CLOSE WINDOW

N1084: rdo rje rnal 'byor ma'i dkyil 'khor gyi cho ga zhes bya ba
Wyliee-texts based on the ACIP/ALL Input

རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་ཆོ་ག་བཞུགས་སོ། །རྒྱ་གར་སྐད་དུ་།བཛྲ་ཡོ་གི་ནཱི་མཎྜལ་ཝི་དྷཱ་ནཱི་མ་། བོད་སྐད་དུ། རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །དྲི་མེད་མྱམ་པ ་མེད་པ་ཡུམ་གྱི་མཆོག་གྱུར་རྡོ་རྗེ་མཛེས་མ་ལས་བྱུང་ཆོས་ཀྱི་དྲིང། །ཁྱབ་པའི་མཁས་པས་གྲངས་མེད་རྣམས་ཀྱི་སྦྲང་རྩི་ལེན་མཚུངས་རྒྱུན་ཏུ་ཡང་དག་བསྟེན་པ་ཡིས། །བགེགས་ཉོན་མོངས་ཚོགས་ཀྱི་ཚ་བ་འཇོམས་པར་བྱེད་ཅིང་ཡོན་ཏན་ཚོགས་ཀྱིས་གང་བ ་ཡིས། །མྱ་ངན་འདས་པའི་བདུད་རྩི་སྟེར་བྱེད་བླ་མའི་ཞབས་ཀྱི་པདྨ་ལ་ནི་སྐྱབས་སུ་མཆི། །བྱེ་བྲག་ཤེས་པ་དཔག་ཏུ་མེད་པས་བྱས་པའི་ཐར་སྟེར་ལྟ་བུ་མ་ཡིན་ཡང། །འོན་ཀྱང་བྱ་ཁྱུང་མཁའ་ལ་སྤྱོད་ཕྱིར་བྱ་གཞན་མཛའ་ལ་མི་སྤྱོད་མིན་པ་ཡིས། །རྟོགས ་ལྡན་རྣམས་ལ་བཟོད་གསོལ་རྡོ་རྗེ་ཡིད་འོང་མ་ཡི་འཁོར་ལོའི་བྱ་བ་རྣམས། །ལུས་ངག་ཡིད་ཀྱི་གུས་པ་དང་ལྡན་དོན་དུ་བདག་གིས་ཡང་དག་བརྗོད་པར་བྱ། །འདིར་གང་གི་ཕྱིར་ན། གཏི་མུག་ཆེན་པོའི་ཚོགས་ཀྱི་མུན་པ་རྣམས་ཀྱིས་ཤེས་རབ་ཀྱི་མིག ་བསྒྲིབས་ནས། ལམ་མ་ཡིན་པར་འགྲོ་བཱི་སེཾས་ཅན་རྣམས་མཐོང་ནས་མཆོག་གི་སྙིང་རྗེ་ཅན་གྱི་སློབ་དཔོན་གྱིས་གཙོ་མོའི་བཟླས་པ་འབུམ་དང་འཁོར་གྱི་ཁྲི་ཚོ་རེ་རེ་བསྐྱལ་བ་སྔོན་གྱི་བསྙེན་པའོ། །དེ་ནས་དང་པོར་མི་དགེ་བ་བཅུ་ལས་བཟློག་ཅིང་དགེ་བ་བཅུ་ལ ་གཞུག་གོ། བསྙེན་གནས་དང་དགེ་བསྙེན་ལ་སོགས་པའི་བསླབ་པ་དང། དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པའི་ལམ་གྱི་དེ་དག་ཉེ་བར་བཟུང་བའོ། །དེ་ལྟར་དད་པ་ལ་སོགས་པ་མཆོག་གི་ཡོན་ཏན ་དང་ལྡན་པའི་སློབ་མ་དཀྱིལ་འཁོར་དུ་དབང་བསྐུར་བའི་དོན་དུ་ལན་གཉིས་དང་ལན་གསུམ་དུ་གསོལ་བ་བཏབ་པ་དང། དེའི་ཚོགས་པ་མ་ཚད་ན་དེའི་ལྟེ་བར་ཉི་མའི་དཀྱིལ་འཁོར་ལ་དཀོད་པ་ཡི་གེ་ཧཱུཾ་གི་འོད་ཟེར་གྱིས་སྙིང་གར་གནས་པའི་ཡི་གེ་ཀཾ་ལས ་བྱུང་པའི་སྡིག་པ་ཤ་ཟ་དང་མཚུངས་པར་སྣ་ནས་འཐོན་པ་དང། དེ་ནས་ཡི་གེ་ཧཱུཾ་སྙིང་གར་དྲངས་པ་ལས་ཡོངས་སུ་གྱུར་པ་ལས་ཁྲོ་བོའི་རྒྱལ་པོ་ཧཱུཾ་མཛད་ཕྱི་རོལ་དུ་བྱུང་ནས། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲིཧྞ་གྲིཧྞ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲིཧྞ་པ་ཡ་གྲིཧྞ་པ་ ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ:བྷ་ག་བཱན་བིདྱཱ་རཱ་ཛ་ཡ་ཨ་མོ་ཀསྱ་སརྦ་པཱ་པཾ་ནཱ་ས་ཡ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་ཅིང་ཁྲོ་བོའི་རྒྱལ་པོའི་རྡོ་རྗེས?་སྡིག་པ་ལ་བསྣུན་པས་སྟོང་པར?་བསཾ་མོ་དེ་ནས་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་སརྦ་བིགྷཾ་བནད་ཧུཾ ་ཧཱུཾ་ཕཊ། ཅེས་པའི་རྣལ་འབྱོར་མའི་བཀའ་བྱིན་པ་དེ་རང་ཉིད་ཀྱིས་ཀྱང་བརྗོད་པར་བྱ་ཞིང། ཁཎྜ་རོ་ཧས་ལྟེ་བ་མན་ཆད་ཕུར་པའི་རྣམ་པ་ཅན་གྱིས་ཕུར་བས་སློབ་མའི་སྙིང་གའི་བགེགས་ལ་གདབ་པར་བྱའོ། །ཕུང་པའི་འོད་ཟེར་ཤིན་ཏུ་རྣོ་བས ་སྡད་བ་ཐམས་ཅད་རྣམ་པར་བསྲེགས་ཏེ། སློབ་མ་དེ་ཡི་སཾ་ལས་ཀུན་ཏུ་བཟང་མོར་བསམ་པར་བྱའོ། །དེ་ནས་ཏིང་ངེ་འཛིན་གྱི་གོ་ཆ་བསྐོན་ཏེ་བསྲུང་བ་དང་སྔགས་ཀྱིས་བསྲུང་བར་བྱའོ། །དེ་ཉིད་ཁཎྜ་རོ་ཧའི་སྔགས་སམ་བཅོམ་ལྡན་འདས་མའི་སྔགས ་ཟློག་གཞུག་གོ། དེ་ལྟར་བྱས་ན་དེའི་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་བརླག་པར་འགྱུར་ཞིང། དགོས་པའི་ཡོ་བྱད་ཐམས་ཅད་ཆོགས?་མེད་པར་འཛོམ་པར་འགྱུར་རོ། །དེ་ནི་སློབ་མ་བཟུང་བའི་ཆོ་གའི་རིམ་པའོ། །དེ་ནས་དགོས་པའི་ཡོ ་བྱད་ཐམས་ཅད་ཚོགས་པ་དང། བྱ་བ་ལ་མཁས་པའི་གཡོག་དང་རིག་མ་དང་བཅས་པའི་སློབ་དཔོན། དགེ་བའི་བཟའ་ལ་སོགས་པ་ལ་གཙོ་མོའི་ང་རྒྱལ་དང་བཅས་པས་ཕྱོགས་རྣམས་དང་གནས་ཀྱི་བྱེ་བྲག་འགའ་ཞིག་ཏུ་དཀྱིལ་འཁོར་བཞེངས་པ་སྤང ་བ་གོ་བར་བྱས་ལ་གྲོང་ཁྱེར་ལ་སོགས་པ་དབང་ལྡན་གྱི་མཚམས་སུ་འམ། གང་ཡིད་དུ་འོང་བའི་གནས་སུ་བྱང་དང་ཤར་གཞོལ་བའི་རབ་ཏུ་བསྟེར་བའི་མཎྜལ་གྱིས་གཞི་ངེས་པར་བརྟགས་ལ། དེར་ལྕི་བ་ལ་སོགས་བའི་མཎྜལ་བྱས་པ་དང། དཀྱིལ་འཁོར ་གྱི་ལྷ་རྣམས་མཆོད་ནས་ནམ་མཁའ་ལ་གཤེགས་པར་བྱའོ། །དེ་ནས་དེ་ན་གནས་པའི་ཞིང་སྐྱོང་ལ་སོགས་པ་རྣམས་གཏོར་མ་དང་ཉེ་བར་སྤྱོད་པ་ལ་སོགས་པས་མཆོད་དོ། །དེ་ནས་གསོལ་བ་བཏབ་པ་ནི། གང་དག་འདི་ན་གནས་པའི་ལྷ་དང་ཀླུ། ། ་གནོད་སྦྱིན་སྲིན་པོ་གཞན་དག་དང། །དེ་དག་རྣམས་ལ་ས་གཞི་ཉིད། །དཀྱིལ་འཁོར་དོན་དུ་བདག་ལ་བྱིན། །ཞེས་པས་ལན་གསུམ་དུའོ། །རྨི་ལམ་ལ་སོགས་པར་དེ་ཉིད་ཀྱིས་གནད་བ་འམ་དགག་བ་མ་བྱས་ན། ནང་པར་གྱི་ཐུན་དང་པོ་ལ་བཅོམ་ལྡན་འདས ་མ་རྡོ་རྗེ་རྣལ་འབྱོར་ལ་སོགས་པས་ནམ་མཁར་བལྟས་ལ་གསོལ་བ་གདབ་པར་བྱའོ། །ཉི་མ་ཕྱེད་ཀྱིས་དུས་སུ་བསྲུང་བའི་འཁོར་ལོ་དང་བགེགས་ལ་ཕུར་པ་གདབ་པ་བསྒོམ་པའམ་དྲག་པོའི་སྦྱིན་སྲེག་གིས་བགེགས་རྣམས་བཅོམ་ལས་གཞི་དེ་ཉིད། ་ཨོཾ་ཨཱ:བིགཏ་ནཱནདི་ཀྲིཏ་ཧཱུཾ་ཞེས་པ་བཟླས་ཞིང་ཡུངས་ཀར་དང་ཐལ་བ་དང་ཆུ་ཡིས་ནིར་མ་ཐ་བྱའོ། །དེ་ཉིད་དུ་སའི་ལྷ་མོ་རྡོ་རྗེའི་འདུག་སྟངས་ཀྱིས་གནས་པ་གསུང་བར་འགྱུར་བའི་སྐུ་མདོག་ལ་སོགས་པ་དང་ལྡན་པར་བསྒོམས་ལ། ཞལ་བསིལ་ལ་སོགས ་པས་མཆོད་ནས་ཨེ་ཧཡེ་ཧི་ལ་སོགས་པའམ། ལྷ་མོ་ཁྱོད་ཉིད་ལ་སོགས་པས་ལན་གསུམ་དུ་གསོལ་བ་བཏབ་སྟེ། དེ་ལྟར་མཛོད་ཅིག་ཅེས་གནད་བ་བྱིན་པ་དང་དེ་ཡིད་ཀྱིས་ནམ་མཁའ་ལ་བཞུགས་པར་བྱའོ། །དེ་ནས་ས་གཞི་དེ་བགེགས་མེད་པར་ཤེས་པར ་བྱས་ལ། བ་ཏུ་ན་གའི་ལྟོ་བར་བརྐོས་ནས་སྦྱངས་བ་དང། སྔགས་ཀྱིས་ས་གཞི་ངག་པར་བྱ་བ་དག་ཏིང་ངེ་འཛིན་གྱིས་དག་པར་བྱ་བ་རྣམས་ནི་ས་སྦྱང་བ་རྣམ་པ་གསུམ་གཞན་དུ་ཤེས་པར་བྱའོ། །དེ་ནས་སློབ་དཔོན་ཕྱག་རྒྱ་ལྔ་ཡིས་བརྒྱན་ལ། མེ་ཏོག ་གིས་སྤྲས་པའི་དཀྱིལ་འཁོར་གྱིས་གཞིའི་དབུས་སུ་བསྡད་དེ། རྡོ་རྗེ་དྲིལ་བུ་འཛིན་པ་དྲི་བྱའི་དཀྱིལ་འཁོར་གྱི་རྣལ་འབྱོར་དང་ལྡན་པ་བསྲུང་བའི་འཁོར་ལོ་ལ་སོགས་པས་བགེགས་རྣམས་འཇོམས་པར་བྱེད་པས་སྤོས་སྣོད་བཟུང་སྟེ་ཧཱུཾ་ལས་རྡོ་རྗེའི་ལྕེ་དང་ལྡན ་པར་བརྗོད་པ། ཕྱོགས་རྣམས་ཀུན་ན་གནས་པ་ཡི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །འདིར་ནི་རྡོ་རྗེ་ཆེ་གེ་བདག་།དཀྱིལ་འཁོར་ཆེན་པོ་བྲི་བར་བྱ། །སངས་རྒྱས་ཐམས་ཅད་བྱོན་པར་ཞུ། །འདིར་ནི་དངོས་གྲུབ་གནང་བར་མཛོད། །ཅེས ་པས་སྙན་གསན་ཕབ?་ནས་མཆོད་དེ། མཁའ་འགྲོ་མ་ལ་སོགས་པ་རྣལ་འབྱོར་མ་བཞིའི་རྣལ་འབྱོར་དང་ལྡན་པའི་སློབ་མ་ཕྱོགས་བཞིར་གནས་ཏེ་རྡོ་རྗེ་དང་དྲིལ་བུ་འཛིན་པས་སམ། །གཅིག་ཕྱོགས་བཞི་རུ་རིམ་པས་ཕྱིན ་ནས་བརྗོད་པ། སེམས་དཔའ་ཀུན་ལ་སེམས་ཆེན་པོ། །རང་བཞིན་དག་པས་དྲི་མ་མེད། །ཀུན་ཏུ་བཟང་པོ་ཐུགས་ཀྱི་མཆོག། དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །དེ་བཞིན་གཤེགས་ཀུན་རང་བཞིན་བྲལ། །དེ་བཞིན་གཤེགས་པ་ཀུན ་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག་།དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཆོས་རྣམས་ཞི་བ་ལས་བྱུང་མཆོག་།རྣམ་པར་དག་པའི་ཡེ་ཤེས་སྤྱོད། །ཀུན་ཏུ་བཟང་པོ་གསུང་གི་མཆོག་།དཀྱིལ་འཁོར་དམ་པ་བཤད་དུ ་གསོལ། །མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས། །མཚན་ཉིད་བྲལ་བ་རྣམ་པར་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག། དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་པ་སོ་སོ་ནས་གསོལ་བ་འདེབས་སུ་གཞུག་གོ། དེ་ལྟར་གསོལ་བ་འདེབས ་པ་མེད་ན་བདག་ཉིད་ཏིང་ངེ་འཛིན་གྱིས་སོ། །དེ་ནས་སྔོན་དུ་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོས་ལ། བསྒོམ་པའི་དཀྱིལ་འཁོར་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་རྩེ་སྤྲད་དེ་སྤྱི་གཙུག་ཏུ་ཁ་ཕྱོགས་པ་བཟུང་ལ། ཧཱུཾ་ཧཱུཾ་བཛྲ་ཨུཏྟིཥྛ་ཞེས་བརྗོད་དེ་བཏེག ་ནས་ནམ་མཁའ་ལ་གཞུགས་སུ་གསོལ་ནས་སྐྱིལ་ཀྲུང་བཤིག་སྟེ་ལངས་ལ་ཤར་དུ་ཁ་ཕྱོགས་པ་དང་རྐང་པ་གཞིབས་ན་ཐལ་མོ་སྤྱི་བོར་སྦྱར་བ་དང་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱས་ཏེ། སེམས་ཅན་རྣམས་མ་རིག་པའི་མུན་པས་སྒྲིབས་པས ་བདུད་ཀྱིས་བྱིན་གྱིས་བརླབ་པ་བལྟས་ལ། བདུད་རྣམས་གཞོམ་པའི་ཕྱིར་སྐད་ཅིག་གིས་རྡོ་རྗེ་ཕག་མོར་བསྐྱེད་པ་ལ་མིག་གི་གཉིས་བྱིན་གྱིས་བརླབས་ལ་རྡོ་རྗེའི་ལྟེ་བ་དེས་ཕྱོགས་ཀུན་ཏུ་བལྟ་ཞིང་ང་རྒྱལ་བྱས་ལ། བདག་ནི་རྡོ་རྗེ་རྣལ་འབྱོར་མ། །རྡོ་རྗེ ་སེམས་མ་ཉིད་ཀྱང་བདག། བདག་ནི་སངས་རྒྱས་རྒྱལ་མོ་ཆེ། །བདག་ནི་རྣལ་འབྱོར་རྒྱལ་མོ་སྟེ། །བདག་ནི་ཕྱག་ན་རྡོ་རྗེར་བརྟན། ཞེས་བརྗོད་བས་སོ། །དེ་ནས་རྐང་པའི་མཐིལ?་དུ་ཧཱུཾ་ལས་བྱུང་བའི་འབར་བཞིན་པའི་རྡོ་རྗེ་བསམས་ཏེ། སྐབས་ཀྱི་དབྱེ་བས་རོལ ་པ་དང་བཅས་པའི་པདྨའི་ལག་བསྐོར་བྱ་ཞིང་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ། །རྡོ་རྗེ་འགྲོས་ཀྱིས་དབང་ལྡན་ན་བར་ལ་གཡོན་བསྐོར་གྱིས་སློབ་མ་དང་བཅས་པས་དཀྱིལ་འཁོར་གྱི་ས་གཞི་ལ་གར་བྱ་ཞིང་བརྗོད་པས། གནོད་སྦྱིན་དང། སྲིན་པོ་དང། ཡི་དགས ་དང། ཤ་ཟ་དང། རྗེད་བྱེད་དང། འབྱུང་པོ་དང། མཁའ་འགྲོ་དང་མཁའ་འགྲོ་མ་དང། །སྨྱོ་བྱེད་དང་རྒན་པོ་དང་རྒན་མོའི་འཁོར་དང་བཅས་པ་དང། བྱ་ཁྱུང་དང། དྲི་ཟ་དང། མི་འམ་ཅི་དང། གསང་སྔགས་གྲུབ་པ་རྣམས་ཕྱོགས་འདི་མ་ཡིན་པའི་གནས ་གཞན་དུ་བརྒྱུག་ཅིག། སློབ་དཔོན་ཆེ་གེ་མོ་མངོན་པར་རྫོགས་པར་བྱང་ཆུབ་པའི་དོན་དང། སེམས་ཅན་ཐམས་ཅད་ཀྱིས་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་དཔལ་རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་བྲི་བར་བྱའོ། །དེའི་ཕྱིར་རྡོ་རྗེ་རྣལ་འབྱོར ་མའི་བཀའ་སྩལ་གནང་ནས་མྱུར་བར་འགྲོ་བར་གྱིས་ཤིག་།གལ་ཏེ་གང་ཞིག་མི་འགྲོ་བར་གྱུར་ན་དེའི་སྤྱི་བོར་རྡོ་རྗེ་འོད་ཟེར་ཤིན་ཏུ་འབར་བ་འདིས་འབར་རབ་ཏུ་འབར་ནས་རྡོ་རྗེ་ཡེ་ཤེས་ཆེན་པོས་མགོ་ཚལ་པ་བརྒྱར་བྱེད་དོ། །ཞེས་པས་ལན་གསུམ ་བརྗོད་པ་དང་མཁའ་འགྲོ་མ་ལ་སོགས་པ་ཁྲོ་བོའི་ལྟ་མོ་རྣམས་སྤྲོས་ཏེ། སྒྲུབ་ཐབས་སུ་གསུངས་པའི་ཆོ་གའི་རིམ་པས་བགེགས་རྣམས་གཞོམ་པར་བྱས་པས་དཀྱིལ་འཁོར་གྱི་ས་གཞིའི་ས་འོག་ཡན་ཆད་རྡོ་རྗེ་ལྟ་བུར་བྱིན་གྱིས་བརླབ་བོ། །དེ ་ནས་རྐང་པའི་མཐིལ་བྱིན་གྱིས་བརླབས་ལ་བཅག་པར་བྱའོ། །དེ་ནས་མཎྜལ་དྲི་ཡིས་ཉེ་བར་བྱུགས་ཏེ། མེ་ཏོག་ལ་སོགས་པས་མཆོད་པ་དང། སྒོ་བཞི་ནས་སྤོས་སྣོད་བཟུང་ལ་གླུ་དང་གར་ལ་སོགས་པས་ཀྱང་མཆོད་དོ། །དེ་ནས་ས་ལ་རེག་ལ ་བཅོམ་ལྡན་འདས་མའི་སྔགས་བརྒྱ་རྩ་བརྒྱད་དང། ཡི་གེ་བརྒྱ་པ་ལན་བརྒྱད་བཟླས་ནས། དེ་ཉིད་དུ་ལྷ་མོ་རྣམས་ཀྱི་འཁོར་ལོ་སྤྲོ་བ་དང་བསྡུ་བ་བྱས་ལ་ཉལ་ལོ། །དེ་ནི་ས་ཡོངས་སུ་བཟུང་བའི་ཆོ་གའི་རིམ་པའོ།། །།དེ་ནས ་དཀྱིལ་འཁོར་གྱི་ས་གཞིའི་དབུས་སུ་དྲིའི་མཎྜལ་བྱས་ནས། བཾ་ཡིག་ཡོངས་སུ་གྱུར་པ་ལས་སའི་ལྷ་མོར་བསམས་པ་དང། ཡེ་ཤེས་ཀྱི་ལྷ་མོ་སྤྱན་དྲངས་ཏེ། དམ་ཚིག་གི་ལྷ་མོ་དང་རོ་གཅིག་ཏུ་གྱུར་པ་སེམས་སྤྲོ་བ་དང་བཅས་པ?་ཁ་དོག་སེར་མོ ་ན་བཟའ་དཀར་མོ་དང་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། ཕྱག་གཡོན་གྱི་གསེར་གྱི་བུམ་པ་བཟང་པོ་བསྣམས་པ། གཡས་མི་འཇིགས་པ་མཛད་པ་མདུན་དུ་བཞུགས་ཏེ། སྒྲུབ་པ་པོ་ལ་གཟིགས་པ་ལས་ཡོན་ཆབ་སྔོན་དུ་སོང་བའི་སྒོ་ནས་ཡང་དག་པར་མཆོད ་ནས?་མཉེས་པ་དང་བཅས་པར་བསམ་པ་ནི། ཨོཾ་ཨེ་ཧི་ཨེ་ཧི་མཧཱ་པྲི་ཐི་ཝི་ལོ་ཀ་མཱ་ཏ་སརྦ་རཏན་པུར་ཎེ། དེ་བྱ་ཨ་ལཾ་ཀ་ར་བྷུ་ཥི་ཏེ་ཧ་ར་ཎུ་པུ་ར་ཎི་ར་གྷོ་ཥེ། བཛྲ་སཏྭ་པྲ་བྷུ་ཛ་ཏེ། གྲི་ཧཱི་ཏ་ཨི་དཾ་ཨརྒྷཾ་མཎྜ་ལ་ཀརྨ་སུ་བཱ་ད་ཡ། ཧཱི་ཧཱི་ཧཱི་ཧཾ་སྭཱ་ཧཱ། ཞེས་པ་ལན་གསུམ ་བརྗོད་དེ་སྤྱན་དྲང་བ་དང། ཉེ་བར་ཞུགས་པ་དང། ས་གཞི་ལ་བཞུགས་པར་བྱའོ། །ཡང་ན་ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ས་དང་ཕ་རོལ་ཕྱིན་པ་ལ། །ཇི་ལྟར་བདུད་སྡེ་བཅོམ་པ་ཡི། །ལྷ་མོ་ཁྱོད་ནི་དབང་གྱུར་ལྟར། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ ་བར་བྱས་ཏེ་དཀྱིལ་འཁོར་བྲི་ཞེས་པ་ལན་གསུམ་བརྗོད་དེ། ལྷག་པར་གནས་པ་བྱས་པས་དེ་ལྟར་བགྱི་ཞེས་གསུངས་ནས་དེ་ཉིད་དུ་ཐིམ་པར་བསམ་མོ། །དེ་ནས་ལག་པ་རྡོ་རྗེ་བཅིངས་ལ་ས་ལ་མནན་ལ། ཨོཾ་བིཛྲ་བྷ་བ་ཧཱུཾ་ཞེས་པ་ལན་གསུམ་བརྗོད་པས་རྡོ ་རྗེ་བཅིངས་པ་ལས་ཧཱུཾ་འབར་བཞིན་བའི་ཚོགས་སྤྲོས་པ་དང་ས་འོག་གི་བར་དུ་རྡོ་རྗེའི་རང་བཞིན་དུ་བསམས་ཏེ་།ོཾ་བཛྲ་དྲི་ཌཧ་ཏིཥྛ་ཞེས་པ་ལན་གསུམ་བརྗོད་དེ། སའི་ལྷ་མོ་དེ་ཉིད་རང་གི་དབང་དུ་བྱའོ། །ཆོ་གའི་རིམ་པའོ། །དེ་ནས་དཀྱིལ་འཁོར་གྱིས ་གཞི་བདུད་རྩི་ལྔ་དང་བཅས་པའི་དྲི་ཞིམ་པོས་ཡི་གེ་གསུམ་བརྗོད་ཅིང་བྱུག་པར་བྱས་པ་དང་མེ་ཏོག་གི་ཆལ་པར་བགྲམ་ལ་ཁྲུས་བྱས་ཏེ་ལུས་དྲི་དང་ལྡན་པར་བྱ། ན་བཟའ་དཀར་པོ་བགོ། གསུང་བར་འགྱུར་བའི་འཁོར་ལོ་ལ་སོགས་པའི་སྔགས ་ཀྱིས་བྱིན་གྱིས་བརླབས་པའི་མེ་ཏོག་གི་ཕྲེང་བས་སྐུ་ལ་བརྒྱན་ལ། དཀྱིལ་འཁོར་གྱིས་གཞིའི་དབུས་སུ་གནས་ཏེ། ཁ་ཤར་དུ་ཕྱོགས་པའི་སློབ་དཔོན་བཅོམ་ལྡན་འདས་མའི་རྣལ་འབྱོར་དང་ལྡན་པས། ལྷ་མོ་རྣམས་ཀྱི་གནས་རྣམས་ལ་བདུད་རྩི ་དང་བཅས་པའི་དྲི་ཞིམ་པོས་མཎྜལ་བྱས་ཏེ། དམ་ཚིག་གི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་རྣམ་པར་བསྒོམས་ལ། དེ་རྣམས་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་གཞུག་པར་བྱ་སྟེ། སྒྲུབ་ཐབས་སུ་བཤད་པའི་ཆོ་གས་ཕྱིའི་མཆོད་པ་དང་བསྟོད་པ་དང ་བདུད་རྩི་མྱང་བ་རྣམས་བྱས་ལ། དེ་ནས་བྱང་དུ་ཁ་ཕྱོགས་ཏེ་བསྒོམས་པའི་དཀྱིལ་འཁོར་ཕྱི་རོལ་གྱི་དབང་ལྡན་མཚམས་ན་གནས་པ་རྣམས་རྩ་བ་ནག་པོ་མ་ཡིན་པ། མཆུ་འཆང་བ། མགྲིན་པ་རིང་བ། ལྟོ་བ་ཆེ་བ་ཙན་དན་ལ་སོགས་པ་དཀར་བས་བྱུགས ་པ། ལྷ་མོ་རྣམས་ཀྱི་མཚན་མ་བཏབ་པ། བདུད་རྩི་ལྔ་དང་དྲི་ཞིམ་པའི་ཆུ་དང་རིན་པོ་ཆེ་དང་འབྲུ་སྣ་ལྔ་དང་སྨན་ལྔ་རྣམས་ཀྱིས་གང་བ་མཛེས་པའི་ཤིང་ལོ་ལྔས་བརྒྱན་པ། དྲི་མ་དང་བྲལ་བའི་རས་ཟུང་གིས་མགྲིན་པ་དཀྲིས་པ། གསུང་བར་འགྱུར་བའི ་དཀྱིལ་འཁོར་གྱི་མཚན་མས་རིམ་པ་བཞིན་དུ་མཚམས་དང་ལྡན་པ་རྣམས་དཀྱིལ་འཁོར་གྱི་རྣམ་པS་དེ་དང་དེ་རྣམས་དྲི་ཞིམ་པོའི་མཎྜལ་བྱས་པའི་སྟེང་དུ་ཇི་ལྟར་རིགས་པའི་གདན་རྣམས་ཀྱི་སྟེང་དུ་གཞག་པར་བྱའོ། །དེ་ལ་ཧཱུཾ་ཡིག་ལན་བདུན་བརྗོད ་ཅིང་བཅིང་པའི་སྐུད་པ་དཀར་པོ་བདུན་གྱིས་དཀྲི་བར་བྱ་བ་ནི། ཨོཾ་བཛྲ་ཤེ་ཁ་རེ་རུ་ཊ་མཊ་དི་ཤཱི་བནདྷ་བནདྷ་ཧཱུཾ་ཞེས་པའི་སྔགས་ཀྱིས་སོ། །དེ་ནས་སྟོང་པའི་དང་ལས་བཾ་ཡིག་ཡོངས་སུ་གྱུར་པ་ལས་བྱུང་བའི་རིན་པོ་ཆེའི་གཟུགས་སུ་གསེར་ལ་སོགས་པ ་ལས་བྱུང་བའི་བུམ་པ་རྣམས་ལྷག་པར་གནས་པར་བྱའོ། །དེ་ཡང་དཀྱིལ་འཁོར་དབྱེ་བས་བུམ་པའི་དབྱེ་བ་ཤེས་པར་བྱས་ལ། ལས་ཐམས་ཅད་ལ་ཁཎྜ་རོ་ཧ་དང་བཅས་པའོ། །གལ་ཏེ་ལྷ་གྲངས་དང་མཉམ་པ་ལྟར ་ན་ཡང་ལས་ཐམས་ཅད་པ་ཡིས་ལྷག་པའོ། །དེ་ཡང་བྱ་བ་མང་པོ་འམ་གཙོ་བོར་བྱེད་པའི་དོན་དུ་རྣམ་རྒྱལ་གྱི་བུམ་པའི་སྟེང་དུ་དུང་ངམ་ཐོད་པ་བདུད་རྩི་དང་དྲི་ཆུ་དང་བཅས་པ་དང། མེ་ཏོག་གི་ཕྲེང་བས་བཅིངས་པའི་རྡོ་རྗེ་ཧཱུཾ་ཞེས་བརྗོད་ཅིང ་གཞག་གོ་།དེ་ནས་ཨོཾ་བཛྲ་ཨུ་ད་ཀ་ཋ:ཧཱུཾ་ཞེས་པ་དང། ཡི་གེ་གསུམ་ལན་བདུན་དུ་བཟླས་ཏེ་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབ་བོ། །དུམ་པའི་ནང་རྣམས་སུ་ཨོཾ་ཏཔཏེ?་མཧཱ་ཏཔཏེ་སྭཱ་ཧཱ་ཞེས་པས་སྤྱན་དྲངས་ཆུའི་རང་བཞིན་ལས་གདན་དང ་བཅས་པའི་ལྷ་མོའི་འཁོར་ལོ་རྣམས་སྐད་ཅིག་གིས་རྣམ་པར་བསྒོམས་ལ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་རོ་གཅིག་ཏུ་གྱུར་པ་ཡན་ཆད་བྱ། མཚན་མ་ལ་ཡང་དཾ་ཚིག་གི་ལྷ་མོ་རྣཾས?་ཡེ་ཤེས་ཀྱི་ལྷ་མོ་རྣཾས་དང་རོ་གཅིག་ཏུ་གྱུར་པར་བསམ་མོ། །དེ་ནས་ཧཱུཾ ་ཞེས་བརྗོད་ཅིང་རྡོ་རྗེ་མེ་ཏོག་དང་བཅས་པ་གཡས་པས་བཟུང་ལ་འཁོར་ལོའི་གཙོ་མོའི་སྙིང་པོའི་སྔགས་བརྒྱ་རྩ་བརྒྱད་བཟླས་པ་འམ་ཨོཾ་བཛྲ་ཨུ་དཀར་ཧཱུཾ་ཞེས་བཟླས་པའི། །དེ་ལྟར་ཁཎྜ་རོ་ཧ་མངོན་པར་བཟླས་ལ་མེ་ཏོག་གསུམ་དེར་གཞུག་པར་བྱའོ།། ་བུམ་པ་གཞན་དེ་དང་དེར་ལྷ་དེ་ཉིད་ཀྱི་སྔགས་བརྒྱ་རྩ་བརྒྱད་དམ་བདུན་བཟླས་པར་བྱའོ། །དེ་རྣམས་ཡང་དག་པར་མཆོད་ནས་ལས་ཐམས་ཅད་པའི་བུམ་པའི་ཆུ་ཡིས་ཤིང་ལོས་བསྲུང་བའི་དོན་དུ་བསང་གཏོར་བྱས་པ་དང། ཇི་སྲིད་དཀྱིལ་འཁོར་གྱི ་བྱ་བ་མ་རྫོགས་ཀྱི་བར་དུ་བགེགས་རྣམས་བསྲུང་བ་གྱིས་ཤིག་ཅེས་བརྗོད་ནས་གཏོར་མ་བྱིན་ལ་རེག་ལ། མི་བསྐྱོད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་བསྟོད་ཏེ་དྲིལ་བུ་དཀྲོལ་ལོ། །བུམ་པ་དེ་རྣམས་ནས་ཆུ་ཅུང་ཟད་རེ་བླངས་ལ་དཀྱིལ་འཁོར་གྱི་ལྷོ ་སྒོའི་ཤར་དང་ཉེ་བ་དུ་མཎ་འཇིའི་སྟེང་དུ་དུང་ལ་སོགས་པ་བཞག་པ་ནས། བདག་ཉིད་ཀྱིས་སློབ་མ་བསང་གཏོར་བྱའོ། །བུམ་པ་རྣམས་ལ་མཆོད་པ་ཉིན་རེ་བཞིན་དུ་དུས་གསུམ་དུ་བྱའོ། །འདི་ནི་བུམ་པ་ལྷག་པར་གནས་པའི་ཆོ་གའི་རིམ་པའོ། །དེ་ནས ་གསུངས་པའི་རྒྱན་རྣམས་ཀྱིས་བརྒྱན་པ་དེས་དྲི་དང་མེ་ཏོག་གིས་ལྷ་གནས་བཀོད་ལ། དཀྱིལ་འཁོར་དེ་ལ་རྣལ་འབྱོར་བྱ་བ་ནི་བདག་ཉིད་ཀྱི་སྙིང་གའི་འོད་ཟེར་གྱིས་སྤྱན་དྲངས་པའི་རྡོ་རྗེ་རྣལ་འབྱོར་མས་གཙོ་བོ་བྱས་པའི་ལྷ་མོའི་འཁོར་ལ་གནས་པ ་རྣམས་ལ་ཞབས་བསིལ་ལ་སོགས་པ་བྱིན་ཏེ། བར་མ་དང་མཆོག་དང་དབུས་དང་དྲི་དང་བཅས་པའི་ཆུ་དང། མེ་ཏོག་ལ་སོགས་པས་མཆོད་ནས་བསྟོད་དེ་བདུད་རྩི་སྦྱངས་པ་དང། པུས་མོ་གཡས་པས་ལ་བཙུགས་ཏེ་ལྕེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་པ ་ཧཱུཾ་གིས་མཚན་པར་བསྐྱེད་ལ། ལག་པས་སྤོས་སྣོད་བཟུང་སྟེ་དྲིལ་དུ་དཀྲོལ་ཞིང་བརྗོད་པ། བཅོམ་ལྡན་རྡོ་རྗེ་ཕག་མོ་ཉིད། །རིག་པའི་རྒྱལ་མོ་ལ་ཕྱག་འཚལ། །ལྷན་སྐྱེས་འབྱུང་བའི་དཀྱིལ་འཁོར་འདིར། །མགོན་པོ་བྲི་བར་འཚལ་བ་ཡིས། །སློབ་མ ་རྗེས་སུ་བཟུང་ཕྱིར་དང། ཁྱོད་ལ་མཆོད་པ་བྱ་བའི་ཕྱིར། །བདག་ནི་བཅོམ་ལྡན་མ་ལུས་གུས། །བཀའ་དྲིན་གྱིས་ནི་གནང་བར་རིགས། །ལྷ་མོ་རྣམས་ཀྱི་ཐུགས་རྗེ་ཡིས། །འགྲོ་ལ་འཁོར་བའི་བྱ་བའི་བྱིན། །འབྲས་བུ་ལ་གནས་བྱང་ཆུབ་སེམས། ། ་གཞན་ཡང་སྔགས་ཀྱི་ལྷ་རྣམས་དང། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང། །འབྱུང་པོ་བྱང་ཆུབ་ལ་ཕྱོགས་དང། །བསྟན་པ་སྐྱོང་པའི་སེམས་ཅན་དེ། །གང་ཞིག་རྡོ་རྗེའི་སྤྱན་ལྡན་རྣམས། །བདག་ནི་རྡོ་རྗེ་ཆེ་གེ་ཆེ། །གུས་དང་བཅས་པས་ཞབས་ཐོག་ཏུ།། ་རྡོ་རྗེ་ཕག་མོའི་དཀྱིལ་འཁོར་ནི། །འགྲོ་བདག་ཕྱིར་བྲི་བར་བྱ། །སློབ་མ་དང་བཅས་བདག་ཉིད་ལ། །རྗེ་སུ་བརྩེ་བ་དང་ལྡན་པས། །དཀྱིལ་འཁོར་མ་ལུས་པ་རྣམས་དང། །ཉིད་ནི་ཉེ་བར་གནས་པར་རིགས། །ཞེས་པའི་དོན་ཤེས་པར་བྱས་ལ་གསོལ་བ་གདབ ་པར་བྱ་བ་དང། དེ་ནས་དེ་ཉིད་དུ་དམ་ཚིག་ཅན་འདུ་བར་བྱའོ། །དེ་ནི་ལྷ་ལྷག་པར་གནས་པའི་ཆོ་གའི་རིམ་པའོ། །དེ་དེ་ལྟར་དཀྱིལ་འཁོར་ལ་མཆོད་པ་བྱས་ཏེ་ཤིན་ཏུ་ལེགས་པར་བརྟགས་པའོ། །ང་རྒྱལ་ལ་སོགས་པའི ་སྐྱོན་དང་དྲལ་བ། །དགེ་བསྙེན་ལ་སོགས་པའི་བསླབ་པ་དང་ལྡན་པ། །ཐོས་པ་ལ་སོགས་པའི་ཕ་རོལ་ཏུ་སོང་བ། །བཅོམ་ལྡན་འདས་བདེ་མཆོག་དང་རྡོ་རྗེ་རྣལ་འབྱོར་མ་མཉེས་པར་བྱེད་པས་མཎྜལ་སྔོན་དུ་སོང་བ་དང། །པུས་མོ་ས་ལ་བཙུགས ་ཏེ་མེ་ཏོག་སྙིམ་པར་ཐོགས་པའི་སློབ་མ་རྣམས་ལ། འཇིག་རྟེན་འདི་ལ་བདེ་དོན་དང། །འཇིག་རྟེན་ཕ་རོལ་བདེ་དོན་ཏེ། །འོན་ཀྱང་སངས་རྒྱས་ཐོབ་དོན་ཏོ། །བློ་དང་ལྡན་པས་འཇུག་པར་བྱ། །ཞེས་པའི་དོན་བཤད་ལ། །སྐད་ཅིག་གིས་ཤེས་རབ་དང་ཐབས ་ཀྱི་བདག་ཉིད་དུ་བསྐྱེད་པ་དང། །དེ་ཉིད་ཁ་ནས་བཅུག་སྟེ་ལྷ་མོའི་པདྨ་ལ་གནས་པ་ལ་བདག་ཉིད་ཀྱིས་དབང་བསྐུར་བས་རྡོ་རྗེ་ཕག་མོའི་གཟུགས་སུ་བསྒོམ་ཞིང། དཀྱིལ་འཁོར་གྱི་ཕྱི་རོལ་ན་གནས་པ་རྣམས་གསོལ་བ་འདེབས་སུ་གཞུག་པ་ནི། སྐྱེ་དང་སྒས? ་དང་འཆི་བ་དང། ཆུ་སྲིན་ལ་སོགས་འཇིགས་པ་ཡི། །འཁོར་བའི་རྒྱ་མཚོ་ལས་འདོན་ཁྱོད། །ང་ལ་སྟོན་པ་མགོན་པོ་ཆེ། །བདེ་བ་ཆེན་པོ་བདག་ཚལ་བས། །བྱང་ཆུབ་ཆེན་པོའི་ལམ་བསྟན་པ། །དམ་ཚིག་དེ་ནི་བདག་ལ་གསོལ། །བྱང་ཆུབ་སེམས་ཀྱང ་བདག་ལ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་དང། །སྐྱབས་གསུམ་དག་ཀྱང་བདག་ལ་གསོལ། །ཐར་པ་ཆེན་པོའི་གྲོང་ཁྱེར་དུ། །མགོན་པོ་བདག་ནི་མཇུག་ཏུ་གསོལ། །དཔའ་བོ་དཔའ་མོའི་དབང་ཕྱུག་མ། །ཕག་མོའི་ཧེ་རུ་ཀ་ཉིད་དང། ། ་གསང་བའི་གནས་སོགས་རྣམ་པར་དག་།ལུས་ལ་གནས་པ་གསུང་པར་ཞུ། ཞེས་བརྗོད་དེ། སློབ་མ་གཅིག་གཙོ་བོར་བྱས་པ་མདུན་དུ་བཞག་ནས། བུ་ཚུར་ཐེག་པ་ཆེན་པོ་ལ། །སྔགས་ཀྱི་སྤྱོད་པའི་ཆོ་ག་ཡི། །ཁྱོད་ནི་ལམ་ཆེན་སྣོད་ཡིན ་པས། །ཁྱོད་ལ་ཡང་དག་གསོལ་བ་འདེབས། །འདས་པའི་སངས་རྒྱས་གང་དག་དང། །ད་ལྟར་ཡང་དག་མ་བྱོན་དང། །ད་ལྟར་བྱུང་བའི་སངས་རྒྱས་གང། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །དེ་དག་ཀུན་གྱི་གསང་བ་ཡི། །ཆོ་ག་བཟང་པོ་འདི་རྣམས་ཀྱིས། ། ་ཐབས་དང་ཤེས་རབ་གཉིས་མེད་པའི། །སངས་རྒྱས་ཐམས་ཅད་མཁྱེན་པ་ཐོབ། །ཤཱཀྱ་སེངྒེ་ལ་སོགས་ཀྱིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །སྟོབས་ཆེན་རྣམས་ཀྱང་གསང་སྔགས་ཀྱི། །སྦྱོར་བ་མཉམ་པ་མེད་པ་བཅོམ། །དེ་བཞིན་ཐམས་ཅད་མཁྱེན ་ཐོབ་ཕྱིར། །བུ་ལ་གང་དང་གང་འདོད་པའི། །ཆོ་ག་མ་ལུས་སྦྱིན་པར་བྱ། །བྱང་ཆུབ་དངོས་གྲུབ་ཐོབ་པར་གྱིས། །ཞེས་པ་བརྗོད་དོ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །ངེས་པར་གསུམ་ལ་སྐྱབས་སུ་མཆི། །འཁོར་ལོ་གསུམ་གྱི་རང་བཞིན་ཅན།། ་བྱེ་བྲག་མཁའ་འགྲོ་མ་རྣམས་དང། །དཔའ་བོ་དཔའ་མོའི་དབང་ཕྱུག་མ། །རྒྱལ་བའི་སྲས་རྣམས་མ་ལུས་དང། །ཐམས་ཅད་གུས་པའི་རང་བཞིན་གྱིས། །བླ་མ་རྣམས་ལ་སྐྱབས་སུ་མཆི། །ཞེས་པ་ལན་གསུམ་བརྗོད་དོ། །དེ་ནས་ཐུན་མོང་གི་སྡོམ་པ ་འཛིན་དུ་གཞུག་ཅིང་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ་བ་དང། བྱེ་བྲག་གི་སྡོམ་པ་འཛིན་དུ་གཞུག་པ་ནི། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་བཟུང་སྟེ་ཇི་སྲིད་སྙིང་པོ ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། །བྱང་ཆུབ་སེམས་ནི་བླ་མེད་པ། །མཆོག་ཏུ་བསྐྱེད་པར་བྱ་བ་ནི། །ཇི་ལྟར་ཇི་སྲིད་མགོན་རྣམས་ཀྱིས། །བྱང་ཆུབ་ཏུ་ནི་ངེས་མཛད་ལྟར། །ཚུལ་ཁྲིམས་སྡོམ་པའི་རྣམ་པ་དང། །དགེ་བའི་ཆོས་ནི་སྡུད་པ་དང། །སེམས་ཅན་དོན་བྱེད?་ཚུལ ་ཁྲིམས་གསུམ། །བདག་གིས་བརྟན་པར་བརྡུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དུས་འདི་ནས་ནི་བཟུང་བར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་བ་ནི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ ་ཕྱག་རྒྱ་རྣམས། །སོ་སོའི་རང་བཞིན་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །དམ་ཚིག་ཡིད་དུ་འོང་པ་ཡི། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན།། ་བྱང་ཆུབ་ཆེན་པོ་ལས་བྱུང་པའི། །པདྨའི་རིགས་མཆོག་དག་པ་ལས། །ཕྱི་དང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་རྣམས་སོ་སོར་བཟུང། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པ་ནི། །སོ་སོར་ཡོངས་སུ་གཟུང་བར ་བགྱི། །མཆོད་པའི་ལས་ཀྱང་གུས་པར་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སྡོམ་པ་ཐམས་ཅད་ལྡན་པ་ནི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །མ་བསྒྲལ་བ་རྣམས་སྒྲོལ་བར་བགྱི། །མ་གྲོལ་བ་རྣམས ་གོལ་བར་བགྱི། །དབུགས་མ་བྱུང་བ་དབུགས་དབྱུང་བགྱི། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་པ་ལན་གསུམ་བརྗོད་དོ། །དེ་ནས་གོ་ཆ་དྲུག་གི་སྔགས་ཀྱིས་བསྲུངས་ལ་གནས་གསུམ་བྱིན་གྱིས་བརླབ་སྟེ་ཡང་དེ་རྣམས་སུ་དྲིའི་ཆུ་དང་རྡོ་རྗེས ་རེག་ནས་མེ་ཏོག་ལ་སོགས་པས་མགོ་བོ་ལ་སོགས་པ་མཆོད་དོ། །དེ་ནས་བྱང་ཆུབ་ཀྱི་ཤིང་ལ་སོགས་པ་ལས་བྱུང་བའི་ཤིང་སོར་བཅུ་གཉིས་པ་རྩེ་མོའི་ཆ་ལ་མེ་ཏོག་དང་བཅས་པ་སློབ་མ་ལ་སྦྱིན་ནོ། །དེ་ནས་མཎྜལ་གྲུ་བཞི་པ་ཕྱོགས་རེ་ལ་ཁྲུ་རེ་དང་ལྡན ་པ་ལ་ཞབ?་ལང་ལྕི་བ་ལ་སོགས་པ་བྱུག་བ་དེར་བྱང་དམ་ཤར་དུ་ཁ་བལྟ་བར་སོ་ཤིང་དོར་བ་ནི། ཨོཾ་བཛྲ་ཧས་ཧཾ་ཞེས་བརྗོད་དེ་རྩེ་མོ་བླང་ནས་སྟེང་དུ་བསྟོད་པ་མེད་པར་དོར་ལ། འབྱུང་བ་འགྱུར་བའི་དངོས་གྲུབ་དེས་བརྟག་པ་ནི་ཤར་ལ་སོགས་པ་དྲུག་དང། མཎྜལ ་གྱི་ཕྱི་རོལ་དུ་སོང་ན་དངོས་གྲུབ་མེད་དོ་ཞེས་བརྗོད་ལ། དེ་ནས་བཾ་ལས་བྱུང་བའི་དྲི་ཆུ་ལ་ལན་བདུན་བཟླས་པ་དང། ཨོཾ་ཧྲཱི:བི་ཤུདྡྷ་དྷརྨཱ་སརྦ་པཱ་པ་ནི་ཙཱ་སྱ་ཤོ་དྷ་ཡ་སརྦ་བི་ཀལྤན་ཨ་པ་ན་ཡ་ཧཱུཾ་ཞེས་པ་ལན་གསུམ་དུ་བརྗོད་ཅིང་ཁྱོར་བར་བྱིན་ཏེ་འཐུང་དུ ་གཞུག་གོ་།དེ་ནས་ཧཱུཾ་ལས་བྱུང་བའི་ཀུ་ཤ་ལ་དེ་ཉིད་ལན་བདུན་བཟླས་ཏེ། སྟན་གྱི་དོན་དང། ཡང་དྷཱི:ལས་བྱུང་པ་དེ་ཉིད་ལན་བདུན་བཟླས་ཏེ་སྔགས་ཀྱི་དོན་དུའོ། །ོཾ་བཛྲ་ཏིཀྵ་ཞེས་པའི་སྔགས་ཀྱིས་སྦྱིན་པར་བྱའོ། །དེ་ནས་སྐུད་པ་མདུད་པ་གསུམ་བྱས་པ་དཔུང་པ་གཡོན ་པ་ལ་བཏགས་པ་ནི། ཨོཾ་བུ་དྡྷ་མཻ་ཏྲི་རཀྵ་སརྦཱན་སྭཱཧཱ་ཞེས་པ་བརྗོད་ཅིང་བཅིངས་པས་སོ། །བཅོམ་ལྡན་འདས་མའི་སྔགས་ལན་བདུན་བཟླས་ཏེ་མེ་ཏོག་གི་ཐོད་བྱའོ། །དེ་ནས་བཟེངས་བསྟོད་པ་ནི་བསྐལ་པ་བྱེ་བ་གྲངས་མེད་པར། སྔོན་དུ་སྡིག་པ་གང་བགྱིས་པ། དཀྱིལ ་འཁོར་འདི་འདྲ་མཐོང་བ་ཡིས། །དེ་དག་ཐམས་ཅད་ཟད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་དྲི་མེད་པར། །སྡུག་བསྔལ་རྣམས་ལ་གནས་པ་ཡི། །ངན་སོང་སྐྱེ་བ་འཇོམས་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ ་མཉམ་མེད་དེ་རིང་རྙེད། །དེ་ཕྱིར་རྒྱལ་བ་སྲས་བཅས་པས། །བསྟན་པ་འདི་ལ་ཁྱེད་རྣམས་ཀྱིས། །ཐམས་ཅད་ཡོངས་སུ་བཟུང་བར་བགྱི། །བདག་ཉིད་ཆེན་པོར་བསྐྱེད་པ་ངེས། །ཁྱེད་རྣམས་ཐེག་པ་ཆེན་པོ་ལ། །ལེགས་པར་བགྲོད?་པར་གྱུར་པ་ཡིས། །དེ་ཕྱིར་འདི་ནི་ལམ ་གྱི་མཆོག་།ཐེག་པ་ཆེན་པོ་འབྱུང་བའི་གཞི། །གང་ཞིག་འདི་ལ་འགྲོ་འགྱུར་བ། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཞེས་པས་སོ། །དེ་ནས་ཆོ་གའི་སྔགས་ཀྱིས་བསྲུང་སྟེ། །སྔགས་དེ་ཉིད་ཟླས་པའི་དོན་དུ་བྱིན་ལ་ནང་པར་སྔ་བར་རྨི་ལམ་ཟློས་ཤིག་ཅེས ་བརྗོད་ལ། འདུ་འཛི་མེད་པའི་གནས་སུ་སེང་གེ་ལྟར་ཉལ་དུ་གཞུག་གོ་།བདག་ཉིད་དཀྱིལ་འཁོར་གྱི་ཁང་པར་ཞུགས་ལ་བཅོམ་ལྡན་འདས་མའི་སྔགས་བཟླས་པར་བྱའོ། །འདི་ནི་སློབ་མ་ལྷག་པར་གནས་པའི་ཆོ་གའི་རིམ་པའོ།། །།དེ་ནས་ཕྱག་རྒྱ ་དྲུག་གིས་རྒྱས་བཏང་ལ་བཅོམ་ལྡན་འདས་མའི་རྣལ་འབྱོར་དང་ལྡན་པས་ལྷག་པར་གནས་པར་བྱ་བའི་དཀྱིལ་འཁོར་གྱི་ལྷ་མོ་རྣམས་ཡེ་ཤེས་ཀྱི་ཐིག་གི་དོན་དུ་ནམ་མཁའ་ལ་བཏེག་ལ་ཤར་དུ་ཁ་ཕྱོགས་པས་མཚན་མ་རྙེད་པ་དང། མེ་ཏོག་གིས་བརླན་པའི་ཤི ་བའི་སྐུད་བའམ། དཔའ་བོ་ལ་ཉོས་པ་གཞོན་ནུ་མས་བཀལ་བ་ཇི་ལྟ་བ་བཞིན་བཙོས་པ་ཐོད་པ་ལྔའི་ནང་དུ་བཞག་ལ། ཡུངས་ཀར་གྱི་ཕྱེ་མ་དང་བདུད་རྩི་ལྔའི་སྔགས་པ་དང་ལག་པ་གཡོན་པའི་མཐིལ་ནས་སོར་མོའི་རྩེ་མོའི་བར་དུ་བཀྲམ ་ལ། མདུན་གྱི་ནམ་མཁའ་ལ་སྐད་ཅིག་གིས་མཁའ་འགྲོ་མ་ལ་སོགས་པ་མོས་པ་བྱས་ནས། དེ་རྣམས་ཀྱི་སྙིང་གནས?་ཡེ་ཤེས་ཀྱི་སྐུད་པ་འོད་ཟེར་གྱི་རང་བཞིན་གནས་པ་ལ། ཨོཾ་ཨཱ:བཛྲ་ཌཱ་ཀི་ནི་བཛྲ་སུ་ཏྲ?་ན་ཡ་ཧཱུཾ་ཞེས་པས་མཁའ་འགྲོ ་མ་ལ་གསོལ་བ་གདབ་པོ། །དེ་ལྟར་མིང་བརྗོད་བས་བླ་མ་ལ་སོགས་པ་ལ་གསོལ་པ་གདབ་བོ། །དེ་ནས་མིག་གཉིས་ལ་ཛ?:ཡིག་ལས་བྱུང་བའི་ཟླ་བ་དང་ཉི་མ་སེར་པོའི་བདག་ཉིད་བསམས་ལ། ཨོཾ་དཱིབཏ་དྲིཥྚི་ཨཾ་ཀུ་ཤ་ཛ:ཞེས་པ་བརྗོད་པ་དེ་རབ་ཏུ་གཡོ་བའི ་མིག་གི་རྫི་མ་ལ་འོད་ཟེར་ལྕགས་ཀྱུའི་རྣམ་པ་སྤྲོས་པས་མཁའ་འགྲོ་མ་ལ་སོགས་པ་བསྐུལ་ནས་སྤྱན་དྲངས་ཏེ། ལག་པ་ལ་གནས་པའི་རང་རང་གི་ཁ་དོག་དང་ལྡན་པའི་སྐུད་པ་ལ་བསྟིམ་མོ། །དེ་ནས་སློབ་མ་ཁཎྚ་རོ་ཧའི་ཆ་བྱད་བྱས་པ་དང་བཅས་པས་དང་པོ་སྐུད་པ་ལྔ ་ལྔ་ལོགས་སུ་བསྒྲིམས་ཏེ་དེ་ནས་དེ་ལྟར་ལྔ་པོ་རྣམས་གཅིག་ཏུ་བྱའོ། །དེ་ལྟར་ལྔ་གཅིག་ཏུ་བྱས་པའི་སྐུད་པ་ལ་ཨོཾ་ཨ་ནྱོ་ནྱོ་ཨ་ནུ་ག་ཏ་སརྦ་དྷརྨཱ:པ་ར་སྤ་རཱ་ནུ་པྲ་ཝིཥྚ:སརྦ་དྷཱརྨ:་དྱ་ན་ཏཱ་ནུ་པྲ་ཝཱིཥཏ:སརྦ་དྷརྨཱ:ོཾ་ཨཱ:ཧཱུཾ་ཞེས་བརྗོད་ཅིང། དཀྱིལ་འཁོར་གྱི་ཉིས ་འགྱུར་གྱིས་རིང?་པ་ལ། སློབ་དཔོན་གྱིས་མཐེ་བོའི་ནས་ཚད་དུ་བསྒྲིམ་པར་བྱའོ། །དེ་ཉིད་པདྨའི་སྣོད་དུ་བཞག་ལ་མེ་ཏོག་དང་བདུད་རྩི་ལྔ་ལ་སོགས་པས་སྤགས་ཏེ། མེ་ཏོག་ལ་སོགས་པས་མཆོད་ནས། ཕྲེང་བ་དང། སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་ཀྱིས་བྱིན་གྱིས ་བརླབས་ལ། ཨོཾ་བཛྲ་སཱུ་དྭ་ས་མ་ཡ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་པས་ལྷག་པར་ངས་པར་བྱས་ནས་ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ་ཅེས་པའི་སྔགས་ཀྱིས་བུམ་པའི་ཆུའི་དཀྱིལ་འཁོར་གྱིས་གཞི་ལ་མངོན་པར་གཏོར་བ་དང། དྲི་ཡིས་ཀྱང་ཉེ་བར་བྱུགས་བར་བྱས་ལ། བྲི་བྱའི་དཀྱིལ ་འཁོར་ནམ་མཁའ་ལ་མངོན་པར་དམིགས་ཏེ། ཡོན་ཆབ་སྔོན་དུ་སོང་བའི་སྒོ་ནས་ཡང་དག་པར་མཆོད་པ། རང་དང་སློབ་མའི་མིག་གཉིས་སུ་ཛ:ལས་བྱུང་བའི་ཟླ་བ་དང་ཉི་མའི་འོད་ཟེར་དང་ལྡན་པ་བསྒོམ་སྟེ། རྡོ་རྗེ་ཕྱེད་པའི་འདུག་སྟངས་ཀྱི་སྐུད་པ་ལག་པ་གཡོན་པས་ལྟེ་བར་བཟུང ་བ་དང། ཛཛ:ཛཛ:ཛཛ:ཞེས་བརྗོད་ཅིང་བསྐྱུར?་རོ?་བྱང་ཕྱོཌ་སྐྱི་སྒྲུབ་པ་པོས་ཀྱང་དེ་ལྟར་བཟུང?་ལ་དེ་ལྟར་བརྗོད་ཅིང་སྒུད་བ་བླངས་ཏེ་ནུབ་ཕྱོགས་སུ་བསྔད་ནས་ཤར་ཕྱོགས་དང་ལྷོ་ཕྱོགས་སུ་བསྡད་ནས། བྱང་ཕྱོགས་སུ་ལྟེ་བར་མཚུངས་པའི་ནམ་མཁའ་ཨི་ཐིག་གདབ་པ་ནི་བྱང་དང་ཤར ་དུ་བསྡད་པ་ལག་པ་གཡས་པ་རྡོ་རྗེ་དང་བཅས་པ་མཐེ་བོང་དང་གུང་མོས་སེ་གོལ་གཏོག་ཅིང་པས་སོ། དེ་ཡང་ཐིག་འདེབས་པའི་དུས་སུ་ཐམས་ཅད་དུ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མ་ཏི་ཀྲ་མ་ཧཱུཾ་ཧཱུཾ་ཨོཾ?་སྭ:འ:ཞེས་བརྗོད་ཅིང་བཏབ་པས་དེའི་སྒྲ་ཡིས་དཔའ་བོ་དང་དཔའ་ ་མོ་རྣམས་ཀྱིས་ནམ་མཁའ་ཨི་ཁམས་གང་ནས་སྐུད་པ་ལ་ཐིམ་པར་བསམ་མོ། །ཐིག་འདེབས་པའི་དུས་ཐམས་ཅད་དུ་སློབ་དཔོན་དང་བྱང་ཕྱོགས་ཀྱི་སྒྲུབ་པ་ངོས་གཡོན་སྐོར་གྱིས་ཕྱོགས་ཀུན་ཏུ་འགོ་བར་བྱ་ཞིང་ཕྱོགས་ཐམས་ཅད་མཉམ་པའི་རང་བཞིན་དུ་བསམ་པར་བྱའོ། ། ་ནམ་མཁའ་ཨི་ཐིག?་དང་མཚུངས་པར་ཕབ་སྟེ་ཚངས་ཐིག་གཉིས་པོ་ཡང་གདབ་པར་བྱའོ། །རླུང?་དུ་བསྡད་ནས་ཤར་དུ་ཁ་ཕྱོགས་པས་བྱང་ཕྱོགས་ཀྱི་རྩ་པའི་ཐིག་གོ་།དེ་ཉིད་དུ་བསྡད་ནས་ནུབ་ཕྱོགས་དང་མེ་མཚམས་སུ་བསྡད་ནས་བྱང་ཕྱོགས་སུ་ཁ་ཕྱོགས་པས་ཤར ་ཕྱོགས་དང། དེ་ཉིད་དུ་བསྡད་ནས་ནུབ་ཏུ་ཁ་ཕྱོགས་པས་ལྷོ་ཕྱོགས་ཀྱི་རྩ་པའི་ཐིག་གོ། བདེན་བྲལ་དུ་བསྡད་ནས་དབང་ལྡན་གྱི་མཚམས་ཀྱི་ཐིག་གོ་།མེ་མཚམས་སུ་བསྡད་ནས་རླུང་མཚམས་ཀྱི་ཐིག་གོ་།དེ་ཉིད་ལས་བཟློག་པ་རྣམས་སུ་སློབ་མ་བསྡད་པས་ཐིག ་གདབ་པར་བྱའོ། །དེ་ཡང་ཇི་ལྟར་གདབ་ན། ཕྲན་ནད་བྱེད་ཆད་ན་བརླག། བཀྲ་མི་ཤིས་ན་དངོས་གྲུབ་མེད། །གཡས་སུ་བསྐོར་ན་སློབ་མ་བརླག་།དེ་ནས་མཉམ་གཞག་ཐིག་གདབ་བྱ། ཞེས་པའི་དོན་དང་ལྡན་པས་སོ། །ཚངས་བའི་ཐིག་གི་ཕྱི་རོལ་གྱི་གཡས་དང ་གཡོན་དུ་ཆ་གཉིས་དང་གཅིག་དང་གཉིས་གཅིག་དང་གཅིག་སྤངས་པ་ངེས་པར་སྒོ་ཁྱུད་ཀྱི་ནང་དང་ཕྱི་རོལ་དང་ལག་དང་ལོགས་ཀྱི་ནང་ཕྱི་དང་ཀ་བའི་བར་དང། ཀ་བ་རྣམས་ཀྱི་ཐིག་གོ་།དེ་ནས་དབུས་སུ་སྐུད་པ་བཏགས་ལ་རྩ ་བའི་ཐེག་ནས་ཚངས་པའི་ཐིག་གི་བར་དུ། ནང་ནས་ནང་དུ་རེ་རེ་ཞིང་སྒོའི་ཚང་ཀྱིས་བཞི་བསྐོར་རོ། །ཅིའི་ཕྱིར་ན། རྩ་བའི་ཐིག་ནས་བརྩམས་ནས་ནི། །ཟླུམ་པོ་བཞི་ཡི་ཐིག་ཉིད་ཀྱིས། །བསྐོར་ཏེ་འཁོར་ལོ་གསུམ་བྱ་བ། །སྒོའི་ཚད་ཀྱིས་ཤེས་པར ་བྱ། །ལྷག་མ་པདྨ་འདབ་མ་བརྒྱད། །ཚད་ལས་ཅུང་ཟད་ལྷག་ཆད་མིན། །རྡོ་རྗེ་པདྨ་ལ་སོགས་ཕྲེང། །ཐུགས་འཁོར་ལ་སོགས་མུ་ཁྱུད་དོ། །ཞེས་པས་སོ། །དེ་ཕྱིར་དང་པོ་གསུམ་གྱི་ནང་དང་ནང་རྣམས་སུ་ཆ་ཕྱེད་པ་རྣམས་སྤངས་ཏེ་ཐིག་ཟླུམ་པོས་བསྐོར་བར ་བྱའོ། །དེ་ནས་རྡོ་རྗེ་ཕྲེང་བའི་དོན་དུ་ཆ་གཅིག་བསྐོར་བར་བྱའོ། །དེ་ནས་ལྟེ་བའི་དོན་དུ་ཆ་ཕྱེད་དང་བཅས་པའི་གཅིག་བསྐོར་བར་བྱའོ། །རྩིབས་སོ་སོའི་ཞེང་རྣམས་ལ་ཆ་དྲུག་དྲུག་གོ་།དེ་རྣམས་ཀྱི་བར་རྣམས་ལ་ཡང་རྡོ་རྗེ་ལ་སོགས་པས་བསྐོར་བར་འདོད་དོ། །རྩ་བའི ་ཐིག་གི་རྒྱབ་ནས་ཆ་གཅིག་དང་གཉིས་དང་གཅིག་པ་གཅིག་དང་དྲུག་རྣམས་ཀྱིས་བསྐོར་བ་ལ། །རྩིག་པའི་ཕྱིའི་ཐིག་དང་འདོད་ཡོན་དང་རིན་ཆེན་པ་གུ་དང་དྲ་བ་ཕྱེད་ཕྱེད་དང་བ་ཀུ་ལི་དང་ཀྲ་མ་ཤི་རཱ་དང། རྟ་བབས་དང་ཆོས་ཀྱི་འཁོར་ལོ་དང་རྡོ་རྗེའི་རྩེ་མོ་དང ་པདྨ་དང་རྡོ་རྗེའི་ར་བ་དང་མེ་རི་དང། དུར་ཁྲོད་རྣམས་ཀྱི་ཐིག་གདབ་བོ། །རྟ་བབས་ཀྱིས་ཀ་བའི་སྟེང་གི་ཆུ་སྲིན་གྱི་ཁ་ནས་དར་དཔྱངས་ལ་སོགས་པ་ཇི་ལྟར་མཛེས་པར་བྱའོ། །རྟ་བབས་སྒོ་ཡི་སུམ་འགྱུར་ཏེ། དེ་ཉིད་སྣམ་བུ་བཅུ་གཅིག་པ། ཞེས་གསུངས་པས་དེ ་ཡང་གསེར་དང་བ་ཀུ?་ལི་དང་རིན་ཆེན་སྣམ་བུ་དང་རྟ་མིག་དང་མུན་པའི་སྣམ་བུ་དང། བ་ཀུ་ལི་དང་རིན་ཆེན་སྣམ་བུ་དང། རྟ་རྨིག་ཧར་མིའི་སྣམ་བུ་རྣམས་ལས་མུན་པའི་?་བུ་གཉིས་ལ་ཆ་ཕྱེད་དང་བཅས་པའི་རེ་རེའོ། །གཞན་སྣམ་བུ་དགུ་ལ་ཆ་རེ་རེའོ། །དེ་ཡང ་ཚངས་པའི་ཐིག་ལས་གཡས་དང་གཡོན་དུ་ཕྱེད་དང་བཅས་པའི་ཆ་ལྔ་ལྔ་སྤངས་ཏེ་ཕྱེད་དང་བཅས་པའི་ཆ་གཉིས་གཉིས་ནི་སྣམ་བུ་དང་པོའོ། །དེ་ལྟར་སྟེང་དང་སྟེང?་རྣམས་སུ་རིམ་པ་ཇི་ལྟ་བ་བཞིན་དུ་ཆ?་དྲུག་དྲུག་སྤངས་ཏེ། ཕྱེད་དང་བཅས་པའི་ཆ་གསུམ་གསུམ་དང་ལྡན ་པ་དང། ཆ་བཞི་བཞི་སྤངས་ཏེ་ཆ་ལྔ་ལྔ་དང་ལྡན་པ་དང། ཕྱེད་བཅས་པའི་ཆ་གསུམ་སྤངས་ཏེ་ཕྱེད་དང་བཅས་པའི་ཆ་བཞི་བཞི་དང་ལྡན་པ་དང། ཆ་གསུམ་གསུམ་སྤངས་ཏེ་ཆ་ལྔ་ལྔ་དང་ལྡན་པ། བདུན་པ་ནས་སྣམ་བུ་བཞི་ལ་བདུན་བདུན་དང་ལྡན་པ་དང། བཅུ་གཅིག ་པ་ཆ་ལྔ་ལྔ་དང་ལྡན་པ་སྟེ། སྣམ་བུ་ཐམས་ཅད་ཀྱི་ཕྱི་དང་ནང་རྣམས་ཕྱིར་བྱུང་བ་དང་ནང་དུ་སོང་བའི་དབྱེ་བས་ཐིག་རེ་རེའོ། །རྟ་བབས་ཀྱི་སྟེང་དུ་ཆོས་ཀྱི་འཁོར་ལོ་ཆ་གཉིས་སོ། །དེའི་འགྲམ་དག་ཏུ་ཆ་གཉིས་ལ་རི་དགས་དག་འཁོར་ལོ་ལ་བལྟ་བཞིན་པའོ། །སྣ་ཚོགས་རྡོ་རྗེའི ་ལྟེ་བ་ལ་སྒོ་བཅུ་གཉིས་འགྱུར་རོ། །རྡོ་རྗེའི་ར་བའི་རྩལ་ཆ་བཅུ་དྲུག་པའོ། །རྭའི་རྣམས་ཀྲ་མ་ཤིརཥའི་སྟེང་ནས་སྡོམས?་ལ་ཆ་གསུམ་པ་བགས་ཀྱིས་ཕྲ་བ་སྟེ། ཆོས་ཀྱི་འཁོར་ལོའི་ཕྱི་རོལ་གྱི་ཆ་གཉིས་ཀྱིས་ལ་དབུས་ཀྱིས་རྭ་ལ་ཕྱོགས་པའོ། །གང་དག་པདྨའི་གེ་སར་ལ་ཆ་གཉིས ་འདོད་པ་དེ་ཡོད་དེ?། རྡོ་རྗེའི་རྭ་དང་གེ་སར་གྱི་ས་གཞི་སྟེ་ཟུར་རྣམས་ལ་གདུགས་དང་དར་དབྱངས་དང་བཅས་པ་ཆ་བཞི་ལའོ། །དེ་ནས་གཡོན་དང་གཡས་ཀྱི་མིག་དག་ལ་ཧཱི:ཡིག་དག་ཟླ་བ་དང་ཉི་མར་བསྐྱེད་ལ་ཕྱོགས་བཞི་རུ་བལྟ་ཞིང་བཅོམ་ལྡན་འདས་མའི་ང་རྒྱལ་བསྐྱེད ་དེ། །ཐར་པའི་སྒོ་རྣམ་པར་འབགེགས་པའི་རང་བཞིན་གྱིས་སྒྲིབ་པ་འཕྱག་པར་བསམས་ལ། ཧྲཱི:ཧྲཱི:ཞེས་བརྗོད་ཅིང་སྒོ་རྣམས་ཀྱི་རེ་ཁཱ་དབྱི་བར་བྱའོ། །རེ་ཁཱ་གཞན་གང་རང་གིས་བརྟགས་ལ་དབྱི་བར་བྱའོ། །འདི་ནི་ཐིག་གདབ་པའི་ཆོ་གའི་རིམ་པའོ། །དེ་ནས་གཏོར་མ་བྱིན ་ལ་ཟླ་བ་ཆུ་ཤེལ་ལ་སོགས་པ་ལས་བྱུང་བའམ། འབྲས་ལས་བྱུང་བ་ལ་སོགས་པའི་ས་ཚན་ལྔ་ལ་དུར་ཁྲོད་ཀྱི་རུས་པ་ལ་སོགས་པས་བྱིན་གྱིས་བརླབས་ཏེ། སྐད་ཅིག་གིས་མཁའ་འགྲོ་མ་ལ་སོགས་པའི་རང་བཞིན་དུ་དམིགས་ལ། ཡེ་ཤེས་པ་ནམ་མཁའ་ལ ་དམིགས་པའི་སྙིང་ག་ན་ཡེ་ཤེས་ཀྱི་ཚོན་གནས་པ་ཐིག་སྐུད་ཀྱི་སྐབས་སུ་གསུངས་པ་ལྟར་བལྟ་བས་བཀུག་སྟེ། བཅུག་པ་དང། རོ་གཅིག་ཏུ་གྱུར་པའི་ཡེ་ཤེས་ཀྱི་ཚོན། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནི་ཞེས་པ་ལ་སོགས་པ་མངོན་པར ་བཟླས་ཏེ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་པའི་སྔགས་བརྒྱ་རྩ་བརྒྱད་བཟླས་སོ། །དེ་ལྟར་འབར་བའི་ལྟ་སྟངས་ཀྱིས་སྦར་བར་བྱ་ཞིང་ཧྲི:ཡིག་གིས་སོ་སོ་ལ་བྱིན་གྱིས་བརླབས་པར་བྱ་བ་དང། བདེན་པའི་བྱིན་གྱིས་སྦར་བར་བྱ་བ་དང། ལྷ་མོ་རྣམས་ཤིན་ཏུ་སྒྲུབ་པའི ་སྟོབས་ཀྱིས་སྦར་བའོ། །ཧཱུཾ་ཞེས་བརྗོད་ཅིང་དབུས་ཀྱི་ཕུར་པ་བཏོན་ལ་བདག་ཉིད་ཀྱི་ལག་པའི་རྡོ་རྗེ་ལ་བཅུག་སྟེ་ཕུར་ཁུང་ཚོན་སྣ་ལྔ་ཡིས་དགང་བར་བྱས་པ་དང། བཅོམ་ལྡན་འདས་མའི་སྔགས་ཀྱིས་མཚན་མ་ངན་པ་བཅོམ་སྟེ། ཆོས་ཀྱི་དབྱིངས་རྣམ་པར་དག ་པར་བསྒོམས་ལ་དང་པོར་དཀྱིལ་འཁོར་གྱིས་དབུས་སུ་གནས་པ་བྱང་ཤར་མཚམས་ནས་རེ་ཁཱ་ལྔ་བྲི་བར་བྱའོ། །དེ་ཡང་སྦོམ་ན་ནད་དུ་འགྱུར་བའོ། །ཕྲན་རྫས་རྣམས་ཉམས་པར་འགྱུར། །ཡོ་བ་ཡིས་ནི་རྩོད་པར་འགྱུར། །ཆད་ན་ངེས་པར་འཆི་བར་འགྱུར། །གཡS ་སུ་བསྐོར་ནས་བྲིས་པ་ན། །ཚོན་གྱི་དངོས་གྲུབ་མི་འབྱུང་ངོ་ཞེས་པའི་དོན་གོ་བར་བྱས་ལ་ལེགས་པར་བྲི་བར་བྱའོ། །དེ་ཡང་ཤར་དང་བྱང་དང་ནུབ་དང་ལྷོ་རྣམས་ཀྱི་ཕྱོགས་ལ་ནག་བོ་དང་ལྗང་གུ་དང་དམར་པོ་དང་སེར་པོ་རྣམས་སོ། །དབུས་ཀྱི་ས་གཞི་དཀར་པོ་ལ་པདྨ ་ཕྱོགས་ཀྱི་ཁ་དོག་གིས་སོ། །རྡོ་རྗེ་ཕྲེང་བ་ནག་པོའོ། །ཐུགས་ཀྱི་འཁོར་ལོ་ཡང་ནག་པོའོ། །གསུང་གི་འཁོར་ལོ་དམར་པོའོ། །སྐུའི་འཁོར་ལོ་དཀར་པོའོ། །རྡོ་རྗེ་དང་པདྨ་དང་འཁོར་ལོ་རྣམས་སོ་སོ་དང་མཚུངས་སོ། །དབུས་ཀྱི་པདྨའི་ལྟེ་པའི་ཉི་མ་དང་ཕྱོགས་བཞིའི་འདབ་མ་རྣམས ་ལ་གྲི་གུག་གོ་།མཚམས་ཀྱི་འདབ་མ་རྣམས་ལ་བདུད་རྩིས་གང་བའི་ཐོད་པའོ། །ཐུགས་ལ་སོགས་པའི་འཁོར་ལོ་བཞི་རྣམས་སྣ་ཚོགས་པདྨ་དང་ཉི་མ་རྣམས་ལ་ཡང་གྲི་གུག་རྣམས་སོ། །སྒོ་ཁྱུད་རྣམས་ལ་ཟླ་བ་ཕྱེད་པ་རྡོ་རྗེ་རིན་པོ་ཆེས་མཚན་པའོ། །རྟ་བབས་ཀྱི་ཀ་བ ་དང་ཀྲ?་མ་ཤིརཥ་གསེར་མདོག་གོ་།རྟ་བབ་རྩེག་གི་ཀ་བ་གླང་པོ་ཆེའི་སྟེང་དུ་སེར་གེས་མནན་པའོ། །འདོད་ཡོན་ལ་སོགས་པ་ཇི་ལྟར་མཛེས་པའོ། །ཕྱིའི་པདྨའི་འདབ་མ་རྣམས་ཁ་དོག་ལྔའོ། །རྡོ་རྗེའི་ཕྲེང་བ་ནག་པོའོ། །མེ་རིའི་ཕྲེང་བ་ཁ་དོག་ལྔའོ། །དེའི་ཕྱི་རོལ་ཏུ་ཕྱོགས ་མཚམས་བརྒྱད་དུ་སྒྲུབ་ཐབས་ལས་གསུངས་པ་ལྟར་དུར་ཁྲོད་བརྒྱད་བྲི་བར་བྱའོ། །དེ་ནས་བཅོམ་ལྡན་དས་མའི་སྔགས་ལན་བདུན་བཟླས་པའི་བདུད་རྩི་ལྔའི་དྲི་ཞིམ་པའི་ཆུ་དང་བཅས་པས་དཀྱིལ་འཁོར་གྱི་ཕྱི་རོལ་རྣམས་ལ་བྱུགས་ཏེ། ཨོཾ་ཨཱ:ཧཱུཾ་བཛྲ་མུ:ཞེས ་པས་ཡེ་ཤེས་ཀྱི་ཚན?་གཤེགས་ལ་ཚོན་གྱི་སྣོད་འགོལ་བའི་གནས་སུ་བཞག་གོ། འདི་ནི་ཚོན་གྱི་ཆོ་གའི་རིམ་པའོ། །དེ་ནས་སྔོན་དུ་ལྟག་གནས་པའི་བུམ་པ་རྣམས་རིམ་པ་ཇི་ལྟ་བ་བཞིན་གཡོན་བསྐོར་གྱིS་དགོད་པར་བྱའོ། །དེ་ནས་མཚམས་བརྒྱད་དུ་ག ་པུར་དབང?་དུ་རུ་ཀ་ལ་སོགས་པའི་སྤོས་སྣོད་གཞག་པར་བྱའོ། །དེ་ལྟར་བདན་རྣཾས་ཀྱང?་ངོ?། །དེ་ནསཁ?་ནུབ་ཏུ་ཕྱོཌ་ཏེ་དཀྱིལ་འཁོར་གྱི་གཙོ་མོའི?་ང་རྒྱལ་གྱིས་བྲིས་པའི་དཀྱིལ་འཁོར་སྟོང་པའི་ངང་ལས་བསྲུངས་བའི་འཁོར་ལོ་ལ་སོགས་པ་རྣམས་བསྒོམས་ཏེ། པོ་ལ་སྤངས་ཏེ་ཀཀྐོ?་ལ ་ཞེས་པའི་ཚིག་གིས་སྐད་ཅིག་གིས་ཐབས་ཀྱི་གཟུགས་སུ་བསྒོམས་ལ། བདག་ཉིད་དང་མཚུངས་པའམ། ཕྱིའི་ཕྱག་རྒྱ་དང་སྦྱོར་བའི་སྒྲས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཏེ། ཞབས་བསིལ་དང་ཡོན་ཆབ་དང་སྣོད་དུ་སོང་པ་ལས་འབར་བའི་ཕྱག་རྒྱ་དང་བཅས ་པའི་ཕེཾ་ཞེས་བརྗོད་ཅིང་མཉེས་པར་བྱས་ལ་བདག་ཉིད་ལ་གཞུག་པར་བྱའོ། །ཆགས་པ་ཆེན་པོར་ཞུ་ནས་རྡོ་རྗེའི་ལམ་ནས་པདྨར་ཡེ་ཤེས་ཀྱི་ལྷ་མོ་རྣམས་ཀྱི་དཀྱིལ་དུ་སྤྲོས་པ་དང་དེ་རྣམས་དམ་ཚིག་གི་དཀྱིལ་འཁོར་ལ་ཞུགས་པར་བསམ་མོ། །དེ་ནས་ལྷ ་མོ་རྣམས་སྤྲོས་ཏེ་ཡིད་ཀྱིས་མཆོད་པས་མཆོད་ནས། མེ་ཏོག་དང་བདུག་སྤོས་དང་མར་མེ་དང་དྲི་དང་བཤོས་གཙང་དང་བཟའ་བ་དང་བཏུང་བ་དང་བལྡག་པ་དང་བཅའ་པ་དང། བུ་མོ་དང་བུ་དང་གླང་པོ་དང་རྟ་ལ་སོགས་པ་དབུལ་བར་བྱའོ། །གཟུགས་རྡོ་རྗེ་མ་ལ་སོགས་པའི་རང་བཞིན ་ཕྱིའི་བཅུ་དྲུག་གམ། བརྒྱད་དམ་བཞིའི་རང་རང་གི་མཆོད་པས་མཆོད་ནས། ཕྲེང་བའི་སྔགས་ཀྱིས་བསྟོད་དེ། བདུད་རྩི་མྱངས་པས་བདེ་བ་ཆེན་པོ་ཉམས་སུ་མྱོང་བར་བྱས་པ་དང། གཙོ་མོའི་སྔགས་བརྒྱ་རྩ་བརྒྱད་དང་འཁོར་རྣམས་ཀྱི་ཉི་ཤུ་རྩ་གཅིག ་བཟླས་སོ། །ལས་ཐམས་ཅད་པའི་གཏོར་མ་བཏང་བ་ལ་ཡི་གེ་བརྒྱ་པ་བཟླས་པར་བྱའོ། །འདི་ནི་དཀྱིལ་འཁོར་རབ་ཏུ་གནས་པའི་ཆོ་གའི་རིམ་པའོ། །དེ་ནས་སློབ་དཔོན་གྱིས་དཀྱིལ་འཁོར་ནས་འཐོན་ཏེ་སློབ་མ་རྣམས་ལ་རྨི་ལམ་དྲིས་ལ། གཡང་དུ་ལྷུང་བ་ལ་སོཌ ་པ་རྨི་བ་མཐོང་ན་གོ་ཆའི་སྔགས་ཀྱིས་བསྲུངས་ལ་སློབ་མ་རྣམས་དཀྱིལ་འཁོར་དུ་འཇུག་པའི་དུས་སུ་ཨོཾ་པྲ་བི་ཤ་བྷ་གཱ་བཱ་ན་མ་ཧཱ་སུ་ཁཾ་མོཀྵ་པུ་རཾ་སརྦ་སིདྡྷ་སུ་ཁ་པྲ་ངཾ་པ་ར་མ་སུ་ཨུཏྟ་མ་སིདྡྷཡ་ཛ:ཧཱུཾ་བཾ་ཧོ:བྲ་སིདྡྷཡ་སྭ་ཞེས་པས་གཟེངས་བསྟོད་ལ། དེ་ནས་རྩེ་མོའི ་ཆ་བཟུང་ལ་དེར་འཇུག་པ་ན་གཡོན་བསྐོར་བྱ་ཞིང་ནུབ་སྒོ་ལ་སོགས་པར་བསྡད་ལ་དཀྱིལ་འཁོར་གྱི་ཤར་ཕྱོགས་ལ་སོགས་པའི་སྒོ་དབྱེ་བ་ནི། ཨོཾ་བཛྲ་ཨུངྒྷ?་ཊ་ཡ་ས་མ་ཡ་པྲ་པེ་ཤ་ཡ་ཧཱུཾ་ཞེས་པ་བརྗོད་པ་དང། ཨོཾ་པ་ར་མ་མཧཱ་སུ་ཁ་ཨཱ་ཤ་ཡ་སུ་ལ་ལི་ཏ་པི་ལཱ་སི། ་ན་མི་ཏ་ན་མཱ་མི་བྷ་ག་བཾ་ཏཾ་ཛ:ཧཱུཾ་བཾ་ཧོ:ཧི་ཧི་ཧི་ཧི་ཧཱི་པྲ་ཏཱིཙྪ་ཀུ་སུ་མ་ཨཉྫ་ལི་ནཱ་ཐ་ཧོ:ཞེས་པའི་སྔགས་ཀྱིས་མེ་ཏོག་གི་ཕྲེང་བ་ཕུལ་ལ་སླར་ལ་བླངས་ལ་བདག་ཉིད་ཀྱི་མགོ་བོ་ལ་བཏགས་ཏེ་རྩེ་མོས་མེ་ཏོག་གི་ཕྲེང་བས་དབང་བསྐུར་བར་བསམ་ཞིང། གསུང ་བར་འགྱུར་བའི་ཚིགས་མེ་ཏོག་གི་ཕྲེང་བའི་དབང་ལ་སོགས་པ་སྟེ། སློབ་དཔོན་གྱི་བྱ་བ་ཐམས་ཅད་ཀྱི་རྗེས་སུ་གནང་བ་ཐོབ་པ་དང་བདེ་བ་ཆེན་པོ་བདག་ཉིད་ཐབས་དང་ཤེས་རབ་ཀྱི་རང་བཞིན་ལ་བསྟོང་པ་སྔོན་དུ་སོང་བས་སློབ་མ་གཞུག་པའི་དོན་དང། དཀྱིལ ་འཁོར་གྱི་དངོས་གྲུབ་འདོད་པའི་དོན་དུ་བདེན་པའི་བྱིན་གྱིས་བརླབས་བྱ་བ་ནི། སེམས་ཅན་ཀུན་གྱི་སེམས་ལ་ཁྱག་།སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་མར་གྱུར་པ། །འདོད་པའི་གཙོ་བོ་དམ་ཚིག་མཆོག་།བདེན་པའི་ཡཻས་མཆོག་གྱུར་པ། ། ་ཤེས་རབ་ཐབས?་དག་དཀྱིལ་འཁོར་གྱི། །མགོན་པོ་བདག་ལ་བདེན་པ་ཡིས། །འདོད་པ་ཡོངས་སུ་རྫོགས་པར་མཛོད་ཅེས་བརྗོད་པའོ། །འདི་ནི་སློབ་དཔོན་བདག་འཇུག་གི་ཆོ་གའི་རིམ་པའོ།། །།དེ་ནས་སློབ་མ་ཁྲུས་བྱས་ཏེ་འཁོར་ལོའི་གཙོ་མོ་འམ་ཁཎྜ་རོ ་ཏའི་གཟུགས་སུ་བསྒོམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ང་བོ་དྷི་ཨ་ལཾ་ཀ་ར་བསྟྲ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ་ཞེས་པས་ན་བཟའ་བསྐོན་པར་བྱའོ། །ོཾ་བཛྲ་རཀྵ་ཧཾ་ཞེས་པས་བསྲུང་སྐུང་བཅིང་བར་བྱའོ། །ོཾ་བཛྲ་ཨུཥྚཱི་ཥ་ཧཱུཾ་ཕཊ་ཅེས་པས་ཐོང་བཅིང ་བར་བྱའོ། །ོཾ་ཙཀྵུ་བཎདྷ་བ་ར་མཱ་ཎ་ཡ་ཧཱུཾ་ཞེས་པའི་སྔགས་ཀྱིས་མིག་ནས?་བཅིང་བར་བྱའོ། །ོཾ་ཨཱ:ཁཾ་བཱི་ར་ཧཱུཾ་ཞེས་བརྗོད་ཅིང་མེ་ཏོག་གི་འཕྲེང་བ་གཏང་ངོ། །དེ་ནས་ལས་ཐམས་ཅད་པའི་ཆུ་ཡིས་གཏོར་ལ་གནས་གསུམ་དུ་ཕྱག་འཚལ་གསུམ་ལ་གདན ་གསུམ་གྱི་སྟེང་དུ་ཁ་དོག་གསུམ་དང་ལྡན་པའི་ཡི་གེ་གསུམ་གྱི་འོད་གྱིས་ལུས་ལ་ཁྱབ་པར་བསམས་ཏེ་ཤར་སྒོ་ལ་གནས་པ་དེ་ལས་ཀྱི་རྡོ་རྗེ་ཡིས་ཧཱུཾ་ཞེས་བརྗོད་ཅིང་ཁྲིད་པ་ལ། ཀྱེ་ཧོ་བུ་སྡུག་ཁྱོད་སུ་ཡིན་ཞེས་སློབ་དཔོན་གྱིས་དྲི་བར་བྱའོ། །བདེ་ཆེན་སྐལ་ལྡན་བདག ་ལགས་སོ་ཞེས་དས་བརྗོད་པར་བྱའོ། །དེ་ནས་ཨོཾ་སརྦ་ཡོ་གི་ཙིཏྟཾ?་ཨུཏཔཱ་ད་ཡ་མི་ཞེས་བརྗོད་དེ། སེམས་བསྐྱེད་པར་བྱའོ། །ཡང་རྡོ་རྗེ་སྙིང་ཁར་བཟུང་ལ། ཨོཾ་སུ་ཏེ་ས་མ་ཡསྟཝཾ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ་ཞེས་པ་བརྗོད་དོ། །ཡང་ལག་པ་རྡོ་རྗེ་དང་བཅས་པ་དེ་ཉིད་བཟུང་ལ། །དིང་ཁྱོད ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔའ་མོ་རྣམས་ཀྱིས་བྱིན་གྱིས་བརླབ་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་དཔའ་མོའི་དཀྱིལ་འཁོར་འདི་དམ་ཚིག་དང་མི་ལྡན་པ་དང་དཀྱིལ་འཁོར་ཆེན་པོ་མ་མཐོང་དབ་རྣམས་ལ་སྨྲ་བར་མ་བྱེད་ཅིག་ཅེས་བརྗོད་ལ། ཨ་ཁཾ་བཱི་ར་ཧཱུཾ ་ཞེས་པའི་སྔགས་ཀྱིས་ཡོལ་བའི་ནང་དུ་གཞུག་གོ། ཨོཾ་ཤྲཱི་ཧེ་རུ་ཀ་ཡ་ཝིད་མ་ཧེ་བི་དྱཱ་རཱ་ཛ་ཡ་དྷི་མ་ཧེ་སྭཱཧཱ་ཞེས་པ་ལན་བདུན་བཟླས་ལ། རྡོ་རྗེ་རྣལ་འབྱོར་མ་ཡི་གནས། །དཀྱིལ་འཁོར་འདི་ཡིས་སྒྲུབ་བ་སྟེ། །མཁའ་འགྲོ་མ་ཡི་གཙོ་མོ་རུ། །བདག་གིས་དྲངས་སོ་བུ ་ཉིད་ཀྱི་ཞེས་བརྗོད་ལ་ཤར་སྒོ་རུ་།ན་མ་སྟེ་ཧཱུཾ། ན་མཱ་མི་ཧཱུཾ། ན་མོ་ན་མ་ཧཱུཾ་སྭཱཧཱ། ཞེས་པས་ས་སྟེང་ལ་སོགས་པའི་དབྱེ་བས་ཕྱག་གསུམ་བྱའོ། །ཡང་དེ་ཉིད་དུ་།ོཾ་སརྦ་བི་ར་ཡོ་གི་ནི་བྷཡ(རྒྱུད་འགྲེལ་སརྦ་ཏ་ཐཱ་ག་བཱི?་ར་ཡོ་གི་ནྱོ་ཌཱ་ཀིནྱཨཱ་རྱ་ཨ་དྷི་ཏིཥྛཾ་ཏུ་མཾ། བྱང་སྒོ་རུ་ཨོཾ་སརྦ་བཱི་ར་ཡོ་གི་ནཱི་ནཱཾ་པཱུ་ཛ་ཨ་བྷི་ཥེ་ཀ་ཨཱཏྨནཾ་ནཱི་རྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནྱོ་ལ་མཨཱ་རྱ་ཨ་བྷི་ཥཉྩནྟུ་མཱཾ་ཞེས་བརྗོད་དོ། །ནུབ་སྒོ་རུ་ཨོཾ་སརྦ་བི་ར་ཡོ་གེ་ནི་བྷཡ(རྒྱུད་འགྲེལ་ཨཱཏྨ་ནཾ་ནཱི་རྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་གི་ཏ་བི་ར་ཡོ་གི་ནྱ་ཁཎྜ་རོ་ཧཨཱ་རྱ་དྷརྨ་ཙཀྲ་པྲ་ཝརྟ་ཡ་མཱ་ཞེས་བརྗོད་དོ། །ལྷོ་སྒོ་རུ་ཨོཾ་སརྦ་པཱི་ར་ཡོ་གི་ནི་བྷཡ(རྒྱུད་འགྲེལ་གནས་གསུམ་དུ་ཐལ་མོ་སྦྱར་ཏེ་ཕྱག་བྱེད་དུ་གཞུག་གོ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔའ་བོ་དང། རྣལ་འབྱོར་མ་རྣམས་ཀྱི་རིགས་སུ་ཞུགས་པས་དེའི་ཕྱིར་ཁྱོད་ལ་ངས་རྡོ་རྗེ་ཡེ་ཤེས་བསྐྱེད་དོ། །ཡེ་ཤེས་དེས་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། གལ་ཏེ་ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་བརྗོད་པར་མི་བྱའོ། །དམ་ཚིག་འདས་ན་སྡུག་བསྔལ་ཆེན་པོ་སྟེར་བར་འགྱུར་རོ་ཞེས་བརྗོད་ལ་རྡོ་རྗེ་སྤྱི ་བོར་བཞག་སྟེ། དྲིལ་བུ་དཀྲོལ་ཞིང་བརྗོད་པ། འདི་ནི་དམ་ཚིག་རྡོ་རྗེ་སྟེ། །གལ་ཏེ་སྨས་ན་མགོ་བོ་འགེམས། །ཞེས་པ་གོ་བར་བྱས་ནས་སྙིང་གར་རྡོ་རྗེ་བཟུང་སྟེ། །རྡོ་རྗེ་ཕག་མོ་དིང་ཁྱོད་ཀྱིས། །སྙིང་ལ་ཡང་དག་གནས་པ་སྟེ། །གལ་ཏེ་གཞན་ལ་སྨྲས་ན་ནི།། ་དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་པའི་བཀའ་སྩལ་བྱིན་ལ། ལག་པའི་མཐེ་བོང་དང་མིང་མེད་ཀྱིས་རྣམ་རྒྱལ་གྱི་བུམ་པའི་སྟེང་པདྨའི་སྣོད་ན་གནས་པ་དེའི་ཁར་སྦྱིན་ཞིང། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེག་པར་བྱེད། ། ་དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ། །འཐུང་ཅིག་རྡོ་རྗེ་བདུད་རྩིའི་ཆུ། །ོཾ་བཛྲ་ཨ་མྲི་ཏ་ཨུ་ད་ཀ་ཋ(རྒྱུད་འགྲེལ་པར་གྱིས་ལ་མཐུན་པས་དུས་བྱས་ནས་དམྱལ་བར་ལྷུང་བར་མ་བྱེད་ཅིག་ཅེས་བརྗོད་དོ། །འདི་ནི་དམ་ཚིག་དང་མནའ་ཆུ་བླུད་པའི་ཚ?་གའི་རིམ་པའོ།། །།དེ་ནས་དངོས་གྲུབ་ངེས་པའི་དོན་དུ་ཡན་ལག་ཚང་པ་མཚན་ཉིད་དང་ལྡན་པའི་སློབ་མ་ལ་ལྷ་དབབ་པར ་བྱའོ། །དེ་ཡང་གནས་འདུ་འཇིག?་མེད་པར་བཅོམ་ལྡན་འདས་མའི་རྣལ་འབྱོར་དང་ལྡན་པས་འཁོར་ལོ་གསལ་བར་བསྒོམས་ཏེ། བཟླས་པ་འབུམ་ཕྲག་གཅིག་བྱས་ནས་མཚན་ཉིད་དང་ལྡན་པའི་སློབ་མ་སྔོན་དུ་བྱས་ཏེ། སྟོང་པའི་དང་ལས་པཾ་ལས་བྱུང་བའི་བཅོམ་ལྡན་འདས ་མར་བལྟས་ལ། སརྦ་བཱི་ར་ཡོ་གི་ནྱ་ཤཙ་ཨ་དྷི་ཏིཥྛ་ཏྭཾ། ཤྲཱི་བཛྲ་བཱ་རཱ་མེ་ཧི་ཨཱ་བི་ཤ་ཏུ་ཞེས་པ་བརྗོད་དེ་ཇི་ལྟ་བ་བཞིན་དུ་དབབ་པར་བྱའོ། །ཕེབས་པར་གྱུར་པ་དང་རབ་ཏུ་བཅུག་པའི་ལྷ་རྣམས་རང་གི་སྙིང་གའི་ས་བོན་ལ་བཅུག་ནས་སློབ་མའི་མགོ་ལ་རྡོ་རྗེ་བཟུང ་བ་དང། ཨོཾ་ཀྲི་ངོ་ཝ(རྒྱུད་འགྲེལ་ལ་མིག་སྔར་ཅི་སྣང་དྲི་བར་བྱའོ། །དེ་ནས་བརྗོད་པའི་དཀར་པོ་ལ་སོགས་པའི་ཁ་དོག་གིས་ཞི་བ་ལ་སོགས་པའི་རིམ་པར་གོ་བར་བྱའོ། །དེ་ཉིད་ཀྱི་མཐེ་བོང་གཉིས་ལག་པ་གཡས་བ?་རྡོ་རྗེ་དང་བཅས་པ་བཟུང་སྟེ། རྡོ་རྗེའི་གར་དང་བཅས་པས་བཅོམ་ལྡན་འདས་མའི་སྔགས ་བརྗོད་ཅིང། སྐོར་བར་བྱེད་པའི་དུས་སུ་བདེན་པའི་བྱིན་རླབས་འདི་ལྟར་བྱའོ། །བདག་གིས་དཀྱིལ་འཁོར་འདི་ཉིད་དུ། །སློབ་མ་ཡང་དག་གཞུག་པ་ཡིས། །ལྟ་རྣམས་རིགས་ཀྱི་རིམ་པ་བཞིན། །དེ་བཞིན་བསོད་ནམས་འབྱུང་བར་འགྱུར། །རིགས་ཀྱི་རིམ་པའི་སྣོད་ལྡན་ལ།། ་དེ་ལྟར་བསོད་ནམས་ནུས་པ་ཡིས། །དེ་བཞིན་དངོས་གྲུབ་ངེས་པར་ནི། །དེ་ལྟར་དཀྱིལ་འཁོར་འདི་ལ་འབྱུང། །ཞེས་པ་འདི་ནི་སློབ་མ་མིག་རས་དང་བཅས་པའི་ཆོ་གའི་རིམ་པའོ།། །།དེ་ནས་སྔོན་དུ་གཏད་པའི་མེ་ཏོག་གི་ཕྲེང་བ་ལས་གཅིག ་བཏོན་ལ་སློབ་མའི་ལག་པར་ཏྲཾ་ཞེས་བརྗོད་ཅིང་བཏད་དོ། །དེ་ནས་མེ་ཏོག་གི་ཕྲེང་བར་མོས་པ་བྱ་ཞིང་བདག་གི་སྡིག་པ་དང་བྲལ་བར་དམིགས་ལ་སློབ་དཔོན་གྱིས་བྱིན་གྱིས་བརླབས་ཏེ་གུས་པས་སྔོན་དུ་སོང་བས་སྔོན་གྱི་གཙོ་མོ་འཁོར་དང་བཅས་པའི་དཀྱིལ་འཁོར་ལ་ཡིད ་ཀྱིས་དམིགས་ལ། དེ་ཉིད་ཀྱི་དབུ་ལ་མེ་ཏོག་པྲ་ཏཱིཙྪ་ཀུ་སུ་མ་ཨཉྩ?་ལི་ནཱ་ཐ་ཧོ:ཞེས་བརྗོད་དེ་དོར་བར་བྱའོ། །རེ་ཁཱ་ལྔའི་ནང་དུ་བབས་ན་འདི་ཉིད་ཀྱི་རིགས་བརྗོད་པར་བྱ་ཞིང་ལྷ་དེ་དང་དེའི་རྣལ་འབྱོར་སྦྱིན་པར་བྱ་བ་དང་དངོས་གྲུབ་ཀྱང་བརྟག་པར་བྱའོ། །རེ་ཁཱ་ལྔའི་ཕྱི་རུ་བབས་ན་ལན་གསུམ ་གྱི་བར་དུ་སླང་དོར་བར་བྱའོ། །དེ་ལྟར་ན་ཡང་དངོས་གྲུབ་ཕྲ་མོ་ཙམ་མོ། །ཕྱི་རོལ་གྱི་རྡོ་རྗེ་ཕྲེང་བའི་ཕྱི་རུ་བབས་ན་དངོས་གྲུབ་མེད་པས་དཀྱིལ་འཁོར་བསྟན་པར་མི་བྱའོ། །དཀྱིལ་འཁོར་དུ་དོར་བའི་ཕྲེང་བ་དེ་ཉིད་ལ་བཏགས་ཏེ་ཕྲེང་བ་དེ་ཉིད། ཨོཾ་པྲ་ཏི་གྲིཧྞ་སྭཾ་ཨི་མཾ་སཏྭ་མཧཱ་བ་ལ་ཞེས ་པས་སློབ་མའི་མགོ་ལ་གདགས་པར་བྱའོ། །འདི་ནི་མེ་ཏོག་གི་ཕྲེང་བའི་དབང་བསྐུར་བའི་ཆོ་གའི་དམ་པའོ། །དེ་ནས་སློབ་མའི་སྙིང་ཁའི་ཟླ་བ་ལ་གཙོ་མོ་དང་དཔྲལ་བ་ལ་རཾ་འབར་བཞིན་པ་བསྒོམས་ལ། ཨོཾ་བཱ་ར་ཧཱི་ས་ཡཾ་ཏེ་དྱ་ཙཀྵུ་ཨུདྒྷ་ཊ་ན་ཏེ་ཏ་པར། ཨུདྒྷ་ཊ་ཡ་ཏི་སརྦ་ཨཀྵོ་བཛྲ་ཙཀྵུ་ཨ ་ནུཏྟ་རཾ་ཨོཾ་བཛྲ་ཎེ་ཏྲ་ཨ་བྷ་ར་པ་ཊ་ལཾ་ཧྲཱི(རྒྱུད་འགྲེལ་བས་དཀྱིལ་འཁོར་གྱི་གཙོ་མོ་ནས་སྒོ་མའི་བར་བསྟན་པར་བྱའོ། །དེ་ནས་ཨོཾ་བཛྲ་མཎྜལ་མ་ཧཱ་མཎྜལ་པྲ་?་ཥྚོ་ཧཾ་ཡོ་ག་མཎྜལ་ལ་མཧཱ་མཎྜ་ལ་དརཤི་ཏོ་ཧཾ། གུཧཡ་མཎྜ་ལ་མཧཱ་མཎྜ་ལ་དཱིཀྵི་ཏོ་ཧཾ་ཞེས་བརྗོད་དེ་དམ་ཚིག་བརྗོད་པ་ནི་ཧོ(རྒྱུད་འགྲེལ་པའི་ཆོ་གའི་རིམ་པའོ། །དེ་ནས་ཇི་ལྟར་འབྱོར་པའི་དབུལ་བ་བླ་མ་ལ་ཕུལ་ཏེ་པུས་མོས་ལ་བཙུགས་ནས་ཐལ་མོ་སྦྱར་ལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྦྱིན་པ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །རྡོ་རྗེ་མ་སོགས་བདག་ལ་གསོལ་།ཞེས་པ་ཆུའི་དབང ་བསྐུར་གསོལ་བ་གདབ་བོ། །དེ་ནས་གསུང་བར་འགྱུར་བའི་ཆོ་གས་སློབ་མ་ལ་ནི་ར་མཉྩ་ན་བྱས་པ་དང། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་དཔའ་བོ་དང་དཔའ་མོ་རྣམས་མཆོད་དེ། སློབ་མ་ལ་དབང་བསྐུར་བའི་དོན་དུ་གསོལ་བ་གདབ་པ་ནི། འགྲོ་བ་སྐྱབས་ཕྱིར་རྡོར ་འཆང་གིས། །ཡོན་ཏན་འབྱུང་གནས་བྱིན་པ་ལྟར། །དེ་ལྟར་སློབ་མ་འདི་རྣམས་ལ། །དབང་བསྐུར་དམ་པ་སྦྱིན་པར་མཛོད། །ཅེས་པས་སོ། །དེ་ནས་ཤར་སྒོ་རུ་སྣ་ཚོགས་པདྨ་བྲིས་པའི་སྟེང་དུ་བསྡད་པའི་སློབ་མའི་ཁ་ནས་ཞུགས་ནས་ལྷ་མོའི་པདྨར་སྐད་ཅིག་གིས་སྟོང་པའི་ངང་ལས་ཧཱུཾ་ལས ་མི་བསྐྱོད་པར་བསྐྱེད་པའམ་ཌཱ་ཀི་ནིའི་གཟུགས་སུ་བསྐྱེད་ལ་ཡེ་ཤེས་ཤེས་སེམས་དཔའ་དང་ཐ་མི་དད་པ་ལ་སྔ་མ་ལྟར་སྤྱན་དྲངས་པས་དཔའ་བོ་དང་བཅས་པའི་འཁོར་ལོའི་ལྷ་མོ་རྣམས་ཆགས་པ་ཆེན་པོས་ཞུ་ནས་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ཞུགས་ཏེ། རྡོ་རྗེའི་ལམ་ནས་བྱུང་བའི་ཁུ་བ་དེས ་དབང་བསྐུར་ཏེ་སྐུ་མདོག་དང་ཕྱག་མཚན་ལ་སོགས་པའི་ཆ་བྱད་དང་ལྡན་པ་པདྨ་ནས་ཕྱུང་བ་ལ་ནམ་མཁའ་གང་བར་གནས་པའི་ཐབས་དང་བཅས་པའི་ཌཱ་ཀི་ནི་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་བཀྲ་ཤིས་གླུ་དང་བཅས་པས་སློབ་མ་རྣམས་ལ་དབང་བསྐུར་བར་བསམ་ཞིང་བདག་ཉིད་ཀྱང་བཀྲ ་ཤིས་བརྗོད་ལ། རྣམ་རྒྱལ་གྱི་བུམ་པ་ལ་སོགས་པ་ནས་ཆུ་ཅུང་ཟད་བླངས་ཏེ་པདྨའི་སྣོད་དམ་དུང་ཚེས?་སུ་བླུགས་ལ་བྱ་བའམ། ཡང་ན་བུམ་པ་སོ་སོའི་རིམ་པ་བཞིན་དུ་བྱང་ཆུབ་སེམས་ཀྱི་བདུད་རྩིའི་གཟུགས་ཀྱིས་ཆུས་ཁ་རྒྱན་དང་བཅས་པའི་རྡོ་རྗེའི་རྩེ་ནས་འགྲོ་བར་བྱ་ཞིང། དབང་བསྐུར་བ ་ནི་རྡོ་རྗེ་ཆེ། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །གསང་བ་གསུམ་ནི་འབྱུང་བའི་གནས། །བྱིན་ཅིག་དཔའ་མོ་མ་ལུས་པས། །ོཾ་ཨཱ:བཛྲ་ཨུ་ད་ཀ་ཨབྷི་ཥིཉྩ་སུ་ར་ཏ་སྟཝཾ་ཨཾ་ཧ་ཞེས་བརྗོད་ཅིང་དབང་བསྐུར་བར་བྱའོ། །དེ་ནས་བདེ་བ་ཆེན་པོ་ཐོབ་པར་བསམ་པ་སྟེ་འདི་ནི་དབང་བསྐུར་བའི་ཆོ་གའི ་རིམ་པའོ། །དེ་ནས་གོང་མ་ལྟར་བླ་མ་ལ་གསོལ་བ་འདེབས་པའི་སློབ་མ་ཨོཾ་དང་རིན་པོ་ཆེ་ལས་བྱུང་བའི་རིན་ཆེན་འབྱུང་ལྡན་ནམ་གཟུགས་ཅན་མ་རུ་སྐད་ཅིག་གིས་བསྐྱེད་པ་ཡེ་ཤེས་སེམས་དཔའ་དང་རོ་གཅིག་པ་ནམ་མཁའ་ལ་གནས་པའི་ལྷ་མོ་རྣམས ་ཀྱིས་དབང་བསྐུར་བ་དང་གཟུགས་རྡོ་རྗེ་ལ་སོགས་པས་བཀྲ་ཤིས་བརྗོད་པར་བསམ་མོ། །དེ་ནས་རྡོ་རྗེ་དང་དྲིལ་བུ་དང་མིང་རྣམས་ལ་ཡང་དེ་ལྟར་བྱ་བ་སྟེ། དེ་ནས་གསེར་རམ་རས་ལ་སོགས་པ་ལས་བྱས་པ་རིན་ཆེན་འབྱུང་ལྡན་དུ་གྱུར་བས་དེ་ཉིད་ཀྱི་རང་བཞིན་ལ་ཡེ་ཤེས་སེམས ་དཀའ་ཨི་གཟུགས་དེ་བཞིན་གཤེགས་པ་ལྔའམ་ལྷ་མོ་རྣམས་ཏེ། རིགས་བདག་དབུས་སུ་གནས་པས་བྱིན་གྱིས་བརླབ་པར་བྱ་བའི་དེའི་མགོའི་དཔྲལ་བ་དང། ལོགས་གཉིས་དང། གཙུག་ཏོར་དང། རྒྱབ་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་དུ་ཨོཾ་བཛྲ་དྷཱ་ཏྭཱི་ཤྭི་རི་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ ་སཏྭ་བཛྲེ་ཨ་བྷི་ཥིཉྩ་བྷྲུཾ་།ོཾ་?་བཛྲེ་ཨ་བྷི་ཥིཉྩ་ཧྲཾ། ཨོཾ་པདྨ་བཛྲེ་ཨ་བྷི་ཥིཉྩ་ཧྲཱི:ོཾ་ཀརྨ་བཛྲེ་ཨ་བྷི་ཥིཉྩ་ཨ:ཞེས་པའི་སྔགས་ལྔས་བྱིན་གྱིས་བརླབས་ལ་མགོ་བོར་བཟུང་སྟེ་གོང་གི་ཚིགས་བཅད་བརྗོད་ལ། ཨོཾ་ཨཱ:བཛྲ་མུ་ཀུ་ཊ་ཨ་བྷི་ཥིཉྩ་སུ་ར་ཏ་སྟཝཾ་ཨ་ཧཾ་ཞེས་པ་དང། བཛྲ་ཏུ་ཥྱ་ཧོ: ་ཞེས་བརྗོད་དེ་མཉེས་པར་བྱ་བ་འདི་ནི་ཅོད་པཎ་གྱི་དབང་བསྐུར་བའི་ཆོ་གའི་རིམ་པའོ།། །།དེ་ནས་ཨོཾ་ཧཱུཾ་ཏྲཾ་ཧྲཱི(རྒྱུད་འགྲེལ་དཔག?་མེད་ཀྱི་གཟུགས་སམ་ཁཎྜ་རོ་ཧ་སྐད་ཅིག་གིས་ཡེ་ཤེས་སེམས་དཔའ་དང་ཐ་མི་དད་པར་བསམ་ལ། གོང་གི་ཚིག་གཅད་བརྗོད་དེ། སངས་རྒྱས་རྣམས་ཀྱི་རྡོ་རྗེའི་དབང། །ཐོབ་པ་དེ་བཞིན་ཁྱོད་ཉིད་ཀྱིས། །དེ་རིང་སངས་རྒྱས་ཐམས་ཅད་ཀྱིས། །དངོས་གྲུབ་དམ་པ་འདི་ཉིད་ལོང་།ཞེས ་བརྗོད་དེ་སློབ་མའི་གནས་གསུམ་དུ་རྡོ་རྗེ་རེག་ནས་ལག་པ་གཡས་པས་རྡོ་རྗེ་སྦྱིན་ནོ། །འདི་ནི་རྡོ་རྗེའི་དབང་བསྐུར་བའི་ཆོ་གའི་རིམ་པའོ། །དེ་ནས་དེ་ལྟར་གསོལ་བ་འདེབས་པའི་སློབ་མ་ལ། ཁཾ་དང་རལ་གྲི་དག་ལས་བྱུང་བའི་དོན་གྲུབ་པའམ་ལཱ་མའི་གཟུགས་སུ་ཡེ་ཤེས་སེམས ་དཔའ་དང་ཐ་མི་དད་པའི་སྐད་ཅིག་གིས་སྐྱེད་དེ། དེ་ལྟར་བསྐྱེད་ལ་དེ་ཉིད་ཀྱི་ལག་པ་གཡོན་པར་བྱིན་ཏེ་རྡོ་རྗེ་དང་དྲིལ་བུ་དང་ལྡན་པའི་ཕྱག་རྒྱ་བཅས་ལ། གོང་གི་ཚིགས་སུ་བཅད་པ་བརྗོད་པ་དང། ཨོཾ་བཛྲ་ཨ་བྷི་པ་ཏི་ཏྭི?་ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟཝཾ་ཞེས་པ་དང། ཨོཾ་བཛྲ་གྷཎྜ་ཨ་གྲེ་ཧི ་ཧོ་སྲི་མ་ཡ་བྷ་ག་བཱན་མེ་སཱནྣི?་ཧེ་ཧེ་བྷ་བ་ཞེས་བརྗོད་དོ། །འདི་ནི་བདག་པོའི་དབང་གི་ཆོ་གའི་རིམ་པའོ། །དེ་ནས་དེ་ལྟར་གསོལ་བ་བཏབ་པ་དང། ཨོཾ་དང་འཁོར་ལོ་ལས་བྱུང་པའི་རྣམ་པར་སྣང་མཛད་དམ་གཙོ་མོའི་གཟུགས་སུ་སྐད་ཅིག་གིས་བསྐྱེད་པའི་ཡེ་ཤེས་སེམས་དཔའ་དང་ཐ་མི་དད ་པར་བྱ་སྟེ། མགོ་ལ་རྡོ་རྗེ་དང་དྲིལ་བུ་བཟུང་ལ་དབང་བསྐུར་བ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅོ་ལྔ་པ་བརྗོད་ན?་ཨོཾ་ཧེ་རུ་ཀ་ཨ་བྷི་བ་ཏི་ཏྭཾ་ཨབྷི་ཥིཉྩ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ(རྒྱུད་འགྲེལ་འདས་མའི་རང་བཞིན་ལ་དབང་བསྐུར་བ་ནི་མིང་གི་དབང་བསྐུར་བའི་ཆོ་གའི་རིམ་པའོ། །དེ་ཡང་དབང་འདི་རྣམས་ཐོབ་པའི་སློབ་མས་བྱ་བ་དང་སྤྱོད་པའི་རྒྱུད་ལ་ཉན་པ་དང་འཆད་པ་དང་སྔགས་སྒྲུབ་པ་རྣམས་ལ་དབང་བ་སྟེ། ལྷན་ཅིག་སྐྱེས་པའི་དབང་དང་བྲལ་བར་རྣལ་འབྱོར་མའི་རྒྱུད་ལ་ནི ་མ་ཡིན་ནོ། །དེ་ནས་སློབ་མ་དེ་ཉིད་ཀྱིས་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་ནི་ཁྱོད་ཉིད་ཀྱི་ནི་བཀའ་དྲིན་གྱིས། བདག་ལ་རང་དང་གཞན་གྱི་དོན། །རྫོགས་ཕྱིར་རྡོ་རྗེ་སློབ་དཔོན་དབང། །ཐུགས་རྗེ་མཆོག་དང་ལྡན་པས་བྱིན་ཞེས་པས་སོ་།ཧཱུཾ་ལས་བྱུང་བའི་རྡོ་རྗེའི་རང་བཞིན་དུ་བསྒོམས་ལ། ཐོག ་མཛའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །མཁའ་འགྲོ་མ་ཚོགས་རང་བཞིན་ཏེ། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག་ཅེས་བརྗོད་དེ་དེ་ཁོ་ནའི་རང་བཞིན་རྡོ་རྗེ་བླང་པར་བྱའོ། །འདི་ནི་རྡོ་རྗེའི་དམ་ཚིག་གི་ཆོ་གའི་རིམ་པའོ། །དེ་ནས་ཨཱ:ལས་བྱུང་བའི་དྲིལ་བུ་རུ་བསྒོམས་ཏེ། ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །དྲིལ་བུའི་སྒྲ་ཡི་མཚན་ཉིད་ཅན། །ཁྱོད་ཀྱིས་རྒྱུད་དུ་བཟུང་བ་ཡིས། །བྱང་ཆུབ་མཆོག་ཏུ་རྒྱལ་བས་གསུངས། །ཞེས་བརྗོད་དེ་དེ་ཁོ་ནའི་རང་བཞིན་བླང་བར་བྱའོ། །སློབ་མས་བླངས་ལ་དཀྲོལ་ཞིང་བརྗོད་པ། སིད་པ་ངོ་བོ་ཉིད་ཀྱིས་བདག། ངོ་བོ་ཉིད་ཀྱིས ་དངོས་བྱས་པ། །རང་བཞིན་དག་པའི་སེམས་དཔའ་འདི། །སྲིད་པ་དམ་པ་བྱེད་པར་འགྱུར་ཞེས་པ་འདི་ནི་དྲིལ་བུའི་དམ་ཚིག་གི་ཆོ་གའི་རིམ་པའོ། །དེ་ནས་ཕྱག་རྒྱའི་དམ་ཚིག་བརྗོད་པར་བྱ་སྟེ། ཡིད་ཀྱི་གཟུགས་ནི་བརྟན་བྱས་ལ། །ཇི་ལྟར་གཟུགས་རྣམས ་བརྟན་པ་དེར། །དེ་ལ་ཕྱག་རྒྱ་རབ་ཏུ་བསྒྲགས། །ཡེ་ཤེས་ཕྱག་རྒྱས་བྱིན་བརླབས་ལ། །འདོད་པ་ཐམས་ཅད་ཉེ་བར་སྤྱད། །དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ། །ཞེས་པ་བརྗོད་ལ། སློབ་མ་རྡོ་རྗེ་སེམས་དཔའ་ཨི་ཆ་བྱད་ཀྱིས་ཡེ་ཤེས་ཕྱག་རྒྱ་དང་ཁ་སྦྱོར་དུ་བྱིན་གྱིས་བརླབས་ལ ་འཁྱུད་པའི་དབྱིབས་སུ་བྱའོ། །འདི་ནི་ཕྱག་རྒྱའི་དམ་ཚིག་གི་ཆོ་ག་སྟེ་དམ་ཚིག་གསུམ་སྦྱིན་པའི་ཆོ་གའི་རིམ་པའོ། །དེ་ནས་དམ་ཚིག་གསུམ་བླངས་པའི་སློབ་མས་སྔོན་གྱི་ཆོ་ག་ལྟར་ཤར་གྱི་སྒོའི་སྔོན་དུ་བསྡད་ལ་རྡོ་རྗེ་སེམས་མའམ་བཅོམ་ལྡན་འདས་མའི་སྐུ་རུ་བསྒོམས ་པ་དང་ཆུའི་དབང་མཆོག་དང། དབང་བསྐུར་བ་ནི་བྱ་བ་ལ་སོགས་པའི་བར་བྱས་ལ། ཨོཾ་ཨཱ:སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཡེ་ཧཱུཾ་སྭཱཧཱ་ཞེས་བརྗོད་ཅིང་མངོན་པར་དབང་བསྐུར་བར་བྱའོ། །དེ་ནས་འཁོར་ལོའི་ལྷ་མོ་རྣམས་དེ་ཉིད་ལས་ཡེ་ཤེས་སེམས་དཔའ་ཨི་གཟུགས་ཀྱིས་གཞུག་པར ་བྱས་ནས། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱཧཱ་ཞེས་པས་བྱིན་གྱིས་བརླབས་ལ་དེ་ལ་མེ་ཏོག་ལ་སོགས་པ་དབུལ་བར་བྱའོ། །དེ་ལྟར་ཡང་གསུངས་པ། སློབ་དཔོན་དབང་བསྐུར་འདོད་པ་ཡིས། །ཤེས་རབ་བཅུ་དྲུག་མ་ཉིད་ལ། །རྡོ་རྗེའི་དྲིལ་བུ་མཉམ་སྦྱོར་བའི། །ལག་པ་དག་གིས་མཉམ་པར ་འཁྱུད་ཅེས་པས་སོ། །དེ་ཡང་བསྡུས་ན་རྣམ་པར་སྣང་མཛད་རྣམ་པ་དག་པ་གཞལ་ཡས་ཁང་དང། ཕུང་པོ་ལྔ་བསྡུས་པ་སངས་རྒྱས་ལྡའི་དག་པ་སྟེ། ཕྱིར་མི་ལྡོག་པའམ་སློབ་དཔོན་གྱི་དབང་གི་ཆོ་གའི་རིམ་པའོ། །དེ་ནས་བདག་ཉིད་ཀྱིས་སྙིང་པོ་ལ་སོགས་པའི་སྣགས་ལན ་གསུམ་བཟླས་ནས། ད་ཏྭཱི་སི་མ་ཡ་བྷ་ག་བཱ་ན་ཨ་སྨིན་སིནྣ་ཧི་ཏོ་བྷ་བ་ཞེས་པ་བརྗོད་ལ་སློབ་མ་ལ་སྦྱིན་ནོ། །སློབ་མས་ཀྱང། གྲི་ཧི་ཏོ་སི་མ་ཡ་བྷ་ག་ཝཱན?་མོ་སནྣི་ཧི་ཧོ་བྷ་བ་ཞེས་པ་བརྗོད་ཅིང་བླང་བ་ནི། །ལན་གསུམ་བརྗོད་ཅིང་པས་སོ། །འདི་ན་སྔགས་རྗེས་སུ་གནང་བའི་ཆོ་གའི ་ཡིམ?་པའོ། །དེ་ནས་གསེར་རམ་དངུལ་གྱི་སྣོད་དུ་མར་སྦྲང་རྩི་གསེར་གྱི་ཐུར་མས་བླངས་ཏེ། སློབ་མའི་མིག་དག་ཏུ་ཡི་གེ་པྲཾ་བསྒོམས་ཏེ། ཨོཾ་བཛྲ་ནེ་ཏྲ་ཨེ་པ་ཧ་ར་པ་ཊ་ལཾ་ཧྲཱི(རྒྱུད་འགྲེལ་བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཞེས་པའོ། །འདི་ནི་མིག་སྨན་གྱི་ཆོ་གའི་རིམ་པའོ། །དེ་ནས་མེ་ལོང་བླ་བས་ཏེ་ཨ:ཞེས་མངོན་པར་བཟླས་ཤིང་སློབ་མ་ལ་བསྟན་པ་ནི། ཆོས་རྣམས་གཟུགས་བརྙན་དང་མཚུངས་པར། །དག་ཅིང་བསལ་ལ ་དྲི་མ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང། །རྡོ་རྗེ་མ་ནི་མེ་ལོང་མཚུངས། །དཔའ་མོ་ཀུན་གྱི་གཙོ་མོ་སྟེ། །བུ་ཁྱོད་སྙིང་ལ་ཡང་དག་གནས། །ཁྱོད་ནི་འདྲེན་པའི་སྤྱན་དང་ལྡ། །ངོ་བོ་མེད་ཅིང་གནས་མེད་པར། །འདི་ལྟར་ཆོས་རྣམས་ཤེས ་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་ཀྱིས། །ཤེས་པ་ནི་མེ་ལོང་གི་ཆོ་གའི་རིམ་པའོ། །དེ་ནས་ཧོ་ཡིག་ལས་བྱུང་བའི་གཞུ་ཧོ་ཞེས་པས་བྱིན་ལ་ཡང། ཨོཾ་སརྦ་ཏ་ཐཱ་ག་ར་ཨ་ནུ་རག་ཡ་སྭ་ཞེས་བརྗོད་པར་བྱའོ། །སློབ་མས་ཀྱང་མདའ་བཀང་བཞིན་བསམ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ ་ག་ཡཱ་མི་ཞེས་བརྗོད་ཅིང་བློས་བགེགས་ལ་དབུག་པར་བསམ་ཞིང་ཕྱོགས་མཚམས་སྟེང་འོག་རྣམས་སུའོ། །འདི་ནི་མདའ་གཞུའི་ཆོ་གའི་རིམ་པའོ། །དེ་ནས་སློབ་མ་རྡོ་རྗེ་སེམས་དཔའ་འམ་རྡོ་རྗེ་ཕག་མོའི་གཟུགས་སུ་བསྒོམས་ནས། འདི་ནི་དཔའ་མོ་ཐམས་ཅད་དང། རྡོ་རྗེ་སེམས ་དཔའ་ཨི་ཕྱག་ན་གནས། ཁྱོད་ཀྱིས་རྒྱུན་དུ་བཟུང་བར་བྱ། །རྡོ་རྗེ་མ་ཡི་བརྟུལ་ཞུགས་བརྟན་ཞེས་བརྗོད་དོ། །རྡོ་རྗེ་གཏད་དོ། །ོཾ་སརྦ་བཱི་ར?་ཏྭཾ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨ་ཥ་ཏྭཾ་དྷ་ར་ཡཱ་མི་བཛྲ་སཏྭ:ཧཱི(རྒྱུད་འགྲེལ་པའོ། །དེ་ནས་སློབ་མ་རྡོ་རྗེའི་ཕག་མོའི་གཟུགས་ས?་གནས་ཏེ། ཁ་ཊཝཱཾ་གྲི་གུག་པདྨའི་སྣོད། །རྡོ་རྗེ་ཕག་མོའི་ཕྱག་མཚན་འདི། །ཕྱི་དང་ནང་ན་ཡང་དག་གནས། །བྱིན་པ་ཟུང་ཅིག་དཔའ་མོ་ཡིས་ཞེས་བརྗོད་པ་དང། བཅོམ་ལྡན་འདས་མའི་སྔགས་ཀྱིས་བྱིན་གྱིས་བརླབས་ལ་སྦྱིན ་པར་བྱའོ། །འདི་ནི་ཁ་ཊཝཱཾ?་?་ལ་སོགས་པའི་ཆོ་གའི་རིམ་པའོ། །དེ་ནས་སློབ་མ་དེ་ལྟར་བསྒོམས་ལ་བདག་ཉིད་ཀྱི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་མི་བསྐྱོད་པ་ལ་སོགས་པ་འཁོར་ལོ་ལ་སོགས་པ་ལ་གཞུག་པ་ནི། མི་བསྐྱོད་པ་ནི་འཁོར་ལོའི ་གཟུགས། །འོད་དཔག་མེད་པ་རྣ་རྒྱན་ཏེ། །རིན་ཆེན་ཉིད་ནི་མགུལ་རྒྱན་ནོ། །རྣམ་པར་སྣང་མཛད་ལག་གདུབ་གསུངས། །དོན་གྲུབ་སྐ་རགས་ཉིད་ལ་བརྟན། །ཞེས་གསུངས་པས་རིམ་པ་བཞིན་དུ། །ོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾཕཊ་ཅེས་པ་བཟླས་ཏེ་འཁོར་ལོ་མགོ་བོར་རོ། །དེ་ལྟར་ཐོད ་པ་ལྔ་ལ་ཡང་ངོ། །ོཾ་ཧྲཱི:ཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཅེས་པ་རྣ་རྒྱན་དག་ལའོ། །ོཾ་སརྦ་བུདྡྷ་ཌཱི་ཀི་ནི་ཡེ་ཝརྞྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཅེས་པ་མགུལ་རྒྱན་ལའོ། །ོཾ་ཧ་ན་མ:ཧི་སྭཱ་ཧཱ་ཧུ་པཽ་ཥཊ་ཧེ་ཧཱུཾ་ཧཱུཾ་ཧོ་ཕཊ་ཧཾ་ཞེས་པ་ལག་གདུབ་དག་ལའོ། །ོཾ་བཾ་ཧཾ་ཡཾ་ཧྲཾ་མཾ་ཧྲེཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་པ་ལན ་གསུམ་བཟླས་ལ་སྐ་རགས་ཏེ་དེ་ལྟར་ལན་གསུམ་གསུམ་ཀུན་ལ་གོ་བར་བྱའོ། །འདི་ནི་འཁོར་ལོ་ལ་སོགས་པའི་བརྟུལ་ཞུགས་སྦྱིན་པའི་ཆོ་གའི་རིམ་པའོ། །དེ་ནས་ལུང་བསྟན་ནི་ཕྱག་རྒྱ་དང་བཅས་པས་བརྗོད་ལ། སྲིད་པའི་ངན་འགྲོ་ལས་བསྟོན་ནས། །སྲིད་པ་མཆོག་ཏུ་ཞི་བའི ་ཕྱིར། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བདག་གིས་ཁྱོད་ནི་ལུང་བསྟན་བགྱི་ཞེས་པ་དང། མེ་ཏོག་ལྷུང་བའི་སྒོ་ནས་རང་གི་རིགས་ཀྱི་མིང་དང་བཅས་ཏེ་བརྗོད་པ། སརྦ་ཏ་ཐཱ་ག་ཏ་སིདྡྷ་ས་མ་ཡ་སྟཝཾ་བྷུར་བྷུ་བསྭ:ཞེས་པས་སོ། །འདི་ནི་ལུང་བསྟན་པའི་ཆོ་གའི་རིམ་པའོ། །དེ་ནས ་རོལ?་པ་ལ་སོགས་པས་དབེན་པར་བྱས་པའི་གནས་སུ་གཞོན་ནུ་མ་གཟུགས་དང་ལང་ཚོ་ལ་སོགས་པའི་དམ་ཚིག་དང་ལྡན་པའི་ཕྱག་རྒྱ་སློབ་མས་ཕུལ་ཏེ། ཐལ་མོ་སྦྱར་ནས་བླ་མ་བཅོམ་ལྡན་འདས་མར་མོས་པ་བྱས་ཏེ། ཁྱོད་ཉིད་ཀྱིས་ནི་བཀའ་དྲིན་གྱིས། །བླ་ན་མེད་པའི་བྱ་བ་ཐོབ། །དེ་ཕྱིར ་གསང་བ་ཡིན་ནི་དབང། །མགོན་པོས་རྗེས་སུ་བཟུང་བར་མཛོད་།ཅེས་པས་གསོལ་བ་གདབ་པར་བྱའོ། །དེ་ནས་སློབ་དཔོན་གྱིས་ལྷ་མོའི་ང་རྒྱལ་སྤངས་ཏེ་བདེ་མཆོག་གི་ཆ་བྱད་དམ་ཐབས་ཀྱི་ཆ་བྱང་དུ་གནས། ཕྱག་རྒྱ་ཐ་མལ་གྱི་བདག་ཉིད་སྟོང་པའི་དང་ལས་ལྷ་མོར་བསྐྱེད་པ་དང། རྡོ་རྗེ་པདྨ ་བྱིན་གྱིས་བརླབ་པ་སྔོན་དུ་སོང་བས་སྙོམས་པར་ཞུགས་པ་དང། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ཎ་བཛྲ་སྭ་བྷཱ་བ་ཨཏྨ་ཀོ་ཧཾ་ཞེས་བརྗོད་པ་དང། སྙིང་ཀའི་ས་བོན་གྱིས་སྤྱན་དྲངས་པའི་ལྷ་མོ་སོ་སོ་རྣམས་དང་སྙོམས་པར་ཞུགས་པ་དང་དེ་རྣམས་བདག་ཉིད་ལ་བསྟིམ་མོ། །ཆགས་པ་ཆེན་པོས་ཞུ་ནས་ཨ་བ ་དྷུ?་ཏི་ནས་?་ཏེ་རྡོ་རྗེའི་ནོར་བུར་ལྷན་ཅིག་སྐྱེས་བ་བརྟན་པར་བྱས་ལ། མཐེ་བོང་དང་མིང་མེད་ཀྱིས་རྡོ་རྗེའི་ནོར་བུ་བཟུང་ལ་པདྨ་ནས་ཕྱུང་སྟེ། དེ་བཞིན་གཤེགས་པ་ཞུ་བ?་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཐ་མི་དད་པར་དམིགས་ནས་སློབ་མ་གསུང་རྡོ་རྗེའི་གཟུགས་སུ་བསྐྱེད་ལ་མཐོང?་ནམ ་གུས་པ་སྐྱེ་བས་མིག་རས་ཀྱིས་བཅིངས་ལ་ལག་པ་དང། མིག་གི་སྤྱོད་ཡུལ་མ་ཡིན་པར་ཁ་རུ་དབབ་པ་ནི། སངས་རྒྱས་རྣམས་ཀྱིས་སྲས་རྣམས་ལ། །རྡོ་རྗེ་འཛིན་སོགས་བྱང་ཆུབ་སེམས། །ཡིད་དུ་འོང་བས་དབང་བསྐུར་ལྟར། །དེ་ལྟར་བསྐུར་ཅིག་བུ་རྣམས་ལ། ཞེས་པ་དང་དཀྱིལ་འཁོར་གྱི་གཙོ ་མོའི་སྔགས་དང་བཅས་པས་བརྗོད་ཅིང་ངོ། །དེས་དེ་བཞིན་གཤེགས་ཡཔ་ཐམས་ཅད་ཀྱི་བླ་མའི་ཚོགས་ཀྱི་སྐྱེ་མ་བདེའོ་ཞེས་བརྗོད་ཅིང་བཏུང་བར་བྱའོ། །ཕྱག་མམ་ལངས་ཏེ་གོས་དང་བྲལ་བར་བྱས་ལ་རང་གི་པདྨ་ན་གནས་པའི་ཐིག་ལེ་ཁར་དབབ་པར་བྱའོ། །དེ་ཀྱང་དེ་ལྟར་བཏུང་བར་བྱའོ།། ་དེ་ཡང་ཐབས་དང་ཤེས་རབ་ཀྱི་ཀུན་རྫོབ་བྱང་ཆུབ་སེམས་གསང་བའི་དབང་གི་ཆོ་གའི་རིམ་པའོ། །དེ་ནས་སློབ་མས་བརྗོད་པ་བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ་ཞེས་པ་ལ་སོགས་པས་གསོལ་བ་གདབ་པ་དང། འདི་ནི་ཁྱོད་ཀྱི་ཡིད་འཛིན་མ། །བསྙེན་པར་སངས་རྒྱས་ཉིད་ཀྱིས་བརྟགས། །འཁོར་ལོ ་བསྐོར་བའི་སྦྱོར་བ་ཡིས། །བདེ་བ་དམ་པ་ཉམས་སུ་མྱོང། །རྡོ་རྗེ་སྐྱིལ་ཀྲུང་མཚན་པ་ཡིས། །ནོར་བུའི་མཛའ་རུ?་བརྟ་བར་བྱ། །ཞེས་པ་བརྗོད་ལ། དེ་ཉིད་དམ་ཕྱག་རྒྱ་གཞན་ཅིག་གཏད་པར་བྱའོ། །དེ་ཡང་གུར་གུམ་ལ་སོགས་པ་དྲི་ཞིམ་པོས་ལུས་ལ་བྱུགས་ཏེ་།སློབ་མ་ལ་ཆུ་སྐྱེས་བསྟན་ཅིང།། ་བྱེ?་མ་བདག་གི་པདྨ་ངོ་མཚར་ཆེ། །བདེ་བ་ཀུན་གྱི་གཞི་དང་ལྡན། །ཆོ་ག་ཇི་བཞིན་བསྟེན་བྱས་ནས། །དེ་ཡི་མདུན་དུ་བདག་གནས་སོ། །པདྨའི་བྱ་བ་བྱེད་བཞིན་པས། །ཡང་དག་སངས་རྒྱས་མཉེས་བྱེད་ན། །བདེ་ཆེན་པོ་ནི་འདི་ཉིད་ལ། །བདག་ཉིད་རྒྱུན་ཏུ་ཡང་དག་གནས། །བྷཉྫ་མོཀྵ་ཧོ:ཞེས་བརྗོད་པ ་དང།?་དེ་ནས་རང་ཉིད?་ལྷའི་ཆ་བྱད?་བྱས་ཏེ། ཤེས་རབ་ལྷ་མོའི་གཟུགས་སུ་བསྐྱེད། །དེ་ནས་ཧཱུཾ་དཀར་པོས་དང་ཨཱ:དམར་པོས་རྡོ་རྗེ་དང་པདྨར་བསྐྱེད། །བྱ་དང་དྱཱ་ཡི་བུམ་པ་དང་ཟེ་འབྲུ་བྱས་པ་ལ་དེ་དག་གིས་བྱིན་གྱིས་བརླབས་པ་དང། གཡོན་གྱིས་གཡོན་ན་གནས་པའི ་རྩ་མཛུབ་མོའི་རྩོལ་ཧྲཱི(རྒྱུད་འགྲེལ་བྱས་ལ། བདག་ཉིད་ཀྱི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་དེ་བཞིན་གཤེགས་པས་རང་གི་ལུས་བྱིན་གྱིས་བརླབས་ཏེ་བླ་མས་ཀྱང་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་བཅུག་པས་རོ་གཅིག་ཏུ་གྱུར་བར་བསམ་ཞིང་སྙོམས་པར་འཇུག་ཏུ་གཞུག་གོ་།འཁོར་ལོ ་བསྐོར་བའི་སྦྱོར་བའི་ས། །བདེ་བོ་དམ་པ་ཉམས་སུ་མྱོང། །རྡོ་རྗེ་སྐྱིལ་ཀྲུང་མཚན་པ་ཡིས། །ནོར་བུའི་མཛའ་དུ་བལྟ་བར་བྱ། །ཞེས་པའི་དོན་གོ་བར་བྱ་སྟེ་།ཇི་ལྟར་རགས་པ་ལྟར་གཟུང་ལ་དལ་དལ་གྱིས་བཏང་ཞིང་པདྨ་ནས་ལྕེ་ཡིས་བླང་བར་བྱ་སྟེ། །དེ་ཁོ་ནའི་རང་བཞིན་དུ་བཏུང་པར་བྱའོ།། ་འདི་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཆོ་གའི་རིམ་པའོ། །དེ་ནས་དབང་གསུམ་པ་བླངས་པ་དེ་ལ་བཞི་བ་ཚིག་དབང་སྦྱིན་པ་ནི། །ཤེས་རབ་ཡེ་ཤེས་དེས་གནས་སྐབས་ཀྱི་བྱེ་བྲག་ཐོབ་པ། བསྒོམས་པས་བྱང་ཆུབ་ཀྱི་སེམས་འཕེལ་ཞིང་ཉོན་མོངས་པ་དག་ནས་ཆོས་ཐམས་ཅད་བསམ་དུ་མེད་པ ་དག་དང་རྣམ་པར་རྟོག་པའི་སྤྱོད་ཡུལ་མ་ཡིན་པ་ཕྱག་རྒྱ་ཆེན་པོའི་བདག་ཉིད་རྡོ་རྗེ་འཛིན་པ་ཆེན་པོའི་རང་བཞིན་འདི་རྣམས་ཀྱི་དོན་བརྗོད་པ་འདི་ནི་དབང་བཞི་པའི་ཆོ་གའི་རིམ་པའོ། །དེ་ནས་ཕྱག་རྒྱའི་ལག་པ་སློབ་མའི་ལག་ཏུ་གཏད་པ་དང། དེ་དག་སློབ་དཔོན་གྱི་ལག་པ་གཡོན་པས ་གཟུང་ལ། གཡས་པ་རྡོ་རྗེ་དང་བཅས་པ་སློབ་མའི་མགོ་ལ་བཞག་སྟེ་བརྗོད་པ། ཁྱོད་ལ་ངས་འདི་གཏད་པའི་དབང་པོ་དེ་བཞིན་གཤེགས་པ་རྣམས་ཡིན་ནོ་ཞེས་པས་སོ། །དེ་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་པོ་བྱས་ཏེ། དེ་ལྟར་རྣམ་པར་སྤྱོད་པ་འདིས། །ཁམས་གསུམ་རྣམ་པར་དག་བྱེད ་?་གང་གིས་བྱེད་པར་མི་འགྱུར་ན། །ཐབས་གཞན་ཀྱིས?་ནི་སངས་རྒྱས་མིན། །འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །རིག་མའི་བརྟུལ་ཞུགས་བླ་ན་མེད། །རྨོངས?་པ་གང་ཞིག་བཟླས་པ་ན། །དེ་ལ་དངོས་གྲུབ་ག་ལ་ཡོད་ཅེས་བརྗོད་ལ་རིག་མའི་བརྟུལ་ཞུགས་སྦྱིན་ནོ། །འདི་ནི་རིག་མའི་བརྟུལ་ཞུགས་ཀྱི་ཆོ་གའི་རིམ་པའོ། །དེ་ནས ་བཞི་པ་དེ་ཡང་དེ་བཞིན་ནོ་ཞེས་པའི་དོན་ནི། །བྱང་ཆུབ་སེམས་ཀྱི་དབང་བསྐུར་ཅིག། སློབ་མའི་དྲི་མ་རྣམ་དག་།དེ་ནས་རྗེས་སུ་གནང་བ་སྦྱིན། ཞེས་པའི་ཚིག་གིས་སློབ་མ་གང་ཞིག་སྟན་ལ་བསྡད་པ་ལས། བྷཱུཾ་ལས་ཆོས་ཀྱི་འཁོར་ལོ། །ོཾ་བཛྲ་ཧེ་ཏུ་མཾ་ཞེས་བརྗོད་དེ་རྐང་པ་དག་ལ་སྦྱིན་ནོ། །:ལས་བྱུང་བའི་དུད་དང ་དབྱངས་ཡིག་དང་པོ་ལས་བྱུང་བའི་པོ་ཏི་དང། དབྱངས་ཡིག་ཐ་མ་ལས་བྱུང་བའི་དྲིལ་བུ་རྣམས་ལག་པ་གཡས་པ་དང་གཡོན་པ་རུ་གཏད་ལ། སློབ་མ་དེ་ཉིད་དྲིལ་བུ་འཁྲོལ་དུ་གཞུག་ཅིང་བརྗོད་པ། ཐམས་ཅད་ནམ་མཁའ་ཉིད་ལ་མཚན་ཉིད་དེ། །ནམ་མཁའ་ཉིད་ལ་མཚན་ཉིད་བྲལ། །ནམ་མཁའ་དང་ནི་མཚུངས་པ ་ཡིས། །ཀུན་གྱི་མཆོག་སྟེང?་ཉིད་གསལ། །དེང?་ནས་བརྩམས་པ་ཅོམ?་གྱིས་ཀྱང། །ཆོས་ཀྱི་དུང་ནི་བླ་མེད་པ། །ཀུན་ཏུ་གང་བར་བྱེད་བཞིན་པས། །ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་ཞེས་པའོ། །དེ་ལྟར་ཐུན་མོང་གི་རྗེས་སུ་གནང་བ་བྱིན་ལ། །ཁྱད་པར་གྱི་རྗེས་སུ་གནང་བ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་སློབ་མ་རྣམ་པར་སྣང ་མཛད་ལ་སོགས་པའམ། བཅོམ་ལྡན་མ་ལ་སོགས་པའི་གཟུགས་སུ་བསྒོམས་ལ། སེམས་ཅན་ཀུན་ལ་ཕན་བྱའི་ཕྱིར། །འཇིག་རྟེན་མ་ལུས་ཐམས་ཅད་ལ། །ཇི་ལྟར་འདུལ་བའི་ཆོས་རྣམས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བར་གྱིས། །ཐམས་ཅད་ཤེས་རབ་རང་བཞིན་བདག་།ཡིད་བཞིན་ནོར་བུ་དང་མཚུངས་པར། །ངལ་མེད་དམིགས་པ་རྣམས ་དང་བྲལ། །སེམས་ཅན་དོན་རྣམས་དེ་རིང་གྱིས་ཞེས་པ་སྟེ། །ཆོས་ཀྱི་གནས་སུ་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་ལས་རྣམས་ཀྱི་སྒྲ་ལན་ལྔ་བརྗོད་ཅིང་རྗེས་སུ་གནང་བ་སྦྱིན་པར་བྱའོ། །དེ་ཡིས་ཀྱང་ཕྱག་འཚལ་ཏེ་བརྗོད་པ་།མངའ་བདག་བཀའ་སྩལ་དེ་ལྟར་བགྱི་ཞེས་པ་འདི་ནི་རྗེས་སུ་གནང་བའི་ཆོ་གའི་རིམ་པའོ། །དེ ་ནས་ཤར་སྒོར་རུ?་སློབ་མའི་སྟེང་དུ་གདུགས་བཟུང་ལ་ཐལ་མོ་སྦྱར་ཏེ་བརྗོད་པ། སློབ་མ་འདི་ནི་ཁྱོད་ལ་གཏད། །རྒྱུད་ཀྱི་འཛིན་པ་པོ་རུ་མཛོད། །ཅེས་དཀྱིལ་འཁོར་གྱི་གཙོ་བོ་ལ་གསོལ་བ་གདབ་པ་དང། གདུགས་གཞན་དུ་གཞག་སྟེ་བརྗོད་པ། ད་ནི་དཀྱིལ་འཁོར་སློབ་དཔོན་འགྱུར། །སྔགས་དང་རྒྱུད་ཀྱི་འཛིན་པ་ཁྱོད།། ་སངས་རྒྱས་རྣམས་དང་བྱང་སེམས་དང། །ལྷ་རྣམས་ཀུན་ཀྱང་མཉེས་པར་འགྱུར། །སེམས་ཅན་ཀུན་ལ་བརྩེ་བ་ཡིས། །མཆོག་བཞིན་དཀྱིལ་འཁོར་ཁྱོད་ཉིད་ཀྱིས། །ཤིན་ཏུ་རྩོལ་བས་བྲི་བར་མཛོད། །སྒྲུབ་པ་པོ་ཡི་རྒྱུད་ལ་ཞུགས། །གསང་བ་མཆོག་གི་དཀྱིལ་འཁོར་དུ། །མཆོག་ཏུ་བལྟ ་ཞིང་ཞུགས་པ་ཡིས། །དེ་རིང་ཁྱོད་ཀྱི་སྡིག་པ་རྣམས། །མ་ལུས་གྲོལ་ནས་ཡང་དག་གནས། །གཞན་ཡང་ཁྱོད་ལ་འཕོ་བ་མེད། །བདེ་ཆེན་ཐེག་པ་འདི་ཉིད་ཀྱིས། །འཁོར་བ་ཤིན་ཏུ་དག་བྱས་ནས། །འཁོར་བའི་སྡུག་བསྔལ་རྣམས་ལས་ལོག་།ཚེ་ལྡན་དེ་རིང་དབང་ཉིད་ཀྱིས། །སངས་རྒྱས ་ཀུན་ཀྱང་རྡོ་རྗེར་བཅས། །ཁམས་གསུམ་ཀུན་གྱི་རྒྱལ་སྲིད་ཀྱིས། །རྗེ་བོར་ཁྱོད་ཉིད་ངེས་པའོ། །འདོད་ཆགས་བྲལ་བའི་སྡིག་ལྟ་བུ། །ཁམས་གསུམ་ན་ནི་ཡོད་པ་མིན། །དེ་ཕྱིར་འདོད་ཆགས་དང་བྲལ་བ། །ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག་།ཆག་པ་ཀུན་ལ་ཉེ་བར་སྤྱོད། །བདེ་ལ་ནམ་ཡང ་འཇིགས་མ་བྱེད།། ཤ་ལྔ་བདུད་རྩི་དང་བཅས་སྤྱོད། །དམ་ཚིག་གཞན་ཡང་དེ་བཞིན་བསྲུངས། །སྲོག་གཅོད་པ་ནི་ནམ་ཡང་མིན། །དཔལ་གྱི་རིན་ཆེན་སྤང་མི་བྱ། །སྡོམ་པ་སྤང་བར་མི་བྱ་ཞིང། །ཁྱོད་ཀྱིས་སློབ་དཔོན་མི་སྤོང་ངོ། །དེ་བཞིན་གཤེགས་པས་གསུངས་པ་ལྟར། །མི་བྱ་བ་ནི་ཅི་ཡང་མེད།། ་ཤེས་རབ་ཐབས་ཀྱི་སེམས་བརྟན་པས། །ཁྱོད་ལ་སྡིག་མེད་འཇིག་མི་དགོས། །ཆོ་ག་ཇི་ལྟ་བ་བཞིན་དབང་བསྐུར་བའི། །ཡིད་དུ་འོང་བའི་བུ་ལྟར། །བརྩེ་བའི་ཡིད་ཀྱིས་དཔའ་མོ་རྣམས་དང་ནི། །དཔའ་མོ་ཀུན་ལ་གུས་པས་མཉམ་པར་ཞོག། ཉིད་ཀྱི་ཉིད་ཀྱིས་གུས་པས་རྒྱུན་མི་འཆད་པ་དང།། ་དམ་ཚིག་དག་གི་མི་ཟད་བདེ་བ་སྟེར་བ་ནི། བདེ་མཆོག་ལ་གནས་རྡོ་རྗེ་རྣལ་འབྱོར་མ་རྣམས་དང། །མཉམ་པར་མི་འགྱུར་བ་རུ་ཁྱོད་རྣམས་འགྱུར་བའོ་ཞེས་པ་ནི་དབུགས་དབྱུང་བའི་ཆོ་གའི་རིམ་པའོ། །དེ་ནས་སློབ་མ་དེ་ལྟར་དབང་བསྐུར་བ་ཐོབ་པ་དང། དེ་རིང་བདག་ཅག་འབྲས་བུར་བཅས།། ་དེ་རིང་བདག་ནི་སྲོག་དང་ལྡན། དེ་རིང་སངས་རྒྱས་རིགས་སུ་སྐྱེས། །དེ་རིང་སངས་རྒྱས་གནས་སུ་འགྱུར་ཞེས་བརྗོད་ནས་རྟ་དང་གླང་པོ་དང་རིན་པོ་ཆེ་དང་གསེར་དང་དངུལ་དང་གོས་དང་རྒྱན་དང་བ་ལང་དང་གཡོག་པོ་དང་གཡོག་མོ་དང་ཆུང་མ་དང་པུ་ལ་སོགས་པ་ཇི་ལྟར་འབྱོར་པ་བླ་མ་ལ་དབུལ་བར་བྱའོ། དེ ་?་ཉིན་མོའི་དུས་སུ་གཞོན་ནུ་མ་དང་དགེ་སློང་མ་རྣམས་ལ་སྟོན་མོ་དང་ཆོས་སྟོན་དྲངས་ལ་ཇི་ལྟར་ནུས་པའི་ལྔའམ་བཅུ་གསུམ་མམ་ཉི་ཤུ་རྩ་གཅིག་གམ་ཉི་ཤུ་རྩ་དགཱུམ་སུམ་ཅུ་སོ་དྲུག་གི་དཔའ་བོའི་དཔའ་མོ་རྣཾS་མཚན་མོའིདུས་སུ་གཞན་གྱིས་མཚོར་བར་འདུ་འཛི་མེད་པའི་གནས་སུ་དཀྱིལ་འཁོར ་གྱི་འཁོར་ལོའི་རྣམ་པར་ཇི་ལྟར་རྙེད་པའི་གདན་ལས་གོས་དང་བྲལ་བ་སྐྲ་གྲི་གུག་དང་ཐད་པ་འཛིན་པ་ཕྱག་རྒྱ་ལྔ་ཡིས་བརྒྱན་པ་དང་།ཁ་ཊཝཱཾ་ག་དང་ཌ་མ་རུ་འཛིན་པའི་དམ་ཚིག་དང་ལྡན་པ་དང་དམ་ཚིག་དང་ལྡན་པ་རྣམས་སོ། །སློབ་དཔོན་གྱི་གཡོག་དུ་རྡོ་རྗེའི་རིག་མ་གཞག་གོ་།ཇི་ལྟར་སྙེར་བའི ་སྡེར་རྣམས་དགྲམ་པར་བྱའོ། །དེ་ནས་སློབ་དཔོན་གྱིས་ཆད?་ལ་སོགས་པ་ལ་སྒྲུབ་ཐབས་སུ་བཤད་པའི་ཆོ་ག་ལྟར་སྦྱངས་ལ་དཀྱིལ་འཁོར་གྱི་འཁོར་ལོའི་གནས་པའི་ལྷ་ཚོགས་རྣམས་ཡང་དག་པར་མཆོད་པ་དང་དག་པར་བྱས་པའི་ཆང་གི་ལག་པ་གཡོན་པའི་མིང་མེད་ཀྱིས་མཎྜལ་གྱི་དབུས་སུ་ཟླུམ་པོ ་ཕྱི་རོལ་དུ་ཆོས་འབྱུང་བྲིས་ལ། དེའི་དབུས་སུ་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་ལྷའི་ཚོགས་བཞུགས་པ་མཉེས་པར་བྱའོ། །ཕྱིའི་རྣལ་འབྱོར་མ་རྣམས་ལ་ཡང་དེ་ལྟར་ལྷ་མོའི་ཚོགས་བཅུག་ལ་བདག་ཉིད་དཀྱིལ་འཁོར་གྱི་གཙོ་མོར་བསྒོམས་པ་དང། དམ་ཚིག་གི་རྫས་རྣམས་སྔ་མ་ལྟར་དག ་པར་བྱས་པའམ། ཨོཾ་སརྦ་བཛྲ་ཌཱ་ཀི་ནི་སརྦ་བྷཀྵཾ་ཤོ་དྷ་ཡ་གུ་ཧཡ་བཛྲེ་ཎི་ཧཱུཾ་སྭཱཧཱ་ཞེས་པའི་སྔགས་ཀྱིས་སྐད་ཅིག་གིས་བདུད་རྩིར་བྱས་ལ་དྲངས་པ་ནི་ཡོན་བདག་གི་མཎྜལ་བྱས་ནས་ཕྱག་བྱས་ལ་ཅི་བདེ་བར་གསོལ་བར་ཞུ་ཞེས་བརྗོད་དོ། །དེ་ནས་ལས་ཀྱི་རྗེས་མྱོས་བྱེད་ཀྱི་སྣོད། ལག་པ་གཡས ་པར་གཞག་ལ་གཡོན་པ་སྟེང་དུ་ཕྱོགས་པས། ལྟོས་ཤིག་རང་གི་སེམས་ཉིད་ལ། །འདི་ལ་ཐེ་ཚོམ་མ་བྱེད་ཅིག། བྲམ་ཟེ་ཁྱི་དང་གདོལ་པ་རྣམས། །རང་གཞིན་གཅིག་ཏུ་བཟའ་བར་གྱིས། ཞེས་བརྗོད་དེ་དྲང་བར་བྱའོ། །རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་ཀྱང་པདྨའི་ལག་བསྐོར་བྱས་ལ་བདེ ་གཤེགས་ཆོས་རྣམས་འགྱུར་པ་མེད། །འདི་ལ་འཛིན་པར་བྱེད་པ་མེད། །འཁྲུལ་པ་མེད་པར་སྐྱབས་སུ་མཆི་ཞེས་བརྗོད་ལ་དེ་ལྟར་བླང་བར་བྱའོ། །དེ་ཉིད་ཀྱི་ཕུང་སློབ་དཔོན་ལ་ཕུལ་ལ་དེ་ནས་རང་གི་བཏུང་བར་བྱའོ། །དེ་ནས་བཏུང་བ་དང་བལྡག་པ་དང་བཟའ་བ་ལ?་སོགས་པ་སྣོད་བྱེ་བྲག་ཏུ་དྲང་བ་ནི་སློབ ་དཔོན་ལ་མྱོས་བྱེད་ཀྱི་སྣོད་ལ་སོགས་པ་ཉིས་འགྱུར་དུ་དྲང་བར་བྱའོ། །དེ་ལྟར་མྱོས་བྱེད་ལ་སོགས་པས་སེམས་བཏེག་ནས་སློབ་དཔོན་ལ་གནང་བ་ཞུས་ལ། མཉེན་ལ་ཕྲ་བ་རྡོ་རྗེའི་གླུ་བླང་བར་བྱ་བ་ནི་དེ་དང་དེའི་ཕྱག་རྒྱ་བྱ་ཞིང་གར་དང་བཅས་པས་སོ། །འགྲོ་བ་དང་འོད་བའི་དུས་སུ ་ཡང་གནང་བཞུ་བར་བྱའོ། །དེ་ནས་མྱོས་བྱེད་ལ་སོགས་པས་མཉེས་པར་བྱས་ལ། སེམས་ཤིན་ཏུ་བཏེགས་པར་གྱུར་ན་མིག་ཟུར་གྱི་བལྟ་བ་དང་འོ་དང་འཁྱུད་པ་དང་ནུ་མ་ལ་རེག་པ་ལ་སོགས་པའི་ཀཱ་ར་ཎཱ་དཔག་ཏུ་མེད་པ་བྱ་བ་ནི་རྣམ་རྟོག་དང་དོ་ཚ་ལ་སོགས་པ་སྤངས་ལ་བྱའོ། ་དེའི་དུས་སུ་ཡན་ལག་མཚར་ཞིང་གཟུགས་ངན་པར་གྱུར་ཀྱང་སྤང་བར་མི་བྱའོ། །དེ་ནས་ལྷག་མ་གྲལ་བཞུགས་ནས་བསྡུས་པ་མདུན་དུ་བཞག་སྟེ་དེ་རུ་ཡང་མྱོས་བྱེད་ལ་སོགས་བླུགས་ལ། མྱོས་བྱེད་ཀྱི་ཁ་བཀང་སྟེ་འབར་བའི་ཕྱག་རྒྱ་བཅིངས་ནས་ཧཱུཾ་ཞེས་བརྗོད་ཅིང་བདེ་རུ་བླ་གོ? ་དེ་?་ཨོཾ་ཁ་ཁ་ཁཱ?་ཧི་ཁཱ་ཧི་ཨུཙྪིཥྚི་བ་ལིཾ་ཨུཙྪི་ཥྚི་བྷཀྵ་ཀ་སྭཱ་ཧཱ་ཞེས་པས་བྱིན་གྱིས་བརླབས་ཏེ་ལྷག་མའི་གཏོར་མ་མར་མེ་དང་བཅས་པ་ཕྱི་རོལ་ཏུ་ཁྱེར་ལ་བཏང་བར་བྱའོ། །དེ་ནས་ཡོན་གྱི་བདག་པོས་ཇི་ལྟར་འབྱོར་པའི་ཡོན་ཕུལ་ལ་མཎྜལ་བྱས་ཏེ་ཕྱག་བཙལ་ནས་།བསོད ་ནམས་འདི་ཡིས་སེམས?་ཅན?་ཐམས་ཅད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་གྱུར་ཅིག། ཅེས་བརྗོད་དོ། །འདི་ནི་ཚོགས་ཀྱི་འཁོར་ལོའི་ཆོ་གའི་རིམ་པའོ། །དེ་ནས་མཚན་མོའི་དུས་སུ་ལུགས་མ?་ལ་སོགས་པ་མདུན་དུ་བྱས་ཏེ་།སྟོང་པའི་ངང?་ལས་སྐད་ཅིག་གིས་ལུགས་མ་ལ་སོགས་པ་རྣམས ་རང་རང་གི་སྙིང་གའི་ས་བོན་དང་བཅས་པར་བསམས་པ་དང་དཀྱིལ་འཁོར་དུ་བཅུག་ལ། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཁྲུས་བྱས་ནས་ཞལ་བསིལ་བྱིན་ལ་ནི་རོ་མཉྩ?་བྱ་བ་ནི། ཨོཾ་བཾ་ཧཾ་ཡོཾ་ཧྲི་མེཾ་ཧེཾ་ཧྲིཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་པ་འམ། ཨོཾ་ཨ:བིགྷ་ནཱ་ནཧ་ཀྲིཏ་ཧཱུཾ་ཞེས་པ་དང། ཧཱུཾ་ཞེས་པ་བརྗོད་ཅིང་ལན་བདུན ་བཟླས་པ་ནི་ལག་པ་གཡས་པ?་དང་གཡོན་?་?་ལ་གཡས་དང་གཡོན་དུ་ལན་གཉིས་སུ་བསྐོར་ཞིང། ཨོཾ་སརྦ་དཱ་པི་ད་ཧ་ན་བཛྲ་སཏྭ་སྱ་སརྦ་པཱ་པཾ་ད་ཧ་སྭཱ་ཧཱ་ཞེས་པས་བྲངས?་པའི་ཡུངས་ཀར་མེ་ལ་སྲེག་གོ་།དེ་ལྟར་ཆུ་དང་བམ་ཕོར་དཀར་པོ་དང་དུར་བ་དང་ལྕི་བའི་ཆད་བུ་ཟན?་གྱི་ཅད་བུ་བསིལ ་བྱེད་ཀྱི་རས་རྣམས་ཀྱང་ངོ། །ལག་པ་གཉིས་ཀྱིས་རེག་པར་བྱས་ལ་མེ་ཏོག་ལ་སོགས་པས་མཆོད་པར་བྱའོ། །འདི་ནི་ནིར་མཉྪ?་ནའི་ཆོ་གའི་རིམ་པའོ། །དེ་ནས་བདུད་རྩི་ལྔ་དང་བའི་རྣམ་ལྔ་ལ། ཨོཾ་ཧཱུཾ་ཏྲཾ་ཧྲི(རྒྱུད་འགྲེལ་ནས་བུམ་པ་ལ་སོགས་པའི་ཆུས་བཀྲིས་ཀྱི་གླུ་སྔོན་དུ་སོང་བས་བྱང་ཆུབ་རྡོ་རྗེ་ཞེས་པ་ལ་སོགས་པ་ཡང་བརྗོད་དེ་ཁྲུས་བྱས་ལ་ན་བཟའ་སྐོན་བསྟོད་པ་བྱས་ལ་གཤེགས་སུ་གསོལ་ལོ། །འདི་ལྷ་ལྷག་པར་གནས་པ་ཆོ་གའི་རིམ་པའོ། །དེ་ནས་རྒྱུ་དང་རྒྱུད་ཀྱི་ལྷའི་ཕྱི་བྲག་གོ་བར་བྱས་པ་དང། སྟོང་པའི་དང་ལས་སྐད ་ཅིག?་གིས་ལུགས་མ་ལ་སོགས་པའི་དམ་ཚིག་སེམས་དཔའ་བསྐྱེད་དོ། །པོ་ཏ?་དིང?་ལྷ་ཁང་ལ་སོགས་པ་རྣམས་ཧྲིའི(རྒྱུད་འགྲེལ་དང་པོར་བརྗོད་དེ་ན་?་ལ་སོགས་པ་བར་དུ་བཅུག་སྟེ་།ཧཱུཾ་སྭཱཧཱ་མཛའ་མར་སྦྱར་བའོ། །ོཾ་ཨཱ:སརྦ་ཤོ་དྷ་ནི་ཧཱུཾ་ཕཊ་ཅེས་པས་རྣམ་པར་སྦྱངས་ལ་།ོཾ་བཛྲི་སྭཱ་ཧཱ་ཞེས་པས་འབྲས་བུ་ལ་སོགས་པ་དབུལ་ལོ། །ོཾ་བཛྲ་སཏྭ་ཨཱ:ཞེས་པས་མེ་ལོང་བསྟན་ནོ། །དེ་ནས་སྦྱིན་སྲེགས་མཉེས་པར་བྱའོ། །དངུལ་གྱི་སྣོད་ལ་གནS ་པ་ཡི། །སྦྲང་རྩི་གསེར་གྱི་?་ཡིས། །ོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུར་བི་ཤོ་དྷ་ནེ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་བྱུགས་ལ་སྤྱན་དབྱེ་བར་བྱའོ། །ོཾ་དེ་བྱཾ་ཨེནྣ་སེ་མཱ་དྷི་དྷཡ་ཎ་ནི་པྲཱི་ཎ་ནེ་སྭཱཧཱ་ཞེས་པས་འོ་མ་ལས་བཙོས་པའི་ཐུག་པ་དྲང་ངོ། །ཞལ་བསིལ་ལ་སོགས་པ་དྲངས་ཏེ། ཨོཾ་ཧཱུཾ་ཏྲཾ་ཧྲི(རྒྱུད་འགྲེལ་པོ་?་སོགས་པ་འོད་དཔག་མེད་ལ་སོཌ་པ་རིག་མ་དང་བཅས་པ་ཞུ་བ་དང་ཡི་གེ་དང་ལྷ་ཁང་ལ་སོགས་པའི་གཟུགས་སུ་བསམ། ལ?་མ་ལྡོག་?། སྟོང་པའི་དང་ལས་སྐད་ཅིག་གིས་དམ་ཚིག་སེམས་དཔའ་ཨི་གཟུགས་སུ་བསྐྱེད་ལ། དེ་ལ་ཡེ་ཤེས་སེམས་དཔའ་ཨི་རང་གི་ས་བོན་གྱིས་བཅུག་ལ། བུམ་ཆུས་དབང་བསྐུར་ཞིར?་སྙིང་གའི་ས ་བོན་གྱིས་དྲངས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་དབང་བསྐུར་བར་བསམ་མོ། །དེ་ཉིད་ཀྱིས་སྔགས་བརྒྱ་རྩ་བཟླས་པ་ནི་རབ་ཏུ་གནས་པའོ། །དེ་ནས་ཐལ་མོ་སྦྱར་ཏེ། ཇི་ལྟར་སངས་རྒྱས་ཐམས་ཅད་ཀྱིས། །དགའ་ལྡན་གནས་ན་བཞུགས་ནས་ཀྱང། །སྒྱུ་མ་ལྷ་མཛེས་ལ་བཞུགས་ལྟར། །དེ་ལྟར་འདི་ལ ་བརྟན་པར་ཞུགས། མགོན་པོ་རྒྱུན་ཏུ་འདིར་བཞུགས་ལ། །བྱང་ཆུབ་སེམས་ཉིད་འཕེལ་བྱའི་ཕྱིར། །མཆོད་པ་ལ་སོགས་འདི་དག་རྣམས། །ཆོ་གེའི་དོན་དུ་བཞེས་པར་ཞུ་ཞེས་པས་གསོལ་བ་གདབ་བ་དང་བསྟོད་པ་བྱས་ནས་ཡིག་བརྒྱ་པ་གདོན་བཟོད་གསོལ་བྱ། རབ་ཏུ་གནས་པའི་ལྷམ ་ཡིན་པ་རྣམས་གཤེགས་སུ་གསོལ་བར་བྱས་པ་དང། སློབ་དཔོན་ལ་ཇི་ལྟར་རིགས་པའི་ཡོན་དབུལ་ལོ། །འདི་ནི་རབ་ཏུ་གནས་པའི་ཆོ་གའི་རིམ་པའོ། །དེ་ནས་དབང་བསྐུར་བ་དང་རབ་ཏུ་གནས་པ་ལ་སྦྱིན་སྲེག་གསུངས་པས་དེའི་ཕྱིར་སྦྱིན་སྲེག་བཤད་པར་བྱའོ། དེ་ཡང་ཞི་བ་ལ་ཐབ་?་དཀར་ལ་ཟླུམ་པ ་ཤར་དུ་ཕྱོག་?་གང་པའོ། །རྒྱས་པ་ལ་གྲུ་བཞི་པ་སེར་པོ་ལྷོ་རུ་ཕྱོགས་པ་གོང་གི་ཚད་དོ་།བསད་པ་ལ་སོར་བརྒྱད་པ་ནག་པོ་གྲུ་གསུམ་བྱང་དུ་ཕྱོགས་པའོ། །དབང་ལ་གྲུ་གསུམ་དམར་པོ་ནུབ་ཏུ་ཁ་ཕྱོགས་པའོ། །བཅུ་གཉིས་པའོ། །ཐབ་ཁུང་ཐམས་ཅད་ཀྱི་རྒྱའི་ཕྱེད་གཉིད་དུ་མཆུ་ལ་བརྒྱད་ཆ་དེའི ་བྱེད?་ཀྱི་ཕྱིའི་མུ་ཁྱུད?་དོ། །མཆུའི་ཚད་ཀྱིས་དེའི་ཕྱིའི་སྟེགས་བུའོ། །ཐབ་ཁུང་རྣམས་ཀྱི་དབུས་དང་སྟེགས་དུ་རྣམས་ལ་རྡོ་རྗེ་དང་འཁོར་ལོ་ལ་སོགས་པའི་མཚན་མ་རྣམས་བྲིའོ། །དེའི་ནང་དུ་འོ་མ་ཅན་གྱི་ཤིང་ལ་སོགས་པ་ཇི་ལྟ་བ་བཞིན་བརྩིག་གོ། དེ་ནས་སློབ་དཔོན་ལས་དང་འཐུན་པའི་ཆས་དང་ལྡན ་པས་ཐག?་?་དང་མཚུངས་པའི་དབྱིབས་ཀྱི་སྟན་ལ་བསྡད?་དེ། སྟོང་པའི་དང་ལས་སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མའི་སྐུ་བསྒོམས་ལ་ཐབས་ཀྱི་དབུས་སུ་རཾ་དམར་པོ་ལ་སོགས་པ་ལས་བྱུང་བའི་ཕྲེང་བ་དང་མི་འཇིགས་པ་དང་དབྱུག་པ་དང་སྤྱི་བླུགས་རྣམས་ལག་པ་གཡས་པ་དང་གཡོན་པ་རྣམས ་ཀྱིས་བསྣམས་པའི་ཁ་དོག་དམར་པོ་ལ་སོགས་པའོ། །དེ་ཉིད་ཀྱིས་པདྨ་དང་ཉི་མ་ལ་གནས་པ་རཾ་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་ཡེ་ཤེས་སེམས་དཔའ་དང་རོ་གཅིག་ཏུ་གྱུར་པ་དེའི་སྙིང་གའི་པདྨ་ལ་བདག་ཉིད་ཀྱིས་ས་བོན་གྱིས་སྤྱན་དྲངས་པའི་དཀྱིལ་འཁོར་གྱི་འཁོར་ལོར་གཞུག་པར་བྱའོ། །དེ་ནས ་མཆོད་པ་སྔོན་དུ་སོང་བ་དང། ཨོཾ་ཨགན་ཡེ་སྭཱཧཱ་ཞེས་པས་དང་པོར་དགང་དྲུག?་སྦྱིན་ནོ། །དེ་ནས་ཨོཾ་ན་མ(རྒྱུད་འགྲེལ་བལྟ་?། །ཞི་བ་ལ་སོགས་པའི་ལས་ཀྱི་དབྱེ་བས་བསྲེག་པར་བྱ་བ་ནི་དེ་ཡང་ཨ་ཤྭཏྠ་དང། པ་ལཀཤ?་དང། ཨ་དུཾ་ཝ་ར་དང། འོ་མ་ཅན་གྱི་ཤིང་དང། ཏིལ་དང་འབྲས་དང་།སོ་བ་དང། ཞོ་དང་བཅས་པའི་ཟན་དང། དཱུ་རྦ་དང། ཀུ་ཤ་རྣམས་ཀྱིས་རིམ་པ་ཇི་ལྟ་བ་བཞིན། ཨོཾ་བཛྲ་ལ་དཱ་ཡ་སྭཱ་ཧཱ། ཨོཾ་བརྡ་ཡ ་ཛཱ་ཡེ་སྭཱཧཱ། ཨོཾ་བཛྲ་ཀུ་བེ་ར་ཡ་སྭཱཧཱ། ཨོཾ་སརྦ་པཱུ་བཾ་ད་ཧ་ན་བཛྲཱ་ཡ་སྭཱཧཱ། ཨོཾ་བཛྲ་པུཥྚ་ཡེ་སྭཱཧཱ། ཨོཾ་སརྦ་སཾ་བ་དེ་སྭཱཧཱ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱཧཱ། །ོཾ་ཨ་པྲ་ཏི་ཧ་ཧ་བཛྲཱ་ཡ་སྭཱཧཱ། ཞེས་པའི་སྔགས་ཀྱིས་བསྲེག་པར་བྱའོ། །དེ་ནས་དགང་བླུགས་བྱིན་ལ་ཞལ་བསིལ་དང་སརྦ་བྱིན་ཏེ་ལའི་འཁོར ་ལོ་རང་?་བཞུག་ལ། ཨོཾ་ཀྲ་ཏོ་ཞེས་པ་ལ་སོགས་པ་བརྗོད་དེ་གཤེགས་སུ་གསོལ་ལ། །འདི་ནི་སྦྱིན་སྲེག་ག་ཆོ་གའི་རམ་པའོ། །དེ་ནས་སློབ་དཔོན་གྱིས་སྔ་མ་ལྟར་འཁོར་ལོ་མཆོད་དེ་ཤར་སྒོ་རུ་ལོ་ཕྱོགས་ཏེ་རྡོ་རྗེ་དྲིལ་བུ་བཟུང་ལ་རང་གི་སྙིང་གར་ཡེ་ཤེས་ཀྱི་འཁོར་ལོ ་བཅུག་ལ། དུམ?་པའི་མགུལ་?་གཞོན་ནུ་མ་ལ་བྱིན་ཏེ། ཨ་ཤོ་ཀའི་འདབ་མ་འམ་རང་གི་ལག་པའི་རྡོ་རྗེས་ཚངས་པའི་ཐིག་གི་ལམ་བདེ་བ་ཆེན་པོའི་འཁོར་ལོའི་བར་དུ་དབྱེ་བར་བྱའོ། །པདྨ་ལ་སོགས་པ་ཕྱགས་ཏེ་རང་གི་མགོ་བོར་རྡུལ་ཚོན་ཅུང་ཟད་ཅིག་བཞག་ལ། རྡུལ་ཚོན་ཐམས་ཅད་ཕྱགས་ལ ་བུམ?་པར་བླུགས་ནས་གླང?། །སོགས་པར་?་བ་དང་གདུགས་ལ་སོགས་པས་བརྒྱན་ལ། རྒྱ་མཚོ་ཆེན་པོར་འབབ་པའི་ཆུ་བོ་ལ་པོ་བར་བྱའོ། །དེ་ནས་བུམ་པ་དེ་ཆུས་བཀང་སྟེ་དཀྱིལ་འཁོར་གྱི་ཁང་པར་འོངས་ལ་གཏོར་ཏེ་བ་ལང་གི་ལྕི་བ་ལ་སོགས་པས་བྱུགས་པ་དང་གཞོན་ནུ་མ་ལ ་?་སོགས་པ་སོགས་པའི་སྟོན?་མོས་མཉེས་པར་བྱས་ནས་ཡོན་ཕུལ་ལ་བཏང་ངོ། །མཚན་མོའི་དུས་སུ་དཔའ་བོ་དང་དཔའ་མོ་ལ་སྟོན་མོ་བྱས་ལ་སྡུག་ཡོངས་ལ་ཡང་སྟོན་མོ་བྱའོ། །རྡོ་རྗེ་ཕག་མོའི་དཀྱིལ་འཁོར་ཆོག། བདག་གིས་བྱས་པའི་དགེ་བ་ཡིས། །ཁམས་གསུམ་འགྲོ་བ་མ་ལུས་པས། །དེ་ཡི་ཞབས ་ཉིད་ཐོབ་པར་ཤོག། བཅོམ་ལྡན་འདས་མའི་དཀྱིལ་འཁོར་གྱི་ཆོ་ག་ཤྲཱི་ཨུ་མ་པ་ཏི་དེ་ཏྟ་ཡིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཊ་ཆེན་པོ་ཝཱ་གཱི་ཤྭར་གུཔཏ་དང། ལོ་ཙ་བ་དག་སླང་ཆོས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ་