| Wylie | e-texts based on the ACIP/ALL Input |
སོ།། ། །ཏཱ་ར་ནའི་སྒྲུབ་ཐབས་ཀྱི་འགྲེལ་པ་བཞུགས་སོ།། །།རྒྱ་གར་སྐད་དུ་།ཀཾ་ཀ་ལ་ཏཱ་ར་ན་སཱ་དྷ་ནཾ་ཊཱི་ཀཱ་པ་ར་ཧི་ཧ་ནཱ་མ། བོད་སྐད་དུ། ཀེང་རུས་ཏྲ་ནའི་སྒྲུབ་ཐབས་ཀྱི་འགྲེལ་པ་གཞན་ལ་ཕན་པ་ཞེས ་བྱ་བ། དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །བླ་མ་རྡོ་རྗེ་ཕག་མོ་ཡི། །ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། །བློ་དམན་རྣམས་ཀྱིས་རྟོགས་བྱའི་ཕྱིར། །དེའི་གྲུབ་ཐབས་བདག་གིས་བཤད། །རྡོ་རྗེའི་ཁྲུས་ནི་བྱས་ནས་ནི། ཞེས ་པ་ལ་སོགས་པའི་དོན་ནི་སྔགས་པས་དབེན་ཞིང་ཡིད་དུ་འོང་བའི་གནས་སུ་སྟན་བདེ་བ་ལ་འདུག་ནས། །སེམས་ཅན་རྣམས་བྱང་ཆུབ་ལ་དགོད་པར་བསམ། །བླ་མ་རྣམས་སྤྱི་བོར་བལྟ། དག་པས་སུམ་བརྗོད་པས་བདག་ཉིད་ལྷ་མོའི་ང་རྒྱལ་དུ་བྱ།། ་གདོང་བཞི་པས་སྲུང་འཁོར་བྱ། རྣམ་པར་སྦྱངས་པའི་བདུད་རྩིས་ཁྲུས་བྱས་ལ་གོ་བགོ་།དེའི་འོག་ཏུ་སེམས་རྩེ་གཅིག་གི་ཡི་གེ་བརྒྱད་ཀྱི་རྡོ་རྗེ་རྣལ་འབྱོར་མའི་རང་བཞིན་བསྒོམ་པར་བྱ་སྟེ། དེ་ལ་འཁོར་ལོ་འདི་ནི་ནམ་མཁའ་འདྲ་ཞེས་པ་ནི་ཕྱོགས ་སྣོད་ཀྱི་འཇིག་རྟེན་ནི་ནམ་མཁའ་དང་འདྲ་སྟེ་མཛའ་མེད་པའོ། །བདེ་བ་ཆེན་པོས་རབ་ཏུ་གང་ཞེས་པ་ནི་དེ་ཉིད་གདོད་མ་ནས་མ་སྐྱེས་པའི་ཕྱིར་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ནོ། །ཐུབ་པ་བོ། མཚམས་མེད་པར་བཞུགས། ཞེས་པ་ནི་ནང་བཅུད་ཀྱིས ་སེམས་ཅན་རྣམས་ངོ་བོ་ཉིད་ཀྱི་རང་བཞིན་ཡིན་པས་སོ། །དེ་ཡང་བརྟག་པ་གཉིས་པ་ལས། །སེམས་ཅན་རྣམས་ནི་སངས་རྒྱས་ཏེ། །འོན་ཀྱང་བློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་ཉིད། །ཅེས་བྱ་བ་དང། རང་དང་རང་གི་རྟོག་པ ་ལས། སངས་རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་ཡིན་ནོ་ཞེས་གསུངས་པས་སོ། །ཐུབ་པ་ནི་སྒྲིབ་པ་གཉིས་ཐུབ་པའོ། །གོ་མཚམས་མེད་པ་ནི་སྣོད་ཀྱིས་ཁྱབ་ཆད་དུ་བཅུད་ཀྱིས་ཁྱབ་ན་གོ་མཚམས་མེད་པས་སོ། །བདེ་བ་དག་གིས ་བརྗོད་མི་ནུས། །ཞེས་པ་ནི་གཉིས་ཀ་བདེ་བ་ཆེན་པོའི་ཡེ་ཤེས་ཡིན་པས་བརྗོད་དུ་མེད་པའོ། །ཡང་ན་འཁོར་ལོ་འདི་ནི་ནམ་མཁའ་བ་ནི། ལུས་ནི་ནམ་མཁའ་དང་འདྲ་སྡེ་རང་བཞིན་མེད་པས་སོ། །བདེ་བ་ཆེན་པོས་རབ་ཏུ་གང། ཞེས་པ་ནི་ལུས་ཀྱི་རྩ་དང ་ཐིག་ལེ་ལ་བརྟེན་ནས་བདེ་བ་ཆེན་པོ་སྐྱེ་བས་སོ། །ཐུབ་པ་གོ་མཚམས་མེད་པར་བཞུགས། །ཞེས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལྷ་དང་ལྷ་མོའི་རང་བཞིན་ཡིན་པས་སོ། །དེ་བ་དག་གི་བརྗོད་མི་ནུས་ནི། །ཡེ་ཤེས་ཆེན་པོ་དེ་བརྗོད ་པའི་ཡུལ་ལས་འདས་པའོ། །ཡང་ན་འཁོར་ལོ་འདི་ནི་དོན་དམ་གྱི་བདེན་པའོ། །ནམ་མཁའ་དྲ་ནི་སྤྲོས་པ་མེད་ཅིང་མཛའ་དབུས་དང་བྲལ་བའོ། །བདེ་བ་ཆེན་པོས་རབ་ཏུ་གང་ན་ཡེ་ཤེས་དེ་མི་རྟོག་ཅིང་མི་འགྱུར་པས་སོ། །ཐུབ་པ་གོ་མཚམས་མེད་པར ་བཞུགས་ནི། དུས་གསུམ་གྱི་སངས་རྒྱས་རྣམས་ཏེ། ཡེ་ཤེས་དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །བདེ་བ་དག་གི་བརྗོད་མི་ནུས་ནི། དོན་དམ་གྱི་བདེན་བདེ་ནི་ཤེས་བརྗོད་ཐམས་ཅད་ལས་འདས་པའོ། །དེ་དག་ནི་ཡི་གེ་ནའི་དོན་བཤད་པའོ།། ་ནམ་མཁའ་གཉིས་ནི་ཁ་སྦྱོར་ལས། །ཞེས་བ་ནི་ནམ་མཁའ་དང་ས་གཞི་གཉིས་ཁ་སྦྱོར་གྱི་རྣམ་པའོ། །དབང་ཕྱུག་རྒྱུར་སྨྲ་བ་རྣམས་ན་རེ། ནམ་མཁའ་ལ་ནི་དབང་ཕྱུག་ཆེན་པོའོ། །ས་གཞི་ནི་ལྷ་མོ་ཨུ་མའོ་ཞེས་བྱ་སྟེ། ཁམས ་གསུམ་བརྟན་གཡོ་རྣམས་དེ་ལས་བྱུང་བའོ། །ནམ་མཁ་སྐབ་ཕྱེ་ས་གཞིས་བརྟེན་བྱས་པའི་ཕྱིར་རོ། །དེ་བས་ན་ཐམས་ཅད་ཀྱི་བྱེད་པ་པོ་དབང་ཕྱུག་ཡིན་ནོ་ཞེས་ཟེར་རོ། །དེས་ན་ཐབས་དང་ཤེས་རབ་ལས་མ་འདས་པའོ། །འཁོར་ལོ་དྲུག་པོ་འོད་ཟེར ་རྫོགས་ནི། དེ་གཉིས་ལ་བརྟེན་ནས་རིགས་དྲུག་གནས་པའོ། །འགྲོ་དྲུག་རྒྱུ་ནི་མེད་པར་བྱེད་ནི། རང་བཞིན་གྱིས་སྟོང་པའོ། །ཡང་ན་ནམ་མཁའ་གཉིས་ནི་ཁ་སྦྱོར་ལས་ནི་ལུས་དང་སེམས་སོ། །དེ་གཉིས་ལ་འགྲོ་བ་རིགས་དྲུག་གྲུབ་ནས་དབང་པོ་དྲུག ་རྫོགས་པར་བྱུང་བའོ། །དེ་གཉིས་ཀྱི་རྒྱུ་ལས་དང་ཉོན་མོངས་པ་ཡིན་ལ། གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་དེ་སྤོང་བར་བྱེད་པའོ། །དེ་ནི་ཡེ་ཤེས་ཆེན་པོའི་གནས་ནི་ཆོས་ཀྱི་སྐུའི་ཡེ་ཤེས་དེ་ནི་བདེ་བ་ཆེན་པོའི་རང་བཞིན་ནོ། །ཡང་ན་ནམ་མཁའ་གཉིས ་ནི་ཁ་སྦྱོར་ལས་ནི། ཐབས་དང་ཤེས་རབ་བོ། །འཁོར་ལོ་དྲུག་གི་འོད་ཟེར་རྫོགས་ནི། ཟུང་འཇུག་གི་ཡེ་ཤེས་ལས་སངས་རྒྱས་དྲུག་འབྱུང་བའོ། །འགྲོ་དྲུག་རྒྱུ་ནི་མེད་པར་བྱེད་ནི། སངས་རྒྱས་དྲུག་པོ་དེ་ཉིད་ལ་ཡང་རང་བཞིན་མེད་དེ། ཆོས་ཀྱི ་སྐུ་ཡིན་པའི་ཕྱིར་རོ། །དེ་ནི་ཡེ་ཤེས་ཆེན་པོའི་གནས་ནི། ཆོས་ཀྱི་སྐུ་དེ་ཉིད་ཡེ་ཤེས་ལྔའི་རང་བཞིན་ཡིན་པའི་ཕྱིར་རོ། །ཡི་གེ་མའི་བཤད་པའོ། །ཤྲཱི་ཡིས་འཁོར་ལོ་སྐྱེད་པར་བྱེད་ནི། འཁོར་ལོ་ནི་དམར་པོ་ཨཱ་ལི་ཀཱ་ལིའི་སྙིང་བོ་ཅན་ནོ། ། ་འདབ་མ་གསུམ་ལྡན་ནི་གསུམ་པའོ། །སྐུད་པ་ཅན་ནི་རེའུ་མིག་བཞི་བཅུ་ཞེ་དགུ་སོ་སོར་འབྱེད་པའི་རེ་ཁཱའོ། །དེ་ཉིད་གསུམ་གྱི་རང་བཞིན་ལྡན་ནི། ལུས་ངག་ཡིད་གསུམ་གྱི་ངོ་བོ་ཡང་ན་སྐུ་གསུམ་གྱི་རང་བཞིན་ནོ། །གསུམ་པོ་ལམ་དུ ་བཤད་པ་ཡིན་ན། ལུས་ངག་ཡིད་གསུམ་གྱི་མི་དགེ་བ་རྣམས་སྤོང་ཞིང་དགེ་བ་རྣམས་སྤྱོད་པ་ནི་གསུམ་པོ་ལམ་དུ་བཤད་པའོ། །ཡང་ན་རླུང་འབྱུང་འཇུག་གནས་པ་གསུམ་ངོ་བོ་ཉིད་ཀྱིས་ཡི་གེ་གསུམ་ལྷ་གསུམ་གྱི་བདག་ཉིད་དུ་གནས་པ་དང། བསྒོམས་པས ་སྐུ་གསུམ་པོ་ཐོབ་པ་ནི་གསུམ་པོ་ལམ་དུ་བཤད་པའོ། །ཡི་གེ་ཤྲཱིའི་བཤད་པའོ། །བ་ལས་སྐྱེས་པ་རྒྱལ་མཚན་ཏེ། ཅེས་པ་ནི་ཁ་ཊཝཱཾ་ག་ལ་འཕྱང་བའི་བདན་ནོ། །དེ་ཉིད་ཕྱག་རྒྱ་བཞི་ཡིས་བརྒྱན་ནི། །ལས་ཀྱི་ཕྱག་རྒྱ་དང། དམ་ཚིག་གིས་ཕྱག་རྒྱ་དང། ཆོས ་ཀྱི་ཕྱག་རྒྱ་དང་རྒྱ་ཆེན་པོ་སྟེ་དེའི་བཞིའི་བདག་ཉིད་དོ། །ཡང་ན་ཕྱག་རྒྱ་བཞིའི་རྒྱན་ནི་འདུས་བྱས་ཐམས་ཅད་མི་རྟག་པ་དང། ཆོས་ཐམས་ཅད་བདག་མེད་པ་དང། ཟག་བ་དང་བཅས་པ་རྣམས་སྡུག་བསྔལ་བ་དང། མྱ་ངན་ལས་འདས་པ་ནི་ཞི་པས་ཏེ ་བཞི་དང་ལྡན་པས་མཚོན་པའོ། །བསམ་གཏན་བཞི་དང་ལྡན་པའི་མཆོག་ནི་བསམ་གཏན་བཞིའི་རང་བཞིན་ཡིན་པས་དེ་འཐོབ་པར་གྱུར་པའོ། །རྣམ་ཐར་བཞི་ཡང་དེ་ལས་འགྲུབ་ནི། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང། ་མངོན་པར་འདུས་མ་བྱས་པ་སྟེ། དེ་རྣམས་ཀྱང་ཐོབ་པར་འགྱུར་ཞེས་པའི་དོན་ཏོ། །ཡི་གེ་བའི་བཤད་པའོ། །ཛ་ལས་བཀྲ་ཤིས་འབྱུང་བ་ཡིས་ཞེས་པ་ནི། གཡུང་དྲུང་འཁྱིལ་པའོ། །ཤིན་ཏུ་མྱུར་བར་འཁོར་བ་ལས་ཞེས་པ། སྟེང་དུ་གཡུང ་དྲུང་འཁྱིལ་པ། དེའི་འོག་ཏུ་འཁོར་ལོ། །དེ་གཉིས་དྲུག་ཏུ་འཁོར་བས་སོ། །དགའ་བ་མཆོག་དགའ་ཨི་རང་བཞིན་ཅན་ནི། ཧཾ་ལས་ཐིག་ལེ་བསམ་པ་ལས་དགའ་བ་གསུམ་པོ་རིམས་ཀྱིས་སྐྱེ་བོའོ། །ལྷན་ཅིག་སྐྱེས་པ་སྟེར་བར་བྱེད་ཅེས་པ་ནི་ཐིག ་ལེ་ལས་ཨཾ་ལ་སླེབ་པའི་དུས་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས་ཏེ། མི་རྟོག་པའི་རང་བཞིན་དུ་འགྱུར་རོ། །ཡི་གེ་ཛའི་བཤད་པའོ། །ཛོ་ལས་བྱུང་བའི་དོན་མཆོག་ནི། ཞེས་པ་ནི་དེའི་དོན་བཤད་པར་བྱ་ཞེས་བའི་དོན་ཏོ། །སྙོམས་འཇུག་རྫོགས་པའི ་ངོ་བོར་འདོད། ཅེས་པ་ནི་ཐབས་དང་ཟུང་དུ་འཇུག་པ་སྟེ། ལས་ཀྱི་ཕྱག་རྒྱ་མལ་བརྟེན་པ་འམ། རྩ་དང་ཐིག་ལེ་ལ་བརྟེན་པས་སོ། །གཉིས་མེད་ཡེ་ཤེས་མཐོང་བར་བྱེད། ཅེས་པ་ནི་སྙོམས་འཇུག་མཛའ་ཐུག་པ་ལས་ལྷན ་ཅིག་སྐྱེས་པའི་ཡེ་ཤེས་ངོས་བཟུང་བའོ། །ཕྱག་རྒྱ་ཆེན་པོ་སྟེར་བར་མཛད་ཅེས་པ་ནི་ཡེ་ཤེས་དེ་ཉིད་ལ་རྒྱུན་མི་འཆད་པར་གོམས་པར་བྱས་པས་སངས་རྒྱས་ཐོབ་བར་བྱེད་དོ་ཞེས་པའི་དོན་ཏོ། །གཞན་ཡང་གི་ལས་བྱུང་བ་ནི། ཉི་མའི་གཟུགས་དང ་ཟླ་བ་རྒྱས་ཞེས་གསུངས་ཏེ། གཡས་དང་གཡོན་དུ་རྒྱུ་བའི་རླུང་གཉིས་དབུ་མར་མཛད་པའོ། །དེ་ནི་གར་ཡང་གནས་པ་མེད་ཅེས་པ་ནི། རླུང་དབུ་མར་ཚུད་པ་ན་གར་ཡང་མི་གནས་པ་སྟེ། མ་རྟོག་པར་འགྱུར་བའོ། །ཆོས་ཀྱིས་སྐུ་ཡི་གནས་ཀྱང ་སྟེར་ཅེས་པ་ནི་སྟོང?་པ་ཉིད་ཀྱི་ཡེ་ཤེས་ལས་ཆོས་ཀྱི་སྐུ་ཐོབ་པས་ན་རྒྱུ་ཡིན་ནོ། །ཡི་གེའི་དོན་བཤད་པའོ། །ནི་ལས་བྱུང་བའི་དོན་འགོག་ནི། །བླ་མ་དམ་པའི་མན་ངག་གིས་ཞེས་གསུངས་ཏེ། བླ་མ་དམ་པ་ནི་གསང་སྔགས་ཀྱི་ཐེག་པ་སྟོན་པའི ་སློབ་དཔོན་རྣམས་སོ། །མན་ངག་གིས་ནི་རིམ་པ་གཉིས་ཀྱི་རྣལ་འབྱོར་རོ། །བརྟན་གཡོ་ཐམས་ཅད་སྟོང་པར་ཤེས་ནི་ཁམས་གསུམ་སྣོད་དང་བཅུད་དུ་བཅས་པ་རང་བཞིན་མེད་པར་ཁོང་དུ་ཆུད་པའོ། །དེ་ཡིས་སངས་རྒྱས་མྱུར་དུ་ཐོབ་ནི། དེ་ལྟ་བུའི་རྩལ ་འབྱོར་པས་རིང་པོ་མི་ཐོགས་པར་སངས་རྒྱས་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་ནི་བཤད་པའོ། །ཡི་གེ་དེ་བརྒྱད་དཀྱིལ་འཁོར་ནི་ཞེས་པ་ནི་ཡི་གེ་དེ་བརྒྱད་ཀྱི་དོན་ནི་རྡོ་རྗེ་རྣལ་འབྱོར་མའི་རང་བཞིན་ནོ། །དཀྱིལ་འཁོར་ནི་འཁོར་ལོ ་སྟེ། །དམར་པོ་གྲུ་གསུམ་པ་ཨཱ་ལི་ཀཱ་ལིའི་སྙིང་པོ་ཅན་ནོ། །དངོས་གྲུབ་འདོད་པས་བྲི་བར་བྱ་ནི། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་འཁོར་ལོ་བྲིས་ལ་ཕྱི་རོལ་གྱི་མཆོད་པ་བྱའོ་ཞེས་པའི་དོན་ཏོ། །འཁོར་ལོ་དེ་ཅི་ཡིས་བྲི་བར ་བྱ་ཞེ་ན། བདུད་རྩི་ལྔ་ལ་སོགས་པའི་ཁུ་བའི་རྣམ་པ་ཅི་ཡོད་པས་སོ། །གདམས་པས་གཟབས་ཏེ་བྲི་བར་བྱ་ནི་བླ་མའི་མན་ངག་བཞིན་དུ་མ་འཁྲུལ་བར་བྲི་བར་བྱའོ། །དེ་དག་གིས་ནི་གུག་པོ་བྲི་ནི་ཆོས་འབྱུང་ལ་དང། ཨཱ་ལི་ཀ་ལིའི་སྙིང་པོ་ཅན་གཡུང ་དྲུང་འཁྱིལ་པ་བཞི་དང་བཅས་པ་བྲིས་ལ། ཡེ་ཤེས་སེམས་དཔའ་བཀུག་ལ་བསྟིམ་མཆོད་པ་དང་བསྟོད་པ་ནས་གཤེགས་སུ་གསོལ་བར་དུ་དེ་ཁོ་ན་ཉིད་ཡེ་ཤེས་གྲུང་པའི་སྒྲུབ་ཐབས་ནས་བཤད་པ་བཞིན་དུ་བྱའོ། །དེ་ནི་ཕྱི་རོལ་གྱི་མཆོད་པ་བསྟན ་ནས། ནང་ལྷའི་རྣལ་འབྱོར་བསྒོམ་པ་བསྟན་པར་བྱ་སྟེ། དེ་ལ་ཀེང་རུས་ཏཱ་ར་ན་ཞེས་པ་ནི་ཀེང་རུས་སུམ་ཅུ་རྩ་གཉིས་ཀྱིས་ཕྱོགས་བཞིར་བསྐོར་བ་བཅུ་དྲུག་གིས་གདུགས་བྱས་པའི་དབུས་ན་ལྷ་མོ་བསྒོམ་པའོ། །དམ་ཆོས་བདུད་རྩི་དེ་ཉིད་ཡིན ་ཞེས་པ་ནི་རིམ་པ་གཉིས་རྣལ་འབྱོར་བྱ་བ་སྟེ། ཆོས་རྒྱས་པའི་དེ་ཁོ་ན་ཉིད་ཡེ་ཤེས་གྲུབ་པ་ནས་བཤད་པ་བཞིན་ནོ། །སྒོའི་མན་ངག་དེ་ཉིད་ཡིན་ཞེས་པ་ནི་ཕྱོགས་གསུམ་གྱི་ཀེང་རུས་རྣམས་ནི་སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་སོ། །ཕྱོགས ་གཅིག་གི་ཀེང་རུས་རྣམས་ནི་བདེ་བ་ཆེན་པོའི་འཁོར་ལོའི་ལྷ་མོ་བཞི་དང་ཐོད་པ་བཞི། གདུགས་ཀྱི་བཅུ་དྲུག་ལ་བརྒྱད་ནི་དམ་ཚིག་གི་འཁོར་ལོའི་ལྷ་མོ་བརྒྱད་པའོ། །བརྒྱད་ནི་དུར་ཁྲོད་བརྒྱད་དོ། །དེ་རྣམས་ཀྱི་བསྐོར་བའི་དབུས་ན་ལྷ་མོ ་གཞུགས་པའོ། །གཡོན་གྱི་ཁ་ཊཝཱཾ་ག་ནི་དཔལ་བདེ་མཆོག་གོ་།དེ་ལྟར་ན་འདི་ལྟར་བསྒོམས་པས་དཔལ་བདེ་མཆོག་གི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསྒོམས་པར་འགྱུར་པའོ། །དེས་ནི་ལྷ་མོ་བསྒོམ་པ་བསྟན་ཏོ། །ད་ནི་ཡབ་ཡུམ ་མཉམ་པར་སྦྱོར་བའི་རྣལ་འབྱོར་བསྟན་པར་བྱ་སྟེ། དེའི་དབུས་ན་མཁའ་འགྲོའི་གཙོ། །ཡི་གེ་ནི་ལས་བྱུང་བ་ནི། །ཞེས་པ་ནི་བདག་ཉིད་ལྷ་མོར་བསྒོམས་པའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ནི་ལས་བྱུང་བའི་དཔལ་འཁོར་ལོ ་སྡོམ་པ་ཞལ་གཅིག་ཕྱག་གཉིས་པར་གྱུར་པའོ། །རྡོ་རྗེ་རྣལ་འབྱོར་མ་དང་བཅས། །དེ་ནི་མ་ལས་བྱུང་ཞེས་བརྗོད་ཅེས་པ་ནི་ཡི་གེ་དེ་གཉིས་ལས་ཡབ་ཡུམ་གཉིས་དུས་གཅིག་ལས་བྱུང་བའོ། །བདག་ཉིད་ཡིན་པར ་རྟོགས་ཀྱིས་ལ་ནི་སྟོང་བ་ཉིད་དང་སྙིང་རྗེ་གཉིས་རོ་གཅིག་པར་བསྒོམ་པའོ། །ལྷན་སྐྱེས་ཡེ་ཤེས་སྒྲུབ་པར་བྱ་ནི། ཡབ་ཡུམ་གཉིས་སྙོམས་འཇུག་བྱས་པ་ལས་བདེ་བ་ཆེན་པོའི་ཡེ་ཤེས་བསྐྱེད་པའོ། །ཚོགས་གཉིས་བསགས་པས་ཡེ་ཤེས ་སྐྱེ་ནི་ཐབས་དང་ཤེས་རབ་གཉིས་ཟུང་དུ་འཇུག་པ་གཉིས་སུ་མེད་པའི་ཡེ་ཤེས་སྐྱེ་བའོ། །དེ་ཉིད་དེའི་ཐབས་སུ་བཤད་ནི། སྔགས་ཀྱི་ཐེག་པ་འདིར་ཐབས་དང་ཤེས་རབ་ཀྱི་སྙོམས་འཇུག་ལས་མི་རྟོག་པ་སྐྱེ་བ་འདི་ཉིད་ཐབས་སུ་གསུངས ་པའོ། །རབ་དགའ་ལ་སོགས་ས་བཅུ་པོ། །སངས་རྒྱས་རྣམས་ཀྱི་ལམ་དུ་གསུངས་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ནི་ལམ་ལྔ་དང། ཕ་རོལ་ཏུ་ཕྱིན་པ་དྲུག་དང། ས་བཅུ་པོ་སངས་རྒྱས་ཀྱི་ལམ་དུ་གསུངས་སོ། །སྙོམས་འཇུག ་ཡོངས་སུ་རྫོགས་པ་ལས་ནི་ཡབ་ཡུམ་སྲུབ་པའི་སྦྱོར་བ་བྱས་པས་སོ། །ཐིག་ལེ་གཉིས་པོ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་དོན་དམ་བྱང་ཆུབ་ཀྱི་སེམས་སོ། །འོད་ཟེར་འཕྲོ་བ་ནི་དགའ་བ་བཞི་རིམ་གྱིས་སྐྱེ་བའོ། །ཐིག་ལེ་ལ་ནི་ཐིག ་ལེ་ཐིམ་ནི་ལྷན་སྐྱེས་གྱི་དགའ་བ་སྟེ་གཉིས་མེད་ཀྱི་ཡེ་ཤེས་སོ། །མཁས་པ་ཡིས་ནི་བསྒོམ་བར་བྱ་ནི་བླ་མའི་མན་ངག་ཁོང་དུ་ཆུད་པའི་རྣལ་འབྱོར་པས་བསྒོམ་པ་བྱ་ཞེས་པའི་དོན་ཏོ། །འདི་རྣམས་བསྒོམ་པ་བྱས་པ་ཡིས། །མཚན་དང་དཔེ ་བྱད་ཐོབ་པར་འགྱུར་ཞེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་བསྒོམ་པ་ལས་མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱང་བཟང་པོ་བརྒྱད་ཅུ་ལྡན་པའི་སངས་རྒྱས་ཐོབ་པར་འགྱུར་རོ་ཞེས་པའི་དོན་ཏོ། །ཡང་རྣལ་འབྱོར་མའི་འདྲ་བ་གཞན་སྟོན་ཏེ། ་འདི་ལས་སྐྱེས་པའི་རྣལ་འབྱོར་མ་ནི། ཐབས་དང་ཤེས་རབ་ལས་བྱུང་བའི་ཟུང་འཇུག་གི་ཡེ་ཤེས་སོ། །རྡོ་རྗེ་རྣལ་འབྱོར་མ་རུ་གྱུར་ནི་བདེ་བ་ཆེན་པོའི་ཡེ་ཤེས་དེ་ལས་རྡོ་རྗེ་རྣལ་འབྱོར་མའི་སྐུ་རུ་གྱུར་པའོ། །ལྟེ་བའི་ནང་སོགས་པདྨ་བལྟ་ནི། སྤྲུལ་པའི ་འཁོར་ལོའི་སྟེང་དུའོ། །ཉོན་མོངས་ཐམས་ཅད་བྱང་བར་བྱེད་ནི། དེ་ལྟར་བསྒོམས་པས་སྒྲིབ་པ་གཉིས་སྤོང་བའོ། །ཡི་གེ་དྲུག་གི་ལྷ་མོའི་གནས་དྲུག་ཏུ་གོ་བགོ་བ་ནི་གོ་སླའོ། །ཕྱག་འཚལ་ཡི་གེ་ཐམས་ཅད་ལས་ནི་ཡི་གེ་བརྒྱད་པའོ། །ལྷ ་མཆོག་ཏུ་ནི་བྱིན་གྱིས་བརླབ་ནི་ཡི་གེ་དེ་བརྒྱད་ལས་ཡབ་ཡུམ་གཉིས་དང་གོ་ཆའི་ལྷ་མོ་དྲུག་བསྐྱེད་པའི་ས་བོན་ཡིན་ནོ་ཞེས་པའི་དོན་ཏོ། །བདེ་བ་ཆེན་པོ་ལས་སྐྱེས་པ་ནི་ཟུང་འཇུག་ལྷན་སྐྱེས་ཀྱི་ཡེ་ཤེས་ལས་ལྷ་མོ་དེ་བྱུང་བས་སོ། །ཟབ་མོར་བྱུང ་བའི་མན་ངག་གོ་ནི། རྣལ་འབྱོར་འདི་རྟོགས་པར་དཀའ་བ་སྟེ། མན་ངག་འདི་ཤིན་ཏུ་ཡང་ཁོང་དུ་ཆུད་པར་དཀའ་བའོ། །ཞེས་པའི་དོན་ཏོ། །དེ་དོན་ཡང་ནི་བཤད་པར་བྱ་ནི། ཟབ་མོའི་དོན་གྱི་རྣལ་འབྱོར་མི་འདྲ་བ་གཞན་ཡང་བསྟན་པར་བྱའོ་ཞེས ་པའི་དོན་ཏོ། །བསྲུབ་པའི་སྦྱོར་བའི་ནང་དུ་ནི་ཞེས་པའི་རྡོ་རྗེ་དང་པདམོ་གཉིས་བསྲུབ་པ་ལས་ཐིག་ལེ་བྱུང་བའོ། །ན་ལས་འཁོར་ལོ་སྡོམ་པ་བྱུང་ནི། ཐབས་ཀྱི་ཐེག་ལེ་ན་རུ་གྱུར་པ་ལས་འཁོར་ལོ་སྡོམ་པ་བྱུང་བའོ། །མ་ལས་རྡོ་རྗེ་རྣལ་འབྱོར་མ་ནི ་ཤེས་རབ་ཀྱི་ཐིག་ལེ་མ་རུ?་གྱུར་པ་ལས་རྡོ་རྗེ་རྣལ་འབྱོར་མ་བྱུང་བའོ། །པདྨར་ཡི་གེ་བྷ་ག་ལས་ནི་ཡུམ་གྱི་བྷ་གའི་ནང་དུ་ཡི་གེ་དེ་གཉིས་ལས་ཡབ་ཡུམ་གཉིས་བྱུང་བའོ། །བདེ་བ་ཆེན་པོ་ལས་སྐྱེས་པ་ནི། ལྷན་ཅིག་སྐྱེས་པའི་ཡེ་ཤེས ་ལས་བྱུང་བའོ། །དེ་ཉིད་རྣལ་འབྱོར་མ་རུ་ཤེས་ནི། ཤེས་རབ་ཀྱི་རང་བཞིན་ཡིན་པས་རྣལ་འབྱོར་མའོ། །རྡོ་རྗེ་གཉིས་ཀྱི་དབུས་གནས་པའི་ནི་རྡོ་རྗེ་པདྨའི་དབུས་ན་ཡོད་པའོ། །དམ་པ་དེ་ནི་ཤིན་ཏུ་བསྟན་ནི། །འདི་ནི་ཕྲ་མོའི་རྣལ་འབྱོར ་ཡིན་པས་གསལ་པོར་བསྟན་པར་བྱའོ། །རྩ་བར་འཁོར་ལོ་ཡོད་པ་ལ་ནི། འདིར་འཁོར་ལོ་གསུམ་པདྨ་དང་བཞི་རྩེག་ཏུ་བསྒོམ་པའོ། །རྩིབས་བརྒྱད་འོད་དང་བཅས་པའོ། །དཀར་པོ་ཕྱི་རོལ་འཁོར་ལོས་བསྐོར། ། ་སྟོབས་དང་ལྡན་པ་ལ་སོགས་བརྒྱད། །གཡོན་ཕྱོགས་སུ་ནི་རབ་བསྐོར་ཞི། །དབུས་ན་ཡེ་ཤེས་རྒྱ་མཚོའོ། །ཞེས་པ་ནི་སྐུའི་འཁོར་ལོའོ། །འཁོར་ལོའི་ཤར་ཕྱོགས་ཀྱི་རྩིབས་ལ་སྟོབས་པོ་ཆེ། བྱང་དུ་རིན་ཆེན་རྡོ་རྗེ། ནུབ་ཏུ་རྟ་མགྲིན། ་ལྷོ་རུ་ནམ་མཁའ་ཨི་སྙིང་པོ། ཤར་ལྷོར་དཔལ་ཧེ་རུ་ཀ། བྱང་ཤར་དུ་རྡོ་རྗེ་སེམས་དཔའ་། ནུབ་བྱང་དུ་རྣམ་པར་སྣང་མཛད། ལྷོ་ནུབ་ཏུ་པདྨ་གར་གྱི་དབང་ཕྱུག་གོ་།དབུས་ན་ཡེ་ཤེས་རྒྱ་མཚོ་སྟེ་སྐུ་རྡོ་རྗེའོ། །འཁོར་ལོ་དམར་པོ་རྩིབས ་བརྒྱད་པ། །པདྨའི་ཕྲེང་བས་བསྐོར་བའོ། །འཇིགས་བྱེད་ལ་སོགས་བརྒྱད་པོ་ནི། །འཁོར་ལོའི་རྩིབས་བརྒྱད་ལ་གནས་ཤིང། །གཡས་ཕྱོགས་སུ་ནི་རབ་ཏུ་བསྐོར། །ཆོས་ཀྱི་ཞལ་ནི་དབུས་གནས་པའོ། །ཞེས་བ་ནི་གསུང ་གི་འཁོར་ལོའོ། །ཤར་གྱི་རྩིབས་ལ་འཇིགས་བྱེད་ཡང་ན་ཨཾ་ཀུ་རིའོ། །ལྷོ་ཕྱོགས་སུ་རྡོ་རྗེ་ཧཱུཾ་མཛད། ནུབ་ཕྱོགས་སུ་དཔའ་བོ་ཆེན་པོ། །བྱང་དུ་རྡོ་རྗེ་རལ་ཅན། ཤར་ལྷོར་རབ་ཏུ་བཟང་པོ་།ལྷོ་ནུབ་ཏུ་རྡོ་རྗེ་བཟང་པོ། ནུབ ་བྱང་དུ་འཇིགས་བྱེད་ཆེན་པོ། བྱང་ཤར་མིག་མི་བཟང་ངོ། །དབུས་སུ་ཆོས་ཀྱི་ཞལ་ཏེ་གསུང་རྡོ་རྗེའོ། །རྡོ་རྗེ་རིན་ཆེན་འཁོར་ལོ་དབུས། །རྩིབས་བརྒྱད་འོད་དང་བཅས་པའོ། །རྡོ་རྗེ་ནག་པོའི་ཕྲེང་བས་བསྐོར། །ཐོད་པའི་དུམ་བུ་ལ ་སོགས་བརྒྱད། །དབུས་མ་སྙོམས་འཇུག་རང་བཞིན་བསྟན། ཞེས་པ་ནི་ཐུགས་ཀྱི་འཁོར་ལོའོ། །ཤར་གྱི་རྩིབས་ལ་ཁཎྜ་ཀ་པཱ་ལ། བྱང་དུ་མཧཱ་ཀཾ་ཀ་ལ་།ནུབ་ཏུ་ཀཾ་ཀ་ལ། ལྷོ་རུ་མཆེ་བ་རྣམ་པར་བརྩིགས་པ། ཤར་ལྷོ་རུ་སུ་ར་པཱི?་རི། ལྷོ་ནུབ་ཏུ ་འོད་དཔག་མེད། །ནུབ་བྱང་དུ་རྡོ་རྗེའི་འོད། །བྱང་ཤར་དུ་རྡོ་རྗེའི་སྐུའོ། །དབུས་ན་སྙོམས་འཇུག་གི་རང་བཞིན་ཏེ་ཐུགས་རྡོ་རྗེ། བསྐལ་པ་འཇིགས་པའི་མེ་ལྟ་བུ་ནི། ཇི་ལྟར་བསྐལ་པ་འཇིགས་པའི་མེས་སྣོད་ཀྱི་འཇིག་རྟེན་མ་ལུས་པར་བསྲེག ་པ་བཞིན་དུ་འཁོར་ལོ་འདི་རྣམས་ཀྱི་འོད་ཀྱིས་ཀྱང་སྒྲིབ་པ་གཉིས་མ་ལུས་པར་སྲེག་པར་བྱེད་པའོ། །སྐུར་ཅན་པདྨ་རྡོར་དྲིལ་དབུས་ནི། སྣ་ཚོགས་པདྨ་འདབ་མ་བཞི་པའོ། །མཁས་པ་ཡིས་ནི་བསྒོམས་པར་བྱ་ནི། འཁོར་ལོའི་སྟེང་དུ་པདྨ་དེ་ལ། ་དཔའ་བོ་དྲུག་གི་གོ་ཆའི་སྔགས་དགོད་པར་བྱ་བ་སྟེ་གོ་སླའོ། །འཁོར་ལོ་རྣམས་ཀྱི་རིམ་པ་ཡང། །སྐུའི་འཁོར་ལོའི་སྟེང་དུ་གསུང་གི་འཁོར་ལོའོ། །དེའི་སྟེང་དུ་ཐུགས་ཀྱི་འཁོར་ལོའོ། །མེ་ལྟར་འབར་བའི་འོད་མངའ་བ་ནི། །འཁོར་ལོ་དེ་རྣམས ་ལ་མེད་པུང་འབར་འོད་འཕྲོ་བས་ཕྱི་ནང་གི་བར་ཆད་རྣམས་བསྲེག་པའོ། །སྔར་བཤད་པའི་འཁོར་ལོ་ནི་གོང་དུ་བསྟན་པའི་འཁོར་ལོ་གསུམ་དང་པདྨའོ། །ཀ་ཀོ་ལའི་བར་དུ་འོ་ནི་ལྷ་མོའི་པདྨའི་ནང་དུའོ། །རྡོ་རྗེའི་རྩེ་མོ་དང་པདྨའི་ཕུག་གི་བར་དུ་བཞི་རྩེག ་ཏུ་བསྒོམ་པའོ། །རྒྱུན་མི་འཆད་པར་འཁོར་བར་བལྟ་ནི། འཁོར་ལོ་དེ་རྣམས་གཡོན་སྐོར་དུ་འཁོར་བར་བལྟའོ། །སྒོམ་པ་འདི་ལྟར་བསྒོམ་པར་བྱ་ནི་འཁོར་ལོ་རྣམས་རྒྱུན་མི་འཆད་པར་འཁོར་བ་ལ་སེམས་གཏད་པས་ཨཾ་ལས་མེ་ལངས ་པས་འཁོར་ལོ་གསུམ་པོ་བསྲེག་པའོ། །གཏོར་མ་དྲུག་ཅུ་རྩ་བཞི་སྦྱིན་ནི། སྤྱི་གཙུག་བདེ་བ་ཆེན་པོའི་འཁོར་ལོ་ལ་གནས་པའི་ཧཾ་བཞུ་ནས་བདུད་རྩིའི་རྒྱུན་མར་བབས་ཏེ། ལྟེ་བ་སྤྲུལ་པའི་འཁོར་ལོ་འདབ་མ་དྲུག་ཅུ་རྩ་བཞི་པ ་ལ་གནས་པའི་ཨཾ་ལ་བབས་པས། བདེ་བ་ཆེན་པོའི་ཡེ་ཤེས་སྐྱེས་པས་རྟོག་པ་མཛའ་དག་འགག་པའོ། །ཉོན་མོངས་རྣམས་ནི་བྱང་གྱུར་ཞིང།། ཞེས་བ་ནི་དེ་ལྟར་བསྒོམས་ན་སྒྲིབ་པ་གཉིས་མ་ལུས་པར་ཟད་པར་འགྱུར་རོ། ་ཕན་ཡོན་མཉམ་མེད་ཐོབ་པར་འགྱུར་ནི། འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་པའི་དོན་ཏོ། །ཟབ་མོར་གྱུར་པའི་རིམ་པའོ་ནི་དེ་རྣམས་ཤིན་ཏུ་ཟབ་པའི་རྣལ་འབྱོར་རིམ་པ་བཞིན་དུ་བཤད་པའོ། །ཡང་རྣལ་འབྱོར་མི་འདྲ་བ ་གཞན་སྟོན་ཏོ། །ན་ལས་ནཱ་དའི་གཟུགས་ཀྱིས་སོ་ནི། སྙིང་གར་ཡི་གེ་ན་གྱུར་པ་ལས་བདག་ཉིད་ཀྱི་ལུས་ནཱ་ད་ཤིན་ཏུ་ཕྲ་བར་གྱུར་བར་བསམ་མོ། །ཐབས་དང་བརྩེ་བ་དྲི་མ་མེད་ནི། དེ་ཉིད་ཐབས་ཡིན་ཏེ་དམིགས་པ་དང་བཅས་པས་སོ། །བརྩེ་བ་ནི་སྙིང་རྗེ་སྟེ་ནཱ་ད་དེ་ཀུན་རྫོབ་ཡིན་པས་སོ། །དྲི་མ ་མེད་ནི་རིགས་པར་འཛིན་པའི་ཤེས་པ་མེད་པས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་དངོས་ཀྱི་རྒྱུ་ཡིན་པས་སོ། །དངོས་པོའི་རང་བཞིན་སྤྱོད་པས་ནི་ནཱ་ད་དེ་ཡང་དཔྱད་ན་གང་གི་ངོ་བོར་ཡང་མ་གྲུབ་པའོ། །བདེ་བ་སྐྱེ་བ་སྦྱིན་པར་བྱེད་ནི་ཆོས་ཀྱི་སྐུའི་ཡེ་ཤེས་སྐྱེ་བའི་ཐོགས་པ་མེད་པའི་བྱེད་པས་སོ།། ་མ་ནི་སྟོང་བའི་ངོ་བོ་ལ་ནི། ནཱ་ད་དེ་ཡང་མ་དམིགས་པར་བྱས་ནས་འོད་གསལ་གྱི་ཡེ་ཤེས་སུ་གྱུར་པའོ། །ཤེས་རབ་ངེས་པའི་རང་བཞིན་ནི། །ཡེ་ཤེས་དེ་ལ་སངས་རྒྱས་ཤེས་བྱ་སྟེ། ཆོས་ཀྱི་སྐུའི་ཡེ་ཤེས་ཡིན་པས་སོ། །བདེ་བ་ཆེན་པོས་རབ་ཏུ་གང་ནི་ཡེ་ཤེས་ཏེ། མི་རྟོག ་ཅིང་མི་འགྱུར་བས་སོ། །ཕྱག་རྒྱ་ཆེན་པོ་དེ་ཉིད་ཡིན་ནི། །ཡེ་ཤེས་དེ་གང་གིས་མངོན་དུ་བྱས་པ་དེ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་ཡིན་ཏེ། མངོན་པར་རྫོགས་པར་སངས་རྒྱས་པའོ། །གཉིས་པོ་གཅིག་ཏུ་གྱུར་པ་ཡིན་ནི། །ནཱ་ད་སྟོང་བར་ཐིམ་ནས་འོད་གསལ ་གྱི་དང་དུ་གྱུར་པའོ། །རྟོག་པ་མེད་ཅིང་དྲི་མ་བྲལ་ནི། །ནམ་མཁའ་ལྟར་རྟོག་པ་དང་བྲལ་བས་གཟུང་འཛིན་གྱི་དྲི་མ་རྣམས་མ་ལུས་པར་ཟད་པའོ། །རང་བྱུང་ཡེ་ཤེས་མཉམ་པ་མེད་ནི། །འཇིག་རྟེན་ན་འགྲན་ཟླ་མེད་ཅིང་དཔེ་བརྗོད་ལས་འདས་པའོ། །འཇིག་རྟེན་གསུམ ་གྱི་གཙོ་བོ་ཡིན་ནི། །ཁམས་གསུམ་གྱི་བླ་མ་ཡིན་ཏེ། ཐམས་ཅད་ཀྱིས་ཕྱག་བྱས་པ་དང། མཆོད་པའི་འོས་སུ་གྱུར་པའོ། །སེམས་ལ་སེམས་འབྱུང་བལྟ་བར་བྱ་ནི། གོང་གི་ཡེ་ཤེས་དེ་ཉིད་རྒྱུན་མི་ཆད་པར་སྔ་ཕྱི་ཐ་མི་དད་པར་བསྒོམ་པའོ། །སེམས་ཀྱི་དབུས་སུ ་བཞག་པ་ཡིན་ནི། །སེམས་བློའི་ནང་དུ་བཙུད་ནས་ཡུལ་ལ་མི་འཕྲོ་བར་རྩེ་གཅིག་ཏུ་བྱེད་པའོ། །དེ་ཉིད་འདྲེས་པས་དང་པ་གཉིས་ནི། སེམས་དང་བློ་གཉས་རོ་གཅིག་ཏུ་གྱུར་པས་སོ། །དང་པ་གཉིས་ནི་གཡས་གཡོན་ནས་འབྱུང་བའི་རླུང་གཉིས་པོའོ། །མི་འབྱུང་བ་ནི་བརྟན་ཡིན་ནི།། ་རླུང་འབྱུང་བ་དང་འཇུག་པ་གཉིས་འགགས་ནས་སེམས་མི་གཡོ་བར་བརྟན་པོར་གནས་པའོ། །འདི་སྒྲུབ་རྡོ་རྗེ་ཏིང་འཛིན་གྱིས་ནི་འདི་སྒྲུབ་ནི་སྐུ་བཞིའོ་།རྡོ་རྗེ་ཏིང་གྱིས་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ནི་རྡོ་རྗེ་ལྟ་བུ་ཡིན་ཏེ། སྒྲིབ་པ་གཉིས་མ་ལུས་པར་འཇོམ་བའོ། །སྐད་ཅིག་གིས་ནི་བདེ་བརྒྱས་ནི་སྒྲིབ་གཉིས ་སྲངས་བའི་སྐད་ཅིག་ལས་འཚང་རྒྱབ་སྟེ་སྐུ་བཞི་མངོན་དུ་བྱེད་དོ་ཞེས་པའི་དོན་ཏོ། །ལྷན་སྐྱེས་དྲི་མེད་ཐིག་ལེ་གཉིས་ནི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང། །ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་ཐོབ་པ་ཡིན་ནོ་ཞེས་པའི་དོན་ཏོ། །དྲི་མེད་ལྡན་པས་དེི་མེད་སྤྲོ་ནི་ཆོས་ཀྱི་སྐུ་ལས་གཟུགས ་སྐུ་རྣམ་པ་གཉིས་བྱུང་ནས་གཞན་གྱི་དོན་ནམ་ལུས་པར་མཛད་པའོ། །སྐྱེ་བ་དང་ནི་འགགས་པའི་གཟུགས་ནི། ཀུན་རྫོབ་ཀྱི་བདེན་པ་དང། དོན་དམ་པའི་བདེན་པའོ། །དེ་ཉིད་རྟོགས་པས་དྲི་མ་བྲལ་ནི། བདེན་པ་གཉིས་ཀྱི་དོན་ཐ་མི་དང་དུ་རྟོགས་པས་སྒྲིབ་པ་གཉིས་ཟད? ་པའོ་འཇིག་རྟེན་ཤེས་པ་མེ་ཏོག་དཀར་ནི། འཇིག་རྟེན་ཤེས་པ་ནི་དངོས་པོའི་གནས་ལུགས་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །དེ་ཉིད་མེ་ཏོག་དཀར་པོ་དང་འདྲ་བས་དྲི་མས་མགོས་ཤིང་རང་འབྱུང་བའོ། །འཇིག་རྟེན ་བླ་མ་བདེ་ཆེན་གཟུགས་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇིག་རྟེན་གསུམ་གྱི་གཙོ་བོ་ཡིན་ཞིང་བླ་མར་གྱུར་པ་སྟེ། ཡེ་ཤེས་འབའ་ཞིག་གི་སྐུ་ཡིན་ནོ་ཞེས་པའི་དོན་ཏོ། །ཚིག་ཉུང་དོན་ཟབ་སྟོན་པ་ཡི། །ཀེང་རུས་ཕོ་བྲང་བཤད་པ་ལས། །བསོད ་ནམས་བདག་གིས་གང་བསགས་པ། །འགྲོ་ཀུན་གཉིས་མེད་ཐོབ་པར་ཤོག། ཀེང་རུས་ཏཱ་ར་ནའི་རིམ་པ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་བདག་བྱིན་གྱིས་བརླབ་པའི་འགྲེལ་པ་གཞན་ལ་ཕན་པ་ཞེས་བྱ་བ་མང་དུ་ཐོས་པའི་སློབ་དཔོན་ཀུ་མཱ་?་བྷོ་དྷིས་མཛད་པ ་རྫོགས་སོ།། །།*། །རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་བཞུགས་སོ།། །།*། །རྒྱ་གར་སྐད་དུ། བཛྲ་ཡོ་གི་ནི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཞེས་བྱ་བ། རྗེ་བཙུན ་