| Wylie | e-texts based on the ACIP/ALL Input |
དཔལ་རྣལ་འབྱོར་མའི་ཞི་བའི་སྦྱིན་སྲེག་གི་ཆོ་ག་བཞུགས་སོ།། །། *། །དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །བླ་མ་རྡོ་རྗེ་འཛིན་པ་ལ། །ཀུན་ནས་དང་བས་ཕྱག་བྱས་ཏེ། །དང་པོའི་ལས་ཅན་རྣལ་འབྱོར ་པ། རྗེས་སུ་བཟུང་ཕྱིར་སྦྱིན་སྲེག་བརྩམ། །འཇིག་རྟེན་འདི་དད་ཕ་རོལ་གྱི་།།འདོད་པའི་དོན་ཀུན་སྦྱིན་སྲེག་གིས། །ཐོགས་པ་མེད་པར་འགྲུབ་པས་ན། །ཕན་གདགས་ཆེར་བཅད་ཐམས་ཅད་ལ། །ཐོག་མར་འགྲོ་བ་ལས་གྱི ་མཆོག་།བདག་དང་གཞན་ལས་དོན་གྱི་ཕྱིར། །བླ་མའི་རིམ་པ་ཇི་ལྟ་བར། །མཁས་པ་རྣམས་ཀྱིས་རྗེས་འབྲངས་བྲིས། །སྲོད་དམ་སྔ་དྲོ་ཤར་ཕྱོགས་སུ། །ཁྲུ་གང་སོང་བཅུ་གཉིས་ཟབས་ཐབས། །ཟླུམ་པོ་བ་བྱུང་དཀར་རྩིས་ཐུག་།ཁ་ཁྱེར་སོར ་བཞི་པས་བསྐོར་བའི། །དབུས་སུ་པདྨ་འདབ་བརྒྱད་པའི། །སྟེང་དུ་རྡོ་རྗེ་རྩེ་ལྔ་པ། །མཚམས་སུ་རྡོ་རྗེ་རྩེ་གསུམ་དགོད། །ཀུ་ཤའི་རྩེ་མོ་ཕྱིར་བསྟན་པས། །བཀྲམ་སྟེ་ཐབ་ཏུ་ཤིང་བརྩིགས་ལ། །དྲི་དཀར་པོ་ཡིས་ཆུས་བཀང་བའི། །མཆོད ་ཡོན་འབྲུ་དང་མེ་ཏོག་བཅས། །གཡས་སུ་བཞག་སྟེ་བྱིན་གྱིས་བརླག་།མཆོད་པ་ལྔ་ཡང་དཀར་པོར་བཤམས། །དེ་བཞིན་གནོད་སྦྱིན་བུམ་པ་བྱ། །ནས་འབྲས་ཡེས་ཏིལ་ཡུངས་ཀར་ཞོ། །འོ་ཐུག་འབྲས་ཆན་འབྲས་ཡོས་དང། །མངར ་གསུམ་ལ་སོགས་གཡོན་བཞག་སྟེ། །རྩེ་མོའི་ཆ་ལས་བྱུང་བའི་ཤིང། །འོ་མ་ཅན་མཛེས་མཐོ་གང་ཚད། །དྲིས་བྱུག་མར་དང་སྦྲང་རྩིས་སྦགས། །བུད་ཤིང་སྲོག་ཆགས་མེད་མ་རུལ། །ཡང་ན་བ་ལང་ལྕི་བ་ཡིས། །ཐབ་བཅས་ཅུང་ཟད ་རབ་ཏུ་བརྩིག་།ཡང་ན་བདུད་རྩི་ལྔས་བྱུགས་པའི། །མཎྜལ་སྟེང་དུ་ཟླུམ་པོར་བྱུགས། །དེ་ནས་སློབ་དཔོན་སློབ་མར་བཅས། །ཁྲུས་བྱས་དྲིས་བྱུག་གོས་དང་བརྒྱན། །ཆས་ཏེ་དེར་འདུག་ཞི་སེམས་ཀྱིས། །ཁྱབ་པའི་སྙིང་རྗེ་མངོན་བྱས ་ཏེ། །བསྲུང་བ་སྔོན་དུ་འགྲོ་བ་ཡིས། །རང་གི་རྣལ་འབྱོར་རྫོགས་པ་དང། གཉིས་སུ་མེད་པའི་མཆོད་བྱས་ནས། །ནམ་མཁའ་ལ་ནི་བཞུགས་སུ་གསོལ། །དང་པོ་ཚམ་ངག་སྔགས་ཀྱིས་ཐབ། །རྫས་དང་སྔགས་བདག་བཅས་པ་གསང། །རྡོ་རྗེ་སེ་གོལ་ཅེས? ་ནས་ནི། །མཚམས་བཅད་ཡན་ལག་བྱིན་བརླབས་ནས། །ཐབ་དེ་བྲུམ་ལས་གཞལ་ཡས་ཁང། །དག་པ་བསྔོན་འགྲོ་ཆོས་འབྱུང་དུ། །ོཾ་རཾ་ལས་སྐྱེས་པད་ཉི་མ། །ཧཱུཾ་ལས་མེ་ལྷ་དམར་སེར་བསྐྱེད། །ཞལ་གཅིག་ཕྱག་བཞི་ཐོར་ཚུགས་ཅན། །དབྱུག་པ་དང ་ནི་སྐྱབས་སྦྱིན་དང། །རིལ་པ་བགྲང་ཕྲེང་འཛིན་བལྟས་ལ། །གྲུབ་པའི་ལྷ་དང་གཉིས་མེད་བྱ། །དྲ་བའི་ཕྱག་རྒྱ་བཅས་ནས་སུ། །ཧཱུཾ་དད?་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི ་ཉིད་དུ་ནི་བཞུགས་སུ་གསོལ། །ཛ:ཧཱུཾ་བཾ་ཧོ:གནཱ་ཡེ་ཨ་ཀརཥ་ཡ་ཛ(རྒྱུད་འགྲེལ་ལྕེ་ལ་རྡོ་རྗེ་དཀར་པོ་བསམས་ལ། ཨཾ་བཛྲ་ཛྲ་ལ་ཧཱུཾ་ཕཊ། སྙིང་གར་ཨ་ལས་རྡོ་རྗེ་བསྒོམས་ཏེ། གར་ལྡན་ཕྱག་རྒྱ་ཆེ། སྙིང་གར་ཟླ་བ་ཧཱུཾ་རྡོ་རྗེ། སྔར་བཞིན་རྡོ་རྗེ་འཛིན་པ་ཡིས། །དབང་བསྐུར་བ་ནི་བསམ་པར་བྱ། །ཧཱུཾ་རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱིས་བྱིན་གྱིས ་བརླབས། །དམ་ཚིག་འདི་ལས་འདས་ན་ནི། །རིགས་རྣམས་མྱུར་དུ་ཐལ་བར་བྱེད། །ོཾ་ས་མ་ཡ་ཧཱུཾ་ཕཊ། བཛྲ་བནདྷ་ཧཱུཾ། བདག་གི་ལས་འདི་བསྒྲུབས་ཞེས་བསྒོམ། །དེ་ནས་མེ་སྦར་ཏེ། ཨོཾ་ཛཝ་ལ་རཾ་ཛཝ་ལ་རཾ། དགོན་པ་འམ་རྒྱུན་ཞགས་བྱམས་སེམས། མེ་རླུང་ཡབ་ཀྱིས་སྦར ་མཆོད་བ་དབུལ། མེ་ཏོག་དབུ་ལའོ། །སྤོས་ཤངས་ལའོ། །མར་མེ་མདུན་དུའོ། །དྲི་ཐུགས་ཀར་རོ། །ལྷ་བ་ཞོལ་ཞལ་དུའོ། ཞབས་བསིལ་དང། མཆོད་ཡོན་ཇི་ལྟར་རིག་པས་དབུལ་ལོ། །དེ་ནས་རྫས་རྣམས་བུས་པར་དུ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཡིས། ་གཟར་བུ་བཟུང་སྟེ་སྲེག་རྫས་དབུལ། །ོཾ་ཨགན་ཡེ་ཧ་བྱ་དི་བྱ་དེ་བ་ཡེ་ཤཱནྟིཾ་ཀུ་རུ་སྭཱཧཱ། དང་པོར་ཞུན་མར་ལན་གསུམ་དབུལ། །དེ་ནས་སྲེག་རྫས་རིམ་པ་བཞིན། །ཕུལ་ཏེ་གཉིས་སུ་མེད་པར་བྱ། །ོཾ་བཛྲ་ཨ་ན་ལཱརྐ ་མ་ཧཱ་དུཥྚ་ཛཝ་ལ་ཡ། སརྦ་བྷསྨི་ཀུ་རུ། ཏྲི་ཏ་ཧྲཱི:ཛ:ཧཱུཾ་བཾ་ཧོ:མཐར་ཡང་མར་གྱི་དགང་བླུགས་དབུལ། །འཐོར་འཐུངས་ཞབས་བསིལ་ཕུལ་ནས་ཀྱང། །བསྟོད་དེ་བཟོད་པར་གསོལ་པ་བདག་།གནང་པར་བསྟོད་པ་བྱ་བ་ཡིན། །ོཾ་ཚངས་པའི་འཇིག ་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག་།འབྱུང་པོ་ཀུན་གྱི་མགོན་གྱུར་པ། །དགེ་བ་དྲི་མེད་ཕྱག་འཚལ་བསྟོད། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་རབ་སྟེར་མཛད། །བདག་དང་གཞན་དོན་བསྒྲུབས་ལ་བཞུགས།། ་འཛིན་བྱེད་མེ་ལྷ་ཉིད་ལའོ། །མེ་ལྷའི་ལྷ?་དྲང་སྲོང་ཆེན་པོ་ལ་ཕྲིན་ལས་སུ་གསོལ་བ་ནི། །བདག་དང་ཡོན་བདག་མིང་འདི་ཞེས་བྱ་བ་ལ་སོགས་པའི་ཚེ་འདི་དང་ཕྱི་མའི་ལེགས་པའི་བར་དུ་གཅོད་པའི་སྡིག་པ་དང་བགེགས་རྣམས་ཞི་བར་གྱུར ་ཅིག་།ཐབ་ཏུ་མེ་ཏོག་གཏོར་ནས་ནི། །མེ?་ཡི་ལྷ་ལ་ལས་བཅོལ་ཏེ། །འབར་བའི་རྣམ་པ་ཉིད་དུ་བལྟ། །དེ་ནས་བསང་གཏོར་བྱས་ཀྱང། །དག་པ་གསུམ་གྱི་ངང་ལས་དེར། །ཆོས་ཀྱི་འབྱུང་གནས་ཡངས་བ་བལྟ། །དེར་ནི་འབྱུང་པོའི་རོ་སྟེང་དུ། །རང་སྙིང ་ས་བོན་ལས་སྤྲོས་པའི། །འོད་ཟེར་ལྔ་ལྡན་ཧཱུཾ་སྤྲོས་ཏེ། །དེ་ལས་འཁོར་ལོ་གསུམ་གྱི་ལྷས། །དངོས་པོ་ཐམས་ཅད་རོ་གཅིག་པར། །བསྒྲུབས་ཏེ་སླར་ཞུགས་དཀྱིལ་འཁོར་བསྒོམ། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་ཏེ། །བགེགས་བསལ་མཆོད་ཡོན ་ཕུལ་ནས་སུ། །ཧཱུཾ་ཐུགས་རྗེ་ཆེན་པོ་རྒྱུན་གྱིས་གྲུབ་པའི་རྣལ་འབྱོར་མ། །སེམས་ཅན་ཐམས་ཅད་རྗེས་བཟུང་ཕྱིར། །འབར་བའི་ནང་དུ་བཞུགས་གསོལ་བ། །འཐོར་འཐུང་བྱས་ཏེ་མཆོད་པ་དང། །གང་བའི་སྦྱིན་སྲེག་བྱས་པ་ལ། །མཆོད ་ཅིང་སྣ་ཚོགས་མཆེད་བྱས་ནས། །རིམ་པ་བཞིན་དུ་སྲེག་བླུགས་དབུལ། །སྒྲུབ་པ་མོ་ཡི་སྔགས་གཞུག་སྟེ། །སརྦ་བཱ་པཾ་སརྦ་བིགྷཱཾ། སརྦ་བྱཱ་དྷི་སརྦ་?། སརྦ་དུ་རྣི་མི་ཏི། སརྦ་པྲེ་ཏེ། སརྦ་ཛཝ་རེ། སརྦ་ཨུ་པ་དྲ་བ། སརྦཱ་ཀཱ་ལ་མྲི་ཏྱུ། ཤཱནྟི་ཀུ་རུ་སྭཱཧཱ། སྦྱིན ་སྲེག་བརྒྱ་སྟོང་བྱས་ནས་སུ། །མཆོད་པ་ཀུན་གྱིས་མཉེས་པར་བྱ། །བསྟོད་ཅིང་བཟོད་གསོལ་གསོལ་པ་གདབ། །དེ་ནས་གང་བའི་སྲེག་བླུགས་ཀྱི། །གཟི་བརྗིད་འབར་བའི་རྡོ་རྗེའི་ཞལ། །རབ་ཏུ་འབར་བ་དྲག་པོ་སྟེ། །ཡོ་བྱད་གཅིག་ཏུ་བསྲེས་པ་དང ་གཉིས་སུ་མེད་པའི་སྦྱིན་པར་བྱ། །ཅི་ནུས་པ་དང་ཅི་འབྱོར་པས། །ཤིན་ཏུ་རྣམ་པར་དག་པར་བྱ། །མི་འཆི་ལྔ་བཅས་དཔའ་བོ་ཡིས། །ཤིན་ཏུ་ཚིམ་པར་མཆོད་བྱས་ལ། །དེ་ནས་ཙཱ་རུ་ལ་འབད་པས། །སྤུན་དང་སྲིང་མོ་དགའ་སྟོན་བྱས། །དེ་ནས་གཞན ་ཡང་ནོད་པར་བྱ། །ཡི་གེ་བརྒྱ་བ་སྔོན་འགྲོ་བའི། །ཚིགས་བཅད་གསུམ་གྱིས་བཟོད་པ་གསོལ། །ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ། །མན་ངག་བཞིན་དུ་དཀྱིལ་འཁོར་བསྡུ། །དཔལ་རྣལ་འབྱོར་མའི་ཞི་བའི་སྦྱིན་སྲེག་གི་ཆོ ་ག་རྫོགས་སོ།། །། *། །རྡོ་རྗེ་ཕག་མོའི་སྒྲུབ་ཐབས་བཞུགས་སོ།། །།*། །རྒྱ་གར་སྐད་དུ། ཤྲཱི་བཛྲ་བཱ་རཱ་ཧཱི་སཱ་དྷ་ནཾ། བོད་སྐད་དུ། དཔལ་རྡོ་རྗེ་ཕག་མོའི་སྒྲུབ་ཐབས། དཔལ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། ་