| Wylie | e-texts based on the ACIP/ALL Input |
རིན་པོ་ཆེ་རྒྱན་གྱི་སྒྲུབ་ལ་བཞུགས་སོ། །རྒྱ་གར་སྐད་དུ་། རཏནཱ་ལཾ་ཀཱ་ར་སིདྡྷི་། བོད་སྐད་དུ་། རིན་པོ་ཆེ་རྒྱན་གྱི་སྒྲུབ་པ་། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་ཅིང། །ཟབ་དང་རྒྱ་ཆེར ་བདག་ཉིད་ཅན། །རྣམ་ཐར་སྒོ་གསུམ་རང་བཞིན་གྱིས། །རྡོ་རྗེ་རྣལ་འབྱོར་མ་ལ་འདུད། །ོཌཡཎ་ཡུལ་ནས་བྱུང་བ་ཡི། །བརྒྱུད་པའི་རིམ་བཞིན་མ་ཆད་པའི། །རྣལ་འབྱོར་མ་ནི་འདོད་དེ་གཞུང། །རིན་ཆེན་རྒྱན་གྱི་གྲུབ་པ་བཤད། །དེ་ལ ་རྣལ་འབྱོར་པ་དབང་བསྐུར་བ་ཐམས་ཅད་རྫོགས་པས། ཨུ་ལས་ཨོཌཡཎ་དུ་བསམ་ལ་། སྟན་བདེ་པ་ལ་འདུག་སྟེ། རྣལ་འབྱོར་མའི་ཚོགས་མཉེས་པར་བྱའོ། །དེ་ནས་དག་པ་གསུམ་ལ་སོགས་པ་བརྗོད་ནས། སྟོང་པ་ཉིད་ཀྱི་རང ་བཞིན་དུ་བསམ་ལ། དེ་ལ་སྔོན་གྱི་བླ་མའི་མན་ངག་གིས་། དབང་བསྐུར་བའི་རིམ་པས་དོན་དུ་དམིགས་ལ། རྡོ་རྗེ་རྣལ་འབྱོར་མར་བསམ་པར་བྱའོ། །དེ་ནས་རྡོ་རྗེ་འཛིན་པས་བྱིན་གྱིས་བརླབ་ཏེ་། ཁྲུས་བྱའོ་དེ་ནས་བསྲུང ་བ་ལ་སོགས་པ་རིམ་བཞིན་བྱས་ཏེ་མཆོད་པར་བྱའོ། །དེ་ལ་མཆོད་པའི་རྟེན་མེ་པལོང་ལ་སོགས་པའི་སྣོད་གཙང་མར། སིནདྷུ་ར་དང་ཁུ་བ་དང་ཁྲག་དང་ཏིལ་དང་དྲི་ཆུས་རི་མོ་གྲུ་གསུམ་རྩེག་མར་བྱའོ། །དེའི་དབུས་སུ་མི་ཤིགས ་པ་དང་སྐྱེ་བ་མེད་པའི་ཚུལ་གྱིས་དགོད་པར་བྱའོ། །དེ་ལ་རྣལ་འབྱོར་མའི་སྔགས་ཀྱིས་བསྐོར་བར་བྱའོ། །འདབ་མའི་ནང་དུ་རྣལ་འབྱོར་མའི་སྔགས་བྲིས་པར་བྱའོ། །དེའི་ཕྱི་རམ་དུ་གོ་ཆའི་སྔགས་གཞག་པར་བྱའོ། །དེ་རྡོ་རྗེ་འཛིན ་པའི་སྟེང་དུ་བཞག་ནས་བསྒོམ་པའི་རིམ་པས་ཚོགས་པ་སོག་པར་བྱའོ། །དེ་ནས་བདག་གི་གཡོན་དུ་རྡོ་རྗེ་རྣལ་འབྱོར་མ་བཞག་ལ། དེ་ལ་རང་བཞིན་གྱི་རྣལ་འབྱོར་མ་སྤྱན་དྲང་ཏེ་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱའོ། ། ་དེ་ནས་ཛ(རྒྱུད་འགྲེལ་བཙལ་བ་དང་བསྟོད་དེ། སྡིག་པ་བཤགས་པ་ལ་སོགས་པར་བྱའོ། །དེ་དག་ནི་ཚོགས་བསག་པའོ། །དེ་ནས་ལུས་གཞལ་ཡས་ཁང་དུ་བསམས་ལ་དེའི་ལྟེ་བར་བཾ་ལས་སམ་ཞུ་བ་དང། བདེ་བ་ལས་སམ་། སྟོང་པའི་བརྡ་འོད་ཀྱི་རི་མོ ་ལས་བཅོམ་ལྡན་འདས་མ་ཕག་མོ་ཞལ་གཉིས་པ་ཕྱག་གཉིས་པ་ཕག་གདོང་ཁྲོ་མོ་ཞལ་གཉིས་ལ་རྡོ་རྗེ་ཕྲེང་པས་ཐོད་བྱས་པ། སྣ་ཚོགས་རྡོ་རྗེ་གཡུང་དྲུང་འཁྱིལ་པས་བརྒྱན་པ། སྨིན་མ་རྡོ་རྗེས་གཡེངས་པ། ཕྱག་གཡས་ན་གྲི་གུག། ་གཡོན་པ་ཐོང་པ་བསྣམ་པ། སྐུ་མདོག་དམར་ནག་འོད་ཟེར་འཕྲོ་པ་། ཐོད་པའི་རྒྱན་ཅན་། ལུས་བདེ་པས་རྒྱས་པ་བསམ་པར་བྱའོ། །དེའི་དོན་ཡིད་ལ་བྱས་པས་དེའི་ལུས་གཞལ་ཡས་ཁང་དུ་གྱུར་ཏེ། ་དེའི་ལྟེ་བའི་གནས་སྟེང་པ་ལས་རྡོ་རྗེ་རྣལ་འབྱོར་མ་བསྐྱེད་པར་བྱའོ། །དེ་ལས་དབུས་ལྟེ་བ་ལས་དལ་གྱིས་དྲངས་ལ། སླར་དེ་རུ་བཅུག་པས་སྟོང་པ་ཉིད་དུ་བསྒྱུར་ཏེ་། དེ་ལས་ཞལ་ཅིག་ཕྱག་གཉིས་པའི་རྡོ་རྗེ་རྣལ་འབྱོར་མ་བསམས ་ལ། དེའི་རིགས་ལས་ཞལ་གཅིག་ཕྱག་གཉིས་པའི་དཔལ་ཧེ་རུ་ཀ་།གཡས་པ་ན་རྡོ་རྗེ་གཡོན་པ་ན་ཐོད་པ་བསྣམས་བ་བསམས་ཏེ། གྱུར་ཏེ་གཉིས་མེད་དུ་བསམ་མོ། །དེའི་ལྟེ་བར་གྲུ་གསུམ་དཀར་དམར་པའི་རྒྱན་ཅན། དེའི་དབུས ་སུ་རྟོག་པ་མཛའ་དག་འབྱུང་བའི་རྒྱུ་སྐུར?་ལན་བཞིར་འཁོར་བར་བསམ་པར་བྱའོ། །དེ་ལྟར་ཅུང་ཟད་གཞག་ལ་རྗེས་སུ་མཐུན་པའི་བཙུན་མོ་གང་རྣམ་པ་རང་བཞིན་གྱིས་བསྒོམ་པར་བྱའོ། །དེ་དང་ལྷན་ཅིག་གནས་ལ་རླུང་མ་དང། གཉིད ་མ་རྩེ་སྤྲད་ཙཎྜ་ལི་དྲག་ལ་ཡུན་ཐུད་བ་འམ། ངལ་ལ་ཡུན་རིང་བ་སྦར་བར་བྱའོ། །ལྟེ་བའི་འཁོར་ལོ་འཁོར་བས་འོད་ཀྱི་རི་མོ་ལས་མེ་བྱུང་བས་། སྙིང་གའི་འཁོར་ལོ། །དེའི་སྤྱི་བོར་འཁོར་ལོ་ལ་འཁོར་བས་འོད་ཀྱི་མེ་འབྱུང ་བས། ཧཾ་ཞུ་བས་ལུས་ཐམས་ཅད་ཁུ་པས་རྒྱས་པར་བསམ་པར་བྱའོ། །དེ་ནས་ལུས་ཐམས་ཅད་ཀྱི་བདེ་བ་། ཕྱོགས་གཅིག་ཏུ་དམིགས་ལ་བསྒོམ་པར་བྱའོ། །བདེ་བའི་རོལ་ཆགས་པར་འགྱུར་ན་དཔྲལ་བའི་གྲུ་གསུམ་གྱི ་རྣམ་པ་ནམ་མཁའ་ཨི་དམིགས་པའི་སྦྱོར་བས་མི་རྟོག་པ་བསམ་པར་བྱའོ། །དེ་ནས་བདག་གི་སྙིང་གར་རོ་ལ་གནས་པའི་ཕག་མོའི་ཤེས་པས་མར་མེ་ལྟར་གསལ་བ་བསྒོམས་། མར་མེ་ཡང་མར་མེའི་རྩེ་མོ་ལ་རིམ་གྱིས་སྟོང ་པར་བཅུག་ལ་དེ་ལས་ཧེ་རུ་ཀ་བསྐྱེད་ལ་། དེ་རང་སྣང་བའི་རིག་མར་བཅས་པ་ཞལ་བཞི་ཕྱག་བཅུ་གཉིས་པར་བསྒོམས་ཏེ། རླུང་མ་དད་གཉིད་མ་རྩེ་སྤྲད་རིམ་གྱིས་བྱང་ཆུབ་ཀྱི་སེམས་ཕབ་ནས་གསང་བ་རྡོ་རྗེའི་སྦུ་གུར ་ཕྱིན་པ་དང། དཔེའི་ལྷན་ཅིག་སྐྱེས་པའི་ཚུལ་གྱིས་མཐར་ཕྱིན་པ་དང། ལུས་བཤིག་སྟེ་གྱུར་པའི་བསྐྱེད་པའི་རིམ་པས་གནས་ཏེ། ཧཱུཾ་དལ་གྱི་བརྗོད་པ་དང་རླུང་ལྷ་ཅིག་ཏུ་དྲངས་པས་ལྟེ་བར་གནས་ཏེ། དགའ་བའི ་རང་བཞིན་དུ་བསྒོམ་མོ། །དེ་བཞིན་དུ་མགྲིན་པ་དང་། སྙིང་གར་ཨོཾ་བཅུག་ལ་བསམ་པར་བྱའོ། །དེ་ཡང་བདེ་བ་རང་བཞིན་མེད་པར་བྱས་ཏེ་། རྣམ་པའི་ཚུལ་གྱིས་དྲངས་ཏེ་སྦྱར?་པར་བྱའོ། །དེ་དང་ལྷན་ཅིག་འོད་དུ་ཞུགས་པ་ལས་རྡོ་རྗེ ་འཛིན་པ་ཆེན་པོའི་རང་བཞིན་དུ་འགྱུར་རོ། །སློབ་མ་གཟུང་བར་འདོད་ན། སློབ་མས་ལན་མང་བར་གསོལ་བ་འདེབས་པ་དེ་བཟུང་བར་བྱའོ། །དེ་ཡང་བསྲུང་བར་བྱ་སྟེ་། སྔགས་ཕོག་ནས་སྣོད་ཀྱི་རིམ་པས་ལྷར་བསྐྱེད་པ་བཟླས་པར་བྱའོ། །དེ ་ནས་ཆེས་བཅུ་ལ་མཆོད་པ་བྱ་སྟེ། མཎྜལ་སྔོན་དུ་སོང་བས་ཡིན?་ཕུལ་ལ་།སློབ་མ་མདུན་དུ་བཞག་པ། བདག་ལ་གཉིས་སུ་ཕྱེ་ནས་སློབ་མའི་སྤྱི་བོར་གནས་ཏེ། དེ་འོད་དུ་ཞུ་བ་ལས་བཅུད་དུ་གྱུར་ཏེ། སློབ་མ་ལས་སྔ་མ་བཞིན་དུ་གཡོན་པའི་འཁོར་ལོ ་བསྒོམ་པར་བྱའོ། །དེ་ནས་དྲིལ་བུ་དཀྲོལ་ནས་མི་རྟོག་པ་ལ་གནས་པར་བྱའོ། །མཐར་བསླང་ལྟེ་ཕྱག་བྱས་ཏེ། དཔའ་པོས་ཀྱང་བཅུད་དུ་གྱུར་པར་བྱའོ། །དེས་དྲིལ་བུས་ཀྱང་སྐྱེ་པ་མེད་པའི་བརྡ་བྱའོ། །ཅིང་བདེ་བར་གནས་པར་བྱའོ། ། ་མན་ངག་ལས་ནི་ཐོབ་པ་བཞིན། །བརྒྱུད་པའི་རིམ་པ་བྲིས་པ་ཡིན། །དགེ་བ་དེ་ཡི་འགྲོ་བ་ཀུན། །རྣལ་འབྱོར་གོ་འཕང་ཐོབ་པར་ཤོག་།མཁས་པ་ཆེན་པོ་དཱི་པཾ་ཀར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ།། །། ་