CLOSE WINDOW

N1081: rdo rje rnal 'byor ma'i sgrub thabs
Wyliee-texts based on the ACIP/ALL Input

དགེའོ་།།*། །རྣལ་འབྱོར་མའི་སྒྲུབ་ཐབས་ན་རོ་པའི་ཞལ་གྱི་བརྒྱུད་པ་གནང་བ་བཞུགས།། *། །རྒྱ་གར་སྐད་དུ་།བཛྲ་ཡོ་གི་ནི་སཱདྷ་ནཾ། བོད་སྐད་དུ་།རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ ་ལོ། །དང་པོར་རེ་ཞིག་རྣལ་འབྱོར་པས་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ལ་རྫོགས་པའི་བྱང་ཆུབ་ཏུ་བདེ་བ་ལ་དགོད་པར་བྱའོ། །ཞེས་ཚད་མེད་པའི་རྣལ་འབྱོར་མངོན་དུ་བྱའོ། །དེ་ནས་རང་གི་སྤྱི་བོར་བླ་མ་བསྒོམ་པར ་བྱའོ། །དེའི་རྗེས་ལ་སྙིང་གར་ཨཾ་ལས་ཟླ་བའི་དཀྱིལ་འཁོར་བསམས་ལ། དེར་ཨོཾ་ཨོཾ་ཨོཾ་སརྦབ་ཤུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝེཎྞ?་ནཱི་ཡེ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། ཞེས་བྱ་བའི་སྔགས་ཀྱི་ཕྲེང་བ་ཁ་དོག་དམར་པོ་འོད་ཟེར་སྣ་ཚོགས ་འཕྲོ་བའི་ལུགས་ལས་བཟློག་པར་བསམ་མོ། །དབུས་སུ་ནི་བཾ་ཡིག་གོ་།དེའི་འོད་ཟེར་གྱིས་རང་བཞིན་གྱི་ལུས་ཁྱབ་པས་ཡོངས་སུ་དག་པ་ན། བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་ཕག་མོའི་སྐུ་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་དམར ་མོ། །བསྐལ་པའི་མེ་ལྟ་བུའི་གཟི་བརྗིད་ཅན། ཕྱག་རྒྱ་ལྔའི་རྒྱན་དང་ལྡན་པ། སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་འཇིགས་བྱེད་དང་དུས་མཚན་ཞབས་ཀྱིས་གནོན་པ། གཡས་ན་རྡོ་རྗེ་དང་གྲི་གུག་།གཡོན་ན་ཐོད་པ་དང་ཁ་ཊཝཱཾ་ག་འཛིན ་པའོ། །དེ་ནས་སླར་ཡང་ཡིག་འབྲུའི་ཚོགས་ཀྱི་འོད་ཟེར་གྱིས། །དཔའ་བོ་དང་མཁའ་འགྲོ་མའི་ཚོགས་ཐམས་ཅད་སྤྱན་དྲངས་ཏེ། བདག་ཉིད་ལ་གཞུག་གོ་།ཡང་དེ་ཉིད་ཀྱི་འོད་ཟེར་གྱིས་འགྲོ་བ་དག་པར་བྱས་ནས་སླར་ལོག་སྟེ། སྔགས་ཀྱི ་ཕྲེང་བའི་དེ་ཉིད་ལ་གཞུགས་པ་དང། ཡིད་དང་ངག་གི་དབྱེ་བས་བཟླས་པ་བྱའོ། །དེ་ནས་བཾ་ཡིག་གི་འོད་ཟེར་གྱིས་ས་གསུམ་དང། ལུས་དང་ཡི་གེའི་རིམ་གྱིས་བསམ་གྱིས་མི་ཁྱབ་པར་ཞུགས་པ་སྔོན་དུ ་འགྲོ་བས་དེ་ཁོ་ན་ཉིད་བསྒོམ་པར་བྱའོ། །ལས་དང་པོ་པའི་བསྒོམ་པ་མདོར་བསྡུས་པ་དཔལ་ན་རོ་པའི་ཞལ་གྱི་བརྒྱུད་པ་རྗེས་སུ་གནང་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཔལ་སུ་མ་ཧི་ཀཱིརྟའི ་ཞལ་སྔ་ནས། བོད་ཀྱི་ལོ་ཙ་བ་དགེ་སློང་པྲཛྙཱ་ཀཱིརྟིས་བསྒྱུར་བའོ།། །།སརྦ་མངྒ་ལཾ།། *། །གཞན་དོན་སློབ་མ་རྗེས་སུ་བཟུང་བའི་ཆོ་ག་གཞུགས་སོ། །*། །རྒྱ་གར་སྐད་དུ། ཤི་ཥྱ་ནུ་གྲཧྞ་བི་དྷི་།བོད་སྐད་དུ། ་