི་དག ་དུས་ཀྱིས་བྱེད་ཅེས་ཟེར་ཏེ། རིགས་པ་ཅན་ལ་སོགས་པ་འདོད་པ་བཟློག་སྟེ། ས་མ་ཡ་ནི་དམ་ཚིག་དེ་དུས་དང་མཉམ་པའི་དུས་དང། ཡ་ཡོ་ག་སྦྱོར་བར་འགྲོ་བས་ན་དུས་རྟགས་པ་ནི་དེ་དག་དང་འགལ་བས་ན་བཟློག་གོ་།དེ་སྐད་དུ་ཡང་དུས་ནི་རྣམ་པ་གསུམ་ཡིན ་ཏེ། བདེ་བའི་དུས་དང་ངན་པའི་དུས། །བསམ་གྱིས་མི་ཁྱབ་དུས་ཡིན་ཏེ་ཞེས་གསུངས་སོ། །བི་ཛ་ཧ་རི་ལ་སྟ་ན་འམ་སྟི་སྟི་བེ་སེ་བ་མི་ཟེར་བ་ནི་ཐེར་ཟུག་པའི་རྟག་པ་སྤོང་སྟེ། གྲངས་ཅན་ལ་སོགས་པ་རྫ་ཆག་བྱེད་འཕུར་དུ་འདོད་པ་སྟེ། ཧ་རས་སྤོང་སྟེ་རྗེས་སུ ་མཐུན་པས་སྟོན་ཏེ། འཕགས་པའི་ཚུལ་དུ་བཞིས་བཞུགས་པ་དང་ཧ་རས་འཕྲོག་བྱ་དང་འཕྲོག་བྱེད་དུ་བཞུགས་པ་འམ། བི་ཛ་ཡ་ཡོན་ཏན་དང་འཇོམས་པར་བཞུགས་པའོ། །དོན་བཞིན་དུ་བཤད་པ་ནི་གཉིས་ཏེ། བཤད་ཚུལ་སོ་སོར་སྦྱར་བ་དང་བརྟག་པ་ཕྱི་མའི་ཚུལ ་གྱིས་མདོར་བསྡུས་ཏེ་བསྟན་པའོ། །བཤད་ཚུལ་སྦྱར་བ་ནི་སྐྱེད་རིམ་དང་རྫོགས་རིམ་མོ། སྐྱེད་རིམ་དམིགས་པར་བྱ་བའི་ཡུལ་གླེང་གཞི་བསྟན་པ་དང། ཉམས་སུ་ལེན་པའི་ཐབས་བསྟན་པའོ། གླེང་གཞི་ནི་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བས་ནི་སྡུད་པ་པོ་ཕུན་སུམ་ཚོགས་པ ་སྟོན་ཏེ། སྔར་བསྟན་པའི་ཡོན་ཏན་དང་ལྡན་པའི་ས་བཅུའི་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོའོ། །དུས་གཅིག་ནི་དུས་ཕུན་སུམ་ཚོགས་པ་སྟེ། སྟོན་པ་གནས་དང་འཁོར་ལ་སོགས་པ། འདུས་པ་དུས་ཞེས་བཤད་པ་ཡིན། ཞེས་པ་མདོ་ལ་སོགས་པ་ལྟར་དཔྱིད་ཟླ་ར་བ་ལ་སོགས་པ ་བསྟན་པ་བཞིའི་དུས་སོ། །སྟོན་པ་ནི་བྷ་ག་བཱན་ཏེ་གོང་མ་ལྟར་སྤངས་པ་དང། ཡེ་ཤེས་ཏེ་དེ་དང་ལྡན་པའི་རྒྱུའི་རྡོ་རྗེ་འཆང་རིགས་བདུན་པ་སྟེ་དེ་ཡང་འོག་ཏུ་འཆད་དེ། ཞལ་བརྒྱད་ཕྱག་ནི་བཅུ་དྲུག་སྟེ། དཔའ་བོ་ཐོད་པའི་ཕྲེང་བ་ཅན། ཕྱག་བརྒྱ་ལྔ་ནི་འཛིན་ལྷ་ལ། བདག་མེད་མ་ནི་ཉིད་ཀྱིས་ཞུས ་གསུངས་པས་དེའི་དགོངས་པ་ཡང་རྒྱུའི་རྡོ་རྗེ་འཆང་འཆད་པ་པོར་འདོད་དོ། །གནས་ཕུན་སུམ་ཚོགས་པ་ནི་སརྦ་ཏ་ཐཱ་ག་ཏ་ནས་དྷ་ག་ག་ལའི་བར་ཏེ། བྲོ་བ་དང་ཆགས་པས་འདུལ་བ་ལ་ཕྱི་ཆོས་འབྱུང་ན་གཙང་ཁང་ལྟ་བུའི་ཡོན་ཏན་འབྱུང་བ་དེར་ཐོས་སོ། །འཁོར་ཕུན་སུམ་ཚོགས་པའི ་རྣལ་འབྱོར་གྱི་དབང་ཕྱུག་བྱེ་བྲག་བརྒྱད་ཅུ་སྟེ། རིགས་ལྔ་དང་བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་དང། རྡོ་རྗེ་བདག་མེད་མ་དང་སྤྱན་ལ་སོགས་པ་སངས་རྒྱས་ཀྱི་སྤྲུལ་པ་རྡོ་རྗེ་མཁའ་འགྲོ་མ་རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པ་རྣམས་ཏེ། དེ་ཡང་འོག་ལྡན་མ་དང་སྟེང ་ཞལ་མ་ལ་སོགས་པས་འཆད་དོ། །དེ་ལྟ་བུར་བདག་གིས་ཐོབ་པར་བྱ་སྙམ་དུ་འདོད་པར་བྱ་ཞེས་སྐྱེད་རིམ་གྱི་དམིགས་པར་བྱས་ལ་དེ་ཉིད་ཉམས་སུ་ལེན་པ་ནི་སྒྲུབ་པ་པོ་ཐུན་མོང་དང་ཁྱད་པར་གྱི་ཡོན་ཏན་དང་ལྡན་པས། གནས་ཕུན་སུམ་ཚོགས་པ་བགེགས་དང་འཚེ་བ་མེད ་པར་བྱ་བ་ལ་འཇུག་པ་སྔར་ལངས་ལ་ལྷའི་ང་རྒྱལ་གྱི་འཆགས་ཆེན་པོར་ཕྱིན་ཏེ། བསམ་གཏན་གྱི་བར་ཆད་བསལ་ལ། འཆགས་ཆུང་དུ་ཕྱིའི་ཁྲུས་ཙན་དན་ལ་སོགས་པ་སྦྱར་བའི་ཆུས་དབང་བསྐུར་བར་མོས་ཏེ་ཁྲུས་བྱའོ། །ནང་གི་ཁྲུས་བདུད་རྩིའི་བྱུག་པ་ལ་སོགས་པ་བྱའོ། ་དེ་ནས་ནང་དུ་མཎྜལ་དང་མཆོད་པ་བཤམ་ཐང་ཀ་དང་འབུར་སྐུ་རྣམས་བཞུགས་ལ་བདག་དང་རྣལ་འབྱོར་སྲོག་བསྲུང་བ་བྱའོ། །དེ་ནས་མཆོད་པ་བྱིན་གྱིས་བརླབས་ཏེ། རང་རང་གི་ཕྱག་རྒྱ་དང། སྔགས་ཀྱི་རྗེས་སུ་བྱིན་གྱིས་བརླབ་བོ། །དེ་ནས་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས ་ཀྱི་ཚོགས་བསགས་ལ། རབ་སྔོན་དུ་ཞེས་པས་ར་བ་དྲ་བ་བསྒོམ་པའི་ནང་དུ་ཨེ་ཆོས་འབྱུང་བ་ཤྲཱི་དང་ནཱའི་གནས་ལྟ་བུར་བསམ་སྟེ་དོན་ལེའུ་བརྒྱད་པར་འཆད་དོ། །བཾ་གཞལ་ཡས་ཁང་འབྱུང་བ། ས་ཆུ་མེ་རླུང་རྣམས་ཞུ་བ་ལས་བྱུང་བ་དེ་ཡང་འོག ་ནས་འཆད་དོ། །ཟེ་འབྲུ་དང་བཅས་པར་ཐིག་ལེ་བྱང་ཆུབ་སེམས་ལས་མཱ་ཡཱ་དཀྱིལ་འཁོར་གྱི་བདག་པོ་བསྒོམ་སྟེ། དེ་ཡང་ཟླ་བ་མེ་ལོང་ཡེ་ཤེས་ལྡན། །བདུན་གྱི་བདུན་པ་མཉམ་པ་ཉིད། །རང་ལྷའི་ས་བོན་ཕྱག་མཚན་ནི། སོ་སོར་རྟོག་པ་ཡིན་ཞེས་ཟེར། །དེ་རྣམས ་གཅིག་གྱུར་བྱ་ནན་ཏན། རྫོགས་པ་ཆོས་དབྱིངས་དག་པའོ་ཞེས་བྱ་བས་མངོན་པར་བྱང་ཆུབ་པ་ལྔས་རྒྱུའི་རྡོ་རྗེ་འཆང་དུ་སྤྲུལ་ལོ། །ཤྲུ་ཏ་ནི་རིག་མ་དང་བཅས་པ་བཞུ་བ་ལས་བྱུང་བ་དེ་ཡང། བར་དོར་ཞུགས་ནས་བསྲུབ་དང་བསྲུབས་ ་པས་གཙོ་བོ་ཞུ་རིག་མ་དང་བཅས་ཏེ། ཞུ་བའོ། དུས་གཅིག་ནི་ཞུ་བ་དང་ལྡན་པའི་རིག་མ་དང་དུས་གཅིག་པའོ། །བཅོམ་ལྡན་འདས་ནི་གླུའི་དོར་འབྲས་བུ་ཧེ་རུ་ཀས་ལངས་ཏེ། ཐིག་ལེ་བཞི་ཆད་ནས་རྐྱེན་གླུས་བསྐུལ་ནས་ཡུད་ཙམ་གྱི་མངོན་པར་བྱང་ཆུབ་པ་ལྔས ་བསྐྱེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཉན་པའི་འཁོར་རྫོགས་པ་སྟེ། རང་བཞིན་སངས་རྒྱས་རྣམ་པ་རྡོ་རྗེ་བཙུན་མོ་སྟེ། རྣལ་འབྱོར་མའི་འཁོར་རྗེས་སུ་མཐུན་པའི་བྱང་ཆུབ་པ་ལྔས་བསྐྱེད་པའོ། །དེ་ནས་ཉམས་དགའ་བའི་གྲོང་ཁྱེར་ཡིན་པས་བྷ་ག་སྟེ། ་ཉོན་མོངས་པ་རྣམ་པར་འཇོམས་པ་དག་པའི་ཡེ་ཤེས་དང་ལྡན་པས་སོ་བཞུགས་སོ་ཞེས་བྱ་བས་ནི་སེམས་དཔའ་སུམ་བརྩེགས་དང་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་དང། སྐྱེ་མཆེད་བྱིན་གྱིས་བརླབ་པ་ནི་གཙོ་བོ་ལ་བསྐྱེད་ཚུལ་འཁོར་ལ་མོས་ཚུལ་དུ་བསྒོམ ་མོ། །སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་དབང་བསྐུར་བ་དང། མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་དང་རྫོགས་པའི་རིམ་པ་ཉུང་ལྡན་དུ་བསྒོམ་མོ། །དག་པ་རྗེས་སུ་དྲན་པ་དང་སྔགས་བཟླས་པ་དང་གཏོར་མ་དང་ཡེ་ཤེས་པ་གཤེགས་པ་དང་དམ་ཚིག ་པ་བསྡུ་བ་དང་བཅས་པས་བཞུགས་སོ། །དེ་ལ་མཉམ་གཞག་དང་རྗེས་ཐོབ་ཀྱི་རྟགས་འབྱུང་སྟེ། ཐུན་བཞིའི་རིམ་པར་ཞག་ཅིག་དང་ཞག་གཉིས་དང་དེ་བཞིན་ཏེ་བརྟེན་པ་མཆོད་ནས་འཇུག་པ་དང་རྟེན་དང་པོ་ནང་ནས་འཇུག་པའོ། །དང་པོ་ནི་ཨེ་སྟེ་ཆོས ་ཐམས་ཅད་སྟོང་པ་ཉིད་དབབ་སྟེ་ཐབས་སྣང་བ་དང། ང་སྟེ་དབྱེར་མེད་བདག་གིས་ནི་བདག་ཉིད་དུ་ཐོས་ཤིང་གསལ་བའོ། །ཤྲུ་ཏ་སྟེ་བདེ་བ་གོང་ནས་གོང་དུ་འཕེལ་བ་འམ་ཡང་གསལ་རིག་གི་ཆ་མ་འགགས་པའོ། །དུས་ནི་དེ་ཉིད་སྣང་བ་དང་སྟོང་པ་དབྱེར་མེད ་པའི་སྒོམ་པ་སྟེ། དེ་ཡང་ཕ་རོལ་ཏུ་ཕྱིན་པ་ནི་ལུང་དང་རིགས་པས་དཔྱད་དེ་བསྒོམ་ལ། འདིར་ནི་མན་ངག་གི་སྟོབས་ཀྱི་ཆོས་རྣམས་ལས་ཡེ་ཤེས་སྐྱེ་བའི་ཆོས་ཉིད་ཀྱི་ཚུལ་དུ་བསྒོམ་མོ། །བཅོམ་ལྡན་འདས་ནི་དེས་མི་མཐུན་པ་འཇོམས་པ་དང་ཡེ་ཤེས་དང་ལྡན་པའོ། །དེ ་བཞིན་གཤེགས་པ་ཐམས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའོ། །སྐུ་གསུང་ཐུགས་ནི་རྣམ་པར་ཐར་པའི་སྒོ་གསུམ་མོ། །ཧྲི་ད་ཡ་ནི་སྙིང་པོ་སྟེ་བསྡུས་པའམ་དཀྱིལ་ལོ། །བཙུན་མོ་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ཡོན་ཏན་བསྐྱེད ་པའོ། །བཞུགས་སོ་ཞེས་པ་ནི་ཆོས་ཉིད་ཀྱིས་ཆོས་ཐམས་ཅད་ལ་ཁྱབ་པ་སྟེ། ཏིལ་ལ་ཏིལ་མར་ཇི་བཞིན་དུ། །བུ་རམ་ཤིང་ལ་བུ་རམ་བཞིན་ཞེས་པའོ། །རྟེན་དང་པོ་ནང་ནས་འཇུག་པ་ནི་ཨེ་སྟེ་ཤེས་རབ་ལྷ་མོ་བླ་ན་མེད་པའོ། །བ་ནི་དེ་བརྟེན་པའི་ཐབས་དེ ་ཡིད་འབྲིང་པའི་དུས་སུ་ཐབས་དུ་མའོ། །ང་ནི་དབང་པོ་རང་སྣང་སྟེ་རབ་འབྲིང་ཐ་མ་གསུམ་སྟེ་གསེར་འགྱུར་གྱི་ཚུལ་དང་བྱ་རོག་སྡིངས་ཆགས་ཀྱི་ཚུལ་དང་རྒྱ་མཚོ་ལྟ་བུའི་ཚུལ་དེང་ནང་ཕྱི་རོལ་ཏུ་སྣང་བ་དང། ཕྱི་ནང་དུ་སྣང་བའོ། །རང་སོར་གནས་པ་སྐྱེའོ། །མཱ་ཡཱ ་ནི་སྤྱོད་ལམ་དང་བསྲེ་སྟེ། ཟ་བ་དང་འགྲོ་ཉལ་དུ་ཡང་སྐྱེའོ། །ཤྲུ་ཏ་ནི་དོན་དམ་ལྷན་སྐྱེས་སོ། །དུས་གཅིག་ནི་ཀུན་རྫོབ་ལྷན་ཅིག་སྐྱེས་བར་དུས་གཅིག་གོ་།ལྷན་ཅིག་སྐྱེས་པ་དེ་ཉིད་བཅོམ་ལྡན་འདས་ཏེ་སྔ་མ་བཞིན་ནོ། །གནས་གང་ན་བཞུགས་ཤེ་ན། དེ ་བཞིན་གཤེགས་པ་ཐམས་ཅད་དེ་སེམས་ཅན་ཐམས་ཅད་དོ། །སྐུ་གསུང་ཐུགས་ཀྱི་ལུས་ངག་ཡིད་གསུམ་སྟེ། དེ་ཁོ་ན་རྡོ་རྗེ་བཙུན་མོ་སྟེ། ཤེས་རབ་ལྷ་མོ་བླ་ན་མེད་པ་ཕྱག་རྒྱ་ཆེན་པོ་རྟེན་དང་བརྟེན་པའི་ཚུལ་དུ་གནས་པ་ན་བཞུགས་པའོ། །དེ་ནི་ཟག་པ་མེད ་པའི་བརྟེན་པ་ཡིན་གྱི་ཟག་བཅས་ཀྱི་ཚུལ་ནི་མ་ཡིན་ནོ། །དེའི་ཕྱིར་དབང་རྟེན་མི་གནས་ཏེ། ཞིག་ཀྱང་དབང་པོ་འཇིག་པ་མ་ཡིན་ནོ། །གཉུག་མའི་དབང་པོ་ཡོད་པར་ཅི་ཡིས་ཤེས་ཤེ་ན། དེ་ལུང་དང་རིགས་པས་ཤེས་ཏེ། ལུང་ནི་ལྟེ་བར་ཕྱག་རྒྱ་ཆེན་པོ ་གནས་དང་པོ་དབྱངས་ཡིག་རང་བཞིན་ཏེ་ཞེས་བྱ་བ་དང་ཕྱག་རྒྱ་ཆེན་པོ་དབང་བསྐུར་བ་དེ་ནི་འདི་ཡི་བྱིན་རླབས་ཡིན་ཞེས་གསུངས་པ་དེའི་རྟེན་ཡང་ལུང་དེས་བསྒྲུབ་བོ། །ཕྱག་རྒྱ་ཆེན་པོ་ཉིད་དབང་རབ་དང་ལས་བྱུང་བ་བསྒོམ་པ་རབ་དང་རབ་ཀྱིས་དང་མན་ངག ་རབ་དང་རབ་ཀྱིས་བསྒྲུབ་པའོ། །དེ་ལ་དབང་རྟེན་ཡོད་པར་ཡང་ཡེ་ཤེས་ཡོད་པས་དེའི་རྟེན་ཡོད་དེ། དཔེར་ན་མིག་གི་རྣམ་པར་ཤེས་པ་ཡོད་པས་རྐྱེན་གཞན་ཚང་ཡང་རེས་འགག་པར་འདུག་པས་གཞན་ཞིག་ཡོད་ཅེས་བྱ་བ་ལྟ་བུའོ། །དེ་ལ་གོམས་པ ་ལས་རྟགས་གཞན་ཡང་གསུམ་སྟེ། མི་འགྱུར་བ་ནི་ལྟ་བའི་རྟགས། །དངོས་པོ་ཀུན་ལ་ཆགས་མེད་དྲོད། །སྒོམ་པའི་རྟགས་སུ་ཤེས་པར་བྱ། །འཇིག་རྟེན་ཆོས་བརྒྱད་སྤང་བ་ནི། སྤྱོད་པའི་རྟགས་སུ་ཤེས་པར་བྱ། །ཡང་སྔ་མའི་གསུམ་པོ་སེམས་ཟིན་པ་ ་དང་དེ་ཁོ་ན་འཇུག་པ་དང། དངོས་གྲུབ་འགྲུབ་པའོ། །དེ་ཁོ་ན་ཉིད་ལ་ཡང་རྟགས་ལྔ་མཐོང་བའི་ལམ་དང་མཚུངས་པ་ཡིན་ནོ། །དེ་རྣམས་གསུམ་པ་རྟགས་དང་སྦྱར་ནས་སྤྱོད་པ་གསུམ་རིམ་གྱིས་བྱེད་པ་འམ་ཡང་ན་ཐོད་རྒལ་དུ་ཡང་བྱའོ། །གསུམ་པོས ་ཀྱང་ལམ་ཐལ་བྱུང་མ་ཡིན་ཏེ། གཉིས་ཀྱིས་ནི་ཕྱག་རྒྱ་ཆེན་པོར་བརྒྱུད་དགོས་ལ། གཅིག་གིས་ནི་ཐལ་བྱུང་དུ་འགྲོའོ། །གཉིས་ནི་གང་ཟག་གི་རིམ་པས་བཤད་དེ། ཡང་ལས་ཀྱི་ཕྱག་རྒྱ་ཁྲོ་རྒྱུ་ཅན། །དེ་ཡང་རིང་དུ་སྤང་བྱ་སྟེ། །རང་ལུས་ཐབས་དང་ལྡན ་པར་བསྒོམ་པར་བྱ་བ་དང། དེ་ལ་སོགས་པ་དང། རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །འཁོར་བར་ཐབས་གཞན་ཡོད་མ་ཡིན་ཞེས་པ་དང། མང་དུ་བསྟན་ནོ། །དེ་ཡང་རིམ་པར་འགྲོ་བ་འམ་ཡང་ན་རེ་རེ་ནས་བརྒྱུད་པ་ཡང་སྲིད་དོ། །དེ་ལ་རྟག་པ་ཕྱི་མའི་ཚུལ ་གྱིས་དོན་བསྡུ་བ་ནི་འདི་ལྟར་སྣང་བ་ཐམས་ཅད་ལྷན་སྐྱེས་བདེ་བ་ཆེན་པོ་ཡིན་ཞིང་རང་བཞིན་ཀྱང་དེ་ལྟར་སངས་རྒྱས་དང་སེམས་ཅན་ཐམས་ཅད་ཀྱང་དེ་ལྟ་བུའི་ཡང་དག་པར་སྡོམ་པ་ཡིན་ཏེ། ཅི་ཡིས་ཤེ་ན། ཨེ་བཾ་སྟེ་གནས་ས་མ་དེ་རུ་འམ་དེས་སོ། ། ་གང་གིས་སྡོམ་ཞེ་ན། མཱ་ཡཱ་སྟེ་དབང་གིས་བདག་ཉིད་དང་ནི་ཤེས་རབ་ཐབས་དབང་རྣམས་ཀྱིས་སོ། །ཤྲུ་ཏ་སྟེ་དགོངས་པའི་སྐད་དུ་ཐོས་པ་དེ་དབང་གིས་དུས་ལ་སོགས་པའི་སྐབས་དག་བརྡ་དང་ལུས་བརྡ་ཡིས་སྨའོ། །ེ་ཀཱ་སྨ་སིམ་ཡ་སྟེ་དགའ་བ་རྣམས་དང་སྐད་ཅིག ་གིས་དུས་སུ་གཅིག་པ་སྟེ། ཤེས་པ་སྐྱེས་པའི་ཚུལ་སྤོང་བ་དང་ཐོབ་པའི་ཚུལ་དུ་འབྱུང་བའོ། །ཡང་བཟའ་བ་སྟོན་མོའི་དུས་སུ་དམ་ཚིག་གཅིག་པའོ། །དེ་དག་གིས་ཀྱང་རྗོད་བྱའི་ཆོས་ཐམས་ཅད་དང་རྗོད་བྱེད་ཀྱི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྣམས་དཔལ ་དགྱེས་པའི་རྡོ་རྗེར་འདུས་དུས་ཟླ་བ་དང་ལོ་ལ་སོགས་པར་བསྒོམ་པས། དང་པོ་སྤྲིན་དང་འདྲ་བར?་དུ། །གཉིས་པ་དུ་བ་ལྟ་བུ་སྟེ། གསུམ་པ་སྲིན་བུ་མེ་ཁྱེར་འདྲ། བཞི་པ་མ་མེར་ལྟ་བུ་སྟེ། ལྔ་པ་ཐམས་ཅད་སྣང་བ་སྟེ། སྲིན་མེད་ནམ་མཁའ་ལྟ་བུའོ། །གཟུང་བ་དང་བྲལ་བ ་དང། འཛིན་པ་དང་བྲལ་བ་དང། གཉིས་ཀ་དང་བྲལ་བ་དང་ཡེ་ཤེས་རང་རིག་འཆར་བ་དང། ཆོས་ཉིད་མཐོང་བ་ལྔ་པའོ། རྗེས་ཐོབ་སྒྱུ་མ་རྨི་ལམ་སོགས། སྒྱུ་མའི་དཔེ་བརྒྱད་རིམ་པར་མཐོང། དེ་ལ་སྤྱོད་པ་རྣམ་གསུམ་བྱ། དེ་ནས་འབྲས་བུ་གོ་འཕང་གནས་ཞེས ་བྱ་སྟེ། གང་ཟག་སྤྲོས་པ་ལ་དགའ་བས་ལམ་དེ་བསྒོམ་མོ། དེ་ཉིད་རྫོགས་པའི་རིམ་བར་བསྒོམ་པ་ནི་གསུམ་སྟེ། གང་ཟག་དབང་པོ་དམན་པ་ཆགས་པ་ཤས་ཆེ་བས་གཞན་ལུས་ལ་རྟེན་པ་དང་དབང་པོ་འབྲིང་ཆགས་པ་ཡང་འབྲིང་ནི་རང་ལུས་དང་ལྡན་པ་དང་དབང ་པོ་རབ་ཆགས་པ་ཆུང་བས་དབྱེར་མེད་ཕྱག་རྒྱ་ཆེན་པོ་དང་ལྡན་པའོ། །དེ་ལའང་སྐྱེད་པའི་རིམ་པ་ཉུང་ལྡན་ཏེ་སྔར་མཎྜལ་དང་མཆོད་པ་ཅུང་ཟད་ཙམ་ལ་བརྟེན་པའི་སྒྲུབ་པ་པོས་མོས་པའི་རྣལ་འབྱོར་དམ་བསྐྱེད་པའི་རྣལ་འབྱོར་དམ་བྱིན་གྱིས་བརླབས་པའི་རྣལ་འབྱོར ་གྱིས་ཐ་མལ་གྱི་རྣམ་པ་བསྒྱུར་ཏེ། དེ་ཡང་བདག་མེད་རྣལ་འབྱོར་ལྡན་པ་འམ། ཡང་ན་ཧེ་རུ་ཀ་དཔལ་བརྩོན་ཞེས་པ་རྟེན་ཁྱད་པར་རཅན་ནམ་ལྷན་ཅིག་བསྒོམས་ལ། ལས་ཀྱི་ཕྱག་རྒྱ་ཡང་འོག་ནས་གཡུང་མོ་རྡོ་རྗེ་རིགས་ཞེ ་ལས་བྱུང་བ་འམ། །རང་གི་སྲིན་ལག་རྩ་བ་ན། །རྡོ་རྗེ་རྩེ་དགུ་པར་གྱུར་པ། །ཞེས་བྱ་བ་ལ་སོགས་པས་རྟགས་ཤིང་བཙལ་ལ། དགེ་བ་བཅུ་ནས་བརྩམས་ནས་ནི། །དེ་ཡི་ཆོས་ནི་རབ་ཏུ་དབྱེ། །དབང་བསྐུར་སྙིང་རྗེར་ལྡན་པ་དེ་དང་ལྷན ་ཅིག་བསྒོམས་ཏེ། ད་ཡང་ལྷར་མོས་པ་ལ་སོགས་པ་བསྒོམ་ལ། སྟན་བདེ་བ་ལ་འདུག་སྟེ་དེ་ལ་ཨེ་སྟེ། ཤེས་རབ་ཀྱི་གསང་བའི་གནས་སུ་བ་སྟེ་ཐབས་ཀྱི་གསང་བའི་གནས་སུ་།ང་ཐིག་ལེ་ཟླ་བ་དང་ཉི་མ་འདྲེས་པའོ། །དེ་ཉིད་སྟོན་པའི་བདག་ཉིད་མཱ་ཡཱ་སྟེ ་ཕྱག་རྒྱའི་བདག་པོ་བསྒོམ་མོ། །ཤྲུ་ཏ་ནི་འཛག་ཅིང་རྒྱུ་བ་སྟེ་སེམས་དབབ་པ་དང་གཟུང་བ་དང་བཟློག་པ་ལ་སོགས་པའོ། །དུས་གཅིག་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་དུས་སུ་གཅིག་པ་སྟེ། དགའ་བ་གསུམ་གྱི་རིམ་གྱིས་སྐྱེས་ནས་བསྒོམས་པའོ། ། ་བཅོམ་ལྡན་འདས་ཏེ་ཐིག་ལེ་དེ་སྟོན་པར་བཤད་དེ། བཅོམ་ལྡན་འདས་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །དེ་བཞིན་གཤེགས་པ་ནས་བྷ་ག་རྣམས་ལ་ཡིས་ནི་ཨེ་བཾ་དེ་གནས་སུ་བསྟན་པའི་ཕྱིར་ཡོན་ཏན་གྱི་ཁྱད་པར་བརྗོད་པར་བྱའོ། །དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་ཕུང་པོ་ལྔ་དང་ལུས་ངག་ཡིད་གསུམ་ཧྲི་ང་ཡ་བཅུད་དུ་བསྡུས་པ་བཙུན་མོ་ནི་ཕྱག་རྒྱ་ཕུང་པོ་དང་འབྱུང་བས་བསྡུས་པས་ཧྲི་ང་ཡ་སྟེ་ཐིག་ལེར་གསང་བའི་གནས་སུ་བཞུགས་ཞེས་བྱ་སྟེ། ས་སྟེངས་སུ་ཟུངས་འོག་ཏུ་གནས་པ་སྟེ། ་དེ་ཡང་གཉིས་འདས་ནས་ནི་གཉིས་གནས་པ། རྒྱུ་ལ་འབྲས་བུས་རྒྱས་གདབ་པ་འམ། འབྲས་བུ་ལ་ཡང་རྒྱས་རྒྱས་གདབ་ཅེས་བྱ་བས་གནས་པ་འམ། ལུས་ནི་བཛྲ་ཨང་ག་ལ་སོགས་པས་བཞུགས་པའོ། །དེ་ཡང་ཐུན་དང་པོ་ཆུང་ངུ་རུ་བསྒོམ ་ཞིང་དེ་ནས་ཇེ་ཆེ་ཇེ་ཆེ་སྲེ་ཞིང་བསྒོམས་པས་རྟགས་འབྱུང་སྟེ། སེམས་ཟིན་པའི་རྟགས་ནི་རྒྱལ་པོ་དཔུང་བུ་ཆུང་གིས་མི་བསྐྱོད་པ་ལ་སོགས་པ་འབྱུང་བའོ། །དེ་ཁོ་ན་ཉིད་ལ་འཇུག་པའི་རྟགས་ནི་སྔ་མའི་རྣམ་པ་ལྔ་པོ་འབྱུང་ངོ། །དངོས་གྲུབ་འགྲུབ ་པའི་རྟགས་ནི་ཐིག་ལེ་སྔ་མ་དེ་མིག་ཏུ་བསྒོམས་པས་མིག་གི་མངོན་པར་ཤེས་པ་འབྱུང་ངོ། །དེ་བཞིན་དུ་རྣ་བ་དང་ལུས་དང་ཡིད་ཀྱི་གནས་སུ་བསྒོམས་ན་མངོན་པར་ཤེས་པ་རྣམས་འབྱུང་ངོ། །རང་ལུས་ནི་ཡང་སྒྲུབ་པ་པོས་སྔ་མ་ལྟར་སྔོན་དུ་འགྲོ་བ་རྣམས་བསྒོམས་ནས་ཨེ ་སྟེ་སྐྱེ་གནས་སུ་བ་སྟེ་སྤྱི་བོའི་གནས་ལས་ང་སྟེ་ཐིག་ལེ་ཚུལ་དུ་འཁྲིགས་ཤིང་གནས་པ་དང། རྒྱུན་མི་འཆད་པར་རྒྱུ་བའོ། །མཱ་ཡཱ་མ་ནི་བདག་ཉིད་དེ་རང་གི་ལུས་སུ་བསྒོམ་པའོ། །དུས་གཅིག་ནི་ཡང་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། དམ་ཚིག་གི་དགའ་བ་བཞི་ལུགས ་འབྱུང་དང་ལུགས་བཟློག་ཏུ་སྐྱེ་སྟེ་དེ་ལས་ལྷན་ཅིག་སྐྱེས་པ་བསྒོམ་མོ། །བཅོམ་ལྡན་འདས་ནི་རང་ལུས་སུ་བསྒོམས་པ་དེས་མི་མཐུན་པ་འཇོམས་པ་དང་ཡེ་ཤེས་དང་ལྡན་ཏེ་རང་རང་ངོ་བོ་མཚོན་བྱ་མཚོན་བྱེད་མྱོང་བ་དེས་མཚོན་བྱ་གཉུག་མའི་ཡེ་ཤེས་དྲུངས་ཕྱུང་སྟེ། ་ཆུ་སྐྱོགས་གང་གིས་ལན་ཚྭ་རྒྱ་མཚོའི་རོ་རྟོགས་པ་ལྟ་བུར་ཤེས་པའོ། །དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ནི་ཕུང་པོ་ལྔའོ། །སྐུ་གསུང་ཐུགས་ནི་སྒོ་གསུམ་མོ། །བཙུན་མོ་ནི་འབྱུང་བ་དག་པའོ། །བྷ་ག་རྣམས་ལ་ཡིད་ནི་ཆོས་ཀུན་རང་གི་ལུས་སུ་བསྒོམ་པས ་མི་མཐུན་པ་འཇོམས་པ་དང་ཡེ་ཤེས་དང་ལྡན་པས་སོ། །བཞུགས་སོ་ཞེས་པ་ནི་ལུས་གདོད་མ་ནས་རང་ཉིད་ཀྱི་དག་པའོ། །དེ་ལ་ཡང་རྟགས་གསུམ་སྔ་མ་དང་འདྲ་བར་སྦྱར་རོ། །དབྱེར་མེད་ཕྱག་རྒྱ་ཆེན་པོ་ནི། །སྔར་བཞིན་དུ་ཡང་སྒྲུབ་པ་པོས་གནས་ཕུན་སུམ་ཚོགས ་པར་བྱ་བའི་རིམ་པ་བྱས་ལ་ལུས་ལྷའི་རྣམ་པར་སྔར་བཞིན་དུ་བསྒོམས་ལ། དེ་ཡང་གཉིས་དེ་ཡང་རྟགས་པ་དང་པོར་འདུས་པ་ལ་དེ་ཡང་ལེའུ་དང་པོར་འདུས། དེ་ཡང་ཡི་གེ་བཞི་བཅུ་རྩ་བདུན་དུ་འདུས་དེ་ཡང་ཨེ་བཾ་མཱ་ཡ་བཞིར་འདུས་ལ་དེ་ཡང་ཨེ་བཾ་གཉིས་ལ ་ཐབས་དང་ཤེས་རབ་ཀྱི་ཡེ་ཤེས་ལྷན་སྐྱེས་སུ་འདོད་ཅིང་ཤེས་པར་བྱས་ལ་བསྒོམ་མོ། །དེ་ལྟར་བསྒོམ་པར་སྤྱོད་པ་འབྲས་བུས་ལམ་དུ་སླང་ངོ། །དེ་ལྟར་གླེང་གཞི་བསྟན་ནས་རྗོད་བྱེད་ཆོས་ལ་ཉོན་ཅིག་པར་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་ ་སྩལ་ཏེ། འདིར་སྦྱར་ཏེ་སྟོན་པ་འཁོར་རྣམས་ལ་སྤྲོ་བ་བསྐྱེད་དེ་རྣལ་འབྱོར་གྱི་དབང་ཕྱུག་བྱེ་བ་ཕྲག་བརྒྱད་ཅུའི་ནང་ནས་རྡོ་རྗེ་སྙིང་པོ་ལ་འཛུམ་པ་མཛད་ཅིང་ཉི་ཚེར་གཟིགས་ནས་གསུངས་པའོ། །དེར་དེ་རྣམས་ཀྱི་ཕྱིར་དེ་ལ་དེ་ནས ་ཏེ་གནས་དང་འཁོར་སྐབས་དེར་སྦྱར་རོ། །བཅོམ་ལྡན་འདས་སྔ་མ་འདྲའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཏེ་གསང་བ་ཞེས་བྱ་བར་ཉོན་ཅིག་།སྙིང་པོ་ཤིན་ཏུ་གསང་བར་ཞེས་བྱ་བར་ཉོན་ཅིག་།རྗེ་བཙུན་ཆེས་གསང་བར་ཉོན ་ཅིག་ཅེས་བྱའོ། །དེས་ནི་སྐུ་སྟེ་རྣམ་པར་སྣང་མཛད་སྐུའི་གསང་བ་བྱ་བའི་རྒྱུད་དང། གསུང་སྟེ་སྣང་བ་མཛའ་ཡས་གསུང་གི་གསང་བ་སྤྱོད་པའི་རྒྱུད་དང་ཐུགས་ཏེ་མི་བསྐྱོད་པ་ཐུགས་ཀྱི་གསང་བ་རྣལ་འབྱོར་ཀྱི་རྒྱུད་དེ་རྣམས་དང་ལྡན་པར་ཉོན་ཅིག་།སྙིང་པོ་རྡོ་རྗེ་འཆང ་ཤིན་ཏུ་གསང་བ་བླ་ན་མེད་པའི་རྒྱུད་དང་ལྡན་པ་དང་རྗེ་བཙུན་དགྱེས་པའི་རྡོ་རྗེ་ཆེས་གསང་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ཉོན་ཅིག་པའོ། །རྣམ་པར་སྣང་མཛད་ནི་རྣལ་འབྱོར་གྱི་སྟོན་པ་ཡིན་ན་སྐུ་རྡོ་རྗེ་བྱ་བའི་རྒྱུད་དང་ཇི་ལྟར་འབྲེལ་ཞེ་ན། ཀྲི་ཡ་ལུས་ཀྱི་བྱ ་བ་གཙོ་བོར་སྟོན་པ་སྐུ་རྡོ་རྗེ་དང་སྐུའི་གསང་བར་འབྲེལ་ཏོ། །གཉིས་ཀའི་རྒྱུད་ཀྱང་ཟེར། །སྤྱོད་པའི་རྒྱུད་གསུང་སྟེ་ལུས་ངག་གི་བཟླས་པ་གཙོ་བོར་སྟོན་པས་གསུང་སྟེ། སྣང་བ་མཛའ་ཡས་གསུང་གི་གསང་བར་རིགས་སོ་ཡོ་ག་ཏིང་ངེ་འཛིན་གཙོ་བོར་སྟོན་པས ་ཐུགས་མི་བསྐྱོད་པ་དང་ཐུགས་ཀྱི་གསང་བར་རིགས་སོ། །དེ་ནས་རྡོ་རྗེ་སྙིང་པོས་སྟན་ལས་ལངས་ཏེ། བླ་གོས་ཕྲག་བ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་འདི་སྐད་ཅེས་གསོལ་ཏོ། །གསང་བ་གསུམ་པོ་ཞུ་འཚལ་ཞེས་པ ་དང་དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེ་མའོ་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེན་པོ་ལེགས་སོ་ལེགས་སོ། །ེ་མའོ་ཞེས་པ་ནི་ངོ་མཚར་བ་སྟེ། སྡུད་པ་པོ་དང་ཆོས་ལའོ། །སྡུད་པ་པོ་ནི་རྣལ་འབྱོར་གྱིས་དབང་ཕྱུག་བྱེ་བ་ཕྲག ་བརྒྱད་ཅུའི་ནང་དུ་རྡོ་རྗེ་སྙིང་པོ་ཞུ་བ་པོ་ངོ་མཚར་བ་དང། ཆོས་གསང་བ་གསུམ་ལས་ཆེས་གསང་པ་ཤིན་ཏུ་གསང་བ་དགྱེས་པའི་རྡོ་རྗེ་ཞུ་བ་ངོ་མཚར་བའོ། །བྱང་ཆུབ་སེམས་དཔའ་ནི་བདག་དོན་ཕུན་སུམ་ཚོགས་པའོ། །ཆེན་པོ་ནི་གཞན་དོན་ཕུན་སུམ་ཚོགས་པའི ་སྒོ་ནས་སོ། །རྡོ་རྗེ་སྙིང་པོ་ནི་རང་རིགས་ཏེ་ཤེས་རབ་ཆེན་པོ་སྙིང་རྗེ་ཆེན་པོ་ནི་ཐབས་ཀྱི་སྒོ་ནས་སོ། །ལེགས་སོ་ལེགས་སོ་ཞེས་པ་ནི་རང་དོན་དུ་ཞུས་པ་དང་གཞན་དོན་དུ་ཞུས་པས་ལེགས་པ་གཉིས་སོ། །ད་ལྟར་གྱི་དུས་དང་མ་འོངས་པའི་སྒོ་ནས་ལེགས་པར ་འགྱུར་བ་གཉིས་སོ། །རང་གི་ངོ་བོ་ལ་ཤེས་རབ་དང་ཐབས་གཉིས་ཀྱི་སྒོ་ནས་ལེགས་སོ་བ་གཉིས་སུ་གསུངས་སོ། །དེ་ལྟར་གནས་པ་ལེགས་སོ་བ་བྱིན་ནས་སྐུ་རྡོ་རྗེ་ལ་སོགས་པ་རྡོ་རྗེ་སེམས་དཔའ་ལ་སོགས་པ་མིང་གི་རྣམ་གྲངས་གཞན་གྱིས་བཅོམ་ལྡན་འདས་ཀྱིས་བསྟན་པ་ནི་རྡོ་རྗེའི ་ཚིག་དབྱིངས་དང་ལྡན་པ་ཡིན་ཏེ། ཡོན་ཏན་འདི་རྣམས་ཡོད་དེ་ཤེས་བྱ་དང་ལམ་དང་འབྲས་བུའི་དབང་དུ་བྱས་པ་དང་རྣམ་གཞག་གནས་སྐབས་ཀྱི་དབང་དུ་བྱས་ཏེ་བསྟན་པའོ། །དེ་ལ་ཤེས་བྱ་ནི་རྡོ་རྗེ་སེམས་དཔའ་སྟེ་སྟོང་པ་ཉིད་ཤེས་རབ་དང། སེམས ་དཔའ་ཆེན་པོ་ནི་ཐབས་ཏེ་སྣང་བ་དུ་མ་དང་དམ་ཚིག་སེམས་དཔའ་ཞེས་པ་ནི་དབྱེར་མེད་སྣང་སྟོང་ངོ། །སྙིང་པོ་ཀྱེའི་རྡོ་རྗེ་ཞེས་བྱ་བ་ནི་དབྱེར་མེད་ལས་བྱུང་བ་ཆེ་བའི་བདག་ཉིད་དོ། །ལམ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་ལྟ་བ་སྟེ། སྟོང་པ་ཡུལ་དང་ཡུལ་ཅན་ནོ། ་སེམས་དཔའ་ཆེན་པོ་ནི་སྒོམ་པ་སྟེ་བདེ་བ་ཆེན་པོའོ། །དམ་ཚིག་སེམས་དཔའ་ཞེས་བྱ་བ་ནི་སྤྱོད་པ་སྒོ་གསུམ་གྱི་ཚུལ་དང་སྙིང་པོ་ཞེས་བྱ་བ་ནི་འབྲས་བུ་རོ་གཅིག་གོ་།དེ་ནི་ཐུན་མོང་ལམ་མངོན་པར་རྟོགས་པའི་དབང་དུ་བྱས་པའོ། །ལམ་ཁྱད་པར་ནི་རྡོ་རྗེ ་སེམས་དཔའ་ཞེས་པ་ནི་དགའ་བ་དང་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་མཆོག་ཏུ་དགའ་བ་དང། དམ་ཚིག་སེམས་དཔའ་ནི་དགའ་བྲལ་དང་སྙིང་པོ་དགྱེས་པའི་རྡོ་རྗེ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་ཡང་སྤོང་བ་དང་ཐོབ་པའི་ཁྱད་པར་གཞན ་ལུས་ལ་སོགས་པ་སྐྱེ་ལུགས་བླ་མའི་མན་ངག་ལས་ཤེས་པར་བྱའོ། །འབྲས་བུ་ནི་རྡོ་རྗེ་སེམས་དཔའ་ནི་ཆོས་སྐུའོ། །སེམས་དཔའ་ཆེན་པོ་ནི་ལོངས་སྐུའོ། །དམ་ཚིག་སེམས་དཔའ་ནི་སྤྲུལ་སྐུའོ། །སྙིང་པོ་དགྱེས་པའི་རྡོ་རྗེ་ནི་བདེ་བ་ཆེན་པོའི་སྐུ ་བསྟན་པའོ། །རྣམ་གཞག་ནི་རྡོ་རྗེ་སེམས་དཔའ་ནི་ཧེ་རུ་ཀ་ཕྱག་གཉིས་པའོ། །སེམས་དཔའ་ཆེན་པོ་ནི་ཕྱག་བཞི་པ་དང། དམ་ཚིག་སེམས་དཔའ་ནི་ཕྱག་དྲུག་པའོ། །སྙིང་པོ་དགྱེས་པའི་རྡོ་རྗེ་ནི་ཕྱག་བཅུ་དྲུག་པའོ། །དེའི་དོན་རྒྱས་པར་བཤད་པ་ནི་དྲིས་ལན་གྱིས ་འཆད་བའོ། །རྒྱས་པའི་ཚུལ་ནི་སྡུད་པ་པོས་མིང་གི་རྣམ་གྲངས་གཞན་དུ་བསྟན་པས་ཐེ་ཚོམ་དུ་གྱུར་ཏེ་ཡང་དྲིས་པ་དང། རྡོ་རྗེ་སྙིང་པོས་གསོལ་པ། གང་གི་ཕྱིར་རྡོ་རྗེ་སེམས་དཔའ་ལགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེའི་ལམ་རྡོ་རྗེ་མི་ཕྱེད་ཅེས་བྱ་བར་བརྗོད། ་སེམས་དཔའ་སྲིད་པ་གསུམ་གཅིག་པ། །འདིས་ནི་ཤེས་རབ་རིགས་པ་ཡིས། །རྡོ་རྗེ་སེམས་དཔའ་བརྗོད་པར་བྱ། །སྟོང་པ་ཉིད་དུ་ཆོས་ཐམས་ཅད་དབྱེར་མི་ཕྱེད་པའོ། །སྲིད་པ་གསུམ་སྟེ་འདོད་ཁམས་གཟུགས་མེད་པའི་ཁམས་གསུམ་སྟོང་པར་གཅིག་པའོ། །དེ ་ཤེས་རབ་ཀྱི་གཞལ་བར་བྱས་པས་རིགས་པ་དེ་ཉིད་རྡོ་རྗེ་དང་ཆོས་མཐུན་པ་སྟེ། སྲ་ཞིང་བརྟན་ལ་ཁོང་སྟོང་མེད། །སྟོང་ཉིད་རྡོ་རྗེ་ཞེས་སུ་བཤད་ཅེས་པའོ། །ཡེ་ཤེས་ཆེན་པོ་རོས་གང་ལ་ཐབས་རྣམ་པ་སྣ་ཚོགས་པའོ། །རྟག་ཏུ་དམ་ཚིག་ལ་སྤྱོད་ཕྱིར་ནི་སྤྱོད་བས ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པས་སེམས་ཅན་གྱི་དོན་བྱེད་པའོ། །དེ་དག་གི་བཤད་ཚུལ་སྦྱར་བ་ཡང་བསྐྱེད་པའི་རིམ་པའི་ཚུལ་ཏེ། དེ་ལ་བསྐྱེད་པའི་རིམ་པ་ནི་སྒྲུབ་པ་པོ་ནས་ཡང་ཁ་བསྐང་བ་སྔ་མ་དང་འདྲའོ། །རྡོ་རྗེ་མི་ཕྱེད་ཅེས་བྱ་བ་མངོན་པར་བྱང་ཆུབ ་པ་ལྔ་པོས་མི་ཕྱེད་པའི་སྐུར་བསྐྱེད་པའོ། །སེམས་དཔའ་སྲིད་པ་ནི་ཕུང་པོ་ལྔ་ལ་སོགས་པའི་རྩ་བར་རྣམ་པར་ཤེས་པའི་ཕུང་པོ་དེའི་དེ་ཁོ་ན་ཉིད་དགྱེས་པའི་རྡོ་རྗེ་སྟེ་རྒྱུའི་རྡོ་རྗེ་འཆང་ངོ། །ཡེ་ཤེས་ཆེན་པོའི་རོས་གང་བ་ནི་རིག་པ་དང་བཅས་ཏེ་ཆགས་པས་ཞུ ་བའོ། །རྟག་ཏུ་དམ་ཚིག་ལ་སྤྱོད་ཕྱིར་ནི་གླུའི་དོར་བྱས་ཏེ། འབྲས་བུའི་ཧེ་རུ་ཀར་ལངས་པའོ། །ཡང་ཁ་བསྐང་བ་ཡང་སྔ་མ་ལྟར་སྦྱར་རོ། །རྫོགས་པའི་རིམ་པ་ནི་གཞན་ལུས་ཤེས་རབ་ལ་བརྟེན་པ་དང་རང་ལུས་ཐབས་དང་ལྡན་པ་དང། དབྱེར་མེད་ཕྱག་རྒྱ་ཆེན་པོའོ། །གཞན ་ལུས་ཤེས་རབ་ལ་རྟེན་པ་ཡང་རྡོ་རྗེ་མི་ཕྱེད་ནི་ཆོས་འབྱུང་སྟོང་པའོ། །སེམས་དཔའ་སྲིད་པ་ནི་ཨ་བ་དྷཱུ་ཏཱི་དང་ལྡན་པའི་བྱ་རོག་གི་གདོང་ཅན་གྱི་གནས་སོ། །དེ་ནི་ཤེས་རབ་མའི་རིགས་པ་སྟེ། རྡོ་རྗེ་སེམས་དཔའ་བརྗོད་དོ། །ཡེ་ཤེས་ཆེན་པོ་རེས་གང་བ་ནི་ཐབས་ནོར་བུ་ནི ་གཟུང་བའི་མན་ངག་གིས་བཀང་བ་སྟེ། དེ་ནས་ཐབས་ཀྱི་རིགས་པ་ཕུལ་ཏུ་ཕྱིན་པའི་ཡེ་ཤེས་མྱངས་པས་སེམས་དཔའ་ཆེན་པོར་བརྗོད་པར་བྱའོ། །རྟག་ཏུ་དམ་ཚིག་ལ་སྤྱོད་ཕྱིར་ཞེས་བྱ་བ་ནི་རྟག་ཏུ་ནི་མི་འགྱུར་བ་སྟེ་ལྷན་ཅིག་པའོ། །ས་མ་ཡ་ནི་མཉམ་པའོ། །ཡ་ཡོ་ག་སྟེ་དེར་སྦྱོར ་བ་ནི་ལུས་མཉམ་པར་སྦྱོར་བ་སྟེ་རྡོ་རྗེ་སྐྱིལ་མོ་ཀྲུང་ངོ། །རྟེན་མཉམ་པར་སྦྱོར་བ་ཐིག་ལེ་གཉིས་གནས་སོ། །དེས་གཞན་དོན་ཡོངས་སུ་རྫོགས་པས་ནི། །དམ་ཚིག་སེམས་དཔའ་བརྗོད་པར་བྱ་ཞེས་པའོ། །དེ་ལ་ཡང་ལུས་ཐབས་དང་ལྡན་པ་ལ་བརྟེན་པ་ཆགས་པ་འབྲིང ་ནི་རྡོ་རྗེ་མི་ཕྱེད་ནི་ལྟེ་བའི་གནས་སྟོང་པའོ། །སྲིད་པ་གསུམ་ནི་རྩ་གསུམ་མོ། །གཅིག་པ་ནི་ཨ་བ་དྷཱུ་ཏཱིར་བསྡུའོ། །དེར་སྐྱེས་པའི་ཡེ་ཤེས་ནི་གཟུང་འཛིན་དང་བྲལ་བས་ཤེས་རབ་ཀྱི་རིགས་པའོ། །དེས་ན་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་ལྡན་པས། རྡོ་རྗེ་སེམས་དཔའ་ཞེས་བྱར ་བརྗོད་ཅེས་པའོ། །ཡེ་ཤེས་ཆེན་པོ་རོས་གང་བ་ནི་བདེ་བ་ཆེན་པོ་གནས་ལས་ལུས་ཀུན་ཏུ་ཞུ་ཞིང་གང་བའོ། །དེས་ཕུལ་དུ་གྱུར་པའི་ཡེ་ཤེས་མྱོང་བས་སེམས་ཡེ་ཤེས་ཆེན་པོར་གྱུར་པ་ཁྱད་པར་གྱི་རོ་དང་ལྡན་པའི་ཕྱིར་སེམས་དཔའ་ཆེན་པོར་བརྗོད་པར་བྱ་ཞེས ་པའོ། །རྟག་ཏུ་དམ་ཚིག་ལ་སྤྱོད་ཕྱིར་ནི་རྟག་ཏུ་སྟེ་སྟེང་འོག་རྒྱུན་མི་འཆད་པར་ས་མ་ཡ་སྟེ། མཉམ་པ་བྱང་ཆུབ་སེམས་ཀྱི་ཁྱད་པར་རོ། །ཡ་ཡོ་ག་སྟེ། ལུས་དང་སྦྱོར་བས་མི་འབྲལ་བའི་ཚུལ་ལོ། །དེས་གཞན་དོན་ཇི་ལྟར་ཡང་འགྲུབ་པས་དམ་ཚིག་སེམས་དཔར ་བརྗོད་པར་བྱ་ཞེས་པའོ། །དེ་ལ་ཕྱག་རྒྱ་ཆེན་པོ་ནི་ཆགས་པ་ཆུང་བ་གཉིས་སུ་མེད་པའི་ཡེ་ཤེས་ཏེ། རྡོ་རྗེ་མི་ཕྱེད་ནི་སྟོང་པ་ཉིད་དོ། །སྲིད་པ་གསུམ་ནི་ཁམས་གསུམ་མོ། །གཅིག་པ་ནི་རང་རིག་འོད་གསལ་དང་སྟོང་པ་འོད་གསལ་ལོ། །ཡེ ་ཤེས་ཆེན་པོ་རོས་གང་བ་ནི་ཐབས་སྣང་བ་མི་བཀག་པར་བསྒོམ་པའོ། །རྟག་ཏུ་དམ་ཚིག་ལ་སྤྱོད་ནི་སྤྱོད་པ་རྒྱུན་མི་འཆད་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དང་ཚད་མེད་པས་འཇུག་པའོ། །ཆགས་ཅན་གྱི་ལྟ་བུས་རྡོ་རྗེ་མི་ཕྱེད་པ་ཤེས་རབ་ལྷ་མོ་བླ་ན་མེད་པ་སྟེ། སེམས་ཅན ་ལ་ཀུན་གྱིས་དབང་པོའོ། །སྲིད་གསུམ་ལུས་ངག་བསྡུས་པ་སྤྱི་བོ་དང་རྐང་པར་བྱ་བ་སྟེ། སྤྱི་གཙུག་ནས་ནི་རྐང་བའི་མཐར་སྐུར་བ་གཅིག་ལ་ཡང་དག་རྟེན་ཞེས་གསུངས་སོ། །ཡེ་ཤེས་ཆེན་པོ་རོས་གང་སྟེ་དེར་བདེ་བ་ཆེན་པོ་དབྱེར་མེད་བསྒོམ་པ་སྟེ་ཡེ་ཤེས་རང་འབར ་བའོ། །གང་བ་ནི་དབང་པོ་རང་སྣང་བའི་ཚུལ་ལོ། །རྟག་ཏུ་དམ་ཚིག་ལ་སྤྱོད་ནི་སྤྱོད་ལམ་དང་བསྲེས་པ་སྟེ། རྟག་ཏུ་འམ་རྒྱུན་མི་འཆད་པར་རང་གི་ནང་ནི་ཉམས་གྱིས་གཟུགས་དང་སྒྲ་དབང་པོ་རང་སྣང་དུ་སྦྱོར། དྲི་དང་རོ་གཉིས་རེག་བྱ་འགྲོ་འདུག་སྤྱོད་ལམ་དུ་བསྲེའོ། དེ་ལ་ཡང ་ལྟ་བའི་རྟགས་མི་འགྱུར་བ་བསྒོམ་པའི་རྟགས་དངོས་པོ་ཀུན་ལ་ཆགས་མེད་དྲོད། །སྤྱོད་པའི་རྟགས་འཇིག་རྟེན་ཆོས་བརྒྱད་སྤངས་པའོ། །དེ་ཡང་བསྡུས་པའི་ཚུལ་གྱིས་མིང་རྟགས་ནས། རྡོ་རྗེ་སེམས་དཔའ་ནི་གསང་བའི་དོན་ཏེ་ཤེས་རབ་ལྟ་བའོ། །སེམས་དཔའ་ ་ཆེན་པོ་ནི་ཤིན་ཏུ་གསང་བའི་དོན་ཏེ་ཐབས་བདེ་བ་ཆེན་པོའི་ཡེ་ཤེས་བསྒོམས་པའོ། །དམ་ཚིག་སེམས་དཔའ་ནི་ཐེས་གསང་བའི་དོན་ཏེ་དབྱེར་མེད་པ་རྟག་ཏུ་སྤྱོད་པའོ། །ཡང་ན་གསང་བ་དང་ཤིན་ཏུ་གསང་བ་ཚེས་གསང་བ་ནི་སྔར་བཞིན་དུ་ཡང་སྦྱར། མིང ་བསྡུས་པས་ནི་ཇི་ལྟ་བུ་ཞེ་ན། བྱ་བ་ནི་དྲི་བ་སྟེ་ཚུལ་གཉིས་ཀྱིས་སྔར་གྱི་གསང་བ་གསུམ་དུ་བཤད་པ་དེ་སྙིང་པོར་ཇི་ལྟར་བསྡུས་པ་དགྱེས་པ་རྡོ་རྗེ་ཇི་ལྟར་འདུས་པས་དོན་ཡང་ཇི་ལྟར་བསྡུས་ཤེ་ན་མིང་བསྡུས་པས་ནི་ཇི་ལྟ་བུ་ཞེས་བྱ་སྟེ། དེ་ལ་དང་པོར་སྙིང་པོར་བསྡུས་པ ་ཡང་སྟོན་པ་དང་བསྟན་པའི་ཚུལ་གྱིས་བསྡུས་ཏེ། སྟོན་པ་རྣམ་པར་སྣང་མཛད་ལ་སོགས་པ་ནི་སྐུ་རྡོ་རྗེ་ལ་སོགས་པ་དང་རིན་ཆེན་ཏེ། ཡོན་ཏན་རྡོ་རྗེ་འཕྲིན་ལས་རྡོ་རྗེ་སྟེ་དེ་རྣམས་ཀུན་ལ་ཡང་སྐུ་རྡོ་རྗེ་ལ་སོགས་པ་དང་ལྡན་པ་ཡང་རྡོ་རྗེ་འཛིན་ཞེས་པས་བསྡུས་ཏེ་རྡོ་རྗེའི་བྱེ་བྲག་རྡོ ་རྗེའི་འཆང་ཞེས་པས་བསྡུས་སོ། །སྟོན་པ་དོན་བསྡུས་པ་ནི་རྣམ་སྣང་ལ་སོགས་པ་སྐུ་རྡོ་རྗེ་ལ་སོགས་པ་ནི་ཡེ་ཤེས་ལྔ་ལ་འཆང་དེ་དེ་ཡང་བྱང་ཆུབ་ཀྱི་སེམས་ལས་གཞན་ན་མེད་པས་འདིས་འདུས་པའོ། །བསྟན་པ་མིང་བསྡུས་པ་གསང་བ་གསུམ་ཀྲི་ཡ་ཡོ་ག་ལ་སོགས ་པ་གསུམ་ཐ་དད་ཏུ་རྟགས་པ་དེ་གསང་བ་འདུས་པ་ཞེས་བྱ་བའི་མིང་བསྡུས་པའོ། །དོན་བསྡུས་པ་ནི་བྱ་བ་དང་སྤྱོད་པ་ལས་རྣམ་གྲངས་དུ་མ་བཤད་པ་ཡང་བྱང་ཆུབ་སེམས་ལས་མ་འདས་བསྡུས་པ་སྟེ་དེས་ན་དོན་དེ་ཁོ་ན་ཉིད་ལ་སྟོན་པ་དང་བསྟན་པ་དབྱེར་མེད་དོ། །དགྱེས ་པའི་རྡོ་རྗེ་མིང་བསྡུས་པས་ནི་དོན་གྱི་སྟེ་སྟོན་པ་དང་བསྟན་པ་བསྡུས་པའོ། །སྟོན་པ་མིང་བསྡུས་པ་ནི་སྐུ་རྡོ་རྗེ་ལ་སོགས་པ་བཛྲའི་དྷྲིཀ་སྟེ་བཛྲའི་མིང་ཚུལ་གོང་མ་ལྟར་གྱུར་པས་བསྡུས་པའོ། །དོན་བསྡུས་པ་ནི་ཡེ་ཤེས་རྣམས་སེམས་སུ་བསྡུས་ལ་དེ་ཡང་ལྷན་སྐྱེས ་བདེ་ཆེན་དུ་འདུས་སོ། །འོ་ན་སྔ་མ་ལས་ཁྱད་པར་ཅི་ཡོད་ཅེ་ན། འདིར་ཁྲོ་བ་དང་ཆགས་པས་འདུལ་བའི་དོན་དུ་འམ། ཡང་ན་དེ་བཞིན་གཤེགས་པའི་སའི་སྐད་ཅིག་མ་གཉིས་ལ་སོགས་པ་ཡིན་ཏེ་གཞན་དོན་རྫོགས་པའོ། །སྔར་གྱི་ནི་དེ་ལྟར་མ་ཡིན་ནོ། །བསྟན་པ་མིང་བསྡུས ་པ་ནི་ཧེ་བཛྲ་གྱུར་པས་བསྡུས་ཀྱི་གསང་བ་དངོས་སུ་ནི་མ་ཡིན་ནོ། །དོན་བསྡུས་པ་ནི་ལྷན་སྐྱེས་གཏན་ལ་ཕབ་པ་འམ་སེམས་དཔའ་གསུམ་ནི་ཧེ་དང་བཛྲ་དང་གཉིས་པ་བསྡུས་པར་སོ་སོར་གསལ་བར་བཤད་དོ། །སྔར་གྱི་སེམས་དཔའ་གསུམ་གྱི་ཡོན་ཏན་ཀུན་ལྡན་པར ་ཤེས་པར་བྱའོ། །སྟོན་པ་དང་བསྟན་པ་ཡང་འཁོར་མ་འོངས་པའི་གདུལ་བྱ་ལ་དགོངས་ནས་རྣམ་གཞག་ཐ་དད་དུ་བྱ་བའི་དོན་དེ་ཁོ་ན་ཉིད་ལ་ནི་ཁྱད་པར་མེད་དོ། །ཡང་ན་མིང་དག་ཏུ་གོང་མ་བསྡུས་ཏེ་ཧེ་ནི་ཕྱི་སེམས་ཅན་གྱི་དོན་སྡུག་བསྔལ་དམིགས་ན་སྐྱེ་བའོ། །ཆེན་པོ་ནི་ནང་གི ་ལྷན་ཅིག་སྐྱེས་པའི་རོས་ཕུལ་དུ་བྱུང་བའི་སྙིང་རྗེ་སྟེ་རང་དབང་མེད་པར་ཟག་པ་དང་བཅས་པར་རྣལ་འབྱོར་པ་ལ་རང་གིས་སྐྱེ་བའོ། །ཧེ་ནི་སྙིང་རྗེ་ཆེན་པོ་སྟེ། ཡེ་ཤེས་ཆེན་པོའི་རང་བཞིན་བདེ་བ་ཆེན་པོ་ཐབས་ཀྱི་སྒོ་ནས་བསྡུས་བའོ། །བཛྲ་ནི ་ཤེས་རབ་སྟེ། སྟོང་པ་ཉིད་རིག་པའི་ཤེས་རབ་ཆེན་པོའི་ལྟ་བས་བསྡུས་པའོ། །དབྱེར་མེད་ནི་བདག་ཉིད་ཀྱི་རྒྱུད་དེ་དམ་ཚིག་སྤྱོད་པས་བསྡུས་སོ། །དེ་ན་ཤེས་རབ་ཀྱི་རིགས་པ་དང་ཐབས་ཀྱི་རིགས་པ་དང་དབྱེར་མེད་ཀྱི་རིགས་པས་དགྱེས་པའི་རྡོ་རྗེ་བསྟན་ཏོ། །མིང་བསྡུས ་པའི་ཚུལ་ཡང་མིང་གིས་བསྡུས་པ་སྟེ། ཏེ་ནི་སྙིང་རྗེ་སྟེ་རྟག་ཏུ་དམ་ཚིག་སྤྱོད་པས་བསྡུས་སོ། །ཆེན་པོ་ཉིད་ཀྱི་ཡེ་ཤེས་ཆེན་པོས་རོས་གང་བ་བསྡུས་བའོ། །བཛྲ་ཤེས་རབ་ཀྱིས་ནི་མི་ཕྱེད་པ་དང་སྲིད་པ་གསུམ་གཅིག་ཏུ་སྡུས་སོ། །ཐབས་དང་ཤེས་རབ་བདག་ཉིད ་རྒྱུད་ནི་རང་བཞིན་པ་དང་བཏགས་པའོ། །རང་བཞིན་གྱི་རྒྱུད་ནི་རྒྱུན་ཏུ་རབ་ཏུ་གྲགས། །དེ་ཡང་རྣམ་པ་གསུམ་ཡིན་ཏེ། རྒྱུ་དང་ཐབས་དང་འབྲས་བུའོ། །དེ་ལ་རྒྱུའི་རྒྱུད་སེམས་ཅན་རང་འབྱུང་ཡེ་ཤེས་ངོ་བོར་གནས་པ། ཐབས་ཀྱི་རྒྱུད་སྔགས་དང་ཕྱག་རྒྱ་ལ་སོགས་པ་འབྲས ་བུའི་རྒྱུད་དེ་ཉིད་མངོན་སུམ་དུ་གྱུར་པའོ། །བཏགས་པ་ལ་ནི་འབྲེལ་བ་དང་མ་ཚད་བ་མེད་པ་དང་མ་འཁྲུགས་ཤིང་འབྲེལ་ན་རྒྱུད་དེ། མངོན་རྟོགས་མ་འཁྲུགས་ལ་ཚིག་འབྲེལ་པ་ལྡན་པའོ། །དང་པོ་དང་དངོས་པོ་གནས་ལུགས་སྟོན་པ་དང་སྡུད་པ་པོའི་སྣང་བ་གཉིས ་པ་ནི་སྒྲུབ་པ་པོ་དང་ཉན་པའི་ཡིད་ཀྱི་ཤེས་པ་སྒྲ་སྤྱི་དང་དོན་སྤྱིར་བསྟན་པའོ། །དེ་ནི་ང་ཡིས་བཤད་ཀྱིས་ཉོན་ནི་སྔོན་བྱུང་དང་རྗེས་འཇུག་གཉིས་ཀར་སྦྱར་རོ། །དེ་ལྟར་རྗེད་བྱེད་སྟོན་པ་དང་བརྗོད་པར་བྱ་བའི་ཆོས་བསྟན་ནས། དེ་ནས་རྒྱུད་ཀྱི་དོན་བཤད་པར་བྱ་བའི་ཚུལ ་ཡང་གསུམ་སྟེ། གདུལ་བྱ་བརྗོད་པ་བསྐྱེད་པའི་ཕྱིར་དམིགས་པའི་ཡུལ་དང་ཉམས་སུ་བླང་བའི་ཐབས་དང་འབྲས་བུའོ། །དམིགས་པར་བྱ་བའི་ཡུལ་ལ་ཡང་གཉིས་ཏེ། བསྐྱེད་པ་དང་རྫོགས་པའི་རིམ་པའོ། །བསྐྱེད་པ་ལ་གཉིས་ཏེ། སོ་སོར་དམིགས་པ་དང། སྤྱིར་དམིགས་པའོ། ་སྤྱིར་དམིགས་པ་ནི་ལྟ་སྟངས་དང་ཞེས་པ་ནས་རྣམ་མང་བརྗོད་པར་བྱ་བའི་བར་ཏེ་བརྡ་ནི་དམིགས་པ་སྟེ། དབུགས་དང་སྔགས་དང་ལྷའི་རྣལ་འབྱོར་རོ། རེངས་པ་ལ་སོགས་པ་སྟེ། ལས་རྣམ་བཞིའོ། །འོ་ན་བདེ་ཆེན་ནི་རྫོགས་རིམ་ཡིན་ན། བསྐྱེད་རིམ་དུ་འཆད་པ་ཅིའི་ཕྱིར་ཞེ་ན། དེ་ནི་ལྷའི ་རྣལ་འབྱོར་དང་ལྡན་པས་སོ། །ཇི་ལྟར་རིགས་པ་རྣལ་འབྱོར་མ་འོག་ནས་ལས་དང་སྔགས་དང་རྣལ་འབྱོར་སོ་སོར་འཆད་དོ། །དེ་ཡང་ཅིས་ཐོབ་ཅེ་ན། བསྐྱེད་དང་ཞེས་པ་ནི་ཚོགས་བསགས་པའོ། །གནས་དང་ཞེས་པ་ནི་རྟེན་གྱི་དཀྱིལ་འཁོར་རོ། །བྱེད་རྒྱུ་ནི་མངོན་པར་བྱང་ཆུབ་པ ་ལྔའོ། །སོ་སོར་དམིགས་པ་རེངས་པ་ལ་སོགས་པ་ནི་ཇི་ལྟར་རིགས་པ་རྣལ་འབྱོར་རྣམས་ཀྱིས་སོ། །རྫོགས་པའི་རིམ་པའི་དམིགས་པ་ནི་གཞན་གྱི་དོན་བྱེད་པ་དང་རྣམ་ཤེས་ཡེ་ཤེས་སུ་གྲུབ་པ་དང་ལུས་ལྷ་རྣམས་སུ་སྣང་བ་རང་ལོག་ཏུ་འགྱུར་བ་སྟེ། དེ་སྐད་དུ་མཚོན་བྱ་མཚོན ་བྱེད་མཚན་ཉིད་ནི། །རྣམ་ཤེས་ཀྱིས་ནི་ཡེ་ཤེས་བསམ། །ཡེ་ཤེས་ཀྱིས་ནི་ཤེས་བྱ་ལྟ། །ཤེས་བྱས་འགྲོ་བ་བརྟག་པར་བྱ་ཞེས་གསུངས་སོ། །དེ་ཉམས་སུ་བླང་བའི་ཐབས་ནི་ལམ་གཉིས་ལས་གོ་རིམས་ངེས་པའི་རྒྱུ་མཚན་དང། ཧེ་རུ་ཀ་ནི་ཞེས་ཚིག་རྐང་གཉིས ་གསུངས་སོ། །བསྐྱེད་པའི་རྒྱུ་ནི་གཉིས་ཏེ་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའོ། །དེ་ལ་དང་པོ་གཅིག་ནི་བསྐྱེད་པའི་རིམ་པ་སྟེ། སེམས་ཅན་ལས་ཀྱི་དང་པོ་ལ། །ལས་རྣམས་ཐམས་ཅད་སྒྲུབ་པའི་ཕྱིར། །ལྷའི་རྣལ་འབྱོར་རིམ་པ་ཞིག་།རྒྱུད་ལས་དང་པོར་གསུངས་པ ་ཡིན་ཞེས་གསུངས་སོ། །དེ་ནས་བསྐྱེད་པའི་རིམ་པ་ལ་སྡུད་པ་པོ་ཐེ་ཚོམ་དུ་གྱུར་པ་ཁོང་ནས་དྲང་བ་ཡང་བསྐྱེད་རིམ་དངོས་པོས་མི་གོལ་ལེ་ཞེ་ན། །དེའི་ལན་ཡོན་ཏན་གྱི་མིང་གིས་བོས་ཏེ། །དངོས་པོ་ལ་སྒྲོལ་བ་ཡང་ཡོད་འཆིང་བ་ཡང་ཡོད་དེ་ཤེས་པ་དང་མ་ཤེས་པའི ་ཁྱད་པར་ཡིན་པའི་ཕྱིར་རོ། །འོ་ན་དངོས་པོ་མེད་པས་གྲོལ་ལམ་ཞེ་ན་དེ་ཡང་མ་ཡིན་ཏེ། ཤེས་པ་དང་མ་ཤེས་པའི་ཁྱད་པར་ཡིན་པའི་ཕྱིར་རོ། །དེས་ན་བསྐྱེད་པའི་རིམ་པ་ལ་ཐབས་དང་ཤེས་རབ་ཏུ་ཤེས་པ་དང་རྨི་ལམ་དང་སྒྱུ་མ་དང་དྲི་ཟའི་གྲོང་ཁྱེར་ལྟ་བུར་ཤེས་པ་སྟེ་དེ་ལྟར ་ཧེ་རུ་ཀ་བསྒོམ་བྱ་ཞེས་པའོ། །དེ་བཞིན་དུ་དངོས་བོ་མེད་པས་ཀྱང་འཆིང་བར་འགྱུར་ཏེ་གྲོལ་བར་ཡང་འགྱུར་རོ། །དངོས་མེད་ལ་ཞེན་ན་ཆད་པའི་ལྟ་བ་སྟེ། མར་མེ་འབར་བསད་རུང་གི་།ཤིན་ཅི་ཡང་བྱ་རུ་མེད་གསུངས་པ་དང་ཡང་རྒྱུ་དང་འདྲ་བའི་འབྲས་བུ་ནི། །ཀུན་ཏུ ་མཐོང་བ་མ་ཡིན་རྣམ་ཞེས་བྱ་བ་དང། ལྟ་བ་རྣམ་པར་འོག་རྣམས་དང། །བདག་ཏུ་ལྟ་བ་བཟློག་པའི་ཕྱིར། །སྟོང་པ་རྒྱལ་བ་རྣམས་སུ་གསུངས་ཞེས་པས་དངོས་པོ་སྒྱུ་མ་ཙམ་རང་སྣང་གི་སེམས་སུ་བྱ་སྟེ། དེ་ལྟར་ཧེ་རུ་ཀ་བསྒོམ་བྱའོ། །སྤྱིར་ཀུན་བརྟགས་ཆོས་ལ་ལམ་དུ་བྱེད་པ ་དང། གཞན་དབང་ལུས་ལ་ལམ་དུ་བྱེད་པ་དང་ཡོངས་གྲུབ་སེམས་ལ་ལམ་དུ་བྱེད་པའོ། །དེ་ཉིད་དམན་པ་དང་མཆོག་གིས་ཤེས་པར་བྱ་སྟེ། ཀུན་བརྟགས་མེད་པ་ལ་ཡོད་པར་བློས་བཏགས་པ་དང་གཞན་དབང་དེའི་རྒྱུ་མཚན་རྟོགས་པའི་ཤེས་པ། ཡོངས་གྲུབ་ཤེས་པ་དེ ་ཉིད་གཟུང་འཛིན་དང་བྲལ་བ་ཏེ། དམན་པའི་རྣམ་པ་གསུམ་ཞེས་བྱའོ། །མཆོག་གི་གསུམ་ནི་སྤྱིར་ལྷའི་འཁོར་ལོ་རུ་བརྟགས་པ་ཀུན་བརྟགས། ལུས་རྩ་དང་འཁོར་ལོར་སྣང་བ་དེ་གཞན་དབང། ཡེ་ཤེས་བདེ་བ་ཆེན་པོ་ཡོངས་སུ་གྲུབ་པའོ། དེ་ལ་དང་པོ་ལ་གསུམ་སྟེ། ཀུན་བརྟགས ་ཀྱི་ཀུན་བརྟགས་ས་བོན་དང་མཚན་མས་བསྐྱེད་པའི་རང་རྒྱུད་དུ་རྟོགས་པ་དང་གཞན་དབང་ཡེ་ཤེས་ཀྱིས་སྣང་བར་བྱས་པ་དང་ཡོངས་གྲུབ་བ་དེ་བ་ཆེན་པོས་བྱིན་གྱིས་བརླབས་པའོ། །གཞན་དབང་གི་གསུམ་ནི་ཀུན་བརྟགས་ནི་རྩ་ཕལ་པ་འམ་འཁོར་ལོ་གསུམ་མོ། །རྩ ་གསུམ་དང་རྩ་གཅིག་ནི་གཞན་དབང་གིས་དབང་ངོ། །རྩ་ཨ་བ་དྷཱུ་ཏཱི་འཾ་མཆོག་གི་དབང་པོ་ནི་གཞན་དབང་གིས་ཡོངས་གྲུབ་པོ། །ཡང་ན་ཤེས་རབ་ཀྱི་རྩ་ཀུན་བརྟགས་ཐབས་ཀྱི་གཞན་དབང་དབྱེར་མེད་ཡོངས་གྲུབ་པོ། །དེ་རྣམས་ཀུན་རྫོབ་རྣམ་པར་བཞག་པའོ། །ཡང ་བསྐྱེད་རིམ་དང་རྫོགས་རིམ་དང། ཡོངས་སུ་རྫོགས་པའི་རིམ་པའོ། །ཡོངས་གྲུབ་ཀྱི་ཀུན་བརྟགས་ནི་མཚོན་བྱ་ཀུན་རྫོབ། གཞན་དབང་ཞི་མཚོན་བྱ་དོན་དམ་ཡོངས་གྲུབ་ནི་དབྱེར་མེད་དོ། །ཡང་ན་སྟོང་པ་ཉིད་ཀུན་བརྟགས། རིག་བ་གསལ་བ་གཞན་དབང། དེ་གཉིས་དབྱེར་མེད ་ཡོངས་སུ་གྲུབ་པོ། །དེ་རྣམས་ཉམས་སུ་བླང་བ་ནི། དེ་ཉིད་ངེས་པར་བྱ་སྟེ། ཆོས་ལ་ལམ་དུ་བྱེད་པ་བསྐྱེད་རིམ་ལྷའི་རྣལ་འབྱོར་སྒྲུབ་ཐབས་བཞིན་དུ་ལེའུ་བརྒྱད་པ་དང་ལེའུ་གསུམ་པ་དང། བརྟགས་པ་ཕྱི་མའི་ལེའུ་ལྔ་པ་ལྟར་བྱ་བ་དང་ལུས་ལ་ལམ་དུ་བྱེད་པ་དང། གཞན་ལུས་དང་རང་ལུས ་ཏེ། རྩ་དང་རླུང་དང་བྱང་ཆུབ་སེམས་གཟུང་བ་ལ་སོགས་པ་དགའ་བ་བཞི་བསྒོམ་པ་སྟེ་ལེའུ་དང་པོ་དང་བརྒྱད་པ་དང་བརྟག་པ་ཕྱི་མའི་ལེའུ་གཉིས་པ་དང་ལྔ་པ་ལས་འབྱུང་བ་སྒོམ་མོ། །སེམས་ལ་ལམ་དུ་བྱེད་པ་སེམས་ལ་བསླབ་པ་སྟེ། ཐབས་དུ་མས་བསླབ་པོ། །ལམ་གཉིས ་ཏེ་བསྐྱེད་རིམ་མེད་བར་བྱ་སྟེ་།རྫོགས་རིམ་ཉུང་ལྡན་སྒྲུབ་ཐབས་བཞིན་བསྒོམ་པ་དང་རྫོགས་པའི་རིམ་པ་མང་ལྡན་བསྐྱེད་རིམ་ཉུང་ལྡན་ཏེ་མོས་པའི་རྣལ་འབྱོར་ལ་སོགས་པ་འམ་ཡན་ལག་བཞི་བསྒོམ་པའོ། །རྫོགས་པའི་རིམ་པ་ལ་བཞི་སྟེ་ངོ་བོ་ཡེ་ཤེས་ཆེན་པོ་བསྟན་པ་དང་རྟེན་རྡོ་རྗེའི ་ལུས་དང་ལྡན་པའི་ཆོས་སྡོམ་པའི་དབྱེ་བ་དང། །ཉམས་སུ་ལེན་པ་རླུང་ལ་བསླབ་པ་དང་གཏུམ་མོ་སྤང་བའོ། །ཡེ་ཤེས་ཆེན་པོའི་རང་བཞིན་ལ་ཤེས་པར་བྱ་བ་དང། སྒོམ་པ་ཉམས་སུ་ལེན་པའོ། །བསླབ་པ་ཤེས་པར་བྱ་བ་ལ་གཉིས་ཏེ། དེ་ཁོ་ན་ཉིད་བཤད་པ་དང། རྣམ་པར་བཞག ་པའི་ཆ་དབྱེ་བའོ། །དེ་ཁོ་ན་ཉིད་ལ་གཉིས་ཏེ། ཡེ་ཤེས་དང་ཆོས་ཉིད་དོ། །ཡེ་ཤེས་ལ་བདག་གཉིས་ཏེ། ལུས་ལ་ཡེ་ཤེས་ཆེན་པོ་གནས་ཞེས་པ་རྟེན་བསྟན་པ་དང། ལུས་གནས་ལུས་ལས་མ་སྐྱེས་པ་ཞེས་པ་ཚུལ་ལམ་མཚན་ཉིད་རང་འབྱུང་ཡེ་ཤེས་སུ་བསྟན་པའོ། །ཆོས་ཉིད་ལ་གཉིས་ཏེ། དངོས་པོ་ཀུན་ལ ་ཁྱབ་ཅེས་པས་རྟེན་བསྟན་པ་དང། རྟོག་པ་ཐམས་ཅད་ཡང་དག་སྤངས་ཞེས་ཚུལ་ལམ་མཚན་ཉིད་འདུས་མ་བྱས་དེ་བཞིན་ཉིད་བསྟན་པའོ། །རྣམ་པར་བཞག་པའི་ཆ་དབྱེ་བ་ལ་བཞི་སྟེ། ཚིག་དང་པོས་རྟེན་བསྟན་པ་དང། གཉིས་པ་མཚན་ཉིད་དང། གསུམ་པས་ཡོན་ཏན་དང་བཞི་པས ་དེ་ཁོ་ན་ཉིད་ཀྱི་རང་བཞིན་སྐྱེ་མེད་དུ་བསྟན་པའོ། །བསྒོམ་པ་ཉམས་སུ་ལེན་པ་ལ་གཉིས་ཏེ། མངོན་རྟོགས་ལམ་དུ་བྱས་པ་དང། འབྲས་བུ་ལམ་དུ་བྱས་པའོ། །མངོན་རྟོགས་ལམ་དུ་བྱས་པ་ལ་གསུམ་སྟེ། ཆགས་ཅན་དང་ཆགས་བྲལ་དང་ཕྱག་རྒྱ་ཆེན་པོའོ། །དེ་ལ་ཆགས་ཅན་ནི་གཞན ་ལུས་ཤེས་རབ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་པ་ཏེ། དེ་ཡང་ལུས་ལ་ཞེས་པ་ནི་མཚོན་བྱེད་དབྱེར་མེད་དུ་རང་རིག་ཉམས་སུ་མྱོང་བ་སྟེ། དེ་རྟོག་པ་རང་ཤུགས་སུ་གཅོད་ཅིང་མི་རྟོག་པ་རང་རྣལ་ཏུ་འཇུག་པའོ། །དངོས་པོ་ཀུན་ལ་ཁྱབ་པ་པོ་ནི་མཚོན་བྱ་ལྷན་སྐྱེས་དོན་དམ ་བདེ་བ་ལ་མི་རྟོག་པ་དང་ཀུན་རྫོབ་ཞུ་བ་དང། དབྱེར་མེད་རང་ཡང་དག་པར་རིག་པའོ། །ལུས་གནས་ལུས་ལས་མ་སྐྱེས་ཞེས་པ་ནི་མཚོན་བྱ། ལྷན་སྐྱེས་ལ་འཇུག་ཚུལ་གསལ་བྱེད་ཀྱི་རྒྱུས་འཇུག་གི། སྐྱེད་བྱེད་ཀྱི་རྒྱུ་མ་ཡིན་འདུས་བྱས་ཀྱི་སྐྱེད་པར་བྱེད་པའི་རྒྱུས་ནི་མ་ཡིན་ནོ།། ་ཆགས་བྲལ་ནི་རང་ལུས་ཐབས་ལྡན་དམ་ཚིག་གི་ཕྱག་རྒྱ་དེ་ཡང་ལུས་ལ་ཞེས་པ་ནི་ལྟེ་བར་རྩ་གསུམ་འདུས་པ་གྲུ་གསུམ་སྐྱེ་གནས་སུའོ། །ཡེ་ཤེས་ནི་དོན་དམ་མཚོན་བྱེད་བདེ་བའོ། །གནས་ཞེས་པ་ནི་ཀུན་རྫོབ་མཚོན་བྱེད་ཞུ་བའོ། །ཡང་ན་ཡེ་ཤེས་བདེ་བའོ། །ཆེན ་པོ་ནི་སྤྱི་བོ་བདེ་ཆེན་གྱིས་གནས་སོ། །གནས་ཞེས་པ་ཞུ་བ་བདེ་བ་དང་བཅས་པ་འབབ་སྟེ། ལྟེ་བར་གནས་པའོ། །རྟོག་པ་ཐམས་ཅད་ཡང་དག་སྤངས་ཞེས་པ་ནི་མཚོན་བྱེད་དབྱེར་མེད་མེད་དོ། །རྟོག་པ་རང་ཤུགས་སུ་གཅོད་ཅིང་མི་རྟོག་པ་རང་རྣལ་ཏུ་འཇུག་པོའོ། །དངོས་པོ་ཀུན་ལ་ཁྱབ་པ ་པོ་ཞེས་པ་ནི་མཚོན་བྱ་ལྷན་སྐྱེས་དོན་དམ་བདེ་བ་ལ་མི་རྟོག་པ་དང། ཀུན་རྫོབ་ཞུ་བ་དང་དབྱེར་མེད་རང་རིག་པའོ། །ལུས་གནས་ལུས་ལས་མ་སྐྱེས་ཞེས་པ་ནི་མཚོན་བྱ་ལྷན་སྐྱེས་ལ་འཇུག་ཚུལ་གསལ་བྱེད་ཀྱི་རྒྱུ་ཡིན་ཏེ། སྐྱེད་བྱེད་ཀྱི་རྒྱུ་མ་ཡིན་ནོ། །ཕྱག་རྒྱ་ཆེན་པོ་ལ་གཉིས་ཏེ ་ཆགས་བྲལ་ལྟ་བུ་དང། ཆགས་ཅན་ལྟ་བུའོ། །དེ་ལ་ཆགས་བྲལ་ལྟ་བུ་དེ་ཉིད་མཆོག་གི་རྣམ་འཕྲུལ་ནི། དེ་ཡང་དངོས་པོ་ཀུན་ལ་ཁྱབ་པ་པོ་ཞེས་པ་ནི་དོན་སྐྱེ་མེད་ཀྱིས་ཁྱབ་པའོ། །ལུས་ལ་ཡེ་ཤེས་ཆེན་པོ་གནས་ཞེས་པ་ནི་ཤེས་བྱེད་ཀྱི་དོན་ཡང་དོན་དམ་པའི་ཡེ་ཤེས། རྟོག་པ ་ཐམས་ཅད་ཡང་དག་སྤངས་ཞེས་པ་ནི་བརྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་མེད་དུ་གོ་བའོ། །ལུས་གནས་ལུས་ལས་མ་སྐྱེས་ཞེས་པ་ནི་ཤེས་བྱ་ཡེ་ཤེས་དེ་ཉིད་ཀྱང་སྐྱེ་མེད་དུ་གཅིག་པར་གྱུར་པའོ། །དེ་ལ་ཆགས་ཅན་ལྟ་བུ་ནི་གཉུག་མའི་ལུས་ཏེ་དེ་ཡང་ལུས་ལ་ཞེས་པ་ནི་གཉུག ་མ་དེ་ཉིད་ལའོ། །ཡེ་ཤེས་ཆེན་པོ་ནི་ཟག་པ་མེད་པའི་ཡེ་ཤེས་སོ། །གནས་ཞེས་པ་ནི་ཞུ་བ་བསྡུས་པས་རྟག་པ་མི་འགྱུར་བར་གནས་པ་ཉིད་དོ། །རྟོག་པ་ཐམས་ཅད་ཡང་དག་སྤངས་ཞེས་པ་ནི་ཕྱག་རྒྱ་ཆེན་པོ་མཚོན་བྱེད་རང་གི་སྟེ། རྟོག་པ་རང་ཤུགས་སུ་གཅོད་པ་དང་མི་རྟོག་པ་རང་རྣལ་ཏུ ་འཇུག་པའོ། །དངོས་པོ་ཀུན་ལ་ཁྱབ་ཅེས་པ་ནི་དབང་པོ་རང་སྣང་ལ་སྦྱར་བ་འམ། མཚོན་བྱ་ལྷན་སྐྱེས་སོ། །ལུས་གནས་ལུས་ལས་མ་སྐྱེས་པ་ནི་གཉུག་མའི་ལུས་ལ་གནས་ཀྱང་ཐ་མལ་གྱི་ལུས་མ་སྐྱེས་པའོ། །གསལ་བྱེད་ཀྱི་རྒྱུ་ཡིན་གྱི་སྐྱེད་བྱེད་གྱི་རྒྱུ་མ་ཡིན་པའོ། །འབྲས་བུ་ལ་ལམ་དུ་བྱས ་ནི་སྐུ་བཞི་སྟེ། ཚིག་དང་པོ་ལོང་སྐུའོ། །ཚིག་གཉིས་བ་ནི་ཆོས་སྐུའོ། །གསུམ་པ་སྦྲུལ་སྐུའོ། །བཞི་པ་ནི་བདེ་བ་ཆེན་པོའི་སྐུའོ། །རྟེན་རྡོ་རྗེའི་ལུས་བསྟན་པ་ནི་ལུས་ལ་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེའི་སྙིང་པོས་གསོལ་པ་ཞེས་པ་ཀྱེའི་རྡོ་རྗེའི་ལུས་ལ་རྩ་དུ་ལགས་ཞེས་པ་ནི་དགྱེས་པའི་རྡོ་རྗེར་འདྲེའོ ་ཀུན་བརྟགས་ཀྱི་ལུས་ལ་ཀུན་བརྟགས་ཀྱི་རྩ་དུ་མཆིས་པ་དང། གཞན་དབང་གི་ལུས་ལ་གཞན་དབང་གི་རྩ་དུ་མཆིས་པ་དང། ཡོངས་གྲུབ་ཀྱི་ལུས་ལ་ཡོངས་གྲུབ་གྱི་རྩ་དུ་མཆིས་ཞེས་དགོངས་པའོ། །ལན་དུ་རྩ་སུམ་ཅུ་རྩ་གཉིས་ཏེ་སྤྱིར་ལན་བཏབ་སྟེ་ཀུན་བརྟགས་ཀྱི་ལུས་ལ ་རྩ་སུམ་ཅུ་རྩ་གཉིས་གང་ཞེ་ན། མི་ཕྱེད་མ་དང་ཞེས་བྱ་བ་ལ་སོགས་པ་བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་འབབ་པ་པོ་ཞེས་བྱ་བར་སྦྱར་ཏེ་རྣལ་འབྱོར་གྱི་ཀུན་རྫོབ་བོ། །ཀུན་བརྟགས་ཀྱི་ལུས་ལ་ཡང་སུམ་ཅུ་རྩ་གཉིས་ཏེ། ཡང་མི་ཕྱེད་མ་དང་ལ་སོགས་པ་སྟེ། ཁམས་དང ་ཉེ་བའི་ཁམས་བསྐྱེད་པའོ། །དེ་ལ་རྣམ་པར་བཞག་པ་ནི་གྲངས་དང་ལས་དང་སོ་སོའི་མཚན་ཉིད་དང་གནས་དང། གཙོ་བོ་དང། ཕལ་པར་དབྱེ་བ་འོ། །དེ་ལ་གྲངས་ནི་སུམ་ཅུ་རྩ་གཉིས་ཏེ། མི་ཕྱེད་མ་དང་ཕྲ་གཟུགས་མ་ལ་སོགས་པའོ། །ལས་ནི་གྲངས་ངེས་པའི་རྒྱུ་མཚན་ཏེ། ་བྱང་ཆུབ་ཀྱི་སེམས་འབབ་པའི་ཕྱིར་རོ། །སོ་སོའི་མཚན་ཉིད་ནི་ཐབས་དང་ཤེས་རབ་ལ་སོགས་པའི་མཚན་ཉིད་འཛིན་པའོ། །གནས་ནི་གཡས་དང་གཡོན་ལ་སོགས་པའོ། །རྐྱེད་མ་མི་བསྐྱོད་པ་འབབས་སྟེ། སྐྱེས་པ་ལས་གཡོན་ན་གནས་ཏེ། མགྲིན་པར་གནས་བཤད ་ལམ་དུ་སེལ་བའོ། །རོ་མ་དེ་བཞིན་ཁྲག་འབབ་ཅིང། གཡས་ན་གནས་ཏེ་ལྟེ་བ་ལས་མགྲིན་པར་སེལ་བའོ། །བུད་མེད་རྣམས་ལ་ནི་གོ་བཟློག་ལ་ཤེས་པར་བྱའོ། །ཡོངས་གྲུབ་ཀྱི་རྩ་སུམ་ཅུ་རྩ་གཉིས་ཏེ་དེས་རང་བཞིན་ནི་སྲིད་གསུམ་ཡོངས་གྱུར་ནི་རྩ ་འདི་གསུམ་དུ་གྱུར་པ་སྟེ། དེ་གཟུང་བ་དང། འཛིན་པ་རྣམ་པར་སྤངས་ཞེས་པ་ཆོས་ཐམས་ཅད་སྟོང་པར་ཤེས་པའོ། །ཡང་ན་ཐབས་ཐམས་ཅད་ཀྱི་དངོས་པོ་མཚན་ཉིད་དུ་ནི་བརྟག་ཞེས་པ་ཐབས་རྣམ་པ་སྣ་ཚོགས་སུ་སྣང་བའོ། །གཙོ་བོ་དང་ཕལ་པར་དབྱེ་བ་ནི་གསུམ་དུ ་བཞག་གོ། དེ་ཡང་སེམས་ཅན་རེ་རེ་ལ་རྩ་བྱེ་བ་ཕྱེད་དང་བཅུ་དང་སྟོང་ཕྲག་བདུན་ཅུ་གཉིས་སུ་བསྡུས་ཏེ། དེ་ཡང་བརྒྱ་ཉི་ཤུར་བསྡུས་ཏེ། དེ་ཡང་སུམ་ཅུ་རྩ་གཉིས་སུ་བསྡུས་ཏེ། རྣལ་འབྱོར་མ་བཅོ་ལྔར་ཤེས་པར་བྱའོ། །དེ་ཡང་རྩ་རྣམས་བྱེ་བ་ཕྱེད་དང་བཅུ། །ལུས་ཀྱི་ལྟེ་བའི ་པདྨར་གནས། །འཁོར་ལོ་བཞི་ཡི་གྲངས་ཀྱིས་ནི། བརྒྱ་དང་ཉི་ཤུ་ལྟག་མ་ཡིན། །བྱང་སེམས་སུམ་ཅུ་རྩ་གཉིས་ཀྱི། རྩ་མཆོག་སུམ་ཅུ་རྩ་གཉིས་སོ་ཞེས་གསུངས་སོ། །དེ་ནི་རྣམ་པར་བཞག་པའོ། །རང་བཞིན་ནི་བཤད་པའི་ཚུལ་རྣམ་པར་སྦྱར་བ་སྟེ། བཤད་བའི་ཚུལ་སྦྱར ་བ་ཡང་ཀུན་ལ་ལྡན་པ་ཡིན་ཡང། །བླ་མའི་མན་ངག་གིས་སྐབས་སོ་སོར་སྦྱར་བ་ནི། ལྗོན་ཤིང་གི་ཡལ་ག་ལྟ་བུར་ཤེས་པར་བྱའོ། །དེ་ཡང་བསྐྱེད་པའི་རིམ་པ་དང། རྫོགས་པའི་རིམ་པའོ། །བསྐྱེད་པའི་རིམ་པ་ནི་སྲིད་གསུམ་ཡོངས་གྱུར་ཐམས་ཅད་ནི་ཞེས་པ་ནི་ཆོ་གའི ་རིམ་པ་ཐ་མལ་གྱི་སྒོ་གསུམ་ཡོངས་སུ་གྱུར་པའོ། །གཟུང་དང་འཛིན་པ་རྣམ་པར་སྤངས་ཞེས་པ་ནི་བདག་མེད་རྣལ་འབྱོར་ལྡན་པའོ། །ཡང་ན་ཐབས་ནི་ཐམས་ཅད་ཀྱི་ཞེས་པ་ནི་ཡང་ན་ཧེ་རུ་ཀ་དཔལ་མཚོན་པའོ། །དངོས་པོ་ནི་མཚན་ཉིད་དུ་ནི་བརྟགས་ཞེས་པ་ནི་ཕུང་པོ་ལ་སོགས་པའི ་ཆོས་ཀུན་ཏེ་གཉིས་སྦྱར་པ་ལས་བྱུང་བའི་ལྷའི་འཁོར་ལོར་བརྟགས་ཤིང་སྣང་བའོ། །དེ་ལ་རྫོགས་པའི་རིམ་པ་ཡང་གཞན་ལུས་ཤེས་རབ་ལ་བརྟེན་པ་དང། རང་ལུས་ཐབས་དང་ལྡན་པ་དང་དབྱེར་མེད་ཕྱག་རྒྱ་ཆེན་པོའོ། །ཤེས་རབ་ལ་བརྟེན་པ་ཡང་སྲིད་གསུམ་ཡོངས་གྱུར་ཐམས ་ཅད་ནི་ཞེས་པ་ནི་ཤེས་རབ་མའི་གསང་བའི་གནས་ཏེ་རྩ་གསུམ་ཡོངས་སུ་གྱུར་པའི་བྱ་རོག་གི་གདོང་ཅན་ནོ། །གཟུང་དང་འཛིན་པ་རྣམ་པར་སྤངས་ཞེས་པ་ནི་དེའི་ནང་ཁོང་སྟོང་གི་རྣམ་པའོ། །ཡང་ན་ནི་ཨ་ཐ་སྟེ་དེ་ནས་སོ། །ཐམས་ཅད་ནི་ལུས་ཐམས་ཅད་དོ། །ཐབས་ནི་རིན་པོ་ཆེ་ཟེ་འབྲུའི་བདེ་བ་གནས་པའི ་ཐབས་སོ། །དངོས་པོའི་མཚན་ཉིད་དུ་ནི་བརྟགས་ཞེས་པ་ནི་དངོས་པོ་ཞུ་བ་དང་མཚན་ཉིད་བདེ་བ་ལྷན་ཅིག་སྐྱེས་པའི་ངོ་བོ་བླ་མའི་མན་ངག་ནི་བསྒོམ་པས་བརྟགས་པའོ། །དེ་ལ་རང་ལུས་ཐབས་དང་ལྡན་པ་ནི་སྲིད་པ་གསུམ་གྱི་རྩ་གསུམ་མོ། །ཡོངས་གྱུར་ནི་སྐྱེས་གནས་གྲུ་གསུམ་མོ། །ཐམས་ཅད་དེ་ལུས་ཀུན ་འདུས་པའོ། །གཟུང་དང་འཛིན་པ་རྣམ་པར་སྤངས་ཞེས་པ་ནི་ནང་ཁོང་སྟོང་ལྟ་བཱུམ། །ཡང་འོག་ན་གནས་པར་ཤེས་རབ་ཀྱི་རང་བཞིན་ཡིན་པས་སོ། ། ཐ་ནི་ཨ་ཀྲ་སྟེ་དེ་ལའོ། །ཐབས་ནི་བདེ་བ་ཆེན་པོའི་གནས་སོ། །ཐམས་ཅད་ནི་ལུས་ཀུན་ཞུ་བའོ། །དངོས་པོའི་མཚན་ཉིད་དུ་ནི་རྟགས་ཞེས་པ་སྔ་མ ་ལྟར་ལྷན་ཅིག་སྐྱེས་པ་བསྒོམ་པའོ། །གཉིས་མེད་ཕྱག་རྒྱ་ཆེན་པོ་ལ་གཉིས་ཏེ། བརྟེན་པ་ཆོས་ལ་འཇུག་པ་དང། རྟེན་ནང་ནས་འཇུག་པའོ། །བརྟེན་པ་ཆོས་ལ་འཇུག་པ་ནི་ཤེས་རབ་དང་ཐབས་དབྱེར་མེད་པའོ། །དེ་ལ་ཤེས་རབ་ནི་སྲིད་གསུམ་སྟེ་ཁམས་གསུམ་མོ། །ཡོངས་གྱུར་ནི་གཅིག་དང་དུ་མ ་དང་བྲལ་བའི་སྦྱོར་བས་རང་བཞིན་མེད་པས་ཐམས་ཅད་ཡོངས་སུ་གྱུར་པའོ། །དེ་ལ་ཤེས་རབ་ཀྱི་ཇི་ལྟར་བལྟ་ཞེ་ན། དེ་ཕྱིར་གཟུང་དང་འཛིན་པ་རྣམ་པར་སྤངས་ཞེས་གསུངས་སོ། །དེ་ལ་ཐབས་ཀྱི་ཇི་ལྟར་བལྟ་ཞེ་ན། ཕ་རོལ་ཕྱིན་པའི་ཐེག་པ་ལྟར་གཅིག་དང་དུ་བྲལ་ལ་སོགས་པ་སྦྱོར་བ་ལ་མི་བལྟོས ་པས་ཨ་ཐ་པ་སྟེ། རྣམ་གྲངས་སམ་ཐབས་སྣང་བའི་བདག་ཉིད་ཕ་རོལ་ཏུ་ཕྱིན་པ་དང། ཚད་མེད་པ་ལ་སོགས་པའི་དངོས་པོའི་མཚན་ཉིད་བརྟགས་པའོ། །ཡང་ན་སྲིད་གསུམ་ཡོངས་གྱུར་ཐམས་ཅད་ནི་ཞེས་པ་ལུས་ངག་ཡིད་གསུམ་གྱི་ཁམས་གཉུག་མའི་ཨ་བ་དྷཱུ་ཏཱི་ངེས་བསྡུས་པའོ། །གཟུང་དང་འཛིན་པ་རྣམ་པར ་སྤངས་པ་ནི་དེར་སྐྱེས་པའི་ཡེ་ཤེས་ཀྱིས་རྟོག་པ་གཅོད་ཅིང་མི་རྟོག་པ་སྐྱེ་བའོ། །དེ་རྣམས་ལ་ཆོ་ག་ལ་བསྐང་བ་སྔ་མ་དང་འདྲའོ། །དེ་རྣམས་ཀྱིས་རྟགས་ནི་གསུམ་སྟེ། མི་འགྱུར་བ་ནི་ལྟ་བའི་རྟགས་སོ། དངོས་པོ་ཀུན་ལ་ཆད་མེ་དྲོད་འཇིག་རྟེན་ཆོས་བརྒྱད་སྤངས་པ་མི་སྤྱོད་པའི་རྟགས་སུ་ཤེས་པར་བྱ་ཞེས་པའོ། །ཐབས་ནི་ཤེས་པ་ནི་བདེ་བའི་རོང་རང་སྣང་བས་མི་རྟོགས་པ་རང་རྣལ་དུ་འཇུག ་པའོ། །ཐམས་ཅད་ཀྱི་ཞེས་བ་ནི་ཐབས་དང་ཤེས་རབ་དབྱེར་མེད་དོ། །དེ་ལྟ་བུའི་ཡེ་ཤེས་ཆེན་པོ་དེ་གང་དུ་གནས་ཤིང་རྟེན་ཞེ་ན། དེའི་ཕྱིར་དངོས་པོའི་མཚན་ཉིད་དུ་ནི་བརྟགས་ཞེས་པ་སྟེ། དངོས་པོ་ནི་བསྟན་དུ་མེད་ལ་ཐོགས་པ་མེད་པའི ་གཟུགས་གཉུག་མའི་དབང་པོའོ། །མཚན་ཉིད་ནི་དེར་གནས་པའི་ཡེ་ཤེས་ཆེན་པོའོ། །དུ་ནི་བརྟག་ཞེས་པ་སྟེ་དབང་པོ་རང་སྣང་བ་དང་ཡེ་ཤེས་རང་འབར་བའི་མན་ངག་གོ་།སྡོམ་པའི་དབྱེ་བ་ལ་དོན་གཉིས་ཏེ། བཤད་ཚུལ་སྦྱར་བ་དང་བརྟགས་པ་ཕྱི་མའི་རྒྱུ་མཚན་བཏུ་བའོ། །བཤད ་ཚུལ་སྦྱར་བ་ལ་ཡང་དོན་གསུམ་སྟེ། ངེས་པའི་ཚིག་དང་བཤད་ཚུལ་དབྱེ་བ་དང་མངོན་པར་རྟོགས་པའོ། །དེས་པའི་ཚིག་ལ་གསུམ་སྟེ། མང་བ་ཉུང་བར་སྡོམ་པ་དང། ཕྱི་རོལ་ལུས་ལ་སྡོམ་པ་དང། བདེ་བ་ཚན་པོ་མཆོག་ཏུ་བསྟིམ་པའོ། །ཡང་གང་གིས་བསྡོམ་པ་དང་གང་དུ་སྡོམ་པ ་དང་ཡང་དག་པར་སྡོམ་པའོ། །དེ་ལ་མད་བ་ལ་ཉུང་བར་སྡོམ་པ་ནི་ཐབས་དང་ཤེས་རབ་ལ་སྡོམ་པ་དང། ལུས་ངག་ཡིད་གསུམ་སྡོམ་པའོ། །ཕྱི་རོལ་ལུས་ལ་སྡོམ་པ་ནི་འཁོར་ལོ་བཞི་ལ་སྡོམ་པའོ། །བདེ་བ་མཆོག་ཏུ་སྡོམ་པ་ནི་དགའ་བ་དང་སྐད་ཅིག་གི་།བཤད་ཚུལ་དབྱེ་བ་ལ་གཉིས་ཏེ། ་བསྐྱེད་པ་ལྷར་སྦྱར་བ་དང་རྫོགས་རིམ་མོ། །བསྐྱེད་པ་ལྔ་ལ་གཉིས་ཏེ། ལམ་ཆོག་ག་དང་འབྲས་བུའོ། །དེ་ལ་ལཾ་ནི་ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་ལས་ཟླ་བ་དང་ཉི་མའོ། །ཤེས་རབ་དང་ཐབས་སོ། །དེས་ནི་ཆོ་ག་ཀུན་བསྡུས་ཤིང་དབྱེ་བས་སྡོམ་པའི་དབྱེ་བའོ། །འབྲས་བུ་ཡང་སྐུ་གསུམ་དང་རྡོ་རྗེ ་གསུམ་མོ། །དེ་བྷ་ཀུན་གྱི་འབྲས་བུ་འདུས་པས་སྡོམ་པའི་དབྱེ་བའོ། །རྫོགས་པའི་རིམ་པ་ལ་གསུམ་སྟེ། གཞན་ལུས་ཤེས་རབ་ལ་བརྟེན་པ་དང་རང་ལུས་ཐབས་དང་ལྡན་པ་དང་དེ་ཁོ་ན་ཉིད་དང་སྦྱར་བའོ། །དེ་ཡང་གཞན་ལུས་ཤེས་རབ་ལ་སྦྱར་བ་ནི་ཨེ་བཾ་མཱ་ཡ་ལྷ་མོ་བཞི་སྟེ། དེ་ཉིད་ཕྱག ་རྒྱ་བཞིའམ་ལྷན་སྐྱེས་ལ་སོགས་པའི་རྣལ་འབྱོར་མ་བཞིའོ། །དེས་ན་བརྟེན་ཐམས་ཅད་དེར་འདུས་པས་བསྡོམ་པའི་དབྱེ་བའོ། །རང་ལུས་ཐབས་དང་ལྡན་པ་འཁོར་ལོ་བཞིའི་འདབ་མའི་གྲངས་དང་རྣམ་པ་སྟེ། དེར་ལུས་ཀུན་འདུས་པས་སྡོམ་པའི་དབྱེ་བའོ། །དེ་ཁོ་ན་ཉིད ་དང་སྦྱར་བ་ལ་ཡང་ཐུན་མོང་དང་ཁྱད་པར་རོ། །རྨུན་མོང་ནི་བདེན་པ་བཞི་དང་སྡེ་པ་བཞི་སྟེ་སྡེ་པ་མཆོག་ཏུ་སྡོམ་པའོ། །ཁྱད་པར་ནི་མཆོག་མ་ཡིན་པ་སྟེ། དེ་ཡང་མཆོག་ནི་སྐད་ཅིག་དང་དགའ་བ་བཞིའི་བདེ་བ་མཆོག་ཏུ་སྡོམ་པའོ། །མཆོག་མ་ཡིན་པའི་ནི་དེ་ཁོ་ན་ཉིད་བཞི་བདེ ་བ་མཆོག་ཏུ་སྡོམ་པས་སྡོམ་པའི་དབྱེ་བའོ། །རྟག་པ་ཕྱི་མའི་ཚུལ་དུ་མཚན་བསྟན་པ་ལ་གཉིས་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་དང། སངས་རྒྱས་སོ། །དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་འཁོར་ལོ་བཞི་སྐུ་བཞིར་གྲུབ་པ་སྟེ། འབྲས་བུ་བཞི་དང ་སྡེ་པ་བཞི་དང། རྣམ་པར་བཞག་པའི་རྒྱུ་མཚན་གྱིས་སྡེ་པ་མཆོག་ཏུ་སྡོམ་པ་དང། སངས་རྒྱས་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་སྟེ། མིང་སྐྱེ་བ་དག་པའི་ཚུལ་གདོང་མ་ནས་སངས་རྒྱས་ཡིན་བས་བདེ་བ་མཆོག་ཏུ་སྡོམ་པས་སྡོམ་པའི་དབྱེ་བའོ། །མངོན ་པར་རྟོག་པ་ལ་གཉིས་ཏེ། རྣམ་པར་རྟོག་པའི་གཉེན་པོ་སྟེང་སྒོ་རླུང་ལ་བསླབ་པ་དང། ཉོན་མོངས་པའི་གཉེན་པོར་བྱང་ཆུབ་སེམས་ལ་བསླབ་པའོ། །རླུང་ལ་གཉིས་ཏེ། ཤེས་པ་དང་གྲངས་ལ་བསླད་པའོ། །དེ་ལ་ཤེས་པ་ནི་ཕྱི་དག་པར་ཤེས་པ་དང་ནང་དག་པར ་ཤེས་པའོ། །དེ་ལ་ཕྱི་ནི་རྒྱལ་པོའི་ཕོ་བྲང་དང་དགེ་འདུན་གྱིས་གནས་དག་ན་དབྱུ་གུ་དང་ཆུ་ཚོད་ལ་སོགས་ཏེ་རླུང་དུ་སྦྱར་བའོ། །ནང་གི་ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་སོགས་པ་འདབ་མའི་གྲངས་སྦྱར་བའོ། །དེ་དག་རྣམ་པར་དག་པའི་རང་བཞིན་དུ་ཤེས་ནས་རླུང་ལ་བསྒོམ ་པ་སྟེ། ཟླ་བ་ཉི་མ་ཨཱ་ལི་ཀཱ་ལི་ཉིན་མཚན་གཉིས་ལ་ཐུན་བཞི་བཞི་བརྒྱད་དུ་འབྱུང་ངོ། །རེ་མོས་འབྱུང་བའི་འཕོ་བ་ནི་ཐུན་ཕྱེད་ཕྱེད་ནས་ཏེ་བཅུ་དྲུག་གོ་།དེ་རེ་རེ་ལ་ཡང་ཐབས་དང་ཤེས་རབ་ཀྱི་ཆུས་ཆུ་ཚོད་སུམ་ཅུ་རྩ་གཉིས་སོ། །ཡང་ཟླ་ཉི་གང་ཡང་རུང་བ ་གཅིག་ལས་འབྱུང་བ་བཞི་རིམ་ཀྱིས་འབྱུང་བས་དབྱུ་གུ་དྲུག་ཅུ་རྩ་བཞིའོ། །དེ་ལྟར་དྲུང་ལས་སུ་རུང་ནས་གྲངས་ཀྱི་རྩིས་ནི་གཞན་དུ་ཤེས་པར་བྱའོ། །བསླབ་པ་ནི་གྲངས་ལ་བཅུ་དང་བརྒྱའི་བར་དུ་བསླབ་པ་དང་།རླུང་ལྷན་ཅིག་སྐྱེས་པར་སྦྱོར་བའོ། །བྱང་ཆུབ ་སེམས་ལ་བསླབ་པ་གཉིས་ཏེ། སྒྲའི་དབྱེ་བ་དང་བཤད་ཚུལ་སྦྱར་བའོ། །དེ་ལ་སྒྲའི་དབྱེ་བ་གང་དུ་འཛག་ན་ལྟོ་བ་སྟེ་གཉིས་པའི་དོན་ཏོ། །གང་འཛག་ན་རི་བོད་ཅན་དེ་དང་པོའི་དོན་ཏོ། །གང་ལས་འཛག་ན་ཧཾ་ལས་ཏེ་ལྔ་པའི་དོན་ཏོ། །གང ་གི་འཛག་ན་གཏུམ་མོ་སྤར་བ་སྟེ། གསུམ་པའི་དོན་ཏོ། །གང་གི་ཕྱིར་འཛག་ན་དེ་བཞིན་གཤེགས་པ་ལ་སོགས་པ་བསྲེས་པའི་དོན་ཏེ་བཞི་པའི་དོན་ཏོ། །བཤད་པའི་ཚུལ་སྦྱར་བ་ལ་ཡང་གཉིས་ཏེ། བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའོ། །དེ་ལ་བསྐྱེད་པ་ལ་ཡང ་ལྟེ་བར་ནི་སྣ་ཚོགས་པདྨའོ། །གཏུམ་མོ་ནི་རང་གི་རིག་མའོ། །ཱ་ལི་ཟླ་བ་ཅན་རྡོ་རྗེ་སེམས་དཔའ་ཨོ། །འབར་བ་ནི་དེ་གཉིས་རྗེས་སུ་ཆགས་པའོ། །དེ་བཞིན་གཤེགས་པ་ནི་ཕུང་པོ་ལྔ་སྟེ། རྡོ་རྗེ་སེམས་དཔའ་ལ་ཡོད་པའོ། །སྤྱན་ལ་སོགས་པ་ནི་འབྱུང་བ་ལྔ་སྟེ་རིག་མ་ལ་ཡོད་པའོ། ་བསྲེགས་པ་ནི་ཆགས་པས་ཞུ་བའོ། །རི་བོང་ཅན་ནི་ཁུ་བའི་མིང་གི་རྣམ་གྲངས་སོ། །འཛག་པ་ནི་ཐིག་ལེ་བཞི་ཆང་པའོ། །ཧཾ་ནི་བསྐུལ་བའི་གླུའོ། །རྫོགས་པའི་རིམ་པ་ལ་གསུམ་སྟེ། གཞན་ལུས་ཤེས་རབ་ལ་བརྟེན་པ་དང་རང་ལུས་ཐབས་དང་ལྡན་པ་དང་གཉིས་མེད་ཕྱག་རྒྱ་ཆེན ་པོའོ། དེ་ལ་ཤེས་རབ་ལ་བརྟེན་པ་ལ་ཡང་ཙནདན་ལཱི་ཉི་མ་ཨཱ་ལི་ནི་ཟླ་བའོ། །ལྟེ་བ་ནི་རིན་པོ་ཆེའི་ཟེ་འབྲུ་དང་བྱ་རོག་གི་གདོང་ཅན་ནོ། །འབར་བ་ནི་ཆགས་པས་བསྐྱེད་པའོ། །དེ་བཞིན་གཤེགས་པ་ལྔ་ནི་ལུས་ཅན་གྱི་བསྡུས་པས་བཅུད་ཀྱི་འཇིག་རྟེན་ནོ། །སྤྱན་ལ་སོགས་པ་ནི་འབྱུང ་བས་བསྡུས་པ་སྣོད་ཀྱི་འཇིག་རྟེན་ནོ། །བསྲེགས་པ་ནི་ཐ་མལ་པ་མི་དམིགས་པར་འཇུ་བར་བྱེད་པའོ། །རི་བོང་ཅན་ནི་ཞུ་པའོ། །ཧཾ་ནི་བདེ་བ་ཆེན་པོའི་གནས་ལ་ཡོད་པའོ། །འཛག་པ་ནི་དེ་ལ་རྒྱུ་བའོ། །རང་ལུས་ཐབས་ཀྱི་བསྒོམ་པ་རྩ་དང་འཁོར་ལོར་གནས་པ་དེ་ཡང་ལྟེ་བར་ཨེ་ལས ་རླུང་དང་མེ་སྦར་འོད་ཟེར་ལངས་པས་དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། རྣམ་པ་དང་དོན་དང་མིང་རྣམས་ཀྱང་བསྲེགས་པའོ། །མགྲིན་པར་སྦྱན་ལ་སོགས་པ་ཡང་རྣམ་པ་དག་དོན་དང་མིང་རྣམས་བསྲེགས་ནས་སྨིན་ཕྲག་ནས་དེ་བཞིན་གཤེགས་པ་རྣམས་འོད་ཟེར་དུ ་བཀུག་སྟེ་ཧཾ་ལ་ཐིམ་པས་ཆ་དང་ཆ་མེད་དུ་སོང་ནས་སུམ་ཅུ་རྩ་གཉིས་མཛའ་བདེ་བ་འབྱུང་པ་དང་ཧི་ཞུ་ནས་རྐན་ལ་སོགས་པར་ཁྱད་པར་དེ་དྲི་ཆེན་བུག་ནས་བྱུང་ནས། དེ་ནས་མགྲིན་པར་སོང་སྟེ་ངལ་བསོས་རང་གི་ཡི་གེ་རྣམས་བསོས། སྙིང་གར་དབུགས་ཕྱུང་སྟེ་སྔ་མ་བཞིན་བྱས། ལྟེ་བའི ་ཨཾ་དེ་སོས་ཀྱི་གླང་པོ་ཚད་པས་གདུངས་པ་ལ་བུམ་པ་བརྒྱ་ཡིས་ཁྲུས་གསོལ་བ་འམ། བཙུན་མོ་རྒྱན་པོས་བརྒྱན་པ་འདོད་པས་གདུངས་པ་ལ་ཚིམ་པར་བྱས་པ་ལྟར་བདེ་བ་དང་དགའ་བར་འགྱུར་རོ། །གཉིས་མེད་ཕྱག་རྒྱ་ཆེན་པོ་ཡང་ཙནཌ་ལཱི་ནི་སྤྲོས་པའི་རང་བཞིན་ལ་གཏུམ་པའོ། །ཱ ་ལི་ནི་མོ་རྟགས་ཏེ་ཤེས་རབ་ལྷ་མོ་བླ་ན་མེད་པའོ། །ལྟེ་བ་ནི་སའི་དཀྱིལ་འཁོར་སྤྲུལ་པའི་འཁོར་ལོ་དང་ནམ་མཁའ་ཨི་དཀྱིལ་བདེ་ཆེན་གྱི་འཁོར་ལོ་ལྟེ་བར་ཟུང་ཅིང་གནས་པའོ། །འབར་བ་ནི་མཆོག་དབང་པོ་དང་བ་འམ། ཡེ་ཤེས་རང་འབར་བའོ། །དེ་བཞིན་གཤེགས་པ་ལྔ་བསྲེགས་ནི ་སེམས་ཡོངས་སུ་རྫོགས་པ་ཡེ་ཤེས་ལྔའི་རང་བཞིན་ཡང་དབྱེར་མེད་པས་བསྲེགས་ཏེ་བདེ་ཆེན་རྡོ་རྗེ་སེམས་དཔར་གྱུར་པའོ། །སྤྱན་ལ་སོགས་པ་ནི་ལུས་རྫོགས་པ་འབྱུང་བ་ལྔའོ། །བསྲེགས་པ་ནི་ཞུ་བའི་ཐིག་ལེར་དབྱེར་མེད་པས་རྡོ་རྗེ་སེམས་དཔར་གྱུར་པའོ། །རི་བོང་ཅན་ནི་རྡོ་རྗེ ་སེམས་དཔའ་ཉིད་ཀྱི་མིང་གི་རྣམ་གྲངས་སོ། ཧཾ་ནི་བདེ་བ་ལྷན་ཅིག་སྐྱེས་པའི་རླུང་དང་བཅས་པའོ། །འཛག་པ་ནི་ནང་དུ་འབར་བ་སྟེ་བདེ་གསལ་མི་རྟོག་པའོ། །ལེའུའི་མཚན་ཡང་ཕྱོགས་རེ་རེ་ནས་རྟག་པ་ཕལ་ཆེར་ཡིན་འདིར་ནི་ཀུན་ལ་སྦྱར་ཏེ་དང་པོ་གླེང་གཞི་ཡང་པ་རི་ཝ་ཏ་ཞེས་བྱ་སྟེ། ་བརྗེ་བ་འམ་རྣམ་པར་འཕྲོག་པའོ། །དེས་ན་རྡོ་རྗེ་ནི་དགྱེས་པའི་རྡོ་རྗེའོ། །རིགས་ནི་འཁོར་ལ་སོགས་པའི་ཡན་ལག་གོ་།ལེའུ་ནི་སྟོན་པ་ལ་འཁོར་དུ་འཕྲོ་ཞིང་བརྗེ་བ་འམ། སྟོན་པ་ལ་སོགས་པ་རྣམས་པ་ཕྱེ་བའོ། །ཡང་ཞུས་པ་དང་ལན་གྱིས་ནི་རྡོ་རྗེ་སྟེ་སྙིང་རྗེ་རིགས་རྡོ་རྗེ་སྙིང་པོ་སྟེ་དེས ་ན་རིགས་སོ། །ལེའུ་ནི་པར་ཙྪེ་ད་སྟེ་ཡོངས་སུ་གཅོད་ཅིང་བཏུབས་ནས་ཞུས་ཏེ། བཅད་ཅིང་བཏུབས་ནས་ཏེ་ལན་བཏབ་ཕྱེ་སྟེ་བསྟན་པའོ། །ཡང་རྒྱུད་ཀྱི་ཚུལ་ཡང་དམིགས་པའི་ཡུལ་ལྟ་སྟངས་ལ་སོགས་པ་དངོས་གྲུབ་ཡིན་པས་རྡོ་རྗེའོ། །དེ་བསྒྲུབ་པའི་རྣལ་འབྱོར་པ་ནི་རིགས་སོ། ། ་ལེའུ་ནི་པ་ཏ་ལ་སྟེ་སྲ་བ་དང། སྐྱོབ་པས་གོས་དང་འདྲ་བར་འཚེ་བ་དང། །ངོ་ཚ་སྐྱོབ་ཅིང་སྲུན་པས་དངོས་གྲུབ་ཀྱང་དེ་ལྟ་བུར་ཤེས་པར་བྱའོ། །ཡང་ཉམས་སུ་བླང་བའི་ཐབས་ཀྱང་རྡོ་རྗེ་རྫོགས་རིམ་མོ། །རིགས་ནི་སྐྱེད་རིམ་མོ། །ལེའུ ་ནི་རྣམ་པར་ཕྱེ་སྟེ་བསྟན་པའོ། །དང་པོ་ནི་གཞན་ལ་ལྟོས་པ་འམ། པྲ་མ་ཐ་སྟེ་རབ་མཆོག་གོ་།ལེའུ་དང་པོའི་དེ་ན་ཡི་ཤེར་བྲིས་པ་རྫོགས་སོ།། །།དེ་ནས་ཉམས་སུ་བླང་པའི་ཐབས་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་དང་གཉིས་སྡོམས ་ཏེ་ལེའུ་སོ་སོ་སྟོན་ཏོ། །དེ་ལ་ལེའུ་གཉིས་པ་ནི་བསྐྱེད་པའི་རིམ་པའི་རྒྱུའོ། །གསུམ་པ་ནི་ངོ་བོའོ། །བཞི་པ་ནི་འབྲས་བུ་རྫོགས་པའོ། །ལྔ་པ་ནི་རྫོགས་པའི་རིམ་པའི་ལྷ་བསྒོམ་མོ། །དྲུག་པ་ནི་སྤྱོད་པའོ། །བདུན་པ་ནི་འབྲས་བུའི་ཡོན་ཏན་ནམ་དེའི་ཡན་ལག་གོ་།བརྒྱད ་པ་ནི་རིམ་པ་གཉིས་ཀའི་གཞི་ལམ་རྟེན་ནོ། །དགུ་པ་ནི་རིམ་པ་གཉིས་དག་པའི་ཚུལ་ལོ། །བཅུ་པ་ནི་རིམ་པ་གཉིས་དབང་ལམ་དུ་བྱེད་པས་རྒྱུད་ལ་སྐྱེ་བའོ། །དེ་དག་ནི་ལམ་ཉམས་སུ་བླང་བའི་ཐབས་སོ། །བཅུ་གཅིག་པ་ནི་ཉམས་སུ་བླང་པའི་འབྲས་དུར་ཤེས ་པར་བྱའོ། །དེ་ལ་སྔགས་ཀྱི་ལེའུ་བཤད་པར་བྱའོ་ཞེས་སྡུད་པས་མཚམས་སྦྱར་བ་ཡང། སྔགས་ནི་མནྟྲ་སྟེ་མ་ཡིད་སྟེ། ཡིད་ཅན་འགྲོ་བ་ཀུནད་སྟེ་སྐྱོབ་པའོ། །ཇི་སྐད་དུ་མ་ནི་ཡིད་ཅེས་བརྗོད་པ་སྟེ། ཏྲ་དང་སྐྱོབ་པ་ཞེས་གསུངས་ཞེས་པའོ། །ཡང་ནམ་མ་ནི་སྙིང་པོ་འམ་དེ་ཁོ ་ན་ཉིད་ཏྭཏ་སྟེ། བསྲུང་བ་འམ་མི་འབྲལ་བའོ། །ཡང་ཨཱ་ཀཱ་རོའི་དོན་ལ་མོས་པར་བྱའོ་ཞེས་གསུངས་པའོ། །ནི་མ་མནྟ་སྟེ་སྤྱན་འདྲེན་པར་བྱེད་པའོ། །ཡང་སྔགས་ནི་སྤྱན་འདྲེན་པར་གསུངས་པ་སྟེ། དཔེར་ན་སྐྱེས་ཆེན་འགའ་ཞིག་ལ། །ཆེ་ལ་མྱུར་བའི་སྒྲས་པོས་ནས། །ཐོས་པ ་ཙམ་གྱིས་འོངས་པ་བཞིན། །མཁའ་འགྲོ་མ་དང་བཙུན་མོ་བཟང། །དེ་རྣམས་སྔོན་དུ་ཕྱོགས་ཕྱིར་རོ། །ལེའུ་ནི་སྔ་མ་ལྟར་རོ། །འདིར་བསྐྱེད་པའི་རིམ་པའི་རྒྱུར་ཇི་ལྟར་འགྱུར་ཞེ་ན། དེ་ཡང་སྙིང་པོ་དང་ལྷའི་སྔགས་སོ། །དེ་ལ་སྙིང་པོ་ནི་བསྐྱེད་པའི་རིམ་པའི་རྒྱུའོ། །ལྷའི་སྔགས་ནི་གསལ ་བར་བྱེད་པའི་རྒྱུའོ། །ལས་ཀྱི་སྔགས་ནི་ནུས་པ་ཐོབ་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་སོམ་ཉི་མི་བྱའོ། །དང་པོ་ལ་གཏོར་མའི་སྔགས་བསྟན་པ་ཡང་གཏོར་མ་ནི་ལས་རྣམས་སྒྲུབ་པའི་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །དེ་ལ་ཨོཾ་ཨཱ་ཀཱ་རོ་ནི་ཨ་ཝརྞ་ཨུ་ཝརྞ་སྟེ་ཨེ་ཨརྠ་ནི་དོན། ། ་ཨུ་ཧ་བི་ག་ཏ་དོན་བྲལ་བའོ། །མ་མ་ནི་སེམས་ཙམ། ཨ་ཨ་ཀར་ཎ་རྣམ་པ། ཨུ་ཧི་བ་ཀ་ཏ་རྣམ་པ་དང་བྲལ་བ། མ་མ་ན་སེམས་ཙམ་སྟེ་རྣམ་པས་སྟོང་པའི་སེམས་ཙམ་མོ། །ཡང་ཨོཾ་ནི་ཨོཾ་སྟེ་བརྗོད་བྱའི་ཆོས་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་རྗོད་བྱེད ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་མ་སྐྱེས་པར་སྟོན་ཏོ། །དེ་ལྟར་ན་དེ་ཡང་ཨོཾ་ནི་ཁས་ལེན་པའོ། །སརྦ་དྷརྨཱ་ནི་ཆོས་ཅན་ནོ། ། ཀཱ་རོ་མུ་ཁམ་ནི་ཨའི་སྒོ་ཅན་དུ་དམ་བཅའ་པའོ། །ཱདྱ་ནུཏཔ་ནྣ་ཏྭཱཏ་ནི་ཐོག་མ་ཉིད་ནས་མ་སྐྱེས་པའི་ཕྱིར་ཏེ། གཏན་ཚིགས་སོ། །ོཾ་ཨཱ: ་ཧཱུཾ་ནི་བྱིན་གྱིས་རློབ་པའོ། །ཕཊ་ནི་མི་འཐུན་པའི་གེགས་ཞི་བར་བྱེད་པའི་ཕྱིར་རོ། །སྭཱཧཱ་ནི་ཤེས་པར་གཞི་འཛུགས་པའོ། །འབྱུང་པོ་ཐམས་ཅད་ནི་འགྲོ་བ་ཀུན་ནོ། །གཏོར་མ་ནི་བ་ལིཾ?་སྟེ། ཚོགས་གཉིས་དང་ལྡན་པས་སྟོབས་སུ་འགྱུར་བའོ། །དེའི་སྔགས་སོ། །དེ་བཞིན་གཤེགས ་པོ་རྣམས་ནི་རྣམ་པར་སྣང་མཛད་དང། སྣང་བ་མཛའ་ཡས་དང་རིན་ཆེན་འབྱུང་ལྡན་དང། དོན་ཡོད་གྲུབ་པ་དང་མི་བསྐྱོད་པ་སྟེ་ས་བོན་གོ་རིམ་བཞིན་ནོ། །དེ་དག་ཀྱང་ཅི་ལ་དགོངས་ཤེ་ན། གཏུམ་མོ་སྦར་བས་ས་བོན་དང་དབང་བསྐུར་བའི་རིགས་ཀྱི་བདག་པོ་མཚོན་པའམ། ཧཱུཾ་གཅིག་བསྣན་ཏེ ་ཧཱུཾ་གཉིས་ཀྱིས་རིགས་དྲུག་ང་རྒྱལ་གྱིས་དུས་སུ་དགོས་པ་དང། ཡི་གེ་དྲུག་གི་ཕྲ་མོའི་རྣལ་འབྱོར་བསྟན་པ་དང། བདུད་རྩི་མྱང་བའི་ས་བོན་དང། འབུམ་ཚོ་ལྔ་བསྡུས་པའི་དོན་ཁོ་ནའོ། །དེ་ཝ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། །ཀྱེའི་རྡོ་རྗེའི་སྙིང་པོའོ། །ཉོན་མོངས་པ་དང་རྣམ་པར་རྟོག་པའི ་ཟུག་རྡུ་ཞི་བས་དེ་བའོ། །རས་བལ་ལྟར་འཇམ་པས་ན་པི་ཙུའོ། །སྐུ་གསུང་ཐུགས་ཧཱུཾ་གསུམ་མོ། །ཐུགས་སྐུལ་བར་བྱེད་པས་ན་སྙིང་པོའོ། །ལྷན་ཅིག་སྐྱེས་པའི་རྟེན་ཅན། འབྲས་བུ་བདེ་བ་ཆེན་པོའི་སྐུ་བསྐྱེད་པའོ། །སྔགས་ཐམས་ཅད་ཀྱི་རྐང་པ་ནི་ཞེས་བྱ་བ་ལ་སོགས་པ་དང་ནི་དགྱེས ་པའི་རྡོ་རྗེའི་སྔགས་རྣམས་ལ་ཨོཾ་ནི་དང་པོའོ། །ཧཱུཾ་ཕཊ་བར་དུའོ། །སྭཱཧཱ་ཐ་མར་བཞག་པ་ནི་གདུལ་བྱ་རྣམ་པ་གསུམ་དུ་ངེས་ཏེ། ཨོཾ་གྱིས་ནི་གདུལ་བྱ་ཞི་བའི་རྗེས་སུ་འཛིན་པའོ། །ཧཱུཾ་ཕཊ་ཀྱིས་ནི་མ་རུང་བ་ཚར་གཅོད་པའོ། །སྭཱཧཱ་ནི ་བར་པ་རྗེས་སུ་འཛིན་པའོ། ། ཀ་ཙ་ཊ་ཞེས་པ་ནི་གྲོང་ཁྱེར་དཀྲུགས་པ་སྟེ་ཕྱི་དང་ནང་གིའོ། །ཕྱིའི་ལས་ཀྱི་གཙོ་བོ་སྟེ། སྔོན་དུ་དགྱེས་པའི་རྡོ་རྗེའི་བསྙེན་པ་རྫོགས་ནས་ལས་ཀྱི་བསྙེན་པ་བྱ་སྟེ། སྙིང་ག་པདྨ་འདབ་མ་བརྒྱད་པའི་སྟེང་དུ་ཡིག་འབྲུ་བརྒྱད་པོ་བཀོད་ལ། ་འོད་ཟེར་སྤྲོ་བསྡུ་དང་བཅས་པས་བཟླས་པར་བྱའོ། །སྒྲུབ་པ་ནི་འོད་ཟེར་དེས་རྡོ་ཁབ་ལེན་གྱི་ཚུལ་དུ་གྲོང་ཁྱེར་བའི་ལུས་ངག་ཡིད་གསུམ་རྡོ་ཁབ་ལེན་གྱི་བླངས་པ་བཞིན་དུ་འདུས་པར་བསམ་ཞིང་པུར་ཁྲོད་པ་ཧཱུཾ་ཕཊ་སྭཱཧཱ་ཞེས་བཏགས་སོ། །ཌོཾ་བ་པ་ལྟ་བུའོ། །ནང་གི་སྙིང ་གར་ཐིག་ལེ་བརྒྱད་བསྒོམས་ལ། དེ་ལ་སེམས་ཟིན་པ་དང་ཕྱིའི་དབང་པོ་དྲུག་གི་གྲོང་ཁྱེར་རྣམས་འདུས་པའོ། །གཞན་གྱི་སྔགས་ཀྱིས་མི་གྲུབ་པོ་ཞེ་ན། དེའི་རྣལ་འབྱོར་མ་རྣམས་ཀྱིས་ཀྱང་ངོ། །དེ་ལ་གཉིས་ཏེ། རིམས་དང་ཅིག་ཅར་བཟླས་པའོ། །རིམས་ཀྱིས་པ་ནི། ཨོཾ་ཨོཾ ་ཨོཾ་ཧཱུཾ་ཕཊ་སྭཱཧཱ་ཞེས་བདག་མེད་པ་ལ་འབུམ་མོ། །དེ་བཞིན་དུ་དེ་ཉིད་གསུམ་གྱི་སྤེལ་ལ་ལྷ་མོ་ཀུན་ལ་ཁྲི་ཁྲིར་སྦྱར་རོ། །ཅིག་ཅར་བ་ནི་ཨོཾ་ཨ་ནས་སྔགས་ཀུན་ལ་ཧཱུཾ་ཕཊ་སྭཱཧཱ། ཞེས་གཙོ་མོ་དང་འཁོར་ལ་གྲངས་སྔ་མ་བཞིན་ནོ། །ས་བོན་སྦྱོར་བ་ནི་འོག་ནས་འཆད་པའོ། ། ་ཏྲཻ་ལོ་ཀྱཱ་ཀྵེ་པ་ནི་འཇིག་རྟེན་གསུམ་གཡོས་ཤིག་པའོ། །ཕྱག་གཉིས་བའི་དགའ་བའི་རྟེན་ཅན་ཆོས་ཀྱི་སྐུའོ། །གཞན་སྔ་མ་བཞིན་ནོ། །ཛཝ་ལ་ཛཝ་ལ་ནི་དོན་དམ་པར་རྟོགས་པ་ལ་འབར་བའོ། །བྷཡོ་ནི་ཚིམ་པའོ། །ཕྱག་བཞི་པའི་ནི་མཆོག་དགའ་ཨི་རྟེན་ཅན་ལ་ལོངས་སྤྱོད་རྫོགས་པའི ་སྐུའོ། །ཀི་ཊ་ཀི་ཊི་ཞེས་བྱ་བ་སྟེ་མི་མཐུན་པ་ཆོད་ཅིག་པའོ། །ཕྱག་དྲུག་པའི་ནི་དགའ་བྲལ་གྱི་རྟེན་ཅན་སྤྲུལ་བའི་སྐུའོ། །ོཾ་ནི་ཨ་ཡིག་ཨུ་ཡིག་དང་ཧཾ་ཡིག་སྟེ་སྟོང་བ་ཉིད་དོ། ། ནི་མཚན་མ་མེད་པའོ། །ཧཱུཾ་ནི་སྣོད་པ་མེད་པའོ། །བསྙེན་སྒྲུབ་ཀྱི་ལྷ་བསྐྱེད་པའི་དུས་སུ་སྐུ་གསུང ་ཐུགས་བྱིན་གྱིས་བརླབ་པ་དང་བཟའ་བཏུང་དང་བདུད་རྩི་བྱིན་གྱི་བརླབ་པའི་སྔགས་སོ། །ོཾ་རཀྵ་ཞེས་པ་ནི་ས་སྦྱང་བའི་དུས་ཏེ་གནས་སྐབས་རྣམ་པ་གསུམ་དུ་འགྱུར་ཏེ། བསྙེན་པའི་ས་བསྲུང་བ་དང་རྣལ་འབྱོར་གྱིས་ས་བསྲུང་བ་དང། སྒྲུབ་པའི་ས་བསྲུང་བའོ། །ོཾ་ཧཱུཾ་སྭཱཧཱ་རེངས་པ་སྔར་དགྱེས་པའི་རྡོ་རྗེ་དཔའ་བོ ་གཅིག་པ་འམ་དཀྱིལ་འཁོར་གྱིས་བསྙེན་པ་ཡང་ན་འདི་རང་གི་བསྙེན་པ་སྔོན་དུ་སོང་བས་སྒྲུབ་པ་ནི་ཚོགས་བསགས་ནས་རབ་དང། གུར་གྱི་ནང་དུ་རྡོ་རྗེ་རྣམ་བཞི་འམ་ས་བོན་ཕྱག་མཚན་ལས་རྡོ་རྗེ་རྣལ་འབྱོར་མ་བསྐྱེད་ལ། ཡེ་ཤེས་སེམས་དཔའ་དགུག་བྱིན་གྱིས ་བརླབ། དབང་བསྐུར་མཆོད་བསྟོད་བདུད་རྩི་མྱང་བ་བྱས་ལ་ཨོཾ་ཧཱུཾ་སྭཱཧཱ་ཁྲི་བཟླས་ལ་སྒྲུབ་པ་ལས་སྦྱོར་ནི་ཆེ་གེ་མོ་སྟམ་བྷ་ཡ་ཀུ་རུ་མཾ་ཞེས་བཏགས་ཤིང་ཏིང་ངེ་འཛིན་གྱིས་ངག་གམ་ལུས་རྡོ་རྗེ་འམ་དབང་ཆེན་ལ་སོགས་པས་མནན་པར་བསམ་མོ། །དེ་བཞིན་དུ་རྣལ་འབྱོར ་མ་རེ་རེ་དང་སྔགས་རྣམས་སྦྱར་རོ། ། ཕུ(རྒྱུད་འགྲེལ་ཧཱུཾ་ཕཊ་སྭཱཧཱ་གོང་མ་ཚོ་སྦྱོར་རོ། །དེ་ལ་མཚན་མ་ཐོབ་པས་སྒྲུབ་བ་བྱ་སྟེ། རླུང་གི་ཕྱོགས་སུ་རྫིང་བུ་བྱས་ཞེས་པར་སྦྱར་ཏེ་དང་ལས་སྟ་གོ་ན་བྱས་ཏེ་རྡུལ་ཚོན་བྲིས་ལ་ཙ་ག་ལི་དགོད་པ་དང་ཡང་བསྒོམ་པ་ཡང་ལྷ་མོ་ཆོ?་སྤྲུལ་མནན་པ་གཙོ་བོས་མཛའ་ཡས་མནན་པ་དེ་ལ་དཀྱིལ་འཁོར་སྒྲུབས ་པ་ལ་མཆོད་བསྟོད་བདུད་རྩི་མྱང་བ་བྱས་ན་ཨ་ཕུའི་རྣམ་པ་ཞེས་བྱ་བ་སྟ་གོན་དུས་སུ་གཟུགས་བརྙན་བྱས་པ་ཡང་མཛའ་ཡས་སུ་བསྐྱེད་ལ་རང་བཞིན་པ་བཀུག་པ་དེ་ལ་བསྟོད་པ་བྱས་བཟླས་པ་བྱས་ལ་སྒྲུབ་པ་ཆེན་པོ་ནི་མཛའ་ཡས་དེར་བཞག་ཅེས་བྱ་སྟེ་མནན་པ་བྱས ་ལ། ཨ་ནནྟ་ཁྲོ་བོ་ཞེས་སྔགས་དེས་གཟིར་རོ། །སྤོགས་པ་ནི་སྔགས་བཟློག་སྟེ་ཞེས་པ་ཡི་གེ་བཟློག་སྟེ་ཕཊ་ཅེས་མས་བཟློག་པའོ། །དེ་བཞིན་དུ་བསྙེན་པ་དང་སྒྲུབ་པ་དང་སྒྲུབ་པ་ལས་ལ་སྦྱར་བ་གོ་སླའོ། །ལྷ་དགས་པ་ལ་གཉིས་ཏེ་ཕྱི་དང་ནང་ངོ། །ཚངས་པའི་ས་ ་བོན་ནི་པ་ལ་ཤ་རྒྱ་སྐྱེགས་སོ། །རྒྱལ་ལ་སྒྲུབ་པ་ནི་སྐར་མ་རྒྱལ་གྱི་ཉིན་པར་རོ། །ཀུ་ཐཱ་རཙྪིནྣ་ནི་ཙ་སྟེ་རིས་གཅོད་པའོ། །ཉི་མ་གཟས་ཟིན་པ་ནི་ཟླ་བ་བདུན་བདུན་ལ་གླིང་འདི་འམ། གཞན་དུ་བཟའ་ཡིས་ཟིན་པའོ། །མི་བསྐྱོད་པ་བརྟག ་ཅིང་བྱ་བ་ནི། དེའི་སྦྲུལ་ལ། དགྲ་སྟའི་གཟུགས་གཅིག་བྱས་ལ། བཛྲ་ཀུཋཱ་ར་སྒྲུབ་པའི་དོན་དུ་ཁྲི་བཟླས་ཤིང་སྒྲུབ་པ་ལས་སྦྱར་གྱི་དུས་སུ་དེ་བདར་ལ་དཔྲལ་བར་ཐིག་ལེ་གཅིག་བྱས་ལ། ལྷ་གང་ལ་ཕྱག་བྱས་པ་དེ་འགས་ཞེས་པ་ནི་དབང་ཕྱུག་ཆེན་པོ་ལ་སོགས་པའི ་ལྟ་རྟེན་སྟ་རེ་དམིགས་ལ་ཕྱག་བཙལ་ལོ། །བསྙེན་པ་ནི་སྔ་མ་བཞིན་ནོ། །ནང་ནི་ཚངས་པའི་ས་བོན་ནི་བྱང་ཆུབ་ཀྱི་སེམས་སོ། །རྒྱལ་ལ་སྒྲུབ་པ་ནི་ལྷན་ཅིག་པའི་དུས་སོ། །ཀུ་ཐཱ་རིཙྪིནྣ་ནི་བྱང་ཆུབ་སེམས་ཀྱི་རིམ་འགྲོའོ། །མི་བསྐྱོད་པ་བརྟག་པ་ནི་བརྡུངས་པའོ། ། ་ཉི་མ་གཟས་ཟིན་པ་ནི་རང་བྱུང་གི་མེ་ཏོག་གོ་།དགྲ་སྟ་ནི་གཅོད་པས་ན་དགྲ་སྟ་སྟེ་རྐང་པས་མནན་པ་དང་འདྲ་བ་སྟེ། འོག་ཏུ་འཇོམས་པའོ། །བཟླས་པ་ནི་ཡང་དང་ཡང་དུ་བསྒོམ་པ་སྟེ། ལྷ་གང་ལ་ཕྱག་བྱས་པ་ནི་དངོས་པོ་གཟུགས་ལ་སོགས་པ་དངོས་པོ་ལ་ཞེན་པ ་གང་ཡང་རུང་བ་ལ་འཇོམས་པའོ། །རྡོ་རྗེ་མ་དང་ཞེས་བྱ་བ་ལ་སོགས་པ་གོང་གི་རེངས་པ་ལ་སོགས་པའི་རྣལ་འབྱོར་རེ་རེ་དང་ལྷ་དེ་སྦྱར་སོ། །བརྟུལ་ཞུགས་ཅན་ཞེས་པ་སྟེ་བསྐྱེད་པའི་རིམ་པ་ལ་མཚན་མ་ཐོབ་པར་བྱའོ། །རྫོགས་པའི་རིམ་པ་ལ་རང་གི་ ་ཉམས་ཐོབ་ནས་བག་ཚ་བ་མེད་པས་བྱའོ། །ལེའུ་གཉིས་པ་སྟེ། སྔ་མ་བཤད་པ་ལྟར་ཅི་རིགས་པར་སྦྱར་རོ།། །།དེ་ནས་ལྷའི་ལེའུ་བཤད་པར་བྱ་ཞེས་པ་ནི་ལྷ་སྟེ། ལུས་ལས་བྱུང་བ་དང། བདེ་བ་ལ་རོལ་བ་སྟེ་ལྷའི་རྒྱུད་ཞི་བའི་དོན་གྱིས ་ན་ལྷའོ། །དེའི་རིམ་པ་ཡང་གཉིས་ཏེ་ཕྱག་གཉིས་པ་ལ་བཤད་པ་དང་གཞན་ལ་སྦྱར་བའོ། །བཤད་པ་ལ་ཡང་གཉིས་ཏེ། དཔའ་བོ་གཅིག་པ་བསྐྱེད་པ་དང། དཀྱིལ་འཁོར་གྱི་འཁོར་ལོའོ། །དེ་ལ་དཔའ་བོ་གཅིག་པ་ནི། དེ་ལ་སྒྲུབ་པོ་ཕུན་སུམ་ཚོགས་པ ་དང་ལྡན་པས་རང་གི་སྙིང་ཀ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ས་བོན་གྱི་འོད་ཟེར་ལས་ཞེས་པ་ལ་སོགས་པ་གནས་བསྲུང་བ་ནས་བརྩམས་ཏེ། བྱ་བའི་རིམ་པ་རྣམས་མཆོད་པ་བྱིན་གྱིས་བརླབ་པ་ཡན་ཆད་སྔ་མ་ལྟར་བྱས་ལ་ནམ་མཁར་རྗེ་བཙུན་ལ ་སོགས་པ་ཚིགས་སུ་བཅད་པ་ཕྱེད་དང་བཞིས་མཆོད་ནས་བཤགས་པ་ལ་སོགས་པ་ཡང་བྱ་སྟེ། ཅིའི་ཕྱིར་ཚོགས་མ་བསགས་པར་ལྷ་མི་བསྒོམ་ཞེ་ན། རྒྱུ་དང་རྐྱེན་སྔོན་དུ་མ་སོང་བར་མི་འབྱུང་སྟེ། དཔེར་ན་མྱུ་གུ་བསྐྱེད་པ་ལ་ཉེར་ལེན་གྱི་རྒྱུ་ས་བོན་མྱུ་གུ་ལྷན་ཅིག་བྱེད་པའི་རྐྱེན ་ཆུ་ལུད་དང་དྲོད་ཚད་མེད་པར་མི་འབྱུང་བ་ལྟར། རྒྱུ་བསོད་ནམས་ཀྱི་ཚོགས་དང་རྐྱེན་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་དགོས་ཏེ། བསོད་ནམས་ཀྱི་ཚོགས་བསག་པ་ལ་ཡང་ཞིང་སྤྲུལ་དགོས་པས་དེ་ཡང་ལུགས་བཞི་སྟེ། སྙིང་ག་ནས་སྤྲུལ་པ་དང། བཀོད་པ་གསལ ་བ་དང། རང་བཞིན་དུ་གནས་པ་དང། སྤྱན་དྲངས་པ་ལས་འདིར་སྤྱན་དྲང་བ་སྟེ། ཧེ་རུ་ཀ་ཕྱག་བཅུ་དྲུག་པ་ལ་ལྷ་མོ་བརྒྱད་ཀྱིས་བསྐོར་བ་གཅིག་གོ་།དེ་ལ་མཆོད་པ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱིས་མཆོད་དོ། །ཕྱི་ནི་སྤོས་དང་མེ་ཏོག་ལ་སོགས་པའོ། །ནང་གི་ལྷ་མོ ་བརྒྱད་པོ་རྣམས་ཀྱིས་མཆོད་།དཀར་མོ་རི་དགས་མཚན་མ་འཛིན་ཅེས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་ཐོད་པ་ལག་པར་འཛིན་ཅེས་པ་ནི་རྒྱུད་ཀྱི་ཚིག་ཟོར་ཡང་དུ་བྱས་པའོ། །ལག་པ་ཞེས་པ་དང། སྣོད་ཅེས་པ་དང་འཛིན་ཅེས་གོང་འོག་ཀུན་ལ་སྦྱར་རོ། ། ་བདུད་ལས་རྒྱལ་བ་ནི་རང་བྱུང་གི་རཀྟའོ་ཆུ་ནི་དྲི་ཆུའོ། །སྨན་ནི་དྲི་ཆེན་ནོ། །རྡོ་རྗེ་ནི་ཤ་ཆེན་ནོ། །རོ་ནི་སྦྲང་རྩི་སྟེ་མཚོན་པས་ཆང་ངོ། །ཅང་ཏེ་ནི་ཕྱིའི་མཆོད་པའོ། །འདོད་ཆགས་ཆེན་པོ་རྗེས་ཆགས་ཞེས་པ་ནི་གསང་བའི་མཆོད་པ་སྟེ། འདོད་ཆགས་ཆེན་པོ ་ནི་གཙོ་བོ་འམ། རྗེས་ཆགས་གཡུང་མོ་སྟེ། གཡུང་མོ་མགུལ་ནས་འཁྱུད་པ་ཉིད་ཅེས་པ་ནི་མཆོད་བྱའི་ལྷ་མོ་རྣམས་གཙོ་བོ་ལ་བསྡུ། མཆོད་བྱེད་ཀྱི་ལྷ་མོ་རྣམས་གཡུང་མོ་ལ་བསྡུ་ལ། ཀུན་དུ་རུའི་རྗེས་སུ་ཆགས་པ་འམ་ཡང་ན་མཆོད་བྱེད་ཀྱི་ལྷ་མོ ་རྣམས་རང་ལ་བསྡུ་ཞིང་གཡུང་མོས་རླུང་སེམས་མཚམས་ནས་འཁྱུད་པའི་ཚུལ་གྱིས་མཆོད་པའོ། །དེའི་དུས་སུ་བདེ་བའི་རོ་ཉམས་སུ་མྱོང་བ་ནི་དེ་ཁོ་ན་ཉིད་ཀྱི་མཆོད་པའོ། །དེའི་མདུན་དུ་བདུན་རྣམ་དག་བྱ་སྟེ། དེ་སྐད་དུ་བླ་མ་རྡོ་རྗེ ་འཆང་མཆོད་ཅིང། བདུན་པ་ཡོངས་སུ་དག་པར་བྱ་ཞེས་གསུངས་སོ། །དེ་ནས་དང་པོར་བྱམས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ཚོགས་བརྒྱད་འདེབས་ཏེ། ཚིག་གཉིས་ཀྱིས་བསོད་ནམས་ཀྱི་ཚིགས་ནུས་པ་དང་ལྡན་པར་བྱེད། ཚིག ་གཉིས་ཀྱིས་ཡེ་ཤེས་ཀྱི་ཚོགས་ནུས་པ་དང་ལྡན་པར་བྱེད་པའི་དགོས་པའོ། །ངེས་པའི་ཚིག་ནི་དམིགས་པ་ཚད་མེད་པས་སམ། འབྲས་བུ་ཚད་མེད་ཐོབ་པས་སོ། །དབྱེ་བ་གོ་རིམས་ངེས་པ་ནི་སྐྱེ་བའི་གོ་རིམས་སྟེ། བྱམས་པ་ནི་བརྩེ་བ་དང་ལྡན་པ་སྙིང་རྗེ ་སྐྱེས་པས་དེ་བཞིན་དུ་སྦྱར་རོ། །དམིགས་པའི་ཡུལ་ནི་བདེ་འགྲོ་དང་ངན་འགྲོ་དང། ཉན་ཐོས་དང་རང་སངས་རྒྱས་དང། སེམས་ཅན་ནན་སངས་རྒྱས་ཀྱི་བར་དུ་རིམ་པར་སྦྱར་རོ། །བསྒོམ་པའི་ཐབས་ནི་ཆེ་འབྲིང་རྣམ་པ་དགུ་རུ་ཕྱེ་སྟེ། དང་པོ་བྱམས་པ་ཞེས་པ ་བཤེས་འབྲེལ་ལྟ་བུ་སྟེ། རང་གི་སྙིང་དུ་བཅུག་པ་གཅིག་པ་བྱམས་པ་སྐྱེ། དེ་བཞིན་དུ་གཉེན་རབ་འབྲིང་གསུམ་ལ་སྦྱར་རོ། །ཐ་མལ་པ་རབ་འབྲིང་གསུམ་དང་དགྲ་རབ་འབྲིང་གསུམ་དུ་སེམས་ཅན་ཐམས་ཅད་ལ་བསྒོམ་མོ། །ཡང་དེ་བཞིན་དུ་སྡུག་བསྔལ་ཆེ་འབྲིང ་དགུ་དང་ཟག་པ་མེད་པ་བླ་ན་མེད་པའི་བདེ་བར་རབ་འབྲིང་དགུ་རུ་གོང་མ་རྣམས་ལ་བསྒོམ་མོ། །བཏང་སྙོམས་ནི་དགའ་བའི་སྣོད་དུ་བསྒོམ་པ་འམ་ཡང་ན་དམིགས་པ་མེད་པར་བསྒོམ་མོ། །སྟོང་པ་ཉིད་སྔགས་དང་བཅས་པ་ཡེ་ཤེས་ཀྱིས་ཚོགས་བསགས་ལ་དེ་ཡང་སྟོང་པའི ་བྱང་ཆུབ་ཅེས་པས་གཟུང་ངོ། །ཡེ་ཤེས་ཚོགས་ཀྱི་རྗེས་ལ་རང་མདུན་མེད་སྟོང་པ་ཞིག་ཅེ་ན། རང་གི་བློས་ཆོས་སྟོང་པར་བྱས་པས་རང་གི་ལུས་ཐ་མལ་པ་ལྟར་སྣང་བ་དེའིའོ། །མདུན་དུ་རེ་ཕ་ཉི་མ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་རྟེན་བསྒྲུབ་སྟེ། ་རིམ་ལས་ཉི་མའི་དཀྱིལ་འཁོར་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་སུ་ར་བ་སྟེང་དུ་གུར་བཅིང་བ་ཞེས་བྱ་སྟེ། འོག་ཀྱང་རྡོ་རྗེའི་ས་གཞིའོ། །ཆོས་ཀྱི་འབྱུང་གནས་ནི་སྒོམ་ན་ཡང་སྒོམ། །མ་བསྒོམ་ཀྱང་འགལ་བ་མེད་དོ། །དེའི་ནང་དུ་རེ་ཁཱ ་བསྒོམ་མོ། །ད་ནི་རྟེན་ལྷ་བསྒོམ་པ་ནི་རྡོ་རྗེ་རྣམ་བཞིས་བསྐྱེད། ཡང་ནི་སྐྱེ་ཡེ་ཤེས་ཀྱི་ཚོགས་ལ་བལྟོས་པའོ། །སྟོང་པ་སྟེ་ཆོས་ཉིད་དང་བྱང་ཆུབ་སྟེ་ཡེ་ཤེས་སོ། །དེ་ནས་གཉིས་པ་ལ་ས་བོན་བསྡུ་བ་ནི་ཧཱུཾ་ལས་བྱུང་བའོ། །གསུམ་པ་ལ་གཟུགས་བརྙན་རྫོགས་པ་ནི། རྡོ་རྗེ་ནི་ཁ ་དོག་ནག་པོ་འཇིགས་པ་ཆེན་པོ། བཞི་པ་ལ་ནི་ཡིག་འབྲུ་དགོད་པ་ནི་རྡོ་རྗེའི་ལྟེ་བའི་དབུས་གནས་པར། ཡང་ནི་ཧཱུཾ་གི་དེ་ཉིད་བསྒོམ། དེ་ལས་ཅིར་འགྱུར་ཞེ་ན། ཧཱུཾ་གི་རྣམ་པར་གྱུར་པ་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་དང་གཉིས་སོ། །སེམས་དཔའ་སུམ་རྩེགས་བསྒོམ། ་རང་འདྲ་བའི་ཡེ་ཤེས་པ་དགུག། སྐྱེ་བོ་ཕྱིན་གྱིས་བརླབས་པ་མོས་ཚུལ་ལམ་བསྐྱེད་པའི་ཚུལ་གང་རུང་བྱའོ། །དབང་བསྐུར་བ་ནས་མཆོད་བསྟོད་བདུད་རྩི་མྱང་བ་བྱས་ལ། རྫོགས་པའི་རིམ་པ་ཅུང་ཟད་བསྒོམ། །སྔགས་ཀྱི་བཟླས་པ་བྱ། གཏོར་མ་དང་ཡེ་ཤེས་པ་གཤེགས ་སུ་གསོལ། །དམ་ཚིག་པ་བསྡུས་ལ་སྤྱོད་ལམ་བྱའོ། །དེ་བཞིན་དུ་ཐུན་བཞིའི་རིམ་པ་བསྒོམ་མོ། །དཀྱིལ་འཁོར་གྱི་འཁོར་ལོ་སྣ་ཚོགས་དང་རྟེན་བསྒྲུབ་པ་ནི་སྔ་མ་ལྟར་རོ། །རྟེན་ལ་ཁྱད་པར་འདི་ཡོད་དེ། །གུར་བཅིང་བ་ཡང་རྣམ་པར་བསྒོམ་གྱི་ཚིགས་སུ་བཅད ་པ་དང་པོས་ནང་ཆོས་འབྱུང་ལེའུ་བརྒྱད་པ་འཁོར་ལོ་སྔོན་དུ་ཅི་རིགས་པ་ལ་སོགས་པས་གཞན་ཡས་ཁང་བསྒོམས་ལ། དེ་ཡང་ཁྱད་པར་འདི་ཡིན་ཏེ། འཕར་མ་གཅིག་པའོ། །དེ་ནས་ཨཱ་ལི་ཟླ་བ་ཀཱ་ལི་ཉི་མ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་ཆོ་ག་བསྟན་པ་ནི། ་ཨཱ་ལི་ལས་ཟླ་བ་བསྒོམ་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལས་མངོན་པར་བྱང་ཆུབ་པའོ། །ཀཱ་ལི་ལས་ཉི་མ་བསྒོམ་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་མངོན་པར་བྱང་ཆུབ་པའོ། །ས་བོན་ནང་དུ་སོན་གྱུར་པ། །དེ་ཉིད་སེམས་དཔའ་ཞེས་བྱར་བརྗོད། ཅེས་པ་ནི་ཧཱུཾ་ལས་རྡོ་རྗེར་གྱུར ་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ལས་མངོན་པར་བྱང་ཆུབ་པའོ། །ནམ་མཁའ་ཨི་དཀྱིལ་འཁོར་ཁྱབ་པར་ནི། །རང་གི་ལུས་མཚུངས་རྣམ་པར་སྤྲོ། །བསྡུས་ནས་སྙིང་གར་བཀུག་པ་ན། །བྱ་བ་ནན་ཏན་གྱི་ཡེ་ཤེས་ལས་མངོན་པར་བྱང་ཆུབ་པའོ།། ་རང་གི་ལུས་མཚུངས་རྣམ་པར་སྤྲོ་བ་ནི་དོན་དེ་བཞིན་གཤེགས་པ་ཡིན་ཡང་རྣམ་པ་ལྷ་མོར་སྤྲོས་ཏེ། སྙིང་གར་བཀུག་ཅེས་པ་ནི་ཧྲི་ད་ཡ་སྙིང་པོ་ནི། རྡོ་རྗེའི་ལྟེ་བ་ལ་བསྡུ་བའོ། །དེ་རྣམས་ཡོངས་སུ་གྱུར་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ལས་མངོན་པར་བྱང་ཆུབ་པའོ། །ཡོ་གའི ་ཞེ་སྡང་བདག་ཉིད་གྱུར་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་མངོན་པར་བྱང་ཆུབ་པའོ། །འདིར་ནི་ལུགས་གཉིས་ཏེ། སྔོ་དང་ཉི་མ་མཚུངས་པ་ལ་སོགས་པ་གཙོ་བོ་བསྟན་པ་འམ། ཡང་ན་རྒྱུའི་རྡོ་རྗེ་འཆང་དཀར་པོར་བསྐྱེད་དེ། དེ་ནས་ཤིང་འབྲས་འཆོས་པའི་ཚུལ་དུ་ནག ་པོར་གྱུར་པའོ། །རྣལ་འབྱོར་མ་ལ་སོགས་པས་འཁོར་བསྟན་ཏེ། དེ་དག་གང་གིས་བསྐྱེད་ཅེ་ན་ཧཱུཾ་གི་ཡི་གེ་འདོན་པའི་བདག་ཅེས་སྨོས་ཏེ། དེ་ལ་ཡང་ཚུལ་གཉིས་ཏེ། ཡུམ་ཡོད་པ་དང་མེད་པའོ། །ཡུམ་མེད་ན་སྙིང་གའི་ཧཱུཾ་ལས་ཡི་གེ་འབྲུ་སྤྲོས་ཏེ། འཁོར་རྣམས་རྗེས་སུ་མཐུན ་པའི་མངོན་པར་བྱང་ཆུབ་པ་ལྔས་སེམས་བསྐྱེད་དེ། ཡུམ་ཡོད་ན་རྗེས་སུ་ཆགས་པ་ཞུ་བ་ལས་རྒྱུའི་རྡོ་རྗེ་འཆང་བཞེངས་ནས་བསྲུབ་དང་བསྒྲུབ་པའི་སྦྱོར་བ་ལས་འཁོར་མངལ་སྐྱེས་ཀྱི་ཚུལ་དུ་རྗེས་སུ་མཐུན་པའི་མངོན་པར་བྱང་ཆུབ་པ་ལྔས་བསྐྱེད་དེ། སྔ་མ་ལྟར་ན་ཧཱུཾ་གི་ཡི་གེ ་ལས་འདོན་པའི་བདག་ཅེས་བརྗོད་དོ། །ཕྱི་མ་ལྟར་ན་ཧཱུཾ་གི་ཡི་གེ་སྒྲོག་པའི་བདག་ཅེས་བརྗོད་དོ། །ཡུམ་ནི་མན་ངག་གི་བདག་མེད་ལ་བཟེད་དོ། །དེ་ལ་སེམས་དཔའ་སུ་མ་བརྩེགས་བསྒོམ། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ། སྐྱེ་མཆེད་བྱིན་གྱིས་བརླབ་པ་དང་སྐུ་གསུང་ཐུགས ་བྱིན་གྱི་བརླབས་བ་དང། དབང་བསྐུར་བ་དང་མཆོད་པ་དང་སྟོང་པ་དང་བདུད་རྩི་མྱང་བའི་བདུད་བྱའོ། །རྫོགས་པའི་རིམ་པ་ཡང་ཅུང་ཟད་བསྒོམ་སྟེ། དག་པ་རྗེས་སུ་བྲན་པ་བྱ། སྔགས་བཟླས་གཏོར་མ་གཏང། ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྡུ་སྤྱོད་ལམ་བྱ། ་ཐུན་བཞིའི་རིམ་པས་དེ་བཞིན་དུ་བསྒོམ། དུར་ཁྲོད་དུ་ནི་མགོན་པོ་རོལ་ཞེས་པ་ནི། གང་གི་ཕྱིར་དུར་ཁྲོད་བྱ་ཞེ་ན། དབུགས་རྒྱུ་ཞེས་པའི་རིམ་པ་ཡིས། རོ་ཞེས་མངོན་པར་བརྗོད་པར་བྱའོ། །རོ་གནས་པའི་རིགས་པ་སྟེ། སྔར་གྱི་རོ་ཆོས་ཀྱི་དབྱིངས་ལ་གནས་པ་དེ་དུར་ཁྲོད་དོ། །འདིས་ནི ་ཁམས་གསུམ་པ་བདག་མེད་པ་ཡང་མཚོན་ཏོ། །སྤྱིར་མགོན་པོ་རོལ་པ་ནི་གསུམ་སྟེ། ཐབས་ཀྱི་རོལ་པ་དང་ཤེས་རབ་ཀྱིས་རོལ་པ་དང་དབྱེར་མེད་པའི་རོལ་པའོ། །ཐབས་ནི་ཆོས་ཀྱི་འབྱུང་གནས་སོ། །ཤེས་རབ་ནི་དུར་ཁྲོད་དེ་རོའོ། །དབྱེར་མེད་ནི་རྟེན་དང་རྟེན་པའི་དཀྱིལ་འཁོར་རོ། ་གཞན་ལ་སྦྱར་བ་ནི་ཕྱག་བཞི་པ་དང་དྲུག་པ་སྟེ། དེ་ལ་ཡང་གཉིས་ཏེ། དཔའ་བོ་གཅིག་པ་དང་དཀྱིལ་འཁོར་གྱི་འཁོར་ལོའོ། །དཔའ་བོ་གཅིག་པ་ནི་རྡོ་རྗེ་རྣམ་བཞིས་བསྐྱེད་དོ། །ཕྱག་བཞི་པ་ནི་བདུད་བཞི་ལས་རྒྱལ་བ་ཞེས་སྦྱར་ཏེ། གཞན་ཐམས་ཅད་སྔ་མ་དང་འདྲའོ་དཀྱིལ་འཁོར ་གྱི་འཁོར་ལོ་ནི་མངོན་པར་བྱང་ཆུབ་པ་ལྔ་ཡིས་རྡོ་རྗེ་འཆང་བསྐྱེད། རྗེས་སུ་ཆགས་པས་ཞུ་འཁོར་བསྐྱེད་པ་སྔ་མ་དང་འདྲའོ། །ཕྱག་དྲུག་པ་ཡང་དེ་དང་འདྲའོ། །ཁམས་གསུམ་གྱིས་རོ་མནན་པ་ཞེས་པ་ནི་ཁམས་གསུམ་ཀུན་ཏུ་བརྟགས་པ་སྟེ། མ་གྲུབ་པ་མཚན། དཀྱིལ་འཁོར་གྱི་འཁོར ་ལོ་ནི་གཞན་གྱི་དབང་སྟེ། ཀུན་བརྟགས་སྤོང་བའོ། །འདིས་ནི་ཆོས་ཀྱི་དབྱིངས་དང་དུར་ཁྲོད་ཀྱི་གོང་གི་ཡང་མཚོན་པ་དེ་སྔ་མ་བཞིན་ནོ། །ལེའུ་གསུམ་པའོ།། །།ལྷ་དབང་བསྐུར་བའི་ལེའུ་བཤད་པར་བྱ་ཞེས་པ་ནི། དང་པོ་ཡིན་ཡང་གཉིས་པར་ཤེས་པར་བྱ་སྟེ་ལྷ་རྣམས ་ལ་ཞེས་བདུན་པར་སྦྱར་བ་དང། ལྷ་རྣམས་ཀྱི་ཕྱིར་བཞི་པ་སྦྱར་བ་དང། ལྷ་རྣམས་ཀྱིས་ཞེས་གསུངས་པར་ཡང་སྦྱར་རོ། །དབང་བསྐུར་བ་ནི་ཨ་བྷི་ཥིཉྩ་ཨ་བི་ཥེ་ཀ་ཏེ། དྲི་མ་འཁྲུད་པ་འམ་ནུས་པ་འཇོག་པས་ན་དབང་ངོ། །རང་གི་སྙིང་གར་ཞེས་པ་ནི་ཕྱག་གཉིས་པ་ལ་སོགས་པ་སྔ་མ ་ལྟར་བསྐྱེད་པ་ལ་ཡེ་ཤེས་ཀྱི་འཁོར་ལོ་དང་དེ་གཅིག་ཏུ་བྱས་ནས་གཙོ་བོའི་སྙིང་གར་རོ། །ས་བོན་བསམ་ཞེས་པ་ནི་ཧཱུཾ་ངམ་ཨཾ་ངོ། །དེའི་འོད་ཟེར་ལྕགས་ཀྱུའི་རྣམ་པའི་གཟུགས་ཤེས་པ་ནི་ཁ་དོག་དང་དབྱིབས་ཀྱི་རྣམ་པའོ། །དགུག་པའི་ཡོན་ཏན་དང་ལྡན་པས་སོ། །དེས་ཅི ་བྱེད་ཅེ་ན་ཁམས་གསུམ་དུ་བཞུགས་པ་ལ་སོགས་པ་སྨོས་ཏེ། །སྤྱན་དྲང་བ་ལ་རང་གི་སྙིང་ག་ནས་ལྷ་མོ་བརྒྱད་བསྟོན་ནས་མཆོད་པ་བྱ་སྟེ་གསོལ་བ་གདབ་པར་བྱའོ། །དེ་ནས་དེ་རྣམས་ཡོངས་སུ་གྱུར་ནས་དབང་བསྐུར་རོ། །དེས་ཅིང ་གྱུར་ཅེ་ན། ཧེ་རུ་ཀ་ཡོངས་སུ་རྫོགས་པ་ཉིད་ཅེས་སོ། །དེ་ཡང་རྣམ་པར་བསྒོམ་པ་རང་བྱིན་གྱིས་བརླབས་པ་བསྒོམ་ཞེས་པ་ནི་སྒྲུབ་ཐབས་དག་ལས་འབྱུང་བ་བཞིན་དུ་ཡན་ལག་དྲུག་དང། ཏིང་ངེ་འཛིན་གསུམ་འམ། ཡང་ན་རྣམ་པར་བསྒོམ་པ་ནི་སྐྱེད་པ་དང་སྐྱེད་པའི ་རིམ་པ་ཡིན་ལ། བྱིན་གྱིས་བརླབ་པའི་བསྒོམ་པ་ནི་རྫོགས་པ་དང་ཡོངས་སུ་རྫོགས་པའི་རིམ་པའོ། །ཐུན་གསུམ་ཞེས་པ་ནི་ཉིན་གཅིག་ལའོ། །ལངས་ཏེ་ཞེས་པ་ནི་གཙོ་བོའི་ང་རྒྱལ་གྱིས་སོ། །ལྷའི་གཟུགས་སུ་གནས་སོ་ཞེས་བྱ་བ་ཡིས་ནི་རྫོགས་པའི་རིམ ་པའི་སྤྱོད་ལམ་ཡང་བཟུང་སྟེ། དེ་གཉིས་ཀ་ཡང་འོག་ནས་འཆད་དོ། །ལེའུ་བཞི་པ་སྟེ་སྡམ་བཞིན་ནོ། །།དེ་ནས་ཞེས་པ་ནི་བསྐྱེད་པའི་རིམ་པའི་རྗེས་ཐོགས་ལའོ། །དེ་ཁོ་ན་ཉིད་ཀྱི་ལེའུ་རྫོགས་པའི་རིམ་པ་བཤད་པར་འདོད་ནས་བཤད་པར་བྱའོ ་ཞེས་མཚམས་སྦྱར་བའོ། །དེ་ཁོ་ན་ཉིད་ཏཏྟཝ་སྟེ། དེ་བཞིན་དུ་རོ་གཅིག་པའམ། རང་བཞིན་ཇི་ལྟ་ཝ་ཉིད་དུ་བསྟན་པ་འམ། ཤིན་ཏུ་རོ་གཅིག་པ་འམ། བསྡུས་ཤིང་སྙིང་བུ་ལྟ་བུའི་དོན་བྱེད་པས་སོ། །ངོ་བོས་གཟུགས་མེད་ཅེས་བྱ་བ་ལ་སོགས་པས་ནི་ལྟ་བ་ཤེས་རབ ་གཙོ་བོར་སྟོན་ཏེ། དེ་ཡང་ཕ་རོལ་ཏུ་ཕྱིན་པ་དང་ཐུན་མོང་རྟེན་ཅིང་འབྲེལ་པར་འབྱུང་བ་ནི། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ཀ་ལས་མིན་རྒྱུ་མེད་མིན། །ཞེས་བྱ་བ་ལ་སོགས་པས་ངོ་བོ་ཉིད་ཀྱི་སྐྱེ་བ་བཀག་པ་དང་རང་ལས་རང་སྐྱེ་བར་མི་ཐ་དེ ་རང་གྲུབ་ན་དགོས་པ་མེད། མ་གྲུབ་ནུས་པ་མེད་པས་སོ། །རྒྱུ་མེད་པ་ལས་མི་འཐད་དེ་རི་བོང་གི་རྭ་དང་འདྲ་བས་གཏན་མེད་པས་སོ། །གཉིས་ཀ་ལས་ཀྱང་མི་འཐད་དེ། །སྒྲུབ་པའི་ཕུང་པོ་གསུམ་པ་དང་དགག་པའི་ཕུང་པོ་གསུམ་པ་གཉི་ག་མི་སྲིད་དོ། །གཞན་ལས ་སྐྱེ་ན་འདས་པ་ལས་སམ། མ་འོངས་པ་ལས་སམ་དེ་ལྟར་བ་ལས་ཏེ། དེ་སྟར་མི་འཐད་དུས་མཉམ་པ་ལས་རྒྱུ་འབྲས་མི་སྲིད་དོ། །མ་འོངས་པས་ཀྱང་མི་འཐད་དེ་ཕྱིས་འབྱུང་བའི་ཕྱིར་ན་རྒྱུ་ཉིད་མིན་ནོ། །འོ་ན་འདས་པ་ལས་སྐྱེ་བོ་ཞེ་ན། ཞིག་བ་ལས་སམ་མ་ཞིག་པ་ལས་སྐྱེ་ཞེ་ན། ཞིག ་པ་ལས་མ་ཡིན་ཏེ། མེད་པའི་ཕྱིར་རི་བོང་གི་རྭ་དང་འདྲའོ། །མ་ཞིག་པ་ལས་སྐྱེ་ན་དུས་མཉམ་པར་ཐལ་ལོ་ཞེས་སུན་འདོན་པ་ལ་ཕྱོགས་སྔ་མ་རྒྱུའི་དུས་ནམ་ཞིག་པ་འབྲས་བུའི་དུས་ན་ཞིག་གོ་ཞེ་ན། དེ་ཡང་སྐད་ཅིག་མ་གཞན་ཞིག་གིས་ཆོད་དམ་མཆོད། ཆོད་ན་སྔ་མ་ཞིག་པར ་སྐྱེད་པར་བྱེད་པའི་རྒྱུ་ཡིན། །མ་ཚང་ན་དུས་མཉམ་དུ་འགྱུར་རོ། །བྱས་པས་དེ་རང་གི་དུས་ཀྱིས་ཆོད་ཀྱི་གཞན་གྱི་དུས་ཀྱིས་མཆོད་དེ། སྔ་མ་ལས་སྐྱེ་བ་དུས་མི་མཉམ་པར་མི་འགྱུར་རམ་ཞེ་ན། རྒྱུ་འབྲས་གཉིས་ལ་ཡང་སྐད་ཅིག་མ་གསུམ་གྱིས་བསྡུས་ཏེ། སྐྱེ་བ་དང་གནས་པ་དང ་འཇིག་ཆ་གསུམ་ཡོད་པས་གཞན་དུས་ཀྱི་ཆོད་པ་ཁོ་ནའོ། །གང་དེ་སྐད་ཅིག་མ་མ་ཡིན་ན་དངོས་པོ་དེ་གཏན་མང་པར་ཐལ་ཏེ་རི་བོང་གི་རྭ་བཞིན་ནོ། །ངོ་བོས་གཟུགས་ནི་བུམ་པ་ལྟ་བུར་ཆོས་ཅན་དུ་བཞག་སྟེ་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་གྱི་ཡང་དག་པའི་མེད་རྒྱུ་མ་ལ ་སོགས་པ་བཞིན་ནོ། །གཞན་དག་གཏན་ཚིགས་མ་གྲུབ་སྟེ། བུམ་པ་ནི་ཆ་ཤས་དང་བཅས་པའི་དུས་ཡིན་ལ་ཆ་མེད་པ་གཅིག་ཡིན་ནོ་ཞེ་ན། དང་པོ་ལྟར་ཡོད་པ་མ་ཡིན་ཏེ། གཅིག་མ་ཡིན་ཏེ་ཆ་ཤས་དུ་མ་ཡོད་པའི་ཕྱིར་ཏེ་ཆ་ཤས་དུ་མ་ཡོད་པའོ། །ཆ་ཤས་དུ་མ་ཡང་མ་གྲུང ་སྟེ་ཕྱོགས་གཅིག་རང་ལ་ཡང་ཆ་དྲུག་ཡོད་པས་སོ། །ཕྱོགས་གཅིག་མེད་པས་ཆ་ཤས་ཀྱི་དུ་མ་མེད་དོ། །ཡང་ཀ་གཅིག་རྡུལ་ཕྲ་རབ་ཡོད་དོ་ཞེས་ཟེར་ན་ཡང་ཆ་ཤས་ཡོང་ངམ་མེད་བརྟག་སྟེ། ཡོད་ན་སྔ་མ་དང་འདྲའོ། །ཆ་ཤས་མེད་ན་ནི་ཆ་ཤས་མེད་པའི་ཕྱིར་དངོས་པོ་གཟུགས ་མེད་དུ་ཐལ་ཏེ་སེམས་དང་སེམས་ལས་བྱུང་བ་བཞིན་ནོ། །དེ་བཞིན་དུ་ལྟ་བ་པོའི་གང་ཟག་ཀྱང་མེད་དོ། །དེ་བཞིན་དུ་སྒྲ་ལ་སོགས་པ་ཡང་སྦྱར་རོ། །འགའ་ཞིག་སེམས་ཡང་དག་ཏུ་འདོད་དོ་ཞེ་ན། སེམས་མེད་སེམས་ལས་བྱུང་བ་མེད་ཅེས་སྔ་མ་དང་འདྲའི་རིག་པྤ་མ་གྲུབ་པོ། ་དེ་སྐད་དུ་གཟུགས་ཁམས་ཞེས་བྱ་སྟོང་པ་སྟེ། དེ་ཉིད་དུ་ནི་སྒྲ་ཡང་བྱ་ཞེས་པ་ནས། དམིགས་ཞེས་བྱ་བ་སྟོང་པ་སྟེ། དབུས་སུ་རྣམ་ཤེས་ཇི་ལྟར་འགྱུར། རྣ་བ་ཞེས་བྱ་སྟོང་པ་ཡིན། བར་ན་རྣམ་ཤེས་ཇི་ལྟར་མཆིས་ཞེས་པ་རྒྱ་ཆེར་གསུངས་སོ། ། ་ཐུན་མོང་ཤེས་རབ་ཀྱི་ལྟ་བ་དབུ་མ་དང་ཆ་མཐུན་པར་གཏན་ལ་འབེབས། རང་རིག་སེམས་ཙམ་དང་ཆ་མཐུན་པར་སྟོན་ཏེ། ལེའུ་བརྒྱད་པར་འཆད་པར་འགྱུར་རོ། །ལྟ་བ་ཐུན་མོང་མ་ཡིན་པ་ཐབས་གཙོར་བྱས་པ་བདེ་བ་ཆེན་པོ་ཤེས་པ་སྟེ། སྐྱེད་བྱེད་མ་དང་ཞེས ་བྱ་བ་ལ་སོགས་པས་སྟོན་ཏོ། །སྐྱེད་བྱེད་མ་དང་ཞེས་བྱ་བ་ལ་སོགས་པས་ནི་བསྒོམ་པ་དང་སྤྱོད་པ་ཡིན་ནོ་ཞེ་ན། བདེན་ཏེ་འོན་ཀྱང་ཐུན་མོང་མ་ཡིན་པའི་སྐབས་སུ་ཐབས་གཙོ་བོར་བྱས་ཏེ། ལྟ་བ་ཤེས་རབ་བསྐྱེད་པའི་ཕྱིར་དང་ཡང་ན་བསྒོམ་པའི་ཐབས ་ཡིན་ཡང། ལྟ་བ་ཉམས་སུ་ལེན་པའི་ཐབས་གཙོ་བོར་བྱས་ཏེ། ཡིད་སོ་སོར་རྟོག་པའི་ཤེས་རབ་བསྐྱེད་པའི་ཕྱིར་སོམ་ཉི་མི་བྱའོ། །དེ་ཡང་གསུམ་སྟེ་གཞན་ལུས་ཤེས་རབ་སྟེ་འོག་སྒོ་ལ་བརྟེན་པ་དང། རང་ལུས་ཐབས་ཏེ་སྟེང་སྒོ་ལ་བརྟེན་པ་དང། དེ ་ཁོ་ན་ཉིད་ཤེས་རབ་མི་དམིགས་པ་དང་སྦྱར་བའོ། །དེ་ལ་ཤེས་རབ་ལ་བརྟེན་པ་ཡང་གཉིས་ཏེ། ལས་དང་པོ་པ་དང་ལས་སྨིན་པའོ། །ལས་དང་པོ་པས་ནི་མ་ཞེས་པས་ནི་རང་གིས་དེ་ལ་དབང་ནོས་པའོ། །སྲིང་མོ་ནི་དབང་ལྷན་ཅིག་ནོས་པའོ། །བུ་མོ་ནི་རང་གིས ་དབང་བསྐུར་བའོ། །རྟག་ཏུ་ཆོས་ཅེས་པ་ནི་དབང་གིས་དུས་སུ་ཇི་ལྟ་བར་རྒྱུན་མི་འཆད་པར་རོ། །རྣལ་འབྱོར་རིག་པ་ཞེས་པ་ནི་བླ་མའི་མན་ངག་བརྗོད་པའོ། །གར་མ་ནི་ཤེས་རབ་ཆེ་བའོ། །ཆོས་མ་ནི་དད་པ་ཆེ་བས་བསྒྱུར་སླ་བའོ། །རྡོ་རྗེ་མ་ནི་བསམ་གཏན་གྱིས་བསྟན ་པའོ། །གདོལ་པ་མོ་ནི་བརྩོན་འགྲུས་ཀྱི་ཕྱག་རྒྱ་སྟེ་དཔའ་བའ་ཨོ། །བྲམ་ཟེ་མ་ནི་ངང་ཚུལ་བཟང་བས་བཟོད་པ་ཅན་ཏེ། ཆོས་དེ་རྣམས་གང་ཡང་རུང་བ་དང་ལྡན་པའི་ལས་ཀྱི་ཕྱག་རྒྱ་བདག་མེད་པར་བསྒོམ་པ་ནི་ཤེས་རབ་ཀྱི་ཆོ་ག་ཡིན་ལ་ཐབས་ཀྱི་ཆོ་ག་རང་ཉིད་དགོས་པའི་རྡོ་རྗེ་བསྒོ་མོ ་དེ་ཉིད་རིག་པས་རྟག་ཏུ་མཆོད་ཅེས་པ་ནི་ཟླ་བ་བཟུང་བ་དང་ལྡན་པའོ། །ཇི་ལྟར་དབྱེ་བར་མི་འགྱུར་བ་ནི་གསང་བའི་ཚུལ་ལོ། །རབ་ཏུ་འབད་པ་ནི་དམ་པ་ལ་དམིགས་པའི་མན་ངག་དང་ལྡན་པའོ། །བསྟེན་པ་ཉིད་ཅེས་པ་ནི་འདོད་པའི་ཡོན་ཏན་ནམ། བཟའ་བ་ལ་སོགས་པའི་དམ་ཚིག་གོ་།མ ་གསང་ཞེས་པ་ནི་མཚོན་པ་སྟེ། མ་འབད་ཅིང་མ་བསྟེན་པར་འགྱུར་ནའོ། །སྦྲུལ་དང་ཆོམ་རྐུན་ཞེས་པ་ནི་ཚེ་འདིའི་ཉེས་པའོ། །ས་སྤྱོད་མེའི་སྡུག་བསྔལ་ཞེས་པ་ནི་ཤི་ནས་དམྱལ་བ་སྟེ་སྐྱེ་བ་གཞན་གྱི་ཉེས་པའོ། །ལས་སྨིན་ཅིང་རྫོགས་པས་ནི་སྐྱེད་བྱེད་མ་ལ་སོགས་པ་ནི་བགྲོད་དང ་བགྲོད་མིན་དུ་ཤེས་པར་བྱའི་ཕྱིར། ལས་ཀྱི་ཕྱག་རྒྱ་དང་ཐ་མལ་པ་ཉིད་ལ་བྱའོ། །ཐབས་དང་ཤེས་རབ་ཆོག་ལ་སོགས་པ་ནི་ལས་དང་པོ་དང་མཐུན་ནོ། །རང་ལུས་ཐབས་ཀྱི་སྟེང་སྒོ་ལ་བརྟེན་པས་ནི་སྐྱེད་བྱེད་མ་སྟེ། གཡོན་གྱི་རྐྱང་མ་ནས་རྒྱུ་བའི་རླུང་ངོ། །སྲིང་མོ་ཉིད་གཡས་ཀྱི་ཡོམ་ནས ་རྒྱུ་བའི་རླུང་ངོ། །རྣལ་འབྱོར་རིགས་པས་རྟག་ཏུ་མཆོད་ཅེས་པ་ནི་དབུས་ཨ་བ་དྷཱུ་ཏཱི་རུ་ལྷན་ཅིག་སྐྱེས་པའི་ལྷ་རླུང་དུ་སྦྱོར་བའོ། །གང་མ་ནི་མིག་དང་འབྲེལ་པ་མྱུར་བའི་རླུང་ངོ། ཆོས་མ་ནི་རྣ་བ་དང་འབྲེལ་པ་བསྒྱུར་བའི་རླུང་ངོ། །རྡོ་རྗེ་མ་ནི་སྣ་དང་འབྲེལ་བརྟེན་པའི་རླུང་ངོ། གདོལ་པ་མོ ་ནི་ལྕེ་དང་འབྲིལ་བ་བགོ?་ཆེ་བ་མེད་པའི་རླུང་ངོ། །བྲམ་ཟེ་མ་ནི་ལུས་དང་འབྲེལ་པ་ཉེས་པ་དག་པའི་རླུང་ངོ། །ཐབས་ཀྱི་ཆོ་ག་ནི་རླུང་དེ་རྣམས་ཀྱིས་མི་གཡོ་མི་འགོག་པར་ཡུལ་རྣམས་ལ་བདེ་བར་སྦྱོར་བའོ། །ཤེས་རབ་ཀྱི་གོ་ཆ་ནི་འདི་རྣམས་ཀྱིས་བསྡུས་ཏེ་རང་བཞིན་མེད་པར ་བྱ་སྟེ། ། བ་དྷཱུ་ཏཱིར་ལྷན་ཅིག་སྐྱེད་པའི་རླུང་དུ་སྦྱོར་བའོ། །དེ་ཉིད་རིག་པར་རྟག་ཏུ་མཆོད་ནི་ཆོ་ག་དེ་རྣམས་དང་ལྡན་པ་རྒྱུན་དུ་རྣལ་འབྱོར་དུ་བྱེད་པའོ། །ཇི་ལྟར་དབྱེ་བར་མི་འགྱུར་ཞེས་པ་ནི་ཐབས་དང་ཤེས་རབ་སྦྱོར་བའོ། །རབ་ཏུ་འབད་ཅེས་པ་ནི་ལུས་ངག་ཡིད་གསུམ་གྱི ་བརྩོན་འགྲུས་སོ། །བརྟེན་པ་ཉིད་ནི་ཤེས་པར་བྱའོ། །མ་གསང་ཞེས་པ་ནི་རང་ཀ་མའི་རྟོག་པའོ། །སྤྲུལ་དང་ཆོམ་རྐུན་ལ་སོགས་པ་ནི་རྣམ་རྟོག་ལས་སྤྲུལ་པའི་ཉེས་པ་སྟེ། རྨི་ལམ་གྱི་སྡུག་བསྔལ་བཞིན་ནོ། །དེ་ཁོ་ན་ཉིད་ཤེས་རབ་དང་སྦྱར་བ་ནི། སྐྱེད་བྱེད་མ་ནི ་སེམས་སོ། །སྲིང་མོ་ཉིད་ནི་སེམས་ལས་བྱུང་བའོ། །རྣལ་འབྱོར་རིགས་པ་ཞེས་པ་ནི་སེམས་དང་སེམས་ལས་བྱུང་བ་དེ་དག་མེད་ཅིང་འགོག་པ་མ་ཡིན་ཏེ། མ་བརྟེན་ཐབས་དང་ཤེས་རབ་ལ་མ་བརྟེན་གཞན་ལ་འགོག་པ་སྦྱར་བ་དེ་ཉིད ་ཆགས་བྲལ་ལྟ་བུ་གཉུག་མའི་དབང་པོར་བདེ་བ་ཆེན་པོ་རང་འབྱུང་བའོ། །རྟག་ཏུ་མཆོད་ཅེས་པ་ནི་དབང་པོ་རང་སྣང་རྒྱུན་མི་འཆད་པའི་མན་ངག་གོ་།གང་མ་ནི་གཟུགས་དང་ཚིག་གི་དབང་པོའོ། །ཚོས་མ་ནི་སྒྲ་དང་རྣ་བའི་དབང་པོའོ། །རྡོ་རྗེ་མ་ནི་དྲི་དང་སྣའི་དབང་པོའོ། །གདོལ་པ་ནི ་ངོ་བོ?་དང་ལྕེའི་དབང་པོའོ། །བྲམ་ཟེ་མ་ནི་རེག་བྱ་དང་ལུས་ཀྱི་དབང་པོའོ། །ཐབས་དང་ཤེས་རབ་གོ་ཆ་ཡིས་ཞེས་པ་ནི་ཕྱག་རྒྱ་ཆེན་པོའོ། །དེ་ཡང་དེ་ཉིད་རིག་པས་ཞེས་པ་ནི་གཉུག་མའི་དབང་པོ་དེར་བདེ་བ་ཆེན་པོ་རང་གསལ་བའོ། །རྟག་ཏུ་མཆོད་ཅེས་པ་ནི་དབང་པོ་རང་སྣང་གི་མན ་ངག་གོ་།ཇི་ལྟར་དབྱེ་བར་མི་འགྱུར་བར་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་ཕྱིར་རོ། །རབ་ཏུ་འབད་པའི་ཞེས་པ་ནི་དེ་ཡང་བླ་མའི་མན་ངག་གིས་ཐོབ་པས་སོ། །བརྟེན་པ་ཉིད་ཅེས་པ་ནི་ཤེས་རབ་ལྷ་མོ་བླ་ན་མེད་པ་དང་འདོད་པའི་ཡོན་ཏན་ནོ། །མ་གསང་ཞེས་པ་ནི་མཚོན་པ་སྟེ། ་མ་འབར་ན་འམ་མ་བརྟེན་པའོ། །དེ་ཡང་མུ་ཏྲ་ཆེན་པོ་དང་དབང་པོ་རང་སྣང་གི་མན་ངག་མི་ལྡན་པར་སྤྱོད་པ་ལ་འཇུག་པའོ། །དེས་ན་སྤྲུལ་དང་ཆོམ་རྐུན་ལ་སོགས་པ་ནི་ལོག་པའི་བརྟུལ་ཞུགས་སྤྱད་པའི་ཉེས་དམིགས་སོ། །ལས་ཀྱི་ཕྱག་རྒྱ་དེ་དག་ཐ་མ་ལ་སྤང་བའི་ཕྱིར་ཕྱག ་རྒྱས་གང་གི་ཕྱིར་ཞེ་ན། ཐར་པའི་རྒྱུར་ནི་བརྗོད་པར་བྱ་ཞེས་པའོ། །གང་དག་གིས་ཞེ་ན། རིགས་ལྔའི་ཞེས་པ་སྟེ། རྡོ་རྗེ་པདྨ་ལ་སོགས་པ་ཚིགས་སུ་བཅད་པ་སྟེ། གང་ལྟར་ཞེ་ན། རྡོ་རྗེ་འདིས་ནི་ཞེས་པ་སྟེ། ཚིག་རྐང་གཉིས་ཀྱིས་སོ། །དེ་ཡང་རྡོ་རྗེ་ལ་སོགས་པ་གང་བ་གང་གིས་རྒྱས་བཏབ་པས། ་དེ་དེའི་རང་བཞིན་དུ་གྱུར་པས་ཐ་མལ་པ་སྤངས་ནས་ཐར་པའི་རྒྱུར་འགྱུར་བའོ། །དེ་ལ་སློབ་དཔོན་ཁ་ཅིག་ནི་གསང་བའི་གནས་ཀྱི་རྒྱས་བཏབ་པ་ལ་འདོད་དེ། འདིར་མཐུན་པ་མ་ཡིན་ནོ། །གང་ལ་ཞེ་ན་རྡོ་རྗེའི་ཕྱག་རྒྱས་གཡུང་མོ་ཉིད་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་སྟེ། དེ་རྣམས་ཀྱང་གཉིས་པའི་དོན་གྱིས་དང ་པོར་ཤེས་པར་བྱའོ། །གར་མ་ལ་སོགས་པ་ནི་དེ་ལྟར་ཡིན་ན། སྐྱེད་བྱེད་མ་ལ་སོགས་པ་ཇི་ལྟ་བུ་ཞེ་ན། འདི་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེར་ཡང་ནི་འདིར་བསྡུས་པར་ནི་བརྗོད་པར་བྱ་ཞེས་པས་ནི་རྡོ་རྗེ་འཆང་རིགས་དྲུག་པའོ། །འདི་རྣམས་ཞེས་བྱ་བ་ནི་སྔར་གྱིའོ། །དེ་བཞིན་གཤེགས་པའི་རིགས་ཤེས་པ་ནི་རྡོ་རྗེ ་འཆང་ཡིན་ཡང་སྐུ་གསུང་ཐུགས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་བཤད་པའི་ཕྱིར་དཔལ་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡང་དཔལ་ལྡན་རྡོ་རྗེ་འཆང་བདེ་ཆེན་གྱི་སྐུའོ། །དེ་བཞིན་ཉིད་གཤེགས་ཞིང་ཞེས་པ་ནི་ཆོས་ཀྱི་སྐུར་ཏེ། སྐྱེད་བྱེད་མ་ལ་རྒྱས་གདབ་པའོ། །དེ་བཞིན་སླར་ཡང ་གཤེགས་པ་ཉིད་ཅེས་པ་ནི་གཟུགས་སླར་བྱུང་བ་སྟེ་ལོངས་སྐུས་སྲིང་མོ་ལ་རྒྱས་གདབ་པའོ། །སྤྲུལ་སྐུས་བུ་མོ་ལའོ། །ཤེས་རབ་རིགས་པ་འདི་ཡིས་ནི་ཆོས་ཀྱི་སྐུ་ཐབས་ཀྱི་རིགས་པས་གཟུགས་སྐུ་ལོངས་སྐུས་མཚོན་ནོ། །དབྱེར་མེད་རིགས་པ་འདི་ཡིས་ནི་སྤྲུལ་སྐུ་མཚོན་ནོ། །དེ་བཞིན་གཤེགས ་པ་ཞེས་བརྗོད་པར་བྱ་ཞེས་པ་ནི་རྡོ་རྗེ་འཆང་བདེ་ཆེན་གྱི་སྐུ་ཡིན་ཡང་དེའི་ཆོས་སྐུ་གསུམ་སྐུ་གསུམ་གྱི་རིགས་པས་དེ་བཞིན་གཤེགས་པའི་རིགས་བརྟགས་སོ། །འོ་ན་རིགས་རྣམས་དུ་ཡོད་ཅེ་ན། རིགས་ནི་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་དབྱེ་བ ་དང་བསྡུ་བས་གཅིག་ཉིད་དྲུག་དང་ལྔ་དང་གསུམ་དུ་བསྟན་ཏོ། །དེ་ཡང་དག་པའི་གནས་སྐབས་ན་རྣམ་པར་རྟོག་པ་རིགས་སུ་དབྱེ་བ་མེད་དེ་བཞིན་དུ་དབྱེ་བ་ཇི་ལྟ་བུ་ཞེ་ན། བདེན་ཏེ་མ་དག་པའི་གནས་སྐབས་ཀྱི་དབྱེ་བས་རྣམ་པར་དག་པའི་ཕྱིར། རིགས་དང་འབྱུང་བ་ལ་སོགས ་པའི་ཚིགས་སུ་བཅད་པ་གསུངས་སོ། །སྤྱིར་རིག་གར་ཐ་དད་པར་འཇོག་པ་ཀུན་རྫོབ། རིགས་གཅིག་པ་དོན་དམ་པ་ཡིན་ཏེ། ཐར་པ་དང་ནི་ཆུ་བོ་བཞིན་དུ་མ་ཉིད་དུ་བརྗོད་པར་མི་བྱ་ཞེས་སོ། །ལ་ལ་དག་ནི་ཇི་སྲིད་དུ་ཁས་ལེན་པ་དེ་སྲིད་དུ་གཞན་སེལ་བར་གནས་ཏེ། ་དཔེར་ན་རྒྱུའི་ཚོགས་པ་ཐ་དད་པ་ལས་འབྲས་བུ་ཐ་དད་པར་སྣང་སྟེ། དཔེར་ན་མར་མེ་ཐ་དད་པའི་སེལ་བའི་མུན་པ་གཅིག་ལས་མེད་ཀྱང་མར་མེ་ནི་གཅིག་ཏུ་གྱུར་པ་མ་ཡིན་ནོ། དེ་ཡང་ཚོགས་དང་ཆོས་ཀྱི་སྐུ་དག་དང་འགྲོ་བའི་དོན་རྣམས་སྤྱོད་པ་ནི། སངས་རྒྱས་ཐམས་ཅད ་མཚུངས་པ་ཡིན་ཞེས་གསུངས་སོ། །རིགས་པས་དཔྱད་ན་ནི་ཡིད་ཀྱི་སྤྱོད་ཡུལ་དུ་ཤིན་ཏུ་དགའ་བས་ཆོག་གོ་།ད་ནི་བསྒོམ་པའི་ཉམས་བསྟན་པའི་བསྒོམ་པ་མེད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡང་ལྟ་བ་ཤེས་རབ་ཀྱི་སྐབས་སུ ་མིག་གི་དབང་པོ་ལ་སོགས་པ་གཅིག་དང་དུ་བྲལ་རིགས་པས་རང་བཞིན་མེད་པའི་ཕྱིར་སྒོམ་པ་པོ་མེད་ཅེས་པའོ། །ཡང་ལྟ་བའི་སྐབས་སུ་གཟུགས་ལ་སོགས་པ་མེད་པའི་ཕྱིར་བསྒོམ་པ་ཡང་མེད་ཅེས་ལྷག་མའོ། །བསྒོམ་བྱ་མེད་ཅེས་བྱ་ནི་འང་སྟེ། སྔ་མ་གཉིས ་ལྟ་བུའོ། །དེ་ཡང་ལྟ་བའི་སྐབས་སུ་སེམས་དང་སེམས་ལས་བྱུང་བ་རང་བཞིན་མེད་པའི་ཕྱིར་རོ། །འོན་ཏེ་བསྒོམ་པ་ནི་ལམ་གྱི་གཙོ་བོ་ཡིན་ན། །དེ་མེད་ན་འབྲས་བུ་དང་ལམ་གཞན་དག་ཇི་ལྟར་ཡོད་པར་འགྱུར་ཞེ་ན། དེའི་ཕྱིར་ལྷ་དང་སྔགས་ཀྱང་ཡོད་མ་ཡིན་ཞེས ་གསུངས་སོ། །དེ་ཡང་འབྲས་བུ་གཞན་དག་ཉེ་བར་མཚོན་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱང་ཡོད་པ་མ་ཡིན་ནོ། །ལམ་ཡང་གཞན་དག་ཉེ་བར་མཚོན་པ་སྟེ། ཕྱག་རྒྱ་དང་དཀྱིལ་འཁོར་དང་སྒྲུབ་པ་དང་ཕྲིན་ལས་ཀྱང་ཡོད་པ་མ་ཡིན་ནོ། །རྡོ་རྗེ་ཁུ་ཚུར་ལ ་སོགས་པའི་བཏགས་པའི་ཕྱག་རྒྱ་ཡོད་པ་མ་ཡིན། །མེ་ལ་མར་ལྡུགས་པའི་སྦྱིན་སྲེག་ཀྱང། རུ་རུ་སཕུ་རུ་ལ་སོགས་པ་སྙིང་པོ་དང་ཕྲེད་པའི་སྔགས་བཏགས་པར་ཡོད་པ་མ་ཡིན། ཁ་དོག་དང་དབྱིབས་སུ་བཏགས་པ་དང་རྩིག་པ་ལ་སོགས་པའི་དཀྱིལ་འཁོར་དེ་ཡང་ཡོད ་པ་མ་ཡིན་ནོ། །དེ་ལྟ་བུའི་སྒོམ་པའི་ཉམས་དེ་ཡང་རང་བཞིན་མེད་པ་ཙམ་དུ་བྱ་བའི་ཕྱིར་ཕུན་སུམ་ཚོགས་པའི་གཞིར་ཇི་ལྟར་འགྱུར་ཞེ་ན། ཡང་དག་གནས་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །དེ་ཡང་ལྟ་བ་ལ་སོགས་པའི་སྐབས་སུ་སྐྱེད་བྱེད་མ་ལ་སོགས་པའི་ཐབས་ཐུན་མོང་མ ་ཡིན་པའི་ཡིད་སོ་སོར་རྟོག་པའི་བདེ་བ་ཉམས་སུ་བླངས་པས། འདིར་སྒོམ་པའི་ཉམས་མཆོག་ཏུ་བདེ་བ་ཆེན་པོ་ཁོ་ནར་རང་སྐྱེ་བར་འགྱུར་ཏེ། དེ་ཡང་མི་རྟོག་པས་རང་རྣལ་དུ་འཇུག་པས་སྤྲོས་པ་མེད་པའི་ཤེས་པའོ། །རང་བཞིན་ལས་ཞེས་པ་ནི་བདེ་བ་ཆེན་པོ་གཉུག་མ་ལས་སོ། །ལས་ཞེས་པ ་ནི་ཐམས་ཅད་ཀྱི་འབྱུང་ཁུངས་སྦྱར་བ་འམ། ཡང་ན་ལས་ཞེས་འགེར་བྱེད་ཀྱི་ལྔ་པར་སྦྱར་ཏེ། སྤྲོས་པ་མེད་པས་ཐམས་ཅད་བཀག་ནས་སྣང་བའི་ཡེ་ཤེས་ཆེན་པོ་ཉིད་ཡང་དག་གནས་ཞེས་པ་ནི་གཉིས་མེད་འོད་གསལ་བའི་བདག་ཉིད་དོ། །སྔགས་དང་ལྷ་ནི་ཉེ་བར་མཚོན་པའི་འབྲས་བུའོ། །སྔགས་ནི་དེ་ཉིད ་ཡིད་ཅན་ཐམས་ཅད་སྐྱོབ་པར་བྱེད་པས་ན་སྔགས་སོ། །སྣང་བ་ཐམས་ཅད་རྒྱས་འདེབས་པར་བྱེད་པས་ན་ཕྱག་རྒྱའོ། །རྣམ་པར་རྟོག་པ་ཐམས་ཅད་སྲེག་པར་བྱེད་པས་སྦྱིན་སྲེག་གོ་།ཁ་དོག་སྣ་ཚོགས་པར་སྣང་བས་ན་རྟེན་གྱི་དཀྱིལ་འཁོར་རོ། །དེ་ནས་ཕུན་སུམ་ཚོགས་པའི་བདག་ཉིད་གདོད ་མ་ནས་གྲུབ་པའི་ཕྱིར་ལྷན་ཅིག་སྐྱེས་པའོ། །ད་ནི་འབྲས་བུ་ཕུན་སུམ་ཚོགས་པ་དེ་བཤད་པའི་ཕྱིར་རྣམ་སྣང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཡང་བདེ་བའི་ཡེ་ཤེས་དེ་ཉིད་འོད་ཟེར་ཐར་ཐུག་པ་མེད་པར་ཁྱབ་པས་རྣམ་སྣང་ངོ། །མི་བསྐྱོད་ཅེས་པ་ནི་མི་མཐུན་པས་སོ། ་དོན་ཡོད་གྲུབ་ཅེས་པ་ནི་སངས་རྒྱས་ཀུན་གྱི་ལས་སོ། །རིན་ཆེན་ཞེས་པ་ནི་རྟོག་པ་དཀོན་པས་སོ། །དཔག་མེད་ཅེས་པ་ནི་བདེ་ཆེན་གྱི་ཆེ་བའོ། །སེམས་དཔའ་ཞེས་པ་ནི་རྡོ་རྗེ་སེམས་དཔའ་སྟེ། །མཆོག་ཏུ་བདེ་བ་ཉིད་དོ། །དེ་དག་ནི་འཇིག་རྟེན་ལས་འདས་པའི་ལྷ་ཡིན་ན། འཇིག ་རྟེན་པའི་འབྲས་བུ་ཕུན་སུམ་ཚོགས་པ་མེད་དམ་ཞེ་ན། དེའི་ཕྱིར་ཚངས་པ་ལ་སོགས་པ་བསྟན་ནོ། །དེ་བཤད་པ་ཡང་ཚིག་གསུམ་གྱིས་བསྟན་ཏེ། ཡང་བདེ་བ་ཆེན་པོ་དེ་ཉིད་མི་རྟོག་པ་ལ་ཁྱབ་པ་དང། བདེ་བ་དང་གསལ་བར་བསྟན་པའི་ཕྱིར། ཐམས་ཅད་སངས ་རྒྱས་དེ་ཉིད་བརྗོད་ཅེས་པའོ། །ཐམས་ཅད་ཅེས་པ་ནི་བཤད་པའི་སྐབས་སུ་ཐམས་ཅད་ཀུན་གྱི་བདག་ཉིད་གནས་ཞེས་པ་ནི། མི་རྟོག་པས་ཁྱབ་པའོ། །དེ་ཉིད་བརྗོད་ཅེས་པ་ནི་བཤད་པའི་སྐབས་སུ་དམ་པའི་བདེ་བས་དེ་ཉིད་ཅེས་པ་སྟེ། བདེ་བ་རོ་གཅིག་ཏུ ་བསྡུས་པའོ། །སངས་རྒྱས་ཞེས་པ་ནི་བཤད་པའི་སྐབས་སུ་བདེ་བ་རྟོག་ཕྱིར་རྣམ་སངས་རྒྱས་ཞེས་པ་སྟེ། གཉིས་མེད་རང་རིག་འོད་གསལ་བའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་དེ་ལ་ལྷ་ཞེས་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཞེས ་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡང་ཧ་ནི་ལུས་སོ་བྷ་ག་ནི་འབྱུང་བ་སྟེ་དེའི་ལུས་ལས་འབྱུང་བས་ལྷའོ་དེ་ཡང་ལྷན་ཅིག་སྐྱེས་པའི་དོན་ཡིན་ཏེ་ཚངས་པ་ལ་སོགས་པ་ནི་ཀུན་རྫོབ་ལྷན་ཅིག་སྐྱེས་པས་བསྡུས། རྣམ་སྣང་ལ་སོགས་པ་དོན་དམ་ལྷན་ཅིག་སྐྱེས་པས་བསྡུས་པ་ཚེགས་ཀྱི་དོན ་ནོ། །ཡང་ན་ཕུན་སུམ་ཚོགས་པའི་བྷ་ག་བཱན་ཇི་ལྟ་བུ་ཞེ་ན། བུདྡྷ་ད་དི་ལ་ཞེས་པ་སྟེ། གོང་གི་འོད་གསལ་བའོ། །བྷ་ག་བཱན་ཞེས་པ་བྷ་བཱན་ཛི་པ་སྟེ་རྟོག་པ་ལ་སོགས་པ་རང་ཤུགས་ཀྱིས་འཇོམས་པས་གང་ལ་ཡོད་པ་དེ་ལ་བཅོམ་ལྡན་འདས་ཞེས་བྱའོ། །ཡང་བྷ་ག་ནི་སྐལ་པ་དེ་དབང་ཕྱུག་ལ་སོགས་པའོ།། ་དེས་ན་ཚིགས་སུ་བཅད་པ་ཕྱེ་དང་གཉིས་ཀྱི་བསྟན་ཏོ། །འོན་ཏེ་ཆོས་ཐམས་ཅད་ལ་ལྟ་བ་ཤེས་རབ་དང་ཐབས་དབྱེར་མེད་དུ་གཏན་ལ་དབབ་པ་དང། སྒོམ་པའི་ཉམས་དང་སྐྱེས་པའི་དེ་ཁོ་ན་ཉིད་དེ་ལྟ་བུ་ཡིན་ན་རྟེན་ལས་ཀྱི་ཕྱག་རྒྱ་མ་དང་སྲིང་མོ་ལ་སོགས་པའི་དེ་ཁོ་ན་ཉིད་ཇི་ལྟ་བུ་ཞེ་ན་དེ་རྣམས ་ཐབས་དང་ཤེས་རབ་དབྱེར་མེད་དུ་ཤེས་པར་བྱའི་ཕྱིར། གང་གིས་ཕྱིར་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །ཤེས་རབ་ཅེས་བརྗོད་པར་བྱ་བ་ཞེས་པ་ནི་ཤེས་རབ་ཀྱི་དེ་ཁོ་ན་ཉིད་སྟོང་པ་ཉིད་དོ། །གང་ཕྱིར་སྐྱེ་འགྲོ་སྐྱེད་པ་ཞེས་པ་ནི་སྟོང་པ་ཉིད་ཀྱི་མཚན་མ་ཅིར་སྣང་ཡང། མི་འགོག་པར་ཡུམ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ། །ཤེས་རབ་སྲིང་མོ་ཞེས་བྱ་བ་ཉིད་ཅེས་བྱ་བའི་ནི། བྷ་ག་བཱན་ནི་དེ་སྐལ་བ་དང་ལྡན་པའོ། །དེའི་ཕྱིར་གང་གི་ཕྱིར་སྐལ་བ་སྟོན་ཞེས་པ་སྟེ། སྐལ་བ་ནི་ཐབས་ཏེ་ཤེས་རབ་སྟོང་ཉིད་དང་བཅས་པའི་ཕྱིར་རོ། །དེ་བཞིན་དུ་བཙོ་བླག་མ་བུ་མོ་དང་གར་མ་ལ་ཡང ་ཐབས་དང་ཤེས་རབ་གོ་རིམས་བཞིན་ནོ། །གཡུང་མོ་ཡང་ཐབས་སུ་བསྟན་པ་སྟེ། དེ་བཞིན་དུ་གདོལ་པ་མོ་དང། བྲམ་ཟེ་མོ་ལ་ཡང་ཐབས་སུ་ཤེས་པ་ཤུགས་ཀྱིས་བསྟན་ནོ། །དེ་དག་ནི་ལྟ་བ་དང་བསྒོམ་པ་དེ་ཤེས་བྱའི་དོན་ཁོ་ན་ཉིད་དོ། །སྒོམ་གསུམ་ནུས་པ་ཅན་དུ་བྱེད་པ ་སྒྲུབ་པ་པོ་དེ་ཁོ་ན་ཉིད་ནི། ཨཱ་ལི་ཀཱ་ལི་ལ་སོགས་པའོ། །དེ་ཡང་ཨཱ་ལི་ཀཱ་ལི་རབ་བརྟགས་པས་ཞེས་པ་ནི་བརྗོད་པ་ནི་ཐམས་ཅད་རླུང་ལ་རག་ལས་པ་སྟེ་གཡོན་དང་གཡས་ནས་རྒྱུ་བའོ། །བརྗོད་པ་ཐམས་ཅད་བཟླས་པར་བཤད་ཅེས་པ་ནི་རླུང་ལས་གྲུབ་པ་འམ། ཡང་ན་ཨཱ་ལི་ཀཱ་ལི ་སྟེ། དབྱིངས་དང་གསལ་བྱེད་ཀྱི་ཡི་གེ་ལས་གྲུབ་པའི་ཕྱིར་བཟླས་པ་རླུང་འབྱུང་བ་དང་འཇུག་པ་ཨོཾ་ཧཾ་ཟློས་པ་འམ། ཡང་ན་རང་གི་ལྷན་ཅིག་སྐྱེས་པའི་ཉམས་ཀྱིས་རྣམ་དག་སྔགས་ཀྱིས་གླུ་ལེན་ཅེས་བྱའོ། །རྐང་པའི་རྗེས་ནི་རྒྱ་བྲིས་པ་ལྟ་བུར་བྱུང་བ་སྟེ་དཀྱིལ་འཁོར་ཡིན་ཞེས་པ་ནི་གཟུགས ་བརྙན་དུ་སྣང་བའི་ཕྱིར་རོ། །དེས་ན་རང་གི་ཉིད་ཕྱིར་དཀྱིལ་འཁོར་བརྗོད་པར་བྱ་ཞེས་པའོ། །དཀྱིལ་འཁོར་ནི་མཎྜལ་བྲིས་པས་ན་དཀྱིལ་འཁོར། མ་ཌ་ན་ཉེད་པས་སམ་བྲིས་པས་ཞེས་སྒྲ་མཐུན་པ་དང། ཡང་ཡེ་ཤེས་དེ་ཉིད་རྟེན་དང་བརྟེན་པ་སྟེ་བརྟག་པར་ཕྱེ་མར་འཆད་དོ། །ལག ་པ་བསྒྱུར་བ་ཞེས་པ་ནི་གར་ལ་སོགས་པའོ། །ཕྱག་རྒྱ་ཡིན་ཞེས་པ་ནི་བདེ་བའི་བརྟགས་ཡིན་པས་སོ། །སོར་མོ་ཉེད་པ་ཡང་དེ་བཞིན་ནོ་ཞེས་པ་ནི་དེ་ཁོ་ན་ཉིད་ཀྱི་མཚན་མ་དང་རྟགས་སོ། །གང་སེམས་དཔའ་བསམ་གཏན་དུ་བསྟན་པ་ཡང་ཚིག་གཉིས་ཏེ། དེའི་རྒྱུ་མཚན ་ཡང་ཇི་ལྟར་ཞེས་པ་ཚིགས་སུ་བཅད་པ་གཅིག་གིས་སོ། །ཇི་ལྟར་ཕ་ལས་དེ་ཐོབ་པ་ཞེས་པ་ནི་སློབ་དཔོན་ལ་ལ་དག་བླ་མ་དང་རྡོ་རྗེ་འཛིན་པ་ལ་འདོད་དོ། །དེར་ནི་འདིར་མཐུན་པ་མ་ཡིན་ནོ། །དཔེར་ན་ཕ་ལས་ཐོབ་པ་ནི་རང་གི་ནོར་ཏེ། གཞན་ལྷག་མ་ནི་འཚོལ་བའི ་དོན་ནོ། །དེའི་བདེ་བ་རང་གི་བཟའ་ཞེས་པ་ནི་བོ་ཀྱི་ནི་བཟའ་བ་འམ་ལོངས་སྤྱོད་པའོ། །དེས་ན་ལྷན་ཅིག་སྐྱེས་པ་ལ་ལོངས་སྤྱོད་པས་དེའི་བདེ་བ་བསམ་གཏན་བརྗོད་ཅེས་པའོ། །བདེ་བ་གང་ཕྱིར་འཆི་བ་འདིར་ཞེས་པ་ནི་སློབ་དཔོན་ལ་ལ་དག་འཆི་བའི་ཆོས་སུ་འདོད་པ་དང ་ལ་ལ་དག་སྤྱོད་ལམ་དུ་འདོད་དེ། དེ་དག་འདིར་མཐུན་པ་མ་ཡིན་ནོ། །ཇི་ལྟ་བུ་ཞེ་ན། དེ་ཡང་འཆི་བ་སྡུག་བསྔལ་གཙོ་བོ་སྟེ། དེ་བསམ་གཏན་དུ་ཇི་ལྟར་འགྱུར་ཞེ་ན། བདེན་ཏེ་འོན་ཀྱང་བཟའ་བ་ལོངས་སྤྱོད་ཀྱི་སྐབས་སུ་རང་གི་བདེ་བ་ལས་ལྷག་པ་མི་འཚོལ་ཞིང། འཆི་བའི་ཚེ་ཡང་རང་གི་བདེ་བ ་དང། མི་འབྲེལ་བ་དེ་ལྷན་ཅིག་སྐྱེས་པའི་ཕྱིར་རོ། །དེས་ན་རྒྱུན་དུ་རྩེ་གཅིག་པས་བསམ་གཏན་ཀྱང་བསམ་གཏན་ཁོ་ནའོ། །སྤྱིར་སྔགས་ཀྱི་ལུགས་ཀྱིས་ཚེ་འདི་ལ་འབྲས་བུ་ཐོབ་པ་དང། བར་དོ་ལ་འབྲས་བུ་ཐོབས་པའོ། ཚེ་འདི་ལ་ཐོབ་པ་ལ་གཉིས་རྣམ་སྨིན་འབོར་བ་དང་མི་འབོར་བའོ། །དེ་ལ་སྐྱེད་རིམས ་གཙོ་བོར་བསྒོམ་པས་མཁའ་སྤྱོད་སྒྲུབ་ལ་དེ་ནས་ཕྱག་རྒྱ་ཆེན་པོ་སྒྲུབ་པ་སྟེ། བུདྡྷའོ། རྫོགས་རིམ་ལུས་འཇའ་ཚོན་ལྟར་སྒྱུར། སེམས་ཕྱག་རྒྱ་ཆེན་པོར་འགྱུར་ཏེ་ཐལ་བྱུང་དུ་སངས་རྒྱས་སོ། རྣམ་སྨིན་འདོར་བ་ནི་ལུས་ལྷར་གསལ་ཙམ་ལས་མེད་ཀྱང་སེམས་ཕྱག་རྒྱ་ཆེན་པོར་སྦྱོར ་ཏེ་སྤྱོད་པས་མཐར་ཕྱིན་ནས། འཆི་བའི་སྤྱོད་ལམ་དུ་ཤེས་པས་འགྲོ་ཞིང་འཚང་རྒྱའོ། དེ་ལྟར་མ་ནུས་ན་བར་དོའི་གདམས་ངག་གིས་སངས་རྒྱས་ཏེ། དེ་རྩ་བའི་རྒྱུད་ལྟར་བྱ་བ་དང། བཤད་པའི་རྒྱུད་སམྦུ་ཊ་ལྟར་གོང་དུ་འཕོ་བ་དང་གྲོང་དུ་འཇུག་པ་ལ་སོགས་པའི་གཞན་དང་བླ་མའི་ཞལ ་ལས་ཤེས་པར་བྱའོ། །དེ་ལྟར་མ་ནུས་ན་སྨོན་ལམ་བཏབ་ལ་སྐྱེ་བ་གཞན་ལ་འཁོར་ལོས་སྒྱུར་བ་ལ་སོགས་པར་སྐྱེ་སྟེ་སྐྱེ་བ་བདུན་ཚུན་ཆད་ཀྱི་འགྲུབ་ཅེས་བྱའོ། ལེའུ་སྔ་མ་བཞིན་ཏེ་ཡས་བགྲངས་པའི་ལྔ་པའོ། །དེ་ནས་ཡང་དག་བཤད་པར་བྱ་ཞེས་པ་ནི་ལྟ་བ་དང་སྒོམ་པའི ་རྗེས་སུ་འབྲས་བུ་སྤྱོད་པས་མཐར་ཕྱིན་པ་བཤད་པའོ། །དེ་ཡང་སྤྱོད་པ་ནི་ཙརྱ་སྟེ་ཙ་ར་ནི་རྒྱུ་བའོ། །ཡ་ཡོ་གི་ནི་རྣལ་འབྱོར་མ་སྦྱོར་བ་འམ། དེས་ཅིར་འགྱུར་ཞེ་ན། གནས་དག་ཏུ་རྒྱུ་ཞིང་སྦྱོར་བའོ། རྣལ་འབྱོར་གྱིས་རྣམ་པར་རྒྱུ་བའོ། །སྤྱོད་པ་འདི་ཡང་བསྐྱེད་པའི་རིམ ་པས་བརྟག་པ་ཕྱི་མར་སྟོན་ལ། འདི་རྫོགས་པའི་རིམ་པ་སྟེ་དེ་ཡང་བཞན་ལུས་ཤེས་རབ་ལ་བརྟེན་པ་གསང་བའི་སྤྱོད་པ་དང། རང་ལུས་ཐབས་ལ་བརྟེན་པ་ཅུང་ཟད་སྨྱོན་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དང། ཕྱག་རྒྱ་ཆེན་པོ་ལ་བརྟེན་པ་སྨྱོན་པའི་བརྟུལ་ཞུགས་མཆོག་ཏུ་གསང ་བའི་སྤྱོད་པའོ། །དེ་དག་གིས་དགོས་པ་ནི་སྤྱོད་མཆོག་ཕ་རོལ་ཕྱིན་པ་སྟེ། ཕ་རོལ་ཕྱིན་པའི་ཐུན་མོང་ངོ། མཆོག་ནི་ཐུན་མོང་མ་ཡིན་པ་སྟེ། དེ་ན་དངོས་གྲུབ་མཐར་འགྲོ་བ་སྟེ། ཕ་རོལ་ཏུ་ཕྱིན་པ་ལས་གྲུབ་པའི་མཛའ་སྟེ། སྣང་བ་སྟོང་པ་དབྱེར་མེད་པར་རྟོག་པའོ། དགྱེས་པའི ་རྡོ་རྗེའི་དངོས་གྲུབ་ཀྱི་རྒྱུར་རོ། །གྲུབ་པའི་མཐར་འགྲོ་བའི་ཕ་རོལ་ཏུ་ཕྱིན་པ་དང་བསྐྱེད་པའི་རིམ་པ་ལས་སོ་ཞེས་ཐུན་མོང་མ་ཡིན་ཞེ་ན། དགྱེས་པའི་རྡོ་རྗེའི་དངོས་གྲུབ་ཀྱི་རྒྱུས་ཏེ། མཆོག་གི་དངོས་གྲུབ་མཐར་ཐུག་པ་ཐོབ་པའོ། དེ་ནི་གསང་བ་ལ་སོགས་པའི་ཐུན་མོང་ངོ ་སྒོམ་པ་པོ་ལ་སོགས་པ་ཚིགས་བཅད་གཉིས་དང། ཚིག་རྐང་པ་གཅིག་གིས་གསང་བའི་སྤྱོད་པའི་ཆ་ལུགས་ཙམ་སྟེ། རུས་པའི་རྒྱན་ཆ་རྣམས་ཀྱིས་བཟང་བའོ། དེའི་དགོས་པ་དང་རྣམ་པར་དག་པ་ནི་གོ་སླའོ། ཧེ་རུ་ཀ་སྦྱོར་སྐྱེས་བུ་ཉིད་ནི་རྫོགས་པའི་རིམ་པའི་ཉམས་ཀྱིས་སྤྱོད་པ་བྱེད་ཀྱང་བསྐྱེད་པའི་རིམ་པ་ཉུང་ལྡན ་ཀྱི་ང་རྒྱལ་གྱིས་གནས་པ་སྟེ། དེའི་ཡོན་ཏན་ནི་རིགས་ལྔ་དག་གིས་ལ་སོགས་པ་སྟེ་གོ་སླའོ། དེ་ཡང་གསང་བ་ལ་སོགས་པའི་ཐུན་མོང་ཤིང་གཅིག་ལ་སོགས་པ་སྟེ། ཤིང་གཅིག་ནི་ཤིང་གཞན་གྱི་གྲིབ་མས་མ་ཕོག་པའོ། དུར་ཁྲོད་ནི་རོ་མང་པོ་གནས་པའོ། མ་མོའི་ཁྱིམ་ནི་འཇིག་རྟེན་གྲགས་པ་མ་མོ་བདུན? ་གྱིས་གནས་སོ། །མཚན་མོ་ནི་དུས་མཚན་མ་རྒྱུ་བའི་གནས་སོ། །དབེན་པ་ནི་སྐྱེ་བོ་ཉུང་བའོ། བས་མཛའ་ནི་དགོན་པའི་ཚད་དེ། རྒྱང་གྲགས་གཅིག་གམ་མཚོའི་ཀློང་ངམ་གྲིབ་གཡོགས་ཀྱིས་ཆོད་པའོ། །དེ་ནི་ཕྱེ་སྟེ་བསྐྱེད་པའི་རིམ་པ་དང་ཐུན་མོང་ངོ། །འདིར་བསྐྱེད་པའི་རིམ་པ་ལ་བརྟེན་ནས་གནས ་དང་སྤྱོད་པ་སྟོན་པ་ཡིན་ན་ཕྱག་རྒྱ་མོ་དང་རྩ་རླུང་དང་རྫོགས་རིམ་ལ་འབྲེལ་པ་ཡོད་དོ་ཞེ་ན། དེ་བདེན་དེ་སྔར་ནི་མ་སྨིན་པའི་དབང་དུ་བྱས་ལ་དེ་ཡང་གང་གིས་དངོས་གྲུབ་མཐར་འགྲོ་བ་ནས་ཚིག་རྐང་གསུམ་བརྗོད་པ་དང། ཧེ་རུ་ཀ་སྦྱོར་ནས་ཁ་དོག་ལྔ་ལ་རྣམ་པ ་གནས་ཞེས་ཟེར་བས་སོ། །འདིར་ནི་དཔེར་ན་ཨ་མྲའི་འབྲས་བུ་དང་འདྲ་སྟེ་ཕྱི་ནང་གཉིས་ཀ་མ་སྨིན་པའི་ཛོ་གི་ལ་ཐབས་གཙོ་བོར་བྱས་ཏེ། ལས་ཀྱི་ཕྱག་རྒྱ་ལ་བསྟེན་པ་དང། ཕྱི་སྨིན་ཅིང་ནང་མ་སྨིན་པའི་ཛོ་གི་ལ་ཐབས་ཤེས་རབ་ཟུང་འབྲེལ་གྱི་སྒོ་ནས་རྩ་རླུང་ལ ་བརྟེན་པ་དང་ཕྱི་ནང་གཉིས་ཀ་སྨིན་པའི་རྣལ་འབྱོར་པ་ལ་ཤེས་རབ་གཙོ་བོར་བྱས་ཏེ། ནམ་མཁའ་ལམ་ཁྱེར་ཏེ་མན་ངག་ལ་བརྟེན་པའོ། དེ་ཡང་འོག་ནས་ཆོས་འབྱུང་ལས་སྐྱེས་ཡེ་ཤེས་ནི་ནམ་མཁའ་མཉམ་ལྷན་ཅིག་ཐབས་དང་བཅས་ཞེས་པ་དང ་གང་ཕྱིར་ཡིད་ཀྱིས་མི་བསྒོམ་པར། །འགྲོ་བ་ཐམས་ཅད་བསྒོམ་པར་ཞེས་དང། གཞན་གྱིས་བརྗོད་མེད་ལྷན་ཅིག་སྐྱེས་པ་ནས་བླ་མའི་དུས་ཐབས་ཞེས་པའོ། །དེས་ན་འབྲེལ་པ་ཡོད་པའོ། །ལུས་ཤེས་རབ་ལ་བརྟེན་པ་ལས་ཀྱི་ཕྱག་རྒྱའི་ཁྱད ་པར་ལ་སྟེ། ཤིང་གཅིག་ནི་གཏུམ་མོའོ། །དུར་ཁྲོད་ནི་གཡུང་མོའོ། །མ་མོའི་ཁྱིམ་ནི་གར་མའོ། །མཚན་མོ་ནི་ཚོས་མའོ། །དབེན་པ་དང་བས་མཛའ་ནི་བྲམ་ཟེ་མའོ། །དེ་དག་ཅིའི་ཕྱིར་ཞེ་ན། རྣམ་པར་རྟོག་པ་འཇོམས་པ་ལ་དཔའ་བ་དང་སྨེ་ཞིང་རིག ་ཏུ་མི་རུང་བ་དང་མང་པོ་དག་ཏུ་འགྱུར་ཞིང་སྤྱོད་པ་དང། ཐ་མལ་བའི་རྣམ་པ་སྒྱུར་བ་དང། ཉོན་མོངས་པ་དང་རྣམ་པར་རྟོག་པའི་སྐྱོན་དང་བྲལ་བའི་ཕྱིར་རོ། །རང་ལུས་ཐབས་ལ་བརྟེན་པ་ནི་ཤིང་གཅིག་ཨ་བ་དྷཱུ་ཏཱིའོ། །དུར་ཁྲོད་ནི་བྱ་རོག་གི་གདོད་ཅན་ནོ། །མ་མོའི་ཁྱིམ ་ནི་རྩ་གཞན་དག་གོ་།དུས་མཚན་མ་ནི་འཁོར་ལོ་གསུམ་མོ། །དབེན་པ་འམ་བས་མཛའ་ནི་བདེ་བ་ཆེན་པོའི་འཁོར་ལོའོ། །དེ་དག་ཅིའི་ཕྱིར་ཞེ་ན། དེ་ཉིད་དུ་འདུ་ཞིང་དེ་ལས་བྱུང་བ་དང་རང་གིས་བསྐུལ་བ་གཡོ་བ་དང་བྲལ་བ་དང་དེ་དག་ཏུ་བྱང་ཆུབ་སེམས་འཆར་བ་དང་གནས་གསུམ ་དུ་ངལ་སོ་ཞིང་ནུབ་པ་དང་ཆགས་པ་དང་ཆགས་བྲལ་ཀྱི་སྐྱོན་དང་བྲལ་བའི་ཕྱིར་རོ། །གཉིས་སུ་མེད་པ་ཕྱག་རྒྱ་ཆེན་པོ་ནི་ཤིང་གཅིག་ནི་ཤེས་རབ་ལྷ་མོ་བླ་ན་མེད་པའོ། །དུར་ཁྲོད་ནི་ལུས་སོ། །མ་མོའི་ཁྱིམ་ནི་དབང་པོ་ལྔའི་གྲོང་ཁྱེར་རོ། །མཚན་མོ་ནི་ཡིད་དོ། །དབེན་པ་འམ། ་བས་མཛའ་?དེ་དག་གིས་ཐབས་སོ། །དེ་དག་ཅིའི་ཕྱིར་ཞེ་ན། ཀུན་ཕྱག་རྒྱ་ཆེན་པོ་ལས་སྐྱེས་པ་དང། འདི་དག་གི་ཁོང་ན་མི་གསལ་གཟུགས་སུ་གནས་པ་དང། འདི་དང་མ་བྲལ་བ་བཞིན་དུ་རྗེས་སུ་འབྲང་བ་དང་སྤྱིའི་རྣམ་པ་མི་གསལ་བར་འབའ་ཞིག་ལ་དམིགས་པ ་དང་ཡིད་དང་བས་དབང་པོ་དང་ལ་དེས་ཡེ་ཤེས་རང་འབར་བའི་ཕྱིར་རོ། །བསྒོམ་པ་བཟང་བར་བརྗོད་པར་བྱ་ཞེས་པ་ནི་དེ་ལྟ་བུ་དག་གིས་ནི་ལྷན་ཅིག་སྐྱེས་པའི་དོན་མི་བཟའ་བར་སྐྱེ་བའི་ཕྱིར་རོ། །དེ་ཡང་བསྐྱེད་རིམ་དང་ཐུན་མོང་དུ་ཤིང་གཅིག་ལ་སོགས་པའི་ཕྱི་རོལ་གྱི་གནས་སུ་བཤད་པའི་ཚེ ་གསང་བའི་སྤྱོད་པའི་ཐུན་མོང་མ་ཡིན་པ་ལ་བཤད་ཚུལ་སོ་སོར་སྦྱར་བ་ཐུན་མོང་དག་ཏུ་ཡང་གནས་སོ། །འདི་རྣམས་ཀྱི་ཆོ་ག་ཁ་བསྐང་བ་ནི་སྔ་མ་དང་འདྲའོ། །ད་ནི་དུས་བསྟན་པའི་ཕྱིར། ཅུང་ཟད་དྲོད་ནི་ཐོད་པ་ན་ཞེས་པ་ནི། དེ་ཡང་ཕྱག་རྒྱ་ཆེན་པོའི་མན་ངག་ཉམས་སུ་ལེན་པས་ནི། གསང ་པའི་སྤྱོད་པའི་དྲོད་དོ། །དབང་པོ་རང་སྣང་གི་མན་ངག་གི་ཅུང་ཟད་སྨྱོན་པའི་དྲོད་དོ། །སྤྱོད་ལམ་དང་བསེ་བའི་མན་ངག་ནི་ཕྱི་རོལ་གྱི་དངོས་པོས་མི་འགྱུར་བ་ནི་སྨྱོན་པའི་བརྟུལ་ཞུགས་ཆེན་པོའི་དྲོད་དོ། །དེ་དག་ནི་ནུས་པའི་ཚད་ཀྱི་དུས་ཡིན་ལ། ད་ནི་རྒྱུ་མཚན་གྱི་དུས་བསྟན་པའི་ཕྱིར། གང་ཚེ་སྤྱོད་པ་བྱེད་འདོད་ན་ཞེས ་པ་སྟེ། གཞན་གྱི་དོན་དུའོ། །གང་ཚེ་འགྲུབ་འགྱུར་འདོད་ཡོད་ན་ཞེས་པ་ནི་རང་གི་དོན་དུའོ། །གང་འགྲུབ་འགྱུར་འདིས་ནི་སྤྱོད་པ་སྦྱད་པ་ཉིད་ཅེས་པ་ནི་དེ་གསུམ་གྱི་ཚེ་སྤྱོད་པ་བྱ་བ་ཁོ་ནའོ། །དེ་ནི་གསང་བ་ལ་སོགས་པའི་ཐུན་མོང་ངོ། །ཤིན་ཏུ་བཞིན་བཟང་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་དྲོད ་བསྟན་ཏོ། །གསང་བའི་སྤྱོད་པ་ཐུན་མོང་མ་ཡིན་པའོ། །ཤིང་གཅིག་པ་ལ་སོགས་པ་ཡང་གྲོགས་བསྟེན་པ་ལ་མི་འགལ་ལམ་ཞེ་ན། མ་ཡིན་ཏེ་དེ་ནི་བཤད་པའི་ཚུལ་སྦྱར་བ་ཡིན་ལ། འདིར་ནི་དངོས་སུ་བསྟན་པའི་ཕྱིར་རོ། །གང་ཚེ་དགའ་བ་ལ་སོགས་པ་ནི་གླུ་དང་གར་ལ་སོགས་པ་ནི་སྦྱོར ་བའི་ངོ་བོས་བསྟན་ཏེ་གོ་སླའོ། །དེ་ལ་ཕྱག་རྒྱའི་རྣམ་དག་དང་བཟའ་བཏུང་གི་ཡོན་ཏན་ནི་རང་དང་འབྲེལ་པར་ཤེས་པར་བྱའོ། །ད་ནི་ཅུང་ཟད་སྨྱོན་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་བསྟན་པའི་ཕྱིར། རྐུན་མའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིའི་ཆ་བྱད་གཞན་ནི་སྨད་གཡོགས ་ཁ་དོག་སྣ་ཚོགས་དང་ཞེས་པ་ལ་སོགས་བརྟག་པ་ཕྱི་མར་བསྟན། འདི་ནི་ཚིགས་སུ་བཅད་པ་ཕྱེ་དང་གསུམ་གྱིས་ཆ་བྱད་བསྟན་ཏེ་གོ་སླའོ། །རང་ལུས་ཐབས་དང་ལྡན་པ་དེས་གླུ་དང་གར་གྱི་སྙོམས་པར་འཇུག་པ་དེས་སྦྱོད་པ་མ་ཡིན་ཏེ། དེས་ན་ཅང་ཏེ་སྒྲ་ནི་བླངས་པ་སྟེ། ཞེས་པ་ནི་གླུ་དང་འདྲ ་བའི་སྤྱོད་པའོ། །ཁ་ཊཝཱཾ་ག་བསྒོམ་ཤེས་རབ་ནི་གར་དང་འདྲའོ། །རྡོ་རྗེ་ཐོད་པའི་སྤྱོད་པ་ཡིས་ཞེས་པ་ནི་སྙོམས་པར་འཇུག་པ་ལྟ་བུའོ། །འདི་དག་ཟླས་པ་དང་བསྒོམ་པ་ཡིན་ཞེས་པ་ནི་ཆེ་བའི་བདག་ཉིད་དེ། བཟླས་བསྒོམ་དང་ལྡན་པའི་སྙོམས་འཇུག་གི་སྤྱོད་པའོ། །བརྐམ་དང་རྨོངས་ལ་སོགས་པའི ་ཚིགས་བཅད་གཅིག་གིས་ནི་བསམ་པའི་ཁྱད་པར་ནི་གོ་སླའོ། །སྤྱིར་སྤྱོད་པ་མ་བྱས་པས་སངས་མི་རྒྱ་འམ་ཞེ་ན། མི་རྒྱ་སྟེ་སྤྱོད་པ་བྱེད་པ་ཁོ་ན་སྟེ། དཔེར་ན་མི་འགའ་ཞིག་སྦས་པས་འཇིགས་པ་འམ། འདི་ལ་ཅིའི་ཕྱིར་འཇིགས་གནོད་པའི་རྩལ་ཀྱང་མེད་ན། འབུགས་པའི་མཆུ་ཡང་མེད་ལ། སྤྱོད ་པའི་སོ་ཡང་མེད་པའི་ཕྱིར་འཇིགས་པར་མི་བྱའོ། །ཞེས་བརྗོད་ཀྱང། ད་དུང་དུ་བག་ཚ་བ་དང་ལྡན་ཏེ། དེས་རེག་པ་དང་གནོད་པའི་སྦྱོར་བ་བྱེད་པས། དེས་སྔ་མའི་དོན་དེ་ཁོང་དུ་ཆུད་ནས་འཇིགས་པ་མེད་པ་ཐོབ་བོ། །དེ་བཞིན་དུ་དངོས་པོ་ལ་མངོན་པར་ཞེན་པ་ལྟ་བས་རང་བཞིན་མེད ་པར་རྟོགས། སྒོམ་པས་ཀྱང་དེ་ལྟར་བསྒོམ་ཀྱང་དངོས་པོ་ལ་མངོན་པར་ཞེན་པ་ད་དུང་སྐྱེ་བས། སྤྱོད་པ་བྱ་དགོས་ཏེ་གཙང་བ་དང་མི་གཙང་བ་དང། སྡུག་པ་དང་མི་སྡུག་པ་དང་ཞེ་སྡང་བ་དང་མི་སྡང་བ་དང། བསྟོད་པ་དང་སྨད་པ་ལ་སོགས་པ་དངོས་པོ་ལ་མངོན་པར་ཞེན་པས་སྐྱེ་བས་རོ་མཉམ ་པའི་སྤྱོད་པ་བྱ་དགོས་སོ། །ཡང་སྤྱོད་པ་འདི་གསུམ་མཐར་ཆགས་སུ་བྱ་དགོས་སཾ་མི་དགོས་ཞེ་ན། ལ་ལ་དག་ནི་མཐར་ཆགས་སུ་ཡང་བྱ། ལ་ལ་དག་ནི་ཐོད་རྒལ་དུ་ཡང་སྤྱོད་དེ། སྤྱོད་པ་སྤྱོད་ལམ་དུ་བྱ། སྤྱོད་ལམ་དབང་པོ་རང་སྣང་དུ། དབང་པོ་རང་སྣང་ཕྱག་རྒྱ་ཆེན་པོར་སྦྱར་ལ། དེ་ནས་རྟགས ་གསུམ་པོ་ལས་བར་པ་ལས་བྱེད་པ་ཡང་སྲིད་ཐ་མལ་བྱེད་པ་ཡང་སྲིད་དོ། །བཤད་པའི་རྒྱུད་ནས་ནི་སྤྱོད་པ་བཞི་རུ་བརྟགས་ཏེ། རྒྱལ་ཚབ་ཀྱི་སྤྱོད་པ་དང། རིགས་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དང། ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་དང། ཨ་བ་དྷཱུ་ཏཱི་སྤྱོད་པའོ། །དེ་དག་དང་འདི་དག་ཅི ་རིགས་སུ་གསུང་ཕན་ཚུན་དགོངས་པ་ཤེས་པར་བྱའོ། །ད་ནི་སྨྱོན་པའི་བརྟུལ་ཞུགས་ཀྱི་སྤྱོད་བ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་གསུམ་གསུངས་ཏེ། འདི་རྣམ་པ་གཞན་བསྟན་པའི་ཕྱིར། བརྟག་པ་ཕྱི་མ་ལས་བཟའ་བཏུང་ཇི་ལྟར་རྙེད་པ་ལྟར་བཟའ་ཞེས་པ་ལ་སོགས་པ་བསྟན་ཏོ ་ལུས?་ཀྱི་སྦྱིན་པ་བྱིན་ནས་ནི་ཞེས་པ་ནི་ལུས་དང་སྲོག་ལ་མི་ལྟའོ། །ཕྱི་ནས་སྤྱོད་པ་ཡང་དག་སྤྱད་ཅེས་པ་ནི་དེ་ལྟ་བུ་དང་ལྡན་པའོ། །ལུས་ཀྱི་སྦྱོར་བ་ཇི་ལྟ་བུ་ཞེ་ན་དེ་བསྟན་པའི་ཕྱིར་སྐལ་དང་སྐལ་མེད་རྣམ་དཔྱད་ནས་ཞེས་པ་སྟེ། སྦྱིན་པའི་གནས་ཡིན་པ་དང་མ་ཡིན་པ་སྟེ་སྦྱིན་པ་བྱེད་པ་དང་མི ་བྱེད་པར་རོ། །དེའི་ཕྱིར་སྦྱིན་པ་སྦྱིན་པ་མི་བྱ་ཞེས་པ་ནི་དེ་ལྟར་བརྟགས་ཤིང་དཔྱད་ནས་སྤྱིན་པར་བྱ་བ་མ་ཡིན་པའོ། །སྤྱོད་པ་ནི་གླུ་དང་ལྡན་པའི་སྙོམས་པར་འཇུག་པ་ཙརྱ་པ་ཡིན་ན། འདིར་ཇི་ལྟར་བྱེད་ཅེ་ན། འདིར་ནི་ཕྱག་རྒྱ་ཆེན་པོ་རང་སྣང་བའི་མན་ངག་གླུ་གར་དང་སྙོམས་འཇུག་ཡོངས་སུ་རྫོགས་པ ་དེ། དེ་ཡང་བཟའ་བཅའ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱི་བསྟན་ཏེ། བླ་མ་དམ་པའི་ཞལ་ལས་ཤེས་པར་བྱའོ། །ད་ནི་སྤྱོད་པ་ལ་འཇུག་པའི་ཚུལ་སྤྱིར་ཤེས་པར་བྱའི་ཚུལ། དངོས་གྲུབ་རྙེད་པའི་སློབ་མ་གང་ཤེས་པ་ནི་སློབ་མ་གང་གིས་དངོས་གྲུབ་ཐོབ་པའོ། །ཡང་དེ་དང་ངོ། ཡང་དག་ཡེ་ཤེས་སྣང ་བ་བོ་ཞེས་པ་ནི་དེ་ཉིད་དངོས་གྲུབ་ཡིན་པའོ། །ཡང་ན་དེ་ཡིས་ཀྱང་ངོ། །མནར་མེད་སྤངས་པའི་རྒྱུ་ཡི་ཕྱིར་ཞེས་པ་ནི་ཡོན་ཏན་དེ་ཡིས་མི་བསྐྱོད་པ་སྟེ་བླ་མ་ལས་བྱུང་བ་གཙོ་བོ་ཡིན་པའི་ཕྱིར། འོ་ན་ཇི་ལྟར་བྱ་ཞེ་ན་གོང་མ་ལྟ་བུ་གྲུབ་པས་ཀྱང་བླ་མ་ལ་ཕྱག་བཙལ་བའོ། །ད་ནི་སྤྱོད་པའི་རང་བཞིན་དམ ་ཚིག་དང་སྡོམ་པ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་གཉིས་སྟོན་ཏོ། །དེ་ཡང་གོ་རིམས་བཟློག་ཏེ་བསྟན་པ་དང་བཤད་པར་གནས་པའོ། །དེ་ཡང་ཞབས་ཀྱི་ཚིག་རྐང་གཉིས་དང་དམ་ཚིག་སྡོམ་པ་རྣམ་པར་གྲོལ་ཞེས་པ་ནི་དམ་ཚིག་གི་བྱ་བའི་ཚུལ་ལོ། །སྡོམ་པ་ནི་བསྲུང་བའི་ཚུལ་ནས་སོ། །རྣལ་འབྱོར ་ལྡན་པས་སྤྱོད་པ་བྱེད་ཅེས་པ་ནི་མི་བྱེད་པ་དང། སྤྱོད་པ་གཉིས་ཀ་དོན་གཅིག་སྟེ་མཉམ་པའི་དོན་དང་ལྡན་པས་སོ། །དེ་དག་གི་བཤད་པ་ནི་བསླབ་དང་ཆོ་ག་རྣམ་པར་གྲོལ་ཞེས་བྱ་བ་ལ་སོགས་པ་སྟེ། སྲོག་གཅོད་པ་སྤོང་བ་དང། གོས་གསུམ་རྗེ་བ་དང་ཁྲུས་བཞི་ལ་སོགས་པ་སྡོམ་པ་མི་བྱེད་པ་དང ་སྦྱིན་སྲེག་མཆོད་སྦྱིན་ཞེས་དཀྱིལ་འཁོར་བ་དང་བསམ་གཏན་དང་སྔགས་དང་ཕྱག་རྒྱ་དང་འཕྲིན་ལས་ལ་སོགས་པ་བྱ་བ་ཐམས་ཅད་ཀྱང་མི་བྱེད་དེ། དེ་དག་ཐམས་ཅད་ཀྱང་རོ་མཉམ་པའི་ཕྱིར་གཉིས་ཀ་མཚུངས་སོ། །ད་ནི་སྤྱོད་པའི་རྣམ་པའི་ཚུལ་སྤྱིར་བསྟན་པའི་ཕྱིར་ངེས་པར་སྔོན ་དུ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏེ། གོ་སླའོ། དེ་ཡང་བླ་མ་ཕུལ་ཧ་རི་བའི་ལུགས་ཀྱིས་སྨྱོན་པའི་བརྟུལ་ཞུགས་ཆེན་པོའི་རྣམ་པ་ཡིན་པར་འཆད་དོ། །ད་ནི་སྤྱོད་པའི་རྒྱུ་སྤྱིར་བསྟན་པའི་ཕྱིར་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། རྟག་ཏུ་སྙིང་རྗེ་ཞེས ་པ་སྟེ་གཞན་གྱི་དོན་དུའོ། །བཏུང་བར་བྱ་རྣལ་འབྱོར་བཏུང་དགའ་ཞེས་པ་ནི་བདག་གི་དོན་དུ་སྟེ། དེ་ཡང་སམྦ་ལའི་སྒྲས་རྒྱགས་ཞེས་བྱའོ། །སམ་ནི་མཉམ་པ་འམ་ཡང་དག་པའོ། །བ་ལ་ནི་སྟོབས་ཏེ་བདེ་བའོ། །རྣལ་འབྱོར་བཏུང་གཞན་གྱི་བཞི་བ་མེད་ཅེས་པ་ནི་ལྷན་ཅིག ་སྐྱེས་བའི་དགའ་བའི་རྒྱགས་མ་ཡིན་པས་ཚིམ་པ་མེད་པའི་ཕྱིར་རོ། །སྤྱོད་པ་འོག་མ་གཉིས་ཀ་ལ་གོང་དུ་བསྟན་པའི་དངོས་པོར་བཤད་པ་སྤྱིར་འགྲོ་བ་ནི་གཉིས་ཀ་ལ་སྦྱར་རོ། །སྤྱོད་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཞེས་པ་ནི་རྗེས་ལ་སྟེ་སྤྱོད་པའི་ཡན ་ལག་དུའོ། །བརྡ་ནི་ཙྪོ་མ་སྟེ། སྦས་པའི་དོན་སྟོན་པ་འམ། སམཁི་ཏ་སྟེ་དོན་ཟུར་གྱིས་སྟོན་པས་ན་ལུས་ཀྱི་བརྡའོ། །ངག་གི་སཾ་གཱི་ཏ་འམ། སམཏི་པ་ཤ་སྟེ་དགོས་པའི་སྐད་དམ་ཚིག་གི་བརྡའོ། །མི་ལ་ཙི་ཀླ་ཀློའི་སྐད་དུ་ཞེས་བྱ་སྟེ། འཇིག་རྟེན་པ་ལ་གསང་བའི་དགོངས་པའོ། །དེ ་ཡང་བརྟག་པ་ཕྱི་མ་ལས་སྟོན་ཏེ། ལེའུ་བཤད་པར་བྱའོ། །ཞེས་པ་ནི་སྡུད་པ་པོ་ཁས་ལེན་པ་སྟེ། བརྡ་དང་དེའི་ཡན་ལག་གནས་ལ་སོགས་པ་ཡང་སྟོན་ཏོ། །ད་ནི་བརྡའི་དགོས་པ་བསྟན་པའི་ཕྱིར། གང་གིས་སྤུན་དང་སྲིང་མོར་ཡང་ཞེས་པ་ནི་རྣལ་འབྱོར་པ་དང་མའོ། །ཐེ་ཚོམ ་མེད་པར་ཤེས་པར་བྱ་བ་ཚོགས་ཀྱི་སྤྱོད་པའི་སྐལ་བ་དང་ལྡན་པར་རོ། །ད་ནི་དབང་གི་བརྡ་ཤེས་པར་བྱ་བའི་ཕྱིར་ཅུང་ཟད་གོ་བསྣུར་ཏེ། གཡོན་གྱི་མཐེ་བོང་བཅངས་པ་ལས་ཞེས་པ་ནི་ཕལ་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་གཉིས་ཀས་ཀྱང་ལག་པ་གཡོན་གྱིས་བྱའོ། ། ་མཐེ་བོང་བཅངས་བས་ཕྱག་ཅེས་དྲིས་པ་དང་ཕྱག་རྒྱའི་ལན་དུ་གཡོན་གྱི་མཐེ་བོང་བཅངས་པ་ལས། བསྙུན་གྱི་ཕྱག་རྒྱར་རྣམ་པར་ཤེས་ཞེས་བྱའོ། །གང་གི་སོར་མོ་གཅིག་སྟོན་པ་ཞེས་པ་ནི་སོར་མོ་ཚོགས་པ་གཅིག་པ་སྟེ། བུམ་པའི་དབང་དྲི་བའི་ཕྱག་རྒྱའོ། ། ་གཉིས་ཀྱིས་ལེགས་པར་འོངས་པ་ཡིན་ཞེས་པ་ནི་དེ་ལྟ་མོད་ཀྱི་གསང་བའི་དབང་ལ་ཡང་རེག་པ་ཡིན་ཞེས་པའི་ཕྱག་རྒྱའི་ལན་ནོ། །ཡང་ཅུང་ཟད་གོ་བསྣུར་ཏེ་གང་གི་སྲིན་ལག་སྟོན་པ་ལ་ཞེས་པ་ནི་མཐེ་བོ་དང་བཅས་པ་སྟེ། གསང་བའི་དབང་དྲིས་པའོ། །དེའི ་འདྲེན་པ་རབ་ཏུ་བསྟན་ཞེས་པ་ནི་ལོངས་སྤྱོད་པ་སྟེ། བསང་བའི་དབང་ཐོབ་པའི་ལན་ནོ། །གང་ཞིག་སྲིན་ལག་སྟེར་བ་ལ་ཞེས་པ་ནི་ཤེས་རབ་ཡེ་ཤེས་དྲིས་པའོ། །སོར་མོ་གསུམ་པས། དབང་གསུམ་བརྡ་ཡིས་བསྟན་པའོ། །དེའི་མཐེའུ་ཆུང་རྣམ་པར་སྦྱིན་ཞེས ་པ་ནི་དེ་ལྟ་མོད་ཀྱི་བཞི་པ་ལ་རེག་གོ་ཞེས་བྱ་བའི་དོན་ནོ། །གང་གི་གུང་མོ་སྟོན་པ་ལ་ཞེས་པ་ནི་བཞི་པའི་དོན་དབུ་མ་བྲིས་པའོ། །དེའི་མཛུབ་མོ་རྣམ་པར་སྦྱིན་ཞེས་པ་ཚིག་དབང་རིན་པོ་ཆེ་ཉེ་བར་གྲོལ་ལོ་ཞེས་པའི་ལན་ནོ། །ད་ནི་རྩའི་མན་ངག་བསྟན་པའི་ཕྱིར ་གང་གི་སོ་ནི་སྟོན་པ་ལ་ཞེས་པ་ནི་བདེ་བ་ཆེན་པོའི་འཁོར་ལོའི་རྩའི་དབྱིབས་བ་ཏི་ས་ཏེ། ཐོད་ལྟ་བུར་གནས་པ་དྲིས་པའོ། །དེ་ཡིས་རྩེ་གསུམ་རྣམ་པར་བསྟན་ཞེས་པ་ནི་དེ་ཡང་རྩ་གསུམ་ལས་གྱུར་བ་དང་རྩ་གསུམ་ལས་འབབས་པའི་ལན་ནོ། །རྩ་ལ ་བརྟེན་པའི་བྱང་ཆུབ་སེམས་ཇི་ལྟ་བུ་ཞེས་པ་ནི་ཀུན་རྫོབ་ལྷན་ཅིག་སྐྱེས་པའི་མན་ངག་བསྟན་པའི་ཕྱིར། གང་ཞིག་ནུ་མ་སྟོན་པ་ལ་ཞེས་པ་ནི་ཀུན་ད་ལྟ་བུ་གང་ན་གནས་ཞེས་དྲིས་པ་ལ། དེའི་མཚམས་ནི་རབ་ཏུ་བསྟན་ཞེས་པ་སྟེ། མཚམས་ནི་སིམ ་སྟེ་སིར་ཞེས་པས་འཚོགས་མ་ན་གནས་ཞེས་པའི་དོན་ཏོ། །གང་ཞིག་ས་ནི་སྟོན་པ་ལ་ཞེས་པ་ནི་ཀུན་ད་སྐྱེས་པའི་ཤེས་རབ་མ་དྲིས་པའོ། །དེ་ཡི་ཁ་ནི་རབ་ཏུ་བསྟན་ཞེས་པ་ནི་ཉེ་བར་ལོངས་སྤྱོད་ཅེས་པའོ། །གླེགས་བམ་ལ་ལར་འཁོར་ལོ་བསྟན་པ་ནི་ཤེས་རབ ་མ་ལ་སྤྱི་བོས་བཏུད་པའོ། །གང་གིས་ཁྲོ་གཉེར་བསྟན་པ་ལ་ཞེས་པ་ནི་འདོད་ཆགས་ཀྱིས་འཆིང་བར་མི་འགྱུར་རམ་ཞེ་ན་དྲིས་པའོ། །གཙུག་པུད་དགྲོལ་བར་བརྗོད་པར་བྱ་ཞེས་པས་ནི་ལྷན་ཅིག་སྐྱེས་པའི་རོལ་ལོངས་སྤྱོད་པའོ། །ཀུན་རྫོབ་དེ་ལ་བརྟེན་པའི་སེམས ་ཇི་ལྟ་བུ་ཞེ་ན། ད་ནི་དོན་དམ་ལྷན་ཅིག་སྐྱེས་པ་བསྟན་པའི་ཕྱིར། གང་ཞིག་དཔྲལ་བ་སྟོན་པ་ལ་ཞེས་པ་ཡེ་ཤེས་གང་སྔོན་དུ་བྱས་པ་དྲིས་པའོ། །དེ་ཡི་རྒྱབ་ནི་རབ་ཏུ་བསྟན་ཞེས་པ་ནི་སྔོན་དུ་བྱས་པ་སྤོང་བའི་ལན་ནོ། །གང་ཞིག་རྐང་མཐིལ་སྟོན་པ་ལ་ཞེས་པ ་ནི་མངོན་དུ་རྟོག་པ་མེད་ན་ལྟུང་བར་མི་འགྱུར་ཞེས་དྲིས་པའོ། །དགའ་བར་རྣམ་པར་རོལ་པར་བྱ་ཞེས་པས་ལྷན་ཅིག་སྐྱེས་པའི་རོ་ལ་ལོངས་སྤྱོད་པའོ། །ཡང་གླེགས་བམ་ལ་ལར་ལྟོ་ཡིས་རྣམ་པར་རྩེ་བར་བྱ་ཞེས་པ་ནི་དཔེས་སྟོན་སྟེ་ཅི་དགའ་བར་ཉོན་མོངས་པས་མ་གོས་པར ་ཞེན་པ་མེད་བའི་ཐ་ཚིག་གོ་།ཕྱག་རྒྱ་ཕྱག་རྒྱའི་ལན་གྱིས་ནི་ཞེས་པ་ནི་དྲིས་པ་དང་ལན་ནོ། །དམ་ཚིག་ཅན་གྱི་རྣམ་པར་དབྱེ་ཞེས་པ་ནི་དེ་ལྟར་བྱའོ། །མཐུ་མཇུག་བསྡུས་པའོ། །ད་ནི་སྤྱོད་པའི་བརྡ་བསྟན་པའི་ཕྱིར། དེ་ལ་རྣལ་འབྱོར་མས་སྨྲས་ཞེས་པ་སྔོན་འབྱུང་དུ་བདག ་མེད་པ་ལ་སོགས་པ་ཟབ་པའི་ཁྱད་པར་བསྟན་པའོ། །ེ་མ་བུ་ནི་སྙིང་རྗེ་ཆེ་ཞེས་པ་ནི་རྡོ་རྗེ་སྙིང་པོ་སྲི་ཞུར་བོས་པའོ། །གལ་ཏེ་ཕྲེང་བའི་ལག་སྟོན་ན་ཞེས་པ་ནི་མ་འོངས་པའི་དུས་སུ་རྣལ་འབྱོར་མ་རྣམས་ཕྲེང་བ་སྟོན་པ་ན་ཞེས་པའོ། །འདུ་བར་བྱ་ཞེས་སྨྲ་བ་ཡིན་ཞེས་པ་ནི་སྙོམས ་འཇུག་ལ་མངོན་པར་ཕྱོགས་པ་འམ། ཕྲེང་བ་མངོན་པར་གཏོར་བྱེད་ན་ཞེས་པ་ནི་མ་འོངས་པའི་དུས་སུ་སྟེར་བའོ། །འདིའི་དོན་ནི་སྔོན་བྱུང་དང་རྗེས་འཇུག་རྣམ་པ་གཉིས་ཏེ། སྔོན་བྱུང་ནི་རྡོ་རྗེ་འཆང་གི་འཁོར་ན་བྱང་ཆུབ་སེམས་དཔའ་རྣམས་དང་རྡོ་རྗེ་མཁའ་འགྲོ་མ་རྣམས་འདུ ་བའི་དུས་སུ་ལུས་ཀྱི་བརྡ་རྣམས་འོག་ནས་འབྱུང་བའི་དག་གི་བརྡ་རྣམས་བརྡ་དང་བརྡའི་ལན་དུ་བསྟན་ཏེ། རྡོ་རྗེ་སྙིང་པོ་ལ་སོགས་པ་མ་འོངས་པའི་དུས་སུ་ལུས་ཀྱི་བརྡ་དང་ངག་གི་བརྡ་རྣམས་ཀྱིས། རྣལ་འབྱོར་ཕ་དང་རྣལ་འབྱོར་མ་རྣམས་སོ་སོར་འདུ་བའི་བརྡ་དང་མན་ངག་མཚོན ་བའི་བརྡ་སྟེ། འཇིག་རྟེན་པ་ལས་བཟློག་པས་ན་དྲི་བ་ཡང་གཡོན་པས་བྱ་ལ། ལན་ཀྱང་གཡོན་པས་གདབ་པོ། །སྔར་གྱི་ཚོ་ལ་བརྡ་རྐྱང་བའི་ལན་དུ་ཀུན་ལ་སྦྱར་བར་བྱའོ། །བརྟུལ་ཞུགས་དམ་ཚིག་ཤིན་ཏུ་ནོས་ཤེས་པ་ནི་སྙོམས་འཇུག་གི་སྤྱོད་པ་ལ་གནས་པའོ། །ད་ནི་དེ ་བཞིན་དུ་གཞན་ལ་ཡང་གདམས་པའི་ཕྱིར་རོ། །ཕྱི་རོལ་དེར་ནི་འདུས་པ་ལ་ཞེས་པ་ནི་ཕྱི་འམ་ནང་གིས་འདུས་པ་ཀུན་ལའོ། །བཟང་པོའི་སྤྱོད་ཡུལ་ལ་གནས་ཞེས་པ་ནི་གནས་ས་ལ་སོགས་པ་བཟང་པོར་འདུ་བའོ། །དེ་ཡང་ཕྱི་འདུ་བ་ཡིན་ལ་ནང་ནི་བཟང་པོ་ནི་རྣལ་འབྱོར་པའོ། །སྦྱོར ་ཡུལ་ནི་མའོ། །འདུ་བར་ཞེས་པ་ནི་རིག་པའི་བརྟུལ་ཞུགས་ཀྱི་ཐབས་སོ། །ཡང་བཟང་མོ་ནི་ཉིན་མོ་ལ་འཆོགས་བའི་དུས་སོ། །སྤྱོད་ཡུལ་ཏེ་མཚན་མོ་ལ་སྤྱོད་པའི་དུས་སོ། །རྣལ་འབྱོར་མས་སྨྲས་དེ་ནི་བྱ་བ་ཐམས་ཅད་ཅེས་པ་ནི་ཕྲེང་བ་སྟོན་པ་སྟེར་བ་སྟེ། རྡོ་རྗེ་སྙིང་པོ་ལ་གདམས ་པ་ལ་དེ་ལྟར་བྱའོ། །ད་ནི་གདམས་པ་ལ་སོགས་པ་བསྟན་པ་ལ་ཡང་དབང་དང་མན་ངག་གིས་རྣལ་འབྱོར་མ་མཚོན་པ་ཡིན་ལ། བརྟུལ་ཞུགས་འདུ་བའི་གནས་ནི་གང་དག་ཏུ་སྤྱོད་པ་བྱ་ཞེ་ན། དེའི་ཡན་ལག་དུ་དྲིས་པ་དང་ལན་བསྟན་པ་ནི་གནས་དང་ཉེ་བའི་གནས་དང་ནི། ཞིང ་དང་ཉེ་པའི་ཞིར་ཉིད་དང། །ཚན་དོ་ཉེ་བའི་ཚན་དོ་དང། །དེ་བཞིན་འདུ་བ་ཉེ་འདུ་བ། །འཐུང་གཅོད་ཉེ་བའི་འཐུང་གཅོད་ཉིད། དུར་ཁྲོད་ཉེ་བའི་དུར་ཁྲོད་ཉིད། །འདི་རྣམས་ས་ནི་བཅུ་གཉིས་ཏེ། །ས་བཅུའི་དབང་ཕྱུག་མགོན་པོ་ཉིད། །འདིས་ནི་གཞན་གྱིས་བརྗོད་མིན་བྱ་ཞེས་པ་ནི་རྟག ་ཏུ་གནས་ཤིང་སྤྱོད་པས་ན་གནས་ཞེས་བྱའོ། །ཡང་རྣལ་འབྱོར་པ་བཞུགས་པས་ན་ཡང་གནས་ཞེས་བྱའོ། །དེ་དང་ཉེ་བས་ན་ཉེ་བའི་གནས་ཞེས་བྱའོ། །ཡོན་ཏན་སྐྱེད་པར་བྱེད་པས་ན་ཞིང་ཡང་མ་རྣམས་གནས་པས་ན་ཞིང་ཞེས་བྱའོ། །དེ་དང་ཉེ་བས་ན་ཉེ་བའི་ཞིང་ངོ། །འདོད ་ཅིང་འདུན་པས་ན་ཚན་དོ། །དེ་དང་ཉེ་བས་ན་ཉེ་བའི་ཚན་དོ། །མ་ག་དྷ་དང་ཨ་ད་ག་མ་ག་དྷ་ནི་གནས་ཀྱི་གཞི་པོ་ཡིན་ཏེ་འདུག་ཞེས་བྱའོ། །དེ་དང་ཉེ་བའི་འདུ་བའོ། །འདི་ནས་བོས་པས་གནས་གཞན་ཐམས་ཅད་འཆད་དེ་འདི་ལ་རྒྱས་པར་བཤད་པ་མེད་དོ། །བར་ཆད་མེད་པས་ན ་འཐུད་གཅོད་།དེ་དང་ཉེ་བ་ནི་ཉེ་བའི་འཐུང་གཅོད་རྣམ་པར་རྟོག་པ་མི་འབྱུང་བ་དང་རོ་མང་པོ་གནས་པས་དུར་ཁྲོད་དོ། །དེ་དང་ཉེ་བ་ཉེ་བའི་དུར་ཁྲོད་དོ། །འདི་རྣམས་ནི་ས་བཅུ་གཉིས་ཏེ། ཞེས་པ་ནི་རབ་ཏུ་དགའ་བ་ནས་དཔེ་བསྐྲུན་དུ་མེད་པའི་བར་དུའོ། །ས་བཅུ་དབང་ཕྱུག་ཅེས་པ་ནི ་རྣལ་འབྱོར་གྱི་དབང་ཕྱུག་དང། རྣལ་འབྱོར་མ་རྣམས་སོ། །དེ་དག་ནི་བགྲོད་པའི་སའོ། །མགོན་པོ་ཉིད་ཅེས་པ་ནི། བུདྡྷའི་ས་གསུམ་སྟེ། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་དང། བཅུ་གཉིས་པ་དཔེ་བསྐྲུན་དུ་མེད་པའི་ས་དང་བཅུ་གསུམ་པ་རྡོ་རྗེ་འཛིན་པའི་ས་སྟེ་མགོན་པོའི་ས་གསུམ་མོ། །འདིས་ནི ་གཞན་གྱི་བརྗོད་མིན་ཞེས་པ་ནི་རབ་ཏུ་དགའ་བ་ལ་སོགས་པའི་མིང་གིས་མི་གདགས་ཀྱིས་གནས་ལ་སོགས་པའི་མིང་གིས་བཏགས་པའོ། །བྱང་ཆུབ་སེམས་དཔའ་ཨི་མིང་གིས་མི་གདགས་ཀྱི་རྣལ་འབྱོར་གྱི་དབང་ཕྱུག་གི་མིང་བཏགས་སོ། །འདི་ཡང་བཤད་ཚུལ་རྣམ་པར་སྦྱར་ཏེ། ཕྱི་ལྟར ་བཤད་པ་ནི་གོང་གི་བཅུ་གཉིས་པོ་དེ་འཛམྦུའི་གླིང་གི་ཡུལ་སུམ་ཅུ་རྩ་གཉིས་སུ་འོག་ན་རྒྱས་པར་འཆད་དོ། །ནང་ལྟར་བཤད་པ་ནི་ལུས་ཀྱི་གནས་ཉི་ཤུ་རྩ་བཞི་ལ་སྦྱར་བ་དང་རྩ་སུམ་ཅུ་རྩ་གཉིས་སུ་སྦྱར་ཏེ་གནས་དང་ལས་དང་བྱ་བ་རྣམས་བྱེད་དོ། །དེ་སྐད་དུ་སྤྱི་གཙུག་ཛཱ་ལནདྷ་རར ་བཤད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །གསང་བ་ལྟར་བཤད་པ་ནི་གསང་བའི་གནས་ཀྱི་ཁྱད་པར་ཏེ། རྩ་གནས་བརྒྱ་པའི་བྱེ་བྲག་ལ་ཅི་རིགས་པར་སྦྱར་རོ། །དེ་ཁོ་ན་ཉིད་ལྟར་བཤད་པའི་གནས་ནི་རབ་ཏུ་དགའ་བར་བརྗོད། ཉེ་གནས་དྲི་མ་མེད་ཅེས་བྱ། །ཞིང་ནི་འོད་བྱེད་པ་ཡིན་ཏེ། །ཉེ ་བའི་ཞིང་ནི་འོད་འཕྲོ་ཅན། །ཚན་དོ་ལྔ་པ་སྦྱང་དཀའ་བ། །ཉེ་བའི་མཚན་དོ་མངོན་དུ་གྱུར། །དེ་བཞིན་འདུ་བ་རིང་དུ་སོང། །ཉེ་བའི་འདུ་བ་མི་གཡོ་པ། །འཐུང་བཅོད་ལེགས་པའི་བློ་གྲོས་ཏེ། །ཉེ་བའི་འཐུང་གཅོད་ཆོས་ཀྱི་སྤྲིན། །དུར་ཁྲོད་ཀུན་ཏུ་འོད་ཀྱི་ས། །ཉེ་བའི་འཐུང་བཅོད་སྒྲུབ་དུ་མེད། ་འདི་རྣམས་ས་ནི་བཅུ་གཉིས་སོ། །རྡོ་རྗེ་འཛིན་ས་བཅུ་གསུམ་པ་ནི་མཐར་ཐུག་སྟེ། ཕ་རོལ་ཏུ་ཕྱིན་པ་བས་ནི་མ་ཐོབ་པོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུའི་ཁྱད་པར་ལས་འབྲས་བུའི་ཁྱད་པར་འབྱུང་བའི་ཕྱིར་རོ། །སློབ་དཔོན་ལ་ལ་ནི་ཕ་རོལ་ཏུ་ཕྱིན་པ་དང། གསང་སྔགས་ཀྱི་སྤྱོད་པ ་གཉིས་ཀ་ལ་བརྟེན་ནས་ལམ་སོ་སོར་ཐོབ་པར་འདོད་དོ། །སློབ་དཔོན་ལ་ལ་དག་ནི་ཕ་རོལ་ཏུ་ཕྱིན་པས་ནི་ངེས་པར་འབྱུང་བ་ཐོབ་ཀྱི་མཐར་ཐུག་པ་ནི་ཐོབ་པར་མི་འདོད་དེ། ལུང་ལས་ཀྱང་རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་ཁོ་ན་ཉིད་མ་རྟོགས ་པར་དགའ་བ་རྣམ་པ་སྣ་ཚོགས་པ་སྤྱད་ཅིང་ཇི་ལྟར་ན་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་སྙམ་ཞེས་གསུངས་པ་དང་སློབ་དཔོན་ལ་ལ་དག་གིས་ཀྱང་འདིས་ནི་མཐོར་ཐུག་མི་ཐབ་སྟེ་ཞེས་གསུངས་པ་དང། རྡོ་རྗེ་འཛིན་པའི་ས་དགེ་བ་བཅུ་གསུམ་པར་ཡང་གསུངས ་པ་ཡིན་ཞེ་ན་གསུངས་པ། མཐར་ཐུག་པ་མི་ཐོབ་པར་བསྟན་པ་དང་ཡང་ལུང་ལས། ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས་ཞེས་གསུངས་སོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པས་ནི་ས་བཅུ་གསུམ་པ་བཤད་པ་མེད་དོ། །རིག་པ་ནི་རྒྱུའི ་ཁྱད་པར་ལས་འབྲས་བུའི་ཁྱད་པར་ཡོད་དེ། ཇི་སྲིད་དུ་ཕྱག་རྒྱ་ཆེན་པོ་དོན་རང་གི་མཚན་ཉིད་ཉམས་སུ་མ་མྱོང་བར་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་མི་རྟོགས་ཏེ་།དེའི་ཕྱིར་ན་ཡང་མཐར་ཐུག་པ་མི་ཐོབ་བོ། །ཕ་རོལ་ཏུ་ཕྱིན་པར་ནི་རྗེས་སུ་དཔག་པས་གཏན་ལ་འབེབས་པར་བྱེད ་པས་ལྟ་བ་ཡང་སྤྱི་ཙམ་གཏན་ལ་འབེབས། སྒོམ་པ་ཡང་ཡིད་ཨུ་ལི་ཀ་སྙམ་དུ་སེམས་པ་སྤྱིའི་སྒོམ་པ་ཙམ་སྟེ། དེའི་ཕྱིར་མཐར་ཐུག་པ་མི་ཐོབ་པའོ། །དེ་དག་གི་གཞུང་གིས་ཀྱང་ཐབས་རྟེན་ཅིང་འབྲེལ་པར་འབྱུང་བའི་ནུས་པའི་མཐུ་ནི་དགག་པར་མི་ནུས་ལ ་མངོན་སུམ་དང་རྗེས་སུ་དཔག་པར་ནི་ཐུན་མོང་དུ་མཚུངས་པས་རྒྱུའི་ཁམས་ཀྱི་ཁྱད་པར་ནི་དེ་ཙམ་མོ། །རིགས་པ་མང་དུ་ཡོད་ཀྱང་འདིར་མ་སྤྲོས་སོ། །གོང་གི་ཕྱིའི་གནས་རྒྱས་པར་བཤད་པ་འདོད་ནས་།ཀྱེ་བཅོམ་ལྡན་འདས་གནས་ལ་སོགས་པ་གང་ལགས་ཞེས ་བྱ་སྟེ། རྡོ་རྗེ་སྙིང་པོས་གསོལ་པ་ཞེས་པ་ཁ་སྐོང་ངོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ལ་སོགས་ཡུལ་སུམ་ཅུ་རྩ་གཉིས་ལ་སོགས་པ་གོ་སླའོ། །ཡང་དུས་བསྟན་པའི་ཕྱིར་ཅུང་ཟད་གོ་རིམས་བཟློག་སྟེ། ཀྱེ་བཅོམ་ལྡན་འདས་ཉི་མ་གང་ལག ་ནས་དྲིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནི་ལན་སྟོན་མཁན་སྡུད་པ་འོས་བརྗོད་པའོ། །སེམས་ཅན་གྱི་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་ཞལ་གྱིས་བཞེས་པ་སྟེ། ཀྱང་ཞེས་པ་ནི་ཉིན་མོ་འཚོག་ཅིང་འཇུག་པའི་དུས་སོ། ། ་མཚན་མོ་ལ་སྤྱོད་པའི་དུས་ཀྱང་མཚོན་ནོ། །དུས་དེ་ཉིད་ནི་ཡི་དགས་ཟླ་ཕྱེད་དེ་ཚིག་རྐང་གཉིས་སོ། །ཡི་དགས་ཟླ་ཕྱེད་ནི་མར་ངོའོ། །བཅུ་བཞི་ནི་ཉི་ཤུ་དགུ་པའོ། །བརྒྱད་པ་ནི་ཉི་ཤུ་གསུམ་མོ། །ད་ནི་སྤྱོད་པ་འམ་ཚོགས་ཀྱི་རྫས་བསྟན་པའི་ཕྱིར། རྒྱལ་མཚན ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་རྫས་སུ་བཤད་པའི་ཚེ་ནི་ཟས་སུ་ཉེ་བར་ལོངས་སྤྱོད་པ་ནི་གཉུག་མ་དང་སྒྲུབ་པའི་རྫས་དེ་རྒྱལ་མཚན་ནི་དཔྱངས་ཏེ་ཤི་བའོ། །མཚོན་བསྣུན་པ་ནི་དཔའ་བོ་གཅིག་གཡུལ་ངོར་ཤི་བའི་ཤའོ། །ལན་བདུན ་པ་ནི་སྐྱེ་བ་བདུན་པའི་ཤ་སྟེ་འོག་ནས་དེ་ཉིད་བརྟག་པའི་ཐབས་འཆད་དོ། །བསྒྲུབས་པ་ནི་ཡུལ་དང་བསམ་བ་སྦྱོར་བས་གནང་བ་སྟེ། དེ་བསད་པའི་ཤ་སྟེ་བསྟག་པ་ཕྱི་མར་འཆད་དོ། །ལྷན་ཅིག་སྐྱེས་པ་གྲུབ་པ་དེའི་ཚེ་རྒྱལ་མཚན་ནི་ཁམས་དང་བཅས ་པ་སྟེ་བྱ་རོག་གི་གདོང་ཅན་ནོ། །མཚོན་བསྣུན་ནི་རིན་ཆེན་ཟེ་འབྲུ་དང་བྱ་རོག་གི་གདོང་ཕྲད་པའོ། །ལན་བདུན་པ་ཡང་བཟའ་བར་བྱ་ཞེས་པ་ནི་ཟླ་བ་དང་མི་འབྲེལ་བར་ཉི་མ་ཡང་ལོངས་སྤྱོད་པའོ། །འབད་པས་སྙིང་རྗེ་བསྐྱེད་པ་ཡིས་ཞེས་པ་ནི་བླ་མ་ལ་འབད་པའི་མན་ངག་གིས་སོ། །བསད ་པར་བྱ་བ་བརྗོད་པ་ཉིད་ཅེས་པ་ཉོན་མོངས་པ་དང་རྟོག་པའི་ཚོགས་བཀག་ནས་བདེ་བར་སློང་པའོ། །སྙིང་རྗེ་མེད་པས་མི་འགྲུབ་པས་ཞེས་པ་ནི་མན་ངག་དང་མི་ལྡན་ནའོ། །དེ་ཕྱིར་སྙིང་རྗེ་བསྐྱེད་པ་ཉིད་ཅེས་པ་ནི་མན་ངག་ཉིད་དོ། །ཆོ་གའི་གཙོ་བོ་ནི་ལས་ཀྱི་ཕྱག་རྒྱ་ལུས་འཁྲུལ ་འཁོར་དང། རྩའི་འཁྲུལ་འཁོར་དང་རླུང་གི་འཁྲུལ་འཁོར་ཏེ་མན་ངག་གི་འགེགས་པ་ནི་དེས་རྟོག་པ་འགེགས་པའོ། །རང་ལུས་ནི་རྒྱལ་མཚན་གྱི་སྤྱི་གོ་།མཚོན་བསྣུན་ནི་ལྟེ་བ་ནས་འོད་ཟེར་གྱིས་བསྲེགས་པས་ལན་བདུན་པ་ནི་མཚོན་པ་ཡང་དང་ཡང་རྩ་གཉིས་ནས་ལམ་མཚོན ་པའོ། །འབད་པ་ནི་ལུས་ངག་གིའོ། །སྙིང་རྗེ་ནི་ནང་གི་སྒོམ་པའོ། །བསད་པ་ནི་རྟོག་པའོ། །སྙིང་རྗེ་མེད་ནི་ནང་གི་ཉམས་མེད་པའོ། །གདུག་པ་ནི་རྟོག་པའོ། །ཆོ་གའི་གཙོ་བོ་ནི་གཏུམ་མོ་སྤར་བའོ། །དབྱེར་མེད་ཕྱག་རྒྱ་ཆེན་པོ་ནི་བརྟེན་པ་ཆོས་ནས་འཇུག་པའི་རྒྱལ་མཚན་ནི་སྣང་བའོ་མཚོན ་བསྣུན་ནི་ཤེས་རབ་ཀྱིས་བདག་མེད་པའོ། །ལན་བདུན་པ་ནི་ཡང་སྣང་བ་སྟོང་པ་དབྱེར་མེད་ཡང་དང་ཡང་དུ་བསྒོམ་པར་རང་གི་རྩོལ་བས་སོ། །སྙིང་རྗེ་ནི་ཐབས་ཏེ་སེམས་ཅན་ལ་བསྐྱེད་པའོ། །གདུག་པ་གཞུག་ནི་དངོས་པོ་ཞན་པར་སྣང་བའོ། །ཆོ་གའི་གཙོ་བོ་ནི་མན་ངག་གི་སྟོབས་ཀྱི་དངོས ་པོའི་ཆོས་ལ་བརྟེན་ནས་རང་ལ་ཆོས་ཉིད་འཆར་པའོ། །རྟེན་དང་པོ་ནང་ནས་འཇུག་པ་ནི། རྒྱལ་མཚན་ནི་ཤེས་རབ་ལྷ་མོ་བླ་ན་མེད་པ་གཉུག་མའི་དབང་པོའོ། །མཚོན་བསྣུན་ནི་ཡེ་ཤེས་རང་འབར་བ་སྟེ་དེས་བསྐྱེད་པའི་ཡེ་ཤེས་ཀྱིས་དངོས་པོ་མཚན་མ་འཇོམས་པ་སྟེ་། ་གཉིས་པོ་དག་ནི་རྣམ་སྤྱད་ན། །གཉིས་མེད་ཡེ་ཤེས་རང་འབར་འགྱུར་ཞེས་པའོ། །ལན་བདུན་པ་དབང་པོ་རང་སྣང་ངོ། །ཐམས་ཅད་དགུག་པ་གཞུག་པ་ནི་ཡིད་ཀྱི་རྒྱུ་བ་ཀུན་ནོ། །ཆོ་གའི་གཙོ་བོ་ནི་ཕྱག་རྒྱ་ཆེན་པོའོ། །དགག་པར་བྱ་བ་ནི་ཡིད་དད་བའི་ཐབས་སོ། །གླེགས་བམ་ལ་ལར་བསྒྲུབ ་པར་བྱ་ཞེས་པ་ནི་གཉུག་མའི་དབང་པོ་དང་བའི་ཐབས་སོ། །དེ་ནི་ཡོངས་སུ་རྫོགས་པའི་རིམ་པ་སྤྱི་དོན་དུ་ཤེས་པར་བྱ་བའི་ཕྱིར་རོ། །དེ་ལ་འདི་ལྟར་ལྟ་བ་ཉིད་ཅེས་པ་ནི་ཚིག་རྐང་གཉིས་ཀྱི་ལྟ་བ་སྟོན་པར་ཁས་ལེན་པའོ། །ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན་ཞེས་བྱ་བ་ནི་ཆོས་ཀུན་ཏུ་སྣང ་བ་བདེ་བ་ཆེན་པོ་ནི་རྡོ་རྗེ་སེམས་དཔའ་ལྟའོ། །མཚན་མོ་ཤེས་རབ་བརྟག་པར་བྱ་ཞེས་བ་ནི་ཆོས་ཀུན་སྟོང་པར་བདག་མེད་པའོ། །ཉིན་མོས་མཚན་མོ་མཚོན་ཏེ། དེའི་མཚམས་ཞེས་པ་ནི་སྣང་བ་དང་སྟོང་པར་དབྱེར་མེད་པ་སྐྱེ་བའོ། །ཡང་ཉིན་མོ་ཡིས་འཆར་བ་སྟེ་དགའ་བ་དང ་མཆོག་དགའ་ཨོ། །མཚན་མོ་སྟེ་དགའ་བྲལ་གྱིས་མཚོན་ནས་མཚམས་སུ་ལྷན་ཅིག་སྐྱེས་པ་སྐྱེ་ཞེས་བྱའོ། །ད་ནི་སྤྱོད་པ་བསྟན་པའི་ཕྱིར་མི་བྱ་ཅུང་ཟད་ཡོད་མ་ཡིན་ཞེས་པ་ནི་བདག་མེད་པས་ནའོ། །རྟག་ཏུ་མི་བཟའ་ཡོད་མ་ཡིན་ཞེས་པ་བཟའ་བ་ནི་སྤྱོད་པ་སྟེ། དགའ་ ་བ་དེའི་རྣམ་པ་ཡིན་པས་སོ། །འདི་ལ་མི་བསམ་ཡོད་མ་ཡིན་ཞེས་པ་ནི་ལྷན་ཅིག་སྐྱེས་པ་ལ་སོགས་ན་མེད་པའི་ཕྱིར་རོ། །བཟང་ངན་མི་སྨྲ་གང་ཡང་མེད་ཅེས་པ་ནི་དོན་གྱིས་སྟོང་ཞིང་བརྫུན་པའི་ཕྱིར་རོ། །ཇི་ལྟར་བདག་ཉིད་ནི་རང་སྤྱོད་པའི་ཉམས་སོ། །དེ་ལྟར་གཞན་ནི་ཡུལ་རང་ཤུགས ་ཀྱིས་བཀག་པའི་ཕྱིར་བྱ་རོག་སྟིངས་ཅན་ལྟ་བུའོ། །དེ་བཞིན་གཞན་ནི་ཅི་ཞེས་དྲིས་པ་དང། མཆོག་གི་ཉིད་དེ་ལྷན་ཅིག་སྐྱེས་པའི་རོའོ། །དེ་ཡང་གཞན་ཤེས་པས་བསྒྱུར་ན་ང་དང་གཞན་གཉིས་ཀ་ཡང་བདག་དང་འདྲ་བ་དེ་བཞིན་ནོ། །དེ་ནི་སྤྱོད་པའི་ཕན་ཡོན་སྔགས་དང་ཕྱག་རྒྱ་བསྟན ་བའི་ཕྱིར་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཏེ་གོ་སླའོ། །ད་ནི་བསྒོམ་པ་བསྟན་པའི་ཕྱིར་ཤྲཱི་ནི་གཉིས་མེད་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་སྟེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་པ་སྟེ། ཧེ་ནི་རྒྱུ་སོགས་སྟོང་པ་ཉིད་ཀྱི་སྒོའོ། །རུ་ནི་ཚོགས་སུ་བཅད་པ ་ཉིད་མཚན་མ་མེད་པའི་སྒོའོ། །ཀ་ནི་གང་དུ་མི་གནས་པ་སྨོན་པ་མེད་པའི་སྒོའོ། བདེ་བ་དང་སྟོང་པ་དབྱེར་མེད་པར་བསྒོམ་ཞེས་བྱ་བའི་དོན་ཏོ། །ད་ནི་འབྲས་བུ་བསྟན་པའི་ཕྱིར་རྡོ་རྗེ་ཐོད་པའི་སྦྱོར་བ་ཡིས་ཞེས་པ་ནི་དགྱེས་པའི་རྡོ་རྗེ་དང་བདག་མེད་མའི་རྣལ་འབྱོར་རོ། །སྐྱེ་བོ་གང་དང་གང་རྣམས་ཀྱིས ་ཞེས་པ་ནི་སེམས་ཅན་གང་ཡང་རུང་བ་སྟེ། དུག་ལྔ་གོ་ཀུ་ད་ཧ་ན་ལ་སོགས་སོ། །མཁས་པས་ཤ་ནི་བཟའ་བར་བྱ་བ་ནི་སྦྱང་བ་དང་སྦར་བ་རྟོགས་བ་ལ་མཁས་པའོ། །སེམས་ཅན་དེ་དབང་དུ་འགྱུར་ཞེས་པ་ནི་གང་འདོད་པ་དབང་དུ་གྱུར་པ་དངོས་གྱི་ཡོན་ཏན་ནོ། །བསྐྱེད་པའི་རིམ་པ་ལྟར་བཤད་བའོ། །ཡང་རྡོ་རྗེ་ནི་ཐབས ་ཀྱི་གསང་བའི་གནས་སོ། །ཐོད་པ་ནི་ལས་ཀྱི་ཕྱག་རྒྱའི་གསང་བའི་གནས་སོ། །སྦྱོར་བ་ནི་སྙོམས་འཇུག་གོ་།སྐྱེ་བོ་ནི་པི་ཏ་ག་ཛ་ན་སྟེ། སོ་སོ་སྐྱེས་པས་ཞེས་པ་དུ་མའོ། །ཤ་ནི་བ་ལ་སྟེ་སྟོབས་སམ་ནུས་པ་བདེན་པར་བརྟགས་པའོ། །མཁས་པ་ནི་བླ་མའི་མན་ངག་ལའོ། །བཟའ་བ་ནི་ལྷན་ཅིག་སྐྱེས་པའི་རོའོ། །སེམས ་ཅན་དབང་དུ་འགྱུར་བ་ནི་སེམས་རང་རིག་པས་ཆོས་ཀུན་དབང་ཐོབ་པའོ། །དེ་དག་གཞན་ལུས་ཤེས་རབ་ལ་བརྟེན་པའོ། །ཡང་རྡོ་རྗེ་ནི་སྐྱེ་གནས་སྟོང་པའི་ཆའོ། །ཐོད་པ་ནི་སྤྱི་བོའོ། །སྦྱོར་བ་ནི་འོག་དང། སྟེང་དུ་ཐིག་ལེ་འོད་ཟེར་གྱི་ཚུལ་དུའོ། །སོ་སོ་སྐྱེ་བོ་ནི་རྩ་རྣམས་སོ། །ཤ་ནི་རྟོག་པར་སྨིན་པའོ། །མཁས ་པ་ནི?་བཟད་པ་དང་གསོ་བའི་མན་ངག་ལའོ། །བཟའ་བ་ནི་བདེ་བར་ལོངས་སྤྱོད་པའོ། །སེམས་ཅན་དེ་དེ་ནི་ཡུལ་ལ་སྣང་བའི་ཤེས་པ་ཐ་དད་དོ། །དབང་དུ་འགྱུར་བ་ནི་དེ་རྣམས་བདེ་བར་འདུ་བའོ། །དེ་ནི་རང་ལུས་ཐབས་ལ་བརྟེན་པའོ། །རྡོ་རྗེ་ནི་སྟོང་པ་ཉིད་དོ། །སྲ་ཞིང་བརྟན་ལ་ཁོང་སྟོང་མིན། །སྟོང་ཉིད་རྡོ་རྗེ་ཞེས ་བརྗོད་ཅེས་གསུངས་སོ། །ཐོད་པ་ནི་སྣང་བའོ། །སྙོམས་འཇུག་ནི་དབྱེར་མེད་པའོ། །སྐྱེ་བོ་གང་དང་གང་རྣམས་ལ་སྣང་བ་སྣ་ཚོགས་པའོ། །ཤ་ནི་མཁས་པས་བཟའ་བར་བྱ་བ་ནི་གཉིས་སུ་མེད་པར་མྱོང་བའོ། །སེམས་ཅན་དེ་དེ་དབང་དུ་འགྱུར་བ་ནི། སྣང་བ་ཐམས་ཅད་དེར་སྦྱོར ་བའོ། །དེ་ནི་བརྟེན་པ་ཆོས་ནས་འཇུག་པའོ། །ཡང་ན་རྡོ་རྗེ་ནི་ཤེས་རབ་ལྷ་མོ་བླ་ན་མེད་པའོ། །ཐོད་པ་ནི་དེ་བསྟེན་པ་སྟེ་བདེ་བ་སྐྱོང་བ་དང་ལྡན་པའོ། །སྦྱོར་བ་ནི་བསྟེན་པའི་ཐབས་འདོད་པའི་ཡོན་ཏན་ལ་སོགས་པའོ། །སོ་སོའི་སྐྱེ་བོ་ནི་ཡིད་མདུན་ན་གནས་པའོ། །ཤ་ནི་རྟོག་པ ་དང་བརྟགས་པའོ། །མཁས་པ་ནི་གཟུང་འཛིན་གྱི་སྟོང་པའི་ཤེས་རབ་ལའོ། །བཟའ་བ་ནི་བདེ་བ་ལ་སྤྱོད་པའི་ཐབས་སོ། །སེམས་ཅན་དེ་དེ་ནི་དབང་པོ་རང་སྣང་གི་མན་ངག་གོ་།དབང་དུ་འགྱུར་བ་ནི་སྤྱོད་ལམ་དང་བསྲེ་བའི་དག་གོ་།དེ་ནི་གཉིས་མེད་ཕྱག་རྒྱ་ཆེན་པོ་ལ་བརྟེན་པའོ། །ལེའུ་བདུན་པའོ།། །། ་དེ་ནས་ཞེས་པ་རྫོགས་པའི་རིམ་པ་བསྟན་ནས། དེའི་རྗེས་ལ་བསྐྱེད་རིམ་རྫོགས་རིམ་གཉིས་ཀའི་ལེའུ་བསྟན་པར་འདོད་པའོ། །རྣལ་འབྱོར་མ་ནི་?་གཉིས་ཀྱི་དབང་དུ་རྒྱས་པའི་བདག་མེད་མ་ལ་སོགས་པའི་འོ། །འཁོར་ལོ་ནི་དེ་དག་འདུ་བའི་གནས་ཏེ། །གཞལ་ཡས་ཁང་དང་བརྩས་ལྷན ་ཅིག་སྐྱེས་པར་རོ། །འདིར་ཡང་སྒྲུབ་པ་པོ་ནས་ཚོགས་བསགས་པ་ཡན་ཆད་ལྷའི་ལེའུ་དང་འདྲ་བ་ལས། ཁྱད་པར་ནི་བདག་མེད་པའི་ང་རྒྱལ་གྱིས་ཐམས་ཅད་བྱས་ལ་ཚོགས་ཀྱི་ཞིང་ཡང་ཧེ་རུ་ཀ་ཕྱག་བཅུ་དྲུག་པ་ལ་ལྔ་མོ་བརྒྱད་ཀྱིས་བསྐོར་བ་ལ་ཚོགས་བསགས་པར་བྱའོ། །བསྲུང་བ་མཚམས ་ཀྱི་འཁོར་ལོའི་ནང་དུ་ནམ་མཁའ་ཨི་དབུས་བྷ་ག་ཞེས་པའི་སྡོམ་རྩ་བའི་ཚིག་སྦྱར་ལ། ནམ་མཁའ་ལ་དབྱིབས་མེད་ཀྱང་ཁྲོ་བ་དང་ཆགས་པ་ཅན་འདུས་པའི་དོན་དུ་གྲུ་གསུམ་དུ་བསྟན་པ་དང། སྐྱེ་གནས་དང་སྒོ་བསྟུན་པའི་ཕྱིར་གྲུ་གསུམ་དཀར་པོ་ནང་ཁོང་སྟོང་སྟེང་ཡང་པར་བསྒོམ་མོ། །ཟུར ་གསུམ་ན་ཁམས་གསུམ་འམ་རྣམ་པར་ཐར་པའི་སྒོ་གསུམ་འམ་ལུས་ངག་ཡིད་རྣམ་པར་དག་པའོ། །ཁ་དོག་དཀར་པོ་ཉོན་མོངས་པའི་སྐྱོན་གྱིས་མ་གོས་པའོ། །ནང་ཁོང་སྟོང་ནི་ཆོས་ཀྱི་དབྱིངས་སྟོང་བ་ཉིད་ཚོན་ནོ། །སྟེང་ཡངས་པ་ནི་སའི་རིམ་པ་གོང་ནས ་གོང་དུ་ཡོན་ཏན་འཕེལ་བར་མཚོན་པའོ། །དེ་ནི་ཕྱིའི་གཞི་དང་ནང་གི་གཞི་བསྟན་ནས་རྟེན་གཞལ་ཡས་ཁང་བསྟན་པ་ནི་འཁོར་ལོ་ས་དད་ལ་སོགས་གསུངས་སོ། །སྤྱིར་གཞལ་ཡས་ཁང་སྒྲུབ་ལུགས་གཉིས་ཏེ་།འབྱུང་བ་རིམ ་རྩོགས་ནི་ལྷའི་རྒྱལ་པོའི་ཁང་བཟངས་སྒྲུབ་ལུགས་དང། འབྱུང་བ་ཡོངས་བསྒྱུར་མིའི་རྒྱལ་པོའི་ཁང་བཟངས་སྒྲུབ་པའི་ལུགས་སོ། །འདིར་ནི་མིའི་རྒྱལ་པོའི་ཁང་བཟངས་སྒྲུབ་པའི་ལུགས་སོ། །དེ་གཉིས་གོ་རིམས་ངེས་པ ་ཡང་བསྟན་ཏོ། །འདི་ཡང་རྒྱུད་དུ་བསྟན་པའི་ཕྱིར། སའི་འཁོར་ལོ་བཞིན་དུ་ཆུ་ལ་སོགས་པ་ཡང་མཚོན་ཏེ་ཤེས་པར་བྱའོ། །སྔོན་འགྲོ་ནི་འདོད་ཁམས་སུ་ཁང་བཟངས་ལ་སོགས་པར་ཆོས་མཐུན་པར་ཆུའི་སྔོན་དུ་ས་ཏེ། གཞན་དག་ལ ་ཡང་དེ་བཞིན་ནོ། །ཇི་ལྟར་རིགས་པ་མེ་ལ་བསྟན་ཀྱང་དེ་བཞིན་དུས་ནི་ལམ་ལས་བྱུང་བ་སེར་པོ་གྲུ་བཞི་པ་རྡོ་རྗེས་མཚན་པའོ། །ཆུ་ནི་བམ་ལས་གྱུར་པས་དཀར་པོ་ཟླུམ་པོ་བུམ་པས་མཚན་པ་སྟེ། ལྷ་ནི་རླུང་ལ་བཤད་ཀྱང་སྔ་མ་བཞིན་ཏེ་སངས་རྒྱས་སྤྱན་ལ་སོགས ་པའོ། །གཞི་འབྱུང་པ་ནམ་མཁའ་རྐྱེན་གྱིས་འབྱུང་བ་བཞི་བསྟན་ནས་རྣམ་པར་ཤེས་པའི་ཁམས་རྒྱུར་བསྟན་པའི་ཕྱིར་ཇི་ལྟར་ནི་གཞི་དང་རྐྱེན་དེ་ལྟར་ཡིན་ན། རྒྱུ་ཇི་ལྟར་ཞེས་དྲིས་པའོ། །སྒོམ་པ་པོ་ནི་ཚོགས་གཉིས་ཀྱིས་སྦྱངས་པའི་རྣལ་འབྱོར་པའི་སེམས་སོ། །འབྱུང་བ ་ནི་བར་དོར་འཇུག་པའི་རང་བཞིན་ཏེ་ཁྱབ་པའོ། །དེ་ནི་བཞིན་ནམ་མཁའ་བསྟན་པའི་ཕྱིར་ཟོར་ཡང་དུ་བསྟན་པ་འདོད་ནས་ཐོག་མ་དང་ཐ་མར་སྦྱར་ཏེ། ཆོས་འབྱུང་ལས་སྐྱེས་ཞེས་པ་ཆོས་འབྱུང་ནི་ནམ་མཁའ་སྟེ། འཛམ་བུའི་གླིང་དང་སྐྱེ་གནས་དང་མཐུན་པའོ། །ལས་སྐྱེས་ནི་ལྔ་པ ་ཡིན་ཡང་བདུན་པར་སྦྱར་དེ་དེ་ལ་གནས་སོ། །ཡང་སྐྱེ་གནས་སུ་བྱ་བའི་ཚེ་ན་ལྔ་པའི་དོན་ཉིད་དོ། །འཁོར་ལོ་ཉིད་ནི་བསྐྱེད་པའི་ཁང་པ་ཉིད་དེ། །འཕར་མ་གཉིས་དག་ནི་རིམ་པ་སྟེ་ཁྱད་པར་གྱི་མཚན་ཉིད་དོ། །སྐྱོན་མེད་པ་ནི་གྲུ་བཞི་བ་ལ་སོགས་པ་སྟེ་སྤྱིའི་མཚན་ཉིད་བསྟན ་པའོ། །དེ་ནི་བཤད་པའི་ཕྱིར་ཟེ་འབྲུ་ལས་ནི་གཅིག་འགྱུར་ཏེ་ཞེས་པ་ནི་ལྟེ་བ་ནས་ཟེ་འབྲུ་དང་བཅས་པ་ནི་པདྨའི་ནང་གི་གན་ཏོ་ལི་སྟེ་གཙང་ཁང་ནི་ནང་གི་འཕར་མའོ། །གྲུ་གསུམ་གྱི་ནི་ཕྱི་ནས་བརྗོད་ཅེས་པ་ནི་གྲུ་གསུམ་ནས་ཚུར་མཚོན་པའི་རྩིག་པ་སྟེ་བསྐོར་བའི་ལྷའི་སྣམ ་བུས་སོ། །གནས་ཀྱི་ཁྱད་པར་ནི་ཚིག་རྐང་གཉིས་ཏེ་གདན་རོ་དང་ཉི་མའི་གདན་བཅོ་ལྔའོ། །ད་ནི་བརྟེན་པ་ལྷའི་རྣལ་འབྱོར་བསྟན་པའི་ཕྱིར། དེའི་སྟེང་དུ་ཟླ་བ་ཡིན་ཞེས་པ་ནི་ཡེ་ཤེས་ཀྱི་ཚོགས་བསགས་པའི་སེམས་སྣང་བའོ། །ཟླ་བའི་སྟེང་དུ་ས་བོན་ཉིད་ཅེས་པ་ནི་སྒོམ་པ་པོའི ་སེམས་ཉིད་དོ། །ཕྱི་ནས་བདུད་ལས་རྒྱལ་བས་མནན་ཞེས་པ་ནི་བསོད་ནམས་ཀྱི་ཚོགས་ཀྱིའོ། །དེ་དག་གཅིག་ནི་རྒྱུ་ས་བོན་ཧཱུཾ་ཡིག་གཉིས་ཀྱི་རྐྱེན་གྱི་ཉི་ཟླ་ཡིན་ནོ། །དེ་གཉིས་འདུས་པ་ལ་དེའི་ཕྱིར་འབྲས་བུ་བདེ་བ་ཆེན་པོ་སྟེ་རྒྱུའི་རྡོ་རྗེ་འཆང་གི་རང་བཞིན་བདག་མེད་པའོ། ་གཉིས་ནི་རྐྱེན་གཉིས་སོ། །འདུས་པ་ནི་རྒྱུ་ས་བོན་བསྐུལ་བའོ། །དེ་དག་ནི་གཙོ་མོ་བསྐྱེད་པ་མདོར་བསྟན་པའོ། །ད་ནི་འཁོར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་གཅིག་སྟེ་འཁོར་རྣམས་ཀྱང་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་ཡིས་རྐང་མཐོན་དུ་བསྐྱེད་པར་བྱའོ། །སྤྱིར་འཁོར ་བསྐྱེད་ལུགས་ལ་གཉིས་ཏེ་བྱང་ཆུབ་སེམས་ཀྱི་ཆ་ལས་བསྐྱེད་པ་དང། བྱང་ཆུབ་སེམས་ཀྱི་སྣང་བའི་ཚུལ་དུ་བསྐྱེད་པའོ། །འོ་ན་གཙོ་མོ་དང་འཁོར་དུ་མི་འོང་ངོ་ཞེ་ན་རྣམ་པར་དག་པ་བཙན་པར་བྱས་པའི་ཕྱིར་གཙོ་བོ་འཁོར་དུ་བསྟན་ཏེ། འོག་ནས། རྣམ་ཤེས་ཕུང་པོའི ་རང་བཞིན་གྱིས། །དེས་ན་བདག་མེད་མ་དབུས་སྐྱེས། ཞེས་གསུངས་པས་རྣམ་པར་ཤེས་པ་གཙོ་བོ་ཡིན་ནོ། །དེ་ནི་གཙོ་མོ་རྒྱས་པར་བསྟན་པའི་ཕྱིར། ཟླ་བ་མེ་ལོང་ལ་སོགས་པ་གསུངས་ཏེ། ཚིགས་སུ་བཅད་པ་གཉིས་ཏེ་དབུས་མའི་སྟེང་དུ་གཙོ་བོ་མངོན་པར་བྱང་ཆུབ་པ་རྣམ ་པ་ལྔས་བསྐྱེད་དེ། ཟླ་བ་མེ་ལོང་ཡེ་ཤེས་ལྡན་ཞེས་པ་ནི་ཨཱ་ལི་བཅུ་དྲུག་གཉིས་འགྱུར་ལས་བྱུང་བའི་ཟླ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལས་མངོན་པར་བྱང་ཆུབ་པའོ། །བདུན་གྱི་བདུན་པ་མཉམ་ཉིད་ནི་ཀཱ་ལི་ཡི་གེ་སུམ་ཅུ་རྩ་བཞིའི་སྟེང་དུ་དྷ་ཧ་ཡ་ར་ལ་ཝ ་བསྣན་པས་བཞི་བཅུ་ཐམ་པ་ཉིས་འགྱུར་ལས་བྱུང་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་མངོན་པར་བྱང་ཆུབ་པ་སྟེ། གསང་སྔགས་ལས་ཉི་མ་ལ་རྟ་བདུན་པའོ། ཞེས་གྲགས་སོ། །རང་ལྷའི་ས་བོན་ཕྱག་མཚན་ནི། སོ་སོར་རྟོག་པར་བརྗོད་པར་བྱ་བ་ནི་ཟླ་བ་ཉི ་མ་གཉིས་ཀྱི་པར་དུ་ས་བོན་ཧཱུཾ་ཆུ་དེ་དེ་ཞུ་ནས། ཟླ་ཉིའི་སྟེང་དུ་མཚན་མ་རྡོ་རྗེ་ཧཱུཾ་གིས་མཚན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ལས་མངོན་པར་བྱང་ཆུབ་པའོ། །ཐམས་ཅད་གཅིག་གྱུར་ནན་ཏན་ནི། ཧཱུཾ་ལས་ལྷ་མོའི་རྣམ་པར་སྤྲོས་བསྡུས་ནས་ས་བོན ་དང་མཚན་མ་དང་ཉི་མ་དང་ཟླ་བ་ཞུ་བ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ལས་མངོན་པར་བྱང་ཆུབ་པའོ། །རྫོགས་པ་ཆོས་དབྱིངས་དག་བ་སྟེ་ནི་རྒྱུའི་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་བསྐྱེད་པ་ནི་ཆོས་ཀྱི་དབྱིངས ་ཀྱི་ཡེ་ཤེས་ལས་མངོན་པར་བྱང་ཆུབ་བའོ། །དེ་རྣམས་ལ་རྒྱུ་དང་རྐྱེན་དང་རྣམ་པ་དང་ངོ་བོ་དང་འབྲས་བུ་རྣམས་ཅི་རིགས་པར་སྦྱར་རོ། །མཁས་པས་ཆོ་ག་གསུངས་པ་ཡིས། རྣམ་པ་ལྔ་པོ་བསྒོམ་པ་ཉིད་ཅེས་པ་ནི་སྔར་གྱི་མཇུག་སྡུད་དོ། །སྐབས་ཁ་ཅིག་ཏུ་ཧེ་རུ་ཀ་རྣམས་ལ་སྦྱར་ཞེས ་གསུངས་སོ། །ད་ནི་གཞན་སེལ་བ་བསྟན་པའི་ཕྱིར། ཨཱ་ལི་ཀཱ་ལི་ལ་སོགས་པ་གསུངས་ཏེ། ཨཱ་ལི་ཀཱ་ལི་ནི་སྔར་གྱི་རྐྱེན་གཉིས་སོ། །མཉམ་སྦྱོར་བ་ནི་རྒྱུ་ས་བོན་བསྐུལ་བའོ། །རྡོ་རྗེ་སེམས་ནི་འབྲས་བུ་བདེ་བ་ཆེན་པོའི་རྒྱུའི་རྡོ་རྗེ་འཆང་བདག་མེད་མའི་རང་བཞིན་དུ་བསྟན་པའོ། །གདན་ཞེས ་པ་ནི་རྐྱེན་ཇི་ལྟར་བྱ་ཞེ་ན། ལ་ལ་དག་མ་རྫོགས་པའི་རྡོ་རྗེ་སེམས་དཔའ་འདོད་དེ། རྡོ་རྗེ་ནི་མཚན་མའི་སེམས་དཔའ་ནི་ས་བོན་ཏེ་གང་ན་ནི་ཉི་མ་དང་ཟླ་བའོ། །ཁ་ཅིག་ནི་ཟླ་བ་ཉི་མ་ཆ་ཕྲུགས་གཉིས་སུ་བྱ་སྟེ། ཆ་གཅིག་ཞུ་ནས་རྡོ་རྗེ་སེམས་དཔར་གྱུར། ཆ་གཅིག་རྡོ་རྗེ་སེམས་དཔའ་ཨི་གདན་གྱི ་སྦྱོར་བ་བྱས་པ་ལ་འདོད་དོ། །ཁ་ཅིག་ནི་གཏགས་བསྟན་པ་ཡིན་ཏེ། རྡོ་རྗེ་འཆང་པ་བསྐྱེད་པའི་དུས་སུ། ཉི་ཟླ་གཉིས་ཀྱིས་གདན་གྱི་སྦྱོར་བ་བྱས་པས། རྡོ་རྗེ་སེམས་དཔའ་རྫོགས་པ་ལ་ཡང་འབྲས་བུ་ལ་ཡང་རྒྱུའི་མིང་བཏགས་ཏེ། གདན་ཅན་ཞེས་བསྟན་ཏེ་དཔེར་ན་ནས་རྒྱུའི་དུས་ན ་རྐྱེན་ལུང་མང་པོ་དང་ལྡན་པར་བྱས་པ་ལ་འབྲས་བུ་སྨིན་པའི་དུ་སུ་འདི་ལུང་ཆེན་པོ་དང་ལྡན་པའོ་ཞེས་ཟེར་བ་ལྟ་བུའོ། །གཞུང་སྔ་མ་གཉིས་པོ་ནི་མཛེས་པ་མ་ཡིན་ནོ། །ཕྱི་མ་འདོད་པའོ། །ཡི་གེ་ལས་བྱུང་ཞེས་པ་ནི་བསྐུལ་བའི་རྒྱུ་ཉིད་དོ། །གོང་བུ་ནི་པ་སྟེ་འདུས་པ་འབྲས་བུའི་ཚུལ ་རྡོ་རྗེ་སེམས་དཔའ་ཨི་གཟུགས་སོ། །ཧཱུཾ་ཕཊ་ཡི་གེ་འདོད་མི་བྱ་ཞེས་པ་ནི་རྒྱུའི་རྡོ་རྗེ་འཆང་རྗེས་སུ་འཆགས་པའི་ཞུ་བ་ལས་མི་བསྐྱོད་པའོ། །སེམས་དཔའ་ཨི་གཟུགས་བརྙན་ལས་བྱུང་བ་ཞེས་པ་ནི་རྒྱུའི་རྡོ་རྗེ་འཆང་འགྱུར་བའོ། །ཧཱུཾ་ཧཱུཾ་ཕཊ་ཕཊ་དག་པོ་ཡང་མི་འདོད་པའོ། །ཤིང་འབྲས་འཚོས་པ་ལྟ ་བུང་རྡོ་རྗེ་འཆང་དཀར་པོ་རྡོ་རྗེ་བདག་མ་ནག་མོ་གཅིག་ཏུ་གྱུར་ཏོ། །དེ་ཉིད་བཤད་པ་དཀྱིལ་འཁོར་བདག་མོ་རྣམ་པར་བསྒོམ་ཞེས་པ་ནི་འབྲས་བུའི་ཧེ་རུ་ཀ་ལྟ་བུར་གྱུར་པའོ། །དེའི་མཚན་ཉིད་ཅི་འདྲ་སྙམ་པ་ལ། ཕྱག་མཚན་ཞལ་སོགས་གོང་མ་བཞིན་ཞེས་པ་ནི་རྡོ་རྗེ་ལུ་གུ་རྒྱུད་མ་དང་ཕག་མོ་ལྟ ་བུའོ། ཟླ་བ་ཆུ་ཤེལ་ནོར་བུའི་འོད་ཅེས་པ་ནི་སློབ་དཔོན་དག་གིས་གཞན་དག་དུ་མར་བཤད་ཀྱིས་ཀྱང། འདིར་ནི་བདག་མེད་མའི་རང་བཞིན་གྱི་དཔེ་སྟོན་ཏེ། དེ་ཡང་ཤེས་རབ་ཀྱི་དཔེ་ནི་ཟླ་བ་དང་ཆུ་ཤེལ་ལྟར་དང་ཞིང་གསལ་བའོ། །ཐབས་ཀྱི་དཔེ་ནི་འོད་ཟེར་ལྟ་བུ་སྣང་བའོ། །དེ་དག་གི་དོན ་ནི་ཐབས་ཤེས་རབ་རང་བཞིན་ཏེ། དེ་ཡང་བདག་མེད་མའི་རང་བཞིན་ནི་ཤེས་རབ་ཡིན་ལ། ཐབས་ནི་གནས་སྐབས་ཏེ། རང་བཞིན་ནམ་ཐ་མལ་ལོ། །དེའི་ཕྱིར་གོང་གི་དཔེ་བསྟན་པའོ། །ད་ནི་འཁོར་རྒྱས་པར་བསྟན་པའི་ཕྱིར་འདི་ལྟར་ཐམས་ཅད་རྫོགས་བ་ཉིད་ཅེས་བྱ་བ་ནི་བསྟན ་པའོ། །དེ་ནི་བཤད་པ་སྟེ། ཟླ་བ་ཉི་མའི་རབ་དབྱེ་བས་ཞེས་པ་ནི་རྐྱེན་གཉིས་སོ། །ཱ་ལི་ཤེས་རབ་ཀཱ་ལི་ཐབས། ཞེས་པ་ནི་རྐྱེན་གྱི་རང་བཞིན་ནོ། །ཡི་གེ་དབྱེ་བ་སོ་སོ་ཡིན་ཞེས་པ་ནི་ས་བོན་ནོ། །ཟླ་བ་དང་ཉི་མ་དང་ས་བོན་སོ་སོ་ལས་མཚན་མ་གྲི་གུག། ལྟེ་བ་ལ་ས་བོན་གྱིས་མཚན ་པ་དེ་ལས་སྤྲོས་པ་དང་བསྡུས་ནས་གཅིག་ཏུ་ཞུ་བ་དང། དེ་ནས་སོ་སོའི་སྐུར་བསྐྱེད་པ་མངོན་པར་བྱང་ཆུབ་པ་ལྔ་སྔ་མ་བཞིན་སྦྱར་རོ། །དཀར་མོ་ལ་སོགས་པ་རྡོ་རྗེ་རྣལ་འབྱོར་མ་སྔོན་དུ་ཡོད་ཀྱང། དཀར་མོ་སྔོན་ལས་སྨོས་པ་ནི་ཚོར་བའི་ཕུང་པོ་གཙོ་བོ་འམ་ཕྱིའི་དཀར་མོ་དང ་གཉིས་སུ་བཟུང་བའི་དོན་དུ་སྨོས་པའོ། །འབྲས་བུའི་ལྷ་རྣམས་སོ་སོར་གྲུབ་པའོ། །རེ་ཞིག་ནང་གི་རིམ་པ་ལ་སོགས་པའི་ཚིགས་སུ་བཅད་པ་བཞི་དང་ཡང་ཚིགས་སུ་བཅད་པ་བཞི་དང་གཉིས་དང་རྐང་པ་གཉིས་དང་ཚིགས་སུ་མ་ཅད་པ་གཉིས་ཀྱི་ནི་བསྐྱེད་བ་ལྷ་རྣམས་ཀྱི་གནས་དང་ཆ་བྱད་དང་དེ་ཁོ་ན་ཉིད་དང ་ཡོན་ཏན་དང་ཡོན་ཏན་དང་རྣམ་པར་དག་པས་བཤད་པ་སྟེ་གོ་སླའོ། །སྐྱེད་རིམ་ནི་ཞེན་པ་སྤང་བའི་ཕྱིར་རྫོགས་རིམ་ལ་འཇུག་པའི་ཡན་ལག་དྲུག་གི་རྣལ་འབྱོར་བསྟན་པ་སྟེ། འདིས་ནི་འཁོར་ལོ་རྣམས་བསྒོམས་ནས། དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་ཞེས་པ་ནི་སེམས་དང(རྒྱུད་འགྲེལ་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་དང་སྐུ་གསུང་ཐུགས་དང་སྐྱེ་མཆེད་བྱིན་གྱིས་བརླབ་པ་དང། དབང་བསྐུར་བ་དང་མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་སྟེ། རིགས་པའི་རྣལ་འབྱོར་བསྟན་པ་སྟེ། དེ་ལ་སེམས་གཟུང་བ་ནི་གྲངས་ལ་བསླབ་པ ་དང། དེ་ལ་སེམས་གཟུང་བ་ནི་དབྱིངས་ལ་བསླབ་པ་དང། ཁ་དོག་ལ་བསླབ་པ་དང། ཕྱག་མཚན་དང་རྒྱན་དང་ཆ་ལུགས་ཀྱི་བར་དུ་སེམས་གཟུང་ངོ། །ཕྲ་མོ་ལ་བསླབ་པ་ནི་དང་པོ་ནག་པོར་རབ་ཏུ་བསྒོམ་ཞེས་པ་ལ་སོགས་པ་ནི་སྙིང་གར་ཧཱུཾ་ནག་པོ་ཅིག་།དམར་པོ ་ནི་མགྲིན་པར་ཨོཾ་དོ། །སེར་པོ་ནི་དཔྲལ་བར་ཛྲིཾ་ངོ། །ལྗང་ཁུ་ནི་ལྟེ་བར་ཁཾ་ངོ། །སྔོན་མོ་ནི་ནམ་ཚོངས་སུ་ཧཱུཾ་ངོ། །དཀར་པོ་ནི་སྤྱི་བོར་བུམ་ངོ། །དེ་རྣམས་ནི་དེ་བཞིན་གཤེགས་པ་དྲུག་གི་ངོ་བོ་ཡང་རྫོགས་པའི་རིམ་པ་ལ་འཇུག་པའི་ཡན་ལག་ཏུ་དཀྱིལ་འཁོར་གྱི་ཁ་དོག་རིམ ་པ་དྲུག་ཏུ་ཡང་བསྒོམ་སྟེ་རགས་པ་ལྷའི་ཞེན་པ་སྤོང་ངོ། །རང་བཞིན་དེ་བཞིན་གཤེགས་པ་དྲུག་ཏུ་རྒྱས་གདབ་པའོ། །དགའ་བྲལ་མཐར་ཡང་དེ་བཞིན་ནོ་ཞེས་པ་ནི་ཟབ་པའི་རྣལ་འབྱོར་བསྟན་པ་སྟེ་འོག་ནས་རྒྱས་པར་འཆད་དོ། །ད་ནི་རྫོགས་པའི་རིམ་པ་བཤད་པའི་ཕྱིར ་ཚིགས་སུ་བཅད་པ་གཅིག་དང་ཚིག་རྐང་གཅིག་དང་ཤུགས་ཀྱིས་བསྟན་པ་གཅིག་གིས་ནི་སྡུད་པར་བྱེད་པའི་མཚམས་སྦྱོར་བ་ན་གང་ཞིག་ཆོ་གའི་ཡན་ལག་གིས་ལྷ་བསྒོམ་པ་ནི་བསྐྱེད་པའི་རིམ་པའོ། །ཡེ་ཤེས་སྔོན་དུ་སྐྱེ་བའི་ཐབས་ནི་རྫོགས་པའི་རིམ་པའོ། །ཡང ་ན་རྫོགས་པའི་རིམ་པའི་རྟེན་དུ་གྱུར་པ་དང་བསྐྱེད་པའི་རིམ་པ་བྱིན་གྱིས་རློབ་པས་ཀྱང་མཚོན་ཏེ། བསྐྱེད་པ་དང་བསྐྱེད་པའི་རིམ་པ་རྫོགས་པ་དང་རྫོགས་པའི་རིམ་པ་ནི་མོས་པའི་རྣལ་འབྱོར་ནས་མངོན་པར་བྱང་ཆུབ་པའི་བར་དུ་རིམ་པ་ཁ་དོག་དང་དབྱིབས་ཀྱི་རྣམ་པ་ནི་བསྐྱེད་པའོ། །ལས་ཀྱི་ཕྱག་རྒྱ་ནས་ཕྱག ་རྒྱ་ཆེན་པོའི་བར་དུ་རྫོགས་པའི་རིམ་པའོ།། །ཡེ་ཤེས་དངོས་སུ་ཤར་བ་ནི་རྫོགས་པའོ། །དེ་དག་ནི་དེ་ཁོ་ན་ཉིད་ནི་སྒྱུ་མ་རྣམ་དག་དང་བཞིན་རྣམ་དག་གོ་།དེ་ལྟར་བསྐྱེད་པའི་རིམ་པ་བསྟན་ནས། ད་ནི་རྫོགས་པའི་རིམ་པ་བཤད་པ་ནི་ནམ་མཁའ་ཨི་ཁམས་ནི་ལ་སོགས་པ ་སྔར་གྱི་སྡོམ་དུ་བསྟན་པའི་དོན་གོ་རིམས་བཞིན་དུ་བཤད་པའི་ཕྱིར་ལྷན་ཅིག་སྐྱེས་པའི་དོན་གཉིས་ཏེ། ཤེས་པར་བྱ་བ་དབྱེ་བའི་སྒོ་ནས་ཤེས་པ་དང། བསྐྱེད་ཐབས་ཀྱི་རིམ་པའི་ཉམས་སུ་བླངས་པས་ཤེས་པའོ། །དབྱེ་བ་ལ་མཚོན་བྱ་དང་མཚོན་བྱེད་ཀྱིས་དབྱེ་བ་དང་ངོ་བོ ་ཉིད་ཀྱི་སྒོ་ནས་དབྱེ་བ་དང། རྟེན་གྱི་སྒོ་ནས་དབྱེ་བ་དང། རྣམ་པར་བཞག་པའི་སྒོ་ནས་དབྱེ་བའོ། །དང་པོ་ལ་དྲུག་སྟེ། མཚོན་བྱེད་དོན་དམ་བདེ་བ་འཁོར་ལོའི་ཚུལ་དུ་བདེ་བ་དང་མངོན་སུམ་སྟེ་གསང་བའི་དབང་པོར་སྐྱེས་པའོ། །ཀུན་རྫོབ་དེར་ཁུ་བ་ཐིག་ལེ་ཚོགས་པ་གཅིག ་བའི་ཚུལ་དུ་སྟེ། གཟུགས་དང་རོ་ལྟ་བུར་བུ་རམ་དཔེ་ལྟར་སྐྱེས་པའོ། །མཚོན་བྱེད་ནི་རང་རིག་པ་དེས་དོན་རང་གི་མཚན་ཉིད་ལ་འཇུག་སྟེ་དཔེར་ན་སྤྲིན་གྱི་ཟླ་བ་ཁེབས་པ་དེའི་མཐོང་ནས་སྣང་བ་ལྟར་རྒྱུད་ནས་ཕྱག་རྒྱ་ཆེན་པོ་ལས་ཤེས་པར་བྱེད་དོ། །མཚོན་བྱའི ་དབང་དུ་བྱས་པ་ཀུན་རྫོབ་ལྟ་སྟེ། ཁུ་བ་ལུས་ལ་འབྱུང་བ་གནས་པ་དང་དོན་དམ་དེའི་བདེ་བ་དམྱལ་བ་ཡན་ཆད?་ལ་ཡོད་པའི་བྱང་ཆུབ་སེམས་དེ་དོན་དམ་ལྷན་ཅིག་སྐྱེས་པའོ། །དབྱེར་མེད་སེམས་རང་རིག་པ་བདེ་བ་ལ་མི་རྟོག་པ་སྟེ་དེ་ལྟར་དྲུག་གོ། ་དེ་ཉིད་མཚན་ཉིད་ཀྱི་དབྱེ་ན་གཉིས་ཏེ། ཀུན་རྫོབ་དང་དོན་དམ་མོ། །དེ་ལ་མཚོན་བྱེད་རིལ་ཀུན་རྫོབ་མཚོན་བྱ་རིལ་དོན་དམ་མོ། །རྟེན་གྱི་སྒོ་ནས་དབྱེ་བ་ལ་བཞི་སྟེ། ཤེས་རབ་བུད་མེད་ལ་གཉིས་ཐབས་སྐྱེས་བུ་ལ་ཡང་གཉིས་ཏེ་དོན་དམ་དང་ཀུན་རྫོབ ་གཉིས་ཏེ་གཞིའོ། །རྣམ་པར་བཞག་པ་ལ་བཞི་སྟེ་དགའ་བ་བཞི་ལ་ལྷན་སྐྱེས་སུ་བྱས་ཏེ། སྐད་ཅིག་བཞི་ནི་ཡངས་པའི་ཚུལ་དང། དགའ་བ་བཞི་ཐོབ་པའི་ཚུལ་ལོ། །སྐྱེད་ཐབས་ནི་སློབ་དཔོན་གྱི་མན་ངག་གིས་དབང་གསུམ་པ་བསྟན་པས་རྟོག་པ། ་གཅོད་པ་སྟེ། བདེ་བ་མངོན་སུམ་དུ་འབྱུང་མི་རྟོག་པ་རྗེས་སུ་དཔག་པའི་ཚུལ་དུ་སྐྱེའོ། །ནམ་མཁའ་ཨི་ཁམས་ནི་པདྨ་ལ་ཞེས་པ་ནི་ཤེས་རབ་ཀྱི་གསང་བའི་གནས་སོ། །བྷ་ག་ཞེས་པ་ཡང་ཡེ་ཤེས་བརྗོད་ཅེས་པ་ནི་ཐབས་ཀྱི་གསང་བའི་གནས་སོ། །སྙོམས ་འཇུག་ནི་ཨོཾ་པདྨ་མ་ཧཱ་སུ་ཁ་ལ་སོགས་པས་བྱིན་གྱིས་བརླབ་པའི་ཆོས་དང་ལྡན་པའོ། །བདེ་བ་ནི་མཚོན་བྱེད་དོན་དམ་ལྷན་ཅིག་སྐྱེས་པའོ། །འཁོར་ལོ་ནི་གཅོད་ཅིང་སྦྱོང་བས་ཤེས་རབ་སྟོང་པ་ཉིད་ཟུར་ལ་སྐྱེའོ། །སྔོན་འགྲོ་ཞུ་བ ་འམ་མན་ངག་གི་ཤུགས་ཀྱིས་བསྟན་པ་ནི་མཚོན་བྱེད་ཀུན་རྫོབ་ལྷན་ཅིག་སྐྱེས་པའོ། །རིགས་པ་ཇི་བཞིན་རང་རིག་ནི་མཚོན་བྱེད་དབྱེར་མེད་རང་རིག་གསལ་བའོ། །ལྷ་བྱང་ཆུབ་སེམས་ནི་མཚོན་བྱ་དོན་དམ་ལྷན་ཅིག་སྐྱེས་པའོ། །ཇི་ལྟར་འབྱུང་བ་ཞུ་བ ་ནི་མཚོན་བྱ་ཀུན་རྫོབ་ལྷན་ཅིག་སྐྱེས་པ་རྣམ་པ་གཉིས་ནི་གཉིས་མེད་དེ་མཚོན་བྱ་ལྷན་སྐྱེས་སོ། །དེ་དག་ནི་གཞན་ལུས་ཤེས་རབ་ལ་བརྟེན་པའོ། །ཡང་ན་ནམ་མཁའ་ཨི་པདྨ་ནི་ལྟེ་བའི་པདྨ་སྟོང་པའོ། །བྷ་གའི་ཡེ་ཤེས་ནི་ཡེ་ཤེས་ཀྱི་སྐལ་བ་དང་ལྡན་པས་བྷ ་ག་སྟེ། །བདེ་ཆེན་གྱི་གནས་སོ། །སྒོམ་པ་སྙོམས་འཇུག་ནི་འོག་དང་སྟེང་དུ་འོད་ཟེར་དང། ཐིག་ལེའི་ཚུལ་དུ་རྒྱུ་བའོ། །དེའི་བདེ་བ་ནི་འཁོར་ལོ་བཞིའི་ལམ་ནས་སོ། །སྔོན་འགྲོ་ཞུ་བ་ནི་རྟེན་སྔོན་དུ་འགྲོ་བ་ནི་ཞུ་བས་སོ། །ཇི་ལྟར་རིགས་པར་རིག་ནི་བརྟེན ་པའི་ཆོས་བདེ་བ་རང་རིག་ཏུ་ཉམས་སུ་མྱོང་བའོ། །ལྷ་བྱང་ཆུབ་སེམས་ནི་མ་ཞེན་པར་རྣམ་པར་རོལ་བའོ། །ཞུ་བ་ནི་ཡང་རྟེན་སྔོན་དུ་འགྲོ་བའོ། །ལྷན་སྐྱེས་རྣམ་གཉིས་ནི་གཉིས་མེད་དོ། །དེ་དག་ནི་མཚོན་ཆ་མཚོན་བྱེད་དུ་ལྷན་ཅིག་སྐྱེས་པ་ཡང་སྔ་མ ་ལྟར་བཤད་དོ། །དེ་ནི་རང་ལུས་ཐབས་ལ་བརྟེན་པའོ། །བརྟེན་པ་ཆོས་ནས་འཇུག་པའི་ཕྱག་རྒྱ་ཆེན་པོ་ནི་ནམ་མཁའ་ཨི་ཁམས་ནི་པདྨ་ལ་ཤེས་རབ་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའོ། །བྷ་ག་ནི་ཐབས་སྣང་བ་བསྒོམ་པའོ། །དེ་གཉིས་ཀྱིས་འཁོར ་ལོ་དེ་གཅོད་ཅིང་སྦྱོད་བར་བྱེད་དོ། །དེ་ཁོ་ན་བྱང་ཆུབ་ཀྱི་སེམས་མོས་པ་ཙམ་དུ་བསྒོམ་བསྒོམ་པར་བྱའོ། །ཡང་ནམ་མཁའ་ཨི་ཁམས་ནི་པདྨའི་སྐུད་པ་དང་འདྲ་བ། ནང་ཁོང་སྟོང་ཕྱག་རྒྱ་ཆེན་པོའི་རྟེན་ནོ། །བྷ་ག་ཡེ་ཤེས་ནི་དེར་ཡེ་ཤེས་རང་འབར ་བའོ། །སྒོམ་པ་སྙོམས་འཇུག་ནི་དབང་པོ་དང་བའི་ཐབས་སོ། །དེའི་བདེ་བ་ཐབས་སོ། །འཁོར་ལོ་ནི་ཤེས་རབ་པོ། སྔོན་འགྲོ་ཞུ་བ་ནི་དེའི་རྟེན་ནོ། །རིགས་པ་རང་རིགས་ནི་དབྱེར་མེད་དོ། །བྱང་ཆུབ་སེམས་ནི་མཚོན་བྱ་ཤེས་རབ་བོ། །ལྷ་རྣམས་ནི་ཐབས་སོ། །འབྱུང་བ་ཞུ་བ་ནི་མཚོན ་བྱའི་རྟེན་ཏོ། །ལྷན་ཅིག་སྐྱེས་པ་རྣམ་པ་གཉིས་ནི་མཚོན་བྱ་དབྱེར་མེད་དོ། །ཕྱག་རྒྱ་ཆེན་པོ་ལ་ཇི་ལྟར་མཚོན་བྱ་མཚོན་བྱེད་དུ་འགྱུར་ཞེ་ན། བླ་མའི་མན་ངག་གི་སྟོབས་སམ། ཕྱག་རྒྱ་ཆེན་པོ་དབང་བསྐུར་གྱིས་ཁུ་བ་ཐིག་ལེ་ཀུན་རྫོབ། བདེ་བ་དོན་དམ་རང་རིག་དབྱེར་མེད། མཚོན་བྱ་ནི ་རྟེན་དབང་པོ་ཁྱད་བར་ཅན་མཇལ་མཚོན་ལྟ་བུའི་ཐིག་ལེ་ནི་ཀུན་རྫོབ། ཟབ་པ་མེད་པའི་བདེ་བ་དོན་དམ། རང་རིག་མཚན་ཉིད་གསུམ་དང་ལྡན་པ་གསུམ་དང་བྲལ་བ་དབྱེར་མེད་པར་བྱུང་གི་ཡེ་ཤེས་སོ། །བཤད་པ་དེ་རྣམས་ནི་སྐབས་འདིར་ལྷན་ཅིག་སྐྱེས་པ་གཏན་ལ་དབབ་པར ་ཡང་འགྲོའོ། །སྒོམ་པར་ཡང་འགྲོ་སྟེ་སྔོན་དུ་འགྲོ་པ་དང། རྟགས་རྣམས་སྔ་མ་བཞིན་དུ་སྦྱར་རོ། །ད་ནི་དབྱེ་བའི་རྣམ་པར་བཞག་པ་བསྟན་པའི་ཕྱིར། །ཚིགས་སུ་བཅད་པ་གཉིས་ཏེ་གོ་སླའོ། །དེ་ཉིད་ཕྱིར་ན་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་དབྱེ་བའི་ཕྱིར། དགའ་བ་བཞིའི་རབ་དབྱེ་བ་ཞེས ་པ་ནི་དགའ་བ་ལ་ཡང་བཞིར་དབྱེ་བའོ། །དེ་ཅིའི་ཕྱིར་ཞེ་ན། རྫོགས་པའི་རིམ་པའི་ཕྱོགས་ལས་ཞེས་པ་ནི་དེའི་དབང་དུ་བྱེད་པའི་ཕྱིར་རོ། །དེ་ལྷན་ཅིག་སྐྱེས་པ་རྣམ་པ་བཞི་ཞེས་པ་ནི། ལྷན་ཅིག་སྐྱེས་པ་དང་དགའ་བ་དེ་སྦྱར་བའོ། །དེ་དག་ཇི་ལྟར་ཞེ་ན་དགའ་བ་ལས་ནི་དང་པོའོ། །དཔའ་བོ ་ཉིད་ནི་སྐྱེས་བུ་ཐབས་ཀྱི་ལྷན་སྐྱེས་སོ། །མཆོག་ཏུ་དགའ་བ་གཉིས་པའོ། །རྣལ་འབྱོར་མའི་བཙུན་མོ་ཤེས་རབ་ཀྱི་ལྷན་སྐྱེས་སོ། །ཤིན་ཏུ་བདེ་དགའ་ནི་དགའ་བྲལ་གྱི་གསུམ་པའོ། །ཐམས་ཅད་ནི་ངེས་ནི་ཀུན་རྫོབ་ལྷན་སྐྱེས་མཚོན་བྱེད་ལྷན་སྐྱེས་སོ། །དེ་བདེ་ཐབས་ལས་ནི་དགའ་ ་བས་ལྷན་སྐྱེས་ཏེ་བཞི་པའོ། །ཐམས་ཅད་རིག་ནི་དོན་དམ་པ་འམ་མཚོན་བྱ་ལྷན་ཅིག་སྐྱེས་པའོ། །ད་ནི་ལྷན་ཅིག་སྐྱེས་པའི་བསྒོམ་བྱའི་རིམ་པ་རྒྱུ་དང་རྐྱེན་དང་འབྲས་བུའི་གནས་སྐབས་ཀྱིས་བསྟན་པའི་ཕྱིར། དགའ་བ་བདེ་བ་ཅུང་ཟད་དེ་ཞེས་བྱ་བ་ནི་བདེ་བ་རང་གི་མཚན་ཉིད ་མ་ཡིན་པའི་ཕྱིར་རོ། །མཆོག་དགའ་ལྷག་མ་ནི་ཤེས་པ་རང་རིག་གིས་མཚན་ཉིད་ལ་སྒྲོ་བཏགས་པའོ། །དགའ་བྲལ་ཆགས་བྲལ་ནི་གཉུག་མ་ལས་ཉམས་པའི་ཕྱིར་རོ། །ལྷག་མ་ནི་ཡོངས་སུ་ལྷག་མ་སྟེ་དེ་གསུམ་ཆར་གྱི་རྣམ་པའི་མཆོག་དང་ལྡན་པས་སོ ་ཡང་དང་པོ་རེག་པར་འདོད་པ་ནི་རྟེན་ཤེས་རབ་མ་སྟེ་གཉུག་མ་ཡུལ་དུ་བྱས་པས་སོ། །གཉིས་པ་བདེ་བ་འདོད་པ་ནི་ཡིད་ཀྱི་ཡུལ་ལ་ཚིམ་པ་མེད་པའི་ཕྱིར་རོ། །འདོད་ཆགས་འཇིགས་པ་ཡང་གཉུག་མ་ལས་ཉམས་པའོ། །བཞི་པ་བསྒོམ་པ་ནི་དགའ་བ་གསུམ་གྱིས་རྣམ་པར ་ལྷན་ཅིག་སྐྱེས་པའི་རོར་བྱས་པའི་ཕྱིར་རོ། །རང་གི་རྒྱུ་དང་གཞན་གྱི་རྐྱེན་གྱི་འབྲས་བུ་སྐྱོན་དང་ཡོན་ཏན་ཅིར་འགྱུར་ཞེ་ན། མཆོག་དགའ་སྲིད་པ་ཞེས་པ་ནི་ཞེན་ཅིང་ཆགས་པའོ། །དགའ་བྲལ་མྱ་ངན་ནི་ཉན་ཐོས་ལྟ་བུའོ། །དབུ་མ་དགའ་བ་ནི་བཏང་སྙོམས་ཀྱི་འབྲས་བུའོ། །ལྷན་ཅིག ་སྐྱེས་པ་འདི་དག་སྤངས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར་རོ། །འོ་ན་ལྷན་ཅིག་སྐྱེས་པ་ཅི་ཞེ་ན། འདོད་ཆགས་མེད་ཅིང་གཉུག་མའི་མཚན་ཉིད་གྲུབ་པ་སྟེ། མཆོག་དགའ་ནི་རྣམ་པར་མི་རྟོག་པའོ། །ཆགས་བྲལ་མེད་པ་ནི་རང་གི་མཚན་ཉིད་ལས་མཉམས་པ་སྟེ། ་དགའ་བྲལ་དུ་མི་རྟག་པའོ། །དབུས་མར་མི་དམིགས་པ་ནི་བདེ་བ་བཏང་སྙོམས་སུ་མི་གནས་པ་སྟེ། དགའ་བྲལ་མི་རྟོག་པའོ། །དེ་དག་ནི་རང་གི་རྒྱའོ། །འདི་ལ་ནི་ལྷན་སྐྱེས་སོ། །ཐབས་ནི་སྐྱེས་བུའི་བྱེད་པ་མཆོག་དགའ་ཨོ། །ཤེས་རབ་ནི་བཙུན་མོའི་བྱ་བ་དགའ་བྲལ་ལོ། །དེ་གཉིས་ཀའི་དགའ་བ ་སྟེ་དག་འབྲལ་ལོ། །ཡང་དག་དེ་ཉིད་སྣང་བ་ནི་འབྲས་བུ་འཁོར་བ་དང་ཞི་བ་དབྱེར་མེད་པའི་མི་གནས་པའི་མྱ་ངན་ལས་འདས་པའོ། །འོ་ན་ལྷན་ཅིག་སྐྱེས་པ་དེ་རྒྱུད་ལ་ཇི་ལྟར་སྐྱེ་ཞེ་ན། བདེན་ཏེ་རོ་མཉམ་པ་འམ་ལྟ་བའི་རོ་མཉམ་པ་སྟེ། ཤུགས་ལས་རོ་མཉམ་བསྒོམས་པས་བདེ་བ ་མངོན་སུམ་དུ་སྐྱེ་སྟེ། གཞན་གྱིས་བརྗོད་མིན་ཞེས་པ་ལུང་དང་བླ་མས་སོ། །གང་དུ་མི་རྙེད་པ་ནི་ཆོས་གང་ལ་མི་གནས་པའོ། །འོན་ཀྱང་བླ་མའི་དུས་ཐབས་བསྟེན་པས་ཏེ་ཕྱག་རྒྱ་ཆེན་པོའི་མན་ངག་ལས་སོ། །བདག་གི་བསོད་ནམས་ཞེས་པ་ནི་རང་གི་ནང་ནས་སྣང་བའི་བྱིན་གྱིས ་བརླབས་པའོ། །ད་ནི་དབང་པོ་རང་སྣང་གི་མན་ངག་བསྟན་པའི་ཕྱིར། དམན་དང་འབྲིང་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་བསྟན་པ་དང། ཚིགས་སུ་བཅད་པ་གསུམ་གྱིས་བཤད་པ་སྟེ། དམན་པ་ངན་པ་འམ་ཕྲ་བ་ཡང་ན་རགས་པ་དང་ཕྲ་བ་འབྲིང་ངོ ་མཆོག་ནི་བཟང་བ་འམ་རིགས་པ། འབྲིང་ནི་གཉིས་ཀ་མ་ཡིན་པའོ། །ཡང་བལྟོས་ནས་གསུམ་དུ་བཤད་དོ། །སྒྲ་ཡང་སྙན་པ་དང་མི་སྙན་པ་གཉིས་ཀ་ལ་བརྟེན་པའོ། །དེ་བཞིན་དུ་དྲི་རོ་རེག་བྱ་ལ་ཡང་སྦྱར་རོ་དེ་ཡང་ཚིགས་སུ་བཅད་པ་ཕྱེ་དང་གཉིས་ཀྱིས་ནི་ལྟ་བ་བདག་མེད་པར ་བཤད་ལ། །ཡང་ཚིགས་སུ་བཅད་པ་གཅིག་དང་ཚིག་རྐང་པ་གཅིག་གིས་ནི་སྒོམ་པ་བདེ་བའི་རྣམ་པ་བཤད་དོ། །དོན་འདི་ཡིས་བརྗོད་པར་བྱ་ཞེས་པ་ནི་དེ་དག་གིས་བསྡུས་པ་སྟེ། ཆོས་ཀུན་དབང་པོ་རང་སྣང་དུ་བྱིན་གྱིས་བརླབ་པའི་ཚེ་ལྟ་བ་སྤྱིའི་མཚན་ཉིད་དང། སྒོམ་པ་རང་གི ་མཚན་ཉིད་གྱུར་པའོ། །དེ་ནི་ཆེ་བའི་བདག་ཉིད་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་གཉིས་ལས་གཅིག་གི་ནི་ཤེས་བྱ་ལྷན་ཅིག་སྐྱེས་པའི་ཡོན་ཏན་ཡིན་ལ། ཡང་གཅིག་གིས་ནི་ཉམས་སུ་བླངས་པའི་ཡོན་ཏན་ནོ། །ད་ནི་སྤྱོད་ལམ་དང་བསྲེ་བའི་མན་ངག་བསྟན་པའི་ཕྱིར། ཚིགས་སུ་བཅད ་པ་གཅིག་སྟེ། དེ་ཡང་གོ་རིམ་ཅུང་ཟད་དཀྲུགས་ནས་ཕྱག་རྒྱ་ཆེན་པོ་མངོན་འདོད་པ་ནི་སྔར་བཞིན་དུ་མན་ངག་ཤེས་པས་སོ། །བཟའ་བཏུང་ནི་ལྷན་ཅིག་སྐྱེས་པའི་རོའོ། །ཁྲུས་ནི་དབང་དུ་མོས་པའོ། །སད་པ་ནི་ཐབས་ཀྱིས་སོ། །ཉལ་བ་ནི་ཐབས་ཀྱི་སྙོམས་པར་འཇུག་པའོ། །དེས་ནི ་སྔོན་དུ་འགྲོ་བ་ནི་རྫོགས་རིམ་ལྷག་པར་མོས་པ་རྒྱུན་མི་འཆད་པའོ། །ད་ནི་བསྒོམ་པ་བསྟན་པའི་ཕྱིར་ཡིད་ཀྱི་མི་བསྒོམ་པ་ནི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །ཆུ་འཛིན་ནམ་མཁའ་དང་འདྲ་བ་ཡུལ་མེད་པ་འདི་ཡང་སྟེ་དེ་ཡང་བྲིད་པའི་ཐབས་ཀྱིས་བྱའོ། །དེ་ནས་ཕྱག་རྒྱ་ཆེན་པོ་བསྒོམ་སྟེ། ་ཡིད་དྭངས་པ་ཙམ་ནམ་ཡིན་ནོ། །འགྲོ་བ་ཐམས་ཅད་བསྒོམ་པ་ནི་ལུས་ཅན་ཐམས་ཅད་ལ་ཕྱག་རྒྱ་ཆེན་པོ་ལྡན་སོ། ཐམས་ཅད་ཆོས་ནི་ཡོངས་ཤེས་ནི་དེར་ཟག་པ་མེད་པར་འབའ་ཞིག་ཏུ་སྣང་བའི་ཕྱིར་རོ། །དེ་བསྡུ་བའི་ཕྱིར་བསྒོམ་དུ་མེད་པ་ཉིད་ནི་རྣམ་པར་རྟོག་པ་མདུན་ན་གནས་པས་སོ། །སྒོམ་པ ་པོ་ནི་ཡེ་ཤེས་ཆེན་པོ་རྒྱབ་ན་གནས་པ་སྟེ། དེ་དག་ནི་བདེ་བ་ཆེན་པོ་སྒོམ་པའི་ཐབས་སོ། །ཤེས་པ་མེད་པར་བསྟན་པའི་ཕྱིར་བརྟན་གཡོའི་དངོས་པོ་ནི་ཀུན་གཞིར་གྱུར་པའོ། །རྩ་ལྕུག་ལ་སོགས་པ་ནི་དེར་གནས་པའི་ཆོས་ཅན་དེ་བདེ་བར་མཚོན་པའོ། །བདག ་གི་རང་བཞིན་ལས་ནི་ལྷན་ཅིག་སྐྱེས་པའི་བདེ་བའི་རང་བཞིན་ནོ། །དམ་པ་དེ་ཉིད་ཟག་པ་མེད་པའི་བདེ་བ་དང་སྦྱར་རོ། །དེས་བསྒོམ་ནི་བླ་མ་བརྒྱུད་པ་འམ་ཉམས་སུ་མྱོང་བ་གཅིག་པའོ། །དེ་རྣམས་ནི་སྔར་གྱི་ཆོས་ཅན་དེ་རྣམས་སོ། །གཅིག་ཉིད་ནི་བདེ་བའི་རོས་སོ། །གཞན་ཡོད་མིན་ནི་སྣ ་ཚོགས་མེད་ཅིང་སྟོང་པར་བྱས་བའོ། །ད་ནི་དབྱེར་མེད་ཀྱི་འབྲས་བུ་བསྟན་པའི་ཕྱིར་ཚིག་རྐང་གསུམ་སྟེ་རང་རིག་བདེ་ཆེན་ནི་རང་རིག་ཐབས་བསྡུས་པའོ། །རང་རིག་ཕྱིར་ན་བསྒོམ་པ་ནི། དབྱེ་མེད་ཕྱིར་དེ་ཁོ་ན་བསྒོམ་པའོ། །ད་ནི་ལྟ་བ་མངོན་རྟོགས་ཀྱང་བསྟན་པའི་ཕྱིར། རང་གིས་རིག ་པ་ནི་གཉུག་མའི་རང་བཞིན་ནོ། །འགྱུར་བ་ནི་ཐ་མལ་གྱི་གནས་སྐབས་སོ། །དམན་པ་འམ་བརྟགས་པ་ནི་གནས་སྐབས་ཀྱི་མངོན་པར་ཞེན་པའོ། །ལས་ནི་བརྟགས་པ་སྟེ་དགེ་བ་དང་མི་དགེ་བའོ། །འཕྲོག་པ་འམ་སྡུད་པ་ནི་སྡུག་བསྔལ་ལོ། །དབྱེ་བ་ནི་བདེ་བའོ། །རང་རིག་ནི་གཉུག་མ ་དེ་ཉིད་ནི་དེའི་གནས་སྐབས་ཀུན་ཏུ་འགྱུར་བས་རྒྱལ་པོ་དང་གཙོ་བོ་ལྟ་བུ་རྒྱུ་བྱེད་དོ། །འོ་ན་རང་རིག་པ་གཉུག་མའི་ཆོས་དེ་དང། དམན་པ་བློ་བུར་བ་གཉིས་ཐ་དད་དམ་ཐ་མི་དད་ཅེ་ན། འགྲན་ཐུབ་པས་ཇི་ལྟར་སྤང་དུ་བཏུབ། ཐ་མི་དད་ན་ནི་འོ་ན་རྣམ་པར་དག་པའི་ཆོས་སུ་འགྱུར་རམ་དྲི་མའི ་ཆོས་སུ་འགྱུར་རྣམ་པར་དག་པའི་ཆོས་སུ་འགྱུར་ན་ནི་འབད་པ་མེད་པར་གྲོལ་བར་འགྱུར་ཏེ་ངོ་བོ་ཉིད་ཀྱིས་དག་པའི་ཕྱིར་རོ། །མ་དག་པའི་རང་བཞིན་དུ་འགྱུར་ན་ནི་འབད་བ་འབྲས་བུ་མེད་པར་འགྱུར་ཏེ། ངོ་བོ་ཉིད་མ་དག་པའི་ཕྱིར་རོ། །དཔེར་ན་སོལ་བ་བརྡར་ཀྱང་དཀར་པོ་མི་འོང་བ ་བཞིན་ནོ། །དེ་སྐད་དུ་ཡང། གལ་ཏེ་རྣམ་དག་ངམ་གྱུར། །འབད་པས་འབྲས་བུ་མེད་པར་འགྱུར། །གལ་ཏེ་ཉོན་མོངས་དེ་མ་གྱུར། །འབད་པ་མེད་པར་གྲོལ་བར་འགྱུར་ཞེས་ཟེར་བ་ལ་དེ་ནི་དེ་ལྟར་མི་བལྟ་སྟེ། རང་བཞིན་རྣམ་པར་དག་པ་དང། དྲི་མ་བློ་བུར་གཉིས་གཅིག་པ་དང། ཐ་དད་པ་མ་ཡིན ་ཏེ། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཡིན་པས་སྔ་མའི་སྐྱོན་མི་འོང་ལ། རང་བཞིན་རྣམ་པར་དག་པ་ཡིན་པས་འབད་པ་དོན་མེད་པར་ཡང་མི་འགྱུར། དེ་སྐད་དུ་ཡང་རང་བཞིན་ཉིད་ཀྱིས་རྣམ་པར་དག་།དྲི་མ་རྣམས་ནི་བློ་བུར་པ། གཞན་ཡང། ཆུ་ཁམས་གསེར་དང་ནམ་མཁའ་བཞིན། ་དག་པ་གཉིས་པས་དག་པར་འདོད། །ཅེས་གསུངས་སོ། །འོན་ཀྱང་དྲི་མ་བླ་བུར་བ་ཡིན་པས་སྣ་ཚོགས་པའི་རྟོག་པ་མི་འཇུག་ལ། བློ་བུར་ཙམ་སྤང་བའི་ཐབས་ནི་དགོས་ཏེ། འོག་ནས་བཞིན་ལག་ཁ་དོག་གནས་པ་ནི། །བསྐྱེད་པ་ཙམ་གྱིས་རྣམ་པར་གནས། །འོན་ཀྱང་བག་ཆགས་ཕལ ་པས་སོ། །རང་བཞིན་གྱིས་ནི་མྱ་ངན་འདས་ཞེས་གསུངས་སོ། །ད་ནི་གཉིས་མེད་རང་རིག་ཏུ་བསྟན་ནས་བདེ་བ་ཆེན་པོ་བསྟན་པའི་ཕྱིར་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ལྔའི་བདེ་བ་ནི་མཚོན་བྱེད་ལྷན་ཅིག་སྐྱེས་པ་ལས་ཀྱི་ཕྱག་རྒྱ་ལ་ཡོད་པའོ། །དེ་ནས་ཉམས་དགའ་བཞི་མཚོན་བྱ ་སྟེ་ཕྱག་རྒྱ་ཆེན་པོ་ལ་གནས་པའོ། །བཅུ་དྲུག་ཆ་ནི་ཟླ་བ་བཅུ་དྲུག་པ་ཚེས་གཅིག་དང། གཉིས་ལ་སོགས་པས་མི་བསྐྲུན་པའམ། ཡང་ན་ཉོན་མོངས་པ་དང་བཅས་པའི་དགའ་བ་བཅུ་དྲུག་བསྡུས་པ་ནི་ཕྱག་རྒྱ་ཆེན་པོའི་ལྷན་སྐྱེས་ཏེ་རེ་རེའི་ཆས་མི་ཕོད་དོ། །ད་ནི་རང་རིག་མི་རྟོག་པ་དང ་བཅས་པ་ཅི་ཞེ་ན། དེ་ཡང་ཡིད་ཀྱི་རྒྱུ་བ་ཉོན་མོངས་དང་བྲལ་བ་སྟེ། དེ་ཉིད་ཀྱི་ཤུགས་ཀྱིས་བསྟན་ཏོ། །ད་ནི་དབྱེར་མེད་དེ་བཤད་པའི་ཕྱིར་ཆོས་འབྱུང་ནི་ཤེས་རབ་ལྷ་མོ་བླ་ན་མེད་པའོ། །ཡེ་ཤེས་སྐྱེས་པ་ནི་དེར་ཡེ་ཤེས་རང་འབར་བའོ། །ཇི་ལྟ་བུ་ཞེ་ན། མཁའ་མཉམ་སྟེ་མི་རྟོག ་པའོ། །ཐབས་ནི་བདེ་བའོ། །ལྷན་ཅིག་སྐྱེས་པ་ནི་རོ་གཅིག་པའོ། །ཐབས་དང་ཤེས་རབ་རང་བཞིན་ནོ། །རོ་གཅིག་པ་དེ་ལས་སོ། །འཇིག་རྟེན་གསུམ་པོ་ནི་ཁམས་གསུམ་མམ་སྐུ་གསུམ་མོ། །དེ་ལས་སྐྱེས་ནི་ལྷན་ཅིག་པ་ལས་སོ། །དེ་ཡང་ཞུ་བ་ནི་རྣམ་པ་ནི་ཀུན་རྫོབ་ཀུན་ད་ལྟ་བུའོ ་བཅོམ་ལྡན་ནི་ཧེ་རུ་ཀ་སྟེ་ལོངས་སྐུའོ། །བདེ་བ་ནི་དོན་དམ་མོ། །གདོད་མ་ནི་བདག་མེད་མ་སྟེ་ཆོས་སྐུའོ། །དེ་དག་མཇུག་བསྡུ་བའི་ཕྱིར་གཅིག་དང་དུ་མ་བྲལ་བ་ནི་ཡིད་ཀྱི་རྒྱུ་བ་ཉོན་མོངས་པའི་བདེ་བ་དང་བྲལ་བ་སྟེ་མི་རྟོག་པའོ། །སྐད་གཅིག་གཅིག་ནི་སྐད་ཅིག་དང་བྲལ་བའི་མི་འགྱུར ་བ་གཅིག་པ་སྟེ། ཕྱག་རྒྱ་ཆེན་པོ་རང་འབྱུང་བའོ། །མཆོག་དགའ་ནི་འབའ་ཞིག་ཏུ་དགའ་བ་སྟེ། བདེ་བའོ། །རང་རིག་པ་ནི་སེམས་སོ། །ཡེ་ཤེས་འདི་ནི་འདི་ཉིད་བདེ་བ་དང། མི་རྟོག་པ་དབྱེར་མེད་པའི་ཡེ་ཤེས་སོ། །ཡང་འདི་ཞེས་པ་ནི་འབྲས་བུ་ཡང་བསྟན ་པའི་ཕྱིར། །ངག་གི་ལམ་འདས་ནི་རྟོག་པ་དང་བརྗོད་པའོ། །སྤྱོད་ཡུལ་ནི་གཉུག་མའི་དབང་པོའོ། །བྱིན་བརླབས་རིམ་པ་ནི་རང་བྱིན་གྱིས་བརླབས་པའི་རིམ་པའོ། །ཀུན་མཁྱེན་ཡེ་ཤེས་ནི་ས་བཅུ་གསུམ་དང་མཚུངས་པའོ། །དེ་ཡང་སངས་རྒྱས་དང་མཉམ་ནས་སོགས་པས་མི ་གནོད་དམ་ཞེ་ན། ཡིས་བརྟག་པ། མི་གནོད་པར་བསྟན་པའི་ཕྱིར། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་བརྟགས་པ་སྨིན་པའོ། །རང་བཞིན་རིག་པའི་ཚོར་བ་འམ་དབྱེ་བ་མི་རྟོག་པའོ། །ཀུན་ནི་རྟོག་པས་རྟགས་པ་ཀུན་ནོ། །སྐད་ཅིག་ནི་ཡེ་ཤེས་ཉིད་དོ། །མི་གནོད་པ་འམ་མི་འཆིད་བ ་དེས་མི་གདོན་པས་སངས་རྒྱས་དང་འདྲའོ། །ཡང་སྤྲུལ་ཞིང་བསྒྱུར་བ་ནུས་སམ་ཞེ་ན། མཐོ་རིས་མི་ཡུལ་རྐང་འོག་ཏུ་ཞེས་བྱ་བ་ནི་ས་བླ་ས་འོག་ས་སྟེང་གསུམ་མོ། །སྐད་ཅིག་ནི་འདོད་ན་དེ་མ་ཐག་གོ་།གཟུགས་གཅིག་གམ་ནི་གང་ཡང་རུང་བར་རོ། །འགྱུར་བ་ནི་སྤྲུལ་ཞིང་བསྒྱུར་བའོ། ་དེ་དག་གིས་ནི་བརྟགས་པས་མི་གནོད་ཤིང་སྤྲུལ་པར་བསྟན་ནས། ང་ནི་རྟོག་པས་ཡང་མི་གདོན་པ་སྟོན་ཏེ། རང་གཞན་ཆའི་རྣམ་རྟོག་གིས་གཟུང་འཛིན་ནམ་རང་གཞན་གྱི་རྣམ་པར་རྟོག་པའོ། །མི་གནོད་པ་འམ་མི་འཆིང་བ་ནི་མ་སྐྱེས་པའི་ཕྱིར་བཅུ་གསུམ་པ་དང་མཚུངས་སོ། །དེ་ནི་ལམ ་གཉིས་གསང་བ་ཐུན་མོང་མ་ཡིན་པར་བསྟན་པའི་ཕྱིར། ཐམས་ཅད་རིག་བྱེད་ནི་བྲམ་ཟེ་ལ་སོགས་པའི་འཇིག་རྟེན་པའོ། །གྲུབ་མཛའ་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཕ་རོལ་ཕྱིན་པའོ། །ལས་རྒྱས་ལ་སོགས་པས་ནི་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་གྱི་རྒྱུད་དོ། །དག་པའི་དངོས ་གྲུབ་མི་གྲུབ་པ་ནི་དེ་དག་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མི་སྐྱེ་བས་སོ། །རང་རང་གི་འབྲས་བུའི་དངོས་གྲུབ་ཡོད་དོ་ཞེ་ན། ཕྱག་རྒྱ་ཆེན་པོ་བསྐྱེད་རིམ་ཉུང་ལྔ་དེ་ལ་བརྟེན་ནས། གཉུག་མའི་དབང་པོར་མ་སྐྱེས་བར་དུ་ཡིད་ཀྱིས་བརྟགས་པའི་འབྲས་བུ་ཐོབ་ཀྱང་ཡང་ནི་སྲིད་པར ་སྐྱེ་བར་འགྱུར་རོ། །དེའི་ཕྱིར་འཇིག་རྟེན་འདིའི་ཚེ་འདིའོ། །ཕ་རོལ་ནི་སྐྱེ་བ་གཞན་དུའོ། །དེ་མེད་པས་ནི་ལམ་གཉིས་སོ། །དངོས་གྲུབ་མེད་ནི་ཐབས་དང་ཤེས་རབ་དབྱེར་མེད་དོ། །ད་ནི་རྣལ་འབྱོར་བླ་མའི་རྒྱུད་དག་ལས་ཀྱང་བླ་ན་མེད་པའི་རྒྱུད་ཁྱད་པར་དུ་བསྟན་པའི་ཕྱིར། གང་གིས་མི་ཤེས་པ ་ནི་བླ་མའི་རྒྱུད་ཤེས་པས་ཀྱང་ངོ། །ཀྱེའི་རྡོ་རྗེ་ནི་ལྷན་སྐྱེས་སྟོན་པའི་རྒྱུད་དོ། །དེ་ནི་དེ་རྣམས་སོ། །ངལ་བ་ནི་བླ་མའི་རྒྱུད་ཤེས་པའོ། །དོན་མེད་ནི་རྣལ་འབྱོར་རྒྱུད་ལ་སོགས་པ་གཞན་དག་གོ་།ཡང་རལ་བ་ནི་ཕ་རོལ་ཏུ་ཕྱིན་པ་དང་གྲུབ་མཛའ་རྣམས་སོ། །དོན་མེད་པ་ནི་མུ་སྟེགས་པའོ། །མི ་ཤེས་པ་ནི་བྱ་བའི་རྒྱུད་ནས་བླ་མའི་རྒྱུད་མན་ཆད་དོ། །འོན་ཀྱང་བླ་མའི་རྒྱུད་ལས་ཀྱང་ཇི་ལྟར་ཁྱད་པར་དུ་འགྱུར་ཞེ་ན་དེ་དག་གིས་ནི་དོན་དམ་པ་བྱང་ཆུབ་སེམས་ཀྱི་ཆེ་བའི་བདག་ཉིད་སྟོན་ལ། འདིར་ནི་བསྐྱེད་པའི་རིམ་པ་ཉུང་ལྡན་ཆགས་པ་དང་མ་རུངས་པ་རྗེས་སུ་བཟུང་བ་དང། ཚར་བཅད ་བ་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོའི་མན་ངག་ལྷན་ཅིག་སྐྱེས་པ་དང་འབར་བའི་ཐབས་ཉེ་བའི་ཕྱིར་རོ། །དེའི་ཕྱིར་ཆུ་བོ་རྒྱུན་ནི་མཉམ་པར་བཞག་པ་དང། མཉམ་པར་བཞག་པ་ལས་ལངས་པའི་རྣལ་འབྱོར་རྒྱུན་མི་འཆད་པའོ། །མར་མེ་འབར་བ་ནི་ལྷའི་རྣམ་པ་དང་ང་རྒྱལ་ལོ། །རྟག་ཏུ ་ནི་རྒྱུན་དུའོ། །འདི་ཉིད་ནི་ཧེ་རུ་ཀ་འམ་བདག་མེད་མའོ། །རྣལ་འབྱོར་ནི་སྙོམས་པར་འཇུག་པ་དང་ལྡན་པའོ། །ཉིན་དང་མཚན་དུ་བཞག་པ་ནི་དེ་དག་ཏུ་གདམས་པ་སྟེ། ཉིན་མཚན་གཅིག་ལ་བསྒོམ་པ་ཐུན་བཞིར་མི་སྒོམ་པ་ཐུན་བཞིར་མཉམ་བཞག་དང་སྤྱོད་ལམ་དུ་ཤེས ་པར་བྱའོ། །ཡང་ཆུའི་རྒྱུན་ནི་ཟླ་བ་བྱང་ཆུབ་སེམས་སོ། །མར་མེ་འབར་བས་ནི་སྙོམས་པར་འཇུག་པས་འདོད་ཆགས་ཆེན་པོའི་མེའོ། །རྟག་ཏུ་དེ་ཉིད་ནི་ཞུ་བ་སྔོན་དུ་སོང་བའི་དོན་དམ་ལྷན་ཅིག་སྐྱེས་པའོ། །རྣལ་འབྱོར་ནི་ཐ་མལ་གྱི་རྣམ་པར་རྟོག་པ་བསྒྱུར་ནས་ཐབས་དང་ཤེས ་རབ་ཀྱི་ལྷར་གསོ་བའོ། །ཉིན་མོ་འཆར་བ་སྟེ་དགའ་བ་དང་མཆོག་དགའ་ཨོ། །མཚན་མོ་ནི་ནུབ་པ་སྟེ་དགའ་བྲལ་གྱི་དགའ་བའོ། །རྣམ་པར་བཞག་པ་ནི་ལྷན་ཅིག་སྐྱེས་པའི་རང་བཞིན་དུའོ། །དེ་ཡང་དང་པོ་ཆུ་ཚོད་དང་ཐུན་ཕྱེད་དང་ཐུན་ཅིག་དང་ཉི་མ་ཕྱེད་དང་མཚན་མོ ་དང་ཇེ་ཆེ་ཇེ་ཆེ་ལ་བསླབ་བོ། །ཡང་ཆུ་བོའི་རྒྱུན་ནི་ཧཾ་ལས་རྡོ་རྗེ་འཛིན་པ་གསོ་བའོ། །མར་མེ་འབར་བ་ནི་དེ་བཞིན་གཤེགས་པ་གསང་བ་སྟེ་གཏུམ་མོ་སྤར་བའོ། །རྟག་ཏུ་དེ་ཉིད་ནི་དེ་གཉིས་རྒྱུན་མི་འཆད་པའོ། །རྣལ་འབྱོར་ནི་སྦྱོར་བ་སྟེ་ཉིན ་མཚན་ནི་སྟེང་འོག་གི་གཡས་གཡོན་ནོ། །རྣམ་པར་བཞག་པ་ནི་སྟེང་འོག་ཐིག་ལེ་བཞག་པ་འམ། གཡས་གཡོན་ཨ་བ་དྷཱ་ཏཱི་རོ་དེ་ནི་རང་ལུས་ཐབས་དང་ལྡན་པའོ། །ཡང་ཆུ་བོའི་རྒྱུན་ནི་སྣང་བའོ། །མར་མེའི་རྩེ་མོ་ནི་སྟོང་པ་ཤེས་རབ་པོ། །རྟག་ཏུ་དེ་ཉིད་རྣལ ་འབྱོར་ནི་སྣང་བ་སྟོང་པ་དབྱེར་མེད་དུ་བསྒོམ་པའོ། །ཉིན་དང་མཚན་མོ་བརྡ་ཡིས་མཚོན་པ་སྟེ། ཉིན་མོ་སྣང་བ་མཚན་མོ་ཤེས་རབ། དེ་གཉིས་ཀྱི་མཚམས་དབྱེར་མེད་བསྒོམ་པའོ། །ཡང་ན་ཆུ་བོའི་རྒྱུན་ནི་ཕྱག་རྒྱ་ཆེན་པོའོ། །རབ་འབར་ནི་ཀུན་རྫོབ་ལྷན་སྐྱེས་སོ། །མར ་མེ་འབར་བ་ནི་དོན་དམ་ལྷན་སྐྱེས་ཏེ་ཡེ་ཤེས་རང་འབར་བའོ། །རྟག་ཏུ་དེ་ཉིད་རྣལ་འབྱོར་ནི་དབང་པོ་རང་སྣང་ངོ། །ཉིན་དང་མཚན་དུ་ནི་སྤྱོད་ལམ་དང་བསྲེ་བའོ། །རྣམ་པར་བཞག་པ་ནི་འབྲས་བུ་ཆེ་བ་ཁམས་གསུམ་རོ་གཅིག་ཏུ་འབྱུང་བའི་བདག་ཉིད་དོ། །དེ་དག་གི་སྔོན ་དུ་འགྲོ་བའི་ཆོ་ག་དང་མཇུག་གི་རིམ་པ་ནི་སྔ་མ་བཞིན་དུ་སྦྱར་རོ།། །།ལེའུ་བརྒྱད་པའོ། །དེ་ནས་ཞེས་བྱ་བ་ནི་རིམ་པ་གཉིས་ཀྱི་དོན་བསྟན་པའི་རྗེས་ལའོ། །རྣམ་པར་དག་པ་ནི་གཉིས་ཏེ་རང་བཞིན་རྣམ་པར་དག་པ་དང། སྒྱུ་མ་ཡོངས་སུ་དག་པའོ། །རང་བཞིན་རྣམ་པར ་དག་པ་ནི་རྣམ་པར་དག་པ་དང་མཆོག་ཏུ་རྣམ་པར་དག་པ་སྟེ། །རྣམ་པར་དག་པ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པར་སྤྲོས་པ་དང་བྲལ་བའོ། །མཆོག་ཏུ་དག་པ་ནི་བདེ་བ་ཆེན་པོའི་ཐུན་མོངས་མ་ཡིན་པ་དག་པའོ། །སྒྱུ་མ་ཡོངས་སུ་དག་པ་ནི་ཆོས་ཐམས་ཅད་རྨི ་ལམ་འམ་སྒྱུ་མ་ལྟ་བུའོ། །སྒྱུ་མའི་མཆོག་ཏུ་ཡོངས་སུ་དག་པ་ནི་ལྷའི་རྣལ་འབྱོར་སྒྱུ་མ་དང་རྨི་ལམ་ལ་སོགས་པར་ཤེས་པའོ། །དེ་སྐད་དུ་ཡང་གཟུགས་ཀྱི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱིས་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ཞེས་གསུངས ་བ་དང། གཟུགས་ཁམས་ཤེས་བྱ་སྟོང་པ་སྟེ་ཞེས་བྱ་བ་ལ་སོགས་པ་སྔར་གསུངས་པ་དང་མཚུངས་སོ། །ཡང་གཟུགས་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །མྱ་ངན་ལས་འདས་པ་ལས་ཆེས་ལྷག་པའི་ཆོས་ཤིག ་ཡོད་ན་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཞེས་གསུངས་སོ། །གཞན་ཡང་སེང་གེ་ཟླ་བའི་གྲོང་ཁྱེར་བཞིན་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །ལེའུ་བཤད་པ་ནི་སྡུད་པར་བྱེད་པས་ཁས་ལེན་པའོ། །དངོས་པོ་ཐམས་ཅད་ནི་བརྟན་གཡོ་བསྡུས་པའོ། །དག་པ་ནི་ཐ་མལ་པའི ་རང་བཞིན་དང་བྲལ་བའོ། །དེ་བཞིན་ཉིད་ནི་མ་བཅོས་པ་སྟེ་རང་བཞིན་རྣམ་དག་གི་བསྟན་པའོ། །ཕྱི་ནས་ཞེས་བྱ་བ་ནི་ལེའུ་བརྒྱད་པར་ནི་བསྐྱེད་པའི་སྔོན་དུ་བསྟན་ལ། འདིར་ནི་དེ་ལས་བཟློག་པ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེར་ནི་རྟན་དང་བརྟན་པའི་དབང་དུ་བྱས་ཏེ། རྟེན ་སྔོན་དུ་འགྲོ་བའི་ཕྱིར་རོ། །འདིར་ནི་དེ་ཁོ་ན་ཉིད་ཀྱི་དབང་དུ་བྱས་ཏེ། རང་བཞིན་རྣམ་པར་དག་པའི་ཁྱབ་པའི་ཕྱིར་རོ། །རེ་རེའི་དབྱེ་བ་ནི་ཆོས་རེ་རེ་ལ་ཡོད་པའི་ལྷའོ། །ལྷ་རྣམས་ཀྱི་བརྗོད་པ་ནི་རྟེན་དྲི་ཟའི་གྲོང་ཁྱེར་དང། བརྟེན་པ་རྨི་ལམ་ལྟ་བུ་དང། ལོངས་སྤྱོད་སྒྱུ་མ་ལྟ ་བུ་སྟེ། སྒྱུ་མ་རྣམ་དག་ཏུ་བསྟན་པའོ། །འདི་རྣམས་ཕྱོགས་གཅིག་ཏུ་བསྟན་པ་རྒྱུད་ཟོར་ཡང་བའི་དགོས་པ་དང། བདག་མེད་མ་དང་ཧེ་རུ་ཀ་གཉིས་ཁྱད་པར་མེད་པར་བསྟན་པའི་དོན་ཏོ། །ད་ནི་རང་བཞིན་རྣམ་པར་བཤད་པའི་གང་ལ་དག་པའི་ཚིག་རྐང་གཉིས་ཀྱིས ་བསྟན་པ་སྟེ་གོ་སླའོ། །གང་ལྟར་དག་པ་ནི་གཟུགས་ལ་སོགས་པའི་ཚིག་རྐང་གཉིས་དང་རང་བཞིན་གྱི་དག་པའི་ཚིག་རྐང་གཅིག་སྟེ་གོ་སླའོ། །གང་དག་པ་ནི་ཉོན་མོངས་ཤེས་བྱའི་སྒྲིབ་པའོ། །གང་གིས་དག་པ་ནི་དག་བྱེད་གཞན་ལ་མི་བལྟོས་པའོ། །དེ་ཅིའི་ཕྱིར་ཞེ་ན། ་དག་པ་གཞན་གྱིས་རྣམ་གྲོལ་མིན་ཞེས་པ་ནི་དམ་བཅའ་པའོ?། །ཡུལ་རྣམས་དག་པའི་རང་བཞིན་ནི་དེ་བསྒྲུབ་པར་བྱེད་པའོ། །རང་རིག་བདེ་མཆོག་ནི་སྒྲུབ་པའི་ཁྱད་པར་རོ། །གཟུང་བ་མེད་པའི་ཕྱིར་འཛིན་པ་མེད་དོ། །དེ་ལྟར་མེད་པས་རང་བཞིན་བདེ་བ་མཆོག་གོ་།ཡང་འདིར ་ཁ་ཅིག་དག་པ་དག་པར་བྱེད་ཅེས་རྟོག་པ་ལ་དེ་ཡང་ལེའུ་བརྒྱད་པའི་སྐབས་སུ་བཤད་པ་ལྟར་ཤེས་པར་བྱའོ། །དེ་ནི་སྡུད་པར་བྱེད་པས་འགྲོ་བ་སངས་རྒྱས་ཀྱི་བདག་ཉིད་རང་བཞིན་གྱིས་དག་པ་ལ་ཐེ་ཚོམ་གྱི་དྲི་བ་དང་ལན་ཚིགས་སུ་བཅད་པ་ཕྱེ་དང་བཞིས ་སྟོན་ཏེ། གོ་སླའོ། །ད་ནི་ཉམས་སུ་བླངས་པའི་ཐབས་བསྟན་པའི་ཕྱིར། དག་པ་ཞེས་པ་ནི་རང་བཞིན་རྣམ་དག་གིས་སོ། །དུག་མེད་བྱས་ནི་ལྟ་བའི་དཔེ་སྟེ་བསྒོམ་པ་ལ་སོགས་པའི་དཔེ་ཡང་ཇི་ལྟར་མེ་ཡིས་ཚིག་པ་ལ་སོགས་ཏེ་བརྟག་པ་ཕྱི་མ་ལའོ། །རྟེན་བྱ་འདི ་ནི་དཔེ་དོན་ཏེ་འདོད་པའི་ཡོན་ཏན་ནོ། །བརྟེན་པ་ཉིད་ནི་ཕྱག་རྒྱ་ཆེན་པོ་དང་གར་བྱེད་པའི་ཐབས་སུའོ། །ད་ནི་སྒྱུ་མའི་རྣམ་དག་བཤད་པའི་ཕྱིར། གཟུགས་ལ་སོགས་པའི་ཕུང་པོ་ལྔ་ནི་གོ་སླའོ། །འདི་དག་རྣམ་དག་ནི་ལྷ་རུ་འགྱུར་བ་ཙམ་མོ། །འདི་ཉིད་རྣལ་འབྱོར་ནི་སྒྱུ ་མ་དག་པའོ། །འགྲུབ་འགྱུར་ནི་ཕྱག་རྒྱ་ཆེན་པོར་རོ། །ད་ནི་གནས་ཞར་ལ་འབྱུང་བ་སྟེ་གོ་སླའོ། །བསྐྱེད་པའི་རིམ་པའི་ཕྱོགས་ཤེས་པ་ནི་རང་བཞིན་རྣམ་དག་ཏུ་ཐལ་དུ་དོགས་པའོ། །སྲིད་པ་དང་ཞི་བ་ནི་རེག་དང་ཆོས་ཀྱི་ཁམས་ལ་མི་རྟོག་པ་འདིར་ཡང་ངོ། །ལྷ་མོ ་འདི་གཉིས་ས་སྤྱོད་མཁའ་སྤྱོད་དོ། །གནས་ལ་ནི་རང་བཞིན་འགྱུར་བའོ། །ཡང་གཟུགས་དང་སྒྲ་ལ་སོགས་པ་ནི་ཡུལ་དག་པ་སྟེ་གོ་སླའོ། །རྟག་ཏུ་འདི་དག་རྣམ་དག་ནི་ལྷ་རུ་འགྱུར་བ་ཙམ་མོ། །འདི་ཉིད་རྣལ་འབྱོར་ནི་སྒྱུ་མར་དག་པའོ། །འགྲུབ་ ་འགྱུར་འདིར་ཡང་ཕྱག་རྒྱ་ཆེན་པོའི་རྟེན་ནོ། །ད་ནི་ཞར་ལས་བྱུང་བ་སྟེ་དེ་ཡང་རང་བཞིན་དང། སྒྱུ་མ་རྣམ་དག་གིས་རྫོགས་པ་དང། བསྐྱེད་པའི་རིམ་པ་སྟོན་ཏེ་ཕྱག་གི་དག་པ་སྟོང་པ་ཉིད་ཅེས་པ་ནི་སྟོང་པ་བཅུ་དྲུག་སྟེ་ནང་སྟོང་པ་ཉིད་ལ་སོགས་པ་ཆོས་ཐམས་ཅད ་སྟོང་པ་ཉིད་དང། དངོས་པོ་མེད་པའི་ངོ་བོ་ཉིད་ནི་སྤྱིར་བསྡུས་ཏེ། བཅུ་དྲུག་པའོ། །བདུད་དག་པ་ལ་ཞབས་རྣམས་ཉིད་ཅེས་པ་ནི་ལྷའི་བུའི་བདུད་ཚངས་པ་སེར་པོ། །འཆི་བདག་གི་བདུད་དེ་གཤིན་རྗེ་ནག་པོ། །ཉོན་མོངས་པའི་བདུད་དེ། ཆུ་བདག་དཀར་པོ། །ཕུང ་པོའི་བདུད་དེ་གནོད་སྦྱིན་སྔོན་པོ། །ཞབས་རྣམས་ནི་སྦྱིན་པ་དང་སྙན་པར་སྨྲ་བ་དང། དོན་མཐུན་པ་དང་དོན་དཔྱོད་པའོ། །རྣམ་ཐར་བརྒྱད་ཀྱི་ཞལ་རྣམས་ཉིད་ཅེས་པ་ནི་ནང་གཟུགས་མེད་པ་ལ་ཕྱི་རོལ་གྱི་གཟུགས་སུ་བལྟ་བ་ནི་དང་པོའོ། །ཕྱི་རོལ་གྱི་གཟུགས་མེད་པ་ལ་ནང་གི ་གཟུགས་སུ་བལྟ་བ་ནི་གཉིས་པའོ། །བཟང་བར་མོས་པ་འདི་ནི་གསུམ་པའོ། །ནམ་མཁའ་ཡས་སྐྱེ་མཆེད་དང། རྣམ་ཤེས་མཛའ་ཡས་སྐྱེ་མཆེད་དང། ཅི་ཡང་མེད་པའི་སྐྱེ་མཆེད་དང་ཡོད་མིན་མེད་མིན་སྐྱོ་མཆེད་དང་སྙོམས་པར་འཇུག་པ ་དང། འགོག་པ་ལ་སྙོམས་པར་འཇུག་པ་སྟེ་བརྒྱད་དོ། །རྡོ་རྗེ་གསུམ་གྱི་དག་པའི་སྤྱན་ནི་སྐུ་རྡོ་རྗེ་གསུང་རྡོ་རྗེ་ཐུགས་རྡོ་རྗེའོ། །དེ་དག་མ་ཡིན་ལྷག་པར་མོས་པ་ནི་དག་པའི་རང་བཞིན་རྣམ་དག་དང་མཐུན་པ་ནི་དེ་ཉིད་དག་པ་ཡིན། སྒྱུ་མ་རྣམ་དག་མཐུན་པ་ནི་ཤ་དང་ཁྲག ་རུས་པ་ལ་སོགས་པ་ལྷར་མོས་པའོ། །འོ་ན་དེ་ཉིད་དག་པ་ཇི་ལྟ་བུ་ཞེ་ན། དེ་བརྟན་པའི་ཕྱིར་བརྟག་པ་ཕྱི་མའི་ལྷ་དག་པར་བསྟན་ཏེ་གོ་སླའོ། །ཡང་རྡོ་རྗེ་མ་ལ་སོགས་པ་ཆོས་ཅན་དག་པ་ཉོན་མོངས་པ་ལྔ་སྟེ་གོ་སླའོ། །བསྐྱེད་པའི་རིམ་པའི་ཕྱོགས་ཤེས་པ་ནི་དེའི་ལུགས ་ཀྱིས་སོ། །ཞེ་སྡང་ལ་སོགས་པ་སྦྱོང་བ་ནི་བཤད་མ་ཐག་པའོ། །འདིས་ནི་ཕུང་པོ་སྦྱང་བ་ནི་རྣམ་གྲངས་གཞན་དུ་བརྟན་པ་སྔར་བཞིན་ནོ། །ད་ནི་མཇུག་བསྡུ་བའི་ཕྱིར་གང་དང་གང་གིས་བྱ་བ་ནི་ཕུང་པོ་དང་ཉོན་མོངས་པ་ལ་སོགས་པ་དེ་ཉིད་དོ། །འཇིག་རྟེན་ནི་རྫོགས་པའི་རིམ་པའི ་དེ་ཁོ་ན་ཉིད་མི་ཤེས་པའོ། །བཅིང་བ་ནི་འཁོར་བའོ། །དེ་དང་དེས་ནི་ཕུང་པོ་ལ་སོགས་པ་དེ་ཉིད་དོ། །གྲོལ་བ་ནི་རྫོགས་པའི་རིམ་པ་རྟོགས་པའོ། །དེ་ཉིད་མི་ཤེས་ནི་རྫོགས་པའི་རིམ་པའོ། །འཇིག་རྟེན་མི་གྲོལ་བ་ནི་གྲུབ་པའི་མཛའ་ལ་མ་ཞུགས་པའོ། །དེ་ཉིད་རྣམ་སྤངས ་ནི་གྲུབ་པའི་མཛའ་ངན་པས་བསྒྱུར་བའོ། །དངོས་གྲུབ་མི་རྙེད་པ་ནི་བསྐལ་པ་དུ་མས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མི་འགྲུབ་པའོ། །དེའི་ཕྱིར་དེ་དག་བཟློག་སྟེ། །དྲི་མེད་སྒྲ་མེད་ལ་སོགས་པ་རྫོགས་པའི་རིམ་པའི་དེ་ཁོ་ན་ཉིད་སྤྲོས་པ་དང་བྲལ་བའོ། །ཐ་མལ་པ་དང་གྲུབ་མཛའ་ངན་པས་བསྒྱུར་བ ་མེད་པའོ། །ཐམས་ཅད་རྣམ་པར་དག་པ་ནི་རང་བཞིན་རྣམ་དག་ཏུའོ། །རང་བཞིན་དག་པས་གྲོལ་བ་གྲོལ་བར་ཤེས་སོ། །ཡང་དང་དང་གང་གིས་ཞེས་བྱ་བ་ནི་སྔ་མ་དང་འདྲ་བའོ། །དེ་དང་དེས་ནི་བཅིང་བ་ནི་བརྟགས་པའི་དངོས་པོའོ། །དེས་ངན་སོང་དུ ་འགྲོ་བའོ། །འགྲོ་བ་ནི་ལྷའི་རྣལ་འབྱོར་དུ་བྱས་པ་སྟེ། དེ་ཉིད་དུ་མི་ཤེས་འཇིག་རྟེན་ནི་སྔ་མ་བཞིན་ནོ། །མི་གྲོལ་བ་ནི་ལྷའི་རྣལ་འབྱོར་མི་ཤེས་པའོ། །དེ་ཉིད་རྣམ་སྤངས་ནི་ཕ་རོལ་ཏུ་ཕྱིན་པའི་གྲུབ་མཛའ་ལ་སོགས་པའོ། །དངོས་གྲུབ་མི་རྙེད་ནི་ཐུན་མོང་གི་དངོས ་གྲུབ་རྣམས་སོ། །དེའི་ཕྱིར་དྲི་མེད་ཅེས་བྱ་བ་ལ་སོགས་པ་སྦྱར་ཏེ། ལྷའི་རྣམ་པར་མོས་པའོ། །ཐམས་ཅད་རྣམ་པར་དག་ཅེས་པ་ནི་སྒྱུ་མ་ཡོངས་སུ་དག་པ་སྟེ། དེ་ཡོངས་སུ་ཤེས་པས་འགྲོ་བ་གྲོལ་བར་ཤེས་པའོ། །ལེའུ་དགུ་པའོ།། །།དེ་ནས་ནི་བདག་དོན་དག་པ་དང་ལྡན་པའི ་རྗེས་ལ། གཞན་དོན་བསྟན་པའི་ཕྱིར་ཇི་ལྟར་དཀྱིལ་འཁོར་ཞེས་པ་ནི་རྡུལ་མཚོན་ནོ། །རིམ་པ་ཞེས་པ་ནི་སའི་ཆ་དབྱེ་བ་ལ་སོགས་པའོ། །ཡང་དག་བཤད་ནི་སྡུད་པར་བྱེད་པ་ཁས་ལེན་པ་སྟེ། མ་ནོར་བ་འམ་གཞན་དོན་ཡིན་པའི་ཕྱིར་རོ། །ཡང་གང་གིས་ཞེས་པ་ནི་ཇི ་ལྟ་བ་བཞིན་ཏེ་དེ་ཁོ་ན་དྲིས་པའོ། །སློབ་མ་ནི་དམ་ཚིག་དང་སྡོམ་པ་རུ་ལྡན་པའོ། །དབང་བསྐུར་བ་ནི་བརླན་པར་བྱེད་ཅིང་འཁྲུ་བ་སྟེ་ཞིང་ས་ཆུས་བརླན་པ་ལྟ་བུའོ། །ཆོ་ག་ནི་ཐབས་ཀྱི་རིམ་པའོ། །རབ་ཏུ་བཤད་པ་ནི་ཡང་དག་པ་ལས་བསྣན་པ་སྟེ་སྡུད་པར་བྱེད་པ་ཁས ་ལེན་པའོ། །དེའི་རིམ་པ་ཅི་ཞེ་ན། དེ་དག་གི་གོ་རིམ་ཀྱང་བླ་མ་ལ་རག་ལས་པར་བྱ་བའི་ཕྱིར་དཀྲུགས་པའོ། །དེ་ཡང་དང་པོ་གནས་བསྟན་པའི་ཕྱིར་ཚལ་ནི་ནགས་སམ་སྐྱེ་ཤིང་གི་ར་བའོ། །དབེན་པ་ནི་ཚལ་དེ་ཉིད་ལ་བྱ་བའི་དགོན་པའམ་པས་མཛའ་ཨོ། །ཡང་ན་སྐྱེ་བོ་མི ་འདུ་བ་གང་ཡང་རུང་བའོ། །བྱང་ཆུབ་སེམས་དཔའ་ཨི་ཁྱིམ་ནི་རྣལ་འབྱོར་པ་འམ་རྒྱལ་པོ་ལ་སོགས་པ་སྙིང་རྗེ་དང་ལྡན་པའོ། །ཡང་གཙུག་ལག་ཁང་སྟེ་པོ་ཏི་གླེགས་བམ་གནས་པའོ། །དེའི་བདག་པོ་བྱང་ཆུབ་སེམས་དཔའ་ཡིན་པའི་ཕྱིར། དཀྱིལ་འཁོར་ཁང་པ་ནི་སྒྲུབ ་པའི་གནས་སམ་ལྷ་ཁང་ངོ། །དཀྱིལ་འཁོར་བཞེངས་པ་ནི་བསྙེན་པ་དང་འབྲེལ་བའི་ཚེ་མཎྜལ་བྲི་བ་དང། དམ་ཚིག་བསྒོམ་པ་ཡིན་ལ། སྒྲུབ་པ་འཕེལ་བའི་ཚེ་དཀྱིལ་འཁོར་ཁང་པ་ཡང་ཚལ་ལ་སོགས་པ་དང་ལྡན་པ། དཀྱིལ་འཁོར་གྱི་དན་དུ་ཁང་པ་བརྩིགས་པ་དང་དཀྱིལ་འཁོར་མཆོག་ནི ་བྲི་བའོ། །དེའི་རྗེས་ལ་འཁོར་ལོའི་བདག་པོའི་བཟླས་པ་འབུམ། དཀྱིལ་འཁོར་བའི་དེ་བཞིན་ཁྲི་ཞེས་བྱ་བ་ནི་སློབ་མས་ལན་གཉིས་ལན་གསུམ་གྱི་བར་དུ་གསོལ་བ་གདབ་པ་དང། བསྙེན་པ་བྱ་སྟེ་བདག་མེད་མའི་ལེའུ་བརྒྱད་པ་ལྟར་རྫོགས་པར་བསྒོམས་ལ། མཆོད་བསྟོད ་བདུད་རྩི་མྱང་བ་དང་རྫོགས་པའི་རིམ་པ་ཅུང་ཟད་བསྒོམ། །ཟླ་བ་དང་ཆུ་ཟླ་ལྟ་བུའི་བསམ་གཏན་གྱིས་སྒྲ་བརྙན་དང་བྲག་ཆ་ལྟ་བུའི་བཟླས་པ་བྱ་སྟེ། ཨོཾ་ཨ་ཨཱ(རྒྱུད་འགྲེལ་ཞེས་སྦྱར་ལ་བདག་མེད་མ་ལ་འབུམ་གཞན་ལ་ཁྲི་ཁྲི་བྱའོ། །དགྱེས་པའི་རྡོ་རྗེ་ལ་ནི་གོང་དུ་བསྟན་པ་དང། འོག་ནས་འཆད་པ་དང། ཀུན་ལ་སྦྱོར་བ་གསུམ་མམ་ཡང་ན་ཡན་ལག་དྲུག་གི་རྣལ་འབྱོར་བྱས་ལ། དེ་ཝ་པི་ཙུ་འམ་ཨཥྚཱ་ནཱ་ན་འབུམ། བདག་མེད་མ་ལ་ཡང། ཨོཾ་བཛྲ ་ནཻ་རཱཏན་ཁཾ་ཨོཾ་ཨཱ(རྒྱུད་འགྲེལ་དུས་ཀྱི་བསྙེན་པ་འོག་ནས་ཟླ་དྲུག་གོམས་ཞེས་པ་ཟླ་དྲུག་གམ་ལོ་འམ། ཟླ་བ་གཅིག་གམ་ཐ་མ་ཚད་དུ་ཕྱིན་པའི་བར་དུ་བྱའོ། །དེ་ནས་དཀྱིལ་འཁོར་བྲི་བར་གསོལ་བ་གདབ་པའི་རྗེས་ལ་བསྒྲུབ་པར་བསྟན་པའི་ཕྱིར་བདག་ཉིད་རྣལ་འབྱོར་པའོ། །དང་པོ་ལྷ་ནི་མཆོག་གི་ལྷ་སྟེ་རྡོ་རྗེ་འཛིན་པའོ ་ཧཱུཾ་ལས་རྡོ་རྗེ་ཅན་དགྱེས་པའི་རྡོ་རྗེའོ། །བྱས་ཏེ་ནོར་སྦྱིན་སྦྱང་བར་འབྲེལ་ཏེ། སའི་མཚན་ཉིད་བརྟག་པ་ཡང་བྱའོ། །ཕྱི་ནས་དཀྱིལ་འཁོར་བྲི་བ་ནི་དེ་དག་གིས་རྗེས་ལ་ཁས་ལེན་པའོ། །དེའི་རྗེས་ལ་གང་གིས་སྦྱང་ཞེ་ན། གོང་དུ་གསུང་བའི་སྔགས་ཤེས་པ་ནི། ཨོཾ་རཀྵ་ལ་སོགས་པའོ། །མཁས་པས ་འཛིན་མ་སྦྱང་བ་ནི་ཕྱག་རྒྱ་དང་ཏིང་ངེ་འཛིན་ལ་མཁས་པས་ཀྱང་ངོ། །གོང་གི་སྔགས་ནི་ཟང་ཟིང་གི་སྦྱིན་པས་རྒྱུད་ཚིམ་པ་བརྟག་པ་ཕྱི་མ་ལྟར་བྱས་ལ། ཨ་ཀཱ་རོ་མུ་ཁཾ་ལ་སོགས་པས་ཆོས་ཀྱི་སྦྱིན་པས་རྒྱུད་དག་པར་བྱས་པས་སོ། ། ་དེ་ལ་གཏོར་མ་སྦྱིན་པ་ནི། ཕྱོགས་ཀྱི་བདག་པོ་བཀུག་སྟེ་ཁྱད་པར་དུ་སའི་བདག་པོ་ལ། གཏོར་མ་དང་གཏེར་ཡང་གཞུག་པའོ། །དེའི་དོན་ནི་འདི་ཡིན་ཏེ། དང་པོ་རྣམ་བཅང་ས་གཞི་གཟུང། གཉིས་པ་སྟ་གོན་གནས་པར་བྱ། ནུབ་གསུམ་པ་ལ་འཇུག་པའོ།། ་ཞེས་གསུངས་པས་དང་པོ་སའི་ཆོ་ག་ནི་དོན་རྣམ་པ་དྲུག་སྟེ། ས་བརྟག་པ་དང། ས་བསླང་བ་དང། ས་སྦྱང་བ་དང། བྱིན་གྱིས་བརླབ་པ་དང། གཟུང་བ་དང། བསྲུང་བའོ། །དེ་ལ་བརྟག་པ་ནི་ཕྱིའི་བརྟག་པ་དང། ནང་གི་བརྟག་པའོ། །དེ་ལ་ཕྱིའི་གནས་ལ་བརྟག་པ་ནི་གོང་གི་ཚལ་དང་སྐྱེ་བོ་མི ་གནས་པ་དང་ཞེས་པར་འབྲེལ་ལོ། །ཕྱོགས་ལས་བརྟག་པ་ནི་དེ་རྣམས་ཀྱི་བྱང་དང་ཤར་གྱི་ཕྱོགས་སུའོ། །ཁ་དོག་དང་དབྱིབས་ལས་བརྟག་པ་ནི། ཨུ་དུམྦ་ར་ནྱ་གྲོ་དྷ། ། ཤྭཏ་ཐ་དད་པ་ལ་ཤ། བ་ཀུ་ལ་དང་ཨ་རྫུ་ནར། །བཅས་པས་རུ་སྦལ་རྒྱབ་འདྲ་བར། །ས་ནི ་དྲུག་པོ་སྤང་བར་བྱ་ཞེས་གསུངས་པ་ཚ་རྒོ་ཅན་ལ་སོགས་པ་དང། རོ་ཁུང་དུ་ཆུ་སོང་བ་འདྲ་བ་ལ་སོགས་པ་མཚན་མ་ངན་པ་རྣམས་སྤང་བར་བྱའོ། །ནང་གི་བརྟག་པ་ནི་བདེ་བར་གཤེགས་པ་ལ་མཆོད་པ་བྱས་ལ་གཏོར་མ་བཏང་སྟེ། ལྷག་པའི་ལྷའི་རྣལ་འབྱོར་ཙམ ་གྱིས་ཉལ་བར་བྱའོ། །དེ་ལ་རྨི་ལམ་གྱི་མཚན་མ་ངན་ན་གཞན་དུ་འཕོའོ། །བཟང་ན་དེ་ཉིད་དུ་བྲི་བར་བྱའོ། །བསླང་བ་ལ་གཉིས་ཏེ། མངོན་པ་ལ་བསླང་བ་དང། མི་མངོན་པ་ལ་བསླང་བའོ། །མངོན་པ་ནི་རྒྱལ་པོ་འམ་ཞིང་བདག་ལ་ཚིག་དང་རིན་གྱིས་ཀྱང་ཉོ་བར་བྱའོ། །མི ་མངོན་པ་ལ་བསླང་བ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་ཏེ། ས་བདག་ལ་ཨ་ཀཱ་རོས་གཏོར་མ་བྱིན་ལ་བསླང་བར་བྱའོ། །ས་སྦྱང་བ་ནི་སྦྱང་བ་དགོས་པ་དང་མི་དགོས་པའོ། །སྦྱང་མི་དགོས་པ་ནི་ཕྱུགས་ལྷས་དང་ནི་ཆུ་འགྲམ་དང། །རྡོ་ལེབ་དང་ནི ་གཙུག་ལག་ཁང། །དཀྱིལ་འཁོར་ཁང་པའི་ནང་དུ་ཡང། །ཡང་ཐོག་ལས་ཀྱི་སྦྱང་བ་ནི། །སྤྱང་བ་ལ་གསུམ་སྟེ། ལས་དང་བྱ་བས་སྦྱང་བ་དང། སྔགས་དང་ཕྱག་རྒྱས་སྦྱང་བ་དང། ཏིང་ངེ་འཛིན་གྱིས་སྦྱང་བའོ། །ལས་དང་བྱ་བས་སྦྱང་བ་ནི་ལྟོ་འཕྱེའི་རིམ་པར་ཤེས་པར ་བྱ་སྟེ། སྟོན་ཟླ་ཐ་ཆུང་ལ་སོགས་ནས་བརྩམས་ནས་བཟླ་བ་གསུམ་གསུམ་དུ། ལྟོ་འཕྱེ་ལྷོ་དང་ནུབ་དང་ནི། །བྱང་ཤར་དེ་ཡི་མགོ་བོ་སྟེ། །གཡོན་པའི་ཟུར་གྱིས་ཉལ་བ་ཡིན། །དེ་ཡི་ལྟོ་ཤེས་བྱས་ལ་བརྐོ། །མགོ་དང་རྒྱབ་སོགས་ནས་བརྐོས་ན། །སྐྱོན་ནི་རྒྱས་པ་ལས ་ཤེས་བྱ། །དེ་ཡང་ལྟེ་བ་ལྐོག་མ་པུས་ནུབ་ཙམ། །ས་དེ་ཡོངས་སུ་བརྐོས་ནས་ནི། །སླར་ཡང་ས་དེས་དགང་བར་བྱ། །གལ་ཏེ་ལྷག་པར་གྱུར་ན་ནི། །དངོས་གྲུབ་ཡོད་པར་སྟོན་པ་ཡིན། །དེ་ལྟར་བརྐོས་པས་སའི་མཚན་མ་ངན་པ་བྱུང་ན་བསལ་ལ་ས་བཟང་པོས་བཀང་སྟེ། ་གཏེར་ཀྱང་གཞུག་གོ་།དེར་ཁྲུ་གང་ཙམ་གྱི་དོང་བྲུས་ཏེ་ཆུ་དང་མེ་ཏོག་བྱུགས?་ཏེ་ཕར་གོམ་པ་བརྒྱར་འགྲོ་བར་བྱའོ། །ཆུ་དེ་ཤར་ནས་ནུབ་ཏུ་རྒྱུ་བ་དང། ལྷོ་ནས་བྱང་དུ་རྒྱུ་བ་དང། གཡས་སུ་འཁོར་ཞིང་འཁྱིལ་ན་མཚན་མ་བཟང་བ་དང་ངན་པ་ཡང་ཤེས་པར་བྱའོ། །སྔགས ་དང་ཕྱག་རྒྱས་སྦྱང་བ་ནི་ལག་པ་གཡས་པ་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་བཅས་ལ། ས་ལ་བརྡབ་ཅིང་ཨོཾ་སརྦ་པཱ་པི་ད་ཧ་ན་མ་མ་རཀྵ་རཀྵ་ཧཱུཾ་ཕཊ་སྭཱཧཱ། ཞེས་བརྗོད་དོ། །ཏིང་ངེ་འཛིན་ནི་ས་གཞི་དེ་མི་དམིགས་པར་བསྒོམ་ཞིང་ཤིན་ཏུ་དག་པར་བསམ་མོ། །ཁ་ཅིག་ཏུ་ནི་ལས་དང ་བྱ་བས་སྦྱང་ངོ། །ཁ་ཅིག་ཏུ་སྔགས་དང་ཕྱག་རྒྱས་སྦྱང་ངོ། །ཁ་ཅིག་ཏུ་ནི་ཏིང་ངེ་འཛིན་ཙམ་མོ། །དེ་དག་ནི་ཅི་རིགས་པར་ཤེས་པར་བྱའོ། །དེ་ནས་བྱིན་གྱིས་བརླབ་པ་ནི་ལམ་ལས་ས་གཞི་སྟོང་པ་ཉིད་དུ་བསམ། །ལཾ་ལས་གསེར་གྱི་ས་གཞི་ཆེན་པོར་བྱིན་གྱིས་བརླབས། སུཾ ་ལས་རི་རབ་རིན་པོ་ཆེ་སྣ་བཞིའི་རང་བཞིན་དུ་བྱིན་གྱིས་བརླབ་པ། ཧཱུཾ་ལས་ས་གཞི་རྡོ་རྗེ་བྱིན་གྱིས་བརླབས། ཨོཾ་བཛྲ་མེ་དི་ནི་བཛྲི་བྷ་བ་བན་དྷ་ཧཱུཾ་ཞེས་བརྗོད། །རྡོ་རྗེའི་ས་གཞིའི་རང་བཞིན་ནམ་མཁའ་ཨི་ཁམས་རྣམ་པར་དག་པར་བསམ་མོ། །ས་གཞི་ཡོངས་སུ་གཟུང་བ་ནི་མེ་ལོང ་ངོས་ལྟར་མཉམ་པའི་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ། ཡན་ལག་དྲུག་གི་རྣལ་འབྱོར་རམ་སྦྱོར་བ་རྣམ་པ་གསུམ་བསྒོམ་སྟེ། །བཟླས་པའི་མཐར་ཐུག་གི་བར་དུ་བྱའོ། །དེ་ཡང་འོག་ནས། ཁྲུས་དང་གཙང་སྦྲ་དྲི་ཞིམ་ལུས། །སྣ ་ཚོགས་རྒྱན་གྱི་རྣམ་པར་བརྒྱན། །སློབ་དཔོན་དཀྱིལ་འཁོར་འཇུག་པ་ཉིད། །འབད་པས་ཧཱུཾ་ལས་རྡོ་རྗེ་ཅན། །བྱས་ཏེ་ཕྱི་ནས་དཀྱིལ་འཁོར་བྲི། ཞེས་བྱ་བ་སའི་ཆོ་ག་འབྲེལ་ལོ། །དེའི་རྗེས་ལ་ཚད་ཇི་ཙམ་དུ་ཞེ་ན། དཀྱིལ་འཁོར་ཁྲུ་གསུམ་ནི་ཆུང་བའི་ཚད་དོ།། ་དེ་ཡང་སྐུ་གསུམ་པའི་བདག་ཉིད་པས་སོ། །སོར་གསུམ་ནི་སྐུ་གསུང་ཐུགས་སོ། །དེའི་རྗེས་ལ་བསྲུང་བའི་ཕྱིར། །རྡོ་རྗེ་སེམས་དཔའ་བསྙེམས་བྱས་ནི་གསོལ་བ་གདབ་པའི་རྗེས་ལ་ལྡང་བ་དང་འགྱིང་བ་དང། ཀུན་ཏུ་བལྟ་བ་དང། རྡོ་རྗེ་འགྲོས་ཀྱིས་བསྐོར་བའོ། །གཡས ་བརྐྱང་ཞེས་པ་ནི་གཡས་བརྐྱང་ལ་སོགས་པ་སྟང་སྟབས་རྣམས་བྱ་བ་འམ། གཙོ་བོའི་འདུག་ཚུལ་སྐྱིལ་ཀྲུང་ཕྱེད་པ་ཡིན་ཏེ་གཡོན་བསྐུམ་པས་གནས་སོ། ཕྱག་གཉིས་དགྱེས་པའི་རྡོ་རྗེར་སྦྱར་བ་ནི། ཕྱག་གཉིས་པའི་ཧེ་རུ་ཀ་མ་ཡིན་ཏེ། རྡོ་རྗེ་དྲིལ་བུ་གཉིས་ཀྱི་ཕྱག ་རྒྱ་དང་ལྡན་པར་སྦྱར་བའོ། །སློབ་དཔོན་དཀྱིལ་འཁོར་དུ་འཇུག་པ་ན། རེ་ཁའི་ནང་དུ་སོང་སྟེ་བལྟས་ནས་མེ་ཏོག་གི་ཕྲེང་བ་དབུལ་ལོ། །འདིར་ནི་དཀྱིལ་འཁོར་བསྒྲུབ་པ་དང་འབྲེལ་པའོ། །འདི་ཡང་སྔོན་དུ་ཤེས་པའི་གོ་རིམས་ཏེ་སློབ་དཔོན་གྱིས་ཇི་ལྟར་བྱས་ནས་འཇུག ་ཅེ་ན། ཁྲུས་དང་གཙང་སྦྲ་ནི་ཆུ་དང་ས་ལ་སོགས་པ་འམ་ཏིང་ངེ་འཛིན་གྱིས་སོ། །ཡང་དྲི་ཞིམ་ལུས་ནི་གོས་སར་པའོ། །སྣ་ཚོགས་རྒྱན་ནི་རིན་པོ་ཆེ་འམ་རུས་པའི་རྒྱན་ནོ། །རྣམ་པར་བརྒྱན་ནི་མགུལ་བརྒྱན་ལ་སོགས་པ་རིམ་པར་བཀོད་པའོ། །ཧཱུཾ་ཧཱུཾ་བསྙེམས་པ་ནི་ང ་རྒྱལ་འམ་ལྡང་པ་ལ་སོགས་པ་རྡོ་རྗེ་འགྲོས་ཀྱི་དུས་བརྗོད་པའོ། །ཧི་ཧི་འཇིགས་པ་ནི་ཧ་ཧ་ལ་སོགས་པ་བརྒྱད་དེ་སྟང་སྟབས་ཀྱི་དུས་སུ་བརྗོད་པའོ། །དེའི་དོན་ནི་དེ་ཡིན་ཏེ་བསྲུང་བ་ནི་རྣམ་པ་དྲུག་སྟེ། རྡོ་རྗེ་བལྟ་བས་བསྲུང་བ་དང། དེངས་ཤིག་པས་བསྲུང་བ་དང། བཀའ་ ་བསྒོ་བས་བསྲུང་བ་དང། རྡོ་རྗེ་འགྲོས་ཀྱིས་བསྲུང་བ་དང། སྟང་སྟབས་ཀྱིས་བསྲུང་བ་དང། རྡོ་རྗེ་ཕུར་པས་བསྲུང་བའོ། །དེ་ལ་ལྟ་བས་བསྲུང་བ་ནི། སྔར་གྱི་ས་གཟུང་བའི་སློབ་དཔོན་ལ་གྲོགས་གཽ་རཱི་ལ་སོགས་པ་བཞིའི་ང་རྒྱལ་དང་ལྡན་པ་བཞི་ཡིས་མཆོད་པ་ཅིག་བྱས་ཏེ། དེ ་བཞིན་གཤེགས་པ་ཀུན་ཞི་བ་ཞེས་བྱ་བ་ལ་སོགས་པ་བསྟོད་པ་དང། གསོལ་བ་བཏབ་པའི་རྗེས་ལ། སྔར་གྱི་དཀྱིལ་འཁོར་ལ་མཆོད་པ་ཞིག་བྱས་ཏེ། མ་དང་ཊ་ལས་མིག་ཉི་ཟླར་བསྐྱེད། ། ལས་རྐང་པ་རྡོ་རྗེར་སྐྱེད་ལ་སྔར་གྱི་དཀྱིལ་འཁོར་ནམ་མཁའ་ལ་བཀོད་དེ་ཧཱུཾ་ཕཊ་ཅེས ་བརྗོད་ལ། ཉི་མ་དང་ཟླ་བའི་མིག་གིས་བསད་པ་དང་གསོ་བ་བྱའོ། །དེ་ནས་དེངས་ཤིག་པས་བསྲུང་བ་ནི་དབང་ལྡན་གྱིས་མཚམས་སུ་ཕྱིན་ལ། བདག་ཉིད་ཁྲོ་བའི་ང་རྒྱལ་གྱིས་འདི་སྐད་བརྗོད་པར་བྱའོ། །ས་ཕྱོགས་འདིར་སློབ་དཔོན་འདི་ཞེས་བྱ་བས་སློབ་མ་འདི་ཞེས་བྱ་བ ་རྫོགས་པའི་བྱང་ཆུབ་ལ་རྫོགས་པར་བྱ་བ་དང། སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་དཀྱིལ་འཁོར་རྒྱལ་པོ་འདི་ཞེས་བྱ་བ་རྩོམ་གྱིས། གང་སུ་ཡང་རུང་བས་ས་ཕྱོགས་འདི་ན་གནས་པའི་ལྷ་དང། ལྷ་མ་ཡིན་དང། གནོད་སྦྱིན་དང། སྲིན་ཕོ ་དང། ཡི་དགས་དང། ཤ་ཟ་དང། བརྗོད་བྱེད་དང། འབྱུང་པོ་དང། གནོན་པོ་དང། ནམ་མཁའ་ལྡིང་དང། མི་འམ་ཅི་དང་རིགས་འཛིན་ལ་སོགས་པ་རྒན་པོ་དང་རྒན་མོ་དང་འཁོར་དང་གཡོག་ཏུ་བཅས་པ་རྣམས་འདིར་མ་གནས་པར་གཞན་དུ་དེངས་ཤིག་།དེ་ལྟར་རྡོ་རྗེ་འཛིན་གྱི ་བཀའ་ཐོས་ནས་མྱུར་བ་ཉིད་དུ་དེངས་ཤིག་།གང་དག་མི་འགྲོ་བ་དེ་དག་ནི་ཕྱག་ན་རྡོ་རྗེ་རབ་ཏུ་འབར་བ་ཧཱུཾ་ཀར་ཤིན་ཏུ་ཁྲོས་པས་ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོ་ཀུན་ནས་རབ་ཏུ་འབར་བས་མགོ་ཚལ་བརྒྱར་འགས་པར་གྱུར་ཏ་རེ་ཞེས་ལན་གསུམ་བརྗོད་དོ། །དེ་ནས་བཀའ་བསྒོ་བའི ་བསྲུང་བ་ནི། །ང་ནི་དཔལ་ལྡན་རྡོ་རྗེ་འཆང། །ཉོན་ཅིག་བར་ཆད་བགེགས་ཀྱི་ཚོགས། །བསྲུང་བའི་འཁོར་ལོའི་སྦྱོར་བ་ཡིས། །ལུས་ངག་ཡིད་ལ་གནོད་པ་རྣམས། །འདིར་ནི་འཇིག་འཇོམས་གཞན་དུ་མིན་ཞེས་རྡོ་རྗེའི་གནས་སུ་འཁོར་ལོ་དང་རིན་པོ་ཆེ་དང། པདྨ་དང་རལ ་[ི]་*། །གྲི་ལ་སྦྱར་ལ་ཚིགས་སུ་བཅད་པ་ལྔ་སྦྱར་གྱི་བསྐྲད་པར་བྱའོ་རྡོ་རྗེ་རྩེ་གཅིག་པ་དང་རྩེ་གསུམ་པ་དང། སྣ་ཚོགས་རྡོ་རྗེའི་འགྲོས་ཀྱིས་དཀྱིལ་འཁོར་བསྐོར་ཞིང་བསྲུང་བར་བྱའོ། །སྟང་སྟབས་བསྲུང་བ་ནི་གཡས་བརྐྱང་དང་ནི ་གཡོན་བརྐྱང་དང། ས་ག་དང་ནི་ཟླུམ་པོ་དང། མཉམ་པའི་འདུག་སྟངས་རྣམ་པ་ལྔ། ཤར་ནས་བརྩམས་ཏེ་དབུས་ཀྱི་བར་དུ་བསྡུས་ནས་རྣམ་པ་ལྔ་པོ་བྱ། རྒྱས་པར་འདོད་ན་སྟང་སྟབས་ནི་དྲུག་ཅུ་རྩ་གཅིག་ལ་སོགས་ཏེ་སྒྱུ་འཕྲུལ་དྲ་བའི་ཚུལ་དུ་བྱ། རྡོ་རྗེ་ཕུར་པས་བསྲུང་བ་ནི་ཕུར་བུ་རྣམ ་པ་ལྔ། སྟོད་ཁྲོ་བོའི་རྣམ་པ་སྨད་ཕུར་པ་བརྩེ་གཅིག་པར་བསྐྱེད་ལ། ཕུར་པའི་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ། གྷ་གྷ་ཏའི་སྔགས་ཀྱི་ཕྱོགས་བཞི་དབུས་དང་ལྔར་གདབ་པར་བྱའོ། །སྟ་གོན་གྱི་ཆོ་ག་ནི་འོག་ནས་ཤེས་པར་བྱའོ། །དེའི་རྗེས་ལ་ཐིག་བྲི་བའི་ཕྱིར་ཐིག་སྐུད་སར་པ་ནི་གཞན ་ལུ་ལོངས་མ་སྤྱད་པའོ། །ཚད་ནི་ཉིས་འགྱུར་དང་ཉི་ཤུ་ཆའོ། །མཛེས་པ་ནི་དྲི་ཞིམ་པོའི་སྣོད་ཀྱིས་མཛེས་པའོ། །རང་འདོད་ལྷའི་གཟུགས་ཀྱི་ནི་དགྱེས་པའི་རྡོ་རྗེ་དང་གྲོགས་བདག་མེད་མ་འམ་གཽ་རཱིས་སོ། །ཤེས་རབ་ཅན་གྱིས་གདབ་པའི་ལས་དང་བྱ་པ་ལ་མཁས་པ་ཡིས་སའི ་དབྱེ་བ་ལས་མ་འདས་པའོ། །དེ་ལ་ཐིག་སྒྲུབ་པའི་ཆོ་ག་ནི་རས་བལ་རིན་ལ་མ་བརྩེགས་པར་ཉོས་ལ། ཁྱེའུ་དང་བུ་མོ་གཞོན་ནུ་མས་བཀལ་ཏེ། བེའུ་ལྔ་ཁ་དོག་སོ་སོར་བསྒྱུར་ནས་སྣོད་གཙང་མའི་ནང་དུ་ཕྱོགས་སོ་སོར་བཞག་སྟེ། བུམ་ཨཾ་ཛྲིཾ་ཁཾ་ཧཱུཾ་བཀོདལ་དེ་བཞིན་གཤེགས ་པ་ལྔར་བསྐྱེད་རང་བཞིན་པ་སྤྱན་དྲངས་ལ་བསྟིམ་ཨ་ནྱོ་ནྱ་ཨ་ནུ་ག་ཏ་ལ་སོགས་པས་བཟླས་ལ་བསྒྲིལ་བར་བྱའོ། །དེ་ལ་མཆོད་པ་ལྔས་མཆོད། ཐིག་བསྒྲུབ་པའི་རིམ་པའོ། །དེ་ནས་བདག་ཉིད་དང་གྲོགས་ཀྱི་ཡེ་ཤེས་ཀྱི་ཐིག་གདབ་པ་དེར་ལས་ཀྱི་ཐིག་གདབ་པར་བྱའོ། ། ་དེས་ཅིར་འགྱུར་ཞེ་ན། འོག་ནས་སྟོན་པས་དཀྱིལ་འཁོར་འདི་སྐད་གསུངས་ཞེས་བྱ་བར་སྦྱར་རོ། །དེའི་རྗེས་ལ་ཚོན་བསྟན་པར་བྱ་བའི་ཕྱིར། རྡུལ་ཚོན་དམ་པའི་ཚོན་དང་ནི་རིན་ཆེན་ལྔའི་ཕྱེ་མར་འབྲེལ་ལོ། །ཡང་འབྲིང་པོ་ནི་ཡང་ན་འབྲས་ལ་སོགས་པར་འབྲེལ་ལོ།། ་[ི]་ཐ་མ་ནི་སོ་ཕག་དབ་ས་ལ་སོགས་པའི་ཚོན་ཏེ་བརྟག་པ་ཕྱི་མར་ཤེས་པར་བྱའོ། །ཚོན་སྒྲུབ་པ་ནི་ཚོན་རྩི་ཁ་དོག་ལྔ་ཕྱོགས་སོ་སོར་བཞག་ལ་སྔར་གྱི་ཡིག་འབྲུ་ལྔ་ཡིས་དེ་བཞིན་གཤེགས་པ་ལྔར་བསྐྱེད་རང་བཞིན་པ་བསྟིམ། མཆོད་པ་རྣམ་པ་ལྔས་མཆོད། བཛྲ་ས་མ་ཡའི ་སྔགས་བཟླས་པ་ཚོན་རྩི་སྦར་རོ། །གཟི་བསྐྱེད་དེ་དབང་ལྡན་གྱིས་མཚམས་ནས་ཚིགས་སུ་བཅད་པ་རེ་བརྗོད་ཅིང་མཐོ་གང་ཙམ་དྲང་པར་བྱའོ། །དེ་ཡང་དཀར་པོ་སེར་པོ་དམར་པོ་ལྗང། །མཐིང་ཀ་ནང་དུ་ཤེས་བྱ་སྟེ། །འདི་ནི་ཚོན་གྱི་རིམ་པར་བཤད། །དེ་བཞིན་ཕྱོགས་ཀྱང ་ཤེས་པ་བྱ། །དེའི་རྗེས་ལ་དཀྱིལ་འཁོར་གྱི་མཚན་ཉིད་བསྟན་པའི་ཕྱིར་སྟོན་པ་ང་མ་ཡིན་པ་གཞན་དག་ཀྱང་ངོ། །ཡང་སྡུད་པར་བྱེད་པ་ཁས་ལེན་པའོ། །དཀྱིལ་འཁོར་འདི་སྐད་གསུངས་པ་ནི། །གཞན་དག་དང་འདྲ་བས་འདིར་ཡང་འདོད་པའོ། །དེ་ཡང་ཚིགས ་བཅད་གཉིས་ཏེ་གོ་སླའོ། །དེའི་རྗེས་ལ་དཀྱིལ་འཁོར་ཁྱད་པར་བྱ་བ་མཚན་མ་དགོད་པའི་ཕྱིར། འཕར་མ་གཉིས་བཟང་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཏེ་གོ་སླའོ། །དེའི་རྗེས་སུ་བུམ་པ་ལ་སོགས་པ་རྫས་དགོད་ཅིང་འབྲེལ་པ་བསྟན ་པའི་ཕྱིར་བུམ་པ་བརྒྱད་ལ་སོགས་པ་ནི་བཅུ་སྟེ། རྣམ་པར་རྒྱལ་བ་དང་ལས་ཐམས་ཅད་པའོ། །འདིར་ནི་བུམ་པ་རྒྱས་པ་ནི་བཅུ་དྲུག་སྟེ། ལྷ་མོ་བཅོ་ལྔ་ལ་བུམ་པ་རེ་རེ། ལས་ཐམས་ཅད་པ་དང་བཅུ་དྲུག་གོ་།དཔལ་དགྱེས་པ་རྡོ་རྗེ་ལ་ནི་བུམ་བ་བཅུའོ། ་བསྡུ་བ་ནི་དྲུག་ཏུ་ཤེས་པར་བྱ་སྟེ། རིགས་ལྔ་ལ་རེ་རེ། ལས་ཐམས་ཅད་པ་དྲུག་གོ་།གང་བའི་བུམ་པ་ནི་ངེས་པ་མེད་དེ་ཅི་འབྱོར་པ་དབུལ་བར་བྱའོ། །རྣམ་པར་རྒྱལ་བ་ཤར་དུ་བཀོད་པ་ནི་ཕུར་པ་སྟེ། གཙོ་བོའི་མདུན་ནས་ཤར་དུའོ། །ལས་ཐམས ་ཅད་པའི་བུམ་པ་ནི་ཤར་གྱི་སྒོར་རོ། །གཞན་དག་གོ་སླའོ། །དེའི་རྗེས་ལ་ཇི་ལྟར་བསམ་གཏན་དེ་བཞིན་འདིར་ནི་དམ་ཚིག་གི་འཁོར་ལོ་སྒྲུབ་ཐབས་ལྟར་བསྐྱེད་པའོ། །དེ་ཉིད་ཇི་ལྟར་ཞེ་ན། བསྲུང་བ་ནི་སྔགས་ཀྱིས་སོ། །གསུངས་པ་འམ་རྗོད་པ ་[ིི]་*། །ནི་ཨོཾ་རཀྵ་ལ་སོགས་པ་སྟེ། བདག་བསྲུང་བ་ནས་བརྩམས་ཏེ་བྱའོ། །ཡང་ན་ཡེ་ཤེས་ཀྱི་འཁོར་ལོ་བཅུག་སྟེ་བགེགས་བསལ་བའོ། །དེའི་རྗེས་ལ་མཆོད་པ་ནི་ལྷ་མོ་བརྒྱད་ལ་སོགས་པས་མདུན་དུ་འོད་ཟེར་གྱིས་སྤྱན ་དྲངས་པ་ལའོ། །གསོལ་བ་གདབ་པ་ནི་མཆོད་པས་མཉེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལའོ། །དེ་ཡང་དེ་ནས་ཧེ་རུ་ཀའི་གཟུགས་ཀྱིས་དབང་བསྐུར་བར་འགྱུར་རོ། །ཇི་ལྟར་བཤད་པ་ནི་བཤད་པའི་རྒྱུད་དག་གཾ་རྣལ ་འབྱོར་གྱི་རྒྱུད་དུའོ། །འདིར་ཡང་བྱ་བ་ནི་མཆོད་བསྟོད་ལ་སོགས་པ་རྒྱས་པར་འདོད་ནའོ། །དེའི་ཏིང་ངེ་འཛིན་ནི་འདི་ཡིན་ཏེ། ཕྱག་མཚན་བཀོད་ནས་མདང་སྟ་གོན་གྱི་དཀྱིལ་འཁོར་ནམ་མཁའ་ལ་བཀོད་པ་ཕབ་སྟེ། གཉིས་བསྲེ་བར་བྱ་བའོ། །དེ ་ནས་བུམ་པ་དགོད་པ་དང་རྒྱན་བྲི་བ་དང་མཆོད་པ་རྣམས་བཤམས་ལ། བདག་ཉིད་ཁྲུས་དང་གཙང་སྦྲ་དང་རྒྱན་གྱོན་ནས་དཀྱིལ་འཁོར་གྱི་ཤར་སྒོར་སྟན་བདེ་བ་ལ་འདུག་སྟེ། གཙོ་མོ་དང་མོས་པར་གཅིག་ཏུ་བསམས་ཏེ། བདག་བསྲུང་བ་ནས ་ཚོགས་བསགས་པ་དང། རྟེན་གྱི་རྣལ་འབྱོར་བསྒོམ་པ་དང། །བརྟེན་པ་ལྷའི་དཀྱིལ་འཁོར་ལེའུ་བརྒྱད་བ་ལྟར་བསྒོམས་ཏེ། མཆོད་བསྟོད་བདུད་རྩི་མྱང་བའི་བར་དུ་བྱ་བ་ནི་བདག་ཉིད་ལ་ལྡན་པ་ཕུན་སུམ་ཚོགས་པའོ། །ད་ནས་དཀྱིལ་འཁོར ་སྒྲུབ་པ་ནི་ན་ནམ་ཕྱག་མཚན་ཙམ་ལས་ལྷ་མོའི་འཁོར་ལོ་རྫོགས་པར་བསྐྱེད། ཡེ་ཤེས་པ་སྤྱན་དྲངས། སྐྱེ་མཆེད་བྱིན་གྱིས་བརླབས། སྐུ་གསུང་ཐུགས་བྱིན་གྱིས་བརླབས། དབང་བསྐུར་མཆོད་པ་དང་བསྟོད་པ་རྒྱས་པར་བྱ། བདུད་རྩི ་མྱང། བཟླས་བའི་བར་དུ་བྱའོ། །དེའི་རྗེས་ལ་གང་ཞིག་དབང་ནི་རབ་ཏུ་དབྱེ་བ་ནི་དབང་བཞིའི་རིམ་པ་འམ་ཆུ་ལ་སོགས་པའོ། །རང་གི་དཀྱིལ་འཁོར་ཚོགས་སྦྱིན་ནི་ཁྱད་པར་གྱི་ལུགས་ཀྱིས་སོ། །མཆོད་དང་གསོལ་བ་གདབ་པ་ཉིད་ཅེས་འདིར ་[ིི]་ཡང་འབྲེལ་ཏ། མཆོད་པ་ནི་ཐུན་མོང་གི་མཆོད་པ་དང། ཁྱད་པར་གྱི་མཆོད་པ་བརྟག་པ་ཕྱི་མ་ནས། ཞིམ་པའི་བཟའ་བ་བཏུང་བ་དང་ཞེས་འདིར་འབྲེལ། ཐུན་མོང་གི་གསོལ་བ་གདབ་པ་དང། དགའ་ཆེན་ཁྱོད་བདག་སྟོན་པ་བས་ཞེས་བྱ་བ་དང། ཁྱད ་པར་གྱི་གསོལ་བ་གདབ་པ། འཁོར་བ་འདམ་གྱི་ཚོགས་དག་ཏུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས་ཞེས་བྱ་བ་ལ་སོགས་པ་འདིར་འབྲེལ་ལོ། །དབང་བསྐུར་བ་ཐུན་མོང་རིག་པའི་དབང་ལྷ་དང། ཁྱད་པར་བདག་པོའི་དབང་དང་དྲུག་སྟེ། དེ་སྐད་དུ་ཡང ་དྲུག་པོ་བདག་པོའི་དབང་གིས་དང། ཞེས་བྱ་བ་གསུངས་པའི་ཕྱིར་རོ། །དེའི་རྗེས་ལ་གསང་བའི་དབང་བསྟན་པའི་ཕྱིར། དེར་ཞེས་པ་ནི་བུམ་པའི་དབང་གིས་གནས་དེ་ཉིད་དུའོ། །རིགས་ང་ལས་བྱུང་ནི་དམན་པ་རྣམས་དང། བྲམ་ཟེའི་རིགས་སུ་སྐྱེས་པ་སྟེ། དེས ་རིགས་པ་སྐྱེད་པ་སྟེ་རིམ་པའོ། །བཟང་མོ་ནི་སྒོ་གསུམ་གྱི་ཁྱད་པར་རོ། །གཞུག་པ་ནི་ལས་དང་པོ་པ་ཡིན་ན་སློབ་མ་བཞིན་དུའོ། །ཡང་ན་ཇི་ལྟར་གང་རྙེད་ནི་རིགས་དང་སྒོ་གསུམ་གྱི་ཡོན་ཏན་དང་མི་ལྡན་ཀྱང་ངོ། །དེ་བཞིན་ནི་ཕྱོགས་གཉིས་པ་དེ་ལའོ། །བཅུ ་དྲུག་པ་ལོན་པ་ན་ཚོད་གཙོ་བོ་ཁོ་ནའོ། །ཁུ་བ་ལྡན་པ་ནི་ཤེས་རབ་རང་བཞིན་དང་མ་ཡིན་པའོ། །ཇི་སྲིད་ནི་གང་གི་ཚེའོ། །དེ་སྲིད་ནི་དེའི་ཆོལ་ལོ་ཕྱག་རྒྱ་བསྟེན་བ་ནི་ལང་ཚོ་དང་ལྡན་པ་དེ་ཉིད་ཆང་ལ་སོགས་པའོ། །ཕྱག་རྒྱ་ནི་གདོང་བཅིང་བ་ནི་འཇུག་པའི་ཚུལ་ལོ། །ཐབས་ཀྱི་གདོང ་ཡང་དེ་བཞིན་ནི་སློབ་མ་འཇུག་པ་དང་ཕན་ཚུན་དུ་མཐུན་པའོ། །ཡང་ན་ཕྱག་རྒྱ་ནི་གདོང་བཅིང་བ་ནི་བདུད་རྩི་ལེན་པའི་དུས་སུ་ཏེ། འདི་ཡང་བྱ་བའི་རིམ་པ་དང་ནོད་པའི་རིམ་པའོ། །བྱ་བའི་རིམ་པ་ནི་སློབ་མ་འཇུག་པ་བཞིན་དུ་ཕྱག་རྒྱ་མ་ཡང་དཀྱིལ་འཁོར ་དུ་གཞུག་པ་དང། ཚུལ་བཞིན་དུ་བྱས་ལ་ནོད་པའི་བདུད་རྩི་ལེན་པའི་དུས་ཏེ་དེར་ཡང་གདོང་བཅིང་ངོ། །སློབ་དཔོན་ལ་ལ་ནི་འདིར་ཟླ་བ་གཟུང་བའི་མན་ངག་ལ་ཡང་འཆད་དོ། །འདིར་ནི་སློབ་དཔོན་གྱིས་དེ་ཁོ་ན་ཉིད་ཉམས་སུ་མྱོང་བ་དེའི་ཆ་བུ་ལ་སྦྱིན་ཞེས ་བྱ་བའོ། །བརྟེན་པ་དེ་ལས་གང་བྱུང་བ་ཅེས་བདུད་རྩི་དེ་ཉིད་དོ། །ཐབས་ཀྱི་གདོང་ཡང་དེ་བཞིན་ཞེས་པ་ནི་སྟེར་བའི་དུས་སུ་སྟེ། སློབ་མའི་ཁར་ནི་ལྷུང་ཞེས་པར་འབྲེལ་བའོ། །ད་ནི་གསུམ་པ་བསྟན་པའི་ཕྱིར་རོ། །མཉམ་ནི་ལྷན ་ཅིག་སྐྱེས་པའི་རོའོ། །སློབ་མའི་སྤྱོད་ཡུལ་ནི་སྔོན་དུ་མན་ངག་བསྟན་པའོ། །དེ་ཉིད་ལ་ཡང་དེ་གསང་བའི་རྟེན་ཉིད་ལའམ་རིག་མ་གཞན་ལའོ། །བྱ་བར་བྱ་འམ་ངེས་པར་བྱ་ནི། སྔོན་དུ་མན་ངག་བསྟན་པ་བཞིན་ཉམས་སུ་བླངས་པའོ། །དེས ་ཅིར་འགྱུར་ཞེ་ན། རང་རིག་ཡེ་ཤེས་ནི་དོན་དམ་ལྷན་ཅིག་སྐྱེས་པའོ། །གྱུར་པ་ནི་ཀུན་རྫོབ་ལྷར་སྐྱེས་ལས་ཏེ། དེ་དག་གི་རིམ་པ་བརྟག་པ་ཕྱི་མ་ལས་བསྟན་ཏོ། །འདི་ལ་ཡང་བྱ་བའི་རིམ་པ་དང་ནོད་པའི་རིམ་པ་གཉིས་སོ། །གསུམ་པས་གོ་ཕྱེ་བའི ་སློབ་མའི་ཉམས་སུ་མྱོང་བ་དེ་ཉིད་བཤད་པ་ནི་བཞི་བ་སྟེ། དེ་ལ་ཡང་རྟེན་ཅན་དང་རྟེན་མེད་གཉིས་སོ། །སློབ་དཔོན་ལ་ལ་ནི་རྟེན་ཅན་དུ་ཡང་འདོད་དོ། །བླ་མའི་གཞུག་གིས་ནི་ཚིག་དབང་རིན་པོ་ཆེ་ཞེས་བྱ་སྟེ་རྟེན་མེད་དོ། །དེ་སྐད་དུ་ཡང། དེ་ལྟར་དེ་བའི ་ཡང་བཞི་པ་ཞེས་གསུངས་པས་སོ། །དེའི་ཁྱད་པར་བསྟན་པ་ནི་དབང་བཞི་པ་སྟེ། རང་གཞན་ནི་གཟུང་འཛིན་ནོ། །ཡང་དག་རིག་པ་ནི་དང་པོ་ཡིན་ཡང་གསུམ་པ་སྟེ། དེ་དག་དེས་སྤངས་པའོ། །དེས་ཅིར་འགྱུར་ཞེ་ན། མི་རྟོག་པ་སྟེ། མཁའ་མཉམ་ནི ་དཔེའོ། །རྡུལ་ནི་རྣམ་པར་རྟོག་པ་དང། ཉོན་མོངས་པའོ། །དེའི་ཕྱིར་སྟོང་པ་ཉིད་དཔེ་ལས་དེ་ལས་བྱུང་བའོ། །དེ་དང་ལྷན་ཅིག་ཚིམ་པ་ནི་ཐབས་ཅི་ཞེ་ན། དངོས་དང་དངོས་མེད་ནི་ཆོས་ཅན་ནོ། །བདག་ཉིད་མཆོག་ནི་བདེ་བ་ཆེན་པོའི་རང་བཞིན་ནོ། །དེ་དག་ནི་དབྱེར ་མེད་བསྟན་པའི་ཕྱིར། ཤེས་རབ་ཐབས་ནི་རྟོག་པ་དང་བདེ་བའོ། །ཤིན་ཏུ་འདྲེས་པ་ནི་དབྱེར་མི་ཕྱེད་པའོ། །ཡང་ཆགས་དང་ཆགས་བྲལ་ནི། །མཆོག་དགའ་དང་དགའ་བྲལ་གྱི་རྣམ་པས་སོ། །འབྲེས་པ་ནི་དབྱེར་མི་ཕྱེད་པ་སྟེ་ལྷན་ཅིག་སྐྱེས་པའི ་རོའོ། །ད་ནི་དེའི་རང་བཞིན་ནམ་ཆེ་བའི་བདག་ཉིད་བསྟན་པའི་ཕྱིར། །དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག་ནི་སེམས་ཅན་ཀུན་ཡང་ལྷན་ཅིག་སྐྱེས་པའི་འཚོ་བ་བརྟེན་པ་ཡིན་ཏེ། ཡི་གེ་དམ་པ་ཞེས་པ་ནི་ཨཀྵ་ར་སྟེ་མི་འགྱུར་བའི་ཕྱིར་རོ། །འགྲོ་བའི་བདག་ཉིད་ནི་ལྷན ་ཅིག་སྐྱེས་པ་དེའོ། །ཐམས་ཅད་ཁྱབ་པ་ནི་སེམས་ཏེ་དོན་དམ་ལྷན་ཅིག་སྐྱེས་པའི་ཕྱིར་རོ། །ལུས་ཀུན་ལ་གནས་པ་ནི་ཀུན་རྫོབ་པོ། །དངོས་དང་དངོས་མེད་དེ་ལས་བྱུང་བ་ནི་དངོས་པོ་ཀུན་རྫོབ་ལྷན་ཅིག་སྐྱེས་པ་དང། དངོས་མེད་དོན་དམ་དུ་གནས་པའོ། ། ་ཡང་ན་དངོས་པོ་སྟེ་གཟུགས་ལ་སོགས་པ་ལྔ་དང། དངོས་པོ་དེ་ཆོས་སོ། །གཞན་ནི་དབང་པོའོ། །གང་རྣམས་དེ་རྣམས་ནི་བརྟན་གཡོའོ། །རྣམ་ཤེས་ནི་མིག་ལ་སོགས་པའོ། །ཀུན་གྱི་ཚུལ་ནི་གཟུགས་ལ་སོགས་པ་དེ་དག་དང་ལྷན་ཅིག་སྐྱེས ་པར་སྣང་བའོ། །འོ་ན་ལྷན་ཅིག་སྐྱེས་པ་དེ་ཉིད་ཆོས་ཀུན་གྱི་རང་བཞིན་ཡིན་ན་གྲུབ་མཛའ་ངན་པས་བརྟགས་པའི་ཆོས་རྣམས་སུ་མི་འགྱུར་རམ་ཞེ་ན། ཉེས་པ་མེད་དེ་སྐྱེས་བུ་ནི་པུ་རུ་ཥ་སྟེ་སྣོད་ཀྱི་འཇིག་རྟེན་དུ་བཅུད་ཀྱིས་འགེངས་པར་བྱེད་པའོ། །སྔོན་རབས་ནི་བི་ཏ་ཀ་སྟེ་ཕྱ ་འཾ་མེས་པོ་སྟེ་ཚངས་པའོ། །དབང་ཕྱུག་ནི་མ་ཧེ་ཤྭ་ར་སྟེ་ཀུན་ལ་དབང་བའི་བདག་པོའོ། །དབང་ཕྱུ་ཆེན་པོ་འམ་ལྷ་ཆེན་པོ་ཞེས་རྗོད་དོ། །བདག་ནི་རྟག་པའི་ཁྱད་པར་ལྡན་པའོ། །གསོ་བ་ནི་འཛིན་པ་ཏེ་དབུགས་སོ། །སེམས་ཅན་ནི་ཤེས་པ་སྟེ་ནུས་པ་ཤེས་ཅན་ནོ། །དུས་ནི་ཡོན ་ཏན་ནོ། གང་ཟག་ནི་བུད་ག་ལ་ཏེ། བྱེད་པ་པོ་འམ། ལས་ཀྱི་འབྲས་བུ་གང་ཞིག་སྨིན་པར་མཛད་པའོ། །དེ་དག་ཏུ་བཏགས་པ་མ་ཟད་དེ། དངོས་པོ་ཀུན་གྱི་རང་བཞིན་ནི་མྱ་ངན་ལས་འདས་པའི་བར་དུའོ། །སྒྱུ་མའི་ཚུལ་ལམ་གཟུགས་ནི་མ་ཧཱ་མཱ་ཡཱ་སྟེ་བདེན་པ་ཡང་མ་ཡིན་བརྒྱུན་པ ་ཡང་མ་ཡིན་སྒྱུ་མཚན་པོའི་ཡང་དག་གནས་ནི་ཟག་པ་མེད་པའི་བདེ་བར་རང་སྣང་བའོ། །དེའི་ཕྱིར་ཉེས་པ་མེད་པ་ཁོ་ནའོ། །ད་ནི་ཐེ་ཚོམ་གྱི་ཡུལ་བསྟན་པ་དང་ལྷན་ཅིག་སྐྱེས་པ་ཇི་ལྟར་ཉམས་སུ་བླངས་པའི་ཐབས་བསྟན་པའི་ཚིགས་སུ་བཅད་པ་གཅིག་སྟེ་གོ་སླའོ། ་དེ་བཞིན་གཤེགས་པ་དང་རྡོ་རྗེ་སྙིང་པོ་སྔོན་དུའོ། །མཁས་པ་ནི་རྗེས་སུ་འཇུག་པའི་ཕ་རོལ་ཏུ་ཕྱིན་པ་ལའོ། །དེ་སྐད་དེས་ཐོས་ནི་ཟག་པ་དང་བཅས་པ་ཆགས་པ་ལས་བྱུང་བ་འམ་ཟག་པའི་བདག་ཉིད་དུ་ཐོས་པའོ། །མཆོག་ཏུ་ངོ་མཚར་ན་དམན་པ་འམ། །སྤྱོད ་ཡུལ་མ་ཡིན་པས་སོ། །བརྒྱལ་ཞིང་ས་ལ་འགྱོལ་བ་ནི་སྐྲག་པ་འམ་ཆེ་བའི་བདག་ཉིད་སྟོན་པའོ། ཡང་ན་བརྒྱལ་བ་ནི་སེམས་ཀྱི་ཁྱད་པར་རོ། །འགྱེལ་བ་ནི་ལུས་ཀྱི་བཀོད་པའོ། །འདིར་དགའ་བའི་གྲངས་ལ་ཐེ་ཚོམ་སྐྱེས་བས་ལྟར་བསྟན་ཀྱང་དོན་ལ་བཞི་པ་ལ་ཐེ་ཚོམ་སྐྱེས ་ཏེ། ཤིན་ཏུ་ཟབ་པས་སྤྱོད་ཡུལ་མ་ཡིན་པར་དོགས་པ་དང། ཡང་ན་ཤིན་ཏུ་དམན་པས་ངན་པ་རུ་རྟོག་པ་སྐྱེས་པའོ། །ད་ནི་དེ་དག་གི་རྒྱུ་མཚན་སེམས་ལ་གནས་པའི་སོ་སོར་བརྗོད་པའི་ཕྱིར། དང་པོ་དགའ་བ་འགྲོ་བ་ནི་བརྟགས་པའོ། །མཆོག་དགའ་འགྲོའི་བརྟག་པ་སྟེ་འཁོར་བར ་དགའ་བྲལ་དགའ་བའང་འགྲོ་བའམ་བརྟག་བ་སྟེ་མྱ་ངན་ལས་འདས་པར་རོ། །དེ་ནས་འཁོར་བ་མྱ་ངན་ལས་འདས་པའི་མཐར་འགྲོ་བས་ངོ་མཚར་བ་འམ་བརྒྱལ་བའོ། །ཡང་ན་ཟབ་པ་ཆེ་བའི་བདག་ཉིད་དགའ་བ་གསུམ་གྱིས་མི་རྟོག་པའོ། །སྤྱོད་ཡུལ་མ་ཡིན་པར་དོགས་ན་ངོ ་མཚར་ཞིང་བརྒྱལ་བའོ། །དེའི་ཕྱིར་དགའ་བ་གསུམ་ལ་ལྷན་སྐྱེས་མེད་ཅེས་པའོ། །ད་ནི་ཐེ་ཚོམ་བསལ་བའི་ཕྱིར་སྡུད་པར་བྱེད་པས། །བཅོམ་ལྡན་བཀའ་སྩལ་ཀྱེའི་རྡོ་རྗེ་ཞེས་པའོ། །སང་རྒྱས་ཀུན་གྱི་སྐུ་གཅིག་ནི་བདེ་བ་ཆེན་པོའི་སྐུའོ། །རྡོ་རྗེ་སྙིང་པོས་རྟོགས་བྱ་ནི་སྔོན་བྱུང་དག་གོ། ་ཐེ་ཚོམ་ནི་དམན་པ་འམ་སྤྱོད་ཡུལ་མ་ཡིན་པ་གོང་དུ་བརྗོད་པ་ཉིད་དོ། །བཟང་བ་འམ་ལེགས་པར་བ་ནི་ལས་ལེན་པའོ། །ཅི་ཞེ་ན། དེ་ཡང་དང་བར་དམ་པ་དོགས་སེལ་བའི་ཕྱིར་རོ། །འདོད་ཆགས་མེད་ཅིང་ཆགས་བྲལ་མེད་ནི་དགའ་བ་དང་དགའ་བྲལ་ཏེ། བརྟག་པ་དེ་དག ་ལྷན་ཅིག་སྐྱེས་པ་ལ་མེད་དོ། །དབུ་མ་ཞེས་པ་ནི་དགའ་བ་སྟེ། གྲངས་ཀྱི་དབུ་མར་ཡང་མ་ཡིན་ལ། དོན་གྱི་དབུ་མར་དེ་ཁོ་ན་ཉིད་ཀྱིས་ཁྱབ་པ་ཡང་མ་ཡིན་ཏེ་ཉམས་མྱོང་སྐྱེས་པའི་དབུ་མ་སྟེ། དེ་ཡང་མི་དམིགས་སོ། །དེ་དག་ཀྱང་ལྷན་ཅིག་སྐྱེས་པ་ལ་མི་ལྡན་ཡང་བློས་བརྟགས་ནས ་དམའ་པར་འགྲོའོ་ཞེ་ན། དེའི་ཕྱིར་གསུམ་པོ་སྤངས་པའི་ཉིད་ཅེས་པ་ནི་སྤངས་ཏེ་ཉམས་སུ་བླང་བའི་ཕྱིར་རོ། །ལྷན་ཅིག་སྐྱེས་པའི་བྱང་ཆུབ་ཟི་དྲི་མ་དང་བྲལ་བས་རྟོགས་པས་སྟེ། ཡང་དག་པའི་འབྲས་བུར་བརྗོད་དོ། །ད་ནི་སྤྱོད་ཡུལ་མ་ཡིན་པར་དོག་པའི་ཐེ་ཚོམ་བསལ་བའི་ཕྱིར་རོ།། ་ཡང་ན་ཞེས་པ་ནི་དམན་པར་དོགས་པ་ལས་ཕྱོགས་གཞན་དུའོ། །དེ་ཉིད་ཅེས་པ་ནི་ལྷན་ཅིག་སྐྱེས་པའོ། །ཐམས་ཅད་བདག་ཅེས་པ་ནི་དགའ་བ་གསུམ་གྱི་རང་བཞིན་ཡིན་པའི་ཕྱིར་དགའ་བ་གསུམ་དང་ལྡན་པའི་ཚེ། དེའི་བདག་ཉིད་ཀྱང་རྟོགས་པར་སྤྱོད་ཡུལ་མ་ཡིན་པ་ཁོ ་ནའོ། ཡང་ན་ཞེས་པ་ནི་རང་བཞིན་གཅིག་ཀྱང་རྣམ་པའི་ཕྱོགས་གཞན་དུ་བསྟན་པའི་ཕྱིར་རོ། །ཀུན་རྣམ་པར་སྤངས་ནི་གསུམ་དང་ལྷན་ཅིག་སྐྱེས་པ་རྣམས་ཕན་ཚུན་དུ་སྤོངས་བས་སོ། །འོ་ན་རྣམ་པ་མི་མཐུན་ན་གསུམ་པོ་མི་དགོས་ལ། གསུམ་པོ་མེད་ན་སྤྱོད་ཡུལ་དུ་མི་འགྱུར་ཞེ་ན། ་དེའི་ཕྱིར་དགའ་བྲལ་དང་པོ་མཚན་ཞེས་པ་ནི་རྣམ་པར་མཚོན་པའི་ཐབས་ནི་གོ་རིམས་ཏེ། གཉིས་ཀྱི་འོག་དང་གཅིག་གི་གོང་སྟེ། གསུམ་པའོ། །རང་བཞིན་མཚོན་པའི་ཐབས་དང་ཤེས་རབ་ཀྱི་ཚུལ་དུ་མཐུན་དགའ་བ་གསུམ་ལ་གནས་པའོ། །དེའི་ཕྱིར་ན་དགའ་བ་གསུམ་པོ ་སྤངས་ཞེས་པ་ནི་ལྷན་ཅིག་སྐྱེས་པ་སྟེ་སྤྱོད་ཡུལ་དུ་གྱུར་པ་ཁོ་ནའོ། །ད་ནི་ཐེ་ཚོམ་མེད་པར་ཉམས་སུ་བླངས་པའི་རྟག་ཇི་ལྟ་བུ་ཞེ་ན། དང་པོ་སྤྲིན་དང་འདྲ་བ་ནི་དབང་གིས་དུས་ཀྱི་སྟོབས་ཏེ་དེ་ཡང་སྭཱ་ཧཱ་ཛཝ་འམ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས། སྤྲིན་ཁྲལ་བུའི་ཟླ་བ་ལྟ་བུ ་མཐོང་བ་དང་མ་མཐོང་བའི་གནས་སྐབས་སོ། །མཐོང་བ་དེ་ཡང་དོན་རང་གི་མཚན་ཉིད་ཀུན་ཏུ་སྦྱོར་བ་ནི་རྒྱ་མཚོའི་ལན་ཆཝའི་ཆུ་རུ?་ཟད་ཀྱིས་ཀུན་ཤེས་པའོ། །གྲུབ་པ་སྒྱུ་མ་ལྟ་བུ་ནི་སྒོམ་པའི་དུས་ཀྱི་སྟོབས་ཏེ། མཾ་ན་ཛ་འཾ་དྷརྨཱ་མུ་ཏྲ་ལ་བརྟན་པས་རང་གི་མཚན་ཉིད་མ་ཡིན ་པ། སྒྱུ་མའི་གཟུགས་བརྙན་ལྟ་བུ་སྣང་བའོ། །དེ་ནས་རྨི་ལམ་འདྲ་བ་ནི་སྤྱོད་པའི་སྟོབས་ཏེ་ཁེ?་ཏྲ་ཛེའི?་ས་མ་ཡ་མུ་ཏྲ་ལ་བརྟེན་པས། དོན་རང་གི་མཚན་ཉིད་ལ་ཕྱོགས་པ་རྨི་ལམ་བེའུར་ཆད་པ་ལྟ་བུར་སྣང་ངོ། །སད་པ་ནི་སྔར་གྱི་སྤྲིན་དང་འདྲ་བར་སྣང་བ་སྟེ་གསལ་བའི་ཕྱིར་རོ། ་གཉིད་ལོག་ནི་སྒྱུ་མ་དང་རྨི་ལམ་སྟེ་མི་གསལ་བའི་ཕྱིར་རོ། །དེ་དག་ནི་འཆར་བ་དང་ནུབ་པ་སྟེ་ཐབས་དང་ཤེས་རབ་ཡིན་པས་མི་ཕྱེད་པ་ནི་ཕྱག་རྒྱ་ཆེན་པོའོ། །གྲུབ་ཅེས་པ་ན་ཡང་མི་ཕྱེད་ཅེས་སྨོས་པ་ནི་འབྲས་བུའི་དུས་ཀྱི་སྟོབས་མནྟྲ་འཾ་མ་ཧཱ་མནྟྲ་ལ་བརྟེན ་ནས་མཚན་ཉིད་མ་གྲུབ་པར་སྣང་ངོ། །ཕྱག་རྒྱའི་རྣལ་འབྱོར་ཞེས་པ་ནི་ཕྱག་རྒྱ་ཆེན་པོའོ། །གྲུབ་ཅེས་པ་ནི་གདོན་མི་ཟ་བའོ། །དེའི་རྗེས་ལ་མན་ངག་བསྟན་པར་བྱ་བའི་ཕྱིར་ཕྱི་ནས་ཞེས་པ་ནི་དབང་གི་རྗེས་ལའོ། །དེ་ཉིད་ཡང་དག་བཤད་ནི་དབྱེར་མེད་པའི་མན་ངག་སྡུད་པར་བྱེད་པས ་ཁས་ལེན་པའོ། །ཡང་དང་ནི་དོན་དམ་ལྷན་ཅིག་སྐྱེས་པ་ནི་ཤེས་རབ་ཀྱི་མན་ངག་བསྟན་པའི་ཕྱིར། རྣམ་དག་ཡེ་ཤེས་ནི་སེམས་རང་བཞིན་གྱིས་དག་པར་དམ་བཅའ་བ་སྟེ་བསྟན་པའོ། །བཤད་པར་འདོད་ནས་འཁོར་བ་དང་མྱ་ངན་ལས་འདས་ཞེས་པ་ནི་དངོས་པོ་དང་དངོས་མེད ་ལ་སོགས་པ་གཞན་དག་ཀྱང་ངོ། །ཁྱད་པར་ནི་བརྟག་པའི་ཁྱད་པར་རོ། །ཅུང་ཟད་ནི་ཉུང་བ་བག་ཙམ་ཕྲ་བ་སྟེ། སེམས་ཙམ་དུ་ཡང་ངོ། །ཡོད་མ་ཡིན་ནི་གཅིག་དང་དུ་བྲལ་གྱིས་སོ། །འོ་ན་ལམ་གྱི་དུས་སུ་ལྟ་བ་ཇི་ལྟ་བུ་ཞེ་ན། ཚིག་རྐང་གཉིས་ཏེ་གོ་སླའོ། །ཡང་སྤྱོད་པ་ཇི་ལྟ་བུ་ཞེ་ན། ་ཚིགས་སུ་བཅད་པ་གཅིག་སྟེ་གོ་སླའོ། །ཡང་སྒོམ་པ་ཇི་ལྟ་བུ་ཞེ་ན། རྐང་པ་གཅིག་གོ། འབྲས་བུ་དོན་གྱི་རང་བཞིན་ཇི་ལྟ་བུ་ཞེས་ན་རྐང་པ་གཅིག་གོ། ད་ནི་ཀུན་རྫོབ་ལྷན་སྐྱེས་སམ། ཐབས་ཀྱི་མན་ངག་བསྟན་པའི་ཕྱིར། རྡོ་རྗེ་སྙིང་པོས་གསོལ་པ་ཅེས་པ་ནི་ཡེ་ཤེས་རྣལ་པར་དག་པ ་ནི་རིགས་ན་ལུས་དག་པ་མི་རིག་པ་ཁོང་དུ་བཞག་སྟེ་དྲིས་པའོ། །གཙོང་ནས་རང་བཞིན་མེད་པའི་ཞེས་པ་ནི་སེམས་དག་པ་དེས་སོ། །ལུས་ཀྱི་རང་བཞིན་ངག་བ་ན་ཕྲ་རུ་སྟེ་དེ་རུ་དེའི་ཕྱིར་གང་དུ་ལོགས་སུ་འབྲེལ་ལོ། །དེ་ཡང་རྒྱུ་མཚན་ནི་ལུས་འབྱུང་བའི་བདག་ཉིད་ཡིན་པའི་ཕྱིར། དག ་པ་མི་རིགས་སོ་ཞེ་ན། དག་པ་ཡིན་ན་འབྱུང་བ་མ་ཡིན་ན་དག་པའི་ལྷན་སྐྱེས་མ་ཡིན་ཞེ་ན། ཀུན་རྫོབ་ལྷན་སྐྱེས་ལན་བཏབ་པ་ཡི་ནི་འབྱུང་བ་ཡིན། དེ་ནས་དེ་ལའོ། །བཅོམ་ལྡན་རྡོ་རྗེ་ཅན་ནི་རྡོ་རྗེ་འཛིན་པའོ། །དེའི་ཁྱད་པར་བསྟན་པའི་ཕྱིར་མཁའ་འགྲོ་ནི་བདག་མེད ་མ་པུཀྐ་སཱི་ལ་སོགས་པ་བཞིའོ། །བདེ་བ་སྟེར་ནི་རྒྱུའི་རྡོ་རྗེ་འཆང་སྙོམས་པར་འཇུག་པ་འམ། གླུའི་དོར་འབྲས་བུ་ཧེ་རུ་ཀ་ལྡང་བ་དེའོ། །དགྱེས་པའི་རྡོ་རྗེའོ། །ཡང་མཁའ་འགྲོ་ནི་ཌཱ་ཀཱི་ནི་སྟེ་ཞིང་དག་ཏུ་རྒྱུ་བའི་ལས་ཕྱག་རྒྱའོ། །བདེ་བ་སྟེར་ནི་ལྷན་ཅིག་སྐྱེས་པའི་རོ་དང་མི་འབྲལ་བའི་ཐབས་ཀྱིས ་དགྱེས་པའི་རྡོ་རྗེའོ། །དེ་ནི་གཞན་ལུས་ཤེས་རབ་ལ་བརྟེན་པའོ། །ཡང་མཁའ་འགྲོ་ནི་རྩ་རྣམས་སོ། །བདེ་སྟེར་ནི་ཀུན་ད་ལྷན་སྐྱེས་ཏེ་ལུས་ལ་གནས་པའི་དགྱེས་པའི་རྡོ་རྗེའོ། །དེ་ནི་རང་ལུས་ཐབས་དང་ལྡན་པའོ། །ཡང་མཁའ་འགྲོ་ནི་ཕྱག་རྒྱ་ཆེན་པོའོ། །བདེ་སྟེ་རིན་གནས་པ་སྟེ། ཟག་པ་མེད ་པའི་བདེ་བ་ཆེན་པོ་སྟེ་གཉིས་སུ་མེད་པའི་དགྱེས་པའི་རྡོ་རྗེའོ། །དེ་ནི་དབྱེར་མེད་དོ། །གསུངས་ཞེས་པ་ཐེ་ཚོམ་སེལ་བར་རོ། །དེ་ཉིད་ཅི་ཞེ་ན། རློམ་སེམས་མེད་པའི་རང་བཞིན་ནི་སེམས་དག་པ་དེའོ། །བདག་ནི་འབྱུང་བའི་བདག་ཉིད་དོ། །ཐམས་ཅད་ནི་འགྲོ་བ་ཀུན་གྱིའོ། །ལུས་ལ་རྣམ་པར་གནས ་ནི་གཉུག་མའི་དབང་པོ་ལ་བརྟེན་པའོ། །བསྟན་པ་དེ་དག་ཀྱང་སོ་སོར་བཤད་པའི་ཕྱིར། ཀྱེ་བཅོམ་ལྡན་འདས་ཞས་པ་ནི། མཇེས་པས་བོད་པའོ། །ཅིའི་སླད་དུ་ཞེས་པ་ནི་ལུས་ལ་གནས་ལུས་དག་པས་ནི་རྒྱུ་མཚན་དིས་པའོ། །འབྱུང་བ་ཆེན་པོ་ནི་ལྔ་པོས་ཕུང་པོའི་རིགས་ནི ་བསྡུས་པ་སྟེ་ལུས་སོ། །དེ་ཇི་ལྟར་བསྐྱེད་ཅིང་རྟེན་ལགས་ཞེས་པའོ། །དེ་ལན་བསྟན་པ་ཡང་འབྱུང་བས་སྐྱེས་པའི་ཚུལ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཞེས་པའོ། །གང་གིས་དུས་སུ་ཞེ་ན། པོ་ལ་ཀཀྐོ་ལ་སྦྱོར་བས་ཞེས་པ་ནི་ལྷན་ཅིག་སྐྱེས་པ་སྦྱོར་བའོ། །རེག་པ་སྲ་བའི ་ཆོས་ནི་སྙོམས་འཇུག་ལ་སའི་མཚན་ཉིད་ལྡན་པས་སོ། །ས་ནི་དེ་ལས་སྐྱེ་ཞེས་པ་སར་བསྒྲུབ་པའོ། །བྱང་ཆུབ་སེམས་ཁུ་བ་ནི་གཤེར་བ་སྟེ། སྙོམས་འཇུག་དེ་ལ་ཆུའི་མཚན་ཉིད་དང་ལྡན་པས་སོ། །ཆུའི་ཁམས་ནི་འབྱུང་ཞེས་པ་ནི་དེར་བསྒྲུབ་པོ། །བསྒྲུབ་པ་འམ་བསྐྱེད་པ་ནི་སྙོམས་འཇུག ་ལའོ། དྲོད་ནི་མེའི་མཚན་ཉིད་ལྡན་པས་སོ། །སྐྱེས་ཏེ་ཞེས་པ་ནི་མེར་གྲུབ་པའོ། །འགྲོ་ཞེས་པ་ནི་སྙོམས་འཇུག་གི་ཟླ་བ་གཡོ་བ་རླུང་གི་མཚན་ཉིད་དང་ལྡན་པས་སོ། །རླུང་ནི་རབ་ཏུ་གྲགས་ཞེས་པ་པྲ་ཏི་སྟེ་རབ་ཏུ་བསྒྲུབ་བོ། །བདེ་བ་ཞེས་པ་ནི་སྙོམས་འཇུག་གིས་སམ་ཞུ་བ་ལ་བརྟེན་པའི་ཆོས་སོ ་ནམ་མཁའ་ཨི་ཁམས་ཞེས་བྱ་བ་ནི་ཁྱད་པར་ནམ་མཁའ་ཨི་མཚན་ཉིད་དང་ལྡན་པ་ནམ་མཁའ་ཨི་སྒྲུབ་པའོ། །ལྔ་ཡིས་ཡོངས་སུ་བསྐོར་ཞེས་པ་ནི་དེ་དག་འདུས་པའོ། །གང་ཕྱིར་འབྱུང་བ་ཆེ་བདེ་ཞེས་བྱ་བ་ནི་འབྱུང་བ་ལས་གྱུར་ཅིང་བསྐྱེད་པའོ། །དེའི་ཕྱིར་ཞེས་པ་ནི་འདུས ་བྱས་པའི་ཕྱིར་རོ། །བདེ་བ་དེ་ཉིད་མིན་ཞེས་པ་ནི་ལྷན་སྐྱེས་མ་ཡིན་པའོ། །དེ་དག་གིས་མི་འབྱུང་བ་དང་ལྡན་པའི་ལུས་ཀྱི་བསྐྱེད་པ་རྒྱུ་བྱེད་པ་ཙམ་གྱིས་ལུས་དག་པར་བསྟན་ནས། དི་ན་ལྷན་ཅིག་སྐྱེས་པ་ཡིན་པས་ལུས་དག་པ་ལ་བསྟན་པའི་ཕྱིར། ལྷན་སྐྱེས་དགའ་ཞེས ་པ་ནི་གཟོད་མ་ཉིད་ནས་ལུས་དང་སེམས་དང་ལྷན་ཅིག་སྐྱེས་པའི་ཕྱིར་རོ། །འོ་ན་ལྷན་སྐྱེས་ཡིན་ཞེ་ན། ལྷན་ཅིག་སྐྱེས་པ་གང་སྐྱེས་ཞེས་པ་དོན་དམ་དེ་ལྷན་སྐྱེས་ལུས་དང་ལྷན་སྐྱེས་སེམས་ཡང་དེ་ལྷན་ཅིག་སྐྱེས་དང་ལྷན་སྐྱེས་པས་དེར་འགྱུར་རོ། །གང་སྐྱེས་པ་ཞེས་པ་ནི ་དེ་དང་ལྡན་པ་གང་དང་གང་ཡོད། །ལྷན་ཅིག་སྐྱེས་པར་དེ་བརྗོད་དོ་ཞེས་པ་མི་དེ་དང་དེ་ཀུན་ནོ། །དེ་ཕྱིར་ཀུན་རྫོབ་ཀུན་ཏུ་ལུས་དང་ལྷན་སྐྱེས་པས་རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད་པ་སྟེ། དོན་དམ་ལྷན་སྐྱེས་བཞིན་དུ་ཀུན་ཀྱང་ཡིན་ལ་དེ་ན་ལུས་དག་པར་བསྟན་ཏོ། །ད་ནི་ཕྱག ་རྒྱ་ཆེན་པོ་འམ་དབྱེར་མེད་ལྷན་སྐྱེས་བསྟན་པའི་ཕྱིར། རྣམ་པ་ཐམས་ཅད་ཅེས་པ་ནི་བསྐྱེད་རིམ་ལ་སོགས་པ་ཆོས་དུ་མའོ། །སྡོམ་ཞེས་པ་ནི་མདོར་བསྡུས་པའོ། །ཅི་ཞེས་པ་ནི་སེམས་སུ་སྡུད་པའི་ཚུལ་ལོ། །དེ་ཡང་ཆོས་དུ་མ་དེ་དག་ཇི་ལྟར་བསྡུ་ཞེ་ན། ཕྱག ་རྒྱ་དང་བྲལ་ཞེས་པ་ནི་བདག་མེད་མའི་ཕྱག་རྒྱ་སྔགས་ལ་སོགས་པ་བྲལ་བ་སྟོང་པ་སྟེ། ཤེས་རབ་ཀྱིས་བསྡུས་པའོ། །དེ་བཞིན་དཀྱིལ་འཁོར་དང་ལྷ་དང་ཕྱག་རྒྱ་དང་སྦྱིན་སྲེག་དང་མཆོད་སྦྱིན་ལ་སོགས་པས་བརྟག་པ་རྣམས་མེད་པ་དང། ཡང་དག་པའི་སྔགས་ལ་སོགས ་ཡོད་པར་བསྟན་པ་ནི་ལེའུ་ལྔ་པ་ལྟར་ཤེས་པར་བྱ་སྟེ། དེ་ཡང་ཐབས་ཀྱིས་བསྡུས་པ་ནི་ཡོ་གའི་རྣལ་འབྱོར་པའོ། །སྙིང་རྗེ་ནི་སྣང་བ་ཀུན་ནོ། །ཐབས་ནི་བདེ་བའི་རོར་གྱུར་པའོ། །དེ་དག་བསྡུས་ཏེ་མི་གདགས་པའི་ཕྱིར་ཡེ་ཤེས་ནི་སྟོང་པའོ། །ཐབས་ནི་སྙིང་རྗེ་དབྱེར་མེད་ནི་དེ ་དག་གིས་ཆོས་ཀུན་བསྡུས་ནས་དེ་དག་ཉིད་ཀྱང་ཟག་པ་མེད་པའི་ལྷན་ཅིག་སྐྱེས་པར་གཅིག་པའོ། །དེས་ཅིར་འགྱུར་ཞེ་ན། སེམས་ཙམ་ཡིན་ཏེ། དེའི་བྱང་ཆུབ་སེམས་ཞེས་བརྗོད་པ་སྟེ་ལྷན་ཅིག་སྐྱེས་པའོ། །ད་ནི་བསྟན་པ་དེ་དག་རྒྱུ་མཚན་སོ་སོར་བཤད་པའི་ཕྱིར། །བསྔགས ་བཟླས་ཞེས་པ་ནི་བསྐྱེད་པའི་རིམ་པའི་རྣམ་པ་ཐམས་ཅད་ཀྱི་ཆོས་སོ། །མེད་ཅེས་པ་ནི་བདག་མེད་མའི་ཕྱག་རྒྱ་གཅིག་དང་དུ་བྲལ་གྱིས་སོ། །ཡང་མེད་ཅེས་པ་ནི་རྒྱུ་འམ་ངོ་བོ་ལ་སོགས་པ་དང་བྲལ་བས་སོ། །དེ་བཞིན་དུ་གཞན་དག་ལ་ཡང། །ད་ནི་ཐབས་ཀྱི་བསྡུས་པ་བསྟན ་པའི་ཕྱིར་རོ། །དེའི་སྔགས་བཟླས་ཞེས་པ་ནི་སྣད་བརྒྱུན་ཏུ་གནས་པའོ། །དེ་དཀའ་ཐུབ་ནི་ཐབས་བདེ་བ་ཞུ་བ་མི་འབྲལ་བར་ཚངས་པར་སྤྱོད་པས་སོ། །སྦྱིན་སྲེག་ནི་སྙིང་རྗེ་སྣང་བའི་སྲེག་བླུགས་མཆོད་པས་རྣམ་རྟོག་དང་ཉོན་མོངས་པ་མེད་པའོ། །དཀྱིལ་འཁོར་པ་ནི་སྙིང་རྗེ ་སྣང་བ་བདེ་བའི་ལྷ་སྟེ་ཉོན་མོངས་པ་ཟུག་རྡུ་ཞི་བས་སོ། །དཀྱིལ་འཁོར་ནི་ཐབས་བདེ་བ་སྟེ། ལྷན་ཅིག་སྐྱེས་པ་འདུས་པའི་གནས་ཡིན་པས་སོ། །ད་ནི་རྣམ་པ་ཐམས་ཅད་སྡོམ་པ་གཅིག་གི་རྒྱུ་མཚན་ནི་བསྟན་པའི་ཕྱིར། མདོར་བསྡུས་ཞེས་པ་ནི་གང་དག་ཅེ་ན། སྔགས་ལ ་སོགས་པ་རྣམ་པ་ཀུན་ནོ། །གང་ལྟར་ཞེ་ན། སྟོང་པ་སྙིང་རྗེས་སོ། །གང་གིས་ཞེ་ན་འདུས་པའི་ཞེས་པ་སྟེ། དབྱེར་མེད་ཀྱིས་སོ། །གང་གི་ཕྱིར་ཞེ་ན། སེམས་ནི་ཞེས་པ་སྟེ། བྱང་ཆུབ་སེམས་སོ། །གཟུགས་ཅན་ཞེས་པ་ནི་རཱུ་པ་སྟེ་ལྷན་ཅིག་སྐྱེས་པའི་ཚུལ་ལམ་རང་བཞིན་ནོ། །ལེའུ ་བཅུ་པའོ།། །།ད་ནི་ལེའུ་དང་པོ་ལ་ལྟ་སྟངས་ལ་སོགས་པ་རིམ་པ་གཉིས་ཀྱིས་དམིགས་པའི་ཡུལ་ཆེ་བའི་བདག་ཉིད་འདིར་འབྲས་བུ་འགྲུབ་པར་བསྟན་པའི་ཕྱིར་མཉམ་པ་ནི་མིག་འབྲས་གཉིས་སོ། །མ་རུངས་ནི་ཧེ་རུ་ཀའི་ང་རྒྱལ་གྱིས་སོ། །དཔྲལ་བ ་ཅན་ནི་མིག་འབྲས་གཉིས་ནི་དཔྲལ་བ་ལ་བརྟེན་ནི་ཅུང་ཟད་གྱེན་དུ་བལྟས་ནས་ཐུར་དུ་འཕོགས་པའོ། །ལྟུང་བར་བརྗོད་ནི་བསྒྲུབ་བྱ་འགྱེལ་བར་བྱེད་པའོ། །གཞན་དག་ནི་ལྟ་སྟངས་རྣམས་དང། དབུགས་དང་དཔེ་དག་སྟེ། གཞན་དག་དབུགས་ཀྱི་སྒྲུབ་པ་ཡང་འབྱུང་བ ་ཉིད་ཀྱིས་ལྟུང་བར་བྱེད། རྫུབ་པ་ཡིས་ནི་དབང་དུ་བྱེད། །དགད་བ་ཡིས་ནི་འགུགས་པར་བྱེད། །ཞི་བ་ཡིས་ནི་རེངས་པར་བྱེད། །ཅེས་བྱ་བ་ནི་ཕྱིར་འབྱུང་བ་དང། ནང་དུ་རྫུབ་པ་དང་དབུགས་ནང་དུ་འགེངས་པ་དང་དབུགས་ཞི་བས་རེངས་པར ་བྱེད་དོ། །དཔེ་གཏན་ལ་དབབ་པ་ནི་རློན་པའི་ཤིང་ལས་སྒྱེལ་བའི་ཉམས་སད་པའི་གནས་སོ། །མེ་ཏོག་ཅན་ལ་ནི་དབང་གིས་ཉམས་སད་པའི་གནས་སོ། །རྡོ་རྗེའི་ཤིད་ནི་ཤིང་ཐད་ཆུ་ཅན་དེ་དགུག་པའི་ཉམས་སད་པའི་གནས་སོ། །གཡོ་བཅས་རྩཝ་ནི་འཇག་མ་སྟེ། རེངས ་པའི་ཉམས་སད་པའི་གནས་སོ། །ཟླ་བ་དྲུག་གོམས་པའི་སྦྱོར་བ་ནི། དཔལ་ཧེ་རུ་ཀའི་བཟླས་པ་དང་བསྒོམ་པ་སྟེ། གཞན་དག་ནི་བཀག་པ་ནི་མ་ཡིན་ནོ། །སྒྲུབ་པ་ནི་བསྒྲུབ་བྱ་ལྟུང་བ་ལ་སོགས་པའོ། །ཐེ་ཚོམ་མེད་པ་ནི་འདི་ལྟ་སྟེ་དཔེ་ལ་གྲུབ་ནའོ། །ཡང་དབང ་དམ་སྤྱོད་པའི་དུས་སུ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་པ་ནི། མཉམ་པ་མ་རུངས་འཕྲལ་བ་ཅན་ནི། སྙོམས་པར་འཇུག་པའི་དུས་སུ་ཟླ་བ་ནམ་མཁའ་ཨི་དཀྱིལ་ལ་སོགས་པར་འབབ་པའོ། །དབང་ནི་སྒྱེལ་བའི་ཐབས་སོ། །དགུག་པ་ནི་བཟློག་པ་ནི་མན་ངག་གོ། །རེངས་པ་ཡིས་ནི ་གཟུང་བའི་ཐབས་སོ། །དབུགས་དང་སྦྱར་ཏེ་ལྟུང་བ་ནི་དབབ་པའི་དབང་ནི་བསྒྱེལ་(བའོ། །དགུག་བ་ནི་བཟློག་པའོ། །རེངས་པ་ནི་ནམ་མཁའ་ཨི་དཀྱིལ་འཁོར་དུ་གཟུང་བའོ།)་།དེ་དག་སོ་སོར་གཙོར་གད་ལ་བརྟེན་ཞེ་ན། རློན་པའི་ཤིང་ནི་ཆོས་ཀྱི་ཕྱག་རྒྱ་འམ་ཡིད་སྐྱེས་སོ། །མེ་ཏོག་ནི་དམ་ཚིག་གམ་ཞིང ་སྐྱེས་སོ། རྡོ་རྗེའི་ཤིང་ནི་ཕྱག་རྒྱ་ཆེན་པོ་འམ་སྔགས་སྐྱེས་སོ། །གཡོ་བཅས་ནི་ལས་ཀྱི་ཕྱག་རྒྱ་འམ་ལྷན་སྐྱེས་སོ། །ཟླ་བ་དྲུག་གོམས་པའི་སྦྱོར་བ་ནི་དབང་གི་ཚེ་བསྙེན་པའི་དུས་ཡིན་ལ། སྤྱོད་པའི་དྲོད་སྐྱེས་པའི་དུས་སོ། །ཡང་འཁྲུལ་པ་མི་བྱ་ནི་ཐེ་ཚོམ་ཡིད་གཉིས ་མི་བྱའོ། །འདི་ལ་ཞེས་པ་ནི་ཕྱག་རྒྱ་འམ་རྣལ་འབྱོར་མ་དག་ལས་བསྒྲུབ་པས་སོ། །སངས་རྒྱས་རྫུ་འཕྲུལ་བསམ་མི་ཁྱབ་ནི་ལྷན་ཅིག་སྐྱེས་པའི་སྡོམ་པ་རང་ཡིན་པའི་ཕྱིར་རོ། །ད་ནི་དོན་བདག་གི་དོན་དུ་བསྒྲུབ་ནས་གཞན་དོན་ཇི་ལྟར་བྱ་ཞེ་ན། ལྟ་སྟངས་ནི ་བཞི་པོ་བསྒྲུབ་ཅེས་པ་ནི་རླུང་ལ་སོགས་པ་ལ་ཡོད་དོ། །མཁས་པ་ནི་བདག་མེད་མ་སྟེ་ཤེས་རབ་པོ། །སེམས་ཅན་འཇུག་ནི་སྙིང་རྗེ་ཐབས་སོ། །འོ་ན་སྙིང་རྗེ་འཇུག་པ་ཡིན་ན། རེངས་པ་ལ་སོགས་པ་གནོད་པར་མི་འགྱུར་མ་ཞེ་ན་དེ་ཕྱིར་བསད་པ་ནི་མ་རཱ་ན་སྟེ། བརྟེགས་པ་ཡང་མ་ཡིན་པའོ ་དམ་ཚིག་ནི་ཞེ་སྡང་དག་པ་སྙིང་རྗེ་སྟེ་དེ་དང་བྲལ་བའི་ཕྱིར་རོ། །འོ་ན་ཡང་བསད་པ་མ་ཡིན་ཡང། རེངས་པ་ལ་སོགས་པ་གནོད་དོ་ཞེ་ན། དེའི་ཕྱིར་སེམས་ཅན་བསླུ་བ་ནི་གཞན་གྱི་དོན་དང་སྤངས་པའོ། །བྱ་བ་མ་ཡིན་ནི་ཁ་ན་མ་ཐོ་བར་གྲགས་ཀྱང་ངོ། །ཐམས་ཅད་བྱིན་མི་གནོད་པར་བྱེད་པའོ། །སེམས ་གནོད་པར་ཙམ་ཞེས་པ་ནི་གནོད་པ་ནུད?་ཡང་ཉེས་པར་འགྱུར་རོ། །ཕྱག་རྒྱའི་དངོས་གྲུབ་མི་རྙེད་ཆེས་བཞི་གེགས་བྱེད་བའི་ཕྱིར་རོ། །ཡང་རྫོགས་པའི་རིམ་པ་བཤད་པ་ནི་ལྟ་སྟངས་ནི་དབབ་པ་ལ་སོགས་པའི་མན་ངག་གོ། བཞི་པོ་སྒྲུབ་པ་ནི་ཕྱག་རྒྱ་དང་རྣལ་འབྱོར་མ་ལའོ། །མཁས་པ་ནི ་གཟུང་བ་ལ་སོགས་པའི་མན་ངག་གོ། སེམས་ཅན་འཇུག་པ་རྡོ་རྗེའི་འཛིན་པ་སྟེ་ནུས་པ་དང་ལྡན་པས་སོ། །བསད་པ་མ་ཡིན་པ་ནི་ལྷན་ཅིག་སྐྱེས་པ་གཉིས་དང་མི་འབྲལ་ལོ། །ཉམས་པ་ནི་དྲལ་བའོ། །དམ་ཚིག་ནི་ཚུལ་ཁྲིམས་ཏེ་ཚངས་པར་སྤྱོད་པའོ། །ཡང་དམ་ཚིག་ནི་སྡོམ་པ་སྟེ། རྣལ་འབྱོར་བའི ་སྲོག་གོ་དེའི་ཕྱིར་མི་འབྲལ་བར་བྱ་བ་ཁོ་ནའོ། །སེམས་ཅན་བསླུ་པ་ནི་དབང་པོ་རང་སྣང་དང་བའོ། །ཡང་ནི་སྣང་བ་ལྷན་ཅིག་སྐྱེས་པར་སྦྱོར་རོ། །བྱ་བ་མ་ཡིན་ཐམས་ཅད་ནི་སྤྱོད་པ་ཀུན་ལ་འཇུག་པའོ། །སེམས་ཅན་གནོད་པ་ཙམ་ནི་མན་ངག་དང་མི་ལྡན་པས་སྤྱོད་པའི་བྱ་བ་ཀུན་གྱིས་གནོད་པའོ། ་ཕྱག་རྒྱའི་དངོས་གྲུབ་ནི་ཡོངས་སུ་རྫོགས་པའི་ཕྱག་རྒྱ་ཆེན་པོའོ། །རྙེད་མི་འགྱུར་ནི་མན་ངག་དང་བརྟུལ་ཞུགས་ལོག་པས་སོ། །དམ་ཚིག་གི་རྫས་ནི་དེ་ལ་དམ་ཚིག་བཟའ་བྱ་བ། །ན་དད་ག་ཧ་དང་པོ་དང། །མཛའ་ཡི་ཤྭ་དང་དང་པོའི་ཤྭ་།ཀྱེ་ཡི་རྡོ་རྗེ་དངོས་གྲུབ་ཕྱིར། །བདུད་རྩི་ལྔ་ཡང་དེ་བཞིན ་བཟའ་། ཞེས་བྱ་བ་ནི་ནན་ར་མིའི་ཤ་།ག་གོར་བ་ལང་གི་ཤ། ཧ་ཧ་སྟི་གླང་པོའི་ཤ། ཨ་ཤྭ་སྟེ་རྟའི་ཤ་དང། ཤྭ་མ་བྱིའི་ཤ་དང་ལྔ་དང། བི་མུ་མར་ཤུ་བདུད་རྩི་ལྔ་ནི་བསྐྱེད་པའི་རིམ་པས་སྦྱང་བ་དང་སྦར་བ་དང་རྟོགས་པར་བྱས་ཏེ་བཟའ་བའོ་རྫོགས་པའི་རིམ་པ་ལ་ནི་བྱང་ཆུབ་སེམས ་ཀྱི་རིམ་གྲོའི་དོན་དུ་བཟའ་བའོ། །སྤྱིར་གང་ཟག་གིས་རིམ་པས་བརྟགས་ཏེ་བཟའ་བ་དང། སྲེས་ཏེ་བཟའ་བ་དང། དངོས་སུ་བཟའ་བ་ཅི་རིགས་པར་ཤེས་པར་བྱའོ། །ཀྱེའི་རྡོ་རྗེས་གསུངས་མཚན་ཉིད་།སྐྱེ་བ་བདུན་པ་དེ་ནས་བརྟག་ཅེས་པ་ནི། །སྐྱེ་བ་བདུན་པའི་ཤ་བཟའ་ ་བ་སྟེ། དེ་ཡང་དང་པོར་བརྟག་པ་སྟེ། ནང་གི་བརྟག་པ་དང་ཕྱིའི་བརྟག་པའོ། །ནང་གི་བརྟག་པ་ནི། དགའ་བྲལ་དགའ་བ་ལ་སྨོད་པ་ཞེས་ལས་ཀྱི་ཕྱག་རྒྱའི་དགའ་བ་སྤོང་བ་དང། མིག་དང་ལྡན་ཞེས་བྱ་བ་ནི་ཤེས་རབ་ཤིན་ཏུ་ཆེ་བའོ། །ཕྱིའི་བརྟག་པ་ནི་སྐད་སྙན་མིག་དང་ལྡན་པ ་ནི་ཞེས་པ་ནི་མིག་དཀར་ནག་ཕྱེད་པའོ། །དྲི་ལུས་གཟི་བརྗིད་ཆེན་པོ་ནི་ལུས་ལ་དྲི་བཟང་པོ་ཡོད་པ་དང། གང་ཟག་གཞན་པས་གཟི་བརྗིད་ཆེ་བ་དང། དེའི་གྲིབ་མ་བདུན་དུ་འགྱུར་བ་ནི་ཉའི་དུས་སུ་བྱ་རྒོད་ཀྱི་རྗེ་དར་གྱི་སྦུབས་རྣམ་པར་སྣང་མཛད་ཀྱིས་བྱུགས་ལ། བལྟས་ན་དེའི་གྲིབ་མ ་བདུན་བྱུང་ན་སྐྱེ་བ་བདུན་པར་ཤེས་པར་བྱ། དེ་ནི་ཟོས་པ་ཙམ་གྱིས་ནི། སྐད་ཅིག་ལ་ནི་མཁའ་སྤྱོད་འགྱུར་ཞེས་པ་ནི་དེའི་ཤ་བཟའ་བ་སྟེ། རྒྱལ་པོ་ཨིནྡྲ་བྷུ་ཏིའི་གཏམ་བརྒྱུད་ལྟ་བུའོ། །ཡང་དེའི་བཀའ་དྲིན་ནོད་པ་ཡིན་ནོ། །རྫོགས་པའི་རིམ་པ་ལྟར་ན་ནི། །ཀྱེའི་རྡོ་རྗེ་གསུངས་མཚན ་ཉིད་ཅེས་པ། དགྱེས་པ་རྡོ་རྗེའི་རྒྱུད་འབུམ་ཚོ་ལྔའི་ནང་དུ་སྐྱེ་བ་བདུན་པའི་བརྟག་པ་གསུངས་པ་སྟེ། སྐྱེ་བདུན་པས་ནི་ཉི་མ་མཚོན་པ་སྟེ། ཟླ་བ་བྱང་ཆུབ་ཀྱི་སེམས་བཟའ་ཞེས་བྱའོ། །གང་གིས་དུས་སུ་ཞེ་ན། དགའ་བྲལ་དགའ་བ་ལ་སྨོད་པ་ཞེས་པ་ལྷན་ཅིག་སྐྱེས་པའི་དགའ་བའི་དུས་སུའོ ་ལན་བདུན་བན་ནི་འགྲུབ་པར་འགྱུར་ཞེས་པ་ནི་ལྷན་ཅིག་སྐྱེས་པ་དེ་བསྒོམ་པའི་ཡོན་ཏན་སྐད་སྙན་མིག་དང་ལྡན་ཞེས་པ་ལ་སོགས་པ་སྐྱེ་བ་བདུན་པའི་ཡོན་ཏན་འབྱུང་ངོ། །ད་ནི་རིམ་པ་གཉིས་ཀྱི་ཧེ་བཛྲའི་སྒྲུབ་ཐབས་བསྟན་ནས་རྒྱུད་འདིར་ལྷ་གཞན་གྱིས་མི་འགྲུབ་ཅེ་ན་དེའི་ཀུ་རུ ་ཀུལླེའི་སྒྲུབ་ཐབས་བཤད་པར་བྱ་སྟེ། གོང་དུ་བརྟག་པ་བཅུ་གཉིས་པ་རྒྱས་པར་གསུངས་པ་མདོ་རུ་བསྡུ་ཞེས་བྱ་བ་ནི་དགྱེས་པའི་རྡོ་རྗེ་འབུམ་ཚོ་ལྔ་པ་རུ། ཀུ་རུ་ཀུལླེ་ཤལོ་ཀ་ནི་ཁྲི་པྲ་གསུམ་གསུངས་ལ། བརྟག་པ་ནི་བཅུ་གཉིས་རྒྱས་པར་གསུངས་པ་དེ་རྩ་བའི་རྒྱུད་མདོར ་བསྡུས་པ་འདི་རུ་བསྡུས་ནས་སྟོན་པར་བྱེད་པ་སྟེ། འདིའི་དོན་ནི་སྔོན་དུ་དགྱེས་པའི་རྡོ་རྗེའི་བསྙེན་པ་རྫོགས་པ་འཾ། ཡང་ན་འདི་ཉིད་ཀྱི་བསྙེན་པ་བྱ་སྟེ། དེ་ཡང་ལུགས་གཉིས་ཏེ། དཔའ་མོ་གཅིག་པ་དང་དཀྱིལ་འཁོར་གྱི་འཁོར་ལོའོ། །དཔའ་མོ་གཅིག་པར་བསྒོམ་པར་འདོད་པ་ཡིས ་ཚོགས་བསགས་པ་དང། བསྲུང་བ་མཚམས་ཀྱི་འཁོར་ལོའི་ནང་དུ་རྡོ་རྗེ་རྣམ་བཞི་འཾ་ས་བོན། ཕྱག་མཚན་ཙམ་ལ་ཧྲཱི:ལས་བྱུང་བའི་ལྷ་མོ་ནི། ཁ་དོག་དམར་ཞིང་ཕྱག་བཞི་མ། ཨུཏཔ་ལ་དང་ལྕགས་ཀྱུའི་འཛིན། །འདི་ནི་བསྒོམས་པ་ཙམ་གྱིས་ནི། །ཞེས་པ་དེ་ལ་ཡེ་ཤེས་བསྟིམ་པ་དང་སྐྱེ་མཆེད ་བྱིན་གྱིས་བརླབ་པ་དང། དབང་བསྐུར་བ་དང་མཆོད་བསྟོད་བདུད་རྩི་མྱོང་བ་བྱས་ལ། བཟླས་པའི་མཐར་ཐུག་པར་བྱའོ། །དཀྱིལ་འཁོར་གྱི་འཁོར་ལོ་ནི་བསྲུང་བ་མཚམས་ཀྱི་འཁོར་ལོ་ཡན་ཆད་སྔ་མ་བཞིན་བྱས་ལ། ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་རྟེན་གཞལ་ཡས་ཁང་ལེའུ་བརྒྱད་པ་ལྟར ་བསྒོམས་ལ། བརྟེན་པ་ལྷ་བསྒོམ་པ་ནི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་ཡིས་དབུས་སུ་རྡོ་རྗེ་ཀུ་རུ་ཀུལླེ། ཤར་ཕྱོགས་སུ་སངས་རྒྱས་ཀུ་རུ་ཀུལླེ། ལྷོ་ཕྱོགས་སུ་རིན་ཆེན་ཀུ་རུ་ཀུལླེ། ནུབ་ཕྱོགས་སུ་པདྨ་ཀུ་རུ་ཀུལླེ། བྱང་ཕྱོགས་སུ་སྣ་ཚོགས་ཀུ་རུ་ཀུལླེ། མངོན་པར་བྱང་ཆུབ་པ་ལྔའི་རྐང་ཐོན་དུ་བསྐྱེད་པར་བྱ ་ས་བོན་དང། ཕྱག་མཚན་དང་སྐུ་མདོག་བྱད་ཐམས་ཅད་མཐུན་པར་བྱ་སྟེ་དབང་གི་ལས་བསྒྲུབ་པའི་ཕྱིར་རོ། །དེ་ལ་སེམས་དཔའ་སུམ་རྩེ་གནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས། བྱིན་གྱིས་བརླབས་དབང་བསྐུར་མཆོད་བསྟོད་བདུད་རྩི་མྱང་པའི་བར་དུ་བྱས་ལ་ཐུན་བཞིའི་རིམ་པས་བཟླས་པ་བྱ་བ་ནི་མཚན་མ ་ཐོབ་ཐོབ་དུ་བྱའོ། །དེ་ནས་བསྒྲུབ་པ་བྱ་བ་ནི་ཆོ་ག་སྔ་མ་དང་འདྲ་བ་ལས། རང་གི་ཐུགས་ག་ལྷའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་ཚུལ་གྱིས་རྡོ་ཁབ་ལེན་ལྟར་བསྒྲུབ་པར་བྱ་བའི་ལུས་ངག་ཡིད་གསུམ་རང་དབང་མེད་པར་འོང་བར་བསམ་མོ། །འདི་རུ་བྱམས་པ་ཆེན་པོ་ནི་མན་ངག་གོ ་སྔགས་ལ་ནི་སོ་སོར་མིང་ལ་བ་ཤི་སྐུ་རུ་ན་ཧཱུཾ་ཕཊ་སྭཱཧཱ་སྤེལ་ལོ། །དེའི་གྲངས་ཀྱི་ཚད་ནི། འབུམ་ཕྲག་ཅིག་གིས་རྒྱལ་པོ་ནི་བསོད་ནམས་ལས་གྲུབ་པས་སོ། །ཕལ་པ་ཉིད་ནི་དམན་པས་གྲངས་ཉུང་བའོ། །ཕྱུགས་ནི་དུད་འགྲོའི་གཙོ་བོ་སྟེ་ཀླུའོ། །གནོད་སྦྱིན་ཡང་གླེགས་བཾ་ལ་ལར་བཀྵ་ན་བྱ་བ་བྱ་སྟེ། ཡ་ཀྵ་ ་ཡིན་པས་གནོད་སྦྱིན་ནོ། །དེ་དག་ལ་གྲངས་མང་བར་བྱ་བ་ནི་འགྲོ་བ་གཞན་དུ་གཏོགས་ཤིང་མ་རུངས་པས་སོ། །ལྷ་མ་ཡིན་ཡང་དེ་བཞིན་ནོ། །ལྷ་ནི་འགྲོ་བ་གཞན་པས་བསོད་ནམས་ལྷག་པས་སོ། །སྔགས་པ་གྲངས་ཉུང་བ་ནི་འགྲོ ་བ་གཅིག་པ་དང། དམ་ཚིག་གིས་བརྩེ་བའི་ཕྱིར་རོ། །རྡོ་རྗེ་སྙིང་པོ་ནི་སྡུད་པ་པོས་ཞུས་པས་སོ། །མངོན་པར་བྱང་ཆུབ་ནི་རིམ་པ་གཉིས་སོ། །བརྟག་པ་ནི་ཆོ་ག་བཞི་པོ། །རྒྱལ་པོ་ནི་དེ་ཁོ་ན་ཉིད་དམ་རྫོགས་པའི་རིམ་པ་དང་ལྡན་པས་སོ། །ལེའུ་བཅུ་གཅིག་པ་ནི་ལྷག་མའོ། ། ་བརྟག་པ་དང་པོ་རྫོགས་སོ།། །།དཾ་ནི་བརྟག་པ་ཕྱི་མར་བསྟན་པའི་དོན་བཤད་པའི་ཕྱིར་རོ། །རྡོ་རྗེ་སྙིང་པོས་གསོལ་ཞེས་པ་ནི་མཁའ་འགྲོ་མ་རྣམས་དང་སོ་སོར་སྡོམ་པའི་ཚུལ་གྱིས་སོ། །བཅོམ་ལྡན་རྡོ་རྗེ་ནི་རྡོ་རྗེ་འཛིན་པའོ། །སྙིང་པོ་ནི ་སར་ཏེ་བཅུད་དུ་བསྡུས་པའོ། །བདག་ནི་བདག་ཉིད་དམ་བདག་པོ་ཀྱེའི་རྡོ་རྗེའི། དེ་ནས་བཤད་དུ་གསོལ་ཞེས་བྱ་བར་འབྲེལ་ལོ། །ཡང་ན་སངས་རྒྱས་ཐམས་ཅད་གཅིག་བསྡུས་པའི་སྙིང་པོ་ནི་བཅུད་དུ་གྱུར་པའི། རབ་གནས་ཀྱི་མཚན་ཉིད་དོ། །དེ་བཤད ་དུ་གསོལ་ཞེས་བྱའོ། །དེའི་དོན་ནི་འདི་ཡིན་ནོ། །རབ་ཏུ་གནས་པ་ཡང་སྔོན་དུ་བསྙེན་པ་བྱ་སྟེ། རབ་མཐོང་སྔགས་ཀྱི་ཕ་རོལ་སོན་ཞེས་བྱ་བ་ནི་དེ་ཡང་ཡན་ལག་དྲུག་གམ་ཏིང་ངེ་འཛིན་གསུམ་གྱིས་བྱས་ལ། དེ་ཡང་གསུམ་སྟེ། གྲངས་ཀྱི་བསྙེན་པ་འབུམ་དང། ཙོ་ ་དང་འཁོར་ནི་ཚང་བར་བྱ། །དུས་ཀྱི་བསྟེན་པ་ཟླ་དྲུགྒོམས་པ་ལ་སོགས་པ་ནི་ཅི་རིགས་པར་ཤེས་པར་བྱ། མཚན་མ་ནི་ལྷས་གནང་བ་འམ། རྨི་ལམ་གྱི་བར་དུ་བཟང་པོ་འབྱུང་བ་དང། སློབ་དཔོན་མཚན་ཉིད་དང་ལྡན་པ་ལ་གསོལ་བ་ལན་གཉིས་དང་ལ་ན ་གསུམ་གྱི་བར་དུ་གསོལ་བ་གདབ་པར་བྱའོ། །སྔར་སའི་ཆོ་ག་ཡང་ལེའུ་བཅུ་པ་ལྟར་བྱ་སྟེ། དེའི་སྔོན་དུ་བགེགས་བསལ་བའི་དོན་དུ་ཅི་གསུངས་སྦྱིན་སྲེག་བྱས་ནས་ཞེས་བ་ཆོ་ག་བཞིན་བྱའོ། །སྟ་གོན་ལ་སོགས་བྱས་ནས་ནི། བྱ་བ་བདག་ཉིད་ལ་ལྡན་པ་ཕུན་སུམ་ཚོགས ་བ་བྱ་བ་ནི་ཡན་ལག་དྲུག་གམ་སྦྱོར་བ་གསུམ་བྱས་ལ། དེ་ནས་སའི་ལྷ་མོ་ལྷག་པར་གནས་པ་ནི་རླུང་མཚམས་སུ་མཎྜལ་གཅིག་བྱས་ལ་མེ་ཏོག་གི་ཚོམ་བུ་གཅིག་བཀྲམ་སྟེ། བཾ་ལས་བུམ་པ་དེ་ལས་སའི་ལྷ་མོ་སྐུ་མདོག་སེར་བ་གཡས་པ་ཁས་ལེན་པ་གཡོན་པ་བུཾ་པ་བསྣམས་པ ་གཅིག་བསྐྱེད་དེ། རང་བཞིན་པ་སྤྱན་དྲངས་ནས་མཆོད་པ་བྱས་ནས། མ་མ་རིན་ཆེན་ཞེས་བྱ་བ་དང། ས་དང་ཕ་རོལ་ཕྱིན་པ་ཞེས་བྱ་བ་གཞན་ནས་འབྱུང་བ་ཚིག་གཉིས་ཀྱིས་དབང་པོར་གསོལ་བ། བསྟིམ་པ་འམ་ཡང་ན་དབང་པོར་བཞུགས་སོ། །ལྷ་ལྷག་པར་གནས་པ་ནི་དཀྱིལ ་འཁོར་ཁར་པ་འམ་གཞན་དུ་མཎྜལ་སྦྱོར་བ་ལྔས་བྱུག་ལ། གཙོ་བོའི་གནས་སུ་དྲིའི་ཐིག་ལེ་གྲུ་བཞི་བྱ། གཞན་ལ་ཟླུམ་པོ་བྱ། པདྨར་བསམས་ལ་མེ་ཏོག་ཚོམ་བུ་རང་རང་གི་སྔགས་བཟླས་ཞིང་ལྷར་མོས་ལ། དེ་ལ་མར་མེ་དང་ལྷ་བཤོས་ལ་སོགས་པ་བཀྲམ ་སྟེ། སློབ་དཔོན་གྱིས་ས་བོན་ཙམ་འམ་ཕྱག་མཚན་ལས་ལྷར་བསྐྱེད་ལ། ཡེ་ཤེས་འཁོར་ལོ་མདུན་དུ་བཀུག་པ་ལ་བླ་ན་མེད་པའི་མཆོད་པ་བྱས་ལ་དགུག་གཞུག་ལ་སོགས་པ་བྱ། དེ་ལ་སྐྱེ་མཆེད་བྱིན་གྱིས་བརླབས་པ་དང། སྐུ་གསུང་ཐུགས་བྱིན་གྱིས་བརླབས ་དབང་བསྐུར་མཆོད་བསྟོད་བདུད་རྩི་མྱང་ནས་བཟླས་པ་མཐར་ཐུག་པའི་བར་དུ་བྱས་ལ། རབ་གནས་ཀྱི་དོན་དུ་ཚིག་བསྒྱུར་ལ་བྱའོ། །དེ་ནས་བུམ་པ་དང་ཡོ་བྱད་ཀུན་ལྷག་པར་གནས་པ་བྱ་དེ་ནས་ཡོན་བདག་སློབ་མ་དབང་བསྐུར་ན། སྟ་གོན་ཟངས་ཀྱིས་བྱ། མི་བསྐུར་ན་སྤྱན ་བ་དང་སྤྲོ་བ་བསྐྱེད་ཙམ་བྱའོ། །དེ་ནས་བར་དུ་གནས་པ་ལ། སྔ་བར་སྐུ་གཟུགས་སྦྱར་བ་དང་ཞེས་བྱ་བ་ནི་སྟ་གོན་བྱེད་པ་དང་ཉིན་གཅིག་པར་བྱ་བའོ། །སྟ་གོན་བྱེད་པ་ནི་གཉིས་ཏེ། རྟེན་སྦྱར་པ་དང། མགོན་པོ་བསྡུ་བའོ། །རྟེན་སྦྱང་བ་ནི་སྟེགས་བུ་ཁྲུ་གང་དབང་སུ་ཁྲུ ་ཕྱེད་པའི་སྟེང་དུ་སྐུ་གཟུགས་གྲལ་ནས་ཕྱུག་ལ། སྦྱར་བ་ལྔ་ནི་དང་པོ་ཁྲུས་ཀྱིས་སྦྱར་སྟེ། འདག་ཆལ་ལ་སོགས་པས་བཀྲུ་སྟེ། དེ་ནས་མེའི་ནང་དུ་ཡུངས་ཀར་བླུགས་ཞིང་སྦྱར་བའི་སྔགས་བཟླས་ཞིང་བསྐོར་ཞིང་བྱའོ། །དེ་ན་ཆུའི་ནང་དུ་སྔ་མ་བཞིན་བྱའོ། ་དེ་ནས་རྩཝ་དུར་བས་སྦྱང་ངོ། །དེ་ནས་ཤུན་པ་ལྔས་དྲིལ་ཕྱིས་བྱའོ། །དེ་དག་ནི་བྱ་བྱུང་ལྔ་དང། འབྲུ་མར་བསྐུས་ལ་བག་ཕྱེས་དྲིལ་ཕྱིས་བྱའོ། །དེ་ནས་ལས་ཐམས་ཅད་པའི་བུམ་པ་ནས་ཁྲུས་བྱ། བཀྲ་ཤིས་གདོན་ཞིང་བྱ་བས་ལ་སྐུ་ཕྱིས་ལ་སྦྱང་ངོ།། ་རས་རིས་དང་མཆོད་རྟེན་དང་ལྷ་ཁང་ལ་མེ་ལོང་ལ་ཁྲུས་བྱའོ། །དེ་ནས་མགོན་པོ་བསྡུ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ལ་མཆོད་པ་དང་བསྟོད་པ་བྱས་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་ནང་པར་སྔ་བར་དབང་བསྐུར་ན་རྨི་ལམ་དྲི་བ ་སྦྱོར། །ནམ་མཁའ་ལ་བཏེག་ལ། ཐིག་དང་ཚོན་དང་ཁ་སྦྱར་དབབ་པ་བསྲེའོ། །དེ་ནས་རྒྱན་དགྲམ་བུམ་པ་དགོད་པ་ལ་སོགས་པ་བྱའོ། །དེ་ནས་དཀྱིལ་འཁོར་སྒྲུབ་པ་ནི་ཡན་ལག་དྲུག་གམ་སྦྱོར་བ་གསུམ་གྱི་བདག་ཉིད་ལ་ལྡན་པ་ཕུན་སུམ་ཚོགས་པ་ལས་ཀྱི་སློབ་མས་བྱས་ལ་བླ ་མ་ལ་མོས་པ་འཕོ་བར་བསྒོམས་ནས། ས་བོན་ཕྱག་མཚན་ཙམ་ལས་ལྷ་བསྐྱེད། རང་བཞིན་པ་སྤྱན་དྲངས་ལ་བཞི་བསྲེས་ལ་མཆོད་བསྟོད་བདུད་རྩི་མྱར་བ་བྱའོ། །དེ་ནས་རབ་ཏུ་གནས་པ་ནི་བཞི་སྟེ་རབ་ཏུ་གནས་པ་དང། མདའ་དབུལ་བ་དང། སྤྱན་དབྱེ་བ་དང། ཞལ ་བསྲོ་བའོ། །རབ་གནས་ལ་གཉིས་ཏེ། ཐུན་མོང་དང་ཁྱད་པར་དང་རབ་ཏུ་གནས་པའོ། །དེ་ལ་ཐུན་མོང་ནི་སྦྱང་བ་ལྔ་པོ་དང་མགོན་པོ་བསྡུས་པ་ལ་ཚོན་བསྒྱུར་ལ་བྱ། ཉོན་ཅིག་པ་ཡང་འདྲའོ། །དེ་ལ་རྟེན་རང་རང་གི་ལྷ་གང་ཡིན་པར་བསྐྱེད། མི་གསལ་ན་ལྷག་པའི་ལྷར་བསྐྱེད། པོ་ཏི ་ལ་སྔགས་ནི་ཨ་ལས་རྡོ་རྗེ་ཆོས་སུ། མདོ་སྡེ་ནི་སྣང་བ་མཛའ་ཡས་སུ། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མར་ཕྲ་ལས་བསྐྱེད། མཆོད་རྟེན་ནམ་གཙུག་ལག་ཁང་ནི་བུམ་ལས་གཞལ་ཡས་ཁང་ངམ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མར་བསྐྱེད། ནམ་མཁར་བཞུགས་པའི་སངས་རྒྱས་རྣམས ་སྐུ་གཟུགས་སྙིང་གར་རབ་ཏུ་བཞུགས། །ཇི་ལྟར་སངས་རྒྱས་ཐམས་ཅད་ནི། །དགའ་ལྡན་གནས་ཞེས་བྱ་བ་སྟེ། །སྔར་གྱི་སྟ་གོན་ནམ་མཁར་སྤྱན་དྲངས་པ་བསྟིམ་པ་ཙམ་བྱས་ཏེ་བྱིན་གྱིས་བརླབས་དབང་བསྐུར། མཆོད་བསྟོད་བྱས་ལ་བཞུགས་སོ། །ཁྱད་པར་གྱི་རབ་གནས་ནི་དཀྱིལ ་འཁོར་བ་རྣམས་བསྟིམས་ལ་ཡང་སྔ་མ་བཞིན་བྱའོ། །སྤྱན་དབྱེ་བ་ནི་གཉིས་ཏེ། ཐུན་མོང་སྤྱན་དབྱེ་བ་ནི་གསེར་གྱི་ཐུར་མ་ལ་སོགས་པ་རྫས་དང་སྔགས་ཀྱིས་བྱ། ཁྱད་པར་སྤྱན་དབྱེ་ནི་ཡེ་ཤེས་དབབ་པ་ཞལ་བཞད་པའམ་ལྡེག་པ་འམ། སྙན་ཆ་འཁྲོལ་བ་འམ་ས་གཡོ་པའི་བར་དུ་བྱའོ། །མངའ་ ་དབུལ་བ་ལ་གཉིས་ཏེ། ལྷ་ལྟར་མཆོད་པ་དང། སློབ་མ་ལྟར་དབང་བསྐུར་བའོ། །མཆོད་པ་ནི་མཆོད་པའི་ཁྱད་པར་དཔག་ཏུ་མེད་པ་རྒྱལ་པོ་གཅིག་གི་ཡོ་བྱད་དེ། གདུགས་དང་བ་དན་ལ་སོགས་པ་དང། སྤོས་དང་མེ་ཏོག་ལ་སོགས་པ་བརྒྱ་བས་ལྷག་ཅིང་བཅུ་ལས་མི་ཉུང་བར་བྱའོ། །རས་ཡུག ་བརྒྱ་འམ་སྟོང་ངམ་བ་ལང་གི་ཁྱུ་བརྟགས་པ་དང། རིན་པོ་ཆེ་སྣ་བདུན་ལ་སོགས་པ་དབུལ་ལོ། །སློབ་མ་ལྟར་དབང་བསྐུར་བ་ནི་ཆུ་ནས་བརྩམས་ནས་རིག་པའི་དབང་དང་བརྟུལ་ཞུགས་དང་རྗེས་སུ་གནང་བ་དང། ལུང་བསྟན་པ་ལ་སོགས་པ་མཆོད་གནས་སུ་གཏད་པ་ཤིས་པ་བརྗོད་བར་བྱའོ།། ་ཞལ་བསྲོ་བ་ནི་རྒྱས་པའི་སྦྱིན་སྲེག་གམ་ཤིས་པའི་སྦྱིན་སྲེག་བྱའོ། །དགེ་འདུན་ལ་མཆོད་པ་དང། ཡུལ་ཁྲིམས་ཀྱི་ཤིས་པའི་སྟོན་མོ་བྱ། ནད་པ་ཡིན་ན་ཚོགས་ཀྱི་མཆོད་པ་དང་ཙཱ་རུའི་སྟོན་མོ་བྱའོ། །གཙུག་ལག་ཁང་ཡིན་ན་ནག་པོ་ཆེན་པོ་བསྒོམ་པར་བྱ་སྟེ། རྟེན་ཡོད་པའི་དྲུང་དུ་ཕྱིན ་ལ་མཆོད་པ་དང་གཏོར་མ་བཤམས་ལ། དང་པོར་རང་བསྐྱེད་རང་བཞིན་པ་བསྟིམས་ལ་བྱིན་གྱིས་བརླབ་པ་བྱས་ལ། མཆོད་བསྟོད་བྱས་ལ་བཀའ་བསྒོ་བ་བྱ། འདི་རྣམས་ཀྱི་ཆོ་ག་ནི་ལག་ཏུ་སླང་བའི་རིམ་པ་ཤེས་པར་བྱའོ། །ལ་ལ་ནི་རབ་ཏུ་གནས་པའི་ལྷ་ནི་གཤེགས་སུ་གསོལ་བར་འདོད ་དོ། །བླ་མ་ནི་སྐུ་གཟུགས་ལ་སོགས་པར་ཕལ་ཆེར་མི་ཤེས་སོ། །རྟེན་ཁྱད་པར་ཅན་མ་ཡིན་པ་ལ་ནི་ཕོག་ཅིག་།བྱིན་གྱིས་བརླབ་པ་ཙམ་བྱས་ལ་གཤེགས་སོ། །བརྟག་པ་ཕྱི་མ་འདི་ནི་མངོན་པར་རྟོགས་པས་མི་འཆིང་སྟེ། བརྟག་པ་སྔ་མའི་ཡན་ལག་ཏུ་སྟོན་ཏེ་དེ་ཡང་རབ་ཏུ་གནས་པ་ནི་ལེའུ ་བཅུ་པའི་མ་ཚང་བ་འདི་ཡིས་ཁ་བསྐང་བར་བྱའོ། །ལེའུ་གཉིས་པ་ནི་བརྟག་པ་སྔ་མའི་རིམ་པ་གཉིས་སྦྱིར་ཤེས་པར་བྱ་བ་ཉམས་སུ་བླང། ཉམས་སུ་བླང་བའི་འབྲས་བུའི་ཚུལ་གྱིས་གཏན་ལ་འབེབས་སོ། །ལེའུ་གསུམ་པ་ནི་གླེང་གཞིའི་དོན་དུ་གཏན་ལ་འབེབས་སོ། །ལེའུ་བཞི་པས ་ནི་ཁ་འཐོབ་གྱི་དོན་དཀའ་བ་གཏན་ལ་འབེབས་སོ། །ལེའུ་ལྔ་པ་ནི་ཧེ་རུ་ཀ་ཕྱག་བཅུ་དྲུག་པའི་མངོན་པར་རྟོགས་པའི་དཀྱིལ་འཁོར་དང། རྡུལ་ཚོན་གྱི་དཀྱིལ་འཁོར་ལེའུ་གསུམ་པ་དང། བཅུ་པའི་མ་ཚད་བ་གཏན་ལ་འབེབས་སོ། །དྲུག་པ་བདུན་པ ་གཉིས་ཀྱིས་སྤྱིར་བྲིས་སྐུ་དང་གླེགས་བམ་ལ་བརྟེན་ནས་སྔར་ཚོགས་ཀྱི་འཁོར་ལོ་མ་བསྟན་པ་འདིར་གཏན་ལ་འབེབས་སོ། །ལེའུ་བརྒྱད་པས་ནི་འཇུག་པའི་གང་ཟག་དད་པ་ཅན་དང་འདུལ་བར་དཀའ་བའི་ཐབས་རྒྱུད་འདིར་འཇུག་པའི་ཐབས་སྟོན་ཏོ། །དགུ་པ་ ་ནི་བགྲང་ཕྲེང་དང་ལས་སོ་སོའི་བཟའ་བའི་དམ་ཚིག་བསྟན་ཏོ། །བཅུ་པ་དང་བཅུ་གཅིག་པས་ནི་ཞེ་སྡང་ཅན་དང། ཆགས་པ་ཅན་རྒྱུད་འདིར་འཇུག་པའི་ཚུལ་ལམ་ཐབས་སྟོན་ཏོ། །བཅུ་གཉིས་པས་ནི་དབང་བཞི་འི་དོན་གྱི་ཚིག་བཤད་སྔར་མ་གསུངས་པའི་ཁ ་སྐོང་བ་བསྟན་ཏོ། །རབ་གནས་ཀྱི་ལེའུ་བཤད་པ་སྟེ་དང་པོའོ།། །།ད་ནི་བརྟག་པ་སྔ་མའི་རིམ་པ་གཉིས་ཀྱིས་ཐོབ་པའི་ཐབས་དང་ཤེས་རབ་མི་ཕྱེད་པ་ཕྱག་རྒྱ་ཆེན་པོ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་རྡོ་རྗེ་སྙིང་པོས་དྲིས་པའོ། །ཆོས་ཀུན་ཞེས ་པ་ནི་གཟུགས་ལ་སོགས་པའི་རང་བཞིན་ནོ། །ནམ་མཁའ་ལྟ་བུ་ནི་ཤེས་རབ་ཟབ་པའི་དཔེའོ། །རྒྱ་མཚོ་ལྟ་བུའི་ལྷག་མ་སྟེ་ཐབས་ཟབ་པའི་དཔེའོ། །དེ་ཡང་རིམ་པ་གཉིས་ཀྱི་དོན་ནི་ཟབ་པའི་སྟེ། དབྱེར་མེད་པ་ཡིན་ན། བསྐྱེད་རིམ་སྐུ་བ་ཞེས་པ་སྟེ། རིལ་པོའི ་མཚན་མའོ། །ཇི་ལྟར་རམ་དེ་བཞིན་ཞེས་པ་ནི་དཔེའོ། །རང་འདོད་ལྷའི་གཟུགས་ནི་ལྷག་པའི་ལྷའོ། །སེམས་ཅན་གཟུགས་བསྒོམ་པ། ཇི་ལྟར་བསྒྲུབ་ནི་ཕྱག་རྒྱ་ཆེན་པོ་སྟེ་སྤོང་བའི་སྒྲའོ། །ཡང་ན་ཐབས་དེ་ཞུ་འཚལ་ཞེས་ཞུ་བའོ། །བཅོམ་ལྡན་འདས་ཀྱིས་གསུངས ་པའི་ལན་དུའོ། །བདག་མེད་རྣལ་འབྱོར་ནི་ཆོས་ཀྱི་སྐུ་ཤེས་རབ་དང་ལྡན་པའོ། །ཧེ་རུ་ཀ་དཔལ་ནི་ལོངས་སྐུ་ཐབས་སོ། །གཞན་པའི་སེམས་ནི་ཤེས་རབ་དང་ཐབས་མ་ཡིན་པའོ། །སྐད་ཅིག་ཀྱང་ནི་ཡུད་ཙམ་དུ་ཡང་ངོ། །དངོས་གྲུབ་འདོད་པ་ནི་ཕྱག་རྒྱ་ཆེན་པོ་དབྱེར ་མེད་པའི་ཕྱིར་རོ། །མི་གནས་པ་ནི་གཞན་པའི་སེམས་སོ། །ད་ནི་བསྟན་པ་དེ་བཤད་པའི་ཕྱིར་ཡང་དང་པོ་གོམས་པར་བྱེད་དུས་ནི་བཟང་པོ་རྟག་ཏུ་དང་འབྲེལ་ཏེ། ལས་སྨིན་ཅིང་བྱང་བ་ལ་ཡང་མ་ཡིན་པའོ། །གནས་ཀྱི་སྔགས་པ་ནི་བདེ་བ་བསྐྱེད་པ་འཆད་པར ་འགྱུར་བའོ། །སེམས་གཅིག་མཉམ་གཞག་ནི་དེའི་ཡོན་ཏན་ནོ། །གནས་བཟང་པོ་ནི་དེས་ཡོན་ཏན་བསྐྱེད་པའི་ཕྱིར་རོ། །རང་ཁྱིམ་ནི་རྣལ་འབྱོར་པའིའོ། །མཚན་དུས་ནི་ནེ་སེ་ག་ལ་སྟེ་དུས་སམ་དུ་མཚན་མ་རྒྱུ་བའི་གནས་སོ། ། ་གྲུབ་པའི་སེམས་ནི་ཕྱག་རྒྱ་ཆེན་པོ་ལ་དམིགས་པའོ། །རྣལ་འབྱོར་མ་བསྒོམ་ནི་འདོད་པའི་ལྷ་བདག་མེད་མའོ། །ཤེས་རབ་ཅན་ནི་ནམ་མཁའ་ལྟ་བུའོ། །ཡང་ན་ནི་འདོད་པའི་ལྷ་མོས་ཕྱོགས་གཞན་དུའོ། །ཧེ་རུ་ཀ་དཔལ་ནི་དགྱེས་པའི་རྡོ་རྗེའོ། །དེ་ཡང ་ལ་ལ་དག་ཕྱག་བཅུ་དྲུག་པ་ཁོ་ན་ལ་འདོད་དོ། །འདིར་ནི་རྡོ་རྗེ་བདག་མེད་མ་དང་གཉིས་ཀྱིས་མྱུར་བ་ཉིད་དུ་ཕྱག་རྒྱ་ཆེན་པོ་སྒྲུབ་པར་འདོད་དེ། འོ་ན་ལྷ་གཞན་དག་གིས་མ་ཡིན་ཞེ་ན། གཞན་དག་གིས་ནི་མྱུར་བ་ཉིད་དུ་ཕྱག་རྒྱ་ཆེན་པོ་ཐོབ་པ་མ་ཡིན་ཏེ། ། ་སོ་སོར་རྟེན་ཅིང་འབྲེལ་པར་འབྱུང་བ་སོ་སོར་ངེས་པའི་ཕྱིར། ས་ལུ་ལ་སོགས་པའི་ས་བོན་བཞིན་ནོ། །ཇི་སྐད་དུ་ཡང་འཇམ་དཔལ་གྱིས་ནི་བློ་འཕེལ་བྱེད། །སོ་སོར་འབྲང་མས་བྱིན་པ་སྲུན། ནག་པོ་ཆེན་པོས་ཚར་གཅོད་འགྱུར་ཞེས་རྒྱ་ཆེར་གསུངས་སོ། ། ་དེ་ནས་ཧེ་རུ་ཀ་ཕྱག་བཅུ་དྲུག་པ་དང་བདག་མེད་མའི་གཟུགས་ནི་ཚུལ་ལམ་རང་བཞིན་ནོ། །ཐབས་རྒྱ་མཚོ་ལྟ་བུའོ། །དེའི་ཕྱིར་ཏུམ་པི་སྟེ་ཀུ་བ་ལྟ་བུ་མ་ཡིན་པའི་གནས་ཡོན་ཏན་དང་བཅས་པའོ། །ཡང་སྤྱོད་ལམ་གྱི་དུས་སུ་ཡང་ཡོན་ཏན་དང་བཅས ་པ་བསྟན་པའི་ཕྱིར། རྐང་པ་ཁྲུ་བ་ལ་སོགས་པ་ནི་གོ་སླའོ། །བརྟུལ་ཞུགས་ཅན་ཐབས་དང་བཅས་པའི་ཧེ་རུ་ཀ་མོས་པའོ། །རྣལ་འབྱོར་མ་ནི་ཤེས་རབ་དང་བཅས་པའི་བདག་མེད་མ་ལོངས་སྐུའོ། །རྣམ་པར་བསྒོམ་པ་ནི་ལོངས་སྤྱོད་ལ་མོས་པའོ། །གཞན ་པའི་ཚུལ་ལ་སོགས་པ་ནི་སྔ་མ་ལྟར་རོ། །ད་ནི་མཉམ་པར་གཞག་པ་བསྟན་པའི་ཕྱིར། བསམ་གཏན་ནི་དབྱེར་མེད་དང་ལྡན་པའི་རྩེ་གཅིག་པའོ། །ཉོན་མོངས་འཇིག་པའི་ཡོན་ཏན་ནོ། །རྡོ་རྗེ་སྙིང་པོ་ནི་བདེ་པའོ། །ང་ཡིས་བཤད ་པ་ནི་བཅོམ་ལྡན་འདས་ཉིད་ཀྱིས་ཞལ་གྱིས་བཞེས་པའོ། །བརྩེ་བ་ནི་སེམས་ཅན་དོན་དུ་སྟེ་གཞན་དུའོ། །དངོས་གྲུབ་དོན་ནི་བདག་དོན་ནོ། །ཡང་བསྡུ་བ་ནི་ཕྱོགས་གཞན་མ་ཡིན་ནོ། །ཟླ་བ་ཕྱེད་དུ་རྟོགས་ནི་སྒོམ་པ་སྟེ་དུས་མྱུར་བའི་ཚང་ངོ། །བསམ་པ་ཐམས་ཅད ་སྤང་ནི་ཉོ་ཚོང་དང་ཞིང་ལ་སོགས་པའོ། །ཡང་ན་སྔ་མ་བཞིན་ཏེ་དབྱེར་མེད་པའི་དེ་ཁོ་ན་ཉིད་དང་ལྡན་པས་སོ། །ལྷའི་གཟུགས་སུ་སེམས་པ་ནི་སྔ་མ་ལྟར་ཕྱོགས་གཉིས་སོ། །ཉི་མ་གཅིག་ཏུ་མ་ཆད་པ་ནི་ཆུང་དུ་ན་ཐུན་གཅིག་ཏུ་ཡང་ངོ། །སྒོམ་པའི་ལྷའི་རྣམ་པར ་གསལ་བའོ། །ཡོངས་སུ་བརྟག་པ་ནི་གཉིས་སུ་མེད་པའི་དེ་ཉིད་དང་ལྡན་པ་སྟེ། དེའི་ཕྱིར་ཀུ་བ་ལྟ་བུ་མ་ཡིན་ཞིང་དངོས་གྲུབ་ཏུ་ངེས་པར་མཉམ་གཞག་གི་ཡོན་ཏན་ནོ། །ད་ནི་སྤྱོད་པ་བསྟན་པའི་གྲོགས་དང་ལྡན་པའི་ཡོན་ཏན་བསྟན་པའི་ཕྱིར། རང་གཞན་དོན་བསྒྲུབ ་པ་ནི་ཕྱག་རྒྱ་ཆེན་པོ་རྣམ་པ་ཀུན་གྱིས་མཆོག་དང་ལྡན་པས་སོ། །འཁོར་བ་ནི་ཞེས་པ་ནི་རྣལ་འབྱོར་པ་འདོད་ཆགས་མ་སྤངས་པས་སོ། །ཐབས་གཞན་མེད་པ་ནི་ཉན་ཐོས་ལ་སོགས་པ་མ་ཡིན་པའོ། །དེའི་ཕྱིར་རིག་མ་གོམས་པ་ནི་བསྒོམ་པའི་དུས་སུ་འཕྲལ ་དུ་མངོན་དུ་བྱེད་པ་འམ། ཡིད་ཆེས་ནི་སྦྱོད་པའི་དུས་ཉིད་དུ་ཡོན་ཏན་འབྱུང་བ་བསྟན་པའོ། །དེ་བཤད་པའི་ཚིགས་སུ་བཅད་པ་གཅིག་སྟེ་གོ་སླའོ། །ཕན་གནོད་འབྲས་དུ་འབྱུང་བ་ནི་འཕྲལ་དུ་ཉམས་སུ་མྱོང་བའོ། །དེ་ལྟར་ངེས་པར་ཤེས་ནས་ནི་མ་འོངས་པར་ཡང་ཤེས ་པར་བྱའོ། །རྣལ་འབྱོར་པ་རྣམས་སྐད་ཅིག་ཀྱང་ཞེས་པ་ནི་འདི་དག་དང་གཞན་དུའོ། །ཇི་ལྟར་དུ་འབོད་གནས་སུ་སྐྱེ་ནི་དུ་འབོད་ནི་མཚོན་པ་སྟེ། སྡུག་བསྔལ་ཅན་ཀུན་ཏུའོ། །ཇི་ལྟར་སྐྱེས་ན་ནི་སྤོང་བའི་སྒྲ་སྟེ། མིའི་འགྲོ་བ་ཁོ་ནའོ། །དེ་ནི་སྤྱོད་པས་མཐར་ཕྱིན་པའི་ཆེ་བའི་བདག ་ཉིད་བསྟན་པ་ནི། མཚམས་མེད་ལྔ་ནི་བྱེད་པ་དང་ཞེས་པ་ནི་ཕ་གསོད་པ་དང་མ་གསོད་པ་དང། དགེ་འདུན་གྱི་དབྱེན་བྱེད་པ་དང། དགྲ་བཅོམ་པ་སུན་འབྱིན་པ་དང། སངས་རྒྱས་ཀྱི་སྐུ་ལ་ངན་སེམས་ཀྱི་ཁྲག་འབྱིན་པ་དང། སྲོག་ཆགས་གསོད་པ་དགའ་བ་དང། ཞེས ་པ་ནི་མི་དགེ་བཅུ་སྤྱོད་པའོ། །གཞན་གང་སྐྱེ་བ་དམན་གང་ནི་ཞེས་པ་ནི་སྨྱུག་མ་མཁན་དང། ཕག་གསོད་པ་ལ་སོགས་པ་དང། རྨོངས་དང་མ་རུངས་པས་བྱེད་དང། ཞེས་པ་ནི་རྒྱ་པ་དང་ཉ་པ་དང་རྐོགས་བྱེད་པ་ལ་སོགས་པས་ཀྱང་འགྱོད་པའི་བསམ་པ་སྔ་མའི ་ལས་སྤངས་ཏེ། དགྱེས་པའི་རྡོ་རྗེར་ཞུགས་ན་འགྲུབ་པར་འགྱུར་རོ། །དགེ་བ་བཅུ་ལ་གོམས་པ་དང་ཞེས་བྱ་བ་ལ་སོགས་པ་ནི་དམ་པ་རྣམས་ཀྱིས་ངེས་པ་ཉིད་དུ་འགྲུབ་པར་འགྱུར་རོ། །ད་ནི་སྤྱོད་པའི་ཚུལ་དངོས་བསྟན་པའི་ཕྱིར། འདིའི་དགོས་པ་ནི་ལེའུ ་དྲུག་པར་ཤེས་པར་བྱའོ། །རྣམ་པ་ཆ་ལུགས་དང་ལྷའི་ང་རྒྱལ་དང། གནས་དེ་རྣམས་ཀྱང་ལེའུ་དྲུག་པ་ལྟར་ཤེས་པར་བྱའོ། །དྲོད་ཚད་ནི་སྐད་ཅིག་མར་ལྟར་གསལ་བ་དང། དངོས་པོ་ལྷར་གསལ་བ་དང། དངོས་པོ་སྒྱུར་ནུས་པ་སྟེ། འདི་ནི་བསྐྱེད ་པའི་རིམ་པའི་སྤྱོད་པའི་དྲོད་ཚད་དོ། །རྒྱུ་མཚན་གྱི་དྲོད་སྤྱོད་པ་ལ་སོགས་པའི་གྲོགས་བསྟན་པར་བྱ་བའི་ཕྱིར། ཟླ་བ་གཅིག་ཏུ་གསང་ལ་སྦྱོང་པ་ནི་དུས་མྱུར་བའི་ཚད་དོ། །ཇི་སྲིད་ཕྱག ་རྒྱ་མ་རྙེད་པ་ནི་མ་རྙེད་པའི་ཚེ་ཇི་ལྟར་བཙལ་བའོ། །གནང་བ་སྦྲིན་པ་སྔགས་པ་ལ་ནི་ཚོལ་བའི་ནུས་པ་དང་ལྡན་པའོ། །རྣལ་འབྱོར་མའི་བསྒོ་བ་ནི་མཁའ་འགྲོ་མས་ནམ་མཁའ་ནས་བསྟན་པའོ། །ཇི་ལྟར་བསྒོ་ཞེ་ན། ཕྱག་རྒྱ་ཆེ་གེ་མོ་ཞིག་ནི་ཞིང་དང ་ཞིང་སྐྱེས་མའི་མིང་ངོ། །ཁྱེད་ལ་ཞེས་པ་ནི་དགོན་པའི་གནས་སུ་སྟེ་གསང་བའི་སྤྱོད་པའོ། །སེམས་ཅན་དོན་གྱིས་ཞེས་པ་ནི་གྲོང་ཁྱེར་དག་ཏུ་འཁྱམས་པ་འམ་མོས་པར་འགྱུར་པའོ། །རྡོ་རྗེ་འཛིན་ནི་རྣལ་འབྱོར་པ་ལ་པོས་པའོ། །དགྱེས་པའི་རྡོ་རྗེའི་ང ་རྒྱལ་གྱིས་ཞེས་པའི་ཐ་ཚིག་གོ་།འོ་ན་སྤྱོད་པ་ནི་སྒོ་གསུམ་གྱི་བདག་ཉིད་ཅན་ཡིན་ལ། གསང་བའི་སྤྱོད་པ་ནི་གྲོགས་དང་བཅས་པ་ཡིན་པས་བརྟན་པ་མ་ཐོབ་ན་གང་དང་འགྲོགས་ཤེ་ན། སྤྱོད་པ་སྒོ་གསུམ་ནི་ལེའུ་དྲུག་པ་ལྟར ་ཤེས་པར་བྱའོ། །གསལ་བའི་སྤྱོད་པའི་གྲོགས་ནི་གཉིས་ཏེ་ཞིང་སྐྱེས་མ་དང་ལྷན་སྐྱེ་མའོ། །བརྟན་པ་མ་ཐོབ་ཀྱི་བར་དུ་ལྷན་སྐྱེས་མ་དང་འགྲོགས་ཏེ་སྤྱོད་པའོ། །ལྷན་སྐྱེས་མ་ནི་དེ་ཉིད་བསྟན་པའི་ཕྱིར། རྙེད་པ་དེ་ཡང་མིག་ཡངས་མ་ཞེས་བྱ་བ་ལ་སོགས ་པ་ཚིགས་སུ་བཅད་པ་གཉིས་ཏེ། རང་བཞིན་གྱི་ཡོན་ཏན་དང་སྦྱངས་པའི་ཡོན་ཏན་དང་ལྡན་པ་སྟེ། རང་བཞིན་གྱི་ཡོན་ཏན་ནི་བྱད་གཟུགས་དང་ལང་ཚོ་དང་རིགས་ཀྱི་ཡོན་ཏན་ནོ། །སྤྱངས་པའི་ཡོན་ཏན་ནི་དགེ་བ་བཅུ་ནས་བརྩམས་ནས་ནི་ཞེས་བྱ་བ་ལ ་སོགས་པ་སེམས་བསྐྱེད་པ་དང། །སྡོམ་པ་དང་དམ་ཚིག་སྦྱིན་པ་དང། དབང་བསྐུར་ནས་ལྷ་བསྒོམ་པ་དང་ལྡན་པར་བྱའོ། །ད་ནི་ཡང་ན་ཡིད་སྐྱེས་དང་ལྷན་ཅིག་འགྲོགས་པའི་ཕྱིར་།ཟླ་བ་གཅིག་ནི་སྔོན་དུ་དེ་ཉིད་བསྒྲུབ་པའི་དོན་དུའོ། །སྐལ ་ལྡན་ཐེ་ཙོམ་མེད་ནི་སྤྱོད་པའི་གྲོགས་ནུས་པར་རོ། །མཆོག་ཐོབ་ནི་ཡིད་ལས་བྱུང་བའི་ཆོས་ཀྱི་ཕྱག་རྒྱ་གསུངས་པའི་ཕྱིར་རོ། །བུད་མེད་ནི་འདོད་པའི་བུད་མེད་འདྲ་བས་སོ། །རྟོག་པ་ཀུན་ཡང་དག་སྤོང་བ་ནི་དེ་ལྟར་བརྟེན་པའི་ཡོན་ཏན་ནོ། ་དེས་ནི་ཅུང་ཟད་སྨྱོན་པའི་བརྟུལ་ཞུགས་ཀྱི་གྲོགས་བསྟན་ཏོ། །དེ་སྐད་དུ་ཡང། སྙིང་ལ་གནས་པའི་ལྷ་མོ་ཆེ། །ཡོན་ཏན་ཐམས་ཅད་བསྐྱེད་པའོ། །ཞེས་གསུངས་སོ། །འདིའི་སྤྱོད་པའི་ལྡང་ཚད་ཀྱང་ལེའུ་དྲུག་པ་རུ་ཅང་ཏེའི་སྒྲ་ནི་བཟླས་པ་སྟེ་བྱ་བ ་ལ་སོགས་པ་འདིར་སྦྱར་རོ། །ད་ནི་སྔགས་སྐྱེས་དང་སྤྱོད་བསྟེན་པའི་ཕྱིར། ཡང་ན་ཕྱོགས་གཞན་ཏེ་སྔར་གྱི་དག་ལ་ཡང་ངོ། །བདག་གིས་ནུས་བ་ནི་སྒོམ་པ་དང་སྔགས་ཀྱིས་སོ། །ལྷ་དང་ལྷ་མིན་ལ་སོགས་པ་དགུག་པ་ནི་ཏིལ་མཆོག་མ་དག་གོ ་ཁྱེད་ལ་སྤྱད་ནི་སྔ་མ་ལྟར་རོ། །འདིས་ནི་སྨྱོན་པའི་བརྟུལ་ཞུགས་ཆེན་པོའི་གྲོགས་གང་ཡང་རུང་བ་དང། འགྲོགས་སཾ། གྲོགས་བྱེད་པར་འགལ་བ་མེད་དོ། །འདིའི་སྤྱོད་པའི་རྒྱུ་མཚན་ཡང། ཨཱ་ལི་ཀཱ་ལིར་རབ་བརྟག་པས། །བརྗེད་པས་བཟླས་པར ་ཡང་དག་བཤད་ཅེས་བྱ་བ་ལ་སོགས་པ་ལེའུ་དྲུག་པ་ལྟར་ཤེས་པར་བྱའོ། །ད་ནི་ཐ་མལ་པ་དགག་པའི་ཕྱིར་བདག་གི་དལ་བ་འམ་བསྟན་པ་ནི་ཏིང་ངེ་འཛིན་ནོ། །མངོན་དུ་ནི་པྲི་ཏ་ཡ་སྟེ། རྐྱེན་ནམ་ཡིད་ཆེས་སུ་ཡང་ངོ། །གང་བཤད་ནི་ཐབས་དང ་ཤེས་རབ་གཉིས་མེད་དང་ལྡན་པའོ། གཟིགས་པའི་གཟུགས་སཾ་ཚུལ་ནི་ཧེ་རུ་ཀ་དང་བདག་མེད་པའི་ང་རྒྱལ་གྱིས་སོ། །སྤྱོད་པ་ལོངས་སྤྱོད་ཕྱིར་ནི་ཞེས་པ་ནི་ཐ་མལ་གྱི་གྲོགས་སོ། །སྤྱོད་པ་མ་གསུངས་པ་ནི་ཐ་མལ་ལམ་ལྟོ་དགང་བྱའི་དཔུང་གཉེན་ནོ། །དེ་སྐད ་དུ་ཡང་ཀྱེ་བཅོམ་ལྡན་འདས་གལ་ཏེ་སིཏ་ལ་སོགས་པ་དེ་ཟོས་ན་ཇི་ལྟར་མི་གཙང་བར་མི་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕོ་ཉ་གཙང་སྦྲ་དང་པོ་སྟེ། །གཉིས་པ་ཞི་བའི་བཏུང་བ་ཡིན། །སྣོད་གཅིག་ཏུ་ནི་ཟས་ཟ་བ། །གཙང ་སྦྲ་གསུམ་པ་ཡིན་པར་བརྗོད། །རྣལ་འབྱོར་ཕྱི་རོལ་ལ་དགའ་བ། །སྦྲང་རྩི་འདི་ནི་བརྩམ་པར་བྱ། །རང་སེམས་དྲི་མ་ཅན་འགྱུར་ན། །གཙང་སྦྲ་འདི་ཡིས་ཅི་ཞིག་བྱ། །འདོད་དོན་ཐམས་ཅད་སྒྲུབ་བྱེད་པའི། །མི་མཐུན་ཆོས་རྣམས་གང་ཞིག་དང། ། ་ཟས་དང་ལོངས་སྤྱོད་ཕྱིར་བྱས་ན། །ཁྱི་ཡི་སྐྱེ་གནས་བརྒྱར་སྐྱེ་ཞིང། །དམེ་ཤ་ཅན་དུ་སྐྱེ་བར་འགྱུར། །དཔེར་ན་ལ་ལ་མར་འདོད་པས། །འབད་པས་ཆུ་ནི་བསྲུབས་སྒྱུར་ཀྱང། །མར་སར་འབྱུང་བར་མི་འགྱུར་གྱི། །ལུས་ཉོན་མོངས་པ་ཁོ་ནར་ཟད། །འཚོ ་བའི་ཐབས་ཀྱི་རྒྱུར་གྱུར་པ། །འཛིན་ཅིང་མཆོད་པར་བྱེད་པ་ཡི། །རྣལ་འབྱོར་གཞན་ལ་བརྟེན་པ་ཡང། །དེ་བཞིན་ངལ་བ་དོན་མེད་འགྱུར་ཞེས་པ་གསུངས་པ་དང། དེ་ཁོ་ན་ཉིད་ཀྱི་དོན་དང་ལྡན་ན། དུང་དང་ཉ་ཕྱིས་མུ་ཏིག་སྟེ། །གསུམ་ག་རྒྱུ་ལས་བྱུང ་ཡིན་ན། །ཆོས་ཀྱི་ཡེ་ཤེས་ལུས་ཅན་གྱི། །ཐོད་པ་ལ་ནི་སུ་ཞིག་སྨོད་ཅེས་གསུངས་སོ། །ད་ནི་བསམ་པའི་ཁྱད་པར་ཡང་ཡིད་ནི་བརྟན་ནམ་གཡོ་ཞེས་བྱ་བ་ནི་བསྐྱེད་པའི་རིམ་པའི་སྤྱིའི་མཚན་ཉིད་ཙམ་མོ། །རང་གི་སེམས་བརྟེན་པ་ནི་བཞི?་མི ་གཡོ་བར་རོ། །རྡོ་རྗེ་སྙིང་བོས་གསོལ་ཞེས་པ་ནི་གཞན་ལ་ཇི་ལྟར་རིགས་པའོ། །བདག་མེད་རྣལ་འབྱོར་ནི་བདག་མེད་པར་བསྒོམས་པར་ལྡན་པའི་བུད་མེད་དོ། །ཕྱག་རྒྱ་ཉིད་ཅེས་ཇི་ལྟར་ཞེས་བྱ་ནི་སྤོང་བ་སྟེ། རང་ཉིད་ཕྱག་རྒྱ་ཡིན་ན། དེའི་རྒྱུ ་མཚན་བསྟན་པའི་ཕྱིར། ཕྱག་རྒྱ་ནི་རང་ཉིད་ཡིན་པའི་ཕྱིར་རོ། །ཕྱག་རྒྱ་གཉིས་ནི་ཡང་ཕྱག་རྒྱ་ལ་བརྟེན་པའི་དངོས་གྲུབ་ཇི་ལྟར་འགྱུར་ཞེས་པ་ནི་ཐབས་ལམ་བརྟེན་པས་སྤོང་བའི་སྒྲའོ། །ཕྱག་རྒྱ་ཞེས་པ་ནི་ཕྱག་རྒྱ་ཆེན་པོ་སྟེ་དབྱེར་མེད་དོ། །བཅོམ ་ལྡན་འདས་ཀྱིས་གསུངས་པ་ནི་དེའི་ཡན་ལག་གོ་།བུད་མེད་གཟུགས་ནི་སྤང་ཞེས་པ་ནི་ཕྱག་རྒྱའི་རྟེན་རྣམ་པར་བསྒྱུར་བ་སྟེ་བསྟན་པའོ། །དེ་བཤད་པ་སྟེ་ནུ་མ་སྤང་བར་འབྲེལ་ལོ། །པོ་ལར་བསྒྱུར་ཏེ་ཇི་ལྟར་ཞེ་ན། ཀཀྐོ་ལ་དབུས་གནས་ནི ་དབུས་ནས་སྐྱེས་པའོ། །འགྲམ་གཉིས་ནི་ཁུར་བའོ། །དྲིལ་བུ་ནི་འབྲས་བུའོ། །ཟེ་འབྲུ་ནི་ཀོན་ཏའོ། །བོ་ལ་ནི་རིན་པོ་ཆེའི་ཕོ་བྲང་ངོ། །དེ་ནས་སྐྱེས་བུ་ཉིད་དུ་འབྲེལ་ལོ། །ཇི་ལྟར་ཞེ་ན། འབད་པ་མེད་པར་སྐྱེས་བུར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གསལ་བར ་ནུས་པའི་ཕྱིར་རོ། །འདི་ལས་སྐྱེས་བུར་འགྱུར་བ་དེ་ལས་སོ། །ཕྱག་རྒྱའི་དངོས་གྲུབ་ཕྱག་རྒྱ་ཆེན་པོ་སྒྲུབ་པར་བྱེད་ནུས་པ་ཁོ་ནའོ། །ཡང་སྤངས་གཞན་ཞེས་པ་ནི་བདག་གཟུགས་བསྒྱུར་ཏེ། གཞན་ཞེས་པ་ནི་ཀཀྐོ་ལ་ལས་གཞན་པའོ། །ཅིར་ཞེ་ན། བཅོམ ་ལྡན་འདས་ཀྱིས་གཟུགས་ནི་ཧེ་རུ་ཀའོ། །བསྟན་པ་དེ་བཤད་པའི་ཕྱིར། ལྷག་མ་ཞེས་པ་སྟེ་བོ་ལ་ལས་གཞན་པའི་སྐུའོ། །བདག་ཉིད་ཆེན་པོ་ནི་སྒེག་པ་ལ་སོགས་པའི་ཉམས་སོ། །དགའ་ཆེན་ཧེ་རུ་ཀའི་གཟུགས་ནི་ཐབས་བདེ་བ་དང་ལྡན་པའོ།། ་ཧེ་རུ་ཀ་སྦྱོར་ནི་སྐུ་གསུང་ཐུགས་སུའོ། །དེ་ནས་གསལ་བར་ནུས་པའི་རྣལ་འབྱོར་དུ་འབྲེལ་ལོ། །ཤིན་ཏུ་གོམས་པ་ལས་བྱུང་བའི་ཕྱིར་རོ། །འདི་ལས་ནི་ཧེ་རུ་ཀར་བསྒྱུར་བ་དེ་ལས་མོ། །ཕྱག་རྒྱའི་དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོ་སྒྱུར་ནུས་པ་ཁོ་ནའོ། །ད ་ནི་བསྐྱེད་པ་དག་པར་བསྟན་པའི་ཕྱིར་རོ། །སྐྱེ་དང་འཇིག་པ་ནི་ཚོགས་གཉིས་སམ་ཨཱ་ལི་ཀཱ་ལིས་སཾ། ཟླ་བ་ཉི་མ་འམ། བྱང་ཆུབ་བར་བསྐྱེད་པ་འམ། རྗེས་སུ་ཆགས་པར་ཞུ་བ་ལ་སོགས་པའོ། །ཐབས་དང་ཤེས་རབ་མི་འཆིང་མི་གནོད་ཅེས་ལ་ནི་དེ་རྣམས ་ཐབས་དང་ཤེས་རབ་ཡིན་པའི་ཕྱིར་རོ། །བསྟན་པ་དེ་བཤད་པའི་ཕྱིར་ཐབས་ནི་འབྱུང་བ་ཞེས་བྱ་བ་ནི་སྐྱེ་བ་སྟེ། བསོད་ནམས་ཀྱི་ཚོགས་པའོ། ཀཱ་ལི་དང། ཉི་མ་དང། བྱང་ཆུབ་པ་ལྔས་བསྐྱེད་པ་ལ་སོགས་པའོ། །དེའི་ཕྱིར་དེ་རྣམས་ནི་ཐབས་ཡིན་པས་མྱ་ངན་ལས་འདས ་པ་མཐར་ཕྱིན་པ་ནི་ལྷག་མའོ། །ཡང་འཇིག་པ་ནི་ཡེ་ཤེས་ཀྱི་ཚོགས་དང་ཨཱ་ལི་དང་ཟླ་བ་དང་རྗེས་སུ་ཆགས་པས་ཞུ་བ་ལ་སོགས་པ་ཀུན་ནས་གང་ཡང་རུང་བའོ། །ཤེས་རབ་ནི་འདི་རྣམས་ཀྱི་རང་བཞིན་ཡིན་པས་སྲིད་པ་མཐར་བྱེད་པའོ། །དེ་དག་བསྡུས་པའི ་ཕྱིར་ཏ་དེ་ནས་ཞེས་པ་ནི་ཤེས་རབ་ཡིན་པས་ནའོ། །འདི་ལ་ནི་ཡེ་ཤེས་ལ་སོགས་པས་ནའོ། །དེ་ཉིད་ལས་ནི་ཞེས་པ་ནི་བསོད་ནམས་ཚོགས་ལ་སོགས་པའོ། །དེས་ན་ཞེས་པ་ལྷག་མ་སྟེ་ཐབས་ཡིན་པས་སོ། །གང་ལ་འམ་ལ་ལ་ནི་ཐ་མལ་པའི་ཚེ ་ནའོ། །འཇིག་པས་འཇིག་པ་འམ་ཟད་པར་འགྱུར་ཞེས་པ་ནི་ཞིག་ནས་མེད་པར་རོ། འཇིག་པའི་དངོས་པོ་ནི་གདོང་མ་ནས་ཤེས་རབ་ཡིན་པས་འཇིག་པའི་རྒྱུ་མེད་པའོ། །ཟག་པ་མེད་ནི་ཞིག་ནས་ཟད་ལ་ཡིན་པས་སོ། །དེ་བཞིན་དུ་ཡང་ཐབས་སྐྱེ ་བ་ལ་ཡང་ལྷག་མ་ཁོང་ནས་ཕྱུང་སྟེ་ཤེས་པར་བྱ་སྟེ། ལ་ལ་སྐྱེ་བ་སྐྱེ་བར་འགྱུར་ཉོན་མོངས་པའི་སྐྱེ་བ་ཡིན་པས་སོ། །སྐྱེ་བའི་དངོས་མེད་ཟད་པར་འགྱུར། ཐབས་དང་ཤེས་རབ་ཀྱི་སྐྱེ་བ་ཡིན་པའི་ཕྱིར་རོ། །དེ་དག་གིས་ནི་བསྐྱེད་པའི་རིམ་པ ་ཐབས་ཀྱི་ཆོ་ག་དག་པར་བྱས་ནས། བསྐྱེད་པ་ལྷའི་མཚན་མ་དག་པའི་ཕྱིར་བསྐྱེད་པའི་རིམ་པ་ནི་རྣལ་འབྱོར་འདི་ལས་དང་པོ་ནས་གཟུང་བའོ། །བརྟུལ་ཞུགས་ཅན་ནི་བསྐྱེད་རིམ་མཐར་བྱེད་པའི་བར་གྱིས་སོ། །སྤྲོས་པ་ནི་ཁ་དོག་དང་མཚན་མ་ལ ་སོགས་པའོ། །བསྒོམ་པ་ནི་གསལ་བར་རོ། །རྨི་ལམ་ལྟར་གསལ་བ་སེམས་ཀྱི་ཆོས་ཡིན་པས་སོ། །དེའི་ཕྱིར་སྤྲོས་ཉིད་ནི་སྤྲོས་པ་མེད་ཅེས་བྱ་སྟེ། བསྐྱེད་པའི་ངོ་བོ་དག་པར་བྱེད་པའོ། །ད་ནི་བསྐྱེད་པའི་རིམ་པའི་ཡོན་ཏན་ནམ། སྤྱོད་ཡུལ་དག་པར ་བསྟན་པའི་ཕྱིར། ཇི་ལྟར་སྒྱུ་མ་ཞེས་པ་ནི་རིག་མ་ལ་བརྟེན་པ་ལ་སོགས་པས་བདེ་བའི་སྒྱུ་མ་ལྟ་བུ་མྱོང་བའོ། །དེ་བཞིན་རྨི་ལམ་གསལ་བ་སེམས་ཀྱི་ཆོས་སུའོ། །ད་ནི་སྐྱེ་བའི་རྟེན་དག་པར་བསྟན་པའི་ཕྱིར། ཇི་ལྟར་ནི་གཞལ་ཡས་ཁང ་ངོ། །བར་སྲིད་དམ་དྲི་ཟའི་གྲོང་ཁྱེར་ནི་ནམ་མཁའ་ལ་འཚོ་བའི་ཁང་བཟངས་སོ། །རྟག་ཏུ་གོམས་པའི་སྦྱོར་བ་ནི་དག་པ་དང་ལྡན་པས་སྔ་མ་ལྟར་རོ། །དཀྱིལ་འཁོར་ཉིད་ཀྱང་དེ་བཞིན་སྣང་ནི་བསྐྱེད་རིམ་དེ་ལྟར་ཤེས་ནས། རྫོགས་རིམས་ལ ་སྦྱོར་ནུས་པས་སོ། །ད་ནི་རྫོགས་རིམ་པ་བསྟན་པའི་ཕྱིར། ཕྱག་རྒྱ་ཆེན་པོའི་དབང་བསྐུར་ནི། ཀུན་རྫོབ་ཕྱག་རྒྱ་ཆེན་པོའི་གཟུགས་ཕལ་པའི་པདྨ་ཅན་ལ་བརྗོད་པ་སྟེ། ལས་ཀྱི་ཕྱག་རྒྱའོ། །དབང་བསྐུར་ནི་གསུམ་པ་དང་འདྲ་བ་ལས་རྟེན ་ཁྱད་པར་ཅན་དུ་ཉམས་སུ་མྱོང་བའོ། །ཇི་ལྟར་གཟུང་བའི་བདེ་ཆེན་པ་ནི་ཟླ་བ་གཟུང་བའི་མན་ངག་ལས་བསྐྱེད་པའོ། །དེའི་བྱིན་རླབས་སམ་མཐུ་ནི་གསལ་བའི་བདེ་བའོ། །བྱིན་རླབས་སྐྱེད་པ་ལ་བརྟེན་ནས་བརྟེན་པར་འགྱུར་བས་དཀྱིལ་འཁོར ་ཡིན་པ་ཁོ་ནའོ། །གཞན་དག་ལས་དཀྱིལ་འཁོར་འབྱུང་བ་མེད་ནི་ལྷན་ཅིག་སྐྱེས་པ་ལས་གཞན་པ་ལས་སོ། །ད་ནི་གཞན་ལུས་ཤེས་རབ་ལ་བརྟེན་པའོ། །གསུམ་པ་ཆགས་བྲལ་ཡང་ཕྱག་རྒྱ་ཆེན་པོ་ནི་ལྟེ་བ་ལ་གནས་པའི་ཐིག་ལེ་འམ་ཡི་གེའོ ་དབང་བསྐུར་བ་ནི་སྤྱི་བོའི་ཧཾ་ལས་ཞུ་བ་སྟེ། གུར་གུམ་གྱི་ཆར་ལ་སོགས་པ་དང་ལྡན་པའོ། །ཤེས་པའི་བདེ་ཆེན་ནི་གསལ་བའི་བདེ་བའོ། །གཞན་དག་སྔ་མ་ལྟར་རོ། །དེ་ནི་རང་ལུས་ཐབས་ལ་བརྟེན་པའོ། །གསུམ་པ་ཆགས་བྲལ་གྱི་དབང་བསྐུར་ཏེ། ཉམས ་སུ་མྱོང་བ་ནི་སྔ་མ་དང་འདྲའོ། །ཡང་ཕྱག་རྒྱ་ཆེན་པོ་ནི་ཤེས་རབ་ལྷ་མོ་བླ་ན་མེད་པའོ། །དབང་བསྐུར་བ་ནི་བསྟེན་པའི་ཐབས་ཆགས་པ་ཡང་ཆགས་བྲལ་ལྟ་བུའི་ཚུལ་ལོ། །ཤེས་པའི་བདེ་བ་ཆེ་ནི་གཉིས་སུ་མེད་པའི་ཤེས་པ་འབའ་ཞིག་གོ་།བྱིན་རླབས་ནི་སྣང ་བ་བྱིན་གྱིས་རློབ་པའོ། །གཞན་ལས་ནི་གཉུག་མའི་དབང་པོ་མ་སྨིན་པ་ལས་སོ། །དཀྱིལ་འཁོར་འབྱུང་བ་མེད་ན་སྒོ་གསུམ་ནུས་པ་མེད་པས་རྐང་པ་ཉེད་པ་དང་དཀྱིལ་འཁོར་མེད་པ་དང། དེས་མཚོན་ནས་ཕྱག་རྒྱ་དང་སྔགས་ཀྱང་མེད་པ་སྟེ། ཡང་དག་པའི་བརྟུལ ་ཞུགས་དང་མི་ལྡན་པ་ཞེས་བྱ་བ་ནི་ཐ་ཚིག་གོ་།ད་ནི་དེའི་རྒྱུ་མཚན་དང་སྣང་བའི་མན་ངག་བསྟན་པ་ནི་གོ་སླའོ། །བདེ་བ་གནག་ཅིང་ཞེས་བྱ་བ་ལ་སོགས་པ་ནི་རྟེན་གྱི་དཀྱིལ་འཁོར་མཚོན་ཏེ། བདེ་བ་ཆེན་པོ་ཁ་དོག་རྣམ་པ་ལྔས་མཚོན་པའོ། །ཡང་བརྟེན་པའི ་དཀྱིལ་འཁོར་མཚོན་ཏ་།ནག་པོ་ནི་རྡོ་རྗེ་འཆང་ངོ། །སེར་པོ་ནི་རིན་ཆེན་འབྱུང་ལྡན་དམར་པོ་སྣང་བ་མཛའ་ཡས་དཀར་པོ་རྣམ་པར་སྣང་མཛད། ལྗང་ཁུ་དོན་ཡོད་གྲུབ་པ། སྔོན་པོ་མི་བསྐྱོད་པ་འཚོན་པའོ། །དེ་བཞིན་དུ་རྒྱུ་བ་དང། མི་རྒྱུ་བ་ལ་སོགས་པ ་ཐམས་ཅད་ཕྱག་རྒྱ་ཆེན་པོས་བདེ་བས་མཚོན་པའོ། །དེ་ཡང་རྡོ་རྗེ་སེམས་དཔའ་བདེ་ཞེས་པ་ལ་གོ་བཟློག་སྟེ། སྣང་བ་བདེ་བ་ཆེན་པོ་ཉིད་དུ་རྡོ་རྗེ་སེམས་དཔར་བརྗོད་དོ། །དེ་ནས་བདེ་བ་ཆེན་པོ་ལ་ཐེ་ཚོམ་དྲི་བའི་ཕྱིར། རྡོ་རྗེ་སྙིང་པོས་གསོལ་པ། རྫོགས ་བའི་རིམ་པའི་རྣལ་འབྱོར་ནི་དབང་ལས་ཐོབ་ཅིང་དཀྱིལ་འཁོར་དུ་གནས་པའི་བདེ་ཆེན་ནོ། །སཏྭ་སུ་ཁ་སྟེ་དཾ་པ་འམ་དེའི་བདེ་བ་ནི་རྫོགས་རིམ་གྱི་བདེ་ཆེན་ནོ། །དེ་ནས་བསྐྱེད་པ་ཡིད་ནི་ཅི་ཞིག་འཚལ་དུ་འབྲེལ་ཅིའི་ཕྱིར་ཞེ་ན། རྫོགས་པ་བསྒོམ་པ་མེད་པའི ་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི་ལན་དུའོ། །ེ་མ་ནི་ཨ་ཧོ་སྟེ་དེ་ལྟར་ཡིན་ན་འང་ངོ་མཚར་བའོ། །བྱང་ཆུབ་སེམས་དཔའ་ཨི་ཆེ་བ་ནི་གུས་པའི་ཚུལ་དུ་བོད་པའོ། །འདི་ནི་ཞེས་པ་ནི་འདི་ལ་སྟེ ་རྫོགས་རིམ་ལའོ། །དད་པའི་ཤུགས་ཀྱི་ཉམས་པའི་རྫོགས་རིམ་ཉིད་ཉམས་པའོ། །ཅིའི་ཕྱིར་ཞེ་ན། ལུས་ཀྱི་དངོས་མེད་ནི་བསྐྱེད་རིམ་གྱི་གསལ་བ་དང་བཅས་པའི་ལུས་སོ། །གང་ལས་བདེ་ནི་ལྔ་པ་ཡིན་ཡང་བདུན་པའི་དོན་ཏེ། དེས་ན་རྟེན ་མེད་པའི་ཕྱིར་བརྟེན་པའི་བདེ་བ་སྨྲ་བར་མི་ནུས་པའོ། །ཁྱབ་བྱ་ཁྱབ་བྱེད་ཚུལ་ནི་ཕན་ཚུན་དུའོ། །བདེ་བ་འགྲོ་བ་ཁྱབ་པ་ནི་གསུམ་དང་གཉིས་པ་ཡིན་པ་ཡིན་པས་འགྲོ་བ་དང་འགྲོ་བ་ཡང་བདེ་བ་ཁྱབ་པ་ཉིད་དོ། །ཇི་ལྟར་ནི་དཔེའོ། །མེ་ཏོག་ནི་རྟེན་ནོ། །དྲི ་ནི་བརྟེན་པའོ། །མེ་ཏོག་དངོས་མེད་ནི་བརྟེན་པའི་ཕྱིར་རོ། །ཤེས་མི་འགྱུར་ནི་བརྟེན་པ་འདྲི་མི་ཤེས་པའོ། །དེ་བཞིན་ནི་དཔེ་ལས་འབྱུང་བའོ། །གཟུགས་སོགས་དངོས་མེད་ནི་རྟེན་པའི་ཕྱིར་རོ། །བདེ་བ་ཉིད་ཀྱང་མི་དམིགས་པ་ནི་རྟེན་དམིགས་མི་ཤེས་པའོ། ། ་རྫོགས་རིམ་ལ་བརྟེན་མེད་པ་ནི་ཐབས་བདེ་བ་མི་འབྱུང་བ་བསྟན་ནས་མི་རྟོག་པར་མི་འབྱུང་བར་བསྟན་པའི་ཕྱིར། དངོས་པོ་ནི་སྐྱེ་བ་འམ་ཆགས་པའོ། །ད་ནི་བདག་ཏུ་མི་དམིགས་པ་འམ་མི་རྟོག་པའོ། །དངོས་པོ་མེད་པ་བསྡུ་བ་འམ་ཐིམ་པའོ། །ད་ནི ་ཡང་མི་རྟོག་པའོ། །ཅིའི་ཕྱིར་ཞེ་ན། དངོས་པོ་རྟོག་པའི་ཕྱིར་རོ། །ཞེས་བྱ་བ་བདེ་བ་དེ་དག་ནི་རྨི་ལམ་ལྟར་རྟོག་པའི་ཕྱིར་བུདྡྷ་རྟོགས་པ་འམ། སངས་རྒྱས་ལ། ང་སྟེ་མི་རྟོག་པར་རྟོགས་པའོ། །དེ་བཞིན་དུ་དངོས་པོ་མེད་པར་ལྷག་མ ་སྟེ། ཁོང་ནས་དྲང་ངོ། །དེས་ནི་དེ་སྐད་འཆད་པར་འགྱུར་ཏེ། བསྐྱེད་རིམ་དངོས་པོ་ལ་དངོས་པོ་མེད་པ་བརྟེན་པའི་ལུས་མེད་ན་བརྟེན་པའི་བདེ་བ་མི་འབྱུང་ལ་།དེ་ལྷན་ཅིག་ཚོལ་བས་མི་རྟོག་པ་དང། རྟོགས་བ་གསལ་བ་ཡང་མི་འབྱུང ་བའོ། །དེའི་ཕྱིར་གང་ཞིག་དམ་པ་སུ་ཞིག་གོ་།ལེ་ལོ་བསྣུན་པ་འམ་བཙོས་མ་ནི་རྟེན་གྱིས་ཆོས་ལ་དགའ་བ་སེམས་པའོ། །རྨོངས་པ་ནི་བརྟེན་པའི་ཆོས་སུ་མ་ཤེས་པའོ། །ང་མི་ཤེས་པ་ནི་རྟོགས་པ་མེད་པས་སངས་རྒྱས་མ་ཡིན་པའོ། །དེ་ཡང་བསྐྱེད་པ་ལྷའི ་རྣམ་པས་ཆོག་པས་ལུས་ཅི་དགོས་ཞེ་ན། དེའི་ཕྱིར་གཉུག་མའི་ལུས་བསྟན་པ་ནི་བཙུན་མོ་བྷ་ག་བདེ་ཆེན་དུ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཡང་བཤད་ཚུལ་སོ་སོར་སྦྱར་ཏེ། སྔོན་དུ་འགྲོ་བའི་ཆོ་ག་རྣམས་སྔ་མ་བཞིན་བྱས་ལ་ཨེའི་རྣམ་པའི་ཆ་བྱད ་ཅེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་གཞལ་ཡས་ཁང་གི་རྣམ་པ་དང་བཅས་པར་བསྒོམ། སངས་རྒྱས་རིན་ཆེན་ཟ་མ་ཏོག་ནི་རྒྱུའི་རྡོ་རྗེ་འཆང་བསྐྱེད་པ་དང། འབྲས་བུའི་ཧེ་རུ་ཀར་གྱུར་པ་དང། འཁོར་བསྐྱེད་པ་དང་སེམས་དཔའ་སུམ་བརྩེག ་བསྒོམ་པ་སྟེ། ཟ་མ་ཏོག་ཅེས་བྱ་བ་སྟེ་རྟེན་དང་བརྟེན་པའི་དཀྱིལ་འཁོར་རོ། །བདེ་བ་ཅན་དུ་གནས་སམ་བཞུགས་ཞེས་པ་ནི་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་ནས་བཟླས་པའི་མཐར་ཐུག་པའི་བར་དུ་བསྐྱེད་པའི་རིམ་པ་ལྟར་སྦྱར་རོ། །ཡང ་རྡོ་རྗེ་བཙུན་མོ་གཟུགས་དང་ལང་ཚོ་ལ་སོགས་པ་དང་ལྡན་པའོ། །བྷ་ག་ནི་བྱ་རོག་གི་གདོང་ཅན་ཏེ་ཡེ་ཤེས་སྐལ་བ་དང་ལྡན་པའི་ཕྱིར་རོ། །ེའི་རྣམ་པའི་ཆ་བྱད་གཟུགས་ནི་གསང་བའི་གནས་ཀྱི་སྤྱི་བོ། །སངས་རྒྱས་རིན་ཆེན་ཟ་མ་ཏོག་ནི་དེ ་དང་འབྲེལ་པའི་ཐབས་ཀྱི་གནས་སོ། །བདེ་བ་ཅན་ཞུ་བདེའོ། །རྟག་ཏུ་གནས་བཞུགས་ནི་གནས་གཉིས་དང་འབྲེལ་ལོ། །དེ་དག་གཞན་ལུས་ཤེས་རབ་ལ་བརྟེན་པའོ། །ཡང་རྡོ་རྗེ་བཙུན་མོ་ནི་རྡོ་རྗེ་ལུས་ཀྱི་རྩའོ། །བྷ་ག་ནི་ཡེ་ཤེས་སོ། །ེའི་རྣམ ་པ་ནི་སྐྱེ་གནས་སོ། །སངས་རྒྱས་རིན་ཆེན་ནི་བདེ་ཆེན་ནོ། །ཟ་མ་ཏོག་ནི་སྣོད་ཡིན་པས་ཟ་མ་ཏོག་དང་འདྲའོ། །བདེ་བ་ཅན་ནི་ཞུ་བདེའོ། །རྟག་ཏུ་བཞུགས་སཾ་གནས་བ་ནི་བྱོན་ཏེ་གནས་པའོ། །དེ་ནི་རང་ལུས་ཐབས་ལ་བརྟེན་པའོ། །ཡང་རྡོ་རྗེ་བཙུན་མོ་ཤེས་རབ ་ལྷ་མོ་བླ་ན་མེད་པའོ། །བྷ་གར་ནི་གནས་བཟང་པོ་དེར་འཇུག་པ་དང་ལྡོག་པའོ། །ེའི་རྣམ་པ་ནི་སའི་དཀྱིལ་དུ་ཟུག་པའོ། །སངས་རྒྱས་རིན་ཆེན་ནི་ནམ་མཁའ་ཨི་དཀྱིལ་དུ་ཟུག་པའོ། །ཟ་མ་ཏོག་ནི་གོང་དང་འདྲའོ། ། ་བདེ་བ་ཅན་ནི་གཉུག་མའི་དབང་པོ་ཞུ་བ་དང་བཅས་པའོ། །རྟག་ཏུ་བཞུགས་སམ་གནས་པ་ནི་ཡེ་ཤེས་ཆེན་པོ་འབའ་ཞིག་གོ་།དེ་དག་ནི་གཉིས་ཕྱག་རྒྱ་ཆེན་པོའོ། །དེ་བཤད་པའི་ཕྱིར་བཙུན་མོའི་བྷ་གར་འབྲེལ་ལོ། །དེ་ཚིགས་སུ་བཅད་པ ་གཅིག་སྟེ་གོ་སླའོ། །དེའི་ཚེ་བསྟན་པ་ནི་འཆད་པོ་ང་ནི་ཞུ་བ་སྟོན་པ་ཡིན་པས་སོ། །ཆོས་ནི་ང་བདེ་བ་སྟོན་པས་སོ། །ཉན་པ་ང་ནི་རྟོག་པ་བསལ་བ་འབྱུང་བའོ། །འཇིག་རྟེན་པ་ནི་ལུས་ལ་གནས་པའོ། །བསྒྲུབ་བྱ་བ་ནི་སེམས་དཔའ་ ་ལ་གནས་པའོ། །འཇིག་རྟེན་ང་ནི་ཀུན་རྫོབ་ལྷན་སྐྱེས་སོ། །འཇིག་རྟེན་འདས་པ་ང་ནི་དོན་དམ་ལྷན་སྐྱེས་སོ། །གོ་རིམས་བཟློག་སྟེ་ངའི་རང་བཞིན་ཅི་ཞེ་ན། ལྷན་ཅིག་སྐྱེས་དགས་ཞེས་པའོ། །དེ་ཇི་ལྟར་ཤེས་པར་བྱ་ཞེ་ན། མཆོག ་དགའ་དགའ་བྲལ་དང་པོ་ནི་གསུམ་པ་འམ་ཁྱད་པར་ཏེ་ཀུན་རྫོབ་དང་དོན་དམ་མོ། །དེའི་དཔེ་ཡང་བདུན་པ་ནི་རིམས་དང་ཁྱད་པར་མ་ཤེས་པའོ། །མར་མེ་ལྟར་ནི་གསུམ་གྱི་བར་དུ་མཚོན་པ་འམ་གསུམ་ལ་ཁྱད་པར་མཚོན་པའོ། །དེ་ལྟར་མེད ་ཀྱི་འམ་དེ་བཞིན་དུ་ནི་ལྷན་སྐྱེས་ལ་མཚོན་དུ་མེད་ཀྱི་འམ། དཔེ་དང་མཐུན་པར་རོ། །བུ་ནི་རྡོ་རྗེ་སྙིང་པོ་སྟེ་རྟོགས་པར་འདོད་པ་ཀུན་ནོ། །ཡིད་ཆེས་པར་སྟ་ཡ་སྟེ། རྐྱེན་ནམ་སྔོན་དུ་བྱེད་པའོ། །ད་ནི་དེ་དག་སྔར་གྱི་དྲིས་པའི་ལམ་དུ་བསྡུས་པའི ་ཕྱིར་རོ། །དེ་མེད་པས་ན་འབྲེལ་ཏེ། དེ་མེད་པ་འམ་མ་རྟོགས་པ་ནི་ལུས་སོ། །བདེ་མེད་འགྱུར་ནི་ཞུ་བ་དེའོ། །དེ་མེད་ན་ཞུ་བ་དེ་ལེགས?་ནའོ། །དེ་ཡོད་མིན་མི་རྟོག་པ་གསལ་བའོ། །ཅིའི་ཕྱིར་ཞེ་ན། ནུས་པ་མེད་ཕྱིར་ཞེས་པ་ནི་རྟེན་ཀུན་ཤེས་པའོ། །བལྟོས་དང་བཅས་ནི ་བརྟེན་པ་དག་ལའོ། །འོ་ན་ལུས་ཀྱིས་ཆོས་མོད་ལྷ་བསྐྱེད་པ་ཅི་དགོས་ཤེ་ན། དེའི་ཕྱིར་ལྷའི་རྣལ་འབྱོར་ལས་ཞེས་བྱ་བ་ནི་ལྷ?་རུ་བྱས་པ་ལས་སོ། དེ་ནས་དེ་ཉིད་དུ་འབྲེལ་ཏེ་དེའི་ཕྱིར་རོ་དངོས་མེད་ཚུལ་མིན་ནི་ལུས་ལྟར་བྱས་པའི་ཕྱིར་རོ། །དེ་ནས་བདེ་བར་འབྲོལ་ཏེ། དེ་བས ་ས་དེའི་ཕྱིར་ན་སེམས་ཀྱི་ཆོས་བདེ་བ་ཡིན་པའི་ཕྱིར་རོ། །སངས་རྒྱས་ནི་རྟོགས་པའོ། །དངོས་པོ་མིན་ནི་བེམས་པོའོ། །དེས་ནི་འདི་སྐད་སྟོན་ཏོ། །ལུས་དང་ལྷ་དང་བདེ་བ་མི་རྟོགས་ལ་ལ་དབྱེར་མེད་བསྟན་ཏོ། །དེ་བསྟན་པའི་ཕྱིར་ཞལ་ཕྱག་རྣམ་པའི་གཟུགས ་ནི་གཟུགས་ཐ་མལ་པ་བསྒྱུར་བའོ། །དེ་ནས་ལྷའི་རྣམ་པར་འབྲེལ་ཏེ། དེའི་གཟུགས་ནི་ཇི་ལྟར་འགྱུར་བའོ། །བཞིན་ལག་ཁ་དོག་ནི་འདི་ལྟར་གནས་པའོ། །འོ་ན་བསྐྱེད་མི་དགོས་པས་བསྐྱེད་རིམ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་བསྐྱེད་ཙམ་ཉིད་ན་ཞེས་བྱ་བ ་ནི་ལུས་ལྟར་བྱས་པ་ཙམ་མོ། །ཡང་གནས་ནི་དེ་ཡང་ལུས་རྫོགས་པའི་རིམ་པའོ། །དེ་ནས་མཆོག་ཏུ་བདེ་བར་འབྲེལ་ཏེ། གཟུགས་མེད་པ་ནི་སེམས་སོ། །དེའི་ཕྱིར་ནི་སེམས་ཀྱི་ཆོས་ཉིད་བདེ་ཡིན་པས་སོ། །འགྲོ་ཀུན་ནི་སེམས་ཀུན་ནོ། །ལྷན་ཅིག་སྐྱེས ་པ་ནི་དབྱེར་མེད་པའི་བདེ་བའོ། །དེའི་ཕྱིར་རང་བཞིན་ལྷན་ཅིག་སྐྱེས་པར་བརྗོད་དོ། །རྣམ་དག་སེམས་ནི་སེམས་དག་པའོ། །རང་བཞིན་མྱ་ངན་ལས་འདས་པ་ནི་རྟོགས་པ་སྟེ། སངས་རྒྱས་དེ་ཁོའོ། །དེས་ནི་འདི་སྐད་སྟོན་ཏེ་ལུས་སེམས་ལྷན་ཅིག་སྐྱེས་པའི་རང་བཞིན ་དུ་བསྟན་ཏོ། །དེའི་ཕྱིར་འོན་ཀྱང་ཞེས་པ་ནི་ལྷན་ཅིག་སྐྱེས་བ་དེ་ལྟར་མིན་ཡང་ཞེས་པའོ། །བག་ཆགས་ཕལ་བ་ནི་སྤྲིན་དང་ཁུ་རླངས་ལྟ་བུར་བློ་བུར་དུ་མངོན་པར་ཞེན་པའོ། །ད་ནི་སྤང་བའི་ཚུལ་ཉམས་སུ་བླང་བའི་ཐབས་བསྟན་པའི་ཕྱིར། དུག་ནི་དུམ་བུ་ལ་སོགས ་པ་ཚིགས་སུ་བཅད་པ་གཅིག་གིས་ལྟ་བར་ཤེས་རབ་ཀྱིས་སྤྲོས་པ་དང། མཚན་མ་སྤང་པའི་དཔེ་སྟེ། དེ་ཡང་མུ་སྟེགས་སུ་འབྲེལ་དེ་ཡང་རྟག་ཆད་ཀྱི་སྤྲོས་པ་དུག་གི་དེ་ཉིད་ཤེས་པས་མི་གནོད་ལ། མ་ཤེས་ན་གནོད་པ་སྟེ། དེའི་ཕྱིར་མུ་སྟེགས ་ཀྱིས་མི་ཤེས་པའོ། །ཇི་ལྟར་རླུང་གིས་ཟིན་པ་ཞེས་པ་ནི་དབྱེར་མེད་སྤྱོད་པས་སྤྲོས་པའི་དཔེ་སྟེ། མི་གཙང་བ་དང་མི་དགེ་བས་ཟིན་པའོ། །མོན་སྲན་སྟེར་བ་ནི་མི་གཙང་བ་དང་མི་དགེ་བ་ལ་སྤྱོད་དུ་འཇུག་པ་སྟེ། བཟློག་པའི་སྨན ་གཉེན་པོའི་སྨིན་ཡིན་པས་སོ། །རླུང་གིས་རླུང་ལ་བསྣུན་པ་ནི་མི་མཐུན་པ་ལ་སྤྱོད་བས་མི་མཐུན་པ་ལྡོག་པའོ། །དེ་ནས་སངས་རྒྱས་སུ་འབྲེལ་ཏེ་སངས་རྒྱས་པའི་ཉན་ཐོས་པ་དང་རང་སངས་རྒྱས་ཀྱིས་མི་ཤེས་པའོ། །རྣམ་རྟོག་ལས་ནི་ཞེས་པ་ནི་དབྱེར ་མེད་འབྲས་བུ་སྤོང་བ་སྟེ། དེ་ཡང་རྣམ་རྟོག་གིས་རྣམ་རྟོག་སྤོང་བ་སྟེ། སྲིད་པས་སྲིད་པ་དག་པའི་ཕྱིར་རོ། །རྟོག་པ་དང་བརྟགས་པས་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པའོ། །ཇི་ལྟར་རྣ་བར་ཆུ་ཞུགས་པ་འཁོར་བར་ཞུགས་པའི་དཔེའོ། །ཆུ ་གཞན་གྱིས་དགུག་པ་ནི་འཁོར་བ་ཉིད་འབྲས་བུར་གྱུར་པའི་དཔེའོ། །དེ་བཞིན་དངོས་པོའི་རྣམ་རྟོག་ནི་དཔེ་ལས་བྱུང་བ་སྟེ། བརྟགས་པ་འཁོར་བ་སྤང་ངོ། །རྣམ་པར་ངེས་པར་སྤང་བར་བྱ་ནི་འབྲས་བུ་ངེས་པར་འགྱུར་བ་ལ་མཁས་པའོ། །ཡང ་སངས་རྒྱས་སུ་འབྲེལ་ན་ནི་བསྐལ་པ་དུ་མར་སྦྱོང་བས་མི་ཤེས་སོ། །ཇི་ལྟར་མི་ཤེས་པ་ནི་ཉོན་མོངས་ཐམས་ཅད་བསྒོམ་པས་སྤོང་བ་སྟེ། མེ་ཡིས་ཡང་ན་གདུང་བ་སྟེ་ནི་རིམ་གྱིས་བསྲུང་བའི་ཐབས་སོ། །དེ་བཞིན་འདོད་ཆགས་ནི་དཔེ་ལས ་འབྱུང་བའོ། །འདོད་ཆགས་འདུལ་བ་ནི་རིམ་གྱིས་དལ་བུས་ཞུ་བ་དེ་ཆགས་པའི་ཆ་རྟོགས་པའི་མན་ངག་གོ་།སངས་རྒྱས་པས་མི་ཤེས་པ་ནི་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་གྱི་རྒྱུད་ཀྱིས་སོ། །ད་ནི་བསྡུས་ཏེ་ཆེ་བའི་བདག་ཉིད་བསྟན་པའི་ཕྱིར། ་སྐྱེ་བོ་མི་བཟད་པའི་ལས་ནི་བླ་མ་འཕགས་པ་དང་འདྲ་བའི་ཆོས་མ་ཐོབ་པས་སོ། །གང་དང་གང་གིས་སྤྱིར་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་སེམས་སོ། །འཆིང་འགྱུར་ནི་གནད་པའོ། །ཐབས་ནི་རྗེས་སུ་རྒྱུད་པའི་ཚུལ་ལོ། །དེ་ཉིད་ལས་དང་ཉོན་མོངས་པའོ ་ཡང་ན་ལྟེ་བ་ལ་སོགས་པའི་དེ་ཉིད་དོ། །སྲིད་པའི་འཆིང་བ་ནི་འཁོར་བར་སྐྱེ་བའི་རྒྱུའོ། །གྲོལ་བ་ནི་དེའི་ནུས་པ་འཇོམས་པའོ། །དེ་དག་གིས་སྤྱིར་བསྟན་ནས་སྒོམ་པ་ཁྱད་པར་དུ་བསྟན་པའི་ཕྱིར། ཆགས་པ་ཞེས་པ་ནི་ཐ་མལ་པའོ། །འཇིག་རྟེན་འཆིང་བ་ནི་ལོ་ཀ་སྟེ། ཕྱི་མ་ལ་གནོད ་ཅེས་བྱ་བའི་ཐ་ཚིག་གོ་།འདོད་ཆགས་ཉིད་རྗེས་སུ་ཆགས་པའི་སྒོམ་པའོ། །རྣམ་གྲོལ་ནི་དེ་ཁོ་ན་ཉིད་ལ་མོས་པ་ཙམ་ནི་མ་ཡིན་གྱིས། ལྷན་ཅིག་སྐྱེས་པའི་རང་གི་མཚན་ཉིད་སྐྱེ་བའི་ཕྱིར་རོ། །བཟློག་པའི་བསྒོམ་པ་ཉིད་ནི་མཚོན་པ་སྟེ། སྒོམ་པ་དང་སྤྱོད་པ་ལ་བརྗོད་དུ་ཟིན་ཀྱང ་ལྟ་བ་དང་འབྲས་བུ་ལ་ཡང་ངོ། །ད་ནི་འབྲས་བུ་བསྟན་པའི་ཕྱིར། །ཀུན་ཏུ་རུ་ལས་ཞེས་པ་སྟེ། །དགའ་བ་ཆེན་པོ་ཅིག་ཉིད་ནི་ཞུ་བ་ཞེས་པའོ། །ཚིགས་སུ་བཅད་པ་གཅིག་སྟེ་གོ་སླའོ། །དེའི་བཤད་པ་ཡང་ཚིགས་སུ་བཅད་པ་ལྔ་སྟེ་གོ་སླའོ། །ལུས་ལྷན་ཅིག་སྐྱེས་པའི་འབྲས ་བུར་བསྟན་ནས་སེམས་བསྟན་པའི་ཕྱིར་རོ། །སེམས་ནི་ཆེན་པོ་ཉིད་ནི་སྔར་གྱི་དགའ་བ་ཆེན་པོ་སྟེ། དེ་ནས་བདེ་ཆེན་མཆོག་ཏུ་ཡང་འབྲེལ་ལོ། །འདོད་ཆགས་ལ་སོགས་སེམས་ནི་ལྔ་ཉོན་མོངས་པའི་གནས་སྐབས་སོ། །དབྱེ་བ་ནི་ཆེ་ལོང་དུ་དབྱེ་བས་སོ། །ལྔ་རུ་འགྲོ་བ་ནི་ཡེ་ཤེས་ལྔར ་འགྲོ་བ་དང་དེས་རིགས་ལྔར་ཡང་འགྱུར་བའོ། །དེ་དག་ཅིས་ཤེ་ན། དེ་ནས་ལྔའི་གཟུགས་སུ་འབྲེལ་ལོ། །ལྔའི་གཟུགས་ཀྱིས་ནི་འབྱུང་བ་ལྔའོ། །རྣམ་པར་མཚོན་ནས་རྟགས་ནི་སེམས་ལ་ཡང་ངོ། །རིགས་ནི་ལྔའོ། །དེ་ཉིད་ལས་འབྱུང་བ་ལྔ་དང་ཡེ་ཤེས་ལྔ་ལས་གྱུར་པའོ།། ་དེ་དག་ལས་དབྱེ་བ་ནི་དེའི་ཕྱིར་རང་བཞིན་ནི་དེ་བཞིན་གཤེགས་པའི་རིགས་སུ་འབྲེལ་ལོ། །དེ་ལས་དུ་མ་ནི་རིགས་ནི་རྣམ་པ་བརྒྱ་ཞེས་པའོ། །དེ་ལ་སྟོང་ཕྲག་དུ་མ་སྐྱེས་ཞེས་པ་ནི་དེ་ལས་ཁྲིར་འགྱུར་བ་ནི་ལྷག་མའོ། །དེ་ལས་འབུམ་ཕྲག་རིགས་ཆེན་ནི་ཞེས་པའོ། །དེ་ལ་དབྱེ ་བའི་རིགས་ཞེས་པའོ། །དེ་གཞན་དག་ནི་ལྷག་མའོ། །དེ་ལས་གངྒཱ་ཀླུང་བཅུའི་བྱེ་མ་ཞེས་པའོ། །དེ་ལས་རིགས་ནི་གྲངས་མེད་དོ་ཞེས་པའོ། །དེ་ལྟ་ན་དེ་ཀུན་ཀྱང་མཆོག་ཏུ་དགའ་བ་སྟེ། ལྷན་ཅིག་སྐྱེས་པ་ཉིད་དབྱེར་མེད་པའོ། །རིགས་ལས་བྱུང་ནི་རྒྱུ་འམ་རང་བཞིན་ནོ། ་དགྱེས་པའི་རྡོ་རྗེ་ནི་རྒྱུད་སྤྱི་འམ་ཧེ་རུ་ཀའོ། །མཁའ་འགྲོ་མ་ནི་བདག་མེད་མ་ལ་སོགས་པའོ། །དྲ་བ་ནི་དེ་དག་གིས་ཞུས་པ་འམ་དེ་དག་གི་དོན་དུ་གསུངས་པར་འབྲེལ་ལོ། །སྡོམ་པ་ནི་སྙོམས་འཇུག་གམ་བདེ་མཆོག་སྡོམ་པའོ། ། ་དངོས་གྲུབ་གཏན་ལ་དབབ་པ་ནི་ལམ་གཉིས་ཀྱི་ཇི་ལྟར་མཐོང་བ་འམ་དབྱེར་མེད་ཕྱག་རྒྱ་ཆེན་པོ་གཏན་ལ་དབབ་པའོ། །བརྟག་པ་གཉིས་པའི་ལེའུ་གཉིས་པའོ།། །།དེ་ནས་དེའི་རྗེས་སུའོ། །རྡོ་རྗེ་ཅན་ནི་ཧེ་རུ་ཀའོ། །རྣལ་འབྱོར་མ ་རྣམས་ནི་བདག་མེད་མ་ལ་སོགས་པའོ། །རྒྱུད་ཀུན་གྱི་གླེང་གཞི་ནི་ཨེ་བཾ་ངོ། །ཐབས་ནི་དབང་ལ་སོགས་པའོ། །བཀའ་སྩལ་པ་ནི་མ་ཞུས་པར་གནང་བ་སྦྱིན་པའོ། །དེ་ཡང་གླེང་གཞི་ནི་ཅི་ཞེ་ན། སྡོམ་པ་དང་ཞེས་པ་སྟེ། བདེ་མཆོག་གོ་།དེའི་གནས་ཨེ་བཾ་སྟེ ་གླེང་གཞིའོ། །དབང་ལ་སོགས་པ་ནི་ཐབས་ཏེ་གོང་མའི་བཀའ་སྩལ་བ་དང་འབྲེལ་ཏེ། ལེའུ་འདིས་ནི་ལེའུ་དང་པོའི་གླེང་གཞི་གཏན་ལ་འབེབས་ཏེ། ཆོས་ཐམས་ཅད་དགྱེས་པའི་རྡོ་རྗེར་སྟོན་ལ་ཡང་བརྟག་པ་དང་པོར་བསྡུས་ཏེ། དེ་ཡང་རྡོ་རྗེ་རིགས ་ཀྱི་ལེའུ་དང་མདོ་རུ་བསྡུས་ཏེ། དེ་ཡང་གླེང་གཞིའི་ཡི་གེ་སུམ་ཅུ་རྩ་བདུན་ནམ་ཡི་གེ་བཞི་བཅུར་བསྡུས། དེ་ཡང་ཡི་གེ་བཞི་དང་ཨེ་བཾ་ཡི་གེ་གཉིས་སུ་བསྡུས་ཏེ། བསྟན་པ་དེ་ཤེས་པར་བྱེད་དེ། སྡོམ་པ་ནི་ཨེ་བཾ་སྟེ་ཆོས་ཐམས་ཅད་ཐབས་དང་ཤེས ་རབ་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་སྡོམ་ལ་གང་གིས་སྡོམ་ན་མཱ་ཡཱ་སྟེ་དབང་རྣམ་པ་བཞིའི་ཚུལ་གྱིས་སྡོམ་སྟེ། ཨཱཏྨ་སྟེ་རྟོགས་པར་བྱེད་དེ། སྲུ་ཏ་སྟེ་དགོངས་པའི་སྐད་ཀྱིས་ཏེ། དག་བརྡ་དང་ལུས་དང་ཨེ་ཀ་སྨིན་ས་མ་ཡ་སྟེ། སྐད ་ཅིག་མ་དང་དགའ་བ་བཞིའི་རྟོག་པ་སྐྱེ་ལ། ས་མ་ཡ་སྟེ་དེ་དག་གི་དུས་སུ་བཟའ་བ་ཚོགས་ཀྱིས་འཁོར་ལོ་དང། མཆོད་པ་དང་བྱ་བའི་རིམས་པ་རྣམས་ལག་ལེན་དུ་འབྲེལ་ལོ། །བསྟན་པ་དེ་བཤད་པའི་ཕྱིར་སྡོམ་པ་བཀའ་སྩལ་ཞེས་པ་ནི་རྟེན་དང་བཅས་པའོ། །དེ་ཡང་སངས་རྒྱས ་ཀུན་གྱི་སྡོམ་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སྡོམ་པའོ། ། བཾ་ནི་ཡི་གེར་རབ་ཏུ་གནས་ནི་ལས་ཀྱི་ཕྱག་རྒྱ་དང་བཅས་པའི་གསང་བའི་གནས་སོ། །ེ་བཾ་རྣམ་པའི་ཚུལ་གཅིག་ནི་བདེ་ཆེན་ནི་ཉི་ཟླ་འདྲེས་པའི་བདེ་ཆེན་ནོ། །དེ་ནི་གཞན་ལུས་ལ་བརྟེན་པའོ། །ཡང་ཨེ་བཾ་ནི་སྐྱེ་གནས་དང་སྤྱི་སྟེ་རྟེན་ནོ།། ་བདེ་ཆེན་ནི་རྒྱུན་མི་འཆད་པར་ཞུ་བ་དང་བཅས་པ་སྟེ་བརྟེན་པའོ། །དེ་ནི་རང་ལུས་ཐབས་སོ། །ཡང་ཨེ་བཾ་ཡི་གེ་རབ་ཏུ་གནས་ནི་ནམ་མཁའ་ཨི་དཀྱིལ་དང་སའི་དཀྱིལ་དུ་ཟུག་པའི་ཕྱག་རྒྱ་ཆེན་པོ་སྟེ་རྟེན་ནོ། །བདེ་ཆེན་ནི་ལྷན་ཅིག་པ་འབའ་ཞིག་སྟེ་བརྟེན་པའོ། །དེ་དག་ནི་སྡོམ་པ་བཤད་ནས ་ཐབས་བསྟན་པའི་ཕྱིར། དབང་ལས་ཡང་དག་ཤེས་པ་ནི་དགོངས་པའི་སྐད་ལ་སོགས་པ་ཡང་མཚོན་ཏེ་ཡང་དག་ཤེས་པའོ། །དེ་ལ་དབང་ནི་ཕྱི་རོལ་གྱི་སྙོམ་འཇུག་གཞན་ལུས་ལ་རྟེན་པ་དང། ནང་གི་སྙོམས་འཇུག་རང་ལུས་ལ་བརྟེན་པ་དང། ཕྱག་རྒྱ་ཆེན་པོ་གཉིས་མེད ་ཀྱི་དབང་ངོ། །ད་ནི་མཁའ་འགྲོ་མའི་སྡོམ་པ་དེ་ཨེ་བཾ་དུ་དྲིས་པ་དེ་ནས་ལ་སོགས་པ་གོ་སླའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནི་ལན་ནོ། །ེའི་ཆ་བྱད་ལ་སོགས་པ་ནི་མཁའ་འགྲོ་མའི་སྡོམ་པ་ནི་བདེ་ཆེན་ཡིན་ལ། དེ་སྡོམ་པ་ནི་གླེང་གཞི་ཨེ་བཾ་ཡིན་ཏེ། དེ་དག་གི་བཤད་པ ་ཡང་གཞན་ལུས་ཤེས་རབ་ལ་བརྟེན་པ་ལ་སོགས་པ་སྔ་མ་ལྟར་རོ། །ད་ནི་ཐབས་བསྟན་པའི་ཕྱིར་བསྟན་པའི་གོ་རིམས་བཟློག་སྟེ། སྐད་ཅིག་ལ་བསྟན་པ་ཡང་སྐད་ཅིག་དབྱེ་བ་ནི་རྣམ་པ་སྣ་ཚོགས་པ་ལ་སོགས་པ་རྣམས་སོ་དབྱེ་བ་ཉིད་ནི་དགའ་བ་རྣམས་སོ། །དགའ་བ་དེ་ལ་སྐྱེ་ཞེས་པ ་ནི་དའི་ཕྱིར་རོ། །སྐད་ཅིག་ཤེས་ནས་ཞེས་པ་ནི་སྤོང་བའི་རིམ་པའོ། །བདེ་ཞེས་པ་ནི་ཐོབ་པའི་རིམ་པའོ། །དེ་དག་ནི་གང་གི་སྡོམ་པའོ། །ེ་བཾ་ཡི་གེར་རབ་ཏུ་སྡོམ་པའོ། །རབ་ཏུ་བརྟན?་ནས་པ་ནི་བདེ་བ་ཆེན་པོ་རོ་གཅིག་པའོ། །བདེ་བ་མཆོག་ཏུ་སྡོམ་པའོ། །ད་ནི་རྣམ་པ་སྣ་ཚོགས་ལ་སོགས་པ་ནི་གྲངས་དང་མཚན་ཉིད ་དང་སྦྱར་ཏེ་འཁྱུད་དང་འོ་བྱེད་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ལས་ཀྱི་ཕྱག་རྒྱའི་དགའ་བ་རྣམ་པ་བཞི་ནི་སློབ་དཔོན་ཁ་ཅིག་གསད་གནས་ཀྱི་ཁྱད་པར་རྡོ་རྗེའི་ནོར་བུའི་རྩ་བ་དང། རྐེད་པ་དང། རྐེ་དང་བུམ་པར་ཐིག་ལེར་གནས་པ་ལ་འཆད་དོ། །ཁ་ཅིག་ནི་གཉིས་རྡོ་རྗེ་ནོར་བུའི ་ཆ་ལ་གནས་གཉིས་པདྨའི་ཆ་ལ་གནས་པ་ལ་ལྷན་ཅིག་སྐྱེས་པའི་དགའ་བ་བརྩིག་ནས་དེའི་རྗེས་ལ་དགའ་བྲལ་འདོད་དོ། །དགོངས་པ་ནི་འདི་ཡིན་ཏེ། འོ་དང་འཁྱུད་པ་ལ་སོགས་པའི་ཀ་རུ་ཎའི་བྱེ་བྲག་སྣ་ཚོགས་པ་ལ་རྟོག་པ་འདྲེས་པ་ནི་རྣམ ་པ་སྣ་ཚོགས་ཀྱི་སྐད་ཅིག་ཅེས་བྱ་སྟེ། དེའི་རྣམ་པར་དཔྱོད་པ་ཡོངས་སུ་གཅོད་པ་ཡེ་ཤེས་ཆ་ཅུང་ཟད་ཐོབ་པ་དགའ་བའོ། །རྣམ་པར་སྨིན་པ་དེ་ལས་བཟློག་ཅེས་ཕྱི་རོལ་གྱི་རྟོག་པ་སྤངས་ཏེ་ཤེས་པ་ནང་དུ་ཐིམ་ནས་ཀུན་དུ་རུའི་སྦྱོར་བའི་བར་ནི། སྔ་མ་ལས ་ཁྱད་པར་དུ་སྨིན་པས་རྣམ་པར་སྨིན་པའི་སྐད་ཅིག་མ་ཡོངས་གཅོད་ནི་མཆོག་དགའ་ཨི་ཡེ་ཤེས་སོ། །གྲོས་ནི་རྣམ་པར་ཉེད་པར་བརྗོད་ཅེས་པ་ནི་བོ་ལའི་གནས་སུ་ཐིག་ལེ་བྱང་ཆུབ་ཀྱི་སེམས་ཕྱིན་པ་ལ། མི་འཐུན་པའི་རྣམ་པར་རྟོག་པ་སྤངས་ཏེ། གཉེན་ ་པོ་ཡེ་ཤེས་སུ་གྱུར་པ་ནི་རྣམ་པར་ཉེད་པའི་སྐད་ཅིག་མ་འམ་ཡོངས་སུ་གཅོད་པ་ནི་དགའ་བྲལ་གྱི་ཡེ་ཤེས་སོ། །མཚན་ཉིད་བྲལ་བ་གསུམ་ལས་གཞན་ཞེས་པ་ནི་དེའི་ཚེ་ཐིག་ལེ་བྱང་ཆུབ་ཀྱི་སེམས་ཟིན་པ་ནི་མི་མཐུན་པའི་ཕྱོགས་ཐམས་ཅད ་བྲལ་ཏེ། གཉེན་པོ་ཡེ་ཤེས་འབའ་ཞིག་ཏུ་གནས་པ་ནི་མཚན་ཉིད་བྲལ་བའི་སྐད་ཅིག་མ་རྣམ་པར་བཅད་ནས་ཏེ། ཡོངས་གཅོད་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །འདི་རྣམས་སྐྱེས་པ་ནི་མན་ངག་ལུས་ཀྱི་འཁྲུལ་འཁོར་དང། དབུགས་ཀྱི་འཁྲུལ་འཁོར ་དང། རྩའི་འཁྲུལ་འཁོར་གསུམ་ནི་དབང་གི་དུས་སུ་བླ་མ་ལས་ཤེས་པར་བྱའོ། །དེ་བཞིན་དུ་དབང་གི་མན་ངག་ཀྱང་བསྒོམ་པའི་མན་ངག་བླ་མ་ལས་ཤེས་པར་བྱའོ། །གཞན་ཡང་དམ་ཚིག་གི་ཕྱག་རྒྱའི་དགའ་བ་བཞི་དང། ཕྱག་རྒྱ་ཆེན་པོའི་དགའ་བ་བཞི་དང། སྐད་ཅིག་མ་བཞི་ཡང ་སྤོང་བའི་ཚུལ་ཡང་ཐོབ་པའི་ཚུལ་དུ་ལུགས་ལས་འབྱུང་བ་དང་ལུགས་ལས་བཟློག་པའི་ཅི་རིགས་པར་ཤེས་པར་བྱའོ། །ཡང་སློབ་དཔོན་ཞེས་བྱ་བ་ལ་སོགས་པས་ནི་སྐད་ཅིག་སྤོང་བའོ། །མཆོག་དགའ་བ་ཐོབ་པའི་ཆ་ལ་འཇུག་པ་བཞིན་དུ་དབང་དབྱེར་མེད་ལ་འཇུག་པ། དབྱེ་བའི་གྲངས་དང་སྦྱར་བ་བསྟན་པ་དང། ་མཚན་ཉིད་དཔེ་ལས་བཤད་པ་སྟེ། དེ་དག་ཀྱང་ཕྱིར་བཞི་རུ་གྲངས་ངེས་ཤེ་ན། འཇིག་རྟེན་པ་ལ་རྒོད་པ་དང་ལྟ་བ་དང་ལག་ཆངས་ལ་སོགས་པ་བཞིར་བསྡུས་པས། དེ་སྦྱང་བའི་དོན་དུ་རྒྱུད་རྣམ་པ་བཞིར་བསྟན་ལ། དབང་ཡང་རྣམ་པ་བཞི་རུ་བསྟན་ཏོ། །དེས་ནི་ངེས་ཚིག་བསྡུ་བ་སྟེ། གཏོར་དང་བླུགས ་བ་ཞེས་བྱ་འདིས། དབང་ཞེས་མངོན་པར་བརྗོད་པར་བྱ། དང་པོ་ལ་བུམ་པའི་དབང་ངམ་སློབ་དཔོན་གྱི་དབང་ཞེས་བྱ་བ་ནི། ཨ་བྷི་ཥིཉྩ་དྲི་མ་འཁྲུས་པས་ན་དབང་སྟེ། ལུས་ཀྱི་དྲི་མ་འཁྲུད་པར་བྱེད། བུམ་པས་ཉེ་བར་མཚོན་པས་བུམ་པའི་དབང་ཞེས་བྱ། སྡིག་པ་མི ་དགེ་བ་ལས་རིང་དུ་འགྲོ་བས་ན་སློབ་དཔོན་གྱི་དབང་ཞེས་བྱ། མ་རིག་པ་ལྔ་བཟློག་ཅིང་རིག་པའི་ཡེ་ཤེས་ལྔ་བསྐྱེད་པའི་ཕྱིར་རིག་པའི་དབང་ཞེས་བྱ། ཨ་བྷི་ཥི་ཀ་སྟེ་ནུས་པ་འཇོག་པ་ནི་སྤྲུལ་པའི་སྐུའི་ནུས་པ་འཇོག། བསྐུ་བའི་གནས་ནི་ལུས་ལ་བསྐུར་ལ་དབང་རྫས ་ནི་བུམ་པ་དང། དབུ་རྒྱན་ལ་སོགས་པའོ། །གསང་བའི་དབང་ལ་ཨ་བྷི་ཥིཉྩ་སྟེ་ཉན་ཐོས་དང་རང་སངས་རྒྱས་རྣལ་འབྱོར་གྱི་རྒྱུད་མན་ཆད་ལ་གསང་བས་ན་གསང་བའི་དབང་ཞེས་བྱའོ། །ངག་གི་དྲི་མ་འཁྲུ་བས་ན་དབང་ཞེས་བྱའོ། ། བྷི་ཥེ་ཀ་སྟེ་ལོངས་སྤྱོད ་རྫོགས་པའི་སྐུའི་ནུས་པ་འཇོག་པའོ། །བསྐུར་བའི་གནས་ནི་མགྲིན་པར་བསྐུར་ལ། བསྐུར་བའི་རྫས་ནི་སློབ་དཔོན་གྱིས་ཉམས་སུ་མྱོང་བའི་ཐིག་ལེ་བྱང་ཆུབ་ཀྱི་སེམས་སོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ནི་ཤེས་རབ་མ་ལ་བརྟེན་ནས་ཡེ་ཤེས་སྐྱེ་བར་བྱེད ་པས་ན་ཤེས་རབ་ཡེ་ཤེས་ཀྱི་དབང་ཞེས་བྱའོ། ། བྷི་ཥིཉྩ་སྟེ་ཡིད་ཀྱི་དྲི་མ་ཁྲུ་བར་བྱེད་དོ། ། བྷི་ཥེ་ཀ་སྟེ་ཆོས་ཀྱི་སྐུའི་ནུས་པ་འཇོག་པར་བྱེད་པས་དབང་ཞེས་བྱའོ། །གནས་གང་དུ་བསྐུར་ན་གསང་བའི་གནས་སུ་བསྐུར་རོ། །བསྐུར་བའི་རྫས་ནི་ཕྱག་རྒྱ ་མཚན་དང་ལྡན་པའོ། །དབང་བཞི་པ་ནི་དེ་ལྟར་དེ་བཞིན་ཡང་བཞི་པ་ཞེས་པ་ནི་གསུམ་པས་གོ་ཕྱེ་བའི་ཚིག་དབང་རིན་པོ་ཆེ་སྟེ། ཨ་བྷི་ཥིཉྩ་སྟེ་ལུས་ངག་ཡིད་གསུམ་གྱི་བག་ལ་ཉལ་གྱི་།དྲི་མ་འཁྲུད་པར་བྱེད་དོ། ། བྷི་ཥེ་ཀ་བདེ་བ་ཆེན་པོའི་སྐུའི ་ནུས་པ་འཇོག་པར་བྱེད་དོ། །བསྐུར་བའི་གནས་ནི་ལུས་ངག་ཡིད་གསུམ་ཆར་ལའོ། །བསྐུར་བའི་རྫས་ནི་སློབ་དཔོན་ལ་ལ་དག་ནི་རྟེན་ཅན་དུ་ཡང་འདོད་དོ། །བླ་མའི་གཞུང་གིས་ནི་རྫས་མི་འདོད་དོ། །དང་པོས་ནི་རྡོ་རྗེ་འཆང་གི་རིགས་སུ་བྱེད་དོ། །གཉིས ་པས་ནི་རྡོ་རྗེ་འཆང་གིས་སྲས་སུ་བྱེད་དོ། །གསུམ་པས་ནི་རྡོ་རྗེ་འཆང་གི་གོ་འཕང་ལ་འགོད་དོ། །བཞི་པས་ནི་རྡོ་རྗེ་འཆང་གི་ངོ་བོར་བྱས་ཏེ། གཞན་དོན་ཡོངས་སུ་རྫོགས་པའི་གོ་འཕང་ལ་འགོད་དོ། །ད་ནི་དེ་དག་གི་ཆོ་གའི་རིམ་པ་ནི་ཤེས་རབ་བཅུ་དྲག་ལ་སོགས་པས་དབང ་བསྐུར་གྱི་རིམ་པ་ཡང་བླ་མ་ལ་རེག་ལས་པར་བྱ་བའི་ཕྱིར། ཇི་ལྟར་དབང་བསྐུར་དུ་འབྲེལ་ཏོ། །དེ་ནས་སློབ་མའི་བྱ་བ་བཤད་ཅེས་པ་ནི་ཚིག་བཤད་བསྒྱུར་བའོ། །བླ་མ་ཕྱག་བརྒྱ་ལྡན་མཐོང་ཞེས་པ་ནི་རང་གི་ཕྱག་རྒྱ་ཕུལ་བ་དང་བཅས་པ་ལའོ། །དེ་ནས་མཆོད་བསྟོད ་གསོལ་བཏབ་ཇི་བཞིན་བྱ་ཞེས་འབྲེལ་པ་ལའོ། །དེ་ཡང་མཆོད་པ་དེ་ནས་ཞིམ་པའི་བཟའ་བར་འབྲེལ་ཏེ་རྐང་པ་དྲུག་ནི་གོ་སླའོ། །དེ་ནས་བསྟོད་པ་ནི་ཀྱེ་བཅོམ་ལྡན་འདས་སུ་འབྲེལ་ཏེ་ཚིགས་སུ་བཅད་པ་གཅིག་གོ་།གསོལ་བ་བཏབ་པའི་ཡང་ཚིགས་སུ་བཅད་པ ་གཅིག་གོ་།ད་ནི་སློབ་དཔོན་གྱི་ལས་བསྟན་པའི་ཕྱིར། སློབ་དཔོན་གྱི་དབང་ནི་ཁྱད་པར་དུ་གྱུར་པ་སྟེ་གོ་སླའོ། །དེ་ནས་གསང་བའི་དབང་བསྟན་པའི་ཕྱིར་ཤིན་ཏུ་བཞིན་བཟངས་མིག་ཡངས་མ་རྐང་པ་གཉིས་ཀྱིས་རྗེས་ལ་སྟོན་པ་ནི་བླ་མའོ། །ཤེས་རབ་ནི་དེ་མ ་ཐག་གི་ཕྱག་རྒྱའོ། །རབ་ཏུ་མཆོག་ནི་ཐ་མལ་དུ་མ་ཡིན་པའོ། །དེ་ནས་མཐེ་བོང་སྲིན་ལག་དུ་འབྲེལ་ཏེ། ལས་དང་པོ་པའི་དབང་བསྐུར་ཐབས་སོ། །སློབ་མའི་ཁ་ནི་ལོངས་སྤྱོད་ཀྱི་གནས་སུའོ། །དབབ་པ་འམ་ལྟུང་བ་ནི་རྡོ་རྗེ་འཆང་གི་རིགས་དང་བཅས་པའོ། ། ་ད་ནི་གསུམ་པ་བསྟན་པའི་ཕྱིར། དེ་ནས་དེ་ཉིད་དུ་ནི་ཞེས་པ་ནི་ཚིག་རྐང་གཉིས་བསྟན་པའོ། །བཤད་པའི་ཕྱིར་ཕྲག་དོག་ཁྲོ་བ་འབྲེལ་ཏེ་སློབ་མ་མཚན་ཉིད་དང་ལྡན་པར་ཤེས་པར་བྱའོ། །སྟོན་པས་གནང་བ་སྦྱིན་པ་ནི་མན་ངག་བཤད་པ་དང་བཅས་པར་རོ། ། ་ཀུན་དུ་རུས་ནི་ལྷན་ཅིག་སྐྱེས་པ་ལ་སྦྱོར་བ་སྟེ། དེ་ནས་མཆོག་ཏུ་དགའ་བར་འབྲེལ་ཏེ། མཆོག་ཏུ་དགའ་བ་ཡང་དག་འཐོབ་ནི་ལྷན་སྐྱེས་སོ། །ཡང་ན་མཆོག་ཀྱང་ཡིན་ལ་ཡང་དག་ཐོབ་ཀྱང་ཡིན་པས་ལྷན་སྐྱེས་སོ། །རིམ་པ་གང་དུ་འཐོབ་ཅེ་ན་སྣ་ཚོགས་སྤངས་པའི་སྐད་ཅིག་ནི་སྣ ་ཚོགས་པ་ལ་སོགས་པ་སྟེ། དགའ་བྲལ་གྱི་སྔོན་དུ་འཐོབ་པའོ། །ཡང་ན་སྣ་ཚོགས་སྤངས་པའི་དགའ་བའོ། །སྐད་ཅིག་མ་རྣམ་པར་སྨིན་པ་སྟེ་མཆོག་དགའ་ཨོ། དེ་ཡང་སྤངས་ཞེས་བྱ་བའི་ཐ་ཚིག་གོ་།དེ་ནས་ཡང་དག་ཐོབ་ནི་ལྷན་སྐྱེས་སོ། །དེའི་ཐབས་བསྟན་པའི་ཕྱིར་གོང་གི་རྡོ་རྗེ ་འཛིན་ནས་དེ་བཤད་པའི་ཕྱིར་སྟོན་པས་སྨྲས་པ་སེམས་དཔའ་ཆེན་པོ་འབྲེལ་ཏོ། །དེས་འདི་སྐད་སྟོན་ཏེ་སྟོན་པས་སྨྲས་པ་ནི་མན་ངག་སྔོན་དུ་བཤད་པ་སྟེ། ཟླ་བ་འཛིན་པའི་མན་ངག་གིས་རྡོ་རྗེ་འཛིན་པ་དང་འདྲ་བར་གྲུབ་པའོ། །དེའི་ཕྱིར་ཚེའི་ཆེན་པོ་ནི་གསོལ་བ་འདེབས་པའི་སློབ་མ་ལ་བོད་པའོ། །བདེ་བ་ཆེན་པོ་ཟུང་ནི་ཞུ ་བའི་ཟླ་བའོ། །ཇི་སྲིད་བྱང་ཆུབ་འཐོབ་བར་དུའོ། །སེམས་ཅན་དོན་གྱི་ནུས་པ་དང་ལྡན་པའོ། རྡོ་རྗེ་འཛིན་གྱི་ཞུ་བ་བདེ་དང་མི་འབྲལ་བས་ཡོན་ཏན་གྱི་མིང་ངོ། །དེ་ནས་གོང་གིས་བརྗོད་ནས་གཏད་པར་འབྲེལ་ཏེ། བརྗོད་པར་བྱས་པ་ཞེས་པ་ནི་དེ་མ་ཐག་གི་མན་ངག་གོ་།གཏད་པ་ནི་ལག ་ཏུའོ། །སྟོན་པས་སྨྲས་པ་ནི་ཤེས་རབ་དང་གཉིས་ཀ་ལའོ། །སེམས་དཔའ་ཆེན་པོ་ནི་ཐབས་ལ་བོད་པའོ། །ཕྱག་རྒྱ་བདེ་བ་དང་ལྡན་པ་ནི་དབང་གཉིས་པའི་ཡོན་ཏན་དང་ལྡན་པ་གཞན་ནོ། །ཁྱེར་ཞེས་པ་ནི་ཡོལ་བའི་གནས་སུ་སྟེ། དེའི་ཚིགས་སུ་བཅད་པ་ཡང་འཆད་པར ་འགྱུར་རོ། །དེ་ནས་ཞི་བ་བསྟན་པའི་ཕྱིར་སློབ་མ་རྡོ་རྗེ་ཅན་མཐོང་དུ་འབྲེལ་ལོ། །སློབ་མ་རྡོ་རྗེ་ཅན་ནི་གསུམ་པ་ཐོབ་པས་སོ། །མཐོང་བ་ནི་སློབ་དཔོན་གྱིས་པའོ། །རྡོ་རྗེ་ཅན་གྱིས་སྨྲས་པ་ནི་བླ་མས་ཚིག་དབང་རིན་པོ་ཆེའོ། །དེ་ཉིད་ནི་ཨེ་དྷ་སྟེ་བྷ་ག་གསུམ་རྣམ་པར་ཉམས་སུ ་མྱོང་པ་དེ་ཉིད་དོ། །ཡེ་ཤེས་ཆེན་པོ་ནི་ཟག་པ་མེད་པའོ། །ཐམས་ཅད་ལུས་ལ་རྣམ་པར་གནས་ནི་གཉུག་མའི་དབང་པོར་ལུས་ཅན་ཀུན་ལའོ། །དེའི་ཕྱིར་གཉིས་ནི་སྣང་བར་རོ། །གཉིས་མེད་ཚུལ་ནི་དེ་ཁོ་ན་ཉིད་དོ། །དངོས་དང་དངོས་མེད་ནི་ཡོད་པ་དང་མེད་པའོ། །ཡང་ལ་ལུས་ནི ་ལུས་དང་སེམས་སོ། །བདག་ཉིད་གཙོ་བོ་ནི་ལྷན་ཅིག་སྐྱེས་པ་གསལ་བའོ། །བརྟན་གཡོ་ཁྱབ་པ་ནི་བདག་མེད་པའི་ཤེས་པ་དེ་ཉིད་དེ་ཤེས་རབ་བོ། །སྒྱུ་མའི་གཟུགས་ཅན་ནི་སྣང་བ་བདེ་བའི་རོ་སྟེ་ཐབས་སོ། །དེའི་དཀྱིལ་འཁོར་ནི་ཐབས་སོ། །འཁོར་ལོ་ནི་ཤེས ་རབ་མངོན་དུ་གྱུར་པའི་ངེས་བར་འགྲོ་བ་ནི་གཉིས་སུ་མེད་པར་གསལ་བའོ། །དེ་དེ་དག་ནི་རྣལ་འབྱོར་མ་རྣམས་ལ་དབང་བསྟན་ནས་དབང་དེ་ཉིད་ལ་ཐེ་ཚོམ་བསལ་བ་ནི། མན་ངག་སྟེ་དེའི་ཕྱིར་དེ་ནས་ཞེས་པ་ནི་དབང་གི་རྗེས་ལའོ། །རྡོ་རྗེ་སྙིང་པོས་རྣལ་འབྱོར་མ་རྣམས་ལ་བཟོད ་པར་གསོལ་བ་ནི་ཁྱེད་ལ་གནང་བའི་འཕྲོ་ཡིན་ཡང་ངོ། །བཅོམ་ལྡན་འདས་གསོལ་བ་ནི་ཐེ་ཚོམ་སྐྱེས་གནས་སོ། །དཀྱིལ་འཁོར་འཁོར་ལོ་ཅི་ཞེས་པ་ནི་སྡོམ་པ་སྟེ་གནས་པའོ། །དཀྱིལ་འཁོར་ཐོག་མར་བཤད་པ་ནི། སངས་རྒྱས་ཀུན་བདག་ནི་རྡོ་རྗེ་འཛིན་པ་འམ ་རྣམ་པར་སྣང་མཛད་ལ་སོགས་པའི་བདག་ཉིད་དོ། །གྲོང་ཁྱེར་གཙོ་བོ་སྟེ་ཁང་བཟང་སོ། །བཅོམ་ལྡན་འདས་ནི་བདེ་བའོ། །བདག་ནི་རྡོ་རྗེ་སེམས་དཔའ་ཨོ། །འཁྲུལ་འགྱུར་ནི་བཞི་པའི་དོན་དབྱེར་མེད་པའི་ལྷན་སྐྱེས་ལ་དཀྱིལ་འཁོར་དུ་གསུངས་པ་གྲོང་ཁྱེར་ཁང ་ཟངས་ཡིན་པས། དེའི་ཕྱིར་འཁྲུལ་ཞིང་ཐེ་ཚོམ་དུ་གྱུར་པའོ། །ཇི་ལྟར་རིགས་པ་ནི་རིགས་པ་གང་གིས་སོ། །བཤད་དུ་གསོལ་ནི་ཐེ་ཚོམ་སོལ་ཅིག་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ནི་ཐབས་བདེ་བ་ཆེན་པོའི་རིགས་པས་དཀྱིལ་འཁོར་དུ་བསྒྲུབ་པའོ། །དཀྱིལ་ ་ནི་མཎྜལ་སྟེ་དཀྱིལ་ལམ་དབུས་སོ། །དེ་ཅིའི་ཕྱིར་ཞེ་ན། སར་ནི་སྙིང་པོའམ་བཅུད་དེ་དེའི་ཕྱིར་བརྗོད་དོ། །དེ་ཉིད་གང་ཞེ་ན། བྱང་ཆུབ་སེམས་ནི་བདེ་ཆེན་པོ་ཞེས་པ་སྟེ། ཐབས་དང་ཤེས་རབ་དབྱེར་མེད་པའི་ལྷན་ཅིག་སྐྱེས་པའི་རོའོ། །དྷནྣནྟ་ཀ་ར་ཏིའི་སྒྲ་དང་པོར་མཐར་བྱེད་པ་འམ ་ལེན་པར་བྱེད་པའོ། །དེ་ཡང་དང་པོར་ནི་དཀྱིལ་འཁོར་སྙིང་པོའོ། །མཐར་ནི་བསྐོར་བའོ། །ཡང་ན་བླང་བྱ་ནི་བདེ་ཆེན་ནོ། །ལེན་པར་བྱེད་པ་ཞེས་བྱ་ནི་ཉམས་སུ་ལེན་པའོ། །དེའི་ཕྱིར་འདུས་པ་ནི་མཎྜལ་ན་སྟེ་བསྐོར་བྱ་སྐོར་བྱེད་དམ་བླང་བྱ་བླང་བྱེད་སྡོམ་པའོ། །དེའི་མཎྜལ་མ་ཏ ་སྟེ་དཀྱིལ་འཁོར་ཉིད་དུ་བརྗོད་དོ། །ད་ནི་འཁོར་ལོ་ཅི་ཞེས་པ་ནི་བསྟན་པ་བཤད་པའི་ཕྱིར་ཡང་སངས་རྒྱས་ཀུན་བདག་ནི་སྔ་མ་ལྟར་རོ། །གྲོང་ཁྱེར་ལ་ལྷག་མ་སྟེ་འཁོར་ལོའོ། །བཅོམ་ལྡན་འདས་སྔ་མ་ལྟར་རོ། །འཁྲུལ་འགྱུར་ནི་དབང་བཞི་པའི་དོན་ལྷན་ཅིག་སྐྱེས་པ་ལ་གསུངས་པས ་འཁོར་ལོ་ནི་ཙཀྲ་བྷ་བྷ་རད་སྟེ། གཅོད་པར་བྱེད་པའི་འཁོར་ལོ་ཡིན་པས་འཁྲུལ་ཅིང་ཐེ་ཚོམ་དུ་གྱུར་པའོ། །ཇི་ལྟར་རིགས་པ་ནི་ཤེས་རབ་མི་རྟོགས་པའི་རིག་པའོ། །བཤད་དུ་གསོལ་ནི་སྔ་མ་ལྟར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ནི་ཤེས་རབ་ཀྱིས་རིགས་པས ་འཁོར་ལོར་སྒྲུབ་པའོ། །དེ་ནས་འཁོར་ལོ་ཞེས་གནས་སུ་འབྲེལ་ཏེ། དེ་ཡང་ཙཀྲ་ནི་བ་ཧཾ་སྟེ་ཞེས་གནས་པ་དང་ཞེས་བརྗོད་པ་སྟེ། ཅིའི་ཕྱིར་ཞེ་ན། ནམ་མཁའ་ཨི་ཁམས་ནི་སྟོང་པར་རོ། །ཡུལ་ལ་སོགས་པ་ནི་དབང་པོ་ལ་སོགས་པའི་ཆོས་ཇི་སྙེད་པའོ། །རྣམ་པར་སྦྱོང་ནི་གཅིག་དང་དུ་མ ་དང་བྲལ་བ་ལ་སོགས་པའི་ཤེས་རབ་ཀྱི་རིགས་པ་དང་འདྲ་བར་བདག་མེད་པའི་རང་བཞིན་དུ་སྦྱར་རོ། །དེ་ནི་དེ་ཉིད་ཀྱི་རིགས་པ་ནི་སྡོམ་པ་སྟེ། དབང་གསུམ་པར་ཤེས་པར་བྱ་བའོ། །བོ་ལ་ཀཀྐོ་ལ་སྦྱོར་ནི་ཟླ་བ་གཟུང་བ་སྟེ་བཤད་ཟིན། དེའི་བདེ་བ་རྟེན་དང་བརྟེན་པ་ནི་འབྲེལ་བའི་རྟགས་སོ། །ཤེས ་པར་གྱུར་པ་འམ་བྱ་བ་ནི་དེས་མི་རྟོག་པར་རོ། །ད་ནི་གླེང་གཞི་ཨེ་བཾ་ལ་སྡོམ་པའི་ཆོས་ཏེ། རྟོག་པའི་ཡན་ལག་ཏུ་ཐབས་ཀྱི་རིམ་པ་དབང་ལ་སོགས་པ་ནི་གོ་བཟློག་སྟེ། བསྟན་ནས་བསྲུང་སྡོམ་གྱི་དམ་ཚིག་དང་ཐབས་སུ་འགྱུར་བར་བསམས་ནས། རྡོ་རྗེ་སྙིང་པོས་དྲིས་པ། བཅོམ་ལྡན ་འདས་ཀྱིས་ལན་ཏེ། ཁྱོད་ཀྱི་སྲོག་ཆགས་བསད་པར་བྱ། །བརྫུན་གྱི་ཚིག་ཀྱང་སྨྲ་བ་དང། །ཁྱོད་ཀྱི་མ་བྱིན་པར་ཡང་ལོང། །ཕ་རོལ་བུད་མེད་བསྟེན་པར་གྱིས་ཞེས་བྱ་བ་ནི་འདི་དག་གི་དགོངས་པ་ནི་བཞི་སྟེ། དགོངས་པའི་སྐད་ཀྱིས་བཤད་པ་དང། དགེ་བ་ཐུལ་གྱིས་གནང་བ་དང། ་ཡུལ་དང། བསམ་པ་དང། སྦྱོར་བས་གནང་བ་དང། མཉམ་པ་དེ་ཁོ་ན་ཉིད་ལ་དགོངས་པའོ། །དགོངས་པའི་སྐད་ཀྱིས་བཤད་པ་ནི། སེམས་གཅིག་སྲོག་ཆགས་གསོད་པ་ཉིད་ཅེས་པ་ནི་བདག་གཞན་དུ་འཛིན་པའི་ཞེན་པ་སྤང་བར་བྱའོ། །འཇིག་རྟེན་བསྒྲལ་ཞེས་པ་ནི ་བརྫུན་དང་འདྲ་བ་སྟེ། ཁས་ལེན་ཅིང་དམ་བཅའ་བའོ། །བཙུན་མོ་ཞུ་བ་མ་བྱིན་པ་ནི་ཟླ་བ་མ་ཡིན་པར་ཉི་མ་བླང་བའི་མན་ངག་གོ་།གཞན་གྱི་བུད་མེད་རང་མཚུངས་མཛེས་ཞེས་པ་སངས་རྒྱས་སྤྱན་དང་མཱ་མ་ཀཱི་ལ་སོགས་པ་བསྟེན་པའོ། །དེ་དག་ནི་གོ་རིམས་སུ ་བཤད་དོ། །དགེ་བ་ཐུལ་གྱིས་གནང་བ་ནི་སྲོག་ཆགས་གཅིག་བསད་ན་མང་པོ་དང་སྲོག་ཐར་བར་མཐོང་བ་ནི་སྔོན་བཅོམ་ལྡན་འདས་དེད་དཔོན་དུ་གྱུར་པའི་ཚེ། ཚོང་པ་གཅིག་ལ་ཤག་པའི་ཚལ་བ་གཅིག་བསྣུན་ཏེ། བསད་ནས་ཚོང་པ་གཞན་ཐར་བ་ལྟ་བུའོ། །ཇི ་ལྟར་སྡིག་པར་མི་འགྱུར་ཞེ་ན། སྙིང་རྗེ་ལྡན་ཕྱིར་བྱམས་ཕྱིར་དང། སེམས་དགེ་བ་ལ་ཉེས་པ་མེད་ཅེས་གསུངས་སོ། །བརྫུན་གནང་བ་ནི་ཉན་ཐོས་དག་ལ་ནི་རྣམ་པ་ཐམས་ཅད་དུ་མ་གནང་སྟེ། ནམ་མཁའ་མཐོང་དང་སེན་མོ་མཐོང་ཞེས་བརྗོད་པ་དང། ཐེག་པ་ཆེན་པོ ་ནི་སྲོག་གི་སྐྱབས་སུ་འགྱུར་ན་གསོད་པ་མི་དག་གིས་གསོད་པ་འབའ་ཞིག་སྐྱབས་སུ་སོང་བ་བདག་གིས་མཐོང་ནས་མཐོང་བཞིན་དུ་མ་མཐོང་ཞེས་ཤེས་བཞིན་དུ་བརྫུན་ཀྱང་གནང་ངོ། །མ་བྱིན་པར་བླང་བ་ནི། སེར་སྣ་ཅན་གྱི་ནོར་འཕྲོགས་ཤིང་བརྐུས་ལ། ་སེམས་ཅན་གཞན་ཕ་རོལ་གྱི་སྐྱབས་སམ་ཕན་པར་སྦྱིན་ནོ། །ཕ་རོལ་གྱི་བུད་མེད་བསྟེན་པ་ནི་གཞན་ཕ་རོལ་སྲོག་གི་སྐྱབས་སུ་གྱུར་ན་འདོད་པར་ལོག་པར་ཀྱང་སྦྱད་དེ། དཔེར་ན་བྲམ་ཟེའི་ཁྱེའུ་སྐར་མའི་གཏམ་བརྒྱུད་ལྟ་བུའོ། །དེ་སྐད་དུ་གལ་ཏེ་སྦྱིན་པའི ་དུས་དག་ཏུ་ཚུལ་ཁྲིམས་བཏང་སྙོམས་བཞག་པར་གསུངས་ཞེའོ། །ཡུལ་དང་བསམ་པ་ལ་སོགས་པས་གནང་བ་ནི་འོག་ནས་བསྟན་པ་ལ་གནོད་པ་བྱེད་པ་དང། བླ་མའི་དགྲར་གྱུར་པ་ལ་སོགས་པའོ། །བསམ་པ་ནི་སྙིང་རྗེའི་དབང་གིས་བསམས་པ་དཀར ་བའོ། །སྦྱོར་བས་གནང་བ་ནི་ཁ་སྦྱོར་འབྱེད་པ་སྟེ། འོག་ནས་བསམ་གཏན་སྔགས་ཀྱི་སྦྱོར་བ་ཡིས་ཞེས་པ་ལ་སོགས་པ་སྟེ། འདིར་ནི་བསམ་གཏན་དང་སྔགས་ཙམ་གྱིས་ཕྱིར། འཁྲུལ་འཁོར་དང་སྦྱིན་སྲེག་ལ་སོགས་བ་ནི་བཀག་པའོ། །དེ་བཞིན་དུ ་གསུམ་པོ་ལ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །མཉམ་བ་དེ་ཁོ་ན་ཉིད་ནི་མག?་དང་བདག་ཏུ་འཛིན་པའི་རྣམ་པར་རྟོག་པ་ནུབ་པའི་དུས་ཙམ་ན། དགེ་བ་དང་མི་དགེ་བ་ཐམས་ཅད་ཀྱང་མཉམ་པར་ཤེས་པའི་དུས་ན་ཐམས་ཅད་བྱ་བ་ཁོ་ན་ཡིན་ནོ། །དེ་ནས་རྣལ་འབྱོར་པ་ཐམས ་ཅད་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཞེས་བྱ་བ་ནི། རྡོ་རྗེ་སྙིང་པོས་དབང་བཞི་པའི་འཁོར་ལོ་དྲི་བ་མ་རྫོགས་པས། དྲི་བ་གཉིས་པ་སྐབས་མ་ཡིན་པར་ཤེས་ནས་ཞེས་པའོ། །དེ་ཡང་ཡུལ་ལ་སོགས་པའི་གྲངས་དྲིས་པ་དང། ལན་ནི་གོ་སླའོ། །ད ་ནི་སྔར་གྱི་གཅིག་དང་དུ་བྲལ་ལ་སོགས་པ་དང་འདྲ་བའི་རང་བཞིན་སྦྱོར་བ་བསྟན་པའི་ཕྱིར། རང་བཞིན་ཅི་ལགས་དྲིས་པའི་ལན་དུ། རང་བཞིན་གདོད་ནས་མ་སྐྱེས་པ་ཞེས་པ་ནི་རང་བཞིན་ཉིད་དུ་འབྲེལ་ཏེ། དེའི་ཁྱད་པར་ཅི་ཞེ་ན། ཨ་ཏ་ཨ་ནུ་ཏ་པ་ན་སྟེ། གདོད་མ ་ནས་མ་སྐྱེས་པའི་ཕྱིར་རོ། །དཔེར་ན་ཐམས་ཅད་ཆུའི་ཟླ་བ་ལྟ་བུའོ། །འདོད་པས་ནི་གྲུབ་པའི་མཐས་སོ། །ཡང་ན་འདོན་ན་སྟེ་ཟབ་མོ་ལ་མོས་ནའོ། །རྣལ་འབྱོར་མ་ནི་བོད་པའོ། །ཤེས་རབ་ཀྱི་ནི་གདམས་པའོ། །ད་ནི་དཔེལ་ངེས་པ་བསྐྱེད་པའི་མན་ངག་ཏུ་བསྟན ་པའི་ཕྱིར། འདི་ལྟ་སྟེ་ཏདྱ་ཐཱ་སྟེ། དཔེར་ན་ཞེས་པ་འམ། འདི་ལྟ་བུ་སྟེ་གཞན་དག་ནི་གཙུབས་ཤིང་གཙུབས་བསྟན་ཞེས་པ་ལ་སོགས་པ་ནི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པས་ཆོས་ཐམས་ཅད་རང་བཞིན་མེད་པར་གཏན་ལ་དབབ་པའོ། །ཡང ་ན་གཙུབ་ཤིང་ནི་རྩ་ཨ་བ་དྷཱུ་ཏཱིའོ། །གཙུབ་སྟན་ནི་ལྟེ་བའི་པདྨའོ། །ལག་པའི་རྩོལ་བ་ནི་ལ་ལ་ནཱ་དང་རས་ནཱ་གཉིས་ཏེ། དེ་གཉིས་ནས་རླུང་རྒྱུ་བས་ཨ་བ་དྷུ་ཏཱིའི་གནས་སུ་ཆུང་པ་དང། རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་སྟེ། དུས་ཀྱི་གནང་ཞེས་བྱ་སྟེ། ལག་ཏུ ་ལེན་པའི་བླ་མ་ལས་ཤེས་པར་བྱའོ། །ད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཆེ་བའི་མན་ངག་གིས་ལྟ་བ་རྟོགས་ནས། དེ་ནས་རྣལ་འབྱོར་མ་བདག་མེད་མ་ལ་སོགས་པའི་མཆོད་པ་བྱས་ཏེ་གོ་སླའོ། དེ་ནས་བཅོམ་ལྡན་འདས་དགྱེས་ནས་ཞེས་པ་ནི་དམ་ཚིག་གི ་མཆོད་པ་དང། བདེ་མཆོག་སྡོམ་པའི་མཆོད་པས་སོ། །རང་བྱིན་གྱིས་བརླབ་པ་ནི་བསྒོམ་པའི་མན་ངག་གིས་རང་གི་མཚན་ཉིད་རང་སྐྱེས་པའོ། །བསྟན་པ་ནི་དེའི་ཕྱིར་རོ། །ཀྱེ་ཀྱེ་ནི་མཛེས་པས་བོད་པ་སྟེ་གནང་བ་སྦྱིན་པ་དང། ཉན་པ་ལ་སྤར ་བ་སྟེ་གོ་སླའོ། །ད་ནི་སྨྱོན་པའི་བརྟུལ་ཞུགས་ཆེན་པོའི་སྤྱོད་པ་དམ་ཚིག་དང་སྡོམ་པས་གཉུག་མའི་དབང་པོ་དངས་པར་བྱེད་པའི་ཐབས་དང་ཅུང་ཟད་སྨྱོན་པའི་བརྟུལ་ཞུགས་སྔར་གྱིས་ལས་རྣམ་པ་གཞན་གྱིས་དབང་པོ་དང་བར་བྱིན་གྱིས་བརླབ་པའི་ཐབས་བསྟན་པའི་ཕྱིར ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་སོགས་པ་བསྟན་ཏེ་གོ་སླའོ། །དེ་ནས་རྡོ་རྗེ་སྙིང་པོས་གསོལ་ཞེས་པ་ནི་བདག་དྲི་བའི་སྐབས་ཡིན་པ་བཞིན་དུ། རྣལ་འབྱོར་མ་རྣམས་ཀྱང་མ་ཡིན་ཏེ། སྔར་དབང་པོའི་གྲངས་བསྟན་པའི་སྐབས་སུ་གཏི་མུག་ལ་སོགས ་ལྡན་ཞེས་པ་གནང་བ་དེ་ལུས་པའི་ཕྱིར་རོ། །ཐམས་ཅད་ཡུལ་གྱི་རྣམ་དག་ནི་ལེའུ་དགུ་པར་སྒྱུ་མ་རྣམ་དག་གོ་།དེའི་ཕྱིར་བཅོམ་ལྡན་འདས་ཀྱི་གསུངས་སོ། །དབང་པོ་དྲུག་ལ་མ་གསུངས་པའི་ལེའུ་དགུ་པར་མ་བསྟན་ཅིང། དབང་པོའི་གྲངས་བསྟན་པའི་སྐབས ་སུ་གནང་པ་མཛད་དེ་གསོལ་པ་ཞེས་སྔ་མར་འབྲེལ་ལོ། །གཞན་དག་ནི་གོ་སླའོ། །གོ་ཆ་ཞེས་བྱ་བ་ནི་ཐ་མལ་གྱི་དབང་པོ་སྤངས་ནས། ལྷར་ས་བོན་ལས་མོས་པ་མི་མཐུན་པ་འཇུག་མི་ནུས་པས་ཀ་བ་ཙ་སྟེ་གོ་ཆ་འམ་ཁྲབ་པོ། །སེམས་དཔའ་ཆེན་པོ་པོས་ནས་དགོས་པ ་ཡོད་པར་བསྟན་པའོ། །རྡོ་རྗེ་སྙིང་པོས་གསོལ་ཞེས་པ་ནི་གླེང་གཞི་དང་སྡོམ་པ་ལ་དགོས་པའི་ཡན་ལག་གི་ཐབས་རྣལ་འབྱོར་མ་ཀུན་ལ་གནང་བ་སྟེ། མ་ལུས་པར་བསམ་ནས་དྲིས་པའོ། །དགོངས་པའི་སྐད་ཅི་ཞེས་པ་ནི་སྔར་གནང་ཡང་ངེས་པར་མ་གསུངས་སོ། ་བཅོམ་ལྡན་འདས་ཀྱིས་ངེས་པར་གསུངས་པ་ནི་བཤད་པར་རོ། །རྣལ་འབྱོར་མའི་དམ་ཚིག་ཆེན་པོ་ནི་རྡོ་རྗེ་སྙིང་པོས་དྲིས་ཀྱང་རྣལ་འབྱོར་མ་ལ་ཐུགས་སྟོན་པས་མངོན་རྟོགས་སྐྱེས་པའོ། །ཉན་ཐོས་ལ་སོགས་མི་ཤེས་པ་ཞེས་པ་ནི་རང་རྒྱལ་བ་དང། ཕ་རོལ་ཏུ་ཕྱིན ་པས་མི་ཤེས་པའོ། །འོ་ན་བྱ་བའི་རྒྱུད་ལ་སོགས་པ་རྒྱུད་སྡེ་གཞན་གྱིས་ཀྱང་ཤེས་སམ་ཞེ་ན། དབང་གི་ཐབས་ཀྱིས་སྟོན་པའི་གླེང་གཞི་སྡོམ་ཡོད་ཀྱིས་ཀྱང། དགོངས་པའི་སྐད་ཅིག་མ་བསྒྲགས་ཤིང་མ་བཤད་པས་འདིར་ངེས་པར་བསྟན་པ་གོ་སླའོ། །ད་ནི་ཉམས་སུ་ལེན་པ་སུ་དག་དང ་སྨྲ་ཞེ་ན། དེའི་ཕྱག་བརྒྱ་ནི་གཡུངས་མོ་ལ་སོགས་པ་གོ་སླའོ། །ད་ནི་སྐད་ཅིག་མ་སྨྲས་པའི་སྐྱོན་བསྟན་པའི་ཕྱིར་རྡོ་རྗེ་སྙིང་པོ་ལ་སོགས་པའོ། །དགྱེས་པའི་རྡོ་རྗེ་དབང་བསྐུར་ཞེས་པ་ནི་དབང་བསྐུར་བའི་དུས་སུ་འམ། ཡང་ན་དབང་ཐོབ་ནས་དུས་ཐམས་ཅད་དུའོ། །རང་གི་དམ ་ཚིག་རིགས་རྙེད་ནས་ཞེས་པ་ནི་ཁྱད་པར་གྱི་དུས་ཏེ་ཞིང་སྐྱེས་མ་ལ་སོགས་པ་རྙེད་ནས་སྤྱོད་པའི་ཚེའོ། །ལེའུ་གསུམ་པའི་འོ།། །།དེ་ནས་ནི་རྗེས་ལ་སྟེ་ལེའུ་སྔ་མའིའོ། །རྡོ་རྗེ་སྙིང་པོ་ལ་སོགས་པ་རྡོ་རྗེ་མཁའ་འགྲོ་མ་ཐེ་ཚོམ་དུ་གྱུར་པ་ནི་སྔར་ནི་སོ་སོར་དྲིས་པ་ད་ནི་སྡོམ ་སྟེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་དག་གིས་སོ་སོར་དྲིས་པ་ནི་གོ་སླའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ལན་རིམས་ཀྱིས་ཏེ། དང་པོར་གླུའོ། །རྡོ་རྗེའི་གླུ་ཡང་བཞིར་གནས་ཏེ་བསྐྱེད་རིམས་ཀྱི་ང་རྒྱལ་དང་ལྡན་པའི་དཔའ་བོའི་སྟོན་མོ་དང། ཚོགས་བྱ ་བ་དང། གཞན་ལུས་ཤེས་རབ་ལ་བརྟེན་པ་ཀུན་གྱིས་ཆགས་པའི་ཆོས་སུ་བསྟན་པ་དང་རང་ལུས་ཐབས་དང་ལྡན་པ་དང། གཉིས་མེད་ཕྱག་རྒྱ་ཆེན་པོའོ། །བསྐྱེད་རིམ་ལ་གཉིས་ཏེ། དཔའ་བོའི་སྟོན་མོ་དང་ཚོགས་སོ། །དཔའ་བོའི་སྟོན་མོ་ལ་བཞི་སྟེ། འདུ་བའི་ཁྱད་པར་དང་ལོངས ་སྤྱོད་དང་དམ་ཚིག་དང་རྟོགས་པའོ། །དེ་ལ་འདུ་བའི་ཀོལ་ཨི་རིཊཋ་སྟེ་གནས་ལ་སོགས་པའི་རྣལ་འབྱོར་པ་དང། མུམམུ་ནི་ཞིང་ལ་སོགས་པའི་རྣལ་འབྱོར་མ་རྣམས་དང་ག་ན་སྟེ་ཉེ་བར་འདུས་ནས་ཧེ་ལེ་ཀ་ལི་སྟེ་སྐལ་བ་དང་ལྡན་པ་ནི་གཞུག་།དུ་དྷུ་རུ་སྟེ་སྐལ་དང་མི་ལྡན་པ་ཅི?་མི་བཞུག་གོ ་ནི་རང་ཤུ་རུས་པ་ང་རྒྱན་བརྟགས་པའོ། །ཀྲི?་བི་ཏའི་བཛྲ་ཞེས་པ་ནི་ཅང་ཏེའི་སྒྲ་ནི་བརྡུང་བ་དང་བཅས་པའོ། །གཱ་རུ་ཎ་ནི་བརྩེ་བ་དང་ལྡན་པའོ། ། ཨི་ནར་ལ་སྟེ་ཞེས་འགྲས་པ་མེད་པས་སོ། །ཧ་དི་ཛ་ས་ར་བ་སྟེར་བཙལ་ནས་སོ། །པ་ནི་ཨ་ཨི་སྟེ་དབུས་སུ་བཅུག་པ་དང་བཅས་པའོ། །ཀུན ་ཀྱང་རྟོགས་པ་བསྐྱེད་ཅིང་བསྒོམ་སྟེ་ལོངས་སྤྱོད་ཀྱི་རྣལ་འབྱོར་ཀུན་དང་སྤྱད་པར་བྱ་བའི་རོ་ལ་སོགས་པ་རྫས་ཀུན་ལ་རོ་ནི་ཕྲེང་བ་ཁ་ན་སྟེ་གང་ནས་ཀྱང་མ་འོངས། །ཁེ་ཊ་ཀ་ར་ན་སྟེ་གང་དུ་ཡང་འགྲོ་བའི་དོགས་པ་མེད་པའོ། །གཞན་དག་བཟའ་བཏུང་གི་ཚོགས ་ནི་ཤུད་དྷེ་སྟེ། དག་པ་དང། ཨ་ཤུད་དྷ་སྟེ་མ་དག་པར་རོ། །མ་ནི་ཨ་ཨི་སྟེ་མི་ལྟ་བར་རོ། །གཙང་བ་དང་མི་གཙང་བ་མེད་པའི་ཕྱིར་དག་པ་དང་མ་དག་པར་མི་བལྟ་སྟེ་ལྟར་རྟོགས་པས་བསྒོམ་པ་དང། ཏི་ཧི་བ་ལ་སྟེ་སྟོབས་བཟའ་བ་དང། ག་ཌེམ་སྟེ་འབད་པས་ཆང་བཏུང་བ ་སྟེ་ལོངས་སྤྱོད་དོ། །དེ་ནས་དམ་ཚིག་ནི་རྩ་ཨུ་མ་སྟེ། གཞི་མཉམ་ལ་སོགས་པའོ། ། ཨི་བྷ་རུ་ཁ་པི་སྟེ་དེར་ཁེངས་པར་བཟའ་བཏུང་ངོ། །རྟོགས་པ་ནི་མངོན་རྟོགས་འཁྲུགས་ཏེ་ཤེས་པར་བྱའོ། །ཚོགས་ལ་གཉིས་ཏེ་ཡུལ་མཉམ་པ་དང། སྦྱོར་བ་མཉམ་པའོ།། ་དེ་ཡང་ཚིག་གི་གོ་རིམས་བཟློག་པའོ། །དེ་ཡང་ཡུལ་མཉམ་པ་ནི་ཌིམ་སྟེ་གཡུང་མོ་ཉེ་བར་མཚོན་པ་སྟེ་བྲམ་ཟེ་མོའི་བར་དུ་མི་སྤངས་པར་སྤྱད་དོ། །ཀྱེ་ཧ་ཧི་ནི་བྷ་ཛའི་སྟེ་མི་སྤངས་བར་བཤད་དོ། །སྦྱོར་བ་མཉམ་པ་ནི་མ་ལས་ཛེ་སྟེ་ཡབ་ཡུམ་ལུས་ཆ་མཉམ་པ་དང་ཀུན ་དུ་རུ་བྷ་ཏའི་སྙོམས་འཇུག་ལས་བྱུང་བའི་ཞུ་བ་དེ་མཉམ་པར་མི་སྤང་པའོ། །ད་ནི་གཞན་ལུས་ཤེས་རབ་ལ་བརྟེན་པ་ལ་རྗེས་སུ་ཆགས་པའི་ཚེས་སུ་བསྟན་པའི་ཕྱིར་ལ་ཚིག་བཞི་ལ་རྐང་པ་གཉིས་སུ་སྦྱར་ཏེ་བླང་ངོ། །དེ་ཡང་བཞི་སྟེ། སྙོམས་པར་འཇུག་པའི་སྦྱོར་བ་དང ་ལྡན་པ་དང། ཡོན་ཏན་སྤོང་བའི་ཁྱད་པར་ལྡན་པའི་སྦྱར་བ་དང། ཡོན་ཏན་ཐོབ་པའི་ཁྱད་པར་དང་ལྡན་པའོ། །སྦྱོར་བ་དང་དབྱེར་མེད་བསྒོམ་པའི་ཁྱད་པར་དང་ལྡན་པའི་སྦྱོར་བའོ། །དེ་ལ་སྙོམས་པར་འཇུག་པའི་སྦྱོར་བའི་ཆོས་ནི་ཀོལ་ཨི་རི་སྟེ་རྣལ་འབྱོར་པའི་ལུས་དང་པོ་ལ ་སྟེ་གསང་བའི་ལུས་སོ། །མུམམུ་སྟེ་རྣལ་འབྱོར་མའི་ལུས་དང་ཀཀྐོ་ལ་སྟེ་གསང་བའི་གནས་སོ། །གྷ་ན་སྟེ་ཕྲད་ཅིང་ཞུགས་པའོ། །ཀྲི་པི་ཏ་ཧོ་བཛྲ་ཨི་ག་དུང་ཞིང་རྩེ་བའི་ངག་སྟན་པས་སོ། །ཀཱ་རུ་ཎི་ཀ་ཨ་ཨིཎ་རོལ་སྟེ་ཆགས་ཤིང་གདུང་བའི་སེམས་ཤིན་ཏུ་འཕེལ་བའོ། ། ་དེ་ན་ཌིཎྜི་མ་ཏ་ཧྲིཎྞ་བཛཛ་ཨ་ཨི་སྟེ། དེས་གཡུང་མོ་ལ་སོགས་པ་ཡང་མི་སྤང་བར་རོ། །མ་ལས་ཛ་འདུས་བ་ལུས་མཉམ་བར་སྦྱོར་བ་ཤུ་བདེ་ཆ་མཉམ་པའོ། །དེ་ནས་ཡོན་ཏན་སྤོང་བའི་ཁྱད་པར་བ་ལ་ཁཱ་ཛ་སྟེ་བདེ་བ་རྟོགས་པ་སྤང་ནས། མི་རྟོག་པ་ལ་འཇུག་པའོ། །གཏེན་མ་སྟེ་འབར ་བས་ཞུ་བ་དང་མི་འབྲལ་ཞིང། འཐུངས་པས་དམ་ཚིག་ཏུ་ལུས་རྒྱུད་པ་མེད་པར་སྟོབས་ཅན་དུ་འབྱུང་ངོ། །ཧ་ལེ་ཀ་ལེ་སྟེ་ལྷན་ཅིག་སྐྱེས་པའི་སྐལ་པ་དང་ལྡན་པས་སོ། །དུ་བར་ནི་སྐལ་མེད་སྤོང་བ་སྟེ་ཆགས་པ་ལ་སོགས་པའི་སྐལ་མེད་སྤོང་བའོ། །དེ་ནས་ཚིག་རྐང་གཉིས ་ཀྱིས་སྦྱོར་བ་སྔ་མ་བཞིན་ནོ། །ང་ནི་ཡོན་ཏན་ཐོབ་པའི་ཁྱད་པར་ནི་རྣལ་འབྱོར་མ་ལ་ཙ་ཨུ་སམ་ལ་སོགས་པ་ཕུང་པོ་ལྔའི་བདག་ཉིད་ཀྱིས་རོ་བསྡུས་པ་ཞུ་བ་ཀུན་ད་ལྟ་བུར་ཨ་ཨི་བྷ་རུ་སྟེ་ལུས་གང་བས་འཇོག་གི་གཉུག་མའི་ཡེ་ཤེས་ཐོབ་པའོ། །རྣལ་འབྱོར་མས་ནི་ཙ་ཨུ ་ས་མ་ལ་སོགས་པ་འབྱུང་བ་ལྔའི་རོའི་བདག་ཉིད་འདུས་པ་ཉི་མའི་རྣམ་པ་ཅན་ཀུན་འདུས་ལུས་བཀང་བའི་གཉུག་མའི་ལུས་ཐོབ་པའོ། །ཚིག་རྐང་གཉིས་ཀྱིས་སྦྱོར་བ་ནི་འདིར་ཡང་སྔ་མ་བཞིན་ནོ། །ད་ནི་དབྱེར་མེད་བསྒོམ་པའི་ཁྱད་པར་ནི་ཀུན་རྫོབ་བྱང་ཆུབ་སེམས་ཏེ ་མན་ངག་གི་ཚུལ་དུ་གཟུང་བ་དང་དམ་ཚིག་ཏུ་བཟའ་བའོ། །མན་ངག་ནི་བསྒྲུབ་པ་ནི་ས་འོག་ས་སྟེངས་སྣ་བླ་མ་ཡིན་པ་ནམ་མཁའ་དཀྱིལ་དུ་ཕྲམ་ཁ་ཎ་སྟེ། འགྲོ་འོང་གི་དོགས་པ་མེད་པར་མི་གཡོ་བར་གཟུང་བའོ། །དམ་ཚིག་གི་ཚུལ་ནི་ལག་པ་དང་སྣོད་མ་ཡིན་པར ་དག་པ་དང་མ་དག་པར་གཙང་བ་དང་མི་གཙང་བ་མེད་པར་ལྕེས་བླང་ངོ། །ད་ཡང་མན་ངག་གིས་གཟུང་བ་ནི་ནི་རམ་ཤུ་སྟེ། ལུས་ཐམས་ཅད་རུས་པ་དང་འདྲ་བར་བརྒྱན་པ་གཉུག་མའི་བདེ་བ་ལ་འཇུག་གོ། །དེ་ཡང་དམ་ཚིག་ཏུ་ཟོས་ཏ་ཧི་ཛ་ས་རཝའི་རོ་དང་འདྲ་བར་རྟོག་པ ་མེད་པར་འཇུག་གོ་།གཡུང་མོ་མི་སྤང་པ་དང་ཀུན་དུ་རུ་ནི་སྔ་མ་ལྔར་གཞན་དག་ལ་སྦྱར་རོ། །རང་ལུས་ཐབས་དང་ལྡན་པ་ནི། ཀོ་ལ་ཨི་རི་ཊཐི་སྟེ་མགོ་བོའི་གནས་སོ། །བོ་ལ་སྟེ་ཧཾ་ངོ། །མུམམུ་ནི་སྟེ་ལྟེ་བའོ། །ཀཀྐོ་ལ་སྟེ་ཨཾ་ངོ། །ག་ན་སྟེ་བྱང་ཆུབ་ཀྱི་སེམས་རྒྱུན་སྟེང་འོག་ཏུ ་འདུས་པའོ། །ཀྲི་པི་ཏ་སྟེ་ནཱ་དའི་སྒྲ་སྒྲའི་རྩེ་མོ་དབབ་པས་ཕྲ་བའོ། །ཀཱ་རུ་ཎ་སྟེ་ཆགས་པས་ནང་དུ་བལྟས་པའོ། ། ཨིན་སྟེ་ཕྱི་རོལ་ཏུ་མི་གཡེང་བས་སོ། །བྷ་ལ་ཁ་ཚ་སྟེ་ཕྱི་རོལ་གྱི་རྟོག་པ་སྤང་བའོ། །ག་ཏ་མ་དེ་ནང་གི་རོ་མྱང་བའོ། །ཧ་ལེ་ཀླེ་སྟེ་རླུང་སྐལ་བ ་དང་ལྡན་པར་ནང་དུ་གཅུག་པས་སོ། །དུ་དྷུ་ར་སྟེ། ཕྱི་རོལ་གྱི་རྟོག་པ་གཟུང་བའི་ཡུལ་སྤང་ངོ། །ཙ་ཨུ་ས་མ་ལ་སོགས་ཉོན་མོངས་པ་ལྔའོ། །ག་ན་བཟའ་སྟེ་དེ་དག་རང་རིག་འོང་གསལ་དུ་མི་རྟོག་པའོ། །ཕྲེང་བ་ན་སྟེ་སྟེངས་ནས་བྱང་ཆུབ་ཀྱི་རྒྱུ་བ་དང་འོག་ནས་རླུང་དང་འོད ་ཟེར་རྒྱུ་བ་སྟེ། དེ་གཉིས་ལ་ཤུདྡྷ་ཨ། ཨ་ཤུ་དྷཱ་སྟེ། བཟང་ངན་དུ་མི་རྟོག་གོ་།ནི་རཾ་ཤུ་སྟེ་ཞུ་བ་འདུས་པ་སྟེ་ཡང་ས་ར་བ་སྟེ་རོ་དང་འདྲ་བའི་བདེ་བ་ལ་མི་རྟོག་པ་སྐྱེ་བའོ། །དེ་ལྟར་དེ་ཉིད་གཡུང་མོ་ལ་སོགས་པ་བལྟོས་པ་མེད་ཅིང་སྤང་བླ་མེད་པར་ནང་གི་ཀུན་དུ་རུའི་སྦྱོར་བའོ། ། ་གཉིས་མེད་ཕྱག་རྒྱ་ཆེན་པོ་ལ་དྲུག་སྟེ། ལྟ་བ་དང་སྤྱོད་པ་དང་སྒོམ་པ་དང་དབང་པོ་རང་སྣང་དང། སྤྱོད་ལམ་དང་བསྲེ་བ་དང། འབྲས་བུ་སོགས་པའོ། །དེ་ལ་ལྟ་བ་ནི་ཀོ་ལ་ཨི་རེ་སྟེ་དངོས་པོ་རཱུ་པ་ལ་སོགས་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐབས་ཀུན་ཏུ་སྣང་བའོ། །མུན? ་ནི་གཅིག་དང་དུ་བྲལ་གྱིས་ཤེས་བྱ་སྟོང་ཞིང་བདག་མེད་པ་མི་རྟོག་ཅིང་མི་དམིགས་པའོ། །བདག་མེད་པའི་ཤེས་རབ་བོ། །དེ་གཉིས་དབྱེར་མེད་པར་བྱས་པའོ། །སྤྱོད་པ་ལ་གཉིས་ཏེ་སྤྱོད་པ་དང་སྤྱོད་པའི་རྒྱུ་མཚན་ནོ། །སྤྱོད་པ་ནི་ག་ན་སྟེ་ཅུང་ཟད་སྨྱོན་པའི་རྡོ་རྗེ་ཐོད་པའི ་སྤྱོད་པས་ང་རྒྱལ་དུ་བསྒོམ་པ་དང། ཀྲི་པི་ཏེ་སྟེ་ཅང་ཏེའུ་སྒྲ་བཟླས་པ་བྱེད་པའོ། །སྤྱོད་པའི་རྒྱུ་མཚན་ནི་ཀཱ་རུ་ཎ་སྟེ་སེམས་ཅན་ཀུན་སྙིང་རྗེ་འཇུག་པ་དང། བ་ལ་ཁ་ཛ་སྟེ་ཞེ་སྡང་མེད་པས་རྣམ་པར་རྟོག་པའི་སྟོབས་བཟའ་བའི་ཟས་དང་ག་རྟེན་མ་ཨ་ནི་པི་སྟེ་བདེ་བའི་རོ་མཐུན ་པའི་བསྒོམ་པ་དང་ལྡན་པ་སྟེ། འབད་པའི་ཚུལ་གྱིས་སྤྱོད་པ་བྱེད་དོ། །ཡང་བསྒོམ་པའི་རྟེན་བརྟེན་པ་ནི་ཧ་ལི་ཀ་ལི་ཛ་སྟེ་རྣམ་པར་མི་གཡེང་བའི། དབང་པོ་ཡེ་ཤེས་ཀྱི་སྐལ་བ་ཅན་བརྟེན་པའོ། །དུ་?་ཧུ་སྟེ་སྐལ་མིན་ནི་ཡིད་ཀྱི་རྗེས་སུ་འབྲང་བའི་ཐ་མལ་པའི་དབང་པོ་སྤང ་བའོ། །དབང་པོ་རང་སྣང་ནི་སྐལ་ལྡན་གྱིས་དབང་པོ་དང་བར་བྱེད་པ་དང། དབང་པོ་དེའི་བྱིན་རླབས་རང་སྣང་བ་སྟེ་དོན་གྱི་ཚུལ་གཉིས་སོ། །དེ་ཡང་རྩ་དབུས་མ་ནི་གཟུགས་སྡུག་གུ་ཀཙྪ་རི་སྒྲ་སྙན་པ་སྲི་དཱ་དྲི་ཞིམ་པོ་ཀ་པུ་ར་རོ་ཞིམ་པོ་མ་ལས་ཛ་རེག་བྱ་འཇམ་པ་ལ་སོགས་པའོ། ་སོགས་པ་ལྔ་པོ་འདོད་པའི་ཡོན་ཏན་ལྔ་སྟེ་གཟུགས་ལ་སོགས་པའོ། །དྷ་རུ་ཁ་སྟེ་བཀང་ཞིང་ཚིམ་པས་དབང་པོ་དང་བ་དང། ཁེངས་པར་ཟོས་ཤིང་འཐུངས་པས་བྱིན་རླབས་མི་རྟོག་པར་སྣང་བའོ། །སྤྱོད་ལམ་དང་བསྲེ་བ་ནི་འཇུག་པ་དང་སྤྱོད་པའོ། །འཇུག་པ་ནི་བཟའ་ ་བ་ལ་སོགས་པ་གང་ལ་འཇུག་ཀྱང། ཁེ་ཊ་ཀ་ར་སྟེ་འཇུག་དང་འགྲོ་བ་ནི་རྟག་དང། ཕྲེཾ་ཁ་ན་འོད་ཞིང་བཟློག་པ་མི་རྟག་པའོ། །སྤྱོད་པ་ནི་ཤུདྡྷ་སྟེ་དག་པ་དང་མངག་པ་དང་གཅོང་བ་དང་མི་གཙང་བ་དང། ཡིད་དུ་འོང་བ་དང་མི་འོང་བ་ལ་སོགས་པ་ཞེན་པ་ཙམ་དུ་མི་བྱའོ། །འདྲ ་བུ་རྫོགས་པ་ནི་ལྟ་བ་ལ་སོགས་པ་ཀུན་གྱི་འབྲས་བུ་ཆེན་པོ་སྟེ། རྟེན་ལུས་དང་བརྟེན་པ་སེམས་ཐབས་ཤེས་རབ་དབྱེར་མེད་དོ། རྟེན་ཡང་ལུས་ཅན་ཀུན་ལ་གནས་པ་ནི་རི་ཤུདྡྷེ། དབང་པོ་དང་པའི་དབུས་སུ་ཞུ་བ་དེ་རྫོགས་པའི་ཐབས་སོ། །བརྟེན་པ་སེམས་ནི་རོ་དང་འདྲ་བར་རྣམ་པར་རྟོག་པའི་ཟུག་རྔུ་མེད་པས ་མི་རྟོག་པ་རང་རྣལ་དུ་འཇུག་པ་སྟེ་ཤེས་རབ་བོ། །ད་ནི་དབྱེར་མེད་བསྟན་པའི་ཕྱིར་མ་ལ་ས་ཛེམ་སྟེ་ཆུ་དང་འོ་མ་དང། ནམ་མཁའ་ཨི་བཞིན་དུ་ཀྱེ་ཨཾ་འདུས་ཤིང་དབྱེར་མེད་པའོ། །དེ་ཡང་ཀུན་ཏུ་པ་ཏ་ཨི་སྟེ་རང་རིག་པ་ཀུན་དུ་རུ་སྟེ་ཀུན་ཏུ་སྦྱོར་བའོ། །བརྟེན་པ་སེམས་ནི་སར་པ ་སྟེ་རོ་དང་འདྲ་བར་རྣམ་པར་རྟོག་པའི་ཟུང་རྔུ་མེད་པས་ཉི་མའི་འོད་ཟེར་དྲོ་གསལ་གྱིས་ཀུན་ལ་ཁྱད་པ་བཞིན་དུ་ལུས་ཀྱི་དངས་མདངས་སེམས་ཀྱི་དངས་མ་དབྱེར་མེད་དེས་གཡུང་མོ་ལ་སོགས་པ་རིགས་ངན་པ་དང། བཟང་པོ་ལ་ཁྱད་པར་མེད་པར་འབྲས་བུ་མ་ཧཱ་མུ ་ཧྲ་དེ་ལྕགས་ཀྱི་ཁང་རུམ་འབར་བ་སྣང་ཡང་མི་སྦྱོར་དེ་བཞིན་དུ་ཡི་དགས་དང་ལྷའི་ལོངས་སྤྱོད་ཀུན་ཏུ་སྣང་ཡང་མི་སྦྱོར་རོ། །ཌིཎྜི་མ་སྟེ་གཡུང་མོ་ལ་སོགས་པ་མི་སྤང་བ་སྟེ། རང་རིག་གི་འོད་ཟེར་མཛའ་ཡས་པ་སྣང་བས་འབྱུང་བ་ལྔ་དང་ཡེ་ཤེས་ལྔ་ལ ་སོགས་པ་རིགས་ཀྱི་དབྱེ་བ་ཡོངས་སུ་རྫོགས་པའོ། །ཡང་ན་བླ་ན་མེད་པའི་རིགས་དབྱེ་བ་ཡོངས་སུ་རྫོགས་པའོ། །དེ་ལྟར་བྱས་པས་རྟགས་གསུམ་འབྱུང་སྟེ་སེ་འཛིན་པའི་རྟགས་དངོས་གྲུབ་པའི་རྟགས་དེ་ཁོ་ན་ཉིད་ལ་འཇུག་པའི་རྟགས་སོ། ། ་ཡང་ན་ལྟ་བའི་རྟགས་བསྒོམ་པའི་རྟགས་ཙརྱའི་རྟགས་སོ། །དཔལ་དགྱེས་པ་རྡོ་རྗེའི་རྒྱུད་ནས་རྡོ་རྗེའི་གླུ་།བརྟག་པ་གཉིས་ཀྱི་དོན་ཡང་འདིར་གནས་ཤིང་ལམ་གྱི་རིམ་པ་ཉེ་བར་རྫོགས་པ་ནི་ཐ་མལ་ཕྱག་རྒྱ་ཆེན་པོའི་ཉེ་བར་གནས་པའོ། །ད་ནི་རྡོ་རྗེ་གར ་བསྟན་པའི་ཕྱིར། །དྲན་པས་མི་འཕྲོགས་རྣལ་འབྱོར་ཞེས་པ་ནི་གཡེང་བར་མ་གྱུར་པའོ། །ཧེ་རུ་ཀའི་གཟུགས་ཀྱིས་གར་ཞེས་པ་ནི་རིགས་བསྡུས་པ་ལུས་ཀྱི་སྤྱོས་སོ། །ཆགས་བྲལ་མིན་གོམས་སེམས་ཀྱིས་ནི་ཞེས་པ་གང་གི་ཧེ་རུ་ཀ་སྟེ་དགའ་བྲལ ་མ་ཡིན་པའོ། །འདོད་ཆགས་སེམས་ཀྱིས་ཞེས་པ་ནི་མཆོག་དགའ་འམ་ཐབས་ཀྱི་ཁྱད་པར་ལས་སོ། །བསྒོམ་པ་ཉིད་ནི་ལྷན་སྐྱེས་སོ། །ད་ནི་གླུ་དང་གར་ཐུན་མོང་དུ་ཡོན་ཏན་གྱི་ཆ་སྟོན་ཏེ། རྡོ་རྗེ་ཆོས་ནི་འོད་དཔག་ཏུ་མེད་པ་གསུང་གི་རིགས ་ཏེ་གླུའོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་དེ་གར་རོ། །རྣལ་འབྱོར་མ་ནི་རྗེས་སུ་ཆགས་པའི་ཡུལ་ལོ། །མ་མོ་ནི་གར་གྱི་ཆགས་པའི་ཡུལ་ཏེ་དེ་དག་ནི་ཐུགས་སོ། །གླུ་དང་གར་ནི་འདི་དག་གི་སྔར་གྱི་མཚན་ཉིད་དང་ལྡན་པའོ། །གླུ་བླང་གར་ཡང ་བྱ་ནི་ཧེ་རུ་ཀའི་ང་རྒྱལ་ལ་སྐུ་དང་གསུང་གི་ཡོན་ཏན་དང་ལྡན་པས་ཐུགས་ཀྱིས་ཡུལ་རྣལ་འབྱོར་མ་དང་མ་མོ་དང་ལྡན་པའོ། །ཡང་ན་རྡོ་རྗེ་ཆོས་སངས་རྒྱས་ནི་སྐུ་མདོག་དཀར་པོའི་གླུའི་གྲོགས་སུ་བསྟན་ལ། རྣལ་འབྱོར་མ་དང ་མ་མོ་གར་གྱི་གྲོགས་འབྲས་བུ་ཧེ་རུ་ཀས་གར་བྱེད་པ་བསྟན་ཏོ། །ད་ནི་དེའི་ཕན་ཡོན་བསྟན་པ་ཚོགས་བསྲུང་ནི་འཁོར་ལོ། །བདག་གི་གཙོ་བོ་འམ་བྱེད་པའོ། །འཇིག་རྟེན་དབང་དུ་བྱེད་པ་ནི་ཡིད་འཕྲོགས་པའི། །སྔར་གྱི ་ཟློས་པ་ནི་གླུའོ། །གར་བསྒོམ་པ་ནི་སྔ་མ་ལྟར་རོ། །ད་ནི་རིམ་པ་བསྟན་པའི་ཕྱིར་ཚོགས་ཀྱི་བདག་པོ་ལྔར་བྱས་ནི་སློབ་དཔོན་གྱི་གླུ་དང་ནང་ནང་དུ་བསྒོམ་པ་འམ་དངོས་སུ་དང་པོར་བྱའོ། །དྲི་མཚོན་པ་ནི་དངོས་གྲུབ་ཤིས་པའི་མཚན་མ་གར་གྱིའོ།། ་སྒོག་པའི་དྲེ་ནི་ངན་པའོ། །བྱ་རྒོད་དྲི་ནི་ཅུང་ཟད་ངན་པའོ། །ག་བུར་ནི་ཞིམ་པའོ། །མཱ་ལ་ཡ་ཛ་ནི་ཧེ་མཱ་ལ་ཡ་ཛི་སྟེ་ཁ་བ་ཅན་ལས་སྐྱེས་པ་སྟེ་ཙནདན་ཤིན་ཏུ་ཞིམ་པའོ། །ད་ནི་གླུའི་མཚན་མའི་ངང་པའི་ནི་དང་པོའི་སྒྲའོ། །བུང་བ་ནི་བར་དུའོ། །བ ་ལང་ཚེའི་སྒྲ་ནི་ཐ་མར་རོ། །དེ་གང་དུ་ཞེ་ན། གླུའི་མཛའ་ནས་མཉན་པར་བྱ་ནི་དྲིལ་བུའི་སྒྲ་མཛའ་ལྟ་བུའོ། །གནས་གང་དུ་ཞེ་ན། ཕྱི་རོལ་གྱི་ཚལ་དུ་སྐྱེ་ཤིང་གིར་བ་འམ་དུར་ཁྲོད་དུའོ། །གླུའི་བྱིན་རླབས་མཚན་ཉིད་ནི་དངོས་གྲུབ་པ་མ་ཤིས ་པ་བརྗོད་པའོ། །ད་ནི་ཕྱག་རྒྱའི་ལན་ཕྱག་རྒྱ་རྟགས་དང་མཚན་མ་ལ་སོགས་པའོ། །འདི་ནི་རིགས་མཚོན་པ་སྟེ་བསྐྱེད་པའི་རིམ་པ་མཛའ་དག་རྣམ་པ་གཉིས་ཏེ། ཞི་བའི་རྣམ་པ་དང་ཁྲོ་བོའི་རྣམ་པའོ། །དེ་དག་ཐམས་ཅད་ཀྱང་རྒྱལ་བ་རིགས་ལྔ ་ལས་མི་འདའ་སྟེ། རྒྱུ་སེམས་ཅན་གྱི་གནས་སྐབས་ནས་སྦྱང་གཞི་རྣམ་པ་ལྔ་ཡོད་པས་དེ་སྦྱོང་བྱེད་ཀྱང་རིགས་ལྔ་སྟེ། དེ་སྐད་དུ་ཡང་ཞི་བ་ཡི་ནི་དཀྱིལ་འཁོར་རོ། །ཁྲོ་བོ་ཡི་ནི་དཀྱིལ་འཁོར་ཏེ། །རྗེས་སུ་གཟུང་བར་བྱ་ཕྱིར་རམ། །གཞན ་དག་ཚར་བཅད་བྱ་ཕྱིར་བཤད། ཡང་ལྷ་དང་ལྷ་མོ་ཐ་དད་པ་དེ་དང་དེའི་རིགས་འབྱུང་སྟེ། དེ་མེད་ཀྱང་དེ་ཡོད་དེ། འགྲོ་བའི་དོན་དུ་བསྟན་པ་ཡིན་ཞེས་གསུངས་སོ། །དེ་རྣམས་ཀྱི་རྒྱུ་མཚན་ནི་འོག་ནས་འཆད་དོ། །ཡང་རྣལ་འབྱོར ་མ་རྣམས་ཀྱི་ས་བོན་ནི་ཨཱ་ལི་དང་པོ་ལ་སོགས་པ་སྟེ་དེ་བཞིན་ནོ། །ད་ནི་རྩའི་གྲངས་ལས་རྣལ་འབྱོར་མའི་གྲངས་བསྟན་པའི་ཕྱིར། རིགས་ཀྱི་ལེའུ་ལས་རྩ་རྣམས་གང་ཞེས་པ་ནི་ལེའུ་དང་པོ་ལས་སོ། །བཅུ་དྲུག་གཉིས ་གསུངས་པ་ནི་སྔོན་དུ་དྲིས་པ་སྟེ། བདེན་ཏེ་ཞེས་པ་ནི་ལྷག་མའོ། །ཇི་ལྟ་བུ་ཞེན་རྩའི་གཉིས་གཉིས་ཞེས་པ་ནི་ཐབས་དང་ཤེས་རབ་ཀྱི་རྩ་གཉིས་སྡོམ་པ་དང། རྣལ་འབྱོར་མ་རེ་རེ་ཞེས་པ་ནི་རྡོ་རྗེ་རྣལ་འབྱོར་མ་ལ་སོགས་པའོ། །གསུམ ་དུ་བརྗོད་ཅེས་པ་ནི་རྐྱང་མ་ལ་སོགས་པའོ། །བདག་མེད་རྣལ་འབྱོར་ཞེས་པ་ནི་རྩ་གསུམ་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་གཅིག་པའོ། །འོ་ན་རྣལ་འབྱོར་མ་རྣམས་ཀྱི་ས་བོན་ཐ་མ་ལྷག་མ་དང་རྩ་རྣམས་ཀྱི་ཐ་མ་ལྷག་པ་ཅི་བྱེད་ཙོ་ན། དེའི་ཕྱིར་གང་ཕྱིར་བཅུ ་དྲུག་ཆ་མེད་ཅེས་པ་ནི་དབྱངས་ཡིག་བཅུ་དྲུག་པ་མེད་པའོ། །ཆ་མེད་ཅེས་པ་ནི་རྩ་སུམ་ཅུ་རྩ་གཉིས་པ་མེད་པ་འམ་བདག་མེད་མ་བཞིན་དུ་མཁའ་སྤྱོད་མ་གསུམ་འདུས་པའོ། །འབད་པ་ནི་བླ་མ་ལས་རྙེད་པའི་མན་ངག་གིས་ཏེ་དབྱངས་ཡིག ་བཅོ་ལྔ་པ་ལས་བཅུ་དྲུག་པ་ཐིག་ལེ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ལ་མེད་པ་དང། དྲི་བ་དང་བརྗོད་པ་ཙམ་དུ་ནི་ཡོད་དོ། །རྩ་བདུད་བྲལ་བ་ཡང་བྱང་ཆུབ་ཀྱི་སེམས་གནས་པ་ཙམ་ལས་འཕེལ་བ་དང་འགྲིབ་པའི་བྱ་བ་མི་བྱེད་དོ། །དེའི ་ཕྱིར་སྤངས་པའོ། །དཔེར་ན་ཕྱིའི་ཟླ་བ་དཀར་པོ་དང་ནག་པོའི་ཕྱོགས་འཕེལ་བ་དང་འགྲིབ་པ་བཅོ་ལྔ་ལས་མེད་པའི་ཕྱིར་རོ། །འོ་ན་ཕྱིའི་ཟླ་བ་མེད་པས་བཅུ་དྲུག་པ་དང་སུམ་ཅུ་རྩ་གཉིས་པ་ལ་ཅི་གནོད་ཅེ་ན་དེའི་ཕྱིར་བཅོ་ལྔའི་ཟླ་བ་བདག་ཉིད་ཀྱི་ཟླ་བ ་བྱང་ཆུབ་སེམས་སུ་འགྱུར་ཞེས་པ་སྟེ་ལུས་ལ་རྩ་གཉིས་ལ་བྱང་ཆུབ་ཀྱི་སེམས་གཡོན་ནས་འཕེལ་བ་བཅོ་ལྔ་དང། གཡས་ནས་འགྲིབ་པ་བཅོ་ལྔ་རྒྱུ་བའི་ཕྱིར་རོ། །དེ་དང་ས་བོན་ཡི་གེ་དག་དང་ཅི་འབྲེལ་ཞེ་ན། དེའི་ཕྱིར་བདེ་བ་ཆེན་པོ་ནི་རྟེན་ཏེ ་ཞུ་བའོ། །ཱ་ལི་གཟུགས་ནི་ཞུ་བའི་གནས་བཅོ་ལྔ་ལས་ཨ་ལ་སོགས་པ་བཅོ་ལྔར་འགྱུར་བ་སྟེ། དེའི་རྩ་རྣམས་ཀྱང་དེ་རྣམས་ཡིན་པའི་ཕྱིར་རྣལ་འབྱོར་མ་རྣམས་ཞེས་པ་ནི་བདག་མེད་མ་ལ་སོགས་པ་བཅོ་ལྔའོ། །དེའི་ཆ་ནི་རྟེན ་ཞུ་བ་དེ་ཡང་རྟེན་རྩའི་ཆོས་སོ། །ད་ནི་སྔར་གྱི་རྣམ་དག་དྲིས་པའི་ལན་དུ་བྱང་ཆུབ་ཀྱི་སེམས་བསྟན་པའི་རྡོ་རྗེ་སྙིང་པོས་གསོལ་ཞེས་པའོ། །ག་པུར་ངེས་པར་ཅིས་མི་སྤང་ཞེས་པ་ནི་ཀུན་རྫོབ་མི་སྤང་བའི་ཐབས་ཏེ་དོན་དམ་ཡང་ཤུགས་ཀྱིས་དྲིས་པའོ། །རྣལ ་འབྱོར་མ་ཀུན་ལས་བྱུང་ཞེས་པ་ནི་འཆད་པར་འགྱུར་བའི་ཤིན་ཏུ་བཞིན་བཟངས་ལ་སགས་པ་ལས་བྱུང་བའོ། །ལྷན་སྐྱེས་རང་བཞིན་ནི་ཀུན་རྫོབ་བོ། །ཟག་མེད་དང་འགྲིབ་མེད་ནི་གཟུང་བའི་ཐབས་ཀྱིས་མི་འབྲལ་བའོ། །བཏུང་མཆོག་ནི ་བདུད་རྩི་ཡིན་པས་སོ། །དེས་ནི་འདི་སྐད་སྟོན་ཏེ་ཀུན་རྫོབ་ལྷན་ཅིག་སྐྱེས་པའི་ཚུལ་ནི་རྟེན་རྣལ་འབྱོར་མ་ལས་བྱུང། གནས་པའི་ཚུལ་གཟུང་བའི་མན་ངག་བྱས་ལ། ཡོན་ཏན་བཏུང་མཆོག་སྟེ་ལུས་རྒུད་པ་ལ་སོགས་སེལ་བས་སོ། །དེ ་ལྟར་ལགས་སམ་ཞེས་ཞུས་པའོ། །ཡང་རྣལ་འབྱོར་མ་ཀུན་ལས་བྱུང་ནི་སྟོང་པ་ཤེས་རབ་ཀྱི་རང་བཞིན་ལས་སོ། །ལྷན་ཅིག་སྐྱེས་དགའ་ནི་བདེ་བ་ཐམས་ཅད་ཀྱི་རང་བཞིན་ཏེ། དེ་ནམ་མཁའ་ཨི་ཉིད་དུ་འབྲེལ་ཏེ་ནམ་མཁའ་ཨི་རང་བཞིན་གཉིས ་སུ་མེད་ཅིང་བདག་མེད་པའོ། །དེས་ཀྱང་འདི་སྐད་དུ་སྟན་ཏེ་རྣལ་འབྱོར་མ་ཀུན་ལས་བྱུང་བའི་ཆོས་ཀྱི་སྐུ་ལྷན་ཅིག་སྐྱེས་དགའ་ལོངས་སྐུ་འཁྱུད་ནས། ནམ་མཁའ་དབྱེར་མེད་བདེ་ཆེན་གྱི་སྐུ་ལགས་སམ་ཞེས་ཞུས་པའོ། །བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་ཞེས་པ་ནི་ཡིན་པར་ཞུས་སོ། །ཇི་སྐད་སྨྲས་པ་དེ་བཞིན་ཞེས་པ་ནི། བདུད་རྩི་དང་བདེ་ཆེན་གྱི་སྐུར་བྱས་པ་སྟེ་བསྟན་པའོ། །དེ་བཤད་པ་ཡང་རྡོ་རྗེ་སྙིང་པོས་གསོལ་ཞེས་པ་ནི་བདག་གི་ཡིན་ཡང་དེ་ལས་རྒྱས་པར་རོ། །ཐབས་གང ་གིས་བསྐྱེད་ལགས་ཞེས་པ་ནི་ལམ་རིམ་པ་གཉིས་དྲིས་པའོ། །མ་བསྐྱེད་ན་བསོད་ནམས་མེད་སྡིག་པ་མེད་པས་བསྐྱེད་དེ་མི་སྤང་བར་ཞུས་པ་ཡང་བཀའ་སྩལ་ཞིང་རིམ་གཉིས་སུའོ། །དཀྱིལ་འཁོར་ནི་རརྟེན་གྱིས་རྣལ་འབྱོར་རོ། །འཁོར་ལོ་ནི ་བརྟེན་པའོ། །ཐབས་ནི་ཡེ་ཤེས་དགུགས་པ་དང་དབང་དང་མཆོད་པ་ལ་སོགས་པའོ། །ཅི་རྫོགས་རིམ་གྱི་སྐབས་སུ་མི་འགལ་ལམ་ཞེ་ན། བསྐྱེད་རིམ་ཉུང་ལྡན་ཐ་མལ་གྱི་རྣམ་པར་བསྒྱུར་བ་ཙམ་ཡིན་པའི ་ཕྱིར་རང་ཞེས་པ་ནི་ཕྱག་རྒྱ་ཆེན་པོ་ཉིད་དོ། །བྱིན་གྱིས་བརླབས་པ་ཞེས་པ་ནི། སྔར་བསྟན་པ་བཞིན་དུ་དབང་པོ་རང་སྣང་བ་འམ་འཆད་པར་འགྱུར་བ་ལྟར་སྤྱོད་ལམ་དང་བསྲེའོ། །རིམ་པས་ཞེས་པ་ནི་རྫོགས་རིམ་མོ། །ཀྱང་ནི་བསྐྱེད་རིམ་བསྡུ ་བ་སྟེ་གཉིས་སོ། ཀུན་རྫོབ་དོན་དམ་བསྐྱེད་རིམ་པ་ནི་གོ་རིམས་བཞིན་དུའོ། །ཀུན་དེ་ལྟ་བུའི་ཟླ་བ་སྟེ་ཞུ་བའོ། །བདེ་བ་ནི་མཚོན་པ་སྟེ་ནམ་མཁའ་ལྟ་བུའོ། །ད་ནི་དེ་དག་སྡོམ་པའི་གནས་བསྟན་པའི་ཕྱིར་བུད་མེད་ཞེས་བྱ་བ་ལ་སོགས་པ་ཚིགས ་སུ་བཅད་པ་ཕྱེད་དང་གཉིས་ཏེ། ཨེ་བམ་རྣམ་པའི་རང་བཞིན་དུ་ཤེས་པ་ཤེས་རབ་ཀྱི་གསང་བའི་གནས་དང། ཐབས་ཀྱི་གསང་བའི་གནས་དང། གཉིས་སྦྱར་བ་ལས་ཤེས་པར་བྱ་བ་དང་ཡང་ལྟེ་བའི་གནས་དང་སྤྱི་བོའི་གནས་སུ་སྦྱར ་བ་ལས་ཤེས་པར་བྱ། གཉུག་མའི་དབང་པོ་དང་དེ་བསྟེན་པའི་ཐབས་དང་བཅས་པ་ལས་ཤེས་པར་འགྱུར་རོ། །ད་ནི་དེ་དག་རང་བཞིན་བསྟན་པའི་ཕྱིར་རོ། འདི་ཉིད་ནི་དོན་དམ་ཀུན་རྫོབ་བོ། །འཁོར་བ་ནི་བསླད་པའོ། །མྱ་ངན་ལས ་འདས་པ་ནི། གཉུག་མ་མ་བཅོས་པའོ། །དེའི་ཕྱིར་འཁོར་བ་སྤངས་ནས་གཞན་ཉན་ཐོས་ལྟ་བུའོ། །མྱ་ངན་ལས་འདས་པ་མི་རྟོགས་ནི་རང་བཞིན་གཉུག་མ་མ་ཤེས་པ་སྟེ་བསྟན་པའོ། །དེ་བཤད་པའི་ཕྱིར་འཁོར་བ་གཟུགས་དང་སྒྲ ་ལ་སོགས་ཞེས་པ་ནི་ཡུལ་གྱི་སྐྱེ་མཆེད་རྣམས་སོ། །འཁོར་བ་ཚོར་བ་ལ་སོགས་པ་ནི་ཕུང་པོ་རྣམས་སོ། །འཁོར་བ་དབང་པོའི་ནང་གི་སྐྱེ་མཆེད་དོ། །འཁོར་བ་ཞེ་སྡང་ལ་སོགས་པ་ནི་ཉོན་མོངས་པ་ལྔ་འམ་རྣམ་པར་ཤེས་པའི་ཁམས་སོ། ། ་འདི་རྣམས་ཆོས་ནི་མྱ་ངན་འདས་ནི་གཉུག་མ་ལས་མི་འགྱུར་ཞིང། རང་གི་མཚན་ཉིད་འཛིན་པས་ཆོས་སོ། །རྨོངས་ཕྱིར་འཁོར་བ་ནི་རང་གི་མཚན་ཉིད་མ་རྟོགས་པར་འཁོར་བ་ལྟར་ལོག་སྣང་ངོ། །རྨོངས་བྱེད་འཁོར་བ་དག་པ་ནི་བློ་བུར་བ་མེད ་པའོ། །མྱ་ངན་ལས་འདས་པར་འགྱུར་ནི་དག་པའི་ལུས་དང་སེམས་ལ་དབང་ཐོབ་པའོ། །རྟོག་པ་མེད་པའི་བྱང་ཆུབ་སེམས་ནི་ལུས་དང་སེམས་ཀྱིས་ལྷན་ཅིག་སྐྱེས་པའོ། །ཀུན་རྫོབ་དོན་དམ་རྟེན་དང་བརྟེན་པའོ། ། ་ཚུལ་ཅན་ནི་རུང་བ་སྟེ། རྟེན་ཡི་གེ་ཡང་བསྐྱེད་པ་མ་ཡིན་པའི་རང་བཞིན་ནོ། །ད་ནི་ཀུན་རྫོབ་བསྐྱེད་པའི་ཐབས་བསྟན་པའི་ཕྱིར། ཤིན་ཏུ་བཞིན་བཟངས་ནས་དེར་སྦྱོར་བ་ལས་བྱུང་བ་ནི་རྣལ་འབྱོར་མ་ཀུན་ལས་བྱུང་བཤད་པའོ། །བསྟན་པ་གཞན ་གྱིས་བཤད་པ་ཡང། མི་སྤང་ནི་མི་སྤང་བའི་ལན་ནོ། །ག་པུར་ནི་ལྷན་ཅིག་སྐྱེས་དགའ་ཨི་ལན་ནོ། །མཁས་པ་ནི་འགྲིབ་མེད་མ་ཟད་མེད་ཀྱི་ལན་ནོ། །ལག་ཏུ་མི་བླང་བ་ལ་སོགས་པ་ནི་བཏུང་མཆོག་གི་ལན་དུའོ། །ད་ནི་དོན ་དམ་ལྷན་སྐྱེས་སུ་བསྟན་པའི་ཕྱིར་ལྷན་སྐྱེས་རྣམ་དག་ཉིད་ཀྱིས་ལན་ག་པུར་ཉིད་ནི་བདག་མེད་མ་ལ་སོགས་པ་དོན་དམ་བསྐྱེད་པ་གསུངས་ཏེ། ཀུན་རྫོབ་ཉིད་ནི་ཀུན་རྫོབ་སྔ་མ་དེ་ཉིད་དོ། །བདག་མེད་མ་དེ་ནི་རྣལ་འབྱོར་མའོ། །བདེ་བ་བདག་མེད་ཚུལ་ཅན་ནི ་ཐབས་དང་ཤེས་རབ་ཀྱི་རང་བཞིན་ནོ། །དེ་ནི་བདག་མེད་མ་སྟེ་ཤེས་རབ་ཀྱིའོ། །བདེ་བ་ནི་ཐབས་སོ། །ཕྱག་རྒྱ་དབྱེར་མེད་དོ། །དེ་ཇི་ལྟར་སྐྱེ་ཞེ་ན། ལྟེ་བའི་དཀྱིལ་འཁོར་ཉིད་དུ་གནས་ནི་བཞི་སྟེ་པདྨའི་ཟེ་འབྲུ་ལས་དང་པོར ་དབྱངས་ཡིག་ནི་ཨེ་སྟེ་རྟེན་ནོ། །བློ་ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་ཆོས་ཏེ་བརྟེན་པའོ། །སངས་རྒྱས་རྣམས་ཀྱིས་བཏགས་པ་ནི་དགྱེས་པའི་རྡོ་རྗེ་འམ་གཞན་གྱིས་ཏེ་ཡུལ་དུའོ། །རྫོགས་པའི་རིམ་པའི་རྣལ་འབྱོར་ནི་རྣལ་འབྱོར ་པ་འམ་བདེ་བ་ཆེན་པོ་ནས་འབབ་པའོ། །དེ་ཉིད་བཅོམ་ལྡན་ཤེས་རབ་ནི་ལྟེ་བ་ན་གནས་པ་སྟེ་ཡུམ་དུ་བྱས་པའོ། །དེ་ནི་རིམ་མིན་ལ་སོགས་པ་ནི་དེ་དག་ལས་འདས་པའོ། །ལྷན་ཅིག་སྐྱེས་དགའ་བྱེད་པ་ནི ་བདེ་བ་ཆེན་པོ་ལ་ཕོག་པས་སོ། །དེ་ལས་སྐྱེས་པ་ནི་མཚོན་བྱ་ལས་བྱུང་བའི་མཚོན་བྱེད་མྱོང་བས་སོ། །རྣལ་འབྱོར་པས་དེའི་བདེ་བའི་བཟའ་བ་ནི་གཞན་ལ་མི་བལྟོས་པར་རོ། །ཡང་ན་ག་པུར་ཉིད་ནི་བདག་མེད་མ་ལ་སོགས་པ་ཕྱག ་རྒྱ་ཆེན་པོའི་སའི་དཀྱིལ་དང་ནམ་མཁའ་ཨི་དཀྱིལ་དུ་གནས་པའི་གཉུག་མའི་དབང་པོ་སྟེ། ག་པུར་ཉིད་ནི་བདག་མེད་མ་ནི་སྐྱེ་བ་མེད་དོ། །བདེ་བ་བདག་མེད་ཚུལ་ནི་བདེ་བའི་ཟུར་ལ་བདག་མེད་པར་རྟོགས་པའོ། །དེའི་བདེ་བ་ཕྱག ་རྒྱ་ཆེན་ནི་རྟེན་ཁྱད་པར་ཅན་དུ་མྱོང་བའོ། །ལྟེ་བའི་དཀྱིལ་ནི་བརྟན་པའི་དཀྱིལ་དང་ནམ་མཁའ་དཀྱིལ་དུ་གནས་པའོ། །དང་པོ་དབྱངས་ཡིག་ནི་མ་ཏྲ་སྟེ། ཕྱི་མོ་ལམ་ཐོག་མའོ། །བློ་ཞེས་སངས་རྒྱས་རྣམས་ཀྱིས་བཏགས་ནི་བུདྡྷ་སྟེ ་རྟོགས་པ་ལས་འབྱུང་ངོ། །དེ་སྐད་དུ་མ་ཞིག་ན་བར་གྱུར་ལ་བུ་ནི་མང་ཡོད་པ། །དེ་ཀུན་ཡིད་མི་བདེ་ཞིང་དེ་ལ་རིམ་གོ་བྱེད། །དེ་བཞིན་ཕྱོགས་བཅུ་འཇིག་རྟེན་ཁམས་ཀྱི་སངས་རྒྱས་ཀྱང། །ཡུམ་གྱུར་ཤེས་རབ་དམ་པ་འདི ་ལ་དགོངས་པ་མཛད་ཅེས་གསུངས་སོ། །དེ་ལས་སྐྱེས་པའི་རྣལ་འབྱོར་ནི་དེ་ཉིད་བསྒོམས་པའོ། །དེ་ཉིད་བཅོམ་ལྡན་ཤེས་རབ་མ་ནི་ཡོན་ཏན་ཐམས་ཅད་སྐྱེད་པར་བྱེད་པའོ། །དེའི་མཚན་ཉིད་དབྱིབས་དང་ཁ་དོག་ལ་སོགས་པ ་ཡིན་ཏེ་རིང་མིན་ལ་སོགས་པའོ། །དེ་དང་ལྷན་ཅིག་ཅེས་བྱ་བ་ནི་དེར་སྐྱེས་པའི་ཡེ་ཤེས་སོ། །བདེ་བ་བཞི་པ་ནི་ཟག་མེད་མཐར་ཐུག་པའོ། །གཟུགས་སོགས་ཉིད་ཀྱིས་སྤྱད་པ་ཉིད་དུ་སྟེ་དེར་སྦྱོར་བའོ། །དེའི་ཆོས ་དཀྱིལ་འཁོར་འཁོར་ལོ་ལ་སོགས་པ་སྔ་མ་བཞིན་ནོ། །མེ་ལོང་ཡེ་ཤེས་ནི་ཆོས་རྣམས་དེ་ལ་སྣང་བའོ། །མཉམ་ཉིད་ནི་རོ་གཅིག་པར་རྟོག་པའོ། །སོ་སོར་རྟོག་པ་སེམས་ཅན་གྱི་དོན་གྱི་སྤྲུལ་བ་སྟོན་པའོ། །བྱ་བ་ནན་ཏན་ནི་བྱ་བ་ཐམས་ཅད་བསྒྲུབ་པའོ། །ཆོས་དབྱིངས་དེས་ཀུན་ལ་ཁྱབ ་པའོ། །ཇི་ལྟར་རིགས་པ་བཞིན་ནོ། །དེ་ལྟར་མཚན་ཉིད་བསྟན་ནས་ཆོས་བསྟན་པའི་ཕྱིར། །དེ་དང་ལྷན་ཅིག་གི་ཕྱག་རྒྱ་ཆེ་ནི་རྟེན་དག་པས་བདག་པོ་བྱས་ནས་མ་དག་པ་དང་རྣམ་པར་བྱང་བའི་ཆོས་དགྱེས་པའི་རྡོ་རྗེ་དང་བདག་མེད་མ་དབྱེར་མེད་པའི་རང་བཞིན་ཏེ་གོ་སླའོ། །ད་ནི་ལུས་སྡོམ ་པ་བསྟན་པའི་ཕྱིར། རྡོ་རྗེ་སྙིང་པོས་གསོལ་ཞེས་པའོ། །འཁོར་ལོ་བསྒོམ་པ་ནི་སེམས་བསྐྱེད་པའི་ཐབས་ཏེ། དཀྱིལ་འཁོར་དང་འཁོར་ལོ་དང་རང་བྱིན་གྱིས་བརླབས་པའོ། །ལམ་དང་ཞེས་བྱ་པ་ནི་བསྐྱེད་པ་དང་རྫོགས་པའི་རིམ་པའོ། །ལྷ་རྣམས་ཇི་ལྟར་ནི་ག་པུར་ཀུན་དང་བདེ་བ་ནམ་མཁའ་ལྟ ་བུའོ། འབྱུང་བ་ཉིད་ནི་བསྐྱེད་པ་སྟེ་ཀུན་རྫོབ་དང་དོན་དམ་གྱི་སེམས་གཉིས་སོ། །ཐམས་ཅད་བཅོམ་ལྡན་འདས་གསུངས་ནས། ཕྱག་རྒྱ་ཆེན་པོ་རྒྱས་བཏབ་པ་ཡང་གསུངས་པའོ། །སྡོམ་པ་བདག་ལ་བཤད་དུ་གསོལ་ཞེས་པ་ནི་དམ་ཚིག་གི་ཕྱག་རྒྱའི་ཚུལ་དུའོ། །བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་ནི་དེའི་ལན་དུའོ། །རྣལ་འབྱོར་མ་ལུས་ནི་བདག་མེད་པར་བྱ་བའོ། །དབུས་གནས་ནི་ལྟེ་བར་རོ། །ཾ་སྡོམ་པར་གནས་ནི་བདག་མེད་མའི་ཡི་གེའི་རྣམ་པས་སོ། །ཇི་ལྟར་ཕྱི་རོལ་དེ་དེ་བཞིན་ནང་དུ་སྙིང་གར་དགྱེས་པའི་རྡོ་རྗེ་ཧཱུཾ་གི་རྣམ་བར་རོ། །སྡོམ་པ་དེ་ཉིད་ནི ་སྙོམས་འཇུག་གོ་།རབ་ཏུ་ཕྱེ་བ་འམ་བཤད་ནི་རྣམ་པ་སྣ་ཚོགས་ལ་སོགས་པར་དབྱེར་བའོ། །པོ་ལའི་བདེ་བ་ནི་གསང་བའི་གནས་ཀྱིས་ཡང་བསྐུལ་བ་འམ་ཧཱུཾ་དེ་ཉིད་དོ། །ཕྱག་རྒྱ་ཆེན་པོར་ཕྱག་རྒྱ་དེ་ཉིད་ལ་སྦྱར་བ་འམ་སྔར་གྱི་དང་འདྲ་བས་སོ། །རྡོ་རྗེ་སྐྱེད་མཆེད་ཐབས ་ཉིད་ནི་ཧཱུཾ་ཞུ་བ་གསང་བའི་དབང་པོར་ཉམས་སུ་མྱོང་བའོ། །འདིས་ནི་གསང་བའི་སྙོམས་འཇུག་ནི་ནང་གི་སྙོམས་འཇུག་གིས་སོ། །ཕྱི་རོལ་གཉིས་བསྟན་པ་མེད་དམ་དེ་བཞིན་ནོ། །བདག་མེད་མར་བསྒོམ་པ་ལའོ། །དེས་ནི་འདི་སྐད་བསྟན་པར་འགྱུར་ཏེ་ཕྱག་རྒྱ་ལམ་བརྟེན་པར་ཕྱག་རྒྱ་ཆེན་ནོ་ཇི་ལྟར་འགྲུབ་ནུས ་སྙམ་པའི་དོགས་པ་སེལ་བར་བྱ་བའི་ཕྱིར་སྔགས་ཀྱི་ཧེ་རུ་ཀའི་གཟུགས་སུ་གྱུར་པ་ནི་རྣལ་འབྱོར་མས་བྱ་བའི་ཐབས་ཡིན་ལ། འདིར་ནི་རྣལ་འབྱོར་པས་བདག་མེད་མ་བསྒོམ་པའི་ཐབས་སོ། །དེ་ལྟར་སྙོམས་འཇུག་གི་སྡོམ་པ ་བསྟན་ནས། ད་ནི་ཕྱིར་ལུས་ལ་གནས་པའི་སྡོམ་པའི་བསྟན་པའི་ཕྱིར། སྐུ་གསུམ་ལུས་ཀྱི་ལ་སོགས་པ་སྟེ། ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་བརྟེན་པ་ནི་ཁྱད་པར་དུ་བྱས་བ་མིང་བསྟན་ཏོ། །ཚིག་རྐང་གཉིས་རྟེན་དང་བརྟེན་པ་དང་སྐུ་སྟེ་བདེ་བ ་ཆེན་པོ་ཡང་ལྷག་མའོ། །ཡང་ཚིག་རྐང་གཉིས་ཀྱིས་ནི་ལུས་ཅན་ཀུན་ལ་ཡོད་པར་བསྟན་པའོ། །སྤྲུལ་པར་གནས་བརྟན་པ་ལ་སོགས་པ་ནི་རྒྱུ་མཚན་བཤད་པའོ། །ེ་བཾ་ལ་སོགས་པ་བསྟན་པས་དེ་བཤད་པ་ཡང་ལས་ཀྱི་རླུང་གིས་བསྐུལ ་ཞེས་པ་ནི་འདོམས་ཆར་དུ་ཡཾ་རཾ་ལས་བསྐུལ་བའམ་སྙོམས་འཇུག་གི་དུས་བསྐྱེད་པས་སོ། །བཅོམ་ལྡན་འདས་ཤེས་རབ་བརྗོད་ནི་བདག་མེད་མ་ཨཾ་གྱི་གཟུགས་ཅན་ནོ། །ཇི་ལྟར་བྱས་པ་ནི་དཀའ་བའི་བྱ་བ་དུ་མའོ། །དེ་བཞིན་སྤྱོད་ནི་ཡེ་ཤེས་རྟོག་པ་དང ་འདྲེན་མ་དུ་མ་བསྐྱེད་ཅིང་ཉམས་སུ་མྱོང་བའི་ཕྱིར་རོ། །རྒྱུ་མཐུན་ཞེས་པ་ནི་རབ་ཏུ་གྲགས་ནི་རྒྱུ་མཚན་དེས་སྒྲུབ་པོ། །ཡང་ལས་ཆུང་ཞེས་པ་ནི་རླུང་དང་མེའམ་སྙོམས་འཇུག་ལ་མི་བལྟོས་པའོ། །འབྲས་བུ་ཚ་བ་ནི་ཡེ་ཤེས་རྩེ་གཅིག་པ་མྱོང་བའི་ཕྱིར་རོ། །རྣམ ་སྨིན་དེ་ལས་བཟློག་རྒྱུ་འབྲས་ཆེ་ཆུང་བཟློག་པའམ་རྒྱུ་མཐུན་དང་མི་འདྲ་བར་བཟློག་པ་སྟེ་རྣམ་སྨིན་གྲུབ་པའོ། །གནས་སྐྱེས་བུར་འབྲེལ་ཏེ་མགྲིན་པ་ལོངས་སྤྱོད་ཀྱི་བདག་པོར་བྱེད་པར་འདོད་པས་སྐྱེས་བུ་བྱེད་པར་འབྲས་བུའོ། །དེར་ནི་རྣལ་འབྱོར་དག་ཕྱིར་ནི ་བདེ་ཆེན་དུའོ། །དྲི་མེད་ཉིད་ནི་བློ་བུར་སྤངས་པ་སྟེ། བྲལ་བའི་འབྲས་བུའོ། །གང་ཕྱིར་སྤྲུལ་པ་ལ་སོགས་པ་ནི་དེ་རྣམས་དང་ཆོས་མཐུན་དུ་བྱས་པ་འམ། ཕྱི་རོལ་གྱི་ཞེན་པ་སྤངས་པའི་ཕྱིར་རོ། །དེ་དག་གིས་ནི་སེམས་དང་ལུས་རྫོགས་པའི་སངས་རྒྱས ་སུ་བསྟན་ནས། ད་ནི་ས་བཅུ་བའི་སངས་རྒྱས་སུ་སྐྱེ་བ་དག་པ་བསྟན་པའི་ཕྱིར། གོ་རིམས་ཅུང་ཟད་བསྣོར་ཏེ། འདི་དག་རྐྱེན་གྱིས་སེམས་ཅན་རྣམས་སུ་འབྲེལ་ཏེ་རྐྱེན་གྱིས་ནི་ས་མ་ཡ་ཀྲི་བ་སྟེ། སེམས་ཅན་རྣམས་ནི་དེ་དག་ཏུ་གྱུར་པའོ། །སངས་རྒྱས་ཉིད་དུ་ཐེ་ཚོམ ་མེད་པ་ནི་དོན་ལ་སྐྱེ་བ་དག་པས་སོ། །ཅིས་ཤེས་ན་ཟླ་བ་བཅུར་ནི་ས་རྣམས་ཕྱིར་ནི་དག་པ་ཡིན་པའི་ཕྱིར་རོ། །སེམས་ཅན་ས་བཅུའི་དབང་ཕྱུག་ནི་དེ་ལས་མཛད་པ་འབྱུང་བའོ། །གང་དག་ཞེ་ན། དེ་ལ་ལྟེ་བ་གནས་སུ་བརྗོད་དུ་འབྲེལ་ཏེ། གནས་ནི་རྒྱལ་བའི་གནས་དགེ་འདུན ་གྱིས་གནས་ལྟ་བུའོ། །སྐྱེས་གནས་ནི་མངལ་ལམ་ཆོས་འབྱུང་ངོ། །འདོད་ཆགས་བྲལ་བ་འབྱུང་བ་ནི་བཙུན་མོ་ནང་ནས་འབྱུང་བའི་རབ་ཏུ་འབྱུང་བའོ། །མངལ་གྱི་ཁྲུ་མཆོས་གོས་ཀྱི་གཙོ་བོ་ཅི་བེར་རོ། །དེ་བཞིན་མ་ནི་མཁན་པོ་ཉིད་ནི་མཁན་པོ་ལྟ་བུ་སྟེ། དེ་ལ་ནོད་པའོ། །མགོ ་བོར་ཐལ་མོ་སྦྱར་བ་ནི་སྐྱེ་བའི་དུས་ནའོ། །ཕྱག་ནི་དེར་ཞེས་བྱའོ། །འགྲོ་བའི་བྱ་བ་ནི་སྐྱེ་གནས་ཐ་མལ་གྱི་བྱ་བའོ། །ཁྲིམས་ནི་སིན་ཁྱ་སྟེ་བསླབ་པའི་རིམ་པའོ། །གནས་ནི་བནདྷ་ན་ཛ་སྟེ་སྟོན་པའི་ཚིག་གམ་ནོད་པའི་གནས་སོ། །དེ་བཞིན་ཨ་ཧཾ་ཐོག་མ་ཉིད་ནས ་སྐད་འདོན་པའོ། །སྔགས་བཟླས་ནི་ཨཱ་ལི་ཀཱ་ལི་བསྡུས་པའོ། །གང་དུ་ཞེ་ན། སྐྱེ་གནས་འཁོར་ལོ་ནི་ལྟེ་བར་རོ། །རྣམ་པར་ཨ་ནི་ཨཾ་ཡིག་གོ་།བདེ་ཆེན་གྱི་ཡང་ནི་སྤྱི་བོར་རོ། །རྣམ་པ་ཧཾ་ནི་ཡིག་གོ་།གཅེར་བུ་སྐྲ་དང་ཁ་སྦུ་བྲེགས་ནི་ཐོག་མ་ཉིད་ནས་དགེ་སློང ་ཉིད་དོ། །ཁྱད་པར་ནི་ཅི་ཞེ་ན། གོང་གི་ཨ་ཧཾ་དང་ལྡན་པས་སྔགས་འདོ་ན་སྐྱེས་པའོ། །ད་ནི་རྫོགས་པའི་སངས་རྒྱས་དང་སངས་རྒྱས་སུ་བསྟན་པས་སྐྲག་པའི་ཐེ་ཚོམ་དུ་གྱུར་པས་ནི་དེ་ནས་རྣལ་འབྱོར་མ་ལ་སོགས་པའོ། །དེ་ནི་དེ་དབུགས་དབྱུང་བར་བྱ ་བའི་ཕྱིར་རོ། །ཡང་རྡོ་རྗེ་ཅན་གྱིས་ནི་དགྱེས་པའི་རྡོ་རྗེས་སོ། །ལྷ་མོ་ཐམས་ཅད་གཟིགས་ནས་ནི་འགྱེལ་པ་རྣམས་སོ། །གསང་བའི་ཕྱིར་ནི་དྲན་པ་རྙེད་ནས་དབུགས་དབྱུང་བའོ། །ཡང་དག་པར་བསྟོད་པ་ནི་ཡོན་ཏན་བརྗོད་པའོ། །ཅི་ཞེ་ན། །པི་ཏོ་ཛ་ལ་སོགས་པ ་མིང་ཁྱད་པར་ལྡན་པའི་ས་ལ་སོགས་པ་བསྡུས་པའི་ལྷ་མོ་སྤྱན་ལ་སོགས་པ་ཆོས་ཀྱི་སྣོད་ཡིན་པར་བསྟོད་པའོ། །གང་ཞིག་སུས་ཀྱང་མི་ཤེས་པ་ནི་བྱང་ཆུབ་སེམས་དཔས་ཀྱང་ངོ། །དེ་ཉིད་ང་ཡིས་སྤྲོ་ཡིས་ཉོན་གདམས་པར་གནང ་བའོ། །བཅོམ་ལྡན་འདས་ཀྱི་གསུང་ནི་ལྷ་མོ་དག་ལ་བསྟོད་པ་དེ་དག་གོ། །རྨི་ལམ་ལྟ་བུར་ཐོས་ནས་བརྒྱལ་བའི་སྐབས་སུ་ཡང་ཡུད་དུ་དྲན་པས་སོ། །ཐམས་ཅད་སྲོག་རྙེད་པར་འགྱུར་ནི་བརྒྱལ་བ་ཅུང་ཟད་སངས་པའོ། །ད་ནི་དབུགས་གཉིས་པ་དབྱུང་བའི་ཕྱིར་རོ། །བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ་ནི་དྲན་པ་ཅུང་ཟད་རྙེད་པ་རྣམས་ལའོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་ལྷ་མོ་དག་ལ་བསྟོད་པ་དག་གོ་།སེམས་ཅན་རྣམས་ནི་སངས་རྒྱས་ཉིད་ནི་སྟོང་པ་ཉིད་ནི་རྟོགས་པས་སོ། །འོན་ཀྱང་བློ་བུར་དྲི་མས་བསྒྲིབས་ནི་སྟོང་པ་སངས་རྒྱས་ཀྱི་རང ་བཞིན་ཡིན་ཡང་སྒྲིབ་པའོ། །དེ་ཉིད་གསལ་ནས་སངས་རྒྱས་ཀྱི་སྒྲིབ་པ་དེ་ཉིད་བདག་མེད་པར་བསལ་བའི་སངས་རྒྱས་སོ། །ལྷ་མོས་གསོལ་པ་ནི་དྲན་པ་བརྟན་པར་གྱུར་ནས་སོ། །བཅོམ་ལྡན་འདས་དེ་དེ་བཞིན་ཏེ་སེམས་ཅན་གྱི་སེམས་བདག་མེད་པའི་དབང་དུ་བྱས་པའི་ཚེའོ།། ་བདེན་དེ་ནི་དོན་དམ་དུའོ། །བརྫུན་པ་མ་ལགས་ནི་ཀུན་རྫོབ་ཐབས་ཀྱི་དབང་དུ་བྱས་པའོ། །ཡང་ན་བཅོམ་ལྡན་འདས་ཀྱིས་གསུང་དེ་མི་བརྫུན་པའོ། །ད་ནི་དབུགས་གསུམ་པ་དབྱུང་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ནི་ལྷ་མོ་དག་རྟོགས་པ་དང་ལྡན་པ་ལ། བདེ་བའི་ཉམས ་བསྐྱེད་པའི་ཕྱིར་རོ། །མི་ཤེས་བཙན་དུག་དུ་དཔེའོ། །རྨོངས་སྤངས་དེ་ཉིད་ཀྱིས་ནི་ཞེས་པ་ནི་དཔེ་ལས་འབྱུང་བ་སྔར་གྱི་བདག་པོའོ། །དེའི་མྱ་ངན་ཡོངས་སུ་གཅོད་ནི་སྟོང་པར་རྟོགས་པས་དབུགས་གཉིས་པ་བྱུང་ན་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དཔེ་ལྟར་རོ། །ཞི་བ་འམ་ཐར་པའི་བདག ་མེད་པ་དཔེ་ལས་བྱུང་བའོ། །ཐབས་ཤེས་རབ་ནི་བདེ་པའོ། །དགྱེས་པའི་རྡོ་རྗེ་ལ་སོགས་ནི་ལྷན་ཅིག་སྐྱེས་པའི་རོར་བྱས་པའོ། །མ་རིག་པ་ལ་སོགས་པ་ནི་ཉོན་མོངས་པའི་སྒྲིབ་པའོ། །གཏི་མུག་ལ་སོགས་པ་ནི་ཤེས་བྱ་བའི་སྒྲིབ་པའོ། །ཡང་ན་མ་རིག་པ་ལ་སོགས་པས་མི་འཛིན ་ནི་སྔར་བདག་མེད་པར་བྱས་པས་སོ་།གཏི་མུག་ལ་སོགས་པས་མི་འཆིད་ནི་ལྷན་ཅིག་སྐྱེས་པའི་བདེ་བས་སོ། རང་དང་རང་གི་བྱང་ཆུབ་ཕྱིར་ནི་གཉུག་མའི་ཡེ་ཤེས་ཡིན་པས་སོ། །སངས་རྒྱས་མ་ཡིན་སེམས་ཅན་ནི་ཞེས་པ་ནི་ལྷན་ཅིག་སྐྱེས་གཉིས་ལས་གཞན་པའི་ལུས་སེམས་སོ།། ་གཅིག་ཀྱང་ཡོད་པ་མ་ཡིན་ནི་བདེ་ཆེན་དང་ལྡན་པའི་སངས་རྒྱས་འབའ་ཞིག་གོ་།འོ་ན་དམྱལ་བ་ལ་སོགས་པ་ཅི་ཞེ་ན། དེའི་ཕྱིར་རྟག་ཏུ་རང་བཞིན་བདེ་བ་ཅན་ནི་གཉུག་མར་ལྡན་པ་ཡང་མ་ཤེས་སོ། །འོ་ན་ལྷ་ལ་སོགས་པས་མྱོང་ཞིང་ཤེས་སོ་ཞེ་ན། དེའི་ཕྱིར་ལྷ་དང་ལྷ་མིན་ཞེས་པ་ནི་བདེ་བ་མྱོང་ཞིང ་ཤེས་ཀྱང་ངོ། །བདེ་བ་གང་ཕྱིར་མི་ཤེས་ཞེས་པ་ནི་རྟག་ཏུ་གཉུག་མའི་རང་བཞིན་མི་ཤེས་པའོ། །དེ་དག་བསྡུ་བའི་ཕྱིར་འཇིག་རྟེན་ཁམས་ནི་ལ་སོགས་པའི། རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ་ནི་ལྷ་མོ་རྣམས་དབུགས་ཕྱིན་ནས་དེའི་དོན་བསྡུས་ནས་འདིར་བརྗོད་པའོ། །ཀྱེའི་རྡོ་རྗེའི་ཐབས་རྙེད་ནི ་དབུགས་དབྱུང་གསུམ་པ་ལྟར་རོ། །ཡུལ་རྣམས་ནི་གཟུགས་ལ་སོགས་པའི་འདོད་པའི་ཡོན་ཏན་ནོ། །རྣལ་འབྱོར་ནི་བདག་མེད་པས་སོ། །བླ་མེད་རྙེད་ནི་བདེ་བའི་རེས་སོ། །ད་ནི་སྔར་བསྟན་པའི་ཕྱག་རྒྱ་ངེས་པའི་རྒྱུ་མཚན་བཤད་པའི་ཕྱིར། རྡོ་རྗེ་སྙིང་པོས་གསོལ་ཞེས་པ་ལ་སོགས་པ ་གསུངས་ཏེ། རྡོ་རྗེ་སྙིང་པོས་གསོལ་བ་ནི་ས་ནི་པུཀྐ་སཱིར་བཤད་པ། གང་ཕྱིར་གཏི་མུག་སྲ་བ་ཉིད་ཅེས་པ་ལ་སོགས་པ་ནི། སྔར་གྱི་ཕྱག་རྒྱའི་རྒྱུ་མཚན་དྲིས་བ་སྟེ། མ་ལོག་པ་ལ་ཕྱག་རྒྱ་ཞེས་པ་ན་དེ་ཉིད་མི་འཐད་བར་སྟོན་ཏེ། ལུས་ལ་སེམས་ཀྱི་ཕྱག་རྒྱ་འདེབས་པ་དང། ཐུགས་ལ་སྐུའི་ཕྱག་རྒྱ ་འདེབས་པ་མི་རིགས་ཞེ་ན། འདིར་ནི་མི་འཐད་པ་མེད་དེ། སེམས་སྤངས་ནས་ནི་ལུས་ཀྱི་ནི། མཛེས་པ་གཞན་དུ་མི་འགྱུར་རོ་ཞེས་པ་ནི་བྱིན་གྱིས་བརླབས་བྱ་དང་རློབ་བྱེད་ཀྱི་དབང་དུ་བྱས་ཏེ་གསུངས་སོ། །ཡང་སེམས་སྤངས་ནས་ནི་ལུས་ཀྱི་ནི་ཞེས་པ་ནི་སྔ་ཏྟྨ་དང་གཉིས་ཀ་ལ་རྩ་བའི་ཚིག་སྒྱུར་ཏེ་འདིར་ནི་ལུས ་སྤངས་ནས་ནི་ཞེས་བྱ་སྟེ་རྟེན་དང་བརྟེན་པའི་རྒྱུ་མཚན་ནོ། །རྡོ་རྗེ་སྙིང་པོས་གསོལ་པ་མེ་ནི་གདོལ་པ་མོར་བཤད་ཅེས་པ་ནི་འདོད་ཆགས་ཀྱི་ཕྱག་རྒྱར་རིགས་པ་ལས། རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱར་ཇི་ལྟར་འགྱུར་ཞེ་ན། འདི་ནི་རྒྱུ་ལ་འབྲས་བུའི་རྒྱས་བཏབ་པའི་རིགས་པ་སྟེ། སེར་སྣ་དང་ཤ་འབྲས་བུ? ་ཡིན་པའི་ཕྱིར་རོ། །རྡོ་རྗེ་སྙིང་པོས་གསོལ་པ། གང་ཕྱིར་རླུང་གི་གཡུང་མོ་ཉིད་ཅེས་པ་ནི་གཡུང་མོ་ལ་ཕྲག་དོག་གི་ཕྱག་རྒྱས་རིགས་པ་ཡིན་ནོ་ཞེ་ན། འདོད་ཆགས་ཀྱི་ཕྱག་རྒྱས་ཕྲག་དོག་ལ་འདེབས་པ་ནི་འབྲས་བུ་ལ་རྒྱུ་ཡིས་རྒྱས་བཏབ་པའི་རྒྱུ་མཚན་དང། དེ་བཞིན་དུ་གཽ? ་རཱི་དང་ཙཽ་རཱི་ལ་སོགས་བྱིན་གྱིས་བརླབས་བྱ་རློབ་བྱེད་དང་རྟེན་དང་རྟེན་པའི་རྒྱུ་མཚན་གྱིས་སྔ་མ་དང་འདྲའོ། །རོ་ལངས་མ་དང་གྷསྨ་རཱི་ཡར་རྒྱུ་ལ་འབྲས་བུའི་རྒྱས་གདབ་པ་དང། འབྲས་བུ་ལ་རྒྱུ་ཡིས་རྒྱས་གདབ་པ་སྔ་མ་བཞིན་ནོ། །དེ་ནས་གཏོར་མ་བསྟན་པའི་ཕྱིར་དགྱེས་པའི་རྡོ་རྗེ་ནི་འགྱུར་མ་ཐག་བ ་འམ། རྡོ་རྗེ་འཛིན་ནི་ཉེ་བའི་རྒྱུའི་རང་བཞིན་ཡིན་བས་སོ། །སྙོམས་འཇུག་གནས་པའི་དགྱེས་པའི་རྡོ་རྗེའོ། །ལྷ་ཉིད་ནི་ལུས་ལས་འབྱུང་བ་སྟེ་ཞུ་བ་དང་བཅས་པ་ལའོ། །སེམས་ཅན་དོན་ཕྱིར་ནི་འཆད་པར་འགྱུར་བའི་ཕན་ཡོན་ནོ། །གཏོར་མ་ཆེ་ནི་བ་ལིཾ་སྟེ་སྟོབས་སམ་ནུས་པ་དང་ལྡན་པའོ། །བདག་མེད་མས ་ཞུས་པ་ནི་གཞན་གྱི་དོན་དུའོ། །ེ་བཾ་རྣམ་པར་བཞུགས་ནི་སྙོམས་འཇུག་གི་ཚུལ་ལམ། ཨེ་བཾ་དེས་བཞུགས་ནི་སྔོན་བྱུང་དང་རྗེས་སུ་འཇུག་པ་གཉིས་སྔོན་བྱུང་དུ། བཅོམ་ལྡན་འདས་ཆོས་འབྱུང་དང་གཞལ་ཡས་ཁང་ན་གནས་པའོ། །རྗེས་སུ་འཇུག་པ་ནི་སྒྲུབ་པ་པོ་དང་མགྲོན་ཏེ། ཆོས་འབྱུང་གི ་ནང་དུ་པདྨ་སུཾ་བརྩེགས་པ་བསྒོམ་པ་དབུས་ཀྱིས་ལྟེ་བ་ལ་རང་གནས་སོ། །འདབ་མ་ལ་མགྲིན་དམིགས་ལ་བྱའོ། །ཡང་གཏོར་མ་ཨེ་བཾ་སྟེ་རླུང་དང་མེ་དང་ཐོད་པར་སྦྱར་བ་ལ་སོགས་པའོ། །བྱིན་གྱིས་བརླབས་པའི་ཚེ། ཨཾ་ཧཱུཾ་ཨཾ་བཾ་གི་བརྡས་ཤེས་རབ་དང་ཐབས་སུ་བྱས་པའོ། །གཞན་དག་ནི་དེ་བཞིན ་དེའི་དོན་ནི་འདི་ཡིན་ཏེ། གཏོར་མ་སྔར་བཤད་པའི་བདུད་རྩི་སྤྱངས་པས་བསྒྲུབ་ནས་ཆོས་ཀྱི་འབྱུང་གནས་ནང་དུ་ནི་པདྨ་འདབ་མ་སུམ་བརྩེགས་བསམ་དཀར་དང་སྔོ་དང་དམར་བདེ། །སྟེང་དུ་ཨཾ་ལས་ཚངས་ལ་སོགས། བར་དུ་ཧཱུཾ་ལས་བརྒྱ་བྱིན་སོགས། །འོག་ཏུ་ཨ་ལས་མཛའ་ཡས་སོགས། ་པདྨའི་མདོག་བཞིན་བསྐྱེད་པར་བྱ། །རང་བཞིན་སྤྱན་དྲངས་གཉིས་མེད་བསྟིམ། །བྱིན་བརླབས་དབང་བསྐུར་ཚུལ་བཞིན་བྱ། །སྟེང་ལ་རྟག་པ་མི་བསྐྱོད་དབུས། །འོག་མ་སྣང་བ་མཛའ་ཡས་མཚན། །ལྗགས་ལ་རྡོ་རྗེར་བརླབས་ལ་དབུལ། །བསྔོ་པ་གཉིས་ཏེ་ཟང་ཟིང་ཆོས། །རིམ ་པ་བཞིན་དུ་སྔོ་བའོ། །ད་ཕན་ཡོན་གཉིས་ཏེ་རེ་ཞིག་དང་རྒྱུན་དུ་བྱིན་པའི་ཕན་ཡོན་ནོ། །ཡང་སྔར་ནི་ཕྱག་རྒྱའི་ངེས་པ་བསྒྲུབ་པ་ལས་མཁའ་སྤྱོད་མ་ལ་སོགས་པ་རིགས་གསུམ་བྱ་བ་དང་རིགས་ཀྱི་དབྱེ་བ་གོ་སླའོ། །ལེའུ་བཞི་པའོ།། །།ད་ནི་ཧེ་རུ་ཀ་ཕྱག་བཅུ་དྲུག་པ་ལ ་གསུངས་པས། དེའི་སྒྲུབ་ཐབས་བཤད་པར་ཞུས་པ་ནི། ཕྱག་ནི་བཅུ་དྲུག་ཞལ་བརྒྱད་པ་ཞེས་པ་ནི་རྡོ་རྗེ་འཆང་ལ་བདག་མེད་མས་གསོལ་བ་གདབ་པའོ། །དཔའ་བོ་ཐོད་པའི་ཕྲེང་བ་ཅན་ནི་མགོ་ལྔ་བཅུའི་ཕྲེང་བ་འཕྱང་བ་སྟེ། འདུ་བྱེད་ལྔ་བཅུ་དག་པའོ། །གཞན་དག་ནི་རྣམ་པར་དག་པའི་སྔར ་བཤད་ཟིན་ཏོ། །བཅོ་ལྔ་ཡོངས་སུ་བསྐོར་བའི་བདག་གི་འཁོར་ལོ་ཁྱེད་ཀྱིས་བཤད་ནི་ལེའུ་བརྒྱད་པར་གསུངས་པའོ། །ཁྱེད་ཀྱི་དཀྱིལ་འཁོར་ཇི་ལྟར་ལགས་ཞེས་དྲིས་པའོ། །བདག་མེད་མ་ལས་འོ་མཛད་ནས་ཞེས་བྱ་བ་ལ་སོགས་པ་ནི་ཞེ་སྡང་ཅན་དང་ཆགས་པ་ཅན་འདུལ་བའི་དོན་ཏོ། འཁོར ་ལོ་ཇི་ལྟར་སྔར་གསུངས་པ་ཞེས་པའི་དོན་འདིར་སྒྲུབ་པའི་ཐབས་ནི་སྒྲུབ་པ་པོས་གནས་གང་ཡང་རུང་བར་བྱ་བ་དང། ཚོགས་བསག་པ་དང། བསྲུང་པ་མཚམས་དང། ཆོས་ཀྱི་འབྱུང་གནས་བསྒོམ་པ་སྔ་མ་ལྟར་བྱས་ལ་འཁོར་ལོ་ས་དང་ཆུ་ནི་སྔོན། །ཇི་ལྟར་རིགས་པ་བྱིན་ཟ་ཡི་ཞེས་ལེའུ་བརྒྱད ་པ་ལྟར་བསྒོམས་ལ་།ཁྱད་པར་ནི་འཕར་མ་གཅིག་པ་ལ་སོགས་པ་དང་ལྡན་པའི་རྗེས་ལ། ཚངས་པ་དབང་པོ་ཉེ་དབང་གྲགས་ལ་སོགས་པ་སྦྱར་ལ། དུར་ཁྲོད་བརྒྱད་དང་བཅས་བདུད་བཞི་བསྣོལ་མར་བསྒོམས་ནས་ཨ་ལ་བཛྲ་ཞེས་པའི་སྔགས་བརྗོད་དེ། དེ་སྐད་དུ་ཡང། མི་མཉམ་མེད་པས་གྲུ ་བཞི་སྟེ། །དྲན་པས་དབང་པོ་སྒོ་བཞི་ཡིན། རྣམ་མཐར་བརྒྱད་ཀྱི་ཀ་བ་སྟེ། །ཏིང་འཛིན་བཞི་ཡི་ཁ་ཁྱེར་ཏེ། །བསམ་གཏན་བཞི་ཡི་རྟ་བབས་ཅན། །འདོད་པའི་ཡོན་ཏན་ལྔ་ཡིས་སྤྲས། ཉོན་མོངས་ཆེ་ཆུང་རྣམ་དག་པའི། །དྲ་བ་དང་ནི་དྲ་བ་ཕྱེད། །ཁམས་གསུམ་བདག་ནི་མེད་པ་ཡི། །དུར་ཁྲོད་བརྒྱད་ཀྱི ་ཉེ་བར་མཛེས། །ཚངས་པ་ལ་སོགས་མནན་པ་ནི། །ཐ་མལ་རྣམ་སྦྱོད་གཞལ་ཡས་ཁང་རྟེན་གྱི་རྣལ་འབྱོར་དྲོད་གཤེར་ལས་སྐྱེས་པ་དང་མཐུན་པ་རྣམ་པར་སྣང་མཛད་ཀྱི་བདག་དག་པའོ། །དེ་ནས་འདོད་ཆགས་ཆེན་པོ་རྗེས་ཆགས་ཞེས་བྱ་བ་ཤོ་ལོ་ཀ་གཅིག་སྦྱར་ཏེ། དེ་ལ་དབུས་སུ་ང་ཡོད་ཅེས་བྱ་བ་ནི་རྡོ ་རྗེ་འཆང་བསྐྱེད་པ་སྟེ། ཨཱ་ལི་ཟླ་བ་ཀཱ་ལི་ཉི། །ས་བོན་ནང་དུ་སོན་གྱུར་པ། །དེ་ནི་སེམས་དཔའ་ཞེས་བྱར་བརྗོད། །ནམ་མཁའ་ཨི་དཀྱིལ་འཁོར་ཁྱབ་པ་ནི། །རང་གི་ལུས་མཚུངས་རྣམ་པར་སྤྲོ། །བསྡུས་ནས་སྙིང་གར་དགུག་པ་ནི། །ཡོ་གི་ཞེ་སྡང་བདག་ཉིད་ཅེས།། ་མངོན་པར་བྱང་ཆུབ་ལྔ་སྦྱར་ཏེ། །ཟླ་བ་མེ་ལོང་ཡེ་ཤེས་ལྡན། །བདུན་གྱི་བདུན་པ་མཉམ་ཉིད་ལྡན། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པ་ཡིན་ཞེས་ཟེར། །དེ་རྣམས་གཅིག་གྱུར་བྱ་ནན་ཏན། །རྫོགས་པ་ཆོས་དབྱིངས་དག་པའོ། ཞེས་པ་རྡོ་རྗེ་འཆང་སྐུ་མདོག་དཀར་པོ ་གོང་དུ་གསུངས་པ་དང། འོག་ནས་འཆད་པའི་ཕྱག་མཚན་ལ་སོགས་པ་དང་ལྡན་པར་བསྐྱེད་ལ། རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་ལ་རྗེས་སུ་ཆགས་པའི་སྔགས་བརྗོད་པ་ནི་རྗེས་སུ་ཆགས་པའི་ཡན་ལག་སྟེ། སྒོང་སྐྱེས་དང་ཆོས་མཐུན་བའོ། །དེའི་རྗེས་ལ་གྲོང་ཁྱེར་ཉམས་དགར་ཁྱོད་དང ་ང་དགའ་བས་ཤིན་ཏུ་རོལ་པ་ལས་ཞེས་སྦྱར་ཏེ། དེ་ཡང་དང་པོ་སྐྱེས་བུ་བསམ་དེ་ནས། མཁའ་འགྲོ་མའི་འཁོར་ལོ་སྤྲོས་ཞེས་གསུངས་ཏེ། འཁོར་རྗེས་སུ་མཐུན་པའི་བྱང་ཆུབ་པ་ལྔར་མངལ་སྐྱེས་ཀྱི་སྒོང་སྐྱེས་དང་འདྲ་བར་བསྐྱེད་དེ། གཾ་ཙ་ལ་སོགས་པ་ཚིག་གཉིས་སྦྱར་རོ། །དོན་ནི་སྙིང་ག་ནས་འོད ་འཕྲོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཀུག་ནས་ཞལ་དུ་ཞུགས། སྙིང་གར་ཞུ་སྲོག་དག་པའི་ལམ་ནས་བྱུང་སྟེ། ཡུམ་གྱི་པདྨར་ཐིག་ལེ་དེ་ལས་ས་བོན་བརྒྱད་དུ་གྱུར་པ་དང། མདུན་གྱི་ཚངས་པའི་གདན་སྟེངས་སུ་ཨཱ་ལི་ལས་ཟླ་བ་ཀཱ་ལི་ལས་ཉི་མ་དེ་དང་བར་ནས་གཾ་དེ་ལས་གྲི་གུག་གི ་དེ་སྤྲོ་བསྡུ་བྱས་ནས་ཞུ་བ་ལས་གཽ་རཱི་བསྐྱེད་དེ། དཀར་མོ་དབང་མོའི་ཕྱོགས་བྱུང་ནས་ཞེས་བྱ་བ་ལ་སོགས་པ་སྦྱར་རོ། །རླུང་གི་མཚམས་སུ་གཡུང་མོ་ནི་ཞེས་པའི་མཐར་ཏེ། རླུང་མཚམས་ན་ཉི་མའི་སྟེངས་ན་ཐག་བཟངས་རིགས་མནན་པའི་སྟེང་དུ་ཨཱ་ལི་ཟླ་བ་ཀཱ་ལི་ལས་ཉི་མ། དེ་ཉིད་བར་དུ་ཌཾ ་དེ་ལས་རྡོ་རྗེ་དེ་ལ་ཌཾ་གྱི་མཚན་མ་དེ་སྤྲོས་བསྡུས་ནས་ཞུ་བ་ལས་གཡུང་མོ་བསྐྱེད་དོ། །གཞན་ལ་ཡང་དེ་བཞིན་སྦྱར་རོ། །དེ་སྐད་དུ་ཟླ་བ་ཉི་མའི་རབ་དབྱེ་བས། །དཀར་པོ་ལ་སོགས་རབ་ཏུ་གྲགས་ཞེས་གསུངས་སོ། །དེ་ལྟར་འཁོར་བསྐྱེད་ནས་གཙོ་བོ་འགྱུར་བ་ནི་དེ་ནས་རྡོ་རྗེ་ཆགས་ཆེན་ལས ་རིག་མ་བཅས་པ་བཞུ་བར་གྱུར་ཞེས་པ་སྟེ། རྒྱུའི་འགྱུར་བ་ནི་སྔར་གྱིས་ཐིག་ལེ་བྱང་ཆུབ་སེམས་འབྲུ་ལྔར་གྱུར་བ་དེ་གཙོ་བོའི་ཞལ་དུ་ཞུགས་པས་གཙོ་བོ་དང་རིག་མར་བཅས་པ་ཞུའོ། །དེ་ནས་རྐྱེན་གྱིས་འགྱུར་བ་ནི། སྣ་ཚོགས་གླུ་ཡི་མཆོད་པ་ལས། །དེ་ནས་ལྷ་མོ་རྣམས་ཀྱིས་བསྐུལ་ཞེས ་པ་སྟེ། མཚམས་ཀྱི་ལྷ་མོས་བསྐུལ་ཏེ་ཆོས་ཅན་རྣམ་པར་དག་པ་འབྱུང་བ་བཞིས་འབྲས་བུ་བསྐྱེད་པ་དང། ངོ་བོ་ཚད་མེད་པ་བཞིས་སེམས་ཅན་གྱི་དོན་བྱེད་པ་དང་ལས་སོ་སོར་ངེས་པ་སྟེ། མཚམས་ནས་སླང་བའི་ལས་དང། སྒོམས་ཡེ་ཤེས་ཀྱི་འཁོར་ལོ་དགུགས་པ་ལ་སོགས་པའོ ་རྗེ་བཙུན་ཞེས་བྱམས་པ་ཆེན་པོ་པུཀྐ་སཱིའི་གླུ་སྟེ་སྲི་ཞུ་བོད་པའོ། །སྙིང་རྗེའི་ཡིད་ཀྱིས་བཞེངས་ཤིག་པ་སྟེ་ཐིག་ལེ་ལས་བསྐུལ་བའོ། །པུཀྐ་སཱི་ནི་བདག་ལ་སྐྱོབ་པ་ནི་སེམས་ཅན་གྱི་དོན་མཛོད་ཅིག་པའོ། །སྟོང་པའི་རང་བཞིན་ཉིད་སྤོངས་ལ། ཐེག་ལེ་སྟོང་པ་དང་འདྲ་སྟེ་གཞན་དོན་མི ་ནུས་པའོ། །བདག་ལ་བདེ་ཆེན་སྦྱོར་བ་ནི་གཞན་དོན་ལ་བསྐུལ་པ་སྟེ་གཞན་བདེ་བས་བདག་བདེ་བའོ། །ཁྱེད་མེད་ན་ནི་བདག་འགུམ་པས་ཞེས་པ་སྙིང་རྗེ་ཆེན་པོ་ཤ་བ་རཱིའི་གླུ་སྟེ་བདག་གི་སྲོག་སྙིང་རྗེ་གཞན་དོན་མེད་ན་སྙིང་རྗེ་མེད་པ་བདག་འགུམ་པ་ཞེས་པའོ། །ཀྱེའི་རྡོ་རྗེ་ཞེས་བོད་པའོ།། ་སྟོང་པ་སྔ་མ་དང་འདྲའོ། །རི་ཁྲོད་མ་འབྲས་བསྒྲུབ་པ་ནི་གཞན་དོན་མཛོད་ཅིག་པའོ། །དགའ་གཙོ་ཞེས་པ་ནི་ངང་པའི་དགའ་བའི་གླུ་སྟེ། ཁྱེད་དང་པོ་སེམས་བསྐྱེད་ཙམ་ན་སེམས་ཅན་མགྲོན་དུ་བོས་ནས་ད་སྟོང་པ་ལ་ཅིའི་ཕྱིར་བཞུགས་ཞེས་པའོ། །འོ་ན་རང་གིས་གཞན་དོན་བྱས་མོད་ཅེ་ན། ཁྱེད་མེད ་ན་ནི་ཕྱོགས་མི་ཁུམས་ཞེས་པ་སྟེ་བདག་གི་དོན་མི་ཤེས་པར་དགོངས་པའོ། །དེའི་ཕྱིར་བདག་ཞུ་བར་བགྱིད་བའོ། །མིག་འཕྲུལ་ལྟ་བུར་ཞེས་བྱ་བ་ཤལོ་ཀ་གཅིག་སྦྱར་ཏེ། བཏང་སྙོམས་གཡུང་མོའི་གླུ་སྟེ། ཁྱེད་སྦྲུལ་པ་ལྟ་བུ་སྒྱུ་མ་ལྟ་བུ་མངའ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། བདག་གིས་ཁྱེད་ཀྱི་ཐུགས་འཚལ་ཞེས ་པའོ། །དེའི་འཐད་པ་གཡུང་མོ་བདག་ཉིད་དྲན་ཉམས་ནི་གྲོང་ཁྱེར་ཆེན་པོའི་མི་ཞེས་བྱ་སྟེ། །སྙིང་རྗེ་རྒྱུན་ཆད་མ་མཛད་ནི་ཐིག་ལེ་སྤོངས་ཞེས་བྱའོ། །དེའི་རྗེས་སུ་ཨ་དང་ཧཱུཾ་གིས་རྡོ་རྗེ་ཆེ་ཞེས་བྱ་བ་ཤལོ་ཀ་གཅིག་སྦྱར་ཏེ་འབྲས་བུ་ཧེ་རུ་ཀར་བཞེངས་པ་ནི་བརྫུན་སྐྱེས་དང་མཐུན་པ་ཡུད་ཙམ་གྱི་མངོན་པར ་བྱང་ཆུབ་པས་བསྐྱེད་དེ། བདག་པོ་ས་བོན་དག་གིས་ནི་ཚིག་གཉིས་སྦྱར་ཏེ། ཐིག་ལེ་དེ་ཆ་གཉིས་ལས་འོག་ཟླ་བ་མེ་ལོང་ལྟ་བུ་སྟེང་ཉི་མ་མཉམ་པ་ཉིད་དེ། བར་དུ་ཡི་གེ་ཨཾ་དང་ཧཱུཾ་ལས་རྡོ་རྗེ་ཆེན་པོ་སྟེ། གྲི་གུག་དེ་ལས ་ས་བོན་གྱིས་མཚན་པ་ནི་སོ་སོར་རྟོགས་པའི་ཡེ་ཤེས་དེ་ལས་སྤྲོ་བ་དང་བསྡུས་ནས་ཞུ་བ་ནི་བྱ་བ་ནན་ཏན་ནོ། །དེ་ལས་སྐུར་བཞེངས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེའི་མོད་ལ་ཞབས་རྣམས་ས་ལ་བརྡེབས་པ་ལ་སོགས་པར་གྱུར་ཏོ། །འདིར ་ཐིག་ལེ་གཉིས་བྱས་ལ་ཡུམ་ཡང་འགྲན་ཐུབ་དུ་བསྐྱེད་དེ་བདག་མེད་མ་གཙོ་བོ་ཡིན་པའི་ཕྱིར་རོ། །ཞལ་བརྒྱད་པ་ལ་ཞབས་བཞི་ཞེས་སྦྱར་ཏེ་རྣམ་དག་ཕལ་ཆེར་སྔར་བཤད་དོ། །སྣ་ཚོགས་རྡོ་རྗེ་ནི་མི་བསྐྱོད་པའི་རིགས་མཚོན་པའོ། །ཐལ་བས ་ལུས་ལ་བྱུགས་པ་ནི་དྲུག་པ་རྡོ་རྗེ་འཆང་གིས་དཀར་བའོ། །རྦ་རླབས་མེད་པའི་བདེ་བ་ཞེས་པ་ལྷན་ཅིག་སྐྱེས་པའི་ངོ་བོའོ། །དེའི་རྗེས་ལ་གླང་པོ་རྟ་བོང་ཞེས་སྦྱར་ཏེ། །གློ་དང་དབུགས་དང་དེ་བཞིན་སྨྱོ། །ཁྲག་སྐྱུགས་མཛེ་དང་མི་རྫི་ཀ་།མཆེར་བ་མཆིན ་པ་རང་གཟུགས་ནི། །གོ་རིམས་བཞིན་དུ་སྤོང་ཕྱིར་རོ། །ཕྲ་བ་ཡང་བ་མཆོད་པར་བསྟན། །བདག་པོར་གྱུར་པར་བདག་ལྡན་པ། །གང་ཡང་ཕྱིན་ཅིང་འདོད་དགུར་ལྡན། །དགའ་དགུར་སྤྱོད་པར་བདེ་བས་སོ། །དེ་སྐད་དུ་ཡང་འགྲོ་བ་རྣམས་ཀྱི་ནང་ན་ནི། །མི ་རྣམས་ཀྱི་ནི་འགྲོ་བ་མཆོག་།དེ་རྣམས་ནད་ནི་ཞི་དོན་དུ། །གླང་པོ་ལ་སོགས་འཛིན་པ་ནི། །ཉིད་ཀྱི་སྐུ་ལ་བཟློག་པར་མཛད་ཞེས་པའོ། །སྒེག་ཅིང་དཔའ་བ་མི་སྡུག་པ། །རྒོད་ཅིང་དྲག་ཤུལ་འཇིགས་སུ་རུང། །སྙིང་རྗེ་རྔམ་དང་ཞི་བ་ཡི། །གར་དགུའི ་རོ་དང་ལྡན་པ་ཉིད་ཅེས་པ། །རིག་མ་ལ་འཁྱུད་བདུད་བཞི་མནན། །སྨིན་མ་བཅུམ་ཞིང་ཞལ་གདངས་པ། །ཐོད་པའི་དོ་ཤལ་མཆེ་བ་གཙིགས། །སྤྲུལ་པ་འཕྲོ་ཞིང་ཐོད་ཁྲག་གང། །བརྒྱད་པོ་རིམ་པར་སྦྱར་བྱས་ལ། །ཞི་བ་སྦྱིན་ནི ་སེམས་ཅན་དོན། །དེའི་རྗེས་སུ་དཀར་མོ་གཡས་ན་གྲི་གུག་སྟེ་ཞེས་པ་ལ་སོགས་པ་སྦྱར་རོ། །སྔར་འཁོར་བསྐྱེད་ཀྱང་གཙོ་བོ་མ་བསྟན་པས་མ་བཤད་ལ། འདིར་གཙོ་བོ་བསྟན་པས་དེའི་རྗེས་སུ་འཁོར་བར་དགོངས་སོ། །གཡས་པ་ཐབས་ཀྱི་ཉོན་མོངས ་འཇོམས་ལ། གཡོན་པ་ཤེས་རབ་ཀྱི་ཆོས་འཆད་པར་ལ་སོགས་ཀུན་ལ་སྦྱོར་རོ། །དེའི་རྗེས་སུ་མ་མོའི་འཁོར་ལོ་གྲོང་ཉམས་དགའ་ཞེས་པ་ཤལོ་ཀ་གཅིག་སྦྱར་ཏེ། སེམས་དཔའ་སུམ་བརྩེགས་བསྒོམས་ཏེ། ཐམས་ཅད་རྡོ་རྗེ་འདི་ཡིས་ནི། ། ་རང་སྔགས་ཡི་གེ་རྫོགས་པ་དང། །ས་བོན་ཕྱག་མཚན་གྱུར་པ་ལས། །སྐུ་རང་འདྲ་བ་སྒོམ་པར་བྱེད། །དེ་ཡི་ཐུགས་ཀའི་ས་བོན་ལས། །ལྷ་དགུའི་རྣམ་པར་སྤྱན་དྲངས་ཏེ། །ཕྱག་མཚན་རྡོ་རྗེ་ཧཱུཾ་གིས་མཚན། །རྗེས་ཀྱི་ཡེ་ཤེས་ཏིང་འཛིན་སེམས། ། ་ལྷ་རྣམས་ཀུན་ལ་བསྒོམ་པར་བྱ། །དེ་ནས་རྫོགས་པར་བྱ་བའི་ཕྱིར། །ཡེ་ཤེས་འཁོར་ལོ་དགུག་བ་སྟེ། །དམ་ཚིག་འཁོར་ལོ་ལ་མཉམ་ཐིམ། །ཡེ་ཤེས་འཁོར་ལོ་ཆེན་པོ་འབར། །རང་གི་ཏིང་ངེ་འཛིན་སེམས་དཔའ་ལ་འོད་ཟེར་འཕྲོས་ཏེ། སངས་རྒྱས་དང ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལྷ་དགུའི་རྣམ་པར་སྤྱན་དྲངས་ཏེ། གཞལ་ཡས་ཁང་གི་ཕྱི་རོལ་དུ་བྱོན་པ་ལ། །རང་གི་སྙིང་ག་ནས་གཽ་རཱི་ལ་སོགས་པ་སྤྲོས་ཏེ་ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཞེས་མཆོད་པ་བྱས་ལ་གཽ་རཱི་ལ་སོགས་པ་བཞིས་དབུགས་ལ་སོགས ་བ་བྱའོ། དེ་ནས་མ་རྟས་པ་རྟས་པར་བྱེད་པ་སྐྱེ་མཆེད་བྱིན་གྱིས་བརླབས་པ་དང། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་སྔར་དང་མཐུན་པར་བྱའོ། །དེ་ནས་དབང་བསྐུར་བ་སྟེ་སྔ་མ་བཞིན་དུ་སྤྱན་དྲངས་པ་ལ་ཡང་མཆོད་པ་སྔ་མ་ལྟར་བྱའོ། །དེ་ནས་གསོལ ་བ་གདབ་པ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ་ཞེས་བརྗོད་ལ་ལེའུ་གསུམ་པ་བཞིན་དབང་བསྐུར་བར་བསམ། གོང་གི་རང་གི་རིགས་ཀྱིས་དབུ་བརྒྱན་ནོ། །དེ་ནས་དབང་བསྐུར་བའི་སྔགས་བརྗོད་པར་བྱའོ། །དེ་ནས་རང་གི་ཐུགས་ཀ་ནས་གཽ་རཱི་བྱང ་ཆུབ་ཀྱི་སེམས་འཛིན་པ་ལ་སོགས་པ་སྤྲོས་ཏེ། ལྷ་མོ་བཅུ་དྲུག་གིས་བདག་དང་དཀྱིལ་འཁོར་གྱི་ལྷ་རྣམས་མཆོད་ནས་མཆོད་པའི་སྔགས་ཀྱང་བརྗོད་དོ། །བསྟོད་པ་ལ་འབྱུང་བ་རྣམས་བརྗོད་ལ། བསྟོད་པའི་སྔགས་ཀྱང ་བརྗོད་དོ། །བདུད་རྩི་མྱང་བ་ཡང་བྱ་སྟེ། ཡཾ་ལས་རླུང་དང་རཾ་ལས་མ། །ཀཾ་ལས་ཐོད་པ་རྣམས་གསུམ་བསྐྱེད། །ཾ་ལས་ཐོད་པ་ཆེན་པོ་སྟེ། ཉི་ཟླ་ཁ་སྦྱོར་ནང་དུ་ནི། །ས་བོན་མིང་ནི་ཡི་གེ་ལས། །བདུད་རྩི་ལྔ་དང་ཤ་ལྔ་བསམ། །དེ་སྟེངས་ཧཱུཾ་ལས་རྡོ་རྗེ ་ནི། །ཁ་བཅད་རྒྱ་གྲམ་ཧཱུཾ་གིས་མཚན། །སྙིང་གའི་ཧཱུཾ་ལས་འོད་ཟེར་སྤྲོས། །རྒྱ་གྲམ་ཧཱུཾ་གིས་བ་དན་བསྐྱོད། །མེ་སྦར་རྫས་རྣམས་ཞུ་བ་ལས། །ོཾ་ལས་འོད་བྱུང་ཡེ་ཤེས་ཀྱི། །བདུད་རྩི་བཀུག་ནས་རྡོ་རྗེ་ཞུ། །དེ་ཉིད་གསུམ་གྱིས་བྱིན་གྱིས་བརླབས། ། ་དཀྱིལ་འཁོར་བ་ཡི་ལྷ་རྣམས་ཀྱིས། །ལྗགས་ལ་རྡོ་རྗེ་ནས་འབྲུ་ཙམ། །བསམས་ཏེ་སོ་སོར་རང་སྔགས་ཀྱིས། །བརྗོད་པས་བདུད་རྩིས་ཚིམ་པར་བསམ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲི་ཏ་སུ་སཏྭཱ་ནཱཾ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། དེ་ནས་ནག་པོ་རབ་ཏུ་བསྒོམ་ཞེས ་བྱ་བ་ལ་སོགས་པ་ཁ་དོག་དྲུག་གི་རྣལ་འབྱོར་དང། ཕྲ་མོའི་རྣལ་འབྱོར་ལེའུ་བརྒྱད་པ་ལྟར་བསྒོམས་ལ། རྫོགས་པའི་རིམ་པ་ནི་ཕྱག་རྒྱ་ཆེན་པོའི་གདམས་ངག་གཾ་ཨ་བ་དྷཱུ་ཏཱི་རྣམས་གསུམ་གྱི་མན་ངག་གམ། གཏུམ་མོ་ལ་སོགས་པ་གང་ཡང་རུང་བ ་གཅིག་བསྒོམས་ལ་དག་པ་རྗེས་སུ་དྲན་པ་དང་སྔགས་བཟླས་པ་དང་གོང་དུ་བཤད་པའི་གཏོར་མ་ཡང་བཏང་བར་བྱ་སྟེ། ཐུན་བཞིའི་རིམ་པས་བསྒོམ་པར་བྱའོ། །དེ་ལ་རྟགས་ལ་སོགས་སྦྱར་བ་དང། སྤྱོད་པའི་རིམ་པ་སྔར་བསྟན་པ་བཞིན་དུ་བྱའོ། །ད་ནི ་དེ་ལ་སྔགས་བསྟན་པ་ནི་བོ་ལ་བཞི་པར་མཛད་ནས་ནི་ཞེས་བྱ་བ་ལ་སོགས་པ་ངོ་མི་ཆོགས་པས་ཁྱེད་ལ་བཤད་ཅེས་བྱ་བ་ལ་སོགས་པ་ནི་ཕན་ཡོན་དང་བཅས་པའི་སྔགས་བརྗོད་པར་ཞལ་གྱིས་བཞེས་པའོ། །འབར་བའི་ཕྲེང་བ་འཁྲུག་པ་ཡི། །དཀྱིལ ་འཁོར་རབ་ཏུ་བཞེངས་ནས་ནི། ཞེས་བྱ་བ་ཟླ་བ་ལྟ་བུའི་བསམ་གཏན་དང། ཆུ་ཟླ་ལྟ་བུའི་དཀྱིལ་འཁོར་པ་བསྒོམས་ལ། སྒྲ་རིང་བ་དང་བཟང་བ་ཡིས་ཞེས་པ་ནི། སྒྲ་བརྙན་པ་ཕྲག་ཆ་ལྟ་བུའི་བཟླས་པ་སྟེ། བཟླས་པ་འབུམ་གྱིས་རྣལ་འབྱོར་བདག་ཅེས་པ་ནི་བསྙེན་པའི ་གྲངས་བཟླས་པ་ཁྲི་ཡིས་བསལ་བ་དང་ཞེས་པ་དང། སྒྲུབ་པའི་གྲངས་སོ། །རིག་བྱེད་རྣམས་ཀྱི་དང་པོ་སྦྱིན་ཞེས་པ་ནི་སྔགས་བཏུ་བ་སྟེ། རིག་བྱེད་ནི་བཞི་སྟེ། མཆོད་སྦྱིན་གྱི་རིག་བྱེད་དང། སྙན་དངགས་ཀྱི་རིག་བྱེད་དང། སྲིད་སྲུང་གི་རིག་བྱེད་དང། དེས་བརྗོད ་ཀྱི་རིག་བྱེད་དེ། དེ་ནས་ཨོཾ་ལས་འདྲེན་པའོ། །ཟླ་ཕྱེད་ཐིག་ལེས་རྣམ་པར་བརྒྱན་པ་ནི་ཨོཾ། དེ་ནས་ནི་སྔགས་རིལ་པོར་བཏུས་བ་སྟེ། ཨོཥྚཱ་ལ་སོགས་པའོ། །འདིར་དགོངས་པ་ནི་གཙོ་བོ་དང་འཁོར་གྱིས་གྲངས་ནི་སྔར་བསྟན་ཟིན་ཏོ། །གཙོ་བོ་བཟླས་བ་ལ་ཞི་བ་དང ་ཁྲོ་བོའི་སྟེ། ཞི་བའི་སྔགས་ཀྱི་ལེའུར་བཤད་ཟིན་ནོ། །ཁྲོ་བོའི་འདི་ཡིན་ཏེ། འབྲས་བུ་ཧེ་རུ་ཀའི་ང་རྒྱལ་གྱི་བཟླས་པ་བྱའོ། །སྔགས་ཀྱི་འབྲས་བུའི་དོན་ནི་གཞན་དུ་ཤེས་པར་བྱའོ། །དེ་ནས་ལྷ་མོ་དེ་དགྱེས་ནས་ཞེས་པ་ལ་སོགས་པ་སྒྲུབ་པའི་དཀྱིལ་འཁོར་ཞུས ་པའོ། །དེ་ལ་སྟོན་པ་ཞེས་པ་ནས་ཉིད་ཀྱི་དཀྱིལ་འཁོར་བྲི་པར་མཛད་ཅེས་པ་ནི་སྔོན་བྱུང་དང་རྗེས་སུ་འཇུག་པ་རྣམ་པ་གཉིས་ཏེ། སྔོན་འབྱུང་དུ་ཁྲོ་ཆགས་རྣམ་པ་གཉིས་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོས་དཀྱིལ་འཁོར་བྲི་བ་བསྟན་ཏོ། །རྗེས་སུ་འཇུག་པ་ནི་ཉིད་ཀྱི་ཞེས ་པས་གང་ཟག་བཞིའི་རིམ་པ་སྟོན་ཏེ། ཐོས་བསམ་གྱི་མཐར་ཕྱིན་པའི་རྟགས་མ་ཐོབ་ཀྱི་བར་དུ་ལས་དང་པོ་པའི་གང་ཟག་ཡིན་ཏེ། རང་ཉིད་ཀྱིས་དཀྱིལ་འཁོར་ལ་སོགས་པའི་ལས་ཐམས་ཅད་བྱའོ། །གཉིས་པ་གསུམ་པ་ཕབ་སྟེ། སྲི་ཞེས་པ་ཅུང་ཟད ་ཡེ་ཤེས་ལ་དབང་པོ་སྤྲིན་དང་འདྲ་བའི་རྟགས་དང། མངོན་པར་ཤེས་པ་གཅིག་ཙམ་ཐོབ་པ་དང། གསུམ་པ་ཡེ་ཤེས་ལ་དབང་བའི་རྟགས་ནི་དུ་བ་དང། སྲིན་བུ་མེ་ཁྱེར་དང་མངོན་པར་ཤེས་པ་གསུམ་ཙམ་ཐོབ་པ་དང། ཁྱེའུ་དང་བུ་མོ་གཞོན་ནུ་མ་ལས ་ཡེ་ཤེས་ཕབ་སྟེ་འབྲི་རུ་གཞུག་གོ་།ཡང་དག་པའི་ཡེ་ཤེས་ལ་དབང་བའི་རྟགས་ནི་ནམ་མཁའ་ལྟ་བུ་མཐོང་བ་དང། མངོན་པར་ཤེས་པ་ལྔ་ཐོབ་པས་དཀྱིལ་འཁོར་སྤྲུལ་ལ་དབང་བསྐུར་བར་བྱའོ། །ཞེས་བྱ་བའི་དོན་ཏོ། །དེའི་དོན་ནི ་འདི་ཡིན་ཏེ་སྔར་བསྟན་པས་བསྙེན་པ་རྫོགས་ནས། དེ་ནས་སྒྲུབ་པ་ནི་སའི་ཆོག་དང་སྟ་གོན་གྱིས་ཆོ་ག་དང་དབང་བསྐུར་བའོ། །དེ་ལ་སའི་ཆོ་ག་ནི་ལེའུ་བཅུ་པ་ནས་བཤད་པ་བཞིན་དུ་བྱས་ལ། སྟ་གོན་དུ་གནས་པ་དང། བུམ་པ་དང་སློབ་མ་སྟ་གོན ་དུ་གནས་པའོ། །ལྷའི་སྟ་གོན་ནི་བརྟག་པ་ཕྱི་མའི་ལེའུ་དང་པོར་བཤད་པ་ལྟར་བྱའོ། །བུམ་པ་སྟ་གོན་རྣམ་གྲངས་ནི་རྒྱས་པར་བསྡུས་ན་བཅུ་འམ་དྲུག་སྟེ། རྣམ་པར་རྒྱལ་བ་དང། ལྷ་མོ་བརྒྱད་ཀྱི་བུམ་པ་དང། ལས་ཐམས་ཅད་པ་དང་བཅུའོ། །ཡང་ན ་རྣམ་རྒྱལ་གཙོ་བོའི་བུམ་པ་དང་ལྷ་མོ་བརྒྱད་པོ་རིགས་བཞིན་དུ་བསྡུས་ལ་ལྔ་ལས་ཐམས་ཅད་པ་དང་དྲུག་གོ་།གང་བའི་བུམ་པ་ནི་གཅིག་པར་ཤེས་པར་བྱའོ། །ལྷ་སོ་སོའི་མཚན་མས་མཚན་པ་ལས་བུམ་པ་རིན་པོ་ཆེའི་བུམ་པ་འམ། གཞལ་ཡས ་ཁང་དུ་བསྐྱེད། པཾ་ལས་པདྨ་འདབ་བརྒྱད་བསྐྱེད་ལ། རྣམ་པར་རྒྱལ་བའི་བུམ་པར་ས་བོན་ཙམ་ལས་ལྷ་ཚང་བར་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་ལ་མཆོད་བསྟོད་བཟླས་པ་བྱས་ལྟ་ཞུ་བར་བསམ་མོ། །གཞན་དག་ལ་ལྷ་རེ་རེའམ། ལྟ་གཉིས ་གཉིས་བསྐྱེད་ལ་ཆོ་ག་སྔ་མ་བཞིན་བྱའོ། །དེ་ནས་སློབ་མའི་སྟ་གོན་ནི་ཁྲུས་བྱས་ཏེ་ཀུན་གྱིས་མཎྜལ་ཕུལ་ལ། དགའ་ཆེན་ཁྱོད་བདག་སྟོན་པ་བས་ཞེས་བྱ་བ་ལ་སོགས་པས་གསོལ་བ་གདབ་པ་དང། བུ་ཚུར་ཐེག་པ་ཆེན་པོ་ཞེས་བྱ་བ་ལ ་སོགས་པས་སྤྲོ་བ་བསྐྱེད་ལ། བདུན་རྣམ་པར་དག་པས་སྦྱད་བར་བྱ། དེ་ནས་ཐུབ་པ་ཉི་མ་མ་ལུས་ཞེས་བྱ་བས་སྡོམ་པ་ལ་གསོལ་བ་གདབ། རྟོག་པ་རྣམས་ནི་ལེགས་པར་བསྡུས་ནས་མི་ཞེས་བྱ་བ་ལ་སོགས་པས་ནི་སྡོམས་པ་བཤད། སྡོམ་པ ་དབོག་གོ་།དེ་ནས་སེམས་བསྐྱེད་པ་གསང་བ་སྟ་གོན་ལས་གནས་ཏེ་མཆོད་པར་བྱའོ། །དེ་ནས་སོ་ཤིང་དོར་བའི་ཆོ་ག་བྱ། ཧུབ་གསུམ་གྱིས་ཆུ་བླུད། ཀུ་ཤ་སྦྱིན་སྲུང་སྐུད་གདགས་ལ་ཟབ་ཅིང་རྒྱ་ཆེ་བའི་ཆོས་བཤད་པར་བྱའོ། །དེ་ནས་སྦྱོར་ལ་སྦྱིན་སྲེག་གི་ལྷག ་པར་གནས་པར་ཡང་བྱའོ། །རྨི་ལམ་མ་བརྗོད་པར་བསྒོས་ལ་ཉལ་ཁང་དུ་གཏང། དེ་དག་གིས་ཆོ་གར་བྱ་བ་ནི་མཚོ་སྐྱེས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ལྟར་ཤེས་པར་བྱའོ། །དེ་ནས་ནང་པར་སྔར་ལངས་ལ་རྨི་ལམ་བརྟག་།མཆོད་བསྟོད་བྱ་སྟེ། སྟ་གོན་གྱི་དཀྱིལ ་འཁོར་ནམ་མཁའ་ལ་བཏེག་ལ་ཉི་ཟླ་ཁ་སྦྱར་དུ་བཅུག་ལ། དབྱངས་ཡིག་གིས་རྒྱས་གདབ་པར་བྱའོ། །ཐིག་དང་ཚོན་ནི་ལེའུ་བཅུ་པ་ལྟར་ཤེས་པར་བྱའོ། །དཀྱིལ་འཁོར་གྱི་མཚན་ཉིད་བསྟན་པ་ནི། འཕར་མ་གཅིག་དང་སྒོ་བཞི་བ་ཞེས་བྱ་བ་ནས། བརྒྱད་པ་ཟེ་བ ་བཅས་པར་བྲི་ཞེས་བྱ་བའི་བར་དུ་དཀྱིལ་འཁོར་གྱི་རྣམ་དག་སྔར་བཞིན་ཤེས་པར་བྱའོ། །དེ་ནས་མཚན་མ་ཙ་ཀ་ལི་དགོད་པ་ནི་སྙིང་པོས་སྐྱེས་པའི་ཐོད་པ་ཉིད། །མདོག་དཀར་ཆ་ནི་གསུམ་པ་བྲི། །དེའི་རྗེས་སུ་དབུས་སུ་ཐོད་པ་དཀར་པོ་ཡང་ཚིག་གཉིས་སྦྱར་རོ། །དེ་ནས ་དབང་ལྡན་དུ་ནི་ཤ་ར་བ་ཞེས་བྱ་བ་ནས་ཕྱག་མཚན་བརྒྱད་དུ་རབ་ཏུ་གྲགས་ཞེས་པ་སྟེ་རང་རང་གི་སྔགས་ལ་དེ་ཉིད་གསུམ་སྤེལ་ཞིང་ལྷ་རུ་མོས་པ་དགོད་པར་བྱའོ། །ད་ནས་བུམ་པ་དགོད་པ་ནི་དེ་ནས་རྣམ་རྒྱལ་ཉིད་ཅེས་བྱ་བ་ལ་སོགས་པ་བུམ་པའི་ཡོ་བྱད་ཐམས ་ཅད་གསོས་གདབ་སྟེ། སྟ་གོན་གྱི་གནས་རོལ་མོ་དང་བཅས་པས་སྤྱན་དྲངས་ལ་རྣམ་པར་རྒྱལ་བའི་བུམ་པ་ནི་གཙོ་བོའི་སྤྱན་སྔར་བཞག་པར་བྱའོ། །བུམ་པ་གཞན་རྣམས་ནི་རང་རང་གི་གནས་ལ་ཉེ་བར་བཞག་གོ་།ལས་ཐམས་ཅད་པའི་བུམ་པ་ནི་སྒོའི ་གཡས་ཕྱོགས་སུ་དགོད་པར་བྱའོ། །དེ་བཞིན་དུ་མཆོད་པ་ཐམས་ཅད་ཀྱང་ཉེ་བར་བཤམ། བླ་རེ་དང་རྒྱན་དང་གདུགས་དང་བ་དན་ལ་སོགས་པ་དང་རྟ་བབ་དང་རོལ་མོ་པ་དང་ན་བཟའ་ཨི་བྱེ་བྲག་ཐམས་ཅད་ཀྱང་ལྷ་རྣམས་ལ་རས་ཟུང་རེ་རེ་དབུལ་བར་བྱའོ། །དེ ་ནས་དཀྱིལ་འཁོར་བསྒྲུབ་པ་ནི། མང་དུ་བརྗོད་པ་ཅི་ཞིག་བྱ། ཇི་ལྟར་དེ་ཉིད་བསྡུས་པ་ཡི། དཀྱིལ་འཁོར་ཆོ་ག་དེ་བཞིན་དུ་ཞེས་བྱ་བ་ནི། སྤྱིར་དེ་དག་ཐམས་ཅད་མཐུན་པར་ཤེས་པར་བྱའོ། །ཁྱད་པར་ནི་དཀྱིལ་འཁོར ་གྱི་ཤར་སྒོ་རུ་སྟན་བདེ་བ་འདུག་སྟེ། ཡན་ལག་དྲུག་གི་རྣལ་འབྱོར་རམ་སྦྱོར་བ་རྣམ་པ་གསུམ་བཟླས་པའི་བར་དུ་བྱ་བ་ནི་བདག་ཉིད་ལྡན་པ་ཕུན་སུམ་ཚོགས་པའོ། །དེར་དཀྱིལ་འཁོར་གྱི་ལྷ་རྣམས་ས་བོན་ཕྱག་མཚན་ཙམ་ལས་བསྐྱེད་པ་ཡེ ་ཤེས་ཀྱི་དཀྱིལ་འཁོར་དགུག་།སྐྱེ་མཆེད་བྱིན་གྱིས་བརླབ། སྐུ་གསུང་ཐུགས་བྱིན་གྱིས་བརླབ། མཆོད་བསྟོད་རྒྱས་པར་བྱ། བདུད་རྩི་མྱང་བ་བཟླས་པའི་བར་དུ་བྱའོ། །དེ་ནས་སློབ་མས་མཎྜལ་བྱས་ལ་གསོལ་བ་གདབ་པ་དང། ཆོ་ག་རྣམས་ནི ་སྟ་གོན་གྱི་སྐབས་བཞིན་འདིར་བྱའོ། །དེ་དག་ཐུན་མོང་གི་ཆོ་ག་ཐམས་ཅད་ནི་ཇི་ལྟར་དེ་ཉིད་བསྡུས་པ་ལྟར་བྱའོ། །ཁྱད་པར་གྱི་ཆོ་ག་ནི་ལེའུ་བཅུ་པར་བསྟན་པ་བཞིན་ནོ། །འཇུག་པའི་ཆོ་ག་ལ་དམ་ཚིག་བསྒྲགས་མནའ་ཆུ་བླུད། །དེ་ནས་ཡེ་ཤེས་དབང ་པ་དང། མེ་ཏོག་དོར་བ་དང། དཀྱིལ་འཁོར་གྱི་ལྷ་ངོ་བསྟན་ནས། དཀྱིལ་འཁོར་གྱི་དེ་ཉིད་དང། ལྟའི་དེ་ཁོ་ན་ཉིད་བཅས་པ་ནི་འཇུག་པའི་རིམ་པའོ། །དེ་ནས་དབང་བསྐུར་བ་ལ་ཁྱད་པར་དུ་ཡི་དམ་གྱི་ལྷའི་དབང་བསྐུར་བ་དང། བུམ་པའི་དབང ་བསྐུར་བ་ནས་བརྩམས་ནས་རྗེས་སུ་གནད་བ་ཐུན་མོང་དང་ཁྱད་པར་དང། དབུགས་དབྱུང་བ་དང་ལུང་བསྟན་པ་རྣམས་མཐུན་པར་བྱ་བ་ཡིན་ནོ། །དེ་ནས་ཁྱད་པར་གྱི་དབང་བསྐུར་ནི་གསད་བའི་དབང་སྔོན་དུ་སོང་བས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར ་བ་ལ་གཉིས་ཏེ་ཆགས་ཅན་གྱི་དབང་བསྐུར་བ་དང་ཆགས་བྲལ་གྱི་དབང་བསྐུར་ལུགས་སོ། །དང་པོ་བཤད་པ། བཅུ་གཉིས་བརྒྱད་གཉིས་ལོན་པ་ཡི། རིགས་མ་བདེ་ཆེན་བརྒྱད་པོ་ཉིད། ཅེས་བྱ་བ་ལ་སོགས་པ་ནི་ན་ཚོད་ཀྱི་ཡོན་ཏན་དང། ་རིགས་ཀྱི་ཡོན་ཏན་དང། སྦྱངས་པའི་ཡོན་ཏན་ལ་སོགས་པ་ནི་སྔ་མ་དང་འདྲ་བར་གཞུག་གོ་།མ་དང་སྲིང་མོ་ཉིད་དང་ཞེས་བྱ་བ་ལ་སོགས་པ་ནི་སྒྲ་ཇི་བཞིན་མ་ཡིན་པ་སྟེ། སློབ་དཔོན་གྱི་དབང་ནོད་པ་དང། རང་དང་ལྷན་ཅིག་དབང་ནོད་པ་དང། རང་གི་བུམ ་པའི་དབང་བསྐུར་བྱས་པ་དང། དེ་ལ་སོགས་པ་ཆོས་ཀྱིས་བསྡུས་པ་ཡིན་ནོ། །དམ་དུ་འཁྱུད་དང་འོ་བྱེད་པ་ལ་སོགས་པ་ནས་དེ་ལ་རྩེད་མོ་རྩ་བབ་བྱ་ཞེས་བྱ་བའི་བར་དུ་ནི་ཐུན་ཚོད་དང་པོའོ། །དེ་ནས་ཐུན་ཚོད་གཉིས་པ་ལ་ཞེས་བྱ་བ་ནས་སློབ་དཔོན་ལ་སོགས་རབ ་ཕྱེ་ཞེས་བྱ་བའི་བར་ནི་བྱ་བའི་རིམ་པ་སྟེ་མཆོད་པ་དང་བསྟོད་པ་དང་གསོལ་བ་གདབ་པ་སྔ་མ་བཞིན་དུ་བྱའོ། །དེ་ནས་དབང་བསྐུར་བ་དངོས་ནི་དེ་ཉིད་ལ་བསྟན་པར་བྱ། དགའ་བྲལ་དང་པོ་མཆོག་མཛའ་ཅན། ཐམས་ཅད་རྒྱུད་དུ་སྦས་པ་སྟེ། མཛའ་ཡིས་མཛའ་ཡི་ཕྱེ་བ ་ཉིད་ཅེས་བྱ་བ་ནི་རྒྱུད་ཀྱི་རིམ་པ་དང་སྦྱར་ཏེ་བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད་དང་རྣལ་འབྱོར་རྒྱུད་དང། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ། དང་པོ་རུ་བལྟ་བ་ཙམ་གྱིས་དགའ་བའི་ཡེ་ཤེས་སྦས་ཏེ་བསྟན་པའོ། །གཉིས་པ་རུ་ལྷ་རྣམས་ཕན་ཚུན་རྒོད་པ་ཙམ་གྱིས་མཆོག ་དགའ་ཨི་ཡེ་ཤེས་སྦས་ཏེ་བསྟན་པའོ། །གསུམ་པར་ནི་ལྷ་དམ་ཚིག་སེམས་དཔའ་དང། ཡེ་ཤེས་སེམས་དཔའ་ཕྱག་རྒྱ་འཁྱུད་པ་ཙམ་གྱིས་དགའ་བྲལ་གྱི་ཡེ་ཤེས་སྦས་ཏེ་བསྟན་ཏེ། །འདིར་ནི་ཀུན་ཏུ་རུ་ཡིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཏན་ལ་ཕབ་སྟེ་བསྟན་ཏོ། ། ་ཡང་དང་པོ་དགའ་བ་ལམ་ནས་ཞུགས་པ་ཡིན་ནོ། །གཉིས་པ་མཆོག་དགའ་གཉེན་པོ་དང་ལྡན་པ་ཡིན་ནོ། །གསུམ་པ་དགའ་བྲལ་གཉེན་པོར་གྱུར་པ་སྟེ། མི་མཐུན་པ་བྲལ་བ་ཡིན་ནོ། །བཞི་པ་ལྷན་ཅིག་སྐྱེས་པ་སྟེ། གཉེན་པོ་འབའ་ཞིག་གི་ངོ་བོ་ཡིན་ནོ། །དེ་ནས ་ཆགས་བྲལ་གྱི་དབང་བསྐུར་བ་བསྟན་པ་ནི། རྡོ་རྗེ་མཆོད་པས་ཡང་སྦྱར་ནས་ལྷ་དེ་ཞེས་བྱ་བ་ལ་སོགས་པ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཞེས་བྱ་བ་ནི་ལན་ཏེ། དེར་མི་ཐོག་མ་ཐ་མ་མེད། སྲིད་མེད་མྱ་ངན་འདས་པ་མེད། །འདི་ནི་མཆོག་ཏུ་བདེ ་ཆེན་ཉིད། །བདག་མེད་གཞན་ཡང་མེད་པ་ཉིད་ཅེས་པ་སྟེ་འདིས་ནི་བྱ་རོག་གི་མིག་དང་འདྲ་བར་སྔ་མ་དང་ཕྱི་མ་གཉིས་ཀྱིས་དོན་གཏན་ལ་འབེབས་ཏེ། ཤེས་བྱའི་དབང་དུ་བྱས་ཏེ་བཤད་པ་དང། སྔ་ཕྱིའི་དོན་ལྷན་ཅིག་སྐྱེས ་པར་གཏན་ལ་དབབ་པ་དང། རྫོགས་པའི་རིམ་པ་མངོན་རྟོགས་ཅིག་ཅར་སྟོན་ཏོ། །དབང་པོ་ནི་ཐོག་མ་དངོས་པོ་སྐྱེ་བར་མ་གྲུབ། དབུས་གནས་པ་མ་གྲུབ་ཐ་མ་འགག་པར་མ་གྲུབ། སྲིད་མེད་འཁོར་བའི་དངོས་པོ་ཐམས་ཅད་ཀྱང་མི་གནས་སོ། །མྱ་ངན་ལས ་འདས་པར་ཡང་མི་གནས་སོ། །བདག་དང་གཞན་མེད་པ་སྟེ་གཟུང་དང་འཛིན་པའི་དངོས་པོ་ཡང་མེད་དོ། །འདིར་ནི་མཆོག་ཏུ་བདེ་ཆེན་ནི་འབྲས་བུའི་མཚན་ཉིད་དེ། མ་བཅོས་པའི་རང་བྱུང་གི་ཡེ་ཤེས་ཆེན་པོ་སྟོན་ཏོ། །ཡང་ཐོག་མར་དགའ་བ། དབུ་མ་མཆོག་ ་དགའ་ཨི་ཐ་མ་དགའ་བྲལ་ལོ། །སྲིད་མེད་མྱ་ངན་འདས་མེད་ནི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། འཁོར་བ་མྱ་ངན་ལས་འདས་པ་དབྱེར་མེད་པའོ། །འདི་ནི་མཆོག། བདེ་ཆེན་ཉིད་ནི་ཟག་པ་མེད་པའི་དོན་གྱི་ཡེ་ཤེས་མཚོན་པའོ། །བདག་མེད་གཞན་མེད ་ཅེས་བྱ་བ་ནི་བདག་གཞན་གྱི་རྟོགས་པ་འགགས་པའོ། །ཡང་སྲིད་མེད་ཅེས་པ་ཕྱི་སྣོད་ཀྱི་འཇིག་རྟེན་དང། །ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་བརྟེན་པའི་དཀྱིལ་འཁོར་དུ་བསྡུ། མྱ་ངན་ལས་འདས་པ་མེད་ཅེས་པ་ནི། རྟེན་དང་བརྟེན་པའི་དཀྱིལ ་འཁོར་ཧེ་རུ་ཀ་དང་བདག་མེད་མར་བསྡུས་པའོ། །བདག་མེད་གཞན་མེད་ནི་བདག་མེད་མ་ཡང་ཧེ་རུ་ཀ་ལ་བསྡུ་བའོ། །དེར་ཐོག་མ་དབུས་མཛའ་མེད་ནི་ཐུགས་ཀའི་ཟླ་བ་དང་ཉི་མ་ནི་དབུས་ཀྱི་ཡི་གེ་ཧཱུཾ་ལ་བསྡུ་བའོ། །ཧཱུཾ་ཡང་ཞབས་ཀྱུ་ལ་དེ་བ་ལ་ལ ་ཡང་ཧ་ལའོ། །ཧ་ནི་ཟླ་ཚེས་ནི་ཐིག་ལེ་ལའོ། །ཐིག་ལེ་ནཱ་ད་མར་མེ་ལྟར་ཕྲ་བའོ། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད་ཅེས་བྱ་སྟེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྤྲོས་པ་ཐ་དད་དང་བྲལ་བ་བསྒོམ་པའོ། །ད་ནི་དབང་བསྐུར་པའི་ཐབས་བསྟན་པ་ནི་གཅིག ་ལོངས་སྤྱོད་ཀྱི་ནི་རླབས་ཉིད་ལ། རང་གི་གཡས་དང་ལག་གཞན་གྱིས། མཐེ་བོང་དང་ནི་སྲིན་ལག་གང། ད་ནི་རྣལ་འབྱོར་པ་ཡིས་བཙིར་ཞེས་པ་ལ་ལ་ནཱ་དང་ར་ས་ནཱ་གཉིས་རང་གི་ལག་པ་དང། བླ་མའི་ལག་པས་བཙིར་བ་སྟེ། དེ་ལས་དགའ་བ་བཞིས་རིམ་གྱིས་ཡེ་ཤེས ་སྐྱེ་བར་འགྱུར་རོ། །དེ་ལ་ཅི་ཞིག་སྐྱེ་ཞེ་ན། གཞོན་ནུའི་དགའ་བ་ཇི་ལྟ་བ་འམ། ལྐུགས་པའི་རྨི་ལམ་ཇི་ལྟ་བ། ཞེས་བྱ་སྟེ། ཉམས་སུ་མྱོང་པ་བརྗོད་དུ་མེད་པའི་དཔེའོ། །ཇི་ལྟར་མཚོན་དུ་བཏུབ་ཅེ་ན། མཆོག་གི་མཛའ་དང་དགའ་དྲལ་དབུས། སྟོང་དང་སྟོང་མིན་ཧེ་རུ་ཀ་ཤེས ་པ་སྟེ། མཆོག་གི་མཛའ་ནི་མཆོག་དགའ་བའོ། །དགའ་བྲལ་དབུས་ནི་དགའ་བྲལ་ཡང་ཡིན་ལ། དབུས་ཡིན་ཏེ་མཆོག་དགའ་ཨི་རྗེས་ལ་ཞེས་བྱའོ། །ཐ་མ་ནི་ལྷན་ཅིག་སྐྱེས་པ་སྟེ། དེའི་དོན་སྟོང་དང་ཞེས་པ་རྣམ་པར་ཐར་པའི་སྒོ་གསུམ་མོ། །སྟོང་མིན་ནི་གཉིས་སུ་མེད་པའི་ཡེ ་ཤེས་ཏེ་དཔལ་ཧེ་རུ་ཀ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ནི་དགའ་བྲལ་དབུས་ཞེས་བྱ་བ་ནི་དགའ་བྲལ་ཐ་མར་ཏེ། གསུམ་པར་ལྷན་ཅིག་སྐྱེས་པ་ཡིན་ཞེས་ཟེར་རོ། །འདི་ལ་བརྟག་པ་མང་དུ་ཡོད་མོད་ཀྱི་ཀྱང་སྤྲོས་པ་མང་དུ་དོགས་པས་མ་བྱས་པའོ། །དབང་དེ་རྣམས་བསྐུར ་བའི་ཐབས་ནི་བླ་མ་ལས་ཤེས་པར་བྱའོ། །ལེའུ་ལྔ་པའི་བཤད་པའོ།། །།ད་ནི་བྲིས་སྐུ་དང་གླེགས་བམ་ལ་སོགས་པའི་མཚན་ཉིད་ཇི་ལྟར་བྱ་བ་དང་ཆོ་ག་ཇི་ལྟར་བྱ་བ་དང་ཚོགས་ཀྱི་འཁོར་ལོ་སྔར་འདུ་བ་ལ་སོགས་པའི་གནས་བསྟན་ཀྱང ་མངོན་རྟོགས་པ་མ་བསྟན་པས་ལེའུ་གཉིས་གསུངས་སོ། །ལྷ་མོ་ལ་ནི་དམ་འཁྱུད་ཅིང་ཞེས་བྱ་བ་ནས། མཉམ་སྦྱོར་བདེ་བ་མྱོང་མཛད་ནས་ཞེས་པའི་བར་གྱིས། གཙོ་བོ་ཆགས་པ་དང་ཁྲོ་བོའི་ཚུལ་གྱིས་གསུངས་པའོ། །ཕྱག་རྒྱ་ལྔ་ནི་རབ་ཕྱེ་ཞེས་པ་ནས་སངས ་རྒྱས་ལྔའི་ཕྱག་རྒྱས་གདབ་ཅེས་པའི་བར་ནི་དགོངས་པ་དང། ཕྱག་རྒྱ་ལྔའི་རྣམ་དག་གོ་སླ་བ་དང། སྔར་བཤད་དོ། །དེ་ནས་རབ་ཏུ་བཞད་མཛད་ཅིང་བྱ་བ་ནས་བྱེད་པ་བདེ་བ་ཆེན་པོ་གསུངས་ཀྱི་བར་གྱིས་བྲིས་སྐུའི་བྱ་བ་དང་ཆོ་ག་ཞུས་པའོ། །བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་ཞེས་པ་ནས་འདིར་ནི་འདྲི་མཁན་དམ་ཚིག་ཅན་ཞེས་པ་ལ་སོགས་པས་སྒྲུབ་པ་པོ་དང་རི་མོ་མཁན་དང་རས་ཡུག་འཁལ་བ་དང་འཐག་པའི་བར་ཀྱང་དམ་ཚིག་ཅན་གྱིས་བྱའོ། །དབེན་པའི་གནས་སུ ་ཚོན་ཀྱོད་དང་པིར་ལ་སོགས་ཏེ། མཆོད་པ་དང་ཚོགས་ཀྱི་འཁོར་ལོ་ཅི་འབྱོར་པ་བྱའོ། །དེ་ནས་དེ་ལ་ལྷ་མོས་ཞུས་ཞེས་པ་ལ་སོགས་པ་ལེའུ་བདུན་པ་སྦྱར་ཏེ། གླེགས་བམ་ཇི་ལྟ་ཇི་ལྟར་བྱ་བ་སྔ་མ་དང་འདྲ་སྟེ་གོ་སླའོ། །བྷ་གར་ལིང་ག་རབ་གནས ་ཞེས་བྱ་བ་ནས། སྒྲུབ་པ་ཅན་གྱི་དངོས་གྲུབ་འགྱུར་གྱི་བར་གྱིས་ཚོགས་ཀྱིས་དགོས་པ་བསྟན་ཏོ། །ལེའུ་གཉིས་གཅིག་ཏུ་བསྐོར་ཏེ་མངོན་རྟོགས་སུ་ཤེས་པར་བྱེད་པའི་ཚེ། ཚོགས་ཀྱི་འཁོར་ལོར་འདོད་པ་དང། ལ་ལ་དག་སྤྲོས་བཅས ་ཀྱི་སྤྱོད་པར་ཡང་བཞེད་དོ། །དེ་ལ་ཚོགས་ཀྱི་འཁོར་ལོ་ནི་བཞི་སྟེ། ཕན་ཡོན་དང། གནས་དང། ཟླ་བ་དུས་དང། འཇུག་པའོ། །དེ་ལ་ཕན་ཡོན་ནི་སྟོན་མོ་བཟའ་བ་འམ་ཚོགས་ལ་ཞུགས་པའི་དུས་སུ་སྒྲུབ་པ་དང་དངོས་གྲུབ་ཏུ་འགྱུར་ཏེ ་གདུལ་བྱ་བྲོད་པ་སྐྱེའོ། །གནས་ནི་དུར་ཁྲོད་ལ་སོགས་པའོ། །དུས་ནི་ཟླ་བ་ངོ་གཅིག་གི་བཅུ་བཞི་པ་འམ་མཚན་ཕྱེད་དམ་བསམ་པའི་ཁྱད་པར་ལྡན་པའོ། །འཇུག་པ་ལ་གཉིས་ཏེ། ཐུན་མོང་དང་ཁྱད་པར་རོ། །ཐུན་མོང་ལ་གསུམ ་སྟེ། གདན་བྲི་བ་ནི་གདན་ལ་རབ་འབྲིང་གསུམ་སྟེ། སྟག་གི་པགས་པ་དང། ཞིང་གི་པགས་པ་དང། དུར་ཁྲོད་ཀྱི་རས་ཏེ་རོ་རུ་མོས་པས་བྱའོ། རྒྱན་དགྲམ་པ་ལ་ཡང་གསུམ་སྟེ། ཐལ་ཆེན་གྱི་བྱུགས་པ་དང། ཞིང་དང་སྟག་གི་པགས་པ་དང། རུས་པའི ་རྒྱན་ནོ། །རྣལ་འབྱོར་པ་ལྷའི་ཚུལ་དུ་དགོད་པའོ། །ཐུན་མོང་མ་ཡིན་པ་ལ་དཔའ་བོའི་སྟོན་མོ་དང་ཚོགས་ཀྱི་འཁོར་ལོའོ། །དཔའ་བོའི་སྟོན་མོ་ལ་བཞི་སྟེ། སྡེར་དགོད་ཅིང་བཟའ་བའི་སྟོན་མོ་གཙོ་བོ་བསྟན་པ་དང། སྡེར་ལ་གསུམ་སྟེ། ཞིང་གི་པགས་པ། འབྲིང་དུ་འཁྲོད ་ཀྱི་རས་ཐ་མ་ཤིང་ལོའི་སྡེར་རོ། །ཇི་ལྟར་བཟའ་བའི་ཚུལ་ཚོད་མ་དང་བཅས་པ་དང། དེ་སྐད་དུ། ལྟོས་ཤིག་དགའ་བ་ཡི་ནི་ཆོས། །འདི་ལ་རྣམ་རྟོག་ཡོད་མ་ཡིན། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །རང་བཞིན་གཅིག་ལས་ལྷན་གཅིག་བཟའ་ཞེས་གསུངས་སོ། །བཏུང་བའི་གཙོ་བོ་སུ་ར་སྟེ ་ཅུང་ཟད་ཙམ་དང། ཇི་ལྟར་བཏུང་བའི་ཚུལ་སྣོད་དང་བཅས་པའོ། །ཚོགས་ལ་གཉིས་ཏེ་ལས་དང་པོ་པས་ཡོན་ཏན་དང་ལྡན་པའི་ཕྱག་རྒྱ་གཡས་སུ་འདུག་སྟེ་བསྒོམ་པ་དང། ལས་སྨིན་པས་བགྲོད་དང་བགྲོད་མིན་དུ་མཆོད་པས་འབྲས་བུ་དང་བཅས་པའོ། །འདིའི་དོན་ནི་མངོན་པར ་རྟོགས་པ་དམ་ཚིག་བསྒྲུབ་པ་དབང་བསྐུར་བ་དང་རབ་ཏུ་གནས་པ་དང། དངོས་གྲུབ་བསྒྲུབ་པ་དཔའ་བོ་སྟོན་མོ་ཙམ་དང་ག་ན་ཙཀྲ་ལ་བརྟན་པའོ། །ཚོགས་ཀྱི་འཁོར་ལོ་ནི་གནས་དབེན་པར་ཡོ་བྱད་རྣམས་འཚོགས་པར་བྱས་ཏེ། རྣལ་འབྱོར་མ་རྣམས་དང་ཕ། རྣམས་འཚོགས་པར་བྱས་ལ ་དང་པོར་བྱ་བའི་རིམ་པ་ཐིག་གདབ་པ་དང་མཎྜལ་བྱ་སྟེ། མཆོད་པ་བཤམས་ཏེ་གདན་རྣམས་ལ་རང་གི་རྒྱན་དང་བཅས་པ་ལ་སོ་སོར་དགོད་དོ། །དེ་ནས་ལས་ཀྱི་རྡོ་རྗེ་མཆོད་པ་ནས་ཚོགས་དང། ཚད་མེད་པ་དང་སྟོང་པ་ཉིད་དང་ར་བ་དང་དྲ་བ་དང་རྟེན་གྱི་རྣལ་འབྱོར་བསྒོམས་ཏོ། སྦྱོར་བ ་གསུམ་མ་ཡན་ལག་དྲུག་བསྒོམས་ལ། དེ་ནས་བླ་མས་དཀྱིལ་འཁོར་བསྒྲུབ་པའི་ཚུལ་དུ་རྣལ་འབྱོར་པ་རྣམས་ལྷར་བསྐྱེད་པ་དང་ཡེ་ཤེས་པར་བསྒྲུབ་པར་བྱའོ། །ཕྱོགས་མཆེམས་ཀྱི་རྣལ་འབྱོར་པ་རྣམས་ནི་རང་རང་གི་ལྷར་མོས་ཤིང་བསྐྱེད་ལ། དེ་ནས་ལས་ཀྱི་རྡོ་རྗེས་ཚོགས ་རླབས་སྤྱན་དྲངས་ལ་དབུལ་བའི་རིམ་པ་མཎྜལ་བྱས་ལ་རིམ་པ་བཞིན་དུ་དབུལ། །ཚོགས་དབུལ་བ་ལ་སློབ་དཔོན་གྱིས་བྱིན་གྱིས་བརླབས་པའི་གླུ་དང་གར་བྱའོ། །སློབ་མ་རྣམས་རང་རང་གི་མན་ངག་བསྒོམ་མོ། །དེ་ནས་ཅི་རིགས་པར་བྱའོ། །དབང་བསྐུར་རམ་རབ ་གནས་བྱེད་ན་དུས་དེར་བྱའོ། །དངོས་གྲུབ་སྒྲུབ་པ་ནི་ཡང་དང་ཡང་དུ་བྱའོ། །དཔའ་བོའི་སྟོན་མོ་ནི་ལྷའི་ང་རྒྱལ་ཙམ་གྱིས་བྱའོ། །ག་ན་ཙ་ཀྲའི་ལྡང་ཚད་ཡང་ཤེས་པར་བྱའོ། །ལེའུ་དྲུག་པ་དང་བདུན་པའི་བཤད་པའོ།། །།དེ་ནས་རྣལ་འབྱོར་མ་ཞེས་བྱ་བ་ ་ལ་སོགས་པས་བརྟགས་ནས་ལས་ཀྱི་ཕྱག་རྒྱ་ལ་ཕྱག་ཆེན་པོ་ཇི་ལྟ་བུ་ཞེས་བྲིས་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཞེས་པ་ལ་སོགས་པ་ལན་གསུངས་ཏེ། གང་ཟག་བཞི་ལས་ཆགས་ཅན་འདུལ་བ་ལ་དགོངས་ནས་ལྷ་མོ ་རིགས་བཞི་སྟེ། གླང་པོ་ཅན་དང་དུང་ཅན་དང་པདམོ་ཅན་དང་རི་མོ་ཅན་ཏེ། འདིར་ནི་པདྨ་ཅན་བསྟན་ཏོ། །རྡོ་རྗེའི་རིགས་དང་རིན་པོ་ཆེའི་རིགས་དང་པདྨའི་རིགས་དང་ལས་ཀྱི་རིགས་ཏེ་གོ་རིམས་བཞིན་དུ་སྦྱོར་རོ། །དེ་ནས་རྣལ་འབྱོར་མ་ལ་སོགས་པས་སྨོན་ལམ ་གདབ་པ་ཞུས་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི་དད་པ་ཅན་འདུལ་བ་སྟེ། བསྐྱེད་པའི་རིམ་པ་ལ་སྨོན་ལམ་གདབ་པ་དང། རྫོགས་པའི་རིམ་པ་ལ་གདབ་པའོ། །རིགས་སུ་སྐྱེ་དང་ཞེས་བླ་མ་ལ་འཇིག་རྟེན་པའི་རིགས་བཙུན་པ་འམ་ཡང་ན ་ཐེག་པ་ཆེན་པོའི་རིགས་ཅན་དུ་སྐྱེ་བ་དང། དམ་ཚིག་མ་ཉམས་པ་དང། དགྱེས་པའི་རྡོ་རྗེ་ཕྱིན་ཅི་མ་ལོག་པར་སྟོན་པ་དང་ལག་པ་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང། ཞེས་པ་སྟེ་ལུས་དང་ངག་དང་ཡིད་དེ། ལྷའི་རྣལ་འབྱོར་དང། བཟླས ་པ་དང། བསྒོམ་པ་དེ་དང་ལྡན་པའི་བླ་མ་དེ་འདྲ་བ་དང། སྐྱེ་བ་གང་དུ་སྐྱེས་དང་ཕྲད་པར་ཤོག་པའོ། །ཡང་ན་རང་ཉིད་དེ་བཞིན་སྐྱེ་བར་ཤོག་ཅེས་བྱའོ། །བཙུན་མོ་ཞུ་བ་ཞེས་བྱ་བ་ནི་ཐིག་ལེ་བསྒོམ་པ་དང། རྫོགས་རིམ་དེ་ཁོ་ན་བསྒོམ་པ་བླ་མ་དང་རང ་ཡང་དེ་དང་ཕྲད་པར་ཤོག་ཅེས་པའོ། །ལྷ་མོ་དེ་དགྱེས་ནས་ཞེས་པ་གཏི་མུག་ཅན་འདུལ་བའི་ཐབས་ཞུས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལན་ཏེ། དང་པོ་བསོ་སྦྱོང་སྦྱིན་པ་ནི་བསྙེན་གནས་གཟུང་བ་དགེ་ཚུལ་དང་དེ་ཅི་རིགས་པར་སྦྱིན་ནོ། །དེས ་རྗེས་བསླབ་པའི་གནས་བཅུ་ནི་མི་དགེ་བ་བཅུ་སྤོང་བ་བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་སྦྱིན་པའོ། །དེ་ལ་བྱེ་བྲག་སྨྲ་བ་བསྟན་པ་ནི་སོ་སོར་ཐར་པ་དང་ལྡན་པ་ལ་བྱེ་བྲག་ཏུ་སྨྲ་བའི་གྲུབ་མཛའ་བསྟན་ཏེ། གཟུང་བའི་ཡུལ་རྡུལ་ཕྲ་རབ་དང་ནང་འཛིན་པའི་སེམས་གཉིས་ཡོད་པར ་སྟོན་པའོ། །མདོ་སྡེ་པ་ཡང་དེ་བཞིན་ནོ་ཞེས་པ་དགེ་སློང་གི་སྡོམ་པ་དང་ལྡན་པ་ལ་མདོ་སྟེ་པའི་གྲུབ་མཛའ་བསྟན་པའི་ཕྱིར་གཟུང་བའི་ཡུལ་འདུས་པར་སྣང་ཞིང་ནང་འཛིན་པའི་སེམས་ཀྱང་ཡོད་དེ་རྣམ་པ་དང་བཅས་པ་དེ། སྦྱར་བ་དང་ནི་བསྐོར་བ་དང། པར་མེད་རྣམ་པར་གནས ་ཀྱང་རུང་ཞེས་བྱའོ། །དེ་ནས་རྣལ་འབྱོར་སྤྱོད་པ་བསྟན་ཞེས་པ་བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་དང་ལྡན་པ་ལ་སེམས་ཙམ་བསྟན་ཏེ། རྣམ་བཅས་དང་རྣམ་མེད་དེ་རྣམ་པ་སྣ་ཚོགས་པ་ཤེས་པ་གཅིག་ཏུ་བདེན་པའོ། །རྣམ་མེད་ནི་བརྟགས་ཏེ་ཤེས་པ་ཤེལ་དག་པ་ལྟ་བུར ་སྣང་བ་སྟེ། རིགས་པས་འགྲུབ་ཅིང་རིགས་པས་མི་གནོད་པར་འདོད་པའོ། །དེའི་རྗེས་སུ་དབུ་མ་བསྟན་པ་ནི་སྒྱུ་མར་སྨྲ་བ་དང་རབ་ཏུ་མི་གནས་པའོ། །སྒྱུ་མར་སྨྲ་པ་ནི་རྣམ་བཅས་ཡང་དག་པ་བཅད་ནས་ཡོངས་གཅོད་སྒྱུ་མར་འདོད། །རབ་ཏུ་མི་གནས་པ་ནི་སྤྲོས་པའི ་མཛའ་བཞི་བཅད་ནས་ཁས་ལེན་ཡང་མེད་པའོ། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས་ནི་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་རྒྱུད་དེ་ཕྱི་རོལ་དབྱིངས་ཀྱི་རྣལ་འབྱོར་བསྟན་པའོ། །དགྱེས་པའི་རྡོ་རྗེ་མཐར་ཐུག་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པ་བསྟན་པའོ། །དེ་སྐད་དུ། དང་པོ་ཞིང་ནི ་སྤྱོད་བའི་ཕྱིར། །དྲུག་ཅུ་པ་ཡིས་ཁ་ཟས་གདབ། །དེ་ནས་འབྲུ་རྣམས་རིམ་གྱིས་གདབ། །ཕྱི་ནས་འབྲས་དཀར་ས་བོན་ནོ། །བསླབ་ཚིག་ལྔ་པའི་རིམ་པ་ཡིས། །རྒྱུད་ནི་དེ་ལྟར་སྦྱང་བར་བྱ་ཞེས་གསུངས་སོ། །ལེའུ་བརྒྱད་པའོ།། །ད་ནི་ཞེ་སྡང་ཅན་གྱི་གང་ཟག ་གདུལ་བའི་དོན་དུ་དེ་ནས་ཁ་སྦྱར་འབྱེད་པའི་མཚན་ཉིད་ཡང་དག་རབ་ཏུ་བཤད་ཅེས་བྱ་བ་ཤལོ་ག་གཅིག་གིས་དགོས་པ་བསྟན་ནོ། བསྟན་པ་ལ་གནོད་པ་བྱེད་པ་དང་ཞེས་པ་ཚིག་གསུམ་གྱི་ཡུལ་གྱི་གནང་བ་བསྟན་ཏོ། །སྙིང་རྗེས་བསད་པར་བྱ་བ་ཉིད་ཅེས་བྱ་བ ་ནི་བསམས་པས་གནད་བའོ། །བསྒྲུབ་བྱའི་རྩ་བ་ལ་ཞེས་བྱ་བ་ལ་སོགས་པ་ནི་སྦྱོར་བར་གནང་བའོ། །སངས་རྒྱས་ཀྱང་མི་ངེས་པར་འཇིག་ཅེས་པ་ནི་སངས་རྒྱས་ཀྱི་བསྲུང་བ་ཡང་འཇིག་ཅེས་བྱའོ། །དམན?་ལ་དོར་བ་ཚིག་གོ་།དེའི་ལམ་དུ་ཁབ་ནི་མེ་ཞེས་བྱ་བ་ལ་སོགས་པས་ནི་ཤེས ་པ་སྤྱོད་པ་བསྟན་པའོ། །སྔགས་དང་བསམ་གཏན་ཙམ་གྱིས་བསད་པར་བྱའོ། །སྦྱིན་སྲེག་དང་འཁོར་ལོ་དང་ཕྱག་རྒྱ་དང་རྫས་ཀྱི་སྦྱོར་བ་རྣམས་ནི་སྦྱོར་བས་གནང་བའོ། །མན་ངག་གི་རིམ་པ་ནི་བླ་མ་ལས་ཤེས་པར་བྱའོ། །དེའི་འཐད་པ་ནི་བརྗོད ་བྱ་ནུས་པ་དང་ལྡན་པ་དང། རྗོད་བྱེད་ནུས་པ་དང་ལྡན་པ་སྟེ། རྟོག་མེད་དངོས་གྲུབ་སྦྱིན་པ་པོ་ཞེས་ཚིག་དང་པོས་རྫོགས་པའི་རིམ་པ་བསྟན་ཏོ། །སྲིད་པ་སྦྱང་པ་ཉམས་དགའ་ཚིག་གཅིག་གིས་བསྐྱེད་པའི་རིམ་པ་མདོར་བསྟན་པའོ། །དེའི་རྒྱས་པར་བཤད་པ ་རིན་ཆེན་གཟི་བརྗིད་འབར་བ་ཡི་ཞེས་པ་ལ་སོགས་པའི་དཔེ་དང་དོན་གཉིས་སུ་སྦྱར་ཏེ་དཔེར་ན་མུ་ཏིག་ལ་སོགས་པའི་རིན་པོ་ཆའི་ཁྱད་པར་རྣམས་བུ་ག་མེད་པར་གྱུར་ན་རྒྱན་ལ་སོགས་པར་མི་བཏུབ་ལ་ཕུག་ན་རྒྱན་ལ་སོགས་པ་དགའ་བསྐྱེད་པར་བྱེད་དོ། །དེ་བཞིན ་དུ་འདོད་པའི་ཡོན་ཏན་རྣམ་པ་ལྔ་ཐབས་དེ་ཁོ་ན་ཉིད་ཀྱིས་ཟིན་ན། བདུད་རྩི་ལྟ་བུར་འགྱུར་རོ། །དངོས་པོ་ལ་མངོན་པར་ཞེན་པས་ནི་དུག་དུ་འགྱུར་རོ། །འཁོར་བ་ནི་རྣམ་པ་ཧེ་རུ་ཀ་ཞེས་བྱ་བ་ནི་བསྐྱེད་པའི་རིམ་པའི་རྒྱས་པར་བཤད་པ་སྟེ། རྣམ་པར་དག་པའི་དོན་ཕལ ་ཆེར་རྣམ་པར་དག་པའི་ལེའུར་བཤད་དོ། །པགས་པ་བྱང་ཆུབ་ཡན་ལག་བདུན་ནི་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་དང། བརྩོན་འགྲུས་དང་དགའ་བ་དང། བཏང་སྙོམས་དང་ཤིན་ཏུ་སྦྱངས་པ་དང་སྟེ། པགས་པ་རིམ་པ་བདུན་གྱི་ཚུལ་དུ་གནས་པ་དང་སྦྱར་རོ། །རུས་པ་བདེན་པ ་བཞི་པོ་ཉིད་ནི་ཚོགས་ཆེན་པོ་བཞི་ལས་སྡུག་བསྔལ་གྱི་བདེན་པ་དང་ཀུན་འབྱུང་གི་བདེན་པ་དང། འགོག་པའི་བདེན་པ་དང། ལམ་གྱི་བདེན་པའོ། །གཞན་དག་ནི་གོ་སླ་བས་མ་བཤད་དོ། །བདག་མེད་མས་གསོལ་པ་སྔགས་བསྡུ་བ་ནི་ཇི་ལྟར་འགྱུར་ཞེས་བྱ་བ་ལ་སོགས་པས ་ནི་རྗེད་བྱེད་ནུས་པ་དང་ལྡན་པར་སྟོན་ཏེ། ལས་དང་པོ་པས་དངོས་གྲུབ་སྒྲུབ་པ་ནི་སྔགས་དག་པ་ལས་འབྱུང་སྟེ། དེའི་དོན་དུ་སྔགས་བཏུ་བ་གསུངས་པ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི། ཨ་ཨཱ། ཨི་ཨའི། ཨུ་ཨའུ། རི་རཱི། ལི་ལཱི། ཨེ་ཨི། ཨོ་ཨཽ། ཨཾ་ཨ: ་དབྱངས་ཞེས་བྱ་བ་དང་པོ་སྟེ། ཆེན་ཞེས་བྱ་བ་ལ་སོགས་པ་སྐབས་ཀྱི་གཞན་ཡང་སྦྱར་རོ། །འདིར་ཡང་རྣལ་འབྱོར་མའི་ས་བོན་དུ་སྦྱར་བས་ནི་རིམ་པར་བསྟན་ཏེ་རྐྱེན་དུ་སྦྱར་བ་དང། ཡན་ལག་ཏུ་ཤེས་པར་བྱ་སྟེ་གཞན་དུ་སྦྱར་རོ། །ཀ་ཁ་ག་གྷ་ང། ཙ་ཚ་ཛ་ཛཧ་ཉ། ཊ་ཋ་ཌ་ཌཧ་ཎ། ཏ་ཐ་ད ་པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཨོཾ་ཨཱ(རྒྱུད་འགྲེལ་ལྔ་ལྔར་ཤེས། པ་ཕ་ནི་ལྔ་པར་ཤེས། ཡ་ར་ནི་མཐར་གནས་ཞེས་བྱའི་འབྱུང་བ་བཞི་ས་བོན་ཞེས་བྱ་དྲུག་པའི་སྡེ་ཞེས་བྱ། ཤ་ཥ་ནི་བདུན་པ་ཞེས་བྱ་བརྒྱད་པའི་སྡེ་པ་ཞེས་བྱ་ཨུཥྨ་ཞེས་བྱ་སྡེ་ཚན་འདི་རྣམས་མེ་དེ་ཡི་གེ་འདི་རྣམས་ལས་སྔགས་བཅུ་པར་བྱའོ། །ཡི ་གེ་འོག་མ་གསུམ་ནི་ཡི་གེའི་བདག་པོ་ཞེས་བྱ། ཡི་གེའི་དབང་ཕྱུག་ཅེས་བྱ། ཡི་གེ་ཐུ་བོ་ཞེས་བྱ། རིག་བྱེད་དང་པོ་ཞེས་བྱ། གཏི་མུག་རིགས་ཞེས་བྱ། རྣམ་པར་སྣང་མཛད་ཅེས་བྱ་སྟེ། གཉིས་པོ་ལ་ཡང་སྐབས་ཀྱིས་ཤེས་པར་བྱའོ། །འདིས་ནི་རྒྱུད་ཐམས་ཅད་ཀྱི ་སྔགས་བཏུ་བ་ལ་འཇུག་གོ་།འབྲུ་སོ་སོར་སྦྱར་བ་ནི་གོ་སླའོ། །ལེའུ་དགུ་པའི་བཤད་པའོ། །དེ་ནས་ཆོས་ཀུན་སྡོམ་གཅིག་པའི་ཞེས་བྱ་བ་ལ་སོགས་པ་སྤྱིར་བསྟན་པ་བཟླས་པའི་རྟེན་བགྲང་ཕྲེང་དང་བཟའ་བ་གཉིས་སྟོན་ཏེ། ལས་སོ་སོར་ཕྲེང་བ་ནི། ཤེལ་གྱིས་རེལ? ་པའི་བཟླས་བ་ཉིད་ཅེས་བྱ་བ་ལ་སོགས་པ་གོ་སླའོ། །རེངས་པའི་འོ་མ་བཏུང་བ་ཉིད་ནི་ཆད་དམ། བྱང་ཆུབ་ཀྱི་སེམས་སོ། །དབང་ལ་རང་གི་འདུན་པས་དབྱད་ནི་གང་འདོད་པའོ། །བསད་པ་ལ་ནི་སིཧལ་ཉིད་ནི་རང་འབྱུང་གི་ཁྲག་གོ་།དགུག་པ་ལ་ནི་གཞི་མཉམ་ཉིད་ནི་དྲི་ཆེན་ནོ།། ་སྡང་ལས་སཱ་ལུ་སྐྱེས་པར་བརྗོད་ནི་ཤ་ཆེན་ནོ། །བསྐྲད་པ་ཉིད་ལ་གླ་བ་བརྗོད་ནི་དྲི་ཆུའོ། །ཡང་ན་མཛའ་ཤ་དང་ཞེས་པ་ལ་སོགས་པ་ནི་རབ་གནས་ཀྱི་ལེའུར་བཤད་དོ། །དེ་དག་གིས་ཀྱང་རེངས་པ་ལ་སོགས་པའི་ལས་གོ་རིམས་བཞིན་ནོ། །དེ་སྐད་དུ་ཡང་གསང་སྔགས་བསྒྲུབ་པ་ལྔ་བཅུ་སྟེ། ་དབང་གི་ལས་ལ་དེ་ཡི་ཕྱེད། །ཞི་ལ་བརྒྱ་ཕྲག་གཅིག་ཡིན་ཏེ། །དེ་བཞིན་རྒྱས་ལ་བརྒྱ་ལྷག་པའོ། །མངོན་སྤྱོད་ལ་ནི་དྲུག་ཅུ་སྟེ། །ལས་ཀྱི་ཁྱད་པར་གྱིས་ནི་སྦྱད?། །ལས་ཀྱི་བྱེ་བྲག་ཇི་བཞིན་དུ། བགྲང་བའི་ཕྲང་བ་ལ་སོགས་བྱ། །ཕྱོགས་དང་ཕྱོགས ་མཚམས་བརྒྱད་དང་ནི། །དགུ་པ་དབུས་ཀྱི་སངས་རྒྱས་ཏེ། །སྐུད་པ་དགུ་ལ་བྱིན་གྱིས་བརླབས། །རི་ལུ་རྣམས་ནི་དགྲ་བཅོམ་སྟེ། །སྟེང་དུ་མཆོད་རྟེན་རྟག་པར་བྱ། །མཆོད་རྟེན་ཆོས་ཀྱི་དབང་པོ་བས། །སྟེང་དུ་ཆོས་དབྱིངས་ཡིན་ནོ་ཞེས་གསུངས་པས་ནི་བགྲང་ཕྲེང་གི་ལས་ཀྱི ་བྱེ་བྲག་བསྟན་ཏོ། །ལེའུ་བཅུ་པའིའོ།། །།ཀྱེའི་རྡོ་རྗེ་དམ་འཁྱུད་ཅིང་ཞེས་བྱ་བ་ལ་སོགས་པ་ཁྲོ་ཆགས་རྣམ་པ་གཉིས་དང་ལྡན་པ་ཡིས་ཀུན་རྫོབ་ཀྱི་རྣམ་པའི་སྐྱེས་པ་དང་བུད་མེད་ཀྱི་རིགས་མཚོན་པའི་རྟགས་གསུངས་པ། །བུད་མེད་དམ་ནི་སྐྱེས ་པ་ཡིས། །གང་གིས་སྲིན་ལག་རྩ་བ་ན། །རྡོ་རྗེ་རྩེ་དགུ་པར་གྱུར་པ་ཞེས་བྱ་བ་ལ་སོགས་པ་རིགས་ཀྱི་མཚན་མ་དང། རྣལ་འབྱོར་པ་གང་ནག་པོ་ཡིན། དེ་ཡི་ལྷ་ནི་མི་སྐྱོད་པ། ཞེས་བྱ་བ་ལ་སོགས་པ་ནི་ཁ་དོག་གི་མཚན་མ་དང། གཞན་ཡང་སྤྱོད་ལམ་དང། མཆོད ་པའི་རྟེན་དང། ཆོས་འབྱུང་ལ་སོགས་པས་དེ་རྣམས་མཚོན་ཏེ། རྒྱུད་འདིར་ནི་གཉིས་མཚོན་གཞན་དུ་ནི་གཞན་དག་ཀྱང་བཤད་དོ། །དེ་སྐད་དུ་ཡང། གང་ཞིག་སྨིན་མ་གཡོ་བྱེད་ཅིང། །ཀུན་ཏུ་ཆགས་པས་ལྟ་བ་དང། །སྔོན་གྱི་གཟུགས་ནི་བསྡུས་ནས་སུ། །ཤི་ནས་འཇོག ་པར་བྱེད་པ་དག་།གཟུགས་ཅན་མར་ནི་ཤེས་བྱ་སྟེ། །དཔའ་བོ་གཉིས་མེད་པར་བསྟེན་བྱ་ཞེས་གསུངས་པ་དང། ཡང་དམར་ཞིང་སེར་བའི་བུད་མེད་གང། །པདྨའི་འདབ་ལྟར་དཀྱུས་རིངས་མིག་།རྟག་ཏུ་གོས་དཀར་ལ་དགའ་ཞིང། །ཙནདན་སར་པའི་དྲི་དང་ལྡན། །བདེར ་གཤེགས་འདུས་པ་ཉིད་ལ་དགའ་། །ཞེན་པར་ལྟ་བའི་རྗེས་སུ་འགྲོ། །ཁྱིམ་དུ་པདྨ་བྲི་བར་བྱེད། །པདྨ་གར་དབང་རིགས་འབྱུང་ཡིན་ཞེས་གསུངས་སོ། །འདིས་ནི་སེམས་ཅན་གྱི་དུས་ན་དེ་དང་དེའི་རིགས་སུ་ཤེས་པས་རང་ང་རྒྱལ་མི་གཅིག་པ་དང། གཞན་ལ་མཐོ་མི་འཚམ་པ་དང། བརྙད ་པར་མི་བྱ་བའོ། །སངས་རྒྱས་པའི་དུས་སུ་རིགས?་དེ་དང་དེ་རུ་སངས་རྒྱས་པར་འགྱུར་རོ། །བྷ་ག་ལིང་གར་འོ་མཛད་ནས་ཞེས་བྱ་བ་ལ་སོགས་པས་ནི་ལུས་ཀྱི་འཁྲུལ་འཁོར་བསྟན་ཏེ། བླ་མ་ལས་ཤེས་པར་བྱའོ། །ལེའུ་འདིས་ནི་སྤྱོད་པ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་དང། ལས་ཀྱི ་ཕྱག་རྒྱ་ལ་བརྟེན་ཏེ། བསྒོམ་པའི་ཡན་ལག་བསྟན་ཏོ། །ལེའུ་བཅུ་གཅིག་པའོ།། །དེ་ནས་རྡོ་རྗེ་ཅན་གྱི་དབང་བཞིའི་དོན་ནི་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་ལེའུ་ཐ་མ་འདིར་དབང་བཞིའི་ཚིགས་སུ་བཅད་པ་དང། རྡོ་རྗེ་དང་པདྨ་དང་བྱིན་གྱིས་བརླབས་པ་སྟོན་ཏོ ་རྡོ་རྗེ་རབ་གནས་རྡོ་རྗེ་ཉིད། །ཆེ་དང་ཆེན་པོ་དྲིལ་བུ་ཟུང། །ཞེས་བྱ་བ་ནི་བུམ་པའི་དབང་ནས་བརྩམས་ནས་ནི། །བརྟུལ་ཞུགས་ཀྱི་དབང་ཁྱད་པར་རྡོ་རྗེ་སློབ་དཔོན་གྱི་བརྟུལ་ཞུགས་བསྟན་ཏོ། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མ་བསྡུ་བ་ཉིད་དུ་གྱིས། །ཞེས་པ་ནི་ལུང་བསྟན་པ་དང། ་རྗེས་སུ་གནང་པ་དང། དབུགས་དབྱུང་བ་དང་སློབ་དཔོན་གྱི་ལས་ལ་སོགས་པ་ཐམས་ཅད་བསྟན་ཏོ། །ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་བ། །བདག་གི་གསང་བའི་དབང་གིས་ནི། །སེམས་ཀྱི་རྒྱུད་ཀྱི་དབང་བསྐུར་ཏོ། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སྦྱིན་པའི ་ཚིགས་སུ་བཅད་བའོ། །ལྷ་མོ་དགའ་སྦྱིན་གནས་སྦྱིན་མ་ཞེས་བྱ་བ་ནི་ཤལོ་ཀ་གཅིག་གིས་ནི་རིགས་མ་སྦྱིན་པའོ། །ཡེ་ཤེས་འདི་ནི་ཆེ་ཕྲ་ཞིང་ཤེས་པ་ནི་གསུམ་པས་གོ་ཕྱེ་བའི་བཞི་པའི་དོན་ཏེ། རྡོ་རྗེ་ནམ་མཁའ་ཨི་དཀྱིལ་ལྟ་བུ་ནི་རྟོག་པས་སྟོང་པའི་དཔེ་ཡིས་བསྟན་ཏོ། །རྡུལ་བྲལ་ཐར་པ་ཞི་བ ་ཉིད་ཉོན་མོངས་པ་དང་བློ་བུར་བ་ཐམས་ཅད་ཞི་བའོ། །ཁྱོད་དང་ཡང་ནི་དེ་ཡི་ཕ་ཞེས་པ་ནི་རང་གི་སེམས་ཏེ་དེའི་བདེ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། ད་ནི་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་ཏེ། ཨོཾ་པདྨ་སུ་ཁ་དྷ་ར་ལ་སོགས་པས་བསྟན་ཏེ། རྡོ་རྗེ་འཆང་བསྐྱེད་པའི་རྡོ་རྗེས་ལ་འཁོར་བསྐྱེད་པའི ་དོན་དུ་བྱིན་གྱིས་བརླབས་པ་དང། ཐ་མལ་པ་སྤངས་པའི་དགོངས་པའོ། །ཡང་སྤྱོད་པ་དང་ལས་ཀྱི་ཕྱག་རྒྱ་བསྒོམ་པའི་སྔོན་དུ་ཡང་འགྲོ་བའོ། །སྤྱི་བོར་ནི་ཨོཾ་གྱི་རྣམ་པ། སྙིང་གར་ཧཱུཾ་གི་རྣམ་པ་ཟེ་འབྲུ་ལ་ནི་ཨའི་རྣམ་པའོ། །ཞེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པའི་ས་བོན་ནོ། ། ་ཡང་ཟེ་འབྲུ་ནི་རྣམ་པའོ། །ཞེས་པ་འདོད་དང་པདྨ་བྱིན་གྱིས་རློབ་པ་ཡང་བཟུང་སྟེ། ཧཱུཾ་ལས་རྡོ་རྗེ་ཨོཾ་གྱིས་ནོར་བུ་ཕཊ་ཀྱིས་བུག་སྒོ་དགག་།ོཾ་གྱིས་པདྨ་ཨས་ཟེ་འབྲུ་ཕཊ་ཀྱིས་བུག་སྒོ་དགག་པའོ། །གོང ་དུ་ཡང་ཧཱུཾ་གི་ཕཊ་ཀྱི་རྣམ་པ་འདོད་མི་བྱ་ཞེས་གསུངས་པ་ནི་བདག་མེད་མ་ལ་བཀག་པའོ། །དགྱེས་པའི་རྡོ་རྗེ་ལ་ནི་འདོད་པ་ཁོ་ནའོ།། །།རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་མ་བརྟག་པ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་སྟེ་སྒྱུ་མ་ཆེན་པོ་ཞེས་བྱའོ། །བརྟག་པ ་ནི་ཆོ་ག་ཞིབ་མོའོ། །བརྟག་པ་སུམ་ཅུ་རྩ་གཉིས་ལས་ཕྱུང་བ་ཞེས་བྱ་བ་ནི་མི་བསྐྱོད་དགྱེས་པའི་རྡོ་རྗེ་ལ་བསྡུ་བྱ། །བརྟག་པ་སུམ་ཅུ་བསྡུ་བྱེད་གཉིས་ཏེ། །དེ་ཡང་བསྡུ་བྱ་བསྡུ་བྱེད་དུ་བྱས་པ་སུམ་ཅུ་རྩ་གཉིས། བརྟག་པ་གཉིས་ཀྱི་བདག ་ཉིད་བསྟན་པ་དང་བཤད་པར་གནས་པའོ། །ཀྱེའི་རྡོ་རྗེའི་མཁའ་འགྲོ་མ་དྲ་བའི་སྡོམ་པ་ནི་རྡོ་རྗེ་བདག་མེད་མ་ལ་སོགས་པ་ཞུ་བ་པོའི་གཙོ་མོའོ། །དེ་ཡང་དྲ་བ་ནི་ཐབས་དང་ཤེས་རབ་བོ། །སྡོམ་པ་ནི་ཕྱག་རྒྱ་ཆེན་པོར་སྡོམ་པ་འམ།། ་རྒྱུད་འདིར་སྡོམ་ཞེས་བྱའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྫོགས་སོ།། །།བླ་མ་དམ་པས་རྐྱེན་བྱས་སོ་སོར་རྟོག་པའི་ཉེར་ལེན་གྱིས། །སློབ་མ་དམ་པ་འགའ་ཡིས་ཡང་དང་ཡང་དུ་གསོལ་བཏབ་ནས། །རྒྱུད་ཀྱི་འགྲེལ ་པ་དཀའ་དོན་སྤྱན་འབྱེད་པ་དག་གིས་བྱས། །འདི་ལས་བསོད་ནམས་ཀྱིས་ནི་རྗེས་སུ་འབྲང་དང་སེམས་ཅན་རྡོ་རྗེ་འཛིན་ཐོབ་ཤོག་།རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་དགྱེས་པ་རྡོ་རྗེ་དཀའ་འགྲེལ་སྤྱན་འབྱེད་ཅེས་བྱ་བ། ་སློབ་དཔོན་ཆེན་པོ་མཁས་པ་དྷརྨམ་ཀཱིརྟིས་མཛད་པ་རྫོགས་སོ།། བཀྲ་ཤིས་། ་