CLOSE WINDOW

N1071: rdo rje phag mo'i sgrub thabs
Wyliee-texts based on the ACIP/ALL Input

སོགས་པ་ཡང་དག་པར་མཆོད་དེ། །ངོ་བོ་ཉིད་ཀྱིས་ཡང་དག་པར་མོས་པས་སྟོང་པ་ཉིད་ལ་སོགས་པའི་སྔོན་དུ་འགྲོ་བས་པདྨ་དམར་པོའི་སྟེང་དུ་མཾ་ལས་བྱུང་བའི་ཉི་མ་ལ་ཧཱུཾ་དཀར་པོ་ལས་སྐྱེས་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལས་སྐྱེས་པའི་རྡོ་རྗེ་ཕག་མོ་སྤྱན་གསུམ་དམར་བ། ་ཞལ་མཆེ་བ་གཙིགས་པ་།སྐྲ་གྲོལ། རྡོ་རྗེ་ཕྲེང་བ་གཉིས་ཀྱི་བར་དུ་ཐོད་བའི་ཕྲེང་བ་འཛིན་པ། །ཕྱག་རྒྱ་ལྡས་རྒྱས་བཏབ་པ། ཕྱག་གཡས་པ་ན་རྡོ་རྗེ་བསྣམས་པ། གཡོན་ན་ཐོད་པ་དང་ཁ་ཊཝཱཾ་ག་བསྣམས་པ་གཡས་བརྐྱང་བས་བཞུགས་པ། །གཅེར་བུ་ལྷ་དང་མི་དང་ལྷམ་ཡིན་རྣམS ་འཇིགས་པར་མཇིད་པ། འོད་ཟེར་མཛའ་ཡས་པ་འཕྲོ་བའི་ཧྲཱི(རྒྱུད་འགྲེལ་དྷརྨཱ་ཡོ་ག་ཤུདྡྷོ་ཧཾ། དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ནས་དབང་བསྐུར་བས་སྤྱི་བོར་མི་སྐྱོད་པར་གྱུར་པར་བལྟའོ། །རབ་ཏུ་གཏུམ་མོ་ལ་སོགས་པས་བདག་ཉིད་ལ་མཆོད་པས་བདུད་རྩི་མྱང་བར་བྱ་སྟེ། ལྟེ་བར་སྣ་ཚོགས་པདྨ་ལ་ཉི་མ་དམར་པོ་ལ་ཧྲཱི(རྒྱུད་འགྲེལ་ཕྲེང་བའི་རྣམ་པ་ལྟ་བུར་སྔགས་ཀྱི་ཕྲེང་བ་དཀར་པོ་ཁ་ནས་འཐོན་ནས་སངས་རྒྱས་ཀྱི་ཡོན་ཏན་ལ་སོགས་པ་བླངས་ཏེ་ལྟེ་བའི་བུ་གར་ཞུགས་པ་ལས་བཟླས་པར་བྱའོ། །བསོད་ནམས་ཡོངས་སུ་བསྔོ་བ་ལ་སོགས་པ་བྱ་སྟེ། ལངས་ནས་དེའི་གཟུགས་ཀྱི་རྒྱུན་དུ་བྱའོ། །ཐུན་མཚམས ་གཞན་ཡང་དེ་བཞིན་བྱའོ། ། ལས་གྱུར་བའི་ལྕེའི་པདྨའི་རྣམ་པ་ལ་ཡི་གེ་ཧཱུཾ་འཕྲོས་པས་ཇི་སྲིད་འདོད་ཀྱི་བར་དུ་ཐུན་བཞིར་སྔགས་ཟློས་པའི་རྣལ་འབྱོར་བསྒོམ་པར་བྱའོ། །དེ་ལྟར་བསྟན་བཅོས་ཐམས་ཅད་ལ་མཁས་ཤིང་རྩོད་པ་ཆེན་པོར་འགྱུར་རོ། །དུག་ལ་སོགས་བདུད་རྩིར ་འགྱུར་རོ། དབང་དུ་བྱ་བ་ལ་སོགས་པ་དེའི་ས་བོན་དམར་པོ་དང་འདོག་དམར་པོས་སྔོན་བཞིན་དུ་བྱའོ། །རྣལ་འབྱོར་མ་ཡི་འཁོར་ལོ་གཙོ། །རྡོ་རྗེ་ཕག་མོ་སྒྲུབ་པའི་ཐབས། །བྱས་ལས་དགེ་བ་གང་ཐོབ་པ། དེས་ནི་བདག་དང་སེམས་ཅན་རྣམས། །དུས་ཡུན་རིང་ལ་མི་ལྟོས་པར། བླ་མེད་བྱང་ཆུབ་རྒྱལ ་གྱུར་ཅིག། རྡོ་རྗེ་ཕག་མོའི་སྒྲུབ་ཐབས། སློབ་དཔོན་མཁས་པ་ཆེན་པོ་རྡོ་རྗེ་དྲིལ་བུ་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུམ་ཏི་ཀཱིརྟི་དང། བོད་ཀྱི་ལོཙྪ་པ་མཁས་པ་ཆེན་པོ་མར་པ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།དེ་ལ་རྣལ་འབྱོར་མའི་གནས ་ནས་ལྷུང?་བ་ཕག་མོའི་སྒྲུབ་ཐབས་བཞུགས་སོ།། །།*། །རྒྱ་གར་སྐད་དུ། བཛྲ་གཱ་རཱི་ཧཱ་སཱ་དྷ་ནཱཾ། བོད་སྐད་དུ་།རྡོ་རྗེ་ཕག་མོའི་སྒྲུབ་ཐབས། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །ཡི་གེ་པཾ་ཡོངས་སུ་གྱུར་པ་ལས་པདྨ་དམར་པོའོ། །དེའི་སྟེང་དུ་ཡི་གེ་ཡཾ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར ་ཁ་དོག་ནག་པོ་གཞུའི་ཚུལ་རྒྱལ་མཚན་གྱིས་བརྒྱན་པའོ། །ཡི་གེ་རཾ་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་དམར་པོ་ཟུར་གསུམ་འབར་བས་མཚན་པའོ། །ཡི་གེ་བཾ་ཡོངས་སུ་གྱུར་པ་ལ་ཆུའི་དཀྱིལ་འཁོར་ཟླུམ་པོ་ཁ་དོག་དཀར་པོ་བུམ་པས་མཚན་པའོ། །ཡི་གེ་ལཾ་ཡོངས་སུ་གྱུར་པ་ལས ་སའི་དཀྱིལ་འཁོར་ཟུར་བཞི་པ་ལྗང་གུ་རྗེས་མཚན་པའོ། །ཡི་གེ་སུམ་ཡོངས་སུ་གྱུར་པ་ལས་རི་རབ་ལྷུན་པོ་ཟུར་བཞི་པ་རིན་པོ་ཆེ་བཞི་ལས་གྲུབ་བ་རྩེ་མོ་བརྒྱད་ཀྱི་ཉེ་བར་མཛེས་པའོ། །དེའི་དབུས་སུ་ཡི་གེ་བཾ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨའོ། །དེའི་དབུས་སུ་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ ་རྗེའོ། །དེའི་དབུས་སུ་ཨཱ་ལི་ཀཱ་ལིའི་སྦྱོར་བའོ། །དེའི་དབུས་སུ་ཡི་གེ་བཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སྟེ་།དེའི་སྟེང་ལས་ཡི་གེ་བཾཱོ། །དེ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་མ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ། །སྐྲ་བཤིག་པ་གཅེར་མོ། །འོག་པག་དུམ་བུས་བརྒྱན་པ། མིའི་མགོ་བོ་རློན་པ་ལྔ་བཅུའི་ཕྲེང་བ་སྤྱངས་པ། ཕྱག ་གཡོན་པའི་ཐོད་པ་ན་སྡང་པ་བདུད་ལ་སོགས་པའི་ཁྲག་བསྣམས་པ། གཡས་བ་ཕྱོགས་ཐམས་ཅད་དུ་སྡང་བ་ལ་བསྡིགས་པའི་རྡོ་རྗེ་ཅན་གྱིས་སྡིགས་མཛུབ་མཛད་པ། བསྐལ་པའི་མེ་བཞིན་ཆེར་འབར་བ། །ཁྲག་ལ་དགྱེས་པ་ཁྲག་འཛག་པ། གཡས་བརྐྱང་བས་གདན་ལ་བཞུགས་པ་མཁའ་འགྲོ་དེ་བཞིན་ལཱ་མ ་དང?་དུམ་སྐྱེས་མ་དང་གཟུགས་ཅན་མ་འདི་ནི་བཟླས་པའོ་ཨོཾ་བཛྲ་བི་རོ་ཙ་ནི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། སྙིང་པོའི་སྔགས་སོ། །ོཾ་སརྦ་བུདྡྷ?་ཌཱ་ཀི་ནཱི་ཡེ་།བཛྲ་ཝརྞྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། ཉེ་བའི་སྙིང་པོའི་སྔགས་སོ། དཔལ་ཨོརྒྱཎ?་རྣལ་འབྱོར་མའི་གནས་ན་རྣཾ་པར་བྱུང་བ་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་རྫོགས་སོ།། །།བོད་ཀྱི་ལོ་ཙ་བ་བནདེ་མར་པ་ཆོས་ཀྱི་དབང་ཕྱུག་ཉིད་ཀྱི་བསྒྱུར་བའོ། ་