CLOSE WINDOW

N1097: rdo rje phag mo'i mdor bsdus pa'i bstod pa
Wyliee-texts based on the ACIP/ALL Input

པཎྜཱི་ཏ་དེ་ཉིད་དང། ལོ་ཙ་བ་ཁུ་ནེ་ཙོས་བསྒྱུར་བའོ།། མངྒ་ལཾ།། །།*། །ཕག་མོའི་མདོར་བསྡུས་པའི་བསྟོད་པ་བཞུགས། །*། །རྒྱ་གར་སྐད་དུ། བཛྲ་བཱ་རཱ་?་ཀྵ་བ་ཏ་སྟོ་ཏྲ། བོད་སྐད་དུ། རྡོ་རྗེ་ཕག་མོའི་མདོར་བསྡུས་པའི་བསྟོད་པ། རྗེ་བཙུན ་མ་སྒྲལ་མ་ལ་ཕྱག་འཚལ་ལོ། །མཁའ་འགྲོ་བྱེ་བའི་གཙོ་མོ་སྟེ། །ཉི་མ་བྱེ་བའི་འོད་མངའ་ཞིང། །ཐོད་པ་ལྕགས་ཀྱུ་གྲི་གུག་གིས། །གཡས་པའི་ཕྱག་རྣམས་རྣམ་པར་བརྒྱན། །ཁཊཱཾ་ཞགས་པ་མགོ་བོ་ནི། །གཡོན་པའི་ཕྱག་ཏུ་རབ་ཏུ་གྲགས། །དུས་ཀྱི་མཚན་མོ ་མཉམ་མནན་ཅིང། །གར་ཐབས་ཀྱིས་ནི་ཉེ་བར་བརྒྱན། །མཆེ་བ་ཅུང་ཟད་རྣམ་གཙིགས་ཤིང། །ཛཱ་བའི་མེ་ཏོག་ལྟ་བུར་དམར། །གཤིན་རྗེ་བརྟན་སོགས་རྣལ་འབྱོར་མ། །པདྨའི་འདབ་མར་གནས་པས་བརྒྱན། །རྡོ་རྗེ་ཕྲེང་བའི་ནང་དུ་ནི། །དུར་ཁྲོད་བརྒྱད་ཀྱིས ་རྣམ་པར་བརྒྱན། །ལྷ་རྫས་བདེ་བ་མྱོང་བ་ཡིས། །འཇིག་རྟེན་སྐྱོང་རྣམས་ཕྱག་ཀྱང་འཚལ། །གཞན་ཡང་བྲན་ཕོ་བྲན་མོ་རྣམས། །ཐལ་མོ་སྦྱོར་བ་བྱས་ནས་གནས། །སངས་རྒྱས་ཀུན་གྱི་ཡུམ་འདི་ནི། །རྫུ་འཕྲུལ་དངོས་གྲུབ་མཆོག་རྣམས་སྩོལ། །ལྷ་ལ ་སོགས་པ་ཐར་དོན་དུ། །ཁྱོད་ཉིད་ལ་ནི་སྐྱབས་སུ་མཆི། །སྙིང་རྗེ་ཁུ་བའི་སེམས་ཀྱིས་ནི། །ལྷ་ཡི་སྤྱན་གྱིས་རྣམས་གཟིགས་ནས། །དེ་ལ་མཆོག་ནི་གསོལ་དོན་དུ། །ཕྱོགས་རྣམས་སུ་ནི་རྣམ་བཞུགས་ཤིང། །བློ་ཆེན ་ལྡན་པའི་སྒྲུབ་པ་པོ། །དངོས་གྲུབ་སྣོད་ནི་སུ་གནས་ཤེས། །མཁའ་འགྲོ་མ་སོགས་ལྷན་ཅིག་ཏུ། །ཕྱག་རྒྱའི་དངོས་གྲུབ་སྩོལ་མཛད་པ། །རྡོ་རྗེ་ཕག་མོ་ཕྱག་འཚལ་བསྟོད། །ལྷ་མོའི་ཡོན་ཏན་རྒྱ་མཚོ་ནི། །བསྐལ་པ་བྱེ་བར་བརྗོད་མི ་བུས། །མ་དོར་བསྡུས་ནས་ནི་ཅུང་ཟད་ཅིག་།བདག་གི་དད་པས་ངེས་པར་བྱས། །བྱང་ཆུབ་སྙིང་པོ་བར་དུ་ནི། །བདག་ནི་རྟག་ཏུ་སྐྱབས་སུ་མཆི། །བདག་དང་སེམས་ཅན་བསོད་ནམས་དེས། །དངོས་གྲུབ་དམ་པ་སྩོལ་བར་ཤོག་།རྡོ་རྗེ་ཕག་མོའི ་མདོར་བསྡུས་པའི་བསྟོད་པ་རྫོགས་སོ།། །།པཎྜི་ཏ་ངག་གི་དབང་ཕྱུག་དང། གློག་ཀྱ་ལོ་ཙ་བས་བསྒྱུར་བའོ།། །།འགྲོ་ཀུན་སངས་རྒྱས་འཐོབ་པར་ཤོག། །།ཡེ་ཤེས་དབབ་པའི་ཚོག་བཞུགས་སོ། ། ་