CLOSE WINDOW

N1086: rdo rje rnal 'byor ma'i bde ba mchog gi sdom pa la 'jug pa nges pa don gyi dkyil 'khor zhes bya ba
Wyliee-texts based on the ACIP/ALL Input

ཀྱི་པཎྜི་ཏ་མཁས་པ་ཆེན་པོ་དཱ་ན་ཤི་ལས་སྒྲ་དང་འགྱུར་བྱས་པའོ།། །།འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག། །རྡོ་རྗེ་རྣལ་འབྱོར་བའི་ཞིང་?་མཆོག?་བཞུགས་སོ། །།རྒྱ་གར་སྐད་དུ་།བཛྲ་ཡོ་གི་ནི་སུ་ཁ་ཏརྦེ་སམྦ་ར་མཎྜལ་ལ་ནིརྞ་ཡ་སྭཏྟ་ཀ་ནཱ་མ། བོད་སྐད་དུ་།རྡོ་རྗེ་རྣལ་འབྱོར་མའི་བདེ ་བ་མཆོག་གི་སྡོམ་བ་འཇུག་པ་ངེས་བ་དོན་གྱི་དཀྱིལ་འཁོར་ཞེས་བྱ་བ་དཔལ་འཁོར་ལོ་སྡོམ་བ་ལ་ཕྱག་འཚལ་ལོ། །དང་པོར་དཔལ་འཁོར་ལོ་སྡོམ་པའི་དམ་ཚིག་དང་དབང་ཐོབ་པའི་རྣལ་འབྱོར་པས། །བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཐོབ་པར་འདོད་པས་རྣམ་པར་མི་རྟོག ་པའི་རང་བཞིན་གྱིས་འོད་བསལ་བ་ལ་དམིགས་ཏེ། དུར་ཁྲོད་ཀྱི་གནས་སུ་རྡོ་རྗེ་རྣལ་འབྱོར་མ་བསྒྲུབ་པར་བྱའོ། །དེ་ཡང་ཀྱེ་ལྡན་དོན་མཐོང་བླ་མ་མགོན་པོའི་ཞབས་ལ་བཏུད་།དེ་ཡི་བརྩེ་བས་རྡུལ་ཞབས་ཀྱི་པདམོ་ལ། །བདུད་རྩི་ཀུན་འབྱུང་བདེ་རྙེད་པ་ནི་ལུང་བ་བཞིན། །རྟག་ཏུ་དྲན་པས་རྣལ་འབྱོར ་མ་ནི་བདག་འགྱུར་ཤོག་།དེ་ལ་སྔོན་དུ་རྡོ་རྗེ་རྣལ་འབྱོར་མའི་འཁོར་ལོ་རབ་ཏུ་གནས་པ་བྱས་པ་འམ། དཀྱིལ་འཁོར་ལ་ཅི་འབྱོར་པ་ཡིས་མཆོད་དེ། མངོན་པར་རྟོགས་པ་རྟག་པར་བསྒྲུབས་ལ། ཕྱི་དང་ནང་གི་མཆོད་པ་དང་།རྐང་པ་བརྒྱད་ཀྱིས་བསྟོད་ནས་།དངོས་གྲུབ་ཀྱི་རྫས་བསྒྲུབས་ཏེ་།? ་ཁར་བཅུག་ལ་བློ་བདེ་བས་གནས་པར་བྱའོ། །དེ་ནས་འབྱོར་བའི་བུམ་བ་ལྔ་སྦྱར་བའི་ཆུས་དག་བར་བྱ་སྟེ་གྲུབ་པའི་རྫས་ཀྱིས་གཡུང་དྲུང་འཁྱིལ་བ་བྲི་བར་བྱའོ། །དབུས་ནི་བཙུན་མོའི་བྷ་ག་ཧྲི:དང་བཅས་པའོ། །དེ་ནས་ཕག་མོ་ལྔ་བསམས་ཏེ་།ཆོ་གའི་རིམ་པ་ཡོངས་སུ་བྱས་ནས་མེ ་ཏོག་ཕྲེང་བ་རྣམ་པ་ལྔ་ཡིས་མཆོད་དེ་དེ་ནས་དེ་ཉིད་ཀྱི་སྲང་བུ་ལ་བཏུབ་ཤེས་པས་སྔགས་བཟླས་པར་བྱའོ། །དེ་ནས་དམ་ཚིག་གི་རྫས་དང། །བཟང་བོ་གསུམ་གྱིས་མདས་བཀང་ལ། །ཕྱི་ནང་གི་མཆོག་འཁྱིལ་བ་ལ་བབ་པ་འདི་ནི་སྔོན་དུ་བསྙེན་པའི་ཆོ་གའོ། །དེ་ཡང་གསང ་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །སངས་རྒྱས་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག་ཅེས་བྱ་སྟེ་།གསང་བ་ནི་འཁོར་ལོ་སྡོམ་པའི་དམ་ཚིག་གོ། མཆོག་ནི་སེམས་ཅན་གྱི་དོན་དང་བདག་གི་དོན་གྱི་དམ་ཚིག་གོ་།དགྱེས་པ་ནི་འཁོར་ལོ་? ་པའི་དམ་ཚིག་གོ་ཐམས་ཅད་ནི་རྣལ་འབྱོར་བཅུ་གསུམ་མོ། བདག་ཉིད་ནི་རྟག་པ་བསྒྲུབ་བའོ་།རྟག་ཏུ་བཞུགས་བ་ནི་དེའི་རྣམ་དག་གོ་།སངས་རྒྱས་ཀུན་ནི་རྣལ་འབྱོར་མ་ལྔའོ། །དངོས་སོ་ནི་དངོས་ཀྱི་སྦྱོར་བ་སྟེ། རྣལ་འབྱོར་གྱི་སྣོད་བྱིན་གྱིས་བརླབ་བའི་ཆོ་གའོ། །སེམས་དཔའ་ནི་རྣལ་འབྱོར་པ་ཡོངས་སུ་ཤེས་པའི་སྦྱོར་བའོ། །དེ་ནི་རྡོ་རྗེ་མཆོག་སྟེ་? ་སེམས་དཔའ་ནི་འགྲོ་འོང་གི་ཕྲེང་བའོ། །བདེ་བའི་མཆོག་ནི་འཁྱིལ་པ་ལ་བབ་པའི་ཚོགས་སོ། །འདི་ནི་བསྙེན་པ་ངེས་པའི་དོན་དུ་ཤེས་པར་བྱའོ། །དེ་ནས་དུར་ཁྲོད་ལ་སོགས་པ་དབེན་པའི་གནས་སུ། དམ་ཚིག་གིས་ཁྱབ་པར ་བྱུགས་པའི་ནང་དུ། རྒྱུས་པ་མཆོག་བསྒྲིལ་བའི་ཐག་གི་།ཐལ་བ་མཆོག་དང་འོ་མ་སྦགས་ལ་གདབ་པར་བྱའོ། །དེ་ནས་ཆ་བརྒྱད་པའི་དཀྱིལ་འཁོར་ལ། དབྱེ་བ་བྱས་ནས་གཅིག་དང་ཆ་གཅིག་བཅོམ་ལྡན་འདས་མའི་གནས་ས། །ཆ་དྲུག་དང་ཆ ་གཅིག་ནི་མཁའ་འགྲོ་མ་ལ་སོགས་པའི་འོ། །ཆ་གཅིག་ནི་གཤིན་རྗེ་འཇོམས་མ་ལ་སོགས་པའི་འོ། །སྒོར་ནི་ཁྭ་གདོང་མ་ལ་སོགས་པའི་འོ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་པ་དང། །ཁ་ཁྱེར་དྲ་བ་ཕྱེད་པས་སྤྲས། །འབྲམ་རྒྱབ ་རིན་ཆེན་པ་གུ་སྟེ། །ཀ་བ་བརྒྱད་སོགས་ཁོར་ཡུག་མཛེས། །སྲེག་བྱེད་རྡོ་རྗེའི་ནང་ལོགས་སུ། །དུར་ཁྲོད་བརྒྱད་ཀྱི་བརྒྱན་པའོ། །དེ་ཡང་ཤར་དང་བྱང་དང་ནུབ་དང་ལྷོ་ནི། །སྔོ་བ་དང་ལྗང་བ་དང་དམར་བ་དང་སེར་བའོ། །དཀྱིལ་འཁོར་ཕྱོགས་དང་པོའི་མདོག་གོ། ་དཀར་པོ་ནི་དུར་ཁྲོད་ཀྱི་རྐང་སྙིང་པའི་ཐལ་བས་བྱའོ། །ནག་པོ་ནི་རུས་པ་སྣུམ་ཅན་གྱི་ཐལ་བས་སོ། །དམར་པོ་ནི་བྷ་གར་སྐྱེས་པའི་གུར་གུམ་གྱིས་སོ། །ལྗང་གུ་ནི་ནིམ་པའི་ལོ་མ་ཆུང་བཙོས་ཤིང་བསྐམས་པས་སོ། །སེར་ཕོ་ནི་ཅ?་ཏུར་བསམ་མོ། །གལ ་ཏེ་བྲི་བར་མི་ནུས་ན། ཐིག་དབྱེ་བ་ལ་ཐིག་ལེ་དང་བཅས་པའམ། མེ་ཏོག་ཚམ་བུས་ཀྱང་བྱའོ། །བཅོམ་ལྡན་འདས་མའི་ནི་སྲི:དམར་པོ་གཟི་བརྗིད་དང་ལྡན་པ་ལ་འཁྱིལ་པ་དྲུག་གིས་བསྐོར་བའི་མཚན་མེ་དང་པདྨ་དང་རོ་?་ཉི་མ་དང་ཟླ་བའི་སྟེང་དུའོ། །གཞན ་ནི་འཁྱིལ་པར་རོ། །སྐུ་མདོག་ཕྱོགས་དང་མཐུན་པར་རོ། །ཕྱོགས་མིན་གཡོན་དུ་བསྐོར་པའོ། །མཚམས་མ་ནི་གཡས་སུ་བསྐོར་བ་སྟེ། ཕྱོགས་གཉིས་པའི་གཟུགས་ཅན་ནོ། །བྲི་བར་ནི་སློབ་དཔོན་བདག་ཉིད་ཁོ་ནས་བྱས་ཏེ། དམ་ཚིག་དང་ལྡན་པའི ་ཤེས་རབ་དང་བུས་ཀྱང་རུང་ངོ། །སྦྱོར་བ་འདི་དག་ཐམས་ཅད་ལ་མི་རྟོག་པའི་གོ་ཆ་བགོ་བར་བྱ་སྟེ། འདི་ནི་རང་བྱུང་བཅོམ་ལྡན། །གཅིག་བུ་ཁོ་ན་ལྷག་པའི་ལྷ། །ཞེས་བྱ་བས་བསྟ?་སྟོ་འདི་ནི་ཞེས་བྱ་བ་ནི། བྷ་གའི་དཀྱིལ་འཁོར་རོ། །རབ་འབྱུང་ནི་རྡོ་རྗེ་རྣལ་འབྱོར་མའི་བདེ་བ་མཆོག་གི་སྡོམས་པ་སྟེ་།དེ ་ཉིད་རོ་གཅིག་པའི་སྣང་བའོ། །ཅི་ཞེ་ན། བཅོམ་ལྡན་འདས་ཏེ། མྱ་ངན་འདས་པའི་གྲོང་ཁྱེར་གྱི་བདག་པོ། །ལོངས་སྤྱོད་རྫོགས་པའི་འཁོར་ལོ། །གཅིག་པུ་ནི་སེམས་ཏེ། ཁོ་ནས་ནི་ལྷ་གམ་མེད་པར་སྟོན་ཏོ། །དེ་ཉིད་ཀྱི་སྣང་བ་རྡོ་རྗེ་རྣལ་འབྱོར་མ་ནི་ལྷག་པའི་ལྷའོ། །དེ་དག་གིས ་ནི་བྲི་བའི་སྦྱོར་བ་མི་རྟོག་པའི་གོ་ཆ་དང་བཅས་པར་སྟོན་ཏོ། །དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྲུང་བ་ནི། མཚན་མའི་བདུད་ཐམས་ཅད་གཅོད་པའི་ཕྱིར་།དཀྱིལ་འཁོར་གྱི་མཚན་མའི་ནུས་པ་བསྐྱེད་པར་མི་ནུས་སོ་ཞེ་ན། སློབ་དཔོན་མཚན་ཉིད་བཟང་དང་ལྡན། །ཡང་དག ་ཡེ་ཤེས་དེ་ཉིད་ཤེས་པའི་ཕྱིར་ཚོགས་གཉིས་ཀྱི་འབྲས་བུར་འགྱུར་རོ། །དེ་ནས་སྦྱོར་བ་བཞི་དང་དག་པ་སྔོན་དུ་འགྲོ་བས། བསང་ཞིང་བསྲུང་ལ། གནས་དྲུག་བྱིན་གྱིས་བརླབས་ཏེ། ས་བོན་གྱི་འཁོར་ལོ་སྤྱན་དྲངས་ཏེ། ཚོགས་བསག་པར་བྱའོ། །དེ་ནས་དག་པ་གསུམ་གྱི་སྔགས ་ཀྱིས་སྦྱངས་ལ་སྟོང་པའི་བར་དེའི་རྒྱུན་གྱི་ཤེས་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྲུང་བའི་འཁོར་ལོ་བྷ་གར་འབྱུང་བ་བཞི་ཡོངས་སུ་གྱུར་པ་ལས། སྔར་བཤད་པའི་དཀྱིལ་འཁོར་ལྟ་བུ་དུར་ཁྲོད་བརྒྱད་ཀྱིས་མཛེས་པའི་དཀྱིལ་འཁོར་དུ་བྱང་ཆུབ་པ་ལྔ་ལས་གྱུར་བའི་རྡོ་རྗེ ་འཆང་མ་ཡེ་ཤེས་ཀྱི་བདུད་རྩི་ཞུ་བས། མེ་འབར་བ་རོ་དང་པདྨ་དང་ཉི་ཟླ་མནན་པའི་སྟེང་དུ། ཧྲཱི:དམར་པོའི་འོད་ཟེར་བྱིན་བརླབས་བསྡུས་པ་དང་།དྲོད་བསྡུས་པ་བྱས་ཏེ། མཚན་ཉིད་ཡོངས་སུ་གྱུར་པ་ལས་བཞེངས་པའི་སྐུ་ཡང་ཚོལ་བབ་པ་ཕུན་སུམ་ཚོགས་པའི་གཟུགས་ཅན ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པ་བདེན་པ་གཉིས་ཀྱི་ཞལ་ཅན། སྣ་ཚོགས་རྡོ་རྗེ་དང་སངས་རྒྱས་ལྔ་ཡིས་མཛེས་པ། རྡོ་རྗེ་དང་ཟངས་གྲི་དང་།དྲིལ་བུ་དང་པདྨ་འཛིན་པ་གཅེར་བུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔ་ཡིས་མཛེས་པ། སྒེག་པའི་ཉམས་ཁ་ཊཝཱཾ་ག་དང་ལྡན་པ། ཁྲག་ ་མཇག་པའི་ཕྲེང་བ་དང། བདེ་བའི་རིས་རྒྱས་བཞུགས་པའོ། །དེ་ལ་སྔོན་གྱི་བཅོམ་ལྡན་འདས་མས་བྱིན་གྱིས་བརླབས་པ་དང། དྲུག་གི་གོ་ཆ་དགོས་པ་དང། དབང་བླང་བ་དང། གསང་བའི་མཆོད་པ་དང་བསྟོད་པ་དང། བརྟན་པར་བྱས་ནས་ཕྱོགས་མ་དང་མཚམས ་མ་སྐད་ཅིག་སྤྲུལ་པའི་ཚོགས་ཀྱིས་བཀོད་དེ། གོང་ལྟར་བསྒྲུབ་པར་བྱའོ། །དེ་ནས་བདུད་རྩི་མྱང་བར་བྱས་ནས། ཇི་སྲིད་པའི་སྔགས་ཀྱིས་བུམ་པ་བསྒྲུབ་པོ། །དེ་ནས་གྲུབ་པའི་རྫས་ཀྱི་སྦྱོར་བ་ཕྱིའི་མཆོད་པ་ལྔ་དང། ཆང་དང་ལག་པ་དང་མཎྜལ་དང། སིནདྷུ་རའི་མཆོད་པས་དམིགS ་པར་བྱའོ། །དེ་ནས་ངེས་པའི་འཇུག་པས་བདག་ཉིད་ཞུགས་ལ། མཆོག་གི་མཚན་ཉིད་ཅན་གྱི་སློབ་མ་གསང་བའི་ཁང་པར་བཅུག་སྟེ། མེ་ཏོག་ལྡན་ཅིང་གཅེར་བུར་གནས་པའི་ཆ་བྱད་ཀྱིས། བླ་མའི་ཞབས་ལ་འཇུས་ལ་འདི་སྐད་ཅེས་བརྗོད་དོ། །བླ་མ་རྡོ་རྗེ་འཆང་སྐུ་གསུང ་ཐུགས་ཀྱི་འཁོར་ལོ། །བདེ་བ་མཆོག་གི་སྡོམ་པ་དང་ལྡན་པས། །བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ་ཐམས་ཅད་ཀྱི་འཇུག་པ་གསལ་དུ་གསོལ། །བདག་བྱིན་ཀྱིས་བརླབ་དུ་གསོལ། །བདེ་བ་ཆེན་པོའི་ཡེ་ཤེས་མཛད་དུ་གསོལ་ཞེས་སོ། །དེ་ནས་ལུས་བརྒྱད་པའི་སྤྱི་བའི་གཙུག ་ཞབས་ཀྱི་པདམོ་ལ་བཏུད་པའི་ཞབས་གཡས་པའི་མཐེ་བོང་འོད་ཟེར་གྱིས་རྒྱུན་གྱི། བདེ་བའི་ཡེ་ཤེས་འཁོར་ལོའི་གནས་ཁྱབ་པར་བསྒོམས་པས། བྱིན་གྱིས་རླབས་ཀྱི་རླུང་འཁྲུག་ཅིང་བྱིན་གྱི་རླབ་པར་འགྱུར་རོ། །དེ་བས་ན་རྣལ་འབྱོར་པ་ཉིད་བསོད་ནམས་མཆོག། དག་བྱེད་སྡིག ་པ་འཇིག་བྱེད་པ། །གསང་སྔགས་ཀྱི་ནི་བཟླས་བརྗོད་དང། །བསམ་གཏན་གྱིས་ནི་འགྲུབ་པར་འགྱུར་ཞེས་པའི་དོན་ཏོ། །རྣལ་འབྱོར་ནི་ཟུང་དུ་འཇུག་པའོ། །པ་ནི་ལྡན་པའི་དོན་ཏོ། ཉིད་ནི་དཀྱིལ་འཁོར་ཉིས་སྦྱོར་བའོ། །བསོད་ནམས་མཆོག་ནི་གྲུབ་པ་རྫས་ཀྱི་མཆོད་པའོ། །དག ་བྱེད་ནི་བདག་ཉིད་ངེས་པས་འཇུག་པའོ། །སྡིག་པ་ནི་སློབ་མའི་བག་ཆགས་ཏེ། འདིར་ཞུགས་པས་འཇིག་པའོ། །གསང་སྔགས་ནི་རྣལ་འབྱོར་མ་ཐམས་ཅད་དེ། ཀྱི་ནི་གྲུབ་པའི་སྔགས་སོ། །བཟླས་བརྗོད་ནི་བསྙེན་པ་དང་འཕོ་བའོ། དེ་གཅིག་པུས་སམ་ཞེ་ན་མ་ཡིན་ཏེ། བསམ་གཏན ་གྱིས་སོ། །དེ་ཁོ་ནས་ཀྱང་མ་ཡིན་ཏེ། ཀྱང་ཞེས་པས་སྔགས་དང་ལྡན་པས་འགྲུབ་པར་འགྱུར་རོ། །དེ་ནས་བྷ་ག་སར་པ་མེ་ཏོག་གཙལ་བཀྲམ་པའི་སྟེང་དུ། སློབ་མ་བཞག་སྟེ། དཀྱིལ་འཁོར་ཏིང་ངེ་འཛིན་གྱིས་བལྟས་ནས། ཇི་སྙེད་པའི་མཆོད་པ་བྱའོ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །མེ་ཏོག ་སྤོས་ལ་སོགས་པ་དང། །མར་མེ་བརྒྱ་ཡང་དབུལ་བར་བྱ་ཞེས་བྱ་བ་དང། དབུགས་འབྱིན་པར་མ་མཆོག་དག་དང། །དྲི་ཡི་ཆུ་དང་བཅས་པས་ཀྱང། །རྟག་ཏུ་དུས་གྱི་ཁྱད་པར་གྱིས། །རིགས་ལྡན་རྣམས་ནི་མཆོད་པར་བྱ། །དེ་ནས་སིནདྷཱ?་རའི་འཁོར་ལོ་སློབ་མ་ལ་བློས་བཅུག་སྟེ། །བ་སྤུའི ་པུ་གར་དེ་བཞིན་གཤེགས་པ་ཐམས་ཅད་བསྡུ་བར་བྱ་སྟེ། བཟང་པོ་གསུམ་གྱི་ཁུ་བས་བྱིན་གྱིས་བརླབས་པ་འཐུངས་པ་དང། ཅོད་པན་གྱི་ཐིག་ལེ་བླ་མས་བྱིན་གྱིས་བརླབས་པའི་སྦྱོར་བ་དང་།དམ་ཚིག་སྙིང་པོ་ནས་སྙིང་པོར་བཅུག་པ་དང། སྒྲ་དང་བཅས་པའི་རོལ་མོའི ་ཆེད་དུ་བརྗོད་པས་ཆོས་ཐམས་ཅད་ལ་སྒྲ་བསྙན་ལྟ་བུར་ཡིད་འཇུག་པ་དང། རྡོ་རྗེ་རྣལ་འབྱོར་མས་ནི་ནམ་མཁའ་དང་མཉམ་པར་ཁྱབ་པ་སྟེ། དེ་ལྟར་ཡིད་ལ་བྱོས་ཤིག། བཛྲས་བཱ་རཱ་ཧཱིའི་རྟོག་པ་ཐམས་ཅད་བྲལ་བར་ཁྱོད་ཀྱི་སྙིང་ལ་ཞུགས་སོ་ཞེས་པ་དང། ཀྱེ་རྡོ་རྗེ་རྣལ་འབྱོར་མའི ་འཁོར་ལོ་འདིར་བྲག་ཆ་ལྟ་བུའི་གསུང་གིས་འགྲོ་བ་ཐམས་ཅད་ཐུགས་བསྐྱེད་ཅིང་སྐལ་པ་བཟང་པོ་དང་ལྡན་པ་ཉེ་བར་སུས་ཤིག། རྡོ་རྗེ་རྣལ་འབྱོར་རྒྱུ་མའི་གཟུགས་ནི། འདོད་པའི་ཡོན་ཏན་ལྔས་མཆོད་ན་གྲུབ་པའི་རྒྱུར་འགྱུར་རོ་ཞེས་པ་དང་གནས་ལྔ་དང། ཡན་ལག་གི་རྩ་བ ་བཞི་པས་ལོ་མ་བཞིར་ནི་ཐིག་ལེ་བཅས་ཏེ། རྟེན་དུ་བྱིན་གྱིས་བརླབས་པ་དང། ཐམས་ཅད་ཀྱི་མཛའ་ལ་ཧོ(རྒྱུད་འགྲེལ་མཆོད་ཅིག་ཅེས་པ་དང། དམ་ཚིག་གི་བསྔགས་པ་བརྗོད་པ་བརྟེན་པ་དང། ཀྱེ་རྡོ་རྗེ་ཁྱོད་ཉིད་ནི་རྡོ་རྗེ་རྣལ་འབྱོར་མའི་འཁོར་ལོ་སྟེ། བདེ་བ་ཆེན་པོའི་སེམས་ཀྱིས་རིགས་ཐམས་ཅད་ཀུན་ཏུ་སྤྱོད་ཅིག་ཅེས་པ་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། སྐུ་གསུང་ཐུགས་བཙུན་མོའི་བྷ་ག་ལ་བཞུགས་པ ་ནི་རྡོ་རྗེ་ཁྱོད་ཉིད་དོ། །འཁོར?་དང་མྱ་ངན་ལས་འདས་པ་གཉིས་ཀྱིས་ཤིགས་པ་མེད་པའི་ཡེ་ཤེས་བརྟུལ་ཞུགས་ཀྱི་དམ་ཚིག་གིས་མཆོད་ཅིག་ཞེས་པ་དང། འདོད་ཆགས་བྲལ་བ་ལྟ་བུའི་སྡིག། ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་ཆགས་བྲལ་? ་ཁྱོད་ཀྱིས་ནམ་ཡང་མི་བྱའོ་ཞེས་བྱ་བས་ཚོགས་ཐམས་ཅད་ཀྱི་རོལ་པ་འཇུག་པར་བྱ་བ་དང། ཀྱེ་རྡོ་རྗེས་ཆུ་དང་མེ་དང་རླུང་དང་ནམ་མཁའ་ཨི་རང་བཞིན་དུ་གྱུར་པ་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། རྡོ་རྗེ་རྣལ་འབྱོར་མ་ཐམས་ཅད་དང། ངས་ཀྱང་ལུང་བསྟན་ཏོ། །པུ ་རྡོ་རྗེ་ཡེ་ཤེས་ཀྱི་དབང་ཐོབ་ཁྱོད་ཀྱིས་དྲུང་དུ་མཆོག་དུ་གྱུར་པ་རྣམས་ལྷགས་ནས་བ་སྤུའི་བུ་ག་རེ་རེ་ཞིང་ནས་སངས་རྒྱས་གྲངས་མེད་པ་བཞུགས་ནས། དེ་ཉིད་ནས་བྱུང་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ཡིན་ནོ། །རྡོ་རྗེ་རྣལ་འབྱོར་མ་ཉིད་ཀྱི་གསང་བའི་མཆོག་གི ་དཀྱིལ་འཁོར་འདི། །མཐོང་བ་དང་ནི་རེག་པ་དང། །ཐོས་པ་དང་ནི་དྲན་བས་ཀྱང། །སྡིག་པ་ཀུན་ལས་གྲོལ་བར་འགྱུར། །དེ་ལྟར་འདི་ལ་ཐེ་ཚོམ་མེད། །སྦྱོར་བ་ཕུན་སུམ་ཚོགས་པ་དེ་ལྟ་བུ་ནི། །དེས་པའི་དོན་གྱི་འཇུག་པའི་རིམ་ལ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ནས་དེའི་རབ་ཏུ་འབྱེད་པ ་བཤད་པར་བྱ་སྟེ། དེ་ཡང་འབྱུང་གནས་སྒྲ་ཚུལ་ངེས་འབྱུང་རྣམས། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་མིན། །ཐོག་མ་དབུས་མཐར་ཡང་དག་གནས། །འཇིག་རྟེན་གསུམ་དུ་རྙེད་དཀའ་བས། །ཤེས་པས་བསྟན་དེ་འབྱུང་གནས་ནི། །བྷ་ག་སར་པར་མེ་ཏོག་གི་བཅལ་བཀྲམ་པའོ།། ་སྒྲའི་ཚུལ་?་བརྙན་ཏེ། །དེ་ལྟ་བུའི་མཆོད་པའི་ཚོགས་ཀྱིས་རབ་ཏུ་མཆོད་པའོ། །དེས་པ་ནི་ནིར་ན་སྟེ། མི་སླུ་བའི་འཁོར་ལོ་བློས་བཅུག་པའོ། །འབྱུང་བ་རྣམས་ནི་འབྱུང་པ་ལྔ་སྟེ། ཆུ་བྱིན་གྱིས་བརླབས་པའི་ཁུ་བས་རྣམ་པས་རྟོག་པ་འཁྲུ་བ་དང། དབང་ཆེན་བླ་མའི་སྦྱོར་བའི་ཅོད ་པན་དང། མེའི་སྙིང་པོར་བཅུག་པའི་དབྱེར་མི་བྱེད་པ་བརྡ་དང། རླུང་ཡུལ་རྣམས་ལ་འཇུག་པའི་སྒྲ་བརྙན་དང། ནམ་མཁའ་བཛྲ་བཱ་རཱ?་ཧི་ཁྱོད་ཉིད་ཅེས་བྱ་བའི་མིང་ངོ། །དམ་ཚིག་ནི་གཞན་གྱིས་དོན་གཙོ་བོར་གྱུར་བ་སྟེ། རྡོ་རྗེ་སློབ་དཔོན་ནོ། །སྤྱོད་པ་ནི་སྐུ་གསུང་ཐུགས་ཀྱི་དམ་ཚིག་སྟེ། དེ་ཡང་ངེས་པ ་དོན་ཀྱི་རིག་དབང་སྔོན་དུ་སོང་བའི་སྤྱོད་ཡུལ་ཡིན་པའོ། །ཐོག་མ་ནི་སློབ་དཔོན་གྱི་ལས་ཏེ། དེ་ཡང་འཇུག་པའི་དང། བསྟན་པའི་དང་རྣལ་འབྱོར་གྱི་དང་ལས་ཀྱི་དང། ཟས་མཆོག་གི་ཐོག་མ་ཡིན་པས་སོ། །དབུས་ནི་རྗེས་སུ་བསྲུང་བ་སྟེ། སྙིང་པོ་ལ་སྤྱོད་པས་སོ། །མཛའ་ནི་བརྟུལ་ཞུགས་ཏེ་ལས ་དང་བསགས་པ་མཐར་བྱེད་ཅིང་མངོན་པར་འདུས་བྱས་པའི་མཚན་ཉིད་དོ། །ཡང་དག་ནི་བདེ་བ་ཆེན་པོ་མདོག་འགྱུར་བའི་བར་དོན་པའི་ཡོན་ཏན་ལྔ་སྟེ། དེ་གཉུག་མའི་སེམས་གནས་པར་བྱེད་དོ། །འཇིག་རྟེན་གསུམ་ནི་འདོད་པ་ལ་སོགས་པ་སྟེ། དུ་ཞེས་པ་དེ་དག་ཐམས་ཅད་ཀྱི་རང ་བཞིན་དུ་རྒྱུད?་བསྟན་པའོ། །རྙེད་པར་དཀའ་བ་ནི་རྙེད་པར་དཀའ་བ་སྟེ། །དེ་ཐོབ་པའི་ཕན་ཡོན་ནི་དབུགས་དབྱུངས་པ་དང་གཟེངས་བསྟོད་པའོ། །དེ་ལྟར་རིམ་པ་ཐམས་ཅད་ལ་མཆོད་པས་མཉེས་པར་བྱ་སྟེ། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡ་བཛྲ་ཝརྞྞ་ནི་ཡེ་བཛྲ་བཻ་རོ་ཙ་ནཱི་ཡ་ཧཱུཾ་ཧཱུཾ་ཧཱུཾ ་ཕཊ་ཕཊ་ཕཊ་སྭཱཧཱ། མཁའ་འགྲོ་མ་ལ་སོགས་པ་ནི་རང་རང་གི་མིང་བརྗོད་པའི་མཐར་ཡི་གེ་བ་གསུམ་གྱིས་སྤྲེལ་བའོ། །དེའི་རྗེས་ལ་རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད་པ་དང། དེའི་མཐུ་བརྟན་པར་བྱེད་པས་ཀྱང་ངོ། །དེ་ཡང་འཁོར་ལོ་ཀུན་ནི་སྔགས་ཡིན་ཏེ། །སྔགས་ཀྱི་ལས་ཀུན ་བྱེད་པས་ན། མཆོད་དང་བསྟོད་དང་བསྒྲུབ་པ་ཡང། སྔགས་ཉིད་ཀྱིས་ནི་བྱེད་པར་འགྱུར་ཞེས་པས་ཤེས་པར་བྱའོ། །དེ་ལས་གཞན་པའི་སྦྱོར་བ་བརྗོད་པ་ནི། དཔལ་དང་ལྡན་པའི་བཅོམ་ལྡན་འདས་མ་ཁྱོད། །མཁའ་མཉམ་བདེ་རོལ་འགྲོ་བ་ཀུན་བདག་མོ། །ལོང་སྤྱོད་སྒྱུ་མའི་གཟུགས་དང ་ཆགས་པའི་མདངས། །མཁའ་འགྲོ་དྲ་པའི་སྡོམ་ལ་ཕྱག་འཚལ་ལོ། །རྣམ་དག་མི་གཡོ་བསྐྱེད་མེད་ཆོས་ཀྱི་དབྱིངས། །ལྷན་ཅིག་སྐྱེས་པའི་བདེན་པའི་སྟོན་པའི་ཞལ། །རྒྱུ་མེད་རྡོ་རྗེ་སྤྲུལ་པའི་གཟུགས་འཛིན་མ། །བཛྲ་བཱ་རཱ་ཧཱི་ཞབས་ཀྱི་རྡུལ་ལ་འདུད། །རྒྱལ་བའི་བདག་པོ་ལྔ་ཡི་ཕྱག་རྒྱ་ཅན།། ་རྣམ་དག་སྐུ་ལ་མི་བསྐྱོད་རྟགས་ཀྱིས་མཛེས། །རིགས་དྲུག་འཁོར་ལོ་སྒྱུར་བའི་གོ་ཆར་ལྡན། འཁོར་ལོ་ཀུན་གྱི་ཡུམ་ལ་ཕྱག་འཚལ་ལོ། །ཁྱོད་ཉིད་རྣམ་དག་ཕུང་པོ་ལྔ་སྟོན་ཅིང། །འབྱུང་བ་རྣམ་དག་ཚངས་པའི་གནས་བཞིར་གནས། །བདུད་མཐར་མཛད་པས་སྤྲུལ་པའི་ཞབས་འཆང་ན ་འཁོར་ལོ་སྡོམ་པའི་ཞབས་ལ་རྟག་ཏུ་འདུད། །ཐོག་མ་ནས་བསགས་བག་ཆགས་སྡིག་པའི་མཐུས། །རྣམ་སྨིན་གསར་དུ་བསྐྱེད་ཅིང་རྟས་གྱུར་པའི། །སྡིག་དང་ཉོན་མོངས་ཇི་སྙེད་མཆིས་པ་རྣམས། །བཅོམ་ལྡན་མའི་འཁོར་ལོ་ཁྱེད་ལ་བཤགས། །འདས་དང་མ་འོངས་ད ་ལྟར་དུས་རྣམས་ལ། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་དང། །འབྲས་བུ་རྒྱུད་བཞི་འཁོར་ལོ་སྡོམ་པ་ཡི། །དགེ་འདུན་ཀུན་ལ་བདག་ནི་རྗེས་ཡི་རང། །ཁྱོད་ནི་འདས་དང་མ་འོངས་ཐམས་ཅད་དུ། །མི་འགྱུར་ནམ་མཁའ་ལྟ་བུར་བཞུགས་ན་ཡང། །དོགས་པའི་ས་ལS་སེམས་ཅན ་བསྒྲལ་བའི་ཕྱིར། །མྱ་ངན་མི་འདའ་བརྩེ་བས་བཞུགས་སུ་གསོལ། །འཁོར་བ་ཇི་སྲིད་དབང་དུ་བཞུགས་ནས་ཀྱང། །སེཾས་ཅན་དམན་དང་བར་མ་མཆོག་རྣམས་ལ། །ཐུགས་རྗེས་ཆགས་པའི་སྤྱན་གྱིས་གཟིགས་ནས་ཀྱང། །བདེ་བ་མཆོག་གི་འཁོར་ལོ་བཤད་དུ་གསོལ། །རྣམ་པར་རྟོག་པ ་ཀུན་ལས་འདས་པ་ཡི། །བདེ་ཆེན་འཁོར་ལོ་ཟག་པ་མེད་པའི་དབྱིངས། །ཱ་ལི་ཀཱ་ཡི་སྙོམས་འཇུག་རྟོག་མེད་མ། །བསགས་པའི་ཆོས་རྣམས་ཐམས་ཅད་བསྔོ་བར་བགྱི། །ཞིང་དང་ཉེ་བའི་ཞིང་སོགས་བཅུ་གཉིས་སུ། །དམ་ཚིག་བརྡ་དང་བདེ་སྤྱོད་རོལ་པ་ཡིས། །བུ་བཞིན་དགོངས་པས་བདག་སྒྲིབ་དག་འགྱུར ་ཏེ། །བདེ་བ་མཆོག་གིས་ལ་གནས་པར་ཤོག། བླ་མའི་ཞབས་ལ་རྟག་ཏུ་འདུད་བྱེད་ཤིང། །རྡོ་རྗེ་རྣལ་འབྱོར་མ་ནི་དྲན་འགྱུར་ནས། །བཙུན་མོའི་ཤུ་ཀྲའི་ཚོགས་ལ་བདག་སྤྱོད་ཅིང། །ཞབས་ཀྱི་པདམོ་མཆོད་ཅིང་མཆོད་བྱེད་ཅིང། །དཔའ་མོ་བཅོམ་ལྡན་འདས་མ་ཉི་ཤུ་བཞི། །ཞལ་མཐོད་དེ་ཡིད་རྡོ་རྗེ ་བདག་གྱུར་ཏེ། འགྲོ་བ་བདེ་བས་ཡོངས་པ་ཐམས་ཅད་ལ། །ཉེར་འཚོ་རིན་ཆེན་ལྟ་བུར་བདག་གྱུར་ཅིག། དེ་ལྟར་རྣལ་འབྱོར་མའི་འཁོར་ལོའི་ངེས་པར་སྤྱོད་པ་ལ་ཞུགས་ན་ནི། །བཅོམ་ལྡན་འདས་མ་འཁོར་ལོ་སྡོམ་པའི་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་རོ། །དེས་ནི་སློབ་དཔོན་རབ་མཉམ་གཞག། རབ་ཏུ་འདུད་པ་བྱས ་ནས་ནི། །གཡོན་ནས་བཅས་པའི་རིམ་པ་འདིས། །དེ་ནས་བསྐོར་བ་རབ་ཏུ་བྱ། །དཀྱིལ་འཁོར་དང་ནི་བླ་མ་ལ། །ཇི་བཞིན་ཚོགས་ཕྱག་བྱའོ། །དེ་ནས་བླ་མ་དག་ལ་ཡོན། །དེ་བཞིན་གཤེགས་པས་གསུངས་པ་དབུལ། །གསེར་ནི་བརྒྱ་སྟོང་དབུལ་བ་དང། རིན་ཆེན་རྣམ་པ་སྣ་ཚོགས་དང། །རས་ནི་?་གྱུར། ་བརྒྱད་ཉིད་དང། གླང་པོ་རྟ་དང་ཡུལ་འཁོར་རམ། །རྣ་རྒྱན་དང་ནི་གདུ་བུ་དང། །མགུལ་གདུབ་གསོར་གདུབ་དམ་པ་དང། །གསེར་ལས་བྱས་པ་མཆོད་ཕྱིར་ཐོགས། །ཆུང་མ་བཟད་དང་བུ་མོ་ཉིད། །བྲན་པོ་བྲན་མོ་སྲིང་མ་དང། དེ་ནས་བརྩམས་ཏེ་བྲན་དུ་ནི། ཁྱོད་ལ་བདག་ནི་འབུལ་ལགས་ཤེས། བློ་ལྡན་ཀུན་ནས་དང་བ ་?་བདག་ཉིད་ཀྱང་ནི་དབུལ་བར་བྱ། །དེ་ལྟར་དེས་པར་བྱ་བ་ནི། །སྒྲུབ་པ་པོ་ཡིས་རང་ངེས་བྱ། །དེ་ནས་དེ་ལ་མཁའ་འགྲོ་མས། །རྣལ་འབྱོར་མ་རྣམས་མཉེས་པར་འགྱུར། །མཁའ་འགྲོ་མ་དང་ལཱ?་མ་དང། །ཁཎྜ་རོ་ཧེ་གཟུགས་ཅན་ནམ། །སྒྲུབ་པོ་མཁའ་འགྲོ་མ་ལྷན་ཅིག། དེ་དང་རྣམ་སྤྱོད་འགྲོ་བ་ཀུན། །སྒྲུབ་པ་པོ་ནི་དེ ་དག་གིས། ?་བྱེད་པར་ཐེ་ཚོམ་མེད། །རྣལ་འབྱོར་དེ་ནི་བསྒྲུབ་གྱུར་ན། །འཇིག་རྟེན་གསུམ་དུ་མི་བཟློགས་ཤིང། །མི་སྣང་ཕུག་དང་ནམ་མཁའ་རྒྱུ། །རྐང་མགྱོགས་དེ་བཞིན་བཅུད་ཀྱིས་ལེན། །སྒྲུབ་པ་པོ་ནི་འདོད་ཙམ་གྱིས། །རྟག་པར་རྒྱུན་དུ་བསྐྱེད་པར་འགྱུར། །གཟུགས་ནི་དུ་མ་བྱེད་པ་དང། ་ནམ་མཁའ་ལ་ནི་འགྲོ་བར་འགྱུར། །མཁའ་འགྲོ་རྣམས་ཀྱང་ཁྱད་པར་དུ། །དེས་གནོན་འགྲོ་བ་ཐམས་ཅད་ཀྱང། །ལྷན་ཅིག་བལྟས་པའི་སྦྱོར་བ་ཡིས། །སྐད་ཅིག་གི་ནི་སྦྱོར་ཉིད་བསྐྱེད། །སྔགས་པ་དཀྱིལ་འཁོར་མ་མཐོང་བར་རོ། །གང་ཞིག་རྣལ་འབྱོར་པ་ཉིད་འདོད་ཏུ་མཁའ་ལ་ཁུ་ཚུར ་གྱིས་བརྡེག?་དང། །སྨིག་རྒྱུའི་ཆུ་ནི་འཐུང་དང་མཚུངས། །རྣལ་འབྱོར་འདི་ནི་མཆོག་རབ་དང། །སྦྱོར་བ་ཀུན་གྱི་དམ་པ་ཡིན། །གང་ཞིག་རྟག་ཏུ་འདོད་འགྱུར་བ། །འདི་ནི་ལྷ་མིན་ཟིལ་གནོན་འགྲོ། དཀྱིལ་འཁོར་འདི་ནི་དབང་བསྐུར་བ། །རྒྱུད་རྣམས་ཀུན་གྱི་བསྒྲུབ་པར་གསུངས། སྒོད་དང ་བལྟ་དང་ལག་བཅངས་དང། །གཉིས་གཉིས་འཁྱུད་པ་ལ་སོགས་བདག། རྒྱུད་རྣམས་ཀུན་གྱི་དམ་པ་ཡིན། །དེ་ལ་དབང་བསྐུར་བྱས་པ་ཡིན་ཞེས་རྒྱུད་དང་མཐུན་པའི་བསྙེན་བཀུར་བྱའོ། །ཇི་ལྟར་ངེས་པའི་དོན་དེ་ལྟར་བྱིན་གྱིས་བརླབས་པ་དང་ལྡན་པ་ལ་ནི་བཞེས་པ་བསྟན་པར་བྱའོ། །རྡོ་རྗེ་རྣལ ་འབྱོར་མའི་བདེ་བ་མཆོག་གི་སྡོམ་པ། འཇུག་པ་ངེས་པ་དོན་གྱི་དཀྱིལ་འཁོར་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨ་བ་དྷཱུ་ཏཱི་བ། དཔལ་གཉིས་མེད་རྡོ་རྗེས་མཛད་པའོ། །རྣལ་འབྱོར་པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱི་རྟིས་རང་འགྱུར་དུ་མཛད་པའོ།། །། ་