| Wylie | e-texts based on the ACIP/ALL Input |
རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་བཞུགས་སོ། །*། །རྒྱ་གར་སྐད་དུ། བཛྲ་?་གི་ནི་སཱ་དྷ་ནི་ནཱ་མ། བོད་སྐད་དུ། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཞེས་བྱ་བ། བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །རྣམ་པར་རྟོགས་པའི་ཞགས་པས ་བཅིངས་པ་གཅོད་བྱེད་མ། །དཔལ་ལྡན་རྡོ་རྗེ་ལྷ་མོའི་ཞབས་ཀྱི་པདྨ་ལ་ཕྱག་འཚལ། །དེ་ཡིས་ཇི་ལྟར་གསུངས་པའི་གདམས་ངག་རྣམས། །རྣམ་པར་གནོན་པའི་སྡེ་ལྡན་དོན་དུ་སྒྲུབ་ཐབས་བྲི། །འཇིགས་པའི་དུར་ཁྲོད་དང་ནི་རི་པོའི་རྩེ་ཉིད་དམ། །ཆུ་བོ་དང་ནི་རྒྱ ་མཚོ་དག་གི་འགྲམ་དག་གམ། །དེ་ལྟར་གཞན་ཡང་ཡིད་དུ་འོང་བའི་གནས་རྣམས་སུ། །རང་འདོད་བསྒྲུབ་ཕྱིར་སྦྱོར་བ་འདི་ཉིད་བསྒོམ་པར་བྱ། །སྙིང་ཀར་པད་དབུས་པཾ་ཡིག་བལྟ་བར་བྱ་བ་ནི། །མེ་ཏོག་བན་དྷུ་ཛི་བའི་རྣམ་པ་ལྟ་བུ་སྟེ། །དེ་ཡི་འོད་ཟེར་སྤྲོས་པས ་ནམ་མཁའ་ལ་གནས་པ། །བདེ་གཤེགས་ལ་སོགས་ཚོགས་རྣམས་ཀུན་ཏུ་གང་བ་བལྟ། །ཐུགས་ཀའི་ས་བོན་འོད་ཟེར་ལས་བྱུང་སྣ་ཚོགས་པས། །མེ་ཏོག་སོགས་ཀྱིས་ལྷ་རྣམས་ཡང་དག་མཆོད་པ་དང། །མཆོད་པ་བདུན་གྱི་བྱེ་བྲག་རྒྱལ་བས་གསུངས་བཞིན་བྱ། ་ཚངས་པའི་གནས་བཞི་རྣམས་ཀྱང་བསམ་པར་བྱ་བའོ། །འདི་ནི་དེ་ལྟར་སྡིག་པ་བཤགས་ལ་སོགས་པ་རྣམས། །དེ་བཞིན་ངེས་པར་རིམ་པ་ཇི་ལྟ་བ་བཞིན་དུ། །བདག་གིས་སྡིག་པ་བགྱིས་པར་གྱུར་པ་མ་ལུས་པ། །ཁྱེད་རྣམས་ཀུན་གྱི་སྔོན་དུ་སོ་སོར་བཤགས་པར ་བགྱི། །བླ་མ་ལ་སོགས་རྣམས་ཀྱིས་བསོད་ནམས་བགྱིས་པ་གང། །དེ་རྣམས་མ་ལུས་ཀུན་ལ་རྗེས་སུ་ཡི་རང་ངོ། །བྱ་བ་བྱས་པ་བྱེད་པར་འགྱུར་བ་གང་དག་རྣམས། །དགེ་བ་དེས་ནི་སེམས་ཅན་མ་ལུས་རྒྱལ་བར་སྨོན། །དཀོན་མཆོག་གསུམ་ལ་ངེས་པར་ཡང་དག ་སྐྱབས་སུ་མཆི། །འགྲོ་བ་བདེ་ལ་འགོད་ཕྱིར་ཆོས་ནི་རྒྱལ་པོར་འགྱུར། །རྒྱལ་བ་རྣམས་ཀྱིས་ལམ་ལ་ཡང་དག་གནས་པར་བགྱི། །མགོན་པོ་བཞེས་ཤིག་བདག་གིས་ལུས་ནི་དབུལ་ལགས་ཀྱི། །ཇི་ལྟར་འཇིག་རྟེན་པ་ཡི་རང་གིས་བུ་ཉིད་ཀྱི། །བྱ་བ ་བརྩེ་དང་ལྡན་པས་ངེས་པར་བྱེད་པ་ལྟར། །དེ་ལྟར་གཞན་གྱི་བུ་ཉིད་རྣམས་ལ་དེ་བཞིན་དུ། །བྱམས་པ་དེ་ཡིས་ཞེ་སྡང་ཉམས་པ་བྱམས་པའོ། །སྡུག་བསྔལ་རྒྱུ་ལས་བྱུང་བའི་སྡུག་བསྔལ་རང་བཞིན་ལས། །འཇིག་རྟེན་མ་ལུས་རབ་ཏུ་གདོན་པར་འདོད་པ་ཡིས།། ་གཅོད་པ་ལས་དང་མི་མཐུན་ཕྱོགས་ཀྱི་བསམ་པ་ཡིས། །འགྲོ་ལ་སྙིང་རྗེ་རྣམ་པར་བསམ་པར་བྱའོ། །སེམས་ཅན་བགྲང་བར་མི་ནུས་གདོན་གྱིས་མི་ལང་བ། །འདི་ལྟར་མི་ནུས་སེམས་དཔའ་འཇོམས་?་ནུས་པ་ཡིས། །སྲོག་ཆགས་སངས་རྒྱས་ཡིན་ནོ་ཞེས་པ་གོ ་བྱས་པས། །ཡང་དག་སྐྱེས་པའི་བརྩོན་འགྲུས་དགའ་བར་འགྱུར་བའོ། །འདི་ནི་བདག་གིས་འདི་ནི་བདག་གོ་ཞེས་སྐྱེས་པའི། །ད་ལྟའི་སེམས་ཉིད་དེ་དང་དེ་ནི་གཏི་མུག་སྟེ། དེ་ཉིད་ཉམས་པར་བྱེད་པ་ཡོངས་སུ་འཛིན་པ་རྣམས། །དེ་ལྟར་ཡོངས་སུ་སྤང་བ་བསམ་པ་བཏང ་སྙོམས་སོ། །རྟེན་ཅིང་འབྲེལ་པ་ལས་འབྱུང་ཆུ་ཟླ་དང་མཚུངས་པར། །ཕྱི་དང་ནང་དག་བརྫུན་པར་བལྟ་བར་བྱས་པ་དང། །སྭ་བྷཱ་བ་ཤུདྡྷ་ལ་སོགས་པའི་སྔགས་བཟླས་ནས། །སྔགས་སྟོང་པ་ཤིན་ཏུ་རྟོགས་པར་བྱ་བ་སྟེ། །དེ་དག་གི་སྔགས་གཉིས་ནི། ཨོཾ་སྭ་བྷཱ ་བ་ཤུདྡྷ(རྒྱུད་འགྲེལ་ནི་བལྟ་བར་བྱ། །ཤར་དང་བྱང་ལ་སོགས་པའི་རིམ་བཞིན་ཕྱོགས་རྣམས་ལ། །གནོད་མཛེས་ལ་སོགས་སྔགས་བཞིས་དགོད་པར་བྱས་པ་དང། །དེ་ཡི་འོད་ཟེར་ཚོགས་ལས་རབ་ཏུ་བྱུང་བ་ཡིས། །ཕྱི་རུ་ར་བ་བཞི་རྣམས་བསྒོམ་པར་བྱ་བའོ། །བྱ་རོག་གདོང ་ལ་སོགས་པའི་ལྷ་མོ་བརྒྱད་རྣམས་ནི། །གནོད་མཛེས་ལ་སོགས་སྔགས་ལས་རབ་ཏུ་སྤྲོ་བྱ་སྟེ། །བདུད་རྣམས་ཧཱུཾ་ལས་བྱུང་བའི་འོབས?་བརྒྱད་བཀུག་བྱས་ལ། །སྔགས་རྣམས་བརྗོད་ལ་གདབ་ཅིང་གདུང་བར་བྱ་བའོ། །ར་བ་དེ་ཉིད་ནང་ན་དུར་ཁྲོད་ཡང་དག ་གནས། །དབུས་སུ་གནས་པ་སྟེང་གི་རང་བཞིན་ཡངས་པ་ལ། །སྟོན་ཀའི་ཟླ་བ་དང་མཚུངས་གྲུ་གསུམ་ཡང་དག་བལྟ། །ཆོས་ཀྱི་འབྱུང་གནས་དབུས་ན་ཆུ་སྐྱེས་དང་ལྡན་པ། །དེ་དབུས་ཟླ་བ་ཉི་མ་རིམ་པས་གནས། །དབུས་སུ་སྟན་ལ ་གནས་པའི་འོད་ཟེར་འཕྲོ་བ་ཡི། །ས་བོན་བཾ་ཡིག་ཕྱི་རུ་ཤིན་ཏུ་དག་པ་ལ། །གསལ་བ་ཇི་ལྟ་བ་བཞིན་རབ་ཏུ་བསྒོམ་པར་བྱ། །ས་བོན་ལས་བྱུང་འོད་ཟེར་དཔག་མེད་འཕྲོ་བ་ཡིས། །སྐྱེ་བོ་མ་ལུས་བྱང་ཆུབ་སྣོད་དུ་མཛད་འགྱུར་བས། །སླར་ཡང་ས་བོན་དེ་ཉིད་ལས ་ནི་རྣལ་འབྱོར་མས། །མ་ལུས་པ་རྣམས་འདུས་པར་ཡང་དག་བསྒོམ་པར་བྱ། །ཟླ་བ་ཉི་མ་ས་བོན་ལས་བྱུང་སྤྱན་གསུམ་མ། །གུར་གུམ་དང་འདྲ་ཕྱག་གཉིས་ཞལ་གཅིག་མ་ཉིད་ཀྱིས། །འཇིགས་བྱེད་དུས་མཚན་མ་ནི་གན་རྐྱལ?་བསྐྱེལ་བ་ཡི། །གཡས་གཡོན ་ཞབས་ཀྱིས་མགོ་དང་ནུ་མར་རབ་ཏུ་མནན། །ཕྱག་གཡོན་སྟེང་དུ་བསླང་བས་པད་སྣོད་བཟུང་བ་ལས། །རྒྱུན་ཏུ་འབབ་པའི་ཁྲག་ཉིད་རབ་ཏུ་འཐུང་བར་མཛད། །གཡོན་པ་ལས་གཞན་གྲི་གུག་དང་བཅས་ཤིང་ལོ་འདྲ། །སྡིག་འཛུབ་ས་གཞིར་མཛད་པོས་སྡང་བའི ་ཚོགས་རྣམས་འཇོམས། །གཡོན་པའི་ཕྱོགས་སུ་ཁ་ཊཝཱཾ་ག་ཡིས་ཡང་དག་མཛེས། །མི་མགོ་ཁྲག་མཛག་པ་རྣམས་ཀྱིས་ནི་རབ་ཏུ་འཕྱངས། །གཡེར་ག་སིལ་སིལ་སྒྲ་སྒྲོགས་པ་ཡི་རྐང་གདུབ་ལྡན། །ཞལ་ཉིད་མཆེ་བ་དག་ནི་རབ་ཏུ་གཙིགས་པར་མཛད། །དབུ ་སྐྲ་རབ་ཏུ?་གྲོལ་བར་ཡང་དག་གནས་པ་ལ། །སྣ་ཚོགས་རྡོ་རྗེས་དབུ་ཡི་སྟེང་ནས་མནན་པར་མཛད། །རྡོ་རྗེ་ཕྲེང་བའི་དབུས་སུ་ཐོད་པའི་ཟེ་འཕྲོ་ལྔ། །དེ་དང་བཅས་པའི་རྒྱན་གྱིས་དཔྲལ་བར་ཡང་དག་སྤྲས། །འཁོར་ལོ་རྣ་ཆ་ཡིད་དུ་འོང་བའི་མགུལ་བརྒྱན་དང། ། ་མཛེས་པའི་ལག་གདུབ་དང་དང་སྐ་རགས་ཉིད་དག་དང། །དཔྲལ་བ་དང་ནི་མགྲིན་པ་རྣམས་དང་ནི། །ལག་མགུལ་གཉིས་དང་རྐེད་བ་དག་དང?་བཅས་རྣམས་བརྒྱན། །འོད་ཟེར་ཚོགས་ཀྱིས་ཁམས་གསུམ་མ་ལུས་ཁྱབ་པར་མཛད། །ཤིན་ཏུ་གཞོན་པའི ་ཆ་ལུགས་ཡང་དག་གཟུང་སྟེ་གནས། །བདེ་བ་ཆེན་པོའི་རོ་ཡིས་ཡང་དག་གང་བ་ཡི། །བཅོམ་ལྡན་འདས་མའི་སྐུར་ནི་བདག་ཉིད་བསྒོམ་པར་བྱ། །དེ་ནས་ལྟེ་བ་དང་ནི་སྙིང་ག་ཁ་རྣམས་དང། །མགོ་དང་སྤྱི་གཙུག་དག་དང་ལུས་རྣམས་མ་ལུས་ལ། །སྔགས་རྣམས་མ་ལུས ་པ་ཡི་གོ་ཆ་བགོ་བྱས་ལ། །ཡེ་ཤེས་སྤྱན་དྲངས་ནས་ནི་དམ་ཚིག་ལ་གཞུག་བྱ། །སྙིང་ག་ལ་གནས་ཟླ་སྟེང་བཾ་གྱི་འོད་ཟེར་ལས། །མེ་ཏོག་ལ་སོགས་དཔག་ཏུ་མེད་པས་མཆོད་བྱས་ལ། །ནམ་མཁའ་ལ་གནས་དམ་ཚིག་པ་ལ་གཞུག་པ་ནི། །མར་ལ་མར ་ཞུགས་ལྟར་རཾ་ཆུ་ལ་ཆུ་ཞུཌ་ལྟར། །ན་མཁའ་གནས་པས་སྔགས་བརྗོད་ནས་ནི་དབང་བསྐུར་རོ། །དེ་བཞིན་གཤེགས་པ་ལ་སོགས་རྣམས་ཀྱང་བལྟས་བྱས་ནས། །ལྷག་མ་ཅུང་ཟད་ནུས་པའི་ཐིག་ལེ་ལས་བྱུང་བ། །རྣམ་པར་སྣང་མཛད་གཙུག་ཏོར་ཉིད་དུ་བལྟ་བར་བྱ།། ་ནམ་མཁའ་ལ་གནས་ལྷ་མོ་རྣམས་ཀྱིས་མཆོད་པ་དང། །བསྟོད་པ་རྣམས་ཀྱིས་ཀྱང་ནི་ཕག་མོ་ཚིམ་པར་བལྟ། །གསུང་བར་འགྱུར་བའི་རིམ་པས་དག་པར་བྱས་པ་ཡི། །བདུད་རྩི་རྣམས་ནི་ཡང་དག་མྱང་བར་བྱས་པ་དང། །ཕྱོགས་བཞི་རྣམས་སུ་འོད་ཟེར ་དཔག་མེད་སྤྲོས་པ་ཡིས། །འགྲོ་བ་རྣམས་ཀྱི་དོན་རྣམས་མ་ལུས་བྱས་གྱུར་ནས། །སླར་ཡང་གཟུགས་བརྙན་མ་ལུས་ས་བོན་ཉིད་ལ་ཞུགས། །ངལ་བར་མ་གྱུར་བར་དུ་ཡང་ནས་ཡང་དུ་བྱ། །དེ་ནས་རང་ཉིད་བརྟན་པར་བྱ་བའི་དོན་དུ་མི། །ལྟེ་བ་ལ་གནS་ཉི་ཟླ་ཁ་སྦྱར ་དབུས་ཉིད་དུ། །བཾ་གི་ནཱ་ད་ཤིན་ཏུ་ཕྲ་བ་ལས་བཞེངས་པ་ཤིན་ཏུ་ཕྲ་བའི་རི་མོ་འོད་ཟེར་འབར་བ་བལྟ། །འདི་ནི་གདམས་ངག་ལས་བྱུང་ལམ་རྣམས་མ་ལུས་པ། །དམིགས་པ་མེད་པའི་རྣལ་འབྱོར་རྣམ་བར་བསྒོམ་བྱས་ནས། སེམས་ཅན་དོན་རྣམས་རྫོགས་པའི ་རྒྱུ་རུ་འགྱུར་བའོ། །གལ་ཏེ་རྣམ་པར་བསྒོམས་པས་ངལ་བར་གྱུར་པ་ན། སྔགས་པས་སྔགས་རྣམས་ཆོ་ག་བཞིན་དུ་བཟླས་པར་བྱ། །རྒྱལ་བ་ཉིད་ཀྱིས་ཡི་གེ་བཅུ་པ་གང་ཡིན་པ། །དཔག་བསམ་ཡིད་བཞིན་ནོར་བུ་ལྟ་བུར་རབ་ཏུ་བརྗོད། །དེ་ཡིས་ངལ་བར་གྱུར་ན་སྤྱོད་ལཾ ་བྱ་བ་ནི། རང་ཉིད་ལྷ་མོ་ཉིད་ཀྱི་ང་རྒྱལ་ལྡན་བྱས་ནས། །དེ་ལྟར་སྔགས་དང་བསམ་གཏན་རྒྱུན་ཏུ་སྦྱོར་བྱས་ནས། །ཟླ་བ་དྲུག་གི་རྣལ་འབྱོར་པ་ཡིས་དངོས་གྲུབ་ཐོབ། །གང་ཞིག་གིས་ནི་རྒྱུན་ཏུ་བསྒོམས་པར་མ་ནུས་ཀྱང། །སྔ་དྲོ་དང་ནི་ཉི་མ་ཕྱེད་དང་རྒོངས ་མོའོ། །དུས་རྣམས་ལ་ནི་དེ་ཉིད་བསྒོམ་པར་གྱུར་བ་ནི། །ངེས་ཀྱང་ཡང་དག་གྲུབ་པར་གྱུར་པར་ངེས་པའོ། །དེ་ཡང་དེ་ལྟར་རབ་བསྒོམས་པའི་ནང་ཉིད་དུ། །རླུང་དང་མེ་དང་ཆུ་དང་ས་ཡི་དཀྱིལ་འཁོར་རྣམས། །རང་དབང་ས་བོན་ལས་བྱུང་སྟེང་དུ་རི་རྒྱལ་ལ། །སྔོན་བཞིན་ལྷ་མོ ་རྣམས་ནི་སྔོན་བཞིན་རིམ་པས་བསྒོམ། །མཁའ་འགྲོ་ལ་སོགས་ལྷ་མོ་བཞི། །ཐོད་པ་བཞི་ནི་བར་ན་གནས། །ལྷ་མོ་ཁྭ་ཡི་གདོང་སོགས་བརྒྱད། །དེ་ལྟར་ལྷག་པའི་བདག་ཉིད་དམ། །གལ་ཏེ་འཁོར་ལོ་གསུམ་གྱི་བར། །རབ་གཏུམ་མ་སོགས་རྣམས་དང་བཅས། ། ་མཁས་པས་བསྒོམ་པར་བྱ་བ་སྟེ། །འདི་ནི་དཀྱིལ་འཁོར་རྫོགས་པར་བརྗོད་ཅེས་པ་སྟེ། །བདེ་བ་ཆེན་པོ་ལ་གནས་པའི་རྡོ་རྗེ་ཕག་མོའི་ཤར་དང་བྱང་དང་ནུབ་དང་ལྷོ་ཕྱོགས་རྣམས་ལ་གནས་པ། །མཁའ་འགྲོ་མ་དང། ལཱ་མ་དང་ཁཎྜ་རོ་ཧ་དང ་གཟུགས་ཅན་མ་རྣམས་དང། མཚམས་བཞིར་ཐོད་པ་དང་བཅས་པ་རྣམས་བསྒོམ་པར་འདོད་པའི་དོན་དུའོ། །དེ་ལྟར་ཡང་གསུངས་པ། མཁའ་འགྲོ་མ་དང་ལཱ་མ་དང། ཁཎྜ་རོ་ཧ་གཟུགས་ཅན་མ། །ཕྱོགས་ཀྱི་པདྨར་དགོད་པར་བྱ། །དངོས ་གྲུབ་ཐམས་ཅད་རབ་ཏུ་བསྒྲུབ། །ནག་པོ་ལྗང་གུ་དམར་དང་སེར། །ཞལ་གཅིག་མ་ལ་ཕྱག་བཞི་མ། །གཡོན་ན་ཁ་ཊཝཱཾ་ཐོད?་པ་དང། །གཡས་ན་ཅང་ཏེའུ་གྲི་གུག་དག་།སྤྱན་གསུམ་མ་ལ་དབུ་སྐྲ་གྲོལ། །གཡས་བརྐྱང་ཞབས་ཀྱི་ཡང་དག ་གནས། །མཆེ་བ་གཙིགས་ཤིང་འཇིགས་པར་མཛད། །ཕྱག་རྒྱ་ལྔ་ཡིས་ཡང་དག་བརྒྱན། །ཕྱོགས་དང་བྲལ་བའི་མཚམས་བཞིན། །བྱང་ཆུབ་སེམས་གང་ཐོད་པ་བཞི་ཞེས་པའོ། །མཁའ་འགྲོ་མ་ལ་སོགས་རྣམ་པ་བཞི་ལ་རིན་ཆེན་འབྱུང ་ལྡན་གྱིས་རྒྱས་གདབ་པར་བྱས་ལ། །དེ་ལྟར་བཅོམ་ལྡན་འདས་མའི་སྙིང་གའི་སྔགས་བརྗོད་པ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་སྭཱ་ཧཱ་ཞེས་པ་དང། ཉེ་བའི་སྙིང་པོའི་སྔགས་བརྗོད་པ། ཨོཾ་སརྦབཱ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞྞ?་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱཧཱ་ཞེས་པའོ། །ཡང་ཇི་ལྟ་བ ་བཞིན་རྐང་པ་བརྒྱད་པའི་སྔགས་བརྗོད་པ། ཨོཾ་ན་མོ་བྷ་ག་བ་ཏཱི?་བཛྲ་བཱ་རཱ་ཧཱི་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མ་ཨཱརྱཱ་པ་རཱ་ཛི་ཏེ་ཏྲཻ་ལོ་ཀྱ་མཱ་ཏི་མཧཱ་བིདྱེ་ཤྭ་རི་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མ:སརྦ་བྷུ་ཏ་བྷ་ཡ་མཧཱ་བཛྲེ་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བཛྲ་ཨཱ་ས་ནེ་ཨ་ཛེ་ཏེ་ཨ་པ་རཱ་ཛི་ཏེ་ཝ་ཤང་ཀ་རི་ཎི་ཏྲ ་བྷྲཾ?་མ་ཎི་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བི་ཤ་ཥ་ཎི་ཀོ་དྷ་ནི་ཀཱ་རཱ་ལི་ནི་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མ:ས་ཏྲ་ས་ནི་མ་ར་ཎི་སུ་པྲ་བྷ་ད་ནི་པ་རཱ་ཛ་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མོ་ཛ་ཡེ་བི་ཛ་ཡེ་དཾ་བྷ་ཡེ་སྟ་སྦྷ་ཡེ་མོ་ཧ་ནི་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བཛྲ་བཱ་རཱ་ཧཱི་ཀཱ་མེ་སྭ་རི་ཁ་གེ་ཧུཾ་ཧཱུཾ་ཕཊ་ཅེས་པའོ། །ཡང་མཁའ་ ་འགྲོ་མ་ལ་སོགས་པའི་སྔགས་བརྗོད་པའོ། །ོཾ་ཌཱ་ཀཱི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཱ་མ་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁ་ཎྜ་རོ་ཧཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་རཱུ་པི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ་ཅེས་པ་ནི་བསྒོམ་པའི་རིམ་པ་གཉིས་པའོ། །དེ་ནི་བདེ་བ་ཆེན་པོའི་འཁོར་ལོའི་ཤར་དང་བྱང་དང་ནུབ་དང་ལྷོ ་རྣམས་ལ་གནས་པ་ཁཱའི་གདོང་ཅན་མ་དང། འུག་པའི་གདོང་ཅན་མ། ཁྱིའི་གདོང་ཅན་མ། ཕག་གི་གདོང་ཅན་མ་རྣམས་སོ། །མེ་དང་བདན་བྲལ་དང་རླུང་དང་དབང་ལྡན་རྣམས་ལ་གནས་པ་གཤིན་རྗེ་བརྟན་མ་དང། གཤིན་རྗེ་ཕོ་ཉ་དང། གཤིན ་རྗེ་མཆེ་བ་མ་དང། གཤིན་རྗེ་འཇོམས་མ་དང། ལྷ་མོ་བརྒྱད་བསྒོམ་པར་འདོད་པ་རྣམས་ཀྱི་དོན་དུ་གསུངས་ཞེས་པའོ། །ཁཱའི་གདོང་པ་ཅན་ལ་སོགས་པ་ལྷ་མོ་བཞི་རང་རང་གི་མིང་མཚུངས་པའི་ཞལ་ལོ། །གཤིན་རྗེ་བརྟན་མ་ལ་སོགས་པ་མིའི ་གདོང་པ་ཅན་ཁ་དོག་གཉིས་གཉིས་དང་ལྡན་པའོ། །དེ་ལྟར་བརྒྱད་ལ་དོན་ཡོད་གྲུབ་པ་ཡིས་རྒྱས་གདབ་བོ། །མཁའ་འགྲོ་མ་ལ་སོགས་པ་དང་མཚུངས་པ་ལས་འོན་ཀྱང་བྱེ་བྲག་ནི་རོ་ལ་གནས་པའོ། །དེ་ལྟར་ཡང་གསུངས་པ། དེ་ལྟར་མཁའ་འགྲོ་མ་རྣམས ་བཞིན། །བྱ་རོག་གདོང་སོགས་རྣམས་ཀྱང་ངོ། །མཚམས་རྣམས་ལྷ་མོ་དེ་བཞིན་ཏེ། །ཁ་དོག་གཉིས་ལྡན་ཡིད་འཕྲོག་མ། །ཡི་དྭགས་ལ་གནས་འཇིགས་ཆེན་མོ། །སེམས་ཅན་དོན་བྱེད་སེམས་དང་ལྡན་ཞེས་སོ། །དེ་རྣམས ་ཀྱི་སྔགས་བརྗོད་པ། ཨོཾ་ཀཱ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨུ་ལུ་ཀཱ་སྱ་ཧུཾ་ཧཱུཾ་ཕཊ། ཨོཾ་སཱ?་ནཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་སཱུ་ཀ་རཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱ་ཌཧཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱུ་ཏི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཾ་ཥྚི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མ་ཐཱ་ནཱི་ཡེ་ཧུཾ་ཧཱུཾ ་ཕཊ། ཅེས་པ་ནི་བསྒོམ་པའི་རིམ་པ་གསུམ་པའོ། །ད་ནི་ལྷ་མོའི་འཁོར་ལོ་ཡོངས་སུ་རྫོགས་པར་བྱ་བའི་དོན་དུ་འཁོར་ལོ་གསུམ་འདི་ལྟ་སྟེ། ཐུགས་ཀྱི་འཁོར་ལོ་དང། གསུང་གི་འཁོར་ལ་དང། སྐུའི་འཁོར་ལོ་རྣམས་ཞེས་བྱའོ། ། ་དེ་ཡང་རིའི་རྒྱལ་པོའི་སྟེང་གི་ཕྱོགས་བརྒྱད་དུ་ནམ་མཁའ་ལ་ཐུགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་ཁ་དོག་སྔོན་པོ་རྡོ་རྗེའི་ཕྲེང་བས་སྔོན་དུ་བསྐོར་བའོ། །དེའི་ཤར་དང་བྱང་དང་ནུབ་དང་ལྷོའི་རྩིབས་རྣམས་ལ། པུལླི་ར་མ་ཡ་དང། ཛཱ་ལནདྷ་ར ་དང། ཨོཌཡཎ་དང། ཨརཱུ་དེའི་མིང་ཅན་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་དུ་རབ་གཏུམ་མ་དང། གཏུམ་མིག་མ་དང། འོད་ལྡན་མ་དང། སྣ་ཆེན་མ་རྣམས་བསྒོམ་པར་བྱའོ། །མེ་མཚམས་དང། །པདམེ་བྲལ་དང། རླུང་མཚམས་དང། ་དབང་ལྡན་གྱི་རྩིབས་རྣམས་ལ། གོ་དཱ་བ་རི་དང། རཱ་མེ་སྭ་ར་དང། དེ་བི་ཀ་ཏ་དང། མ་ལ་པའི་མིང་ཅན་རྣམ་།ལ་བཱི་ར་མ་ཏི་དང། །བརྦ?་རི་དང། ལི་ཀའི་དབང་ཕྱུག་མ་དང། ཤིང་གྲིབ་མ་རྣམས་བསྒོམ་པར་བྱ་སྟེ་ཐུགས་ཀྱི་དཀྱིལ་འཁོར་ས ་བླ་ལ་སྤྱོད་པ་རྣམས་ཞེས་བྱའོ། །དེ་ནས་རིའི་རྒྱལ་པའི་ཕྱོགས་བརྒྱད་དུ་སའི་དཀྱིལ་འཁོར་ལ་གསུང་གི་འཁོར་ལོ་རྩིབས་བརྒྱད་པ་ཁ་དོག་དམར་པོ་པདྨའི་ཕྲེང་བ་དམར་པོས་བསྐོར་བ། དེའི་ཤར་དང་བྱང་དང་ནུབ་དང་ལྷོའི་རྩིབས་ལ་ཀཱ་མ ་ཧཱུ?་པ་དང། ཨེ་ཊེ་དང། ཏྲི་ས་ཀུ་ནེ་དང། ཀོ་ས་ལའི་མིང་ཅན་རྣམས་ལ། ཨི་ར་བ་ཏི་དང། འཇིགས་བྱེད་ཆེན་མོ་དང། རླུང་གི་ཤུགས་ཅན་མ་དང། ཆང་འཐུང་མ་རྣམས་བསྒོམ་པར་བྱའོ། །མེ?་མཚམས་དང། བདེན་བྲལ་དང། རླུང་མཚམས་དང། དབང་ལྡན ་ཀྱི་རྩིབས་རྣམས་ལ་ཀ་ལིངྒ་དང། ལམཔ་ཀ་དང། ཀཱཉྩི་ཀ་དང། ཧི་མཱ་ལ་ཡོའི་མིང་ཅན་རྣམས་ལ། ལྷ་མོ་སྔོ་བསངས་མ་དང། ཤིན་ཏུ་བཟང་མོ་དང། རྟན་མ་དང། བྱ་གདོང་མ་རྣམས་བསྒོམ་པར་བྱ་སྟེ། གསུང་གི་འཁོར་ལོ་ས་ལ་སྤྱོད་པ་རྣམས ་ཞེས་བྱའོ། །དེ་ནས་ས་འོག་ཏུ་ཆུའི་དཀྱིལ་འཁོར་ལ་སྐུའི་དཀྱིལ་འཁོར་འཁོར་ལོ་རྩིབས་བརྒྱད་པ་ཁ་དོག་དཀར་པོ། འཁོར་ལོའི་ཕྲེང་བ་དཀར་པོས་བསྐོར་པའོ། །དེ་ཉིད་ཀྱི་ཤར་དང། བྱང་དང། ནུབ་དང། ལྷོ་རྣམས་ལ་པྲེ་ཏ་པུ་རི་དང། གྲི་ཧ་དེ་པ་ཏཱ་དང། སཽ ་རཱ་ཥྚ་པ། སུ་བརྞ་དཱི་པའི་མིང་ཅན་རྣམས་ལ་འཁོར་ལོའི་ཤུགས་ཅན་མ་དང། ཁཎྜ་རོ་ཧ་དང། ཆང་འཚོང་མ་དང། འཁོར་ལོའི་གོ་ཆ་མ་རྣམས་བསྒོམ་པར་བྱའོ། །མེ་མཚམས་དང། བདེན་བྲལ་དང། རླུང་མཚམས་དང། དབང་ལྡན་རྣམས་ལ་ན་ག་ར་དང། ་སིནདྷུ?་ར་དང། མ་རུང་དང་ཀུ་ལུ་ཏེའི་མིང་ཅན་རྣམས་ལ་ཤིན་ཏུ་དཔའ་མོ་དང། སྟོབས་ཆེན་མོ་དང། འཁོར་ལོ་བསྒྱུར་མ་དང། དཔའ་ཆེན་མ་རྣམས་བསྒོམ་པར་བྱ་བ་སྟེ། སྐུའི་འཁོར་ལོས་འོག་ན་སྤྱོད་པ་རྣམས་ཞེས་བྱའོ། །ཡང་ན་ཆོས་འབྱུང་གི་ནི་ནང་དུ ་གཞལ་ཡས་ཁང་གྲུ་བཞི་པའོ། །དེའི་ནང་དུ་འཁོར་ལོ་གསུམ་བསྒོམ་པར་བྱའོ། །དེ་ཡང་སྐུ་གསུང་ཐུགས་ཀྱི་འཁོར་ལོ་རྣམས་ལ་གནས་པའི་ལྷ་མོ་རྣམས་རིམ་པ་བཞིན་དུ་སྔོན་མོ་དང་དམར་མོ་དང་དཀར་མོ་རྣམས་ལ་མི་བསྐྱོད་པ་དང། འོད་དཔག་མེད ་དང། རྣམ་པར་སྣང་པ?་རྣམས་ཀྱིས་རྒྱས་གདབ་པར་བྱའོ། །རབ་གཏུམ་མ་ལ་སོགས་པ་ཐམས་ཅད་ཞལ་གཅིག་ཕྱག་བཞི་མ། གཡོན་རྣམས་ཀྱིས་ཐོད་པ་དང་ཁ་ཊཝཱཾ་ག་འཛིན་པ་གཡས་རྣམས་ཀྱིས་གྲི་གུག་དང་ཌ་མ་རུ་འཛིན་པ་། སྤྱན་གསུམ་མ ་དབུ་སྐུ་གྲོལ་བ། ན་བཟའ་དང་བྲལ་བ། ཕྱག་རྒྱ་ལྔ་ཡིས་སྤྲས་པ། མི་མགོའི་ཕྲེང་བས་དོ་ཤལ་བྱས་པ་ལ། གཡས་བརྐྱང་གིས་གནས་པའོ། །དེ་ནས་འོག་ཏུ་མེ་དང་རླུང་གི་དཀྱིལ་འཁོར་གྱི་དབུས་སུ་རི་རབ་ཀྱི་ཕྱོགས་བརྒྱད་ཀྱི ་དུར་ཁྲོད་བརྒྱད་རྣམས་ལ་ཁའི་གདོང་ཅན་མ་ལ་སོགས་པ་རྣམས་བསྒོམ་པར་བྱའོ། །ཡང་ན་གཞལ་ཡས་ཁང་གི་ཤར་ལ་སོགས་པ་རྣམས་སུ་བསྒོམ་པར་བྱའོ། །རྡོ་རྗེ་ཕག་མོ་ལ་སོགས་པ་ཐམས་ཅད་ཀྱི་དཔྲལ་བ་ལ་རྡོ་རྗེའི་ཕྲེང་བ་དག་གིས་དབུས་ན ་ལྔ་གནས་པས་བརྒྱན་པའོ། །དེ་ལྟར་ཡང་ལྷའི་ང་རྒྱལ་དགོད་པ་དང། ཐམས་ཅད་མཁྱེན་པ་ཐོབ་བྱའི་ཕྱིར། །ལྷ་ཉིད་སྦྱོར་བ་རྣལ་འབྱོར་པས། བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་བསྒོམ་ཞེས་པ་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་ལ་ལུས ་རྗེས་སུ་དྲན་པ་ནི་མཁའ་འགྲོ་མའོ། །ཚོར་བ་རྗེས་སུ་དྲན་པ་ནི་ལ་མའོ། །ཆོས་རྗེས་སུ་དྲན་པ་ནི་ཁཎྜ་རོ་ཧའོ། །སེམས་རྗེས་སུ་དྲན་པ་ནི་གཟུགས་ཅན་མའོ། །འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ནི་རབ་གཏུམ་མའོ། །བརྩོན་འགྲུས་གྱི་རྫུ་འཕྲུལ་གྱི་རྐང་པ་ན་གཏུམ་པའི ་མིག་ཅན་མའོ། །དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ནི་འོད་ལྡན་མའོ། །སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་སྣ་ཆེན་མའོ། །དད་པའི་དབང་པོ་ནི་བཱི་ར་མ་ཏིའོ། །བརྩོན་འགྲུས་ཀྱི་དབང་པོ་ནི་མི་ཐུང་མའོ། །དྲན་པའི་དབང་པོ་ནི་ལ་ཀའི་དབང་ཕྱུག་མའོ། །ཏིང་ངེ་འཛིན་གྱི ་དབང་པོ་ནི་ཤིང་གྲིབ་མའོ། །ཤེས་རབ་ཀྱི་དབང་པོ་ནི་ཨ་ར་བ་ཏིའོ། །དད་པའི་སྟོབས་ནི་འཇིགས་བྱེད་ཆེན་མོའོ། །བརྩོན་འགྲུས་ཀྱི་སྟོབས་ནི་རླུང་གི་ཤུགས་ཅན་མའོ། །དྲན་པའི་སྟོབས་ནི་ཆང་འཐུང་མའོ། །ཏིང་ངེ་འཛིན་གྱི་སྟོབས་ནི་སྔོ་བསངས་མའོ། །ཤེས་རབ་ཀྱི ་སྟོབས་ནི་ཤིན་ཏུ་བཟང་མོའོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྟ་རྣ་མའོ། །བརྩོན་འགྲུས་ཡང་དག་པ་བྱང་ཆུབ་གྱི་ཡན་ལག་ནི་བྱ་གདོང་མའོ། །དགའ་བ་ཡང་དག་པ་བྱང་ཆུབ་གྱི་ཡན་ལག་ནི་འཁོར་ལོའི་ཤུགས་ཅན་མའོ། །ཤིན་ཏུ་སྦྱངས་པ ་ཡང་དག་པ་བྱང་ཆུབ་ཀྱི་ཡན་ལག་ནི་ཁཎྜ?་རོ་ཏའོ། །ཆོས་རྣམ་པར་འབྱེད་པ་ཡང་དག་པ་བྱང་ཆུབ་ཀྱི་ཡན་ལག་ནི་ཆང་འཚོར་མའོ། །དྲན་པ་ཡང་དག་པ་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་གོ་ཆ་མའོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཤིན་ཏུ ་དཔའ་མོའོ། །ཡང་དག་པའི་ལྟ་བ་ནི་དཔའ་ཆེན་མའོ། །ཡང་དག་པའི་རྟོག་པ་ནི་འཁོར་ལོ་སྒྱུར་མའོ། །ཡང་དག་པའི་ངག་ནི་བརྩོན་འགྲུས་ཆེན་མོའོ། །ཡང་དག་པའི་ལས་ཀྱི་མཛའ་ནི་བྱ་རོག་གདོང་ཅན་མའོ། །ཡང་དག་པའི་འཚོ་བ་ནི་འུག་པའི་གདོང་ཅན་མའོ། ། ་ཡང་དག་པའི་རྩོལ་བ་ནི་ཁྱིའི་གདོང་ཅན་མའོ། །ཡང་དག་པའི་དྲན་པ་ནི་ཕག་གདོང་མའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་བཅོམ་ལྡན་འདས་མ་ཕག་མའོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱད་པ་ནི་གཤིན་རྗེ་བརྟན་མའོ། །དགེ་བའི་ཆོས་སྐྱེས་པ་རྣམས་ཆུད ་མི་ཟ་བར་བྱེད་པ་ནི་གཤིན་རྗེ་ཕོ་ཉ་མའོ། །སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བ་ནི་གཤིན་རྗེ་མཆེ་བ་མའོ། །སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ་ནི་གཤིན་རྗེ་འཇོམས་མའོ་ཞེས་པའོ། །དེ་ནས་ཡང་དག་བཤད་བྱ་བ། ལུས་ཀྱི་དཀྱིལ ་འཁོར་ཡང་དག་པ། །གནས་སོགས་རིམ་པར་སྦྱར་པ་ཡིས། །ས་བཅུ་རྣམ་པར་དག་པའོ། །པུ་ཛ་ཨོ་ཨ་གོ་རཱ་དེ་མཱ་ཀཱ་ཨོ་ཏྲི་ཀོ་ཀ་ལ་ཀཱ་ཧི་པྲི་གྲི་སཽ་སུ་ན་སི་མ་ཀུ་ཞེས་གསུངས་པ་འདི་རྣམས་ཀྱི་དོན་ནི་པུལླི་ར་མ་ཡ་ལ་སོགས་པའི་རྣལ་འབྱོར་གྱི་པུ་ལ་སོགས་པ ་དང། ཡི་གེ་རྣམས་ཀླད་ཀོར་དང་བཅས་པ་རྣམས་ཏེ། དེ་ཡང་མགོ་པ་ལ་སོགས་པ་རྣམས་ལ་པུཾ་ཡིག་ལ་སོགས་པ་རྣམས་ཡོངས་སུ་གྱུར་པ་ལས་རྩིབས་དང་བྲལ་བའི་འཁོར་ལོ་རྣམས་སུ་པུལླི་རམ་ཡ་ལ་སོགས་པའི་གནས་སྐབས་རྣམས་སུ་སྐད་ཅིག་གིས ་གོ་བར་བྱའོ། །མགོ་བོ་ལ་སོགས་པ་རབ་ཏུ་གཏུམ་མོ་ལ་སོགས་སུ་གྱུར་པ་ལས་རྩ་རྣམས་སུ་བསྒོམ་ཞེས་པ་སྟེ། མགོ་བོ་པུལླི་ར་མ་ཡང། །རབ་གཏུམ་མ་ནི་བསྒོམ་པར་བྱ། །སྤྱི་གཙུག་ཛ་ལནདྷ་ར་རུ། གཏུམ་མིག་མ་ནི་ཡོངས་སུ་བསྒོམ། སྣ་གཡས་ཨཽ་ ་ཌི་ཡན?་རུ། །འོད་ལྡན་མ་ཉིད་བསྒོམ་པར་བྱ། །མགོ་བོ་རྒྱབ་ནི་ཨརྦུ་དར། །རྣ་ཆེན་མ་ནི་རྣམ་པར་བསྒོམ། །ཞེས་པ་ནི་གནས་ཏེ་རབ་ཏུ་དགའ་བའི་སའོ། །རྣ་གཡོན་གོ་དཱ་བ་རི་ཏི། བཱི་ར་མ་ཏི་རྣམ་པར་བསྒོམ། །སྨིན་ཕྲག་རཱ་མེ་སྟ་རི ་ཏི། །མི་ཐུང་མ་ནི་གནས་པར་བལྟ། །མིག་གཉིས་དེ་བི་ཀོ་ཊི་སྟེ། །ལཾ་ཀའི་དབང་ཕྱུག་མ་ཉིད་དོ། །དཔུང་མགོ་གཡས་དང་གཡོན་པ་ཉིད། །མཱ་ལ་བ་ཞེས་བྱ་བ་སྟེ། །དེ་དག་ལ་ནི་བསམ་བྱ་བ། །ཤིན་གྲིབ་མ་ཞེས་བྱ་བར་བརྗོད་ཅེས་པ་ནི་ཉེ་བའི་གནས་ཏེ ་དྲི་མ་མེད་པའི་སའོ། །མཆན་ཁུང་ཀཱ་མ་རུ་པ་སྟེ། །ེ་ར་བ་ཏི་བསམ་པར་བྱ། །ནུ་མ་དག་ནི་ཨོ་ཏྲེ་སྟེ། །འཇིགས་བྱེད་ཆེན་མོ་དེ་བཞིན་ནོ། །ཞེས་པ་ནི་ཞིང་སྟེ་འོད་བྱེད་པའི་སའོ། །ལྟེ་བ་ཏྲི་ཤཀུ་ལ་ནི། །རླུང་གི་ཤུགས་ཅན་འབར་བཞིན་མ། །སྣ་ཡི ་རྩེ་མོ་ཀོ་ཤ་ན་ར། །ཆང་འཐུང་མར་ནི་ཡོངས་སུ་བརྗོད་ཅེས་པ་ནི་ཉེ་བའི་ཞིང་སྟེ་འོད་འཕྲོ་བའོ། །ཁ་ནི་ཀ་ལིངྒ་ཉིད་དེ། །ལྷ་མོ་སྔོ་བསངས་རྣམ་པར་བསྒོམ། །མགྲིན་པ་ལཾ་པཱ་ཀ་རུ་བཤད། །ཤིན་ཏུ་བཟང་མོ་དེ་བཞིན་བསྒོམ། །ཞེས་པ་ནི་ཚན་དོ་སྟེ་ཤིན ་ཏུ་སྦྱང་དཀའ་བའི་སའོ། །སྙིང་ཀར་ཀཱ་ཉྩི་ཞེས་པ་སྟེ། །རྟ་སྣ་མ་ནི་རྣམ་པར་བསྒོམ། །འདོམས་ནི་ཧི་མཱ་ལ་ཉིད་དེ། །བྱ་གདོང་མ་ཉིད་རྣམ་པར་བསྒོམ། །ཞེས་པ་ནི་ཉེ་བའི་ཚནདོ་ཧ་སྟེ། །མཚན་དུ་གྱུར་པའི་སའོ། །མཚན་མ་པྲེ་ཏ་པུ་རི་སྟེ། འཁོར་ལོའི་ཤུགས་ཅན་མ ་ཉིད་བསམ། །བཤད་བའི་ནི་ལམ་ཉིད་དུ། །གྲི་ཧ་དེ་བ་ཁཎྜཱ་རོ་ཞེས་པ་ནི་འདུས་པ་སྟེ། །རིང་དུ་སོང་བའི་སའོ། །བརླ་གཉིས་སཽ་རཱཥྚ་སྟེ། །ཆང་འཚོར་མ་ཉིད་རྗེ་ངར་གཉིས། །གསེར་གླིང་ཞེས་ནི་བརྗོད་པ་སྟེ། །འཁོར་ལོ་གོ་ཆ་མ་ཉིད་བསྒོམ། ཞེས་པ་ནི་ཉེ་བའི་འདུས ་བ་སྟེ། མི་གཡོ་བའི་སའོ། །སོར་མོ་རྣམས་ནི་ནག་རར། །ཤིན་ཏུ་དཔའ་མོ་ཞེས་སུ་བརྗོད། །ལག་གཉིས་སིནདྷུ་ཞེས་པ་སྟེ། རྣལ་འབྱོར་མ་ནི་སྟོབས་ཆེན་མ་ཞེས་པ་ནི་དུར་ཁྲོད་དེ་ལེགས་པའི་བློ་གྲོས་ཀྱི་སའོ། །མཐེ་བོ་དག་ནི་མ་རུ་སྟེ། །འཁོར་ལོ་སྒྱུར་བའི་རྣལ ་འབྱོར་མ། །པུས་མོ་གཉིས་ནི་ཀུ་ལུ་ཧཱ། །བརྩོན་ཆེན་མ་ནི་རབ་ཏུ་བསྒོམ་ཞེས་པ་ཉེ་བའི་དུར་ཁྲོད་དེ་ཆོས་ཀྱི་སྤྲིན་གྱི་སའོ་།ཁྭ་གདོང་མ་ལ་སོགས་པ་རྣམས། །ཁ་སྟེ་མཚན་བཤད་རིམ་པ་ཡིས། །མཛོད་སྦུ་རྣ་བ་མིག་སྣ་ལ། །གཤིན་རྗེ་བརྟན་སོགས་དེ་བཞིན ་གནས། །མཁའ་འགྲོ་མ་སོགས་ལྷ་མོ་བཞི། །སྙིང་ག་ལ་བརྟེན་ཡང་དག་གནས། །དེ་ལྟར་རྫོགས་པའི་རྒྱུན་བསྒོམ་པ། །ལུས་ཀྱི་དཀྱིལ་འཁོར་དམ་པའོ་ཞེས་པའོ། །ད་ནི་ལྷ་མོ་རྣམས་ཀྱི་སྔགས་འཆད་པ་ལས་དེ་ཡང་རྡོ་རྗེ་ཕག་མོའི་སྙིང་པོ་དང་ཉེ་བའི་སྙིང ་པོ་དང། རྐང་པ་བརྒྱད་པ་རྣམས་བཤད་ཟིན་ཏོ། །འདིར་རྩ་བའི་སྔགས་བརྗོད་པ་འདི་ལྟ་སྟེ། ཨོཾ་ན་མོ་བྷ་ག་བ་ཏི་བཛྲ་བཱ་རཱ་ཧཱི། ཨཱརྱཱ་པ་རཱ་ཛི་ཏེ་ཏྲཻ་ལོ་ཀྱ་མཱ་ཏེ་མཧཱ་བིདྱ་ཤྭ་རི་སརྦ་བྷུ་ཏ་བྷ་ཡ་བ་ཧེ། མཧཱ་བཛྲེ། བཛྲཱ་ས་ནེ། ཨ་ཛི་ཏེ། ཨ་པཱ་ར་ཛི་ཏི། ལྔ་ཤཾ་ཀ་རི ་ནཻཏ་བྷྲ?་མ་ཎི། དི་ཥ་ཤོ་ཥ་ནི། རོ་ཥ་ནི་ཀྲོདྷ་ནི། ཀ་པ་ལི་ནི། སནྟ་ས་ནི། མཱ་ར་ཎི། སུ་པྲ་བྷེ་ད་ནི། པ་ར་ཛ་ཡེ་ཛ་ཡེ། བི་ཛ་ཡེ། ཛམྦྷ་ནི། སྟམ་བྷ་ནི་མོ་ཧ་ནི། བཛྲ་བཱ་རཱ་ཧི། མཧཱ་ཡོ་གི་ནི། ཀཱ་མ་ཤྲ་རེ་ཁ་གེ། ཏདྱ་ཐཱ། པྲོ་ཏ་གེ་པྲོ་ཏཾ་གེ། ཧ་ན་ཧ་ན། པྲཱ་ཎཱཾ། ཀིཾ ་ཀི་ནཾ།?་ཁིཾ་ཁི་ནི། ཤོ་ཥ་ཡང་ཤོ་ཥ་ཡ། བཛྲ་ཀ་པཱ་ལ་ཁ་ཊཝཱཾ་ག་དྷཱ་རི་ཎི། མཧཱ་པི་ཤི་ཏི། མཱཾ་སཱ་ཤ་ནི་མ་ནུཥྱ་ནྟྲ་པྲ་བྲི་ཏེ་ཤནྣི་དྱཾ་ནར་ཤི་རོ་མཱ་ལ་གྲཾ་ཐི་ཏ་དྷཱ་རི་ཎི། སུམ་བྷ་ནི་སུཾ་བྷ། ཧ་ན་ཧ་ན་པྲཱ་ཎཱཾ། སརྦ་པཱ་བ་སཏྭ་ནཱ། སརྦ་བ་ཤུ་ནཱཾ་མཱཾ་ཤ་ཚེ་དཾ་ནི། ཀྲོ་དྷ་མཱུ་རྟེ ་དཥྚཾ?་ཀ་ར་ལི་ནི། མཧཱ་མུ་དྲེ་ཤྲཱི་ཧེ་རུ་ཀ་དེ་བ་སྱ་གྲ་མ་ཧི་ཥེ་ས་ཧ་སྲ་བ་ཧ་ཝེ་ཤ་ཏས་ཧ་སྲཱ་ན་ནི་ཛཝ་ལི་ཏ་ཏེ་ཛ་སྱ་ཛཝ་ལ་མུ་ཁེ་པི་གཾ་ལ་ལོ་ཙ་ནེ་བཛྲ་ཤ་རཱི་རི་བཛྲ་ཤ་ནེ། མི་ལེ་མི་ལེ། ཏི་མི་ལེ་ཏི་མི་ལི། ཧེ་ཧེ་ཧ་ཧཾ། ཁ་ཁ། དྷུ་དྷུ། དྷུ་རུ། དྷུ་རུ། མུ་རུ་མུ་རུ། ཨ་དྭི་ཏེ ་མཧཱ་ཡོ་ག?་ནི་པ་?་ཧ་སིདྡྷ?། དྲ་དྷཾ་དྲེ་དྷཾ། གྲཾ་གྲི?་ཧེ་ཧེ་ཧ་ཧ་གྷཱི་མེ་ཧ་ས་ཧ་བཱི་རེ་ཧཱ་ཧཱ་ཧོ་ཧོ་ཧཱུཾ་ཧཱུཾ་ཏྲཻ་ལོ་ཀྱ་བི་ནཱ་ས་ནི་ཤ་ཏ་ས་ཧ་སྲ་ཀོ་ཊི་ཏ་ཐཱ་ག་ཏ་པ་རི་བཱ་རི་ཏྭཾ་ཧཱུཾ་ཧཱུཾ་ཕཊ། སིཾ་ཧ་རཱུ་པེ་ཁ(རྒྱུད་འགྲེལ་མཧཱ་པ་ཤུ་མོ་ཧ་ནི་ན་ཧཱ་ཡོ་གཱི་ཤྭ་རི་ཏྭཾ་ཌཱ་ཀི་ནི། སརྦ་ལོ་ཀཱ་ནཱཾ་བནདྷ་ནི། སདྱ:པྲཏྱ་ཡ་ཀ་རི་ཎི་ཧུ་ཧཱུཾ་ཕཊ། བྷུ་ཏེ་ཏྲཱ་སི་ནི། མཧཱ་བཱི་རེ། པར་མ་སིདྡྷི་ཡོ་གེ་ཤྭ་རི་ཧཱུཾ་ཧཱུཾ་ཕཊ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། མཁའ་འགྲོ་མ་ལ་སོགས་པ་རྣམས་དང། །ལྔ? ་གདོང་མ་ལ་སོགས་པ་རྣམས་ཀྱི་སྔགས་ནི་བརྗོད་ཟིན་ཏོ། །རབ་གཏུམ་མ་ལ་སོགས་པ་རྣམས་ཀྱི་སྔགས་ནི་རྡོ་རྗེ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་གོ་བར་བྱ་སྟེ། ཨོཾ་ཀ་ར་ཀ་ར་པྲ་ཙཎྜེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀུ་རུ་ཀུ་རུ་ཙཎ་ཌཱ་ཀྵི་ཡེ་ཧུཾ་ཧཱུཾ་ཕཊ་།ོཾ་བནདྷ་བནདྷ་པྲ་བྷ་བ་ཏཱི་ཡེ ་ཧུཾ་ཧཱུཾ་ཕཊ། ཨོཾ་?་ཡ་ཎ་ས་ཡ་མཧཱ་ནཱ་སེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀྵོ་བྷ་ཡ་ཀྵོ་བྷ་ཡ་བཱི་རམ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲཽཾ་ཧྲཽཾ། ?་རཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོམ་ཧྲ(རྒྱུད་འགྲེལ་བྷཻ་ར་ཝི?་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་པཱ་ཡུ་བེ་གེ?་ཧུཾ་ཧཱུཾ་ཕཊ། ཨོཾ་བྷཀྵ་བྷཀྵ་བ་ས་རུ་དྷི་རཱ་ན་ཏྲ་མཱ་ལཱ་བ་ལཾ་བི་ནི་སུ་རཱ་བྷཀྵི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲིཧྣ་གྲིཧྣ་སཔཏ་པཱ་ཏཱ་ལ་ག་ཏ་བྷུ་ཛིག་སད?་དཎྜ?་ཡ་?་རྫ་ཡ་ཤྱཱ་མ་དེ་བཱི་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ཀཌཌཧཡ་ཨཱ་ཀཌདྷཡ་སུ་བྷ་དྲེ་ཧུཾ་ཧཱུཾ་ཕཊ། ཨོཾ ་ཧྲི་ཧྲི་ཧ?་ཡ་ཀརྞེ?་ཧུཾ་ཧཱུཾ་ཕཊ། ཨོཾ་ཛྙོཾ?་ཛྙོཾ་ཁ་ག་ན་ནེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀྵྨཾ?་ཀྵྨཾ་ཙཀྲ་བེ་གེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཾ་ཧཾ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཱི་ཧཱིཾ་ཤོཎྜི་ཎི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧུཾ་ཧཱུཾ་ཙཀྲ་ཝ་རྨི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀི་ལི་ལི་ལི་སུ་བཱི་རཱི་ཧུཾ་ཧཱུཾ་ཕཊ། ཨོཾ་སི་ལི་སི་ལི་མཧཱ་བ་ལེ ་ཧུཾ་ཧཱུཾ་ཕཊ་ཨོཾ་ཙི་ལི་ཙི་ལི་ཙཀྲ་ཝ་རྟི་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་དྷི་ལི་དྷི་ལ་མ་ཧཱ་བཱིར?་ཡེ་ཧུཾ་ཧཱུཾ་ཕཊ། འདིར་བླ་མའི་གདམས་དག་གིས་རབ་གཏུམ་མ་ལ་སོགས་པའི་སྔགས་འདི་རྣམས་ཀྱི་ཧཱུཾ་དང་པོ་རྣམས་ཐུང་དུ། གཉིས་པ་རྣམས་རིང་པོར་འདོད་པའོ། །འདི་ནི ་བསྒོམ་པའི་རིམ་པ་སྟེ་བཞི་པའོ། །གང་ཞིག་ལུང་དུ་གསུངས་པ་ལྟར། །མཆོད་པའི་རིམ་པ་མ་ལུས་པའི། །དང་པོར་གཏོར་མ་བྱས་པ་ནི། །དངོས་གྲུབ་འདོད་པ་རྣམས་ལ་གསུངས། །ལྷ་ཡི་རྣལ་འབྱོར་ལྡན་པ་ཡིས། །གཏོར་མ་དབུལ་བར་འདོད་པའི་ཕྱིར། ་རྣལ་འབྱོར་བྱས་པའི་རྗེས་ཉིད་ལ། །གཏོར་མ་ངེས་པར་གསུངས་པའོ། །དེའི་ཕྱིར་གཏོར་མ་བདུད་རྩིར་བསྒྲུབ་པར་བྱ་བ་འདི་ལྟ་སྟེ། ཡཾ་ནག་པོ་ཡོངས་སུ་གྱུར་པ་ལས་གཞུའི་དབྱིབས་རླུང་གི་དཀྱིལ་འཁོར་རོ། །སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་སྦྱིན་པར་བྱའོ།། ་དེ་ཉིད་གསུམ་ལས་ཡོངས་སུ་གྱུར། །ཐོད་པ་གསུམ་གྱི་སྒྱེད་བུ་སྟེ། །དེའི་སྟེང་ཨ་ཡིག་ལས་འབྱུང་བ། །ཐོད་པ་དཀར་པོ་ཡོངས་སུ་བརྟག། བདུད་རྩི་ལྔ་སོགས་ཨོཾ་ལ་སོགས་།ས་བོན་རྣམས་བྱུང་བྱིན་གྱིས་བརླབ། །དེ་ཡི་གཟུགས་ཀྱི་ཐོད་གནས་པ། །བཟའ་བ་ལ་སོཌ ་རྣམ་པར་བསམ། །རླུང་གི་སྦར་པའི་མེ་དྲོད་ཀྱིས། །ས་བོན་དང་བཅས་དེ་རྣམས་ཞུ། །ད་ཌི་མ་ཡི་མེ་ཏོག་གི། ཁ་དོག་དང་མཚུངས་བལྟ་བར་བྱ། །དེ་ནས་ཧཱུཾ་བྱུང་ཁ་ཊཝཱཾ་ག། བྱང་སེམས་རང་བཞིན་ཐུང་བལྟས་དཀར། །དེ་བཞིན་ཞུ་བས་དཀར་བ་ལ། །གྲངས་པ་ཉིད་དུ ་བལྟ་བར་བྱ། །དེ་སྟེངས་ཨཱ་ལི་ཀཱ་ལི་ལས། །ཡོངས་སུ་གྱུར་པ་ལས་བྱུང་བ། །ོཾ་ཨཱ:ཧཱུཾ་གི་སྔགས་རྣམས་ནི། །རིམ་བཞིན་སྟེང་དང་གནས་པ་ལས། །ལྷ་ཡི་འཁོར་ལོ་སྤྲོས་བྱས་ཏེ། །སེམས་ཅན་བྱ་བ་བྱས་པ་དང། །ཡི་གེ་གསུམ་ལ་ཡང་དག་བསྟིམ། །དེ ་བཞིན་ཡིག་གསུམ་བདུད་རྩི་ལ་།བདུད་རྩི་ཁུ་བ་དེ་ཉིད་ཀྱང། །ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ། །དེ་ལྟར་ཡོངས་སུ་རྫོགས་བྱས་ནས། །ཆོ་ག་འདི་ཡིས་གཏོར་མ་སྦྱིན། །འབར་བའི་ཕྱག་རྒྱ་ཕེཾ་ཞེས་པས་སྤྱན་དྲངས་པའི་ལྷ་མོ་རྣམས་ལ་ཡོན་ཆབ་སྔོན་དུ་སོང་བས ་མཆོད་དེ། །ོཾ་ཨ་ནྱོ་ནྱ་ནུ་ག:ཏ:སརྦ་དྷརྨཱ:སྤར་སྤ་ར་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱ:ཞེས་པའི་སྔགས་སྔོན་དུ་བརྗོད་ལ། ལག་པ་ཐལ་མོ་སྦྱར་བར་ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་ལས་ཟླ་བ་དང་ཉི་མ་ཧཱུཾ་གཉིས་དང་བཅས་པ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཐལ་མོ་གྱུར་པར་བདུད ་རྩིའི་སྣོད་བཞག་ལ། །ལྷ་མོའི་འཁོར་ལོ་སྔོན་དུ་བསྒོམས་ཏེ། །མངོན་པར་འདོད་པའི་དངོས་གྲུབ་ཀྱི་དོན་དུ་འདི་ཉིད་བརྗོད་དོ། །དེ་བྱ:པྲ་མ་ཎཾ། ས་མ་ཡ:པྲ་མ་ཎཾ། ཏདུཀྟ་ཝ་རྩ་ཤཙ་པ་རཾ་པྲ་མ་ཎཾ། ཨེ་ཏེ་ན་སཏྟེ་ན། བྷ་བེ་ཡུ་རེ་ཏ:དེ་བྷཡོ་མ་མཱ་ནུ་གྲ་ཧ་ཧེ་ཏུ་བྷུ་ཏྲ:ཞེས ་པའོ། །དེ་ནས་མཆོད་པ་མཆོད་བྱ་མཆོད་རྣམས་དབྱེར་མེད་པར་བལྟས་ལ། ཤར་ལ་སོགས་པའི་ཕྱོགས་རྣམས་གཡོན་དུ་བསྐོར་བར་བྱའོ། །ཕྱོགས་བྲལ་རྣམས་གཡས་སུ་བསྐོར་ཞིང་བདུད་རྩིའི་སྣོད་བསྐོར་བར་བྱའོ། །ལྷ་མོ་རྣམས་ཀྱི་ལྕེ ་རྣམས་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ལྕེ་རྣམས་སུ་བསམས་ཏེ། བདུད་རྩི་དངུལ་བའི་སྔགས་གཉིས་བརྗོད་པ་ནི། ཨོཾ་ཀ་ར་ཀ་ར། ཀུ་རུ་ཀུ་རུ། བནདྷ་བནདྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷྲ་ཡ་ཀྵོ་བྷཱ་ཡ། ཧྲཽཾ་ཧྲོཾ་ཧྲ:ཧྲ།ཕེཾ་ཕེཾ་ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། ་བྷཀྵ་བྷཀྵ། བ་ས་རུ་དྷི་རཱནྟྲ་མཱ་ལཱ་བ་ལཾ་བི་ནེ། གྲིཧྣ་གྲིཧྣ། སཔཏ་པཱ་ཏཱ་ལ་ག་ཏ་བྷུ་ཛཾ་གཾ་སརྦཾ་པ། ཏརྫ་ཡ་ཏརྫ་ཡ། ཨཱ་ཀཌཌཧ་ཨཱ་ཀཌཌཡ། ཧྲཾ་ཧྲཾ། ཛྙཽཾ་ཛྙཽཾ། ཀྵྨཾ། ཀྵྨཾ། ཧཱཾ་ཧཱཾ། ཧིཾ་ཧིཾ། ཧཱུཾ་ཧཱུཾ། ཀི་ལི་ཀི་ལི། སི་ལི་སི་ལི། ཅི་ལི་ཅི་ལི། ཧཱུཾ་ཧཱུཾ་དྷི་ལི། ཧཱུཾ་ཧཱུཾ་ཕཊ་ཅེས་པ ་དང་པོའོ། །དེ་ནས་ཨོཾ་བཛྲ་ཨེ་རལླི་ཧོ:ཛ:ཧཱུཾ་བཾ་ཧོ:བཛྲ་ཌཱ་ཀི་ནྱ:ས་མ་ཡསྟཝཾ་དྲི་ཤུ་ཧོ:ཞེས་པའི་སྔགས་འདི་གཅིག་གམ། གཉིས་སམ། གསུམ་མམ། བཞི་འམ་ལྔའི་བར་དུ་བརྗོད་པ་ནི་དབུལ་བའི་སྔགས་སོ། །དེ་ནས་ཞལ་བསིལ་ལ་སོགས ་པ་ཕུལ་བས། མངོན་པར་འདོད་པའི་དངོས་གྲུབ་ཀྱི་དོན་དུ་ཚིགས་སུ་བཅད་པ་འདི་བརྗོད་པར་བྱའོ། །བྷ་བ་ཤ་མ་ས་མ་ས་ག་བྷ་ག་ན་སཾ་ཀ་ལ་བྷ་ག། ཁ་མི་ཝ་ས་ཀ་ལ་བྷ་བཾ་བྷ་བྷ་ཝ་ཏ་ཝི་ཀྵ་མ་ཎ:ཀུ་རུ་ཏར་ཀུ་རུ་ནཾ་བྷ(རྒྱུད་འགྲེལ་ཀུ་ཀུ་རུ་ཏ་དེ་བྷཡ་མ་སྱ་ཏཱི་ཝ་ནུ་ཀཱཾ་བཾ་ཞེས་པའོ། །དེ་ནས་དུར་ཁྲོད་ལ་གནས་པའི་ཕྱོགས་སྐྱོང་རྣམས་ལ་ཕྱོགས་དང་ཕྱོགས་བྲལ་རྣམས་སུ་སྔ་མ་ལྟར་བསྐོར་ཞིང་སྔགས་ལན་གཉིས་བརྗེད་ནས་དབུལ་བ་ནི། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵས། བྷུ་ཏ་པྲེ ་ཏཾ་པ་ཤཱ་ཙ་ཨུནམཱ?་ད་ཨ་པསྨཱ་རེ་ཌཱ་ཀ་ཌཱ་ཀི་ནྱ་ད་ཡ་ཨི་མཾ་བ་ལི་གྲིཧྞ་ཏུ། སརྦ་སདྡྷིཾ་མེ་པྲོ་ཡཙྪ་ནྟུ་ཡ་ཐེ་ཝཾ། ཡ་ཐེཥཏ། བྷུཉྫ་ཐ་པི་ཝ་ཐ་མ་ཏྲི་ཀྲ་མ་ཐ་མ་མ་སརྦ་ཀཱ་ར་ཏ་ཡ་སཚུ་ཁཾ་བི་བྲིདྡྷ་ཡེ་ས་ཧཱ་ཡིཀ་བྷ་ཝནྟུ་ཧུཾ་ཧཱུཾ་ཕཊ་སྭཱཧཱ་ཞེས་པའོ། །དེ་ལྟར་ཕྱེཌ? ་སྐྱོང?་རྣམས་མཉེས་པར་བྱས་ལ་སྒྲུབ་པ་པོ་ཡི་དངོས་གྲུབ་བླང་བར་བྱའོ། །དེ་ནས་དེ་རྣམས་ཐམས་ཅད་ལ་གོ་ལ་ལ་སོགས་པ་ཕུལ་ཏེ་ཕྱག་རྒྱ་བྱས་པ་དང་དྲིལ་བུ་དཀྲོལ་ཞིང་ཆོ་ག་ལྷག་པ་དང་ཆད་པ་བཤགས་པར་བྱ་བའི་སྔགས་བརྗོད་པ་འདི་ལྟ་སྟེ་།ོཾ་བཛྲ ་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏེ་ནོ་པི་ཏཥྛ་དྲི་ཌཧོ་མེ་བྷ་བ། སུ་ཏོ་ཥྱོ་མ་བྷ་བ། སུ་པོཥྱོ?་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷིམམེ་པྲ་ཡཙྪ། སརྦ་ཀ་རྨསུ་ཙ་མི་ཙིཏྟཾ་ཤྲི་ཡ:ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོ:བྷ་ག་བན་བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ་ཧེ་རུ་ཀ་བྷ་བ་མཧཱ ་ས་མ་ཡ་སཏྭ་ཨཱ:ཧཱུཾ་ཕཊ་ཅེས་པ་དང། ཨོཾ་ཡོ་ག་ཤུདྡྷ(རྒྱུད་འགྲེལ་བརྗོད་ལ་གཤེགས་སུ་གསོལ་ཏེ། འཁོར་ལོ་དེ་ཉིད་བདག་ཉིད་ལ་གཞུག་པར་བྱའོ། །དེ་ནས་ཕྱི་རོལ་གྱི་མཆོད་པའི་ཆོ་ག་བརྗོད་པར་བྱ་སྟེ་ནང་པར་སྔ་བ་རྣལ་འབྱོར་པ་བདག་ཉིད་ལངས་ནས་རང་གི་ལྷའི་རྣལ་འབྱོར་དང་ལྡན་པས་གཙང་བའི་ས་ལ་ལག་པ ་གཡོན་པ་བཞག་ནས། ཨོཾ་སུཾ་བྷ་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་ཅིང་བདུད་རྩི་དང་དྲི་ཞིམ་པའི་རི་ལཱུམ། དེ་དག་གང་རུང་ངམ་རྣམ་ལྔའི་ཕྱི་རོལ་གྲུ་གསུམ་ལ་དབུས་སུ་ཟླུམ་པའོ?་མཎྜལ་བྱ། དེ་དག་ལ་པདྨའི་ལྟེ་བ་དམར་པོ་ཅན་བྱ་བ་འམ། བསྒོམས ་པའི་སྟེང་དུ་ཐུགས་ཀའི་པཾ་ལས་དེ་ཉིད་ལ་བཾ་གདེན་པར་བྱའོ། །དེ་ལས་འོད་འཕྲོས་པས་ཡེ་ཤེས་ཀྱི་བདག་ཉིད་བཅོམ་ལྡན་འདས་མ་སྤྱན་དྲངས་ཏེ་བཾ་ལ་རབ་ཏུ་གཞུག་པར་བྱའོ། །དེ་ཉིད་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་བསྒོམ་པར་བྱས་ལ། ་དེ་ཉིད་ལ་ཐུགས་ཀའི་ས་བོན་ལས་སྤྲོས་པའི་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དོ། །དེ་ནས་ལག་པ་གཡོན་པ་ཇི་བཞིན་དག་པར་བྱ་སྟེ། ཨོཾ་ཨཱ:ཧཱུཾ་ཞེས་བརྗོད་ཅིང་མེ་ཏོག་དབུལ་ལོ། །དེ་ནས་སྙིང་པོ་དང་ཉེ་བའི་སྙིང་པོ་དང། རྐང་པ་བརྒྱད་པའི་སྔགས ་ཀྱིས་ཀྱང་མེ་ཏོག་དབུལ་ལོ། །དེ་ནས་དུར་ཁྲོད་ན་གནས་པའི་ཕྱོགས་སྐྱོང་ལ་སོགས་པ་རྣམས་ལ་ཡང་ཡི་གེ་གསུམ་དང་སོ་སོའི་མིང་དང་བཅས་པས་མཆོད་བར་བྱའོ། །དེ་ནས་ལག་པ་གཡོན་པའི་མཐིལ་ལ་ཡི་གེ་རྣམས་སོ་སོར་དཀོད ་ལ། དེ་ནས་དེ་རྣམས་ཨོཾ་ཧ་ཞེས་པ་ལ་སོགས་པའི་རང་རང་གི་སྔགས་ཀྱི་མེ་ཏོག་དབུལ་བར་བྱའོ། །དེ་ནས་ལག་པ་གཡོན་པ་ན་གནས་པའི་མེ་ཏོག་རྣམས་རྐང་པ་བརྒྱད་པའི་སྔགས་བརྗོད་ཅིང་མཎྜལ་ཕུལ་ལ་ལག་པ་ཐལ་མོ་སྦྱར་ལ་སྤྱི་བོར་བཞག་སྟེ། ་ལག་པ་གཡོན་པ་ན་གནས་པའི་ལྷ་རྣམས་བདག་ཉིད་ལ་གཞུག་པར་བྱའོ། །དེ་ནས་སྙིང་པོ་དང་ཉེ་བའི་སྙིང་པོ་དང། རྐང་པ་བརྒྱད་པ་རྣམས་དང་བསྟོད་པ་གཞན་རྣམས་ཀྱིས་ཀྱང་བསྟོད་པ་བྱས་ནས། སྡིག་པ་བཤགས་པ་ལ་སོགས་པ་དང། བསམ ་གཏན་དང་བཟླས་པ་དང་སྨོན་ལམ་གདབ་པ་ལ་སོགས་བ་བྱ་སྟེ། ལྷག་པ་དང་ཆད་པ་བཤགས་པའི་དོན་དུ་ཡི་གེ་བརྒྱ་པ་གདོན་ནོ། །དེ་ནས་ཨོཾ་ཡོ་ག་ཤུདྡྷ:སརྦ་དྷརྨཱ་ཡོ་ག་ཤུདྡྷོ་ཧཾ། ཞེས་པའི་སྔགས་སྔོན་དུ་སོང་བས། པདྨའི་ལག་བསྐོར་གྱིས ་མཉེས་པར་བྱས། ཕྱག་རྒྱ་བཀྲོལ་ནས་འཁྱུད་པའི་ཕྱག་རྒྱས་སེ་གོལ་གཏོགས་ཏེ་ས་ལ་རེག་ནས་ཨོཾ་མུ:ཞེས་སྔགས་བརྗོད་ཅིང་གཤེགས་སུ་གསོལ་བ་དང། ལྷ་དེ་ཉིད་བདག་ལ་བཅུག་སྟེ། དེ་ནས་མཎྜལ་གྱི་རེ་ཁཱ་རྣམས་ཕྱག་བྱ་ཞེས་པའོ། །ཆོ ་ག་དེ་ལྟར་རིམ་པ་གཉིས་པ་ལ་སོགས་པ་རྣམས་ཀྱི་བསྒོམ་པའི་རིམ་པས་ལྷ་མོ་རྣམས་མཆོད་པ་བདག་ཉིད་ཀྱིས་གོ་བར་བྱའོ། །དེ་ནས་ལག་པ་མཆོད་པའི་རིམ་པ་བརྗོད་པར་བྱ་སྟེ། ཚོགས་ཀྱི་འཁོར་ལོ་ལ་སོགས་པར་བདག་ཉིད་འདོད་པའི་ལྷའི་རྣལ་འབྱོར ་དང་ལྡན་པའི་སྔགས་པས་ལག་པ་གཡོན་པའི་མཐེ་བོ་དང། མཛུབ་མོ་དང། གུང་མོ་དང། སྲིན་ལག་དང། མཐེའུ་ཆུང་དང། མཐེ་བོའི་གདོང་རྣམས་ལ་རིམ་པ་ཇི་ལྟ་བུ་བཞིན་རྡོ་རྗེ་སེམས་དཔའ་དང། རྣམ་པར་སྣང་མཛད་དང། འོད་དཔག་མེད་དང། མི ་བསྐྱོད་པ་དང། རིན་ཆེན་འབྱུང་ལྡན་དང། དོན་ཡོད་གྲུབ་པའི་རང་བཞིན་རྣམས་ཏེ། ཨོཾ་ཧ(རྒྱུད་འགྲེལ་སྐྱེད་ལ། དེའི་ལྟེ་བར་ཨོཾ་བཾ་དམར་པོ་རྡོ་རྗེ་ཕག་མོའི་རང་བཞིན་བལྟའོ། །ཤར་ཕྱོགས་དང། བྱང་ཕྱོགས་དང། ནུབ་ཕྱོགས་དང། ལྷོ་ཕྱོགས་དང། མེ་མཚམས་ཀྱི་འདབ་མ་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་དུ་མཚན་མོ་མ་དང། རྨོངས་བྱེད་མ་དང། བསྐྱོད་བྱེད ་མ་དང། སྐྲག་བྱེད་མ་དང། གཏུམ་མོ་རྣམས་ཀྱི་རང་བཞིན་ཧཾ་ཡོཾ། ཧྲིཾ་མོཾ། ཧྲེཾ་ཧྲིཾ་།ཧཱུཾ་ཧཱུཾ། ཕཊ་ཕཊ་ཅེས་པ་རྣཾས?་ཀྱི་ས་བོན་རྣམS་ནི་སོའི་ཁ་དོག་ལྟར་བལྟ་པའོ། །དེ་ལྟར་ལག་པར་གནས་པའི་ས་བོན་རྣམས་ཀྱི་གཟུགས་རྣམས་ལག་པའི་མཐིལ་དུ་འམ། འཁོར་ལོ་གསུམ ་ཡོངས་སུ་གསལ་བར་བསྒོམ་པར་བྱའོ། །དེ་ནས་ལག་པའི་མཐིལ་ལ་གནས་པའི་ཡི་གེ་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་དག་པར་བྱས་པའི་མྱོས་བྱེད་ཀྱིས་བྱུགས་ཏེ། ལག་པའི་མཐིལ་ལ་རྣལ་འབྱོར་མ་རྣམས་རབ་ཏུ་བརྟན་པར་བསྒོམས་ལ། ཞུ་བའི ་དེ་ཉིད་ལ་སོགས་པའི་ཡི་གེ་གསུམ་མམ་རྐང་པ་བརྒྱད་པའི་སྔགས་ཀྱིས་དབུལ་བར་བྱའོ། །དེ་ལྟར་ཡང་དག་པར་མཆོད་ནས་ཆོ་ག་ལྷག་པ་དང་ཆད་པ་བཤགས་པར་བྱ་སྟེ། རྡོ་རྗེ་རྣལ་འབྱོར་མས་བྱིན་གྱིས་བརླབས་པའི་དོན་དུ་དེ་བྱ་བ་ལ་སོགས་པ་གསོལ ་བ་གདབ་པར་བྱའོ། །ལག་པའི་མཐིལ་ལ་གནས་པའི་རྫས་དེ་རྣམས་རྫས་གཞན་གྱི་སྟེང་ངམ་གཞན་དུ་གཞག་གོ། ལག་པའི་མཐིལ་ལ་སོགས་པའི་རྫས་དེ་ཉིད་ཀྱི་སྲིན་ལག་གིས་བླངས་ཏེ་ཡི་གེ་གསུམ་བརྗོད་དེ་དེ་ཉིད་ལ་གནས་པའི་ལྷ་ཚོགས་རང་ཉིད ་ལ་གཞུག་པར་བསམ་མོ་ཞེས་པའོ། །གལ་ཏེ་འདི་ལྟ་ཡང་དེ་སྔོན་གྱི་ཆོ་ག་ལག་པ་གཡོན་པས་དག་པར་བྱས་ལ་ཆང་དང་བཅས་པའི་སྲིན་ལག་གིས་ས་གཞི་ལ་གཡོན་བསྐོར་གྱིས་གྲུ་གསུམ་དུའོ། །དེའི་དཀྱིལ་དུ་སྙིང་གའི་ས་བོན་ལས་རྡོ་རྗེ ་རྣལ་འབྱོར་མ་དུར་ཁྲོད་བརྒྱད་ཀྱི་དབུས་ན་བཞུགས་པར་བལྟས་ལ་བཟའ་རྒྱུ་ལ་སོགས་བདུད་རྩི་ལྔ་ལ་སོགས་པ་ཡོངས་སུ་དག་པ་ཡི་གེ་གསུམ་མམ་རྐང་པ་བརྒྱད་པས་ཕུལ་ནས། ཐོད་པའི་སྣོད་ཀྱི་ཆང་བདུད་རྩིའི་རང་བཞིན་སྲིན་ལག་དང ་མཐེ་བོང་བླངས་ལ། བཅོམ་ལྡན་འདས་མ་ལ་ཡི་གེ་གསུམ་དང་སྙིང་པོ་དང། ཉེ་བའི་སྙིང་པོ་དང། རྐང་པ་བརྒྱད་པ་རྣམས་ཀྱིས་ཡང་དག་པར་མཉེས་པར་བྱའོ། །དུར་ཁྲོད་ཀྱི་ལྷ་རྣམས་ཡི་གེ་གསུམ་གྱིS་མཉེས་པར་བྱའོ། །དེ་ལྟར་ཡང་དག་མཆོད་ནས ་ཆོ་ག་ལྷག་པ་དང་ཆད་པ་བཤགས་པའི་དོན་དུ་ཡི་གེ་བརྒྱ་པ་བརྗོད་དེ་ལྷ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་དོན་དུ་སྔ་མ་ལྟར་གསོལ་པ་གདབ་པར་བྱས་ནས། ཨོཾ་ཡོ་ག་ཤུདྡྷ:སརྦ་དྷརྨཱ:ཡོ་ག་ཤུདྡྷོ་ཧཾ། ཞེས་བརྗོད་དེ། སྔོན་དུ་གསུངས་པའི་པདྨའི ་ལག་སྐོར་ལ་སོགས་པ་བྱས། དེ་ནས་ནང་གི་སྦྱིན་སྲེག་གི་ཆོ་གའི་རིམ་པ་བྱའོ། །དེ་ནས་ཨོཾ་ཨཱ:ཽ་ཙྪིཥྚ་བཛྲ་ཨ་དྷི་ཏིཥྛ་ཨི་མཾ་བ་ལིཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབས་ལ་ཕྱི་རོལ་ཏུ་ལྷག་མའི་གཏོར་མ་སྦྱིན་པར་བྱའོ། །བདག ་གི་འདི་ཉིད་བྱས་པ་ལས་ནི་བྱུང་བ་ཡིས། །བསོད་ནམས་སྟོན་ཀའི་ཟླ་བའི་འོད་ཟེར་བཞིན་དུ་དཀར། །དེ་ཡིས་རྣམ་རྟོག་ཉེས་པ་མ་ལུས་རབ་བཅོམ་ནས། །རྡོ་རྗེ་ལྷ་མོ་དཔལ་གྱི་གོ་འཕང་ཐོབ་པར་ཤོག། སི་རུ་པ་ཡི་གདམས་ངག་གི་བརྒྱུད་པ། ཤྲཱི་ཨུ་མ་པ ་ཏི་ད་ཏྟའི?་ཞབས་ཀྱིས་མཛད་པའི་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་མཁས་པ་ཆེན་པོ་ཝཱ་གཱི་ཤྭ་ར་གུཔཏ་པཱ་ད་དང། ལོ་ཙ་བ་དགེ་སློང་ཆོས་རབ་གཉིས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ་