CLOSE WINDOW

N1064: rnal 'byor gyi rjes su 'brang ba zhes bya ba rdo rje rnal 'byor ma'i 'grel pa
Wyliee-texts based on the ACIP/ALL Input

*། རྣལ?་འབྱོར་གྱི་རྗེས་སུ་འབྲང་བ་ཞེས་བྱ་བ་བཞུགས་སོ།། །།*། །རྒྱ་གར་སྐད་དུ། ཡོ་གཱ་ནུ་པར་ཎཱི་ནཱི་མ་བཛྲ་ཡོ་གི་ནཱི་ནཱི་ཀཱ། བོད་སྐད་དུ། རྣལ་འབྱོར་གྱིས་རྗེས་སུ་འབྲང་བ་ཞེས་བྱ་བ། རྡོ་རྗེ་རྣལ་འབྱོར་མའི་འགྲེལ་པ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག ་འཚལ་ལོ། །དེ་བཞིན་ཉིད་གྱི་རང་བཞིན་གྱིས། །གང་ཞིག་ལུས་མཆོག་འཛིན་གྱུར་པ། །རྟག་ཏུ་རྡོ་རྗེ་ཕག་མོ་དེས། །བྱེད་ལ་ཕུན་ཚོགས་བྱེད་པར་ཤོག་།རྡོ་རྗེ་ཕག་མོ་ལ་བཏུད་ནས། །དེ་ཡི་སྒྲུབ་ཐབས་བདེ་རྟོགས་པར། །རྣལ་འབྱོར་རྗེས་སུ་འབྲང་བ་ཡི། །བདག་གི ་འགྲེལ་པ་བྲི་བར་བྱ། །འདིར་ནི་མ་རིག་པ་ལ་སོགས་པའི་དབྱར་གྱི་ཉི་མའི་གུང་ལྟ་བུ་ལ་གནས་པའི་འགྲོ་བ་རིས་དྲུག་གིས་སྤྲོས་བསྡུས་པའི་འཁོར་བའི་སྐེམ་ས་ཆེན་པོ་ལས་ཐར་པར་བྱེད་པའི་ཐབས་ཀྱི་མཆོག་གསང་པའི་རྒྱལ་པོའི་གཏམ་བྱེད་པ་དང་བྲལ? ་རྩོད་དུས་ལ་ཆགས་པའི་སེམས་དང་ལྡན་པ། སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ལམ་རྒྱགས་དང། ཏིང་ངེ་འཛིན་ལ་བློ་བཏང་པ་ལྟུང་བ་ཅན། དགེ་བའི་ཤིང་གི་ཤིང་ཐོག་ཐོབ་པར་མི་འགྱུར་བ་རྣམས་ཡུལ་གྱི་དགྲ་ཡིས་དགེ་བའི་བག་ཆགས་ཕྲོགས་པ་དང ་ལྡན་པའི་ཕྱིན་ཅི་ལོག་པ་དང་བཅས་པའི་གཟའ་ཆེན་པོ་བབས་པར་གྱུར་པ། མྱ་ངན་ལས་འདས་པའི་ལམ་མ་ཤེས་པས་ཡང་དང་ཡང་དུ་དེ་ཁོ་ནར་འཁོར་བར་གྱུར་པའི་སྲིད་པའི་བདེ་བ་འདོད་པའི་ཤ་ཟས་བསླུ་བར་བྱས་པ་དང། དེ་ཉིད་མ་ཡིན་པའི་ཆགས ་ཞེན་མང་པོ་ལ་གནས་པ་དང། རེས་འགའ་གནས་སྐབས་ཀྱི་བདེ་པ་བག་ཙམ་ཡང་ཐོབ་པར་འགྱུར་པའི་སྲིད་པ་གསུམ་ལ་གནས་པར་འགྱུར་བའི་འཇིག་རྟེན་རྣམས། སྡུག་བསྔལ་ཚ་བ་ཁོ་ནར་ཞུགས་པ་དེ་དག་ལ་བྱམས་པའི་སྙིང་རྗེའི་གྲོགས་མོའི་སྟོབས་ཀྱིས ་པད་འགྲོར་ཡོངས་སུ་གཟུང་བའི་ཀུན་རྫོབ་ཀྱིས་སྐྱེ་བ་ཡོངས་སུ་འཛིན་པ་དང་ཡོན་ཏན་དཔག་ཏུ་མེད་པའི་གཞིས་གཞི་འཛིན་པ་དང། མྱ་ངན་ལས་འདས་པའི་ལམ་བླ་ན་མེད་པ་ཉེ་བར་སྟོན་པ་དང། བསྐལ་པ་དཔག་ཏུ་མེད་པར་གཞན ་དོན་བྱེད་པའི་སྙིང་རྗེའི་བརྟུལ་ཞུགས་ཆེན་པོ་འཛིན་པ་བཅོམ་ལྡན་འདས་རྡོ་རྗེ་འཆད་དཔལ་འཁོར་ལོ་སྡོམ་པ་ཞེས་བྱ་བ་ཧེ་རུ་ཀའི་རྒྱལ་པོས། །ཇི་ལྟར་སྣོད་དུ་རུང་བའི་སྐྱེ་བོ་འདུལ་བར་བྱ་པའི་ཐབས་བསྟན་པར་འདོད་པས། དབང་པོ་རྣོ་བའི་དབང་གིས་རྣལ ་འབྱོར་གྱི་ལམ་ཁོ་ནར་ཤིན་ཏུ་སླ་བས་རྣལ་འབྱོར་མའི་ཚུལ་གྱིས་རྗེས་སུ་འབྲང་བས་གཡོན་པའི་སྤྱོད་པས་མཛེས་པར་འགྱུར་བའི་རྣལ་འབྱོར་མ་ཐམས་ཅད་ཀྱི་གསང་བ་མཁའ་འགྲོ་མ་དྲ་བ་སྡོམ་པའི་རྒྱུད་སྟོན་པས་གསུངས་པའོ། །རྙེད་པར་སླ་པའི ་བབས་ཀྱི་མན་ངག་རྙེད་པར་དཀའ་བ་ཐོབ་པར་འགྱུར་ཞེས་པས་ཆོས་ཐམས་ཅད་རང་བཞིན་མེད་པ་དེ་བཞིན་ཉིད་ཀྱི་རྡོ་རྗེ་ཕག་མོའི་ལུས་ཅན་མ་ཤེས་རབ་ཀྱི་རང་བཞིན་ཉིད་བཅོམ་ལྡན་འདས་ཀྱིས་ཉེ་བར་བསྟན་ཏོ། །དེའི་གདུལ ་བྱའི་བསམ་པས་ཕྲིན?་ལས་ཀྱི་དབྱེ་བ་རྣམ་པ་དཔག་ཏུ་མེད་པ་མཐོང་པར་གྱུར་ཀྱང་འདིར་ནི་རྣམ་པ་དེ་དག་གཙོར་བསྟན་པར་མི་བྱའོ། །འོན་ཏེ་ཞལ་གཉིས་ཕྱག་གཉིས་རྡོ་རྗེ་ལྷ་མོ་གཅིག་པུའི་སྒྲུབ་ཐབས་མངོན་པར་བརྗོད་དོ། །དེ་ནི་རྒྱུད་མང ་པོ་ལ་ཉེ་བར་བསྟན་པའི་དེ་ཉིད་མ་ལུས་པ་སོ་སོར་ཐོབ་པར་འགྱུར་བའི་ཐབས་ཀྱི་ཆོ་ག་མཁྱེན་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པའི་ཐབས་ཀྱིས་རྒྱལ་པོ་ཆེན་པོ་ཨིནྡྲ་པོ་དྷི་ཞབས་ཀྱིས་རང་གི་རྟོགས་པར་གྱུར་པའི་ལམ་གྱི་མཚན་ཉིད་ཀྱི་མཁའ་ ་འགྲོ་མའི་གསང་བ་མངོན་པར་བརྗོད་པས་དང་པོ་དོན་ཆེན་པོའི་དངོས་གྲུབ་ཀྱི་རྒྱུད་ཡིན་པས། འགྲོ་བ་འདུལ་བར་བྱེད་པའི་ཐབས་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་དང། དེའི་སྔགས་ཀྱི་བཏུ་བ་དང། བཟླས་པའི་ཆོ་ག་དང། འཁོར་ལོ་མ་མཆོད་པའི་ལམ ་རྣམས་དང། ལྷག་མས་སྤྱོད་པའི་མཚན་ཉིད་ཀྱང་བརྗོད་པར་བྱའོ། །དེའི་ཕྱིར་དང་པོར་འདིར་རྣལ་འབྱོར་མ་ཡི་དམ་ལྷ་ཡིས་བར་ཆད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་དོན་ཆེན་པོ་ཚོགས་པར་བྱེད་པའི་ཕྱག་འཚལ་པ་གསུངས་པ་ནི། བདུད་ཅེས་པ་ལ་སོགས ་པས་རྡོ་རྗེའི་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཀྱི་རང་བཞིན་ཀྱང་ཡིན་ལ་སྦྱོར་པ་ཡང་ཡིན་ནོ། །ཐབས་ཤེས་རབ་ཀྱི་སྙོམས་པར་འཇུག་པ་ཡང་ཡིན་ནོ། །དེ་ཡང་དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི ་མངོན་པར་བརྗོད། །གང་ཞིག་དངོས་མེད་ཤེས་རབ་དང། །ཐབས་ནི་དངོས?་པོའི་མཚན་ཉིད་དོ། །ཞེས་གསུངས་སོ། དེ་འདི་ལ་ཡོད་པས་རྡོ་རྗེ་རྣལ་འབྱོར་མའོ། །ཡང་ན་རྣལ་འབྱོར་བདེ་འདིས་སྙོམས་པར་འཇུག་བཱི་ཕྱིར་རྣལ་འབྱོར་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་འདི་ལ ་རང་བཞིན་གྱིས་ཡོད་པས་རྣལ་འབྱོར་མ་ནི་རྡོ་རྗེ་ཕག་མོའོ། །ཡང་ན་རྣལ་འབྱོར་པར་བྱ་བ་ནི་རྟེན་པར་བྱ་བས་རྣལ་འབྱོར་ནི་པདྨའོ། །དེ་འདི་ལ་ཡོད་པས་རྣལ་འབྱོར་མའོ། །བྱེ་བྲག་གི་རྟེན་པའི་རྣམ་པར་གཅོད་པའི་དོན་དུ་རྡོ་རྗེས་གོང་བཞིན་དུ་ཁྱད་པར་རོ། རཱ་དང་གཞན་གྱིS ་དོན་ཕུན་ཕུན་སུམ་ཚོགས་པ་བླ་ན་མེད་པ་སྦྱོར་བའི་ཕྱིར་དང་ཚོགས་གཉིས་སྦྱོར་བའི་ཕྱིར་དང། གཉིས་སུ་མེད་པའི་ཡེ་ཤེས་སྦྱོར་བའི་ཕྱིར་དཔལ་ཡང་དེ་།རྡོ་རྗེ་རྣལ་འབྱོར་མ་ཡང་དེ་ཡིན་པས་དཔལ་རྡོ་རྗེ་རྣལ་འབྱོར་མའོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། སྟོང་པ་ཉིད་ནི་ཆོས་ཐཾ་ཅད་སྤྲོས་པ་དང་བྲལ་བ་ཉིད་ཏོགS་པཱི ་བདག་ཉིད་ཅན་ཤེས་རབ་གོ་སྙིང་རྗེ་དམིགས་པ་མེད་པའི་འགྲོ་བ་མ་ལུས་པའི་དོན་བྱེད་པ་ལན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་དེའི?་ཐབས་སོ། །དེ་ཡང་སྟོང་ཉིད་སྙིང་རྗེ་ཐབས་དང་ཤེས་རབ་གཉིས་སུ་མེད་པ་གང་གི་བདག་ཉིད་དེ་དེ་བཞིན། །ཡང་ཇི་ལྟ་བུ་ཞེ་ན། ཁམས་གསུམ་ནི་འདོད་ཁམས་གཟུགS ་ཁམས་གཟུགས?་མེད་ཀྱི་ཁམས་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དེ་གང་གི་བདག་ཉིད་དེ་དེ་བཞིན་ནོ། །སྐུ་གསུམ་དབྱེར་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཡང་ཇི་ལྟ་བུ་ཞེ་ན་།འབར་བ་ནི་གསལ་བ་བསྐལ་པའི་མེ་འོད་ལྟར་གང་གིས་འོད་དེ་དེ་བཞིན་ནོ། །མི་ཤེས་པའི་མུན་པ་སེལ་བར་བྱེད ་པའི་འོད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་རྣལ་འབྱོར་མ་དེ་ལ་ཕྱག་འཚལ་ལོ་ཞེས་ཤེས་པར་བྱའོ། །ཡང་ན་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པའི་རྡོ་རྗེ་རྣལ་འབྱོར་མའོ། །ཐབས་དང་ཤེས་རབ་ཀྱི ་རང་བཞིན་མི་ཟད་པ་བདེ་བ་མཆོག་གི་རང་བཞིན་ཡིན་པས་ལྷན་ཅིག་སྐྱེས་པའི་སྐུའི་རང་བཞིན་ནོ། །སྟོང་ཉིད་སྙིང་རྗེའི་བདག་ཞེས་པ་ནི་ཡང་དོན་དེ་ནི་དོན་གཞན་རྟེན་པས་བཟླས་པར་བྱ་བའི་རིག་པས་ཟབ་པ་དང་རྒྱ་ཆེ་བའི་རང་བཞིན་གྱིས་སེམས་རྣམ་པར་དག་པའི ་ངོ་བོ་ཉིད་ཀྱི་ཆོས་ཀྱི་སྐུའི་རང་བཞིན་ནོ། །སེམས་ཅན་གྱི་དོན་དུ་ཁམས་གསུམ་ལ་ཐུན་མོང་མ་ཡིན་པའི་ངོ་བོ་ཉིད་ཀྱི་ཆོས་ཀྱི་རྟག་པར་བྱེད་པས་ཁམས་གསུམ་པའི་ངོ་བོ་ཉིད་ནི་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ནོ། །བག་ཆགས་དང་བཅས་པའི་སྒྲིབ་པ་ཉིད ་དང་བྲལ་བས་ཁམས་གསུམ་ལ་སྐུའི་འོད་ཟེར་གྱིས་རབ་ཏུ་གསལ་བའི་ཕྱིར་བསྐལ་པའི་མེ་ལྟར་འབར་བའི་འོད་ནི་སྤྲུལ་པའི་སྐུའི་རང་བཞིན་ནོ། དེ་ལྟ་བུའི་སྐུ་བཞིའི་རང་བཞིན་ཡང་བཅོམ་ལྡན་འདས་མ་དཔལ་རྡོ་རྗེ་ཕག་མོས་བཤད་ཅེས་གསུངས་སོ། །ཡང་ན་ལྟེ་བའི ་མཚོ་སྐྱེས་ནི་ཁ་ཐུར་དུ་བལྟས་པ་ཨེའི་རྣམ་པ་ཟུར་གསུམ་པ། ཤེས་རབ་ཀྱི་ངོ་བོར་ལྷག་པར་མོས་པའོ། །སྙིང་གའི་མཚོ་སྐྱེས་ནི་ཁ་འོག་ཏུ་ལྟ་བ་དང། །མགྲིན་པའི་མཚོ་སྐྱེས་ནི་ཁ་གྱེན་དུ་གདེངས་པའི་བཾ་ཡིག་གི་རྣམ་པ་ཅན་ཟླུམ་པོ་ཐབས་ཀྱི་རང་བཞིན་ནོ། །དེ ་བཞིན་དུ་ཁ་སྦྱོར་གྱི་རྒྱུད་ལས་ཀྱང། སྤྱི་བོ་ལྟེར་གནས་འཁོར་ལོ་ནི། །ེའི་རྣམ་ཅན་ཡང་དག་གནས། །སྙིང་དང་མགྲིན་པར་གནས་ལ་ཡི། བཾ་གི་རྣམ་པ་ལྟ་བུར་ཤེས། །ཤེས་གསུངས་པས་ལྟེ་བ་དང། སྙིང་གའི་པདྨ་དང། སྤྱི་བོ་དང་མགྲིན་པའི་པདྨ་གཉིས་གཉིས ་ལ་གཏུམ་མོའི་འགྲོ་བ་དང་འོད་པས་བདེ་བ་ཆེན་པོ་རོ་གཅིག་པ་ཉིད་ཀྱིས་སྙོམས་པར་འཇུག་པའི་རྣལ་འབྱོར་རོ། །དེ་ལྟ་བུའི་ཨེའི་ཡི་གེ་ཐབས་དང་ཤེས་རབ་ཀི་རང་བཞིན་ནོ། །བཾ་གི་ཡི་གེ་ཡང་དེ་བཞིན་ནོ། །རྡོ་རྗེ་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །དེའི་རང་བཞིན ་རྣལ་འབྱོར་མ་འདི་ལ་ཡོད་པས་རྡོ་རྗེ་རྣལ་འབྱོར་མ་སོ། ཁྲག་གི་ངོ་བོ་གཏུམ་མོའི་རང་བཞིན་ནི་དཔལ་གཉིས་སུ་མེད་པའི་རང་བཞིན་ཡང་ཡིན་ལ། དེ་ཉིད་རྡོ་རྗེ་རྣལ་འབྱོར་མའི་རང་བཞིན་ཡང་ཡིན་པས་དཔལ་རྡོ་རྗེ་རྣལ་འབྱོར་མའོ། །ཇི་ལྟ་བུ་ཞེས་ན། སྟོང་ཉིད་སྙིང ་རྗེའི་བདག་ཉིད་ཅན་གྱི་དོན་ནི་སྔར་བཤད་པའོ། །ཡང་ཇི་ལྟ་བུ་ཞེ་ན། ཁམས་ནི་སྐུ་གསུམ་ལ་སྤྲོ་བ་དང་བསྡུ་བའི་བྱེ་བྲག་གིས་སོ། །ངོ་བོ་ཉིད་ནི་སྐྱེ་བ་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཅིའི་ཕྱིར་ཞེ་ན། གྱེན་དུ་འགྲོ་བས་སྙིང་ག་དང། མགྲིན་པ་དང་དཔྲལ་བའི ་འཁོར་ལོ་རྣམས་བསྲེགས་ནས་ཧཾ་ཡིག་ཞུ་ནས་ཐུར་དུ་སོང་བས་འཁོར་ལོ་གསུམ་ཡང་སོས་པར་འགྱུར་པའི་ཕྱིར་རོ། །དེ་ལྟར་ཡང་དགྱེས་པ་རྡོ་རྗེ་ལས། ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། །སྤྱན་ལ་སོགས་པ་ཡང་བསྲིཌ་བས ་བསྲེཌ་པS་རམ་?་ཧཾ་འཛག་ལྟར་ཞེས་པའོ། །ཡང་ཇི་ལྟ་བུ་ཞེ་ན། བསྐལ་པའི་མེ་ལྟར་འབར་བའི་འོད་ནི་ཇི་ལྟར་བསྐལ་པའི་མེས་ཁམས་བསྲེགས་པར་འགྱུར་པས་མེ་འབར་བས་གསལ་བར་འགྱུར་བ་ལྟར་དེ་བཟིན་དུ་ལས་ཀྱི་གཏུམ་མོ་ལ་སོགས་པའི་སྦྱོར་བས་འབར ་པར་འགྱུར་པའི་གཏུམ་མོ་ལྟེ་བ་ལས་གྱེན་དུ་འགྲོ་བས་ཆོས་དང་ལོངས་སྤྱོད་དང། བདེ་བ་ཆེན་པོའི་འཁོར་ལོ་རྣམས་བསྲེགས་ཤིང་རང་འོད་ཀྱིས་འབར་རོ། །འདི་ལ་དོན་འདི་ཡིན་ཏེ། བཅོམ་ལྡན་འདས་མ་ཁྲག་གི་ངོ་བོ་གཏུམ་མོའི་རང་བཞིན་དཔལ་རྡོ་རྗེ་རྣལ ་འབྱོར་མ་གྱེན་ལ་འགྲོ་བས་འབར་བ་ངེས་པར་བྱུང་བའི་ཕྲ་མོའི་འོད་ཟེར་དཔག་ཏུ་མེད་པའི་ཚོགས་ཀྱི་བ་སྤུའི?་བུ་གའི་མཚམས་རྣམས་ཁྱབ་ཅིང། དེ་དག་ལ་སྤྲོས་ནས་རྩ་དབུ་མའི་ལམ་དུ་གྱེན་ལ་འགྲོ་བས། ཆོས་དང་ལོངས་སྤྱོད་དང་སྤྲུལ་པའི་འཁོར་ལོ་བསྲེགས ་པས་བདེ་བ་ཆེན་པོའི་འཁོར་ལོ་ཞུ་ནས་དེའི་ཁུ་བ་དང་རོ་གཅིག་པ་འོག་ཏུ་འཛག་པར་འགྱུར་བས། ཕུང་པོ་དང་ཁམས་དང་སྐྱེ་མཆེད་གསོ་བར་བྱེད་པ། ཕུང་པོ་ལ་སོགས་པ་སྒྲོ་བཏགས་པ་ཟིལ་གྱིས་གནོན་ཅིང་ཐབས་དང་ཤེས་རབ་རོ་གཅིག་པ་བདེ་བ་ཆེན་པོ་རྗེས་སུ ་མྱོང་བའི་ངོ་བོ་ཉིད་ལྟེ་བར་གནས་པ་བསྒོམ་པར་བྱའོ། །ཡང་ན་འཆད་པར་འགྱུར་པའི་སྒོམ་གྱི་གོ་བར་བྱེད་པའི་ཚིགས་སུ་བཅད་པ་ནི་དེ་ལ་དང་པོར་བསོད་ནམས་ཀྱི་ཚོགས་ནི་དཔལ་རྡོ་རྗེ་རྣལ་འབྱོར་མའི་མཆོད་པའོ། །མཆོད་པ་སྔོན་དུ ་འགྲོ་བས་བསོད་ནམས་བསྡུས་པའི་ཕྱིར་རོ། །ཡེ་ཤེས་ཀྱི་ཚོགས་བསགས་པ་ནི་སྟོང་པ་ཉིད་བསྒོམ་པའོ། །དེ་བསན་སྟོང་ཉིད་སྙིང་རྗེའི་བདག་ཉིད་དོ། །དེ་ནས་ཁམས་གསུཾ་རྣཾ་པར་དག་པའི་ཆོས་འབྱུང་ཟུར་གསུམ་དབྱེར་མེད་པའི་བདག་ཉིད་ཡིན་པའི ་ཕྱིར་རོ། །དེ་ལ་བརྟེན་པའི་ལྷའི་བསྒོམ་པ་ནི་བསྐལ་བའི་མེ་ལྟར་འབབ?་བའི་འོད་ནི་དྲག་པོ་དང་བཅས་པའི་སྦེག་པ་ལ་སོགས་པའི་རོ་དང་ལྡན་པའི་ལུས་འབར་བའི་ཕྲེང་བའི་རང་བཞིན་ཡིན་པའི་ཕྱིར་རོ། །ཞེས་དོན་རྣམ་པ་བཞི་དང་ལྡན་པའི་ཚིགས་སུ་བཅད་པའོ། །ཕྱག ་འཚལ་བའི་རྗེས་ལ་བློ་ཅན་གྱི་འཇུག་པའི་ཡན་ལག་གི་བརྗོད་པར་བྱ་བ་ལ་སོགས་པ་བརྗོད་ནས་མན་དག་དང་བཅས་པའི་སྒྲུབ་ཐབས་བསྟན་པ་ཉེ་བར་གསུངས་པ་ནི་བླ་མ་ཞེས་པ་ལ་སོགས་པའོ། །དེ་ལ་སྒྲུབ་ཐབས་ཞེས་པ་ནི་བརྗོད་པར་བྱ་བའི་ཉེ་བར་བསྟན་པའོ།། ་གཞུང་གི་ཚོགས་ནི་བརྗོད་པའོ། །བླ་མ་ཞེས་པ་ལ་སོགས་པ་ནི་ཁོང་དུ་ཆུད་པའི་དགོས་པའོ། །རྡོ་རྗེ་རྣལ་འབྱོར་མ་མངོན་དུ་བྱེད་པ་ནི་དགོས་པའི་དགོས་པའོ། །འབྲེལ་པ་ནི་བཤད་པར་བྱ་བ་དང་བཤད་པར་བྱེད་པའི་མཚན་ཅན་ནམ། །ཐོས་པ་དང་ཐོས་པར་བྱེད་པའི་མཚན་ཉི་ཤུ ་ལ་བཤད་པའོ། །བཅད་ཅེས་པ་ནི་བསྡུས་པའི་དོན་ཏོ། །ཡན་ལག་གི་དོན་བརྗོད་པ་ནི་བཤད་པ་ཞེས་འབྲེལ་ཏོ། །སྒྲུབ་ཐབས་ནི་རྡོ་རྗེ་རྣལ་འབྱོར་མའི་ཕྱག་རྒྱ་ཆེན་པོའི་གྲུབ་ཐོབ་པར་བྱེད་པའི་མཚན་ཉིད་ཀྱི་ལམ་མོ། །རང་ཉིད་ཀྱིས་ནི་རྫོགས་པ་ཡང་ཕྱིའི་དེ་ཉིད་ཀྱི་རབ་ཏུ་གསལ ་པར་བྱ་བའི་ཕྱིར་བཤད་པར་བྱ་བ་ཞེས་མ་འོངས་པ་བསྟན་པའོ། །སྒྲུབ་པའི་ཐབས་ཇི་ལྟ་བུ་ཞེ་ན། བླ་མ་རྡོ་རྗེ་སློབ་དཔོན་རྣམས་ཀྱི་བརྒྱུད་པའི་རིམ་པ་དེ་ལས་བྱུང་བའི་མན་ངག་གམ། དེའི་གྲུབ་མཛའ་དེ་ཁོ་ན་གང་གི་སྦྱོང?་ཡུལ་དེ་ལང་སྐད་ཅེས་བྱའོ། །དེ་ནི་བླ་མ་དམ་པའི་བརྒྱུད་པ་ལ་ཉེ ་པར་བསྟན་པའི་བརྡའི་དོན་གྱི་རང་བཞིན་གྱི་དོན་ཏོ། །ཡང་དེ་ཇི་ལྟ་བུ་ཞེ་ན་།མཆོག་ནི་སྒྲུབ་ཐབས་ཐམས་ཅད་ཀྱི་སྙིང་པོ་དོན་གྱི་ན་ཆོ་ག་ཡིན་པའི་ཕྱིར་རོ། །གང་གི་སྒྲུབ་ཐབས་ཞེ་ན། རྡོ་རྗེ་རྣལ་འབྱོར་མའིའོ། །དེའི་དོན་བཤད་ཟིན་ཏོ། །འོན་ཏེ་བདེ་མཆོག་སྡོམ་པ་རྒྱ་མཚོ་ལ་སོགས་པའི་རྒྱུད ་ལས་བཅོམ་ལྡན་འདས་ཀྱིས་སྒྲུབ་ཐབས་འདིས་རྒྱས་པར་བཤད་པ་མ་ཡིན་ནམ། དེས་ན་སྒྲུབ་ཐབས་གཞན་གྱིས་ཅི་ཞིག་བྱ་ཞེ་ན། མདོར་བསྡུས་ཞེས་པ་ནི་སྙིང་པོའི་དོན་བསྡུས་པས་འདི་ནི་གང་མས་ངག་དང་བཅས་པ་དང། ཉུང་བ་དང། སྙིང་པོའི་དོན་དང་ལྡན་པ་དང་བསྡུས ་པའི་དོན་ཏོ། །ད་ནི་སྒྲུབ་པ་པོའི་མཚན་ཉིད་དང་སྒྲུབ་ཐབས་དང་།རིམ་པ་ཇི་ལྟ་བར་ཉེ་བར་བརྗོད་པ་ནི་དང་པོར་ཞེས་པ་ལ་སོགས་པ་རེ་ཞིག་སྔགས་པས་གནས་དང་བདག་དང་རྣལ་འབྱོར་གྱི་བསྲུང་བའི་སྔགས་དང་ལྡན་པས་སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་སྒྲུབ ་པ་པོ་སྔགས་ཀྱི་ཁྲུས་ཀྱི་དག་པ་ནི་མ་ང་ནས་ཁྲུས་བྱའོ། །ཡང་ཇི་ལྟར་ཞེ་ན། བླ་མའི་རྡོ་སློབ་དཔོན། །སངས་རྒྱས་ནི་སྤང་བྱ་དང། བླངས་བྱའི་དོན་ཐམས་ཅད་ཀྱི་དེ་ཉིད་རྟོགས་པའོ། །དེ་དག་ལ་ཐུན་མོང་མ་ཡིན་པའི་མོས་པ་དང་ལྡན་པའི་ཡིད་ཀྱིས་སོ། །སློབ་དཔོན་ལ་དད་པ་ཅན་གྱིས ་དངོས་གྲུབ་ཐོག་པར་འགྱུར་པའི་ཕྱིར་རོ། །དེ་སྐད་དུ་ཡང། བཛྲ་ཨ་རལླི་ལས་རྒྱུད་དང་རྒྱུད་ལས་བདག་གིས་བརྗོད། དངོས་གྲུབ་རྣམས་ནི་མཆོག་ཞལ་མ་།བླ་མ་དགྱེས་ནས་ཐོབ་འགྱུར་ཕྱིར། །རྟག་ཏུ་བླ་མ་མཉེས་པར་བྱ་ཞེས་དང། གཞུང་གཞན་དག་ལས་ཀྱང། བླ་མ་སངས་རྒྱས་བླ་མ་ཆོས་ཞེས ་པ་ལ་སོགས་པའོ། །ཡང་ཇི་ལྟར་ཞེ་ན། བརྟན་པ་ནི་མི་ལྡོག་པ་གཟུང་བ་ནི་བླངས་བ་བྱང་ཆུབ་ནི་སྟོང་ཉིད་སྙིང་རྗེའི་རང་བཞིན་བདེ་བ་ཆེན་པོའི་ངོ་བོ་ཉིད་ཡིན་ལ་སེམས་ནི་ཡིད་ཡིན་ནོ། །བྱང་ཆུབ་ལ་སེམས་སྐྱེས་པས་ནི་ལམ་བདེ་བས་རྟོག་པར་འགྱུར་རོ། །ཡང་དེ་ཇི་ལྟ་བུ་ཞེ་ན། དབང་ལ་སོགས་པས ་ནི་སྐུ་གསུང་ཐུགས་ཀྱི་ལས་ཀྱི་དྲི་མ་དཀྲུས་པས་རྫོགས་པའི་དབང་བསྐུར་ཐོབ་པའི་དོན་ཏོ། །དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་མའི་རྒྱུད་བླ་ན་མེད་པ་ལས་དབང་བའི་ཕྱིར་རོ། །འདིས་སྒྲུབ་པ་པོའི་མཚན་ཉིད་གསུངས་སོ། །གཞུང་གཞན་ལས་ཀྱང་དང་པོར་དད་པ་མཁས་པ་ཡིས། །རྣལ་འབྱོར་དབང་ཕྱུག་མ་ཉིད་ལ ་སྔགས་ལ་གྲུབ་པ་མཁས་གྱུར་པས། །འཇིག་རྟེན་ཕན་པ་སྤྲོ་བའི་དབང་གྱུར་ཅིང། །བླ་མ་མཆོག་ནི་ཞབས་ཀྱི་རྗེས་འབྲངས་པ། །གཏི་མུག་བྱིང?་དང་ལེ་ལོ་བྲལ། །དམ་ཚིག་གསུམ་དོན་སྒྲུབ་བྱེད་པ། །ངག་ལྡན་ཡིད་ཀྱི་མཛའ་ཅན་གྱི། །ཆགས་ཞེན་རྟོག་པ ་རྣམ་སྤངས། འཁོར་བའི་བག་ཆགས་ཐབས་ཀྱིས་རབ་ཞི་བ། །བདེན་པ་གཉིས་ཀྱི་ཡོངས་སུ་སྤྱོད་གོམས་པའི། །ལས་སུ་རུང་བའི་ཡིད་ཅན་བློ་དང་ལྡན། །ཐོས་པ་ཅན་དང་སློབ་དཔོན་དཔག་མེད་པ། །རྟོག་བྲལ་མཁའ་འགྲོ་མ་ལ་རབ་ཏུ་འདུད། །མཆོད་པའི་ལས་ལ་གོམས་པ་ཡིས། །བླ་མ ་རྒྱལ་པོ་རྡོ་རྗེ་ལྷ་མོས་ཅན། །ཁྱད་པར་ཆོ་ག་མང་པོ་ཡི། །མན་ངག་ཆོ་ག་མ་ལུས་རིག་པ་ཅན། །བླ་མ་དམ་པ་བརྟེན་ལ་མཁས་གྱུར་པ། །རྗེས་གནང་ཐོབ་ཅིང་ཡན་ལག་དུལ་བའི་སྔགས་པ་ནི་ཞེས་སོ། །འདི་ལྟ་བུའི་སྔགས་པས་གང་དང་གང་བྱས་ནས་འཆད་པར་འགྱུར་བའི་ལས ་བྱེད་ཅེ་ན། སྭ་བྷཱ་ཝ་ཅེས་པ་ནི་རང་བཞིན་གྱིས་འོད་གསལ་བ་དངོས་པོ་མེད་པའི་བདག་ཉིད་དེ་གང་རྣམས་ཀྱི་ངོ་བོ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །སརྦབ་དྷརྨཱ:ནི་ཆོས་རྣམས་སོ། །དེ་དག་ཀྱང་གང་ཞེ་ན་།ང་ལ་འཇིག་རྟེན་གྱི་ཆོས་རྣམས་ནི་ཕུང་པོ་ལྔ་དང། སྐྱེ་མཆེད་བཅུ་གཉིས་དང། ཁམས་བཅོ་བརྒྱད ་རྣམས་སོ། །ལམ་གྱི་ཆོས་རྣམས་ཉེ་བར་བསྟན་པ་ནི་དྲན་པ་ཉེ་བར་གཞག་པ་བཞི་དང། ཡང་དག་བར་སྤོང་བ་བཞི་དང། རྫུ་འཕྲུལ་གྱི་རྐང་པ་བཞི་དང། དབང་པོ་ལྔ་དང། སྟོབས་རྣམས་སོ། །འཇིག་རྟེན་ལས་འདས་པའི་ཆོས་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་དང་འཕགས་པའི་ལམ་བརྒྱད ་པ་རྣམས་སོ། །སངས་རྒྱས་ཀྱི་ཆོས་རྣམས་ནི་སྟོབས་བཅུ་དང། མི་འཇིགས་པ་རྣམས་སོ། །?་ཇི་ལྟར་ཞེ་ན། དུར་ཁྲོད་ལ་སོགས་པ་ནི་རོས་བྱ་བ་བྱེད་པས་དུར་ཁྲོད་དེ། མགོ་མེད་པ་དང། གྱེན་དུ་བཅིངས་པ་དང། ཉལ་བ་དང། རྩེ་གཅིག་པ་ལ་བཏགས་པ་རྣམས་ཀྱི་རིམ་པ་བཞིན་དུ་འགྲོ་བ་དང་།གནས་པ་དང། ཉལ ་བ་དང་བསྟན་པས་དུར་ཁྲོད་ལ་སོགས་པས་རིའི་རྩེ་མོ་དང། བྲག་ཕུག་དང། ཤིང་གི་རྩ་བ་དང་ཆུའི་འགྲམ་དང། ཆུ་བོ་གཉིས་ཕྲད་ས་དང་དབང་ཕྱུག་ཆེན་པོའི་གནས་དང། ཁང་སྟོང་དང་སྐྱེད་མོས་ཚལ་དང། འཁྲུག་པ་ཆེན་པོ་བྱུང་བའི་སྡོད་ས་ལ་སོགས་པའོ། །དེ་ལ་དབེན་པའི་གནས་སུ་འཇམ་པའི་གདན་རོ་ལ་སོགས ་པ་ལ། རྣལ་འབྱོར་གྱི་རོལ་པ་ནི་སྟོང་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པ། རྡོ་རྗེ་སྐྱིལ་ཀྲུང་གིས་གནས་པ། སྒལ་ཚིགས་དྲང་པོ་དང་།ཏིང་ངེ་འཛིན་གྱི་ཕྱག་རྒྱ་སྣ་རྩེ་ལ་བལྟ་པ་དང་།སྨྲ་བ་བཅད་པ་དང། སེམས་རྩེ་གཅིག་པའི་རོལ་པས་བསྔད?་པའོ། །ཇི་ལྟར་ནེ་མ་རབ་ཏུ་བསྔགས་པ་ཞེས་པ་ནི་གནས? ་དང་ཉེ་བའི་གནས་ལ་སོགས་པའི་ནང་ནས་གནས་རྣམས་བཞི་སྟེ། ཛ་ལནདྷ་ར་དང་།ོཌཡཎ་དང་།པུརྞ་གི་རི་དང། ཀཱ་མ་རུ་པ་དང། དེ་ལ་ཨཽ་ཌི་ཡ་ནའི་དང་པོའི་ཡི་གེ་ནི་ཟླ་བ་ཕྱེད་དང་ཐིག་ལེ་དང་བཅས་པས་ཨོཾ་གྱི་ཡི་གེ་ནི་རབ་ཏུ་བསྔགས་པའི་དོན་ཏོ། །ས་བོན་འདིས་མཚོན་པས་གནས་ཨོཾ་ཌི ་ཨ་ནའོ། །དེ་ལ་ཞལ་མངོན་པར་ཕྱོགས་པས་བདེ་བར་འགྱུར་བའི་དོན་ཏོ། །ཅིའི་ནུབ་ཕྱོགས་སུ་ཞལ་བལྟ་ཞེ་ན། ཨོདྱཎ་རྡོ་རྗེ་རྣལ་འབྱོར་མའི་ཞལ་ནས་སྒྲུབ་ཐབས་འདི་བྱུང་བའི་ཕྱིར་དང། དེ་ལ་དེ་ཡོད་པ་དང། དེ་ལ་དད་པར་བྱེད་པ་རུང་བའི་ཕྱིར་རོ། །ཅིའི་ཕྱིར་འདུག་པར་བྱ་ཞེ་ན། ་རང་དང་གཞན་ཞེས་པ་ལ་སོགས་པ་ནི་རང་གི་ཕུན་སུམ་ཚོགས་པ་དེ་སྒྲིབ་པ་དང་བཅས་པའི་བག་ཆགས་གཉིས་སྤངས་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའོ། །གཞན་གྱི་ཕུན་སུམ་ཚོགས་པ་ནི་རྩོལ་བ་མེད་པས་སེམས་ཅན་ཐམས་ཅད་སྨིན་པ་དང་གྲོལ་བ་ལ་སོགས ་པའི་ལས་སོ། །ཡང་ན་རང་དང་གཞན་གྱིས་ཕུན་སུམ་ཚོགས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་གྱི་ཚོགས། །དེ་དག་མངོན་པར་མཆོད་པའི་ཆེད་དུའོ། །ཡང་གང་ཞེ་ན། དེའི་རྗེས་སུ་ཞེས་པ་སྨོས་པ་ནི་འདུག་པའི་རྗེས་ལ་སྐུ་གསུང་ཐུགས་ཀྱི་ཀུན་ནས་རྟོག ་པ་སྤངས་པའི་ཕྱིར། །རྒུན་འབྲུམ་དང། བུ་དམ་དང་།འབྲས་འདབ། ལས་བྱུང་བའི་མེད་ན་རྣམ་པ་གསུམ་སྟེ། བདུད་རྩི་རྣམ་པ་ལྔ་དང་བཅས་པ། པདྨའི་སྣོད་ལ་བླུགས་ནས་མངོན་པར་བསྔགས་པ་ནི་ཨོཾ་ཨཱ:ཧཱུཾ་གི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་པར་བྱས་ནས་ཆུ་དེ་ཉིད་ན་ལྷའི ་ཆུས་ལག་པ་གཡོན་ནས་བརྩམས་ན་ལག་ནི་ཁུས་ཐམས་ཅད་ཉིད་ལག་ཅི་ལྟེ་བ་དང། སྙིང་བ་དང། མགྲིན་པ་དང། མགོ་བོ་རྣམས་སོ། །ཡན་ལག་དང་ཉིད་ལག་སྟེ་ཐམས་ཅད་ལ་སྔགས་ཀྱིས་ཆུས་ཁྲུས་བྱའོ། །ལྷའི་རྫས་དེ་ཉིད་ཀྱིས་མཆོད་པའི་རྫས་ནི་མཆོད་པའི་ཆེད་དུ་རྫས ་ཏེ། མེ་ཏོག་དམར་པོ་ལ་སོགས་པ་ལ་བསང་གཏོར་བྱའོ། །དེའི་རྗེས་ལ་ཞེས་བྱ་བ་ནི་བསང་གཏོར་གྱི་རྗེས་ལ་ལག་པ་གཡོན་པའི་སོར་མོ་རྣམས་དང། ལག་པའི་མཐིལ་དུ་ཡང་གོ་བར་བྱའོ། །དེ་ལ་ལག་པ་གཡོན་པའི་དབུས་དང། མཐེའུ ་ཆུང་དང། སྲན་ལག་དང། གུང་མོ་དང། སྡིགས་མཛུབ་དང། མཐེ་བོ་རྣམས་ལ་རིམ་པ་ཇི་ལྟ་བར་ཕག་མོ་དང། གཤིན་རྗེ་མ་དང། རྨོངས་བྱེད་མ་དང། སྐྱོང་བྱེད་མ་དང། སྡིག་བྱེད་མ་དང། གཏུམ་མོའི་རང་བཞིན་གྱིས་དམར་མོ་དང། སྔོན་མོ ་དང། དཀར་མོ་དང། སེར་མོ་དང། ལྗང་གུ་དང། དུ་བའི་མདོག་ཅན་ནོ། །ོཾ་བཾ་ཧཾ་ཡོཾ། ཧྲིཾ་མོཾ་ཧྲེཾ་ཧྲཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་པའི་ཡི་གེ་འདི་རྣམས་ཀྱིས་སྦྱངས་ཏེ། རྣལ་འབྱོར་མ་དྲུག་གི་ཚིག་གདགས་པར་བྱས་ཏེ། རྣལ་འབྱོར་མ་དྲུག་གི་ཡི་གེ་འདི་དག ་གི་སྔགས་དང་ལྷ་དབྱེར་མེད་པའི་ཕྱིར་སྔགས་འདི་རྣམས་ཁོ་ན་རྣལ་འབྱོར་མ་དྲུག་ཏུ་ལྷག་པར་མོས་ནས་ཡང་དག་པར་བྱ་ཞིང་མཆོད་པ་ལ་སོགས་པ་བྱའོ་ཞེས་གདགས་པས་བྱའོ། །ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས ་པའི་སྔགས་ཀྱི་ཆུས་བཀྲུས་པ་ཁོ་ན་ལུས་ངག་ཡིད་གསུམ་ཡོངས་སུ་དག་པའོ། །འདིར་ནི་འདི་ཁོ་ན་བསོད་ནམས་ཀྱི་ཚོགས་ཡོངས་སུ་བསག་པའོ། །འགའ་ཞིག་ནི་གཞུང་གི་རིམ་པ་སྤངས་ནས་འདི་སྐད་དུ། ལྷའི་ཆུ་བྱིན་གྱིས་བརླབས་པའི ་རྗེས་སུ་གཡོན་པའི་སོར་མོ་རྣམས་ལ་རྣལ་འབྱོར་མ་དྲུག་གི་སྔགས་ཀྱི་ཡི་གེ་རྣམས་བསྒོམས་ཤིང་ལྷའི་ཆུས་མཆོད་ནས་དེ་ཁོ་ནས་ལྟེ་བ་ལ་སོགས་པའི་ཡན་ལག་དང་ཉིད་ལག་རྣམས་ལ་བསང་གཏོར་བྱའོ། །དེ་ནས་ལྷའི་ཆུ་དེ་ཁོ་ནས་མེ་ཏོག ་ལ་སོགས་པ་ལ་བསང་གཏོར་བྱ་ཞིང་ལྷའི་ཆུ་དེ་ཉིད་ཀྱིས་གཡོན་པའི་སྲིན་ལག་གི་ཆོས་འབྱུང་བྲིས་ལ་དེའི་དབུས་སུ་དཔལ་རྡོ་རྗེ་རྣལ་འབྱོར་མ་སྐད་ཅིག་གི་རྣམ་པས་བསྒོམས་ཏེ། མེ་ཏོག་ལ་སོགས་པས་མཆོད་ཅིང་ཕྱག་འཚལ་བ་ལ་སོགས་པ ་ནས་བཏང་སྙོམས་ཀྱི་བར་དུ་བྱའོ། །འདི་ནི་སྐྱབས་སུ་འགྲོ་བ་ལ་སོགས་པ་མི་དགོས་ཏེ། གང་ཟག་དབང་པོ་རབ་ཀྱི་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །འདིར་ནི་འདི་ཉིད་རང་ཁོ་ན་དགེ་བའི་ཚོགས་སོ།། །།ད་ནི་བསོད་ནམས་ཀྱི་ཚོགས་ཀྱི་རྗེས་ལ་ཡེ་ཤེས་ཀྱི ་ཚོགས་བསགས་པའི་ཆེད་དུ་སྟོང་པ་ཉིད་ཀྱི་དོན་དུ་བསྒོམ་པ་ནི་དག་པ་གསུམ་ཞེས་པ་ལ་སོགས་པའོ། །དེ་ལ་འདིར་སྟོང་པ་ཉིད་ཇི་ལྟར་བསྒོམ་པ་ནི་ཆོས་ཐམས་ཅད་དངོས་པོ་མེད་པར་བསྒོམས་པ་ཉིད་ཀྱིས་ཐོག་མ་མེད་པ་ནས་བསགས་པའི་སྐྱེ་བོའི་རྒྱུ་ལས་བྱུང ་བའི་དྲི་མ་དག་པས་སོ་སོ་སྐྱེ་བོའི་ཕུང་པོར་འཛིན་པ་ཡོངས་སུ་སྤོང་བ་སྔོན་དུ་འགྲོ་བས་བསྐྱེད་རྫོགས་གཉིས་ཀི་ལྷ་བསྒོམ་པར་བྱའོ། །འདིར་གང་གི་ཕྱིར་སྟོང་ཉིད་བསྒོམ་པ་ནི་རིགས་པ་སྐབས་ཀྱིས་ཆོས་ཐམས་ཅད་ཀྱི་གཟུང་འཛིན་གྱིས་དབེན་པའི་སེམས་གཅིག་པུའི་ངོ ་བོ་རྣམས་ལ་རང་བཞིན་མེད་པ་ནི་སྟོང་པ་ཉིད་དོ། །འདི་ལྟར་སྔོན་པོ་ལ་སོགས་པ་ཕྱི་རོལ་ཐམས་ཅད་དང་ནང་གི་མིག་ལ་སོགས་པ་རྣམས་ཀྱི་སྒྲོ་བཏགས་པའོ། །གང་གི་ཕྱིར་སེམས་ལས་གཞན་བེམས་པོ་རྣམས་ཐ་དད་མེད་དོ། །དེ་མེད་པས་འཛིན་པའང་མེད་དོ།། ་སེམས་གཅིག་པུ་ངོ་བོ་གཉིས་མི་འཐད་པའི་ཕྱིར་རོ། །འོན་ཏེ་སེམས་ཙམ་བདེན་པར་གྱུར་ན་དེ་མ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་ནང་དུ་འདུས་པས་དེ་ལ་ཡང་དངོས་པོ་མེད་པར་ཁོང་དུ་ཆུད་པའི་ཕྱིར་རོ། །གང་གི་ཕྱིར་ཆོས་རྣམས་དངོས་པོ་མེད་པ་སྟེ། དེའི་ཕྱིར་མ ་སྐྱེས་པའོ། །དེ་ཉིད་ཀྱིས་རང་བཞིན་གྱིས་སྒྲོ་བཏགས་པ་ཐམས་ཅད་ཀྱི་མུན་པ་དང་བྲལ་བས་འོད་གསལ་བའོ། །གང་ཕྱིར་དང་པོ་མ་སྐྱེས་པའི་ཕྱིར་རོ། །དང་པོ་སྐྱེས་ནས་ཕྱི་མར་གང་ལ་ཡང་རྣམ་པར་འཇིག་པ་དེ་མ་ཡིན་ནོ། །དེའི་ཕྱིར་ཆོས་རྣམས་གཞན་སྒྱུ་མ་ལ ་སོགས་པ་བཞིན་དུ་དང་པོར་མ་སྐྱེས་པ་ཉིད་ཀྱིས་དོན་དམ་པའི་དངོས་པོས་སྟོང་པ་དེ་བཞིན་དུ་སེམས་ཡང་ངོ། །རིགས་པས་མཚུངས་པའི་ཕྱིར་རོ། །འདིར་ནི་དེ་ལྟ་བར་བསྟན་ནས་འདས་པ་དང་མ་འོངས་པ་གཉིས་ལ་ཡང་སྤྱིར་སྟོང་པ་ཉིད་བསྟན་པས་སྟོང་པ་ཉིད་ལ་སོགས་པའི་? ་རྣམ་པར་ཐར་པའི་སྒོ་གསུམ་བསྟན་ཏོ། །དེ་བས་ན་དག་པ་གསུམ་བརྗོད་པར་བྱའོ་ཞེས་པ་ནི་ཨོཾ་གསུམ་གྱི་རང་བཞིན་དང་རྡོ་རྗེ་དང་རྣལ་འབྱོར་རྣམ་པ་གསུམ་གྱིས་ཡོངས་སུ་དག་པའི་སྔགས་གསུམ་བརྗོད་པར་བྱའོ། །དེ་ལ་རང ་བཞིན་སྟོང་པ་ཉིད་ཀྱིས་དངོས་པོ་དང་དངོས་མེད་དང། །གཟུང་འཛིན་སྒྲོ་བཏགས་དང་བྲལ་བས་དྲི་མ་མེད་པའོ། །ཕུང་པོ་ལ་སོགས་པ་ཐམས་ཅད་དང་བདག་ཀྱང་དེ་བཞིན་ནོ། །ཆོས་ཐམས་ཅད་ཀྱི་ནང་དུ་ཆུད་པའི་ཕྱིར་རོ། །རྡོ་རྗེ་ནི་སྟོང་ཉིད་དེ་སྟོང་ཉིད་རྡོ་རྗེར་བརྗོད ་པར་བྱ་ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་མཚན་མ་མེད་པ་མ་ལུས་པ་སྒྲོ་བཏགས་པ་དང་བྲལ་བས་དག་པའོ། །རྣལ་འབྱོར་ནི་བྱང་ཆུབ་ཀྱི་སེམས་ཏེ། སྨོན་པ་དང་བྲལ་བས་དག་པའོ། །བདག་འཛིན་སྤངས་དཀའ་བའི་ཕྱིར་ཏེ། བདག་རང་བཞིན་གྱིས་དག་ལ ་སོགས་པ་ཞེས་གསུངས་པའི་ཕྱིར་རོ། །སྔགས་གསུམ་གྱིས་སྟོང་བ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་རྣམ་པར་ཐར་པའི་སྒོ་རྣམ་པ་གསུམ་བཤད་དོ། །རང་བཞིན་གྱིས་ཡོངས་སུ་དག་ཀྱང་འདི་དག་གིས་བློ་བུར་དུ་དྲི་མ་སྤངས་པའི་ཕྱིར་རོ། །དེའི་རྗེས ་སུ་སྨོན་པ་སྔོན་དུ་འགྲོ་བས་སྙིང་རྗེ་ཆེན་པོས་སྟོང་པ་ཉིད་ལས་རབ་ཏུ་སང་ནས་ལྷའི་རྣམ་པས་སྒོམ་སྐབས་སུ་བྱེད་གསུངས་པ་ནི་དེ་ལས་ཞེས་བྱ་བ་ལ་སོགས་པ་ནི་དེ་ལས་སྟོང་པ་ཉིད་ཀྱི་རྗེས་ལ་རང་གི་ལུས་ཁམས་གསུམ་སྟེ་ལུས་དག་ཡིད་རྣམ་པ་གསུམ ་ངེས་ཡོངས་སུ་དག་པར་གྱུར་པའི་གཞལ་ཡས་ཁང་དཀྱིལ་འཁོར་གྱི་ཕོ་བྲང་ཀྱང་དེ་ཡིན་པས་ཁམས་གསུམ་གྱིས་རྣམ་པར་དག་པའི་གཞལ་ཡས་ཁང་ངོ་།ཁམས་གསུམ་ཀྱང་གཞལ་ཡས་ཁང་གིས་རྣམ་པར་དག་གོ་།དེ་ནས་རང་གི་ལུས་ཁམས ་གསུམ་འདི་དག་གཞལ་ཡས་ཁང་ལས་ཐ་དད་པ་མ་ཡིན་སྲོག་ཅན་རྣམས་འདི་རྒྱལ་བ་ཡིན་ཏེ། འཁོར་ལོ་འདིའི་དབང་ཕྱུག་བདག་ཡིན་མི་མིན་ཡུལ་དང་དབང་པོ་ལ་སོགས་མིན། །གཟུགས་སོགས་ཆོས་ཉིད་བདག་ཉིད་ཀྱིས་མིན་དཀྱིལ་འཁོར ་ལས་བྱུང་འདི་རྣམས་ཡིན། །སྣ་ཚོགས་དཀྱིལ་འཁོར་ཀུན་ནས་ཤེས་ཤིང་མ་བཅོས་དཀྱིལ་འཁོར་བོར་ནས་བཏགས་པའི་དཀྱིལ་འཁོར་ཅི་སྟ་སྒོམ་ཞེས་དུས་ཀྱི་འཁོར་ལོ་ལས་བཤད་དོ། །ཁམས་གསུམ་རྣམ་པར་དག་པའི་གཞལ་ཡས་ཁང་དུ་ལྷག་པར་མོས་པ་སྟེ།། ་སྐད་ཅིག་ཙམ་གྱིས་ས་བོན་དང་ཕྱག་མཚན་ལ་མི་བལྟོས་པར་ལྟེ་བའི་དཀྱིལ་འཁོར་ལ་དཔལ་རྡོ་རྗེ་རྣལ་འབྱོར་མ་རྣལ་འབྱོར་པ་ཡིས་རྟག་ཏུ་བསྒོམ་ཞེས་འབྲེལ་ཏོ། །དེ་ཇི་ལྟ་བུ་ཞེ་ན། ཕྱག་གཉིས་པ། གཡས་པས་གྲི་གུག་།གཡན་པས་ཐོད་པ་འཛིན་པ། དབུ་སྐྲ? ་གྲོལ་བ། ཐུར་དུ་འཕྱང་བ། གཅེར་བུ་བ། ཞལ་གཉིས་པ། སྤྱན་གསུམ་པ། ལང་ཚོ་ཞེས་པ་ནི་ལོ་བཅུ་གཉིས་ལོན་པ་ལྟ་བུ་ཡིད་དུ་འོང་བའོ། །ཕྱག་རྒྱ་ལྔ་ནི་འཁོར་ལོ་དང། སྙན་ཆ་དང། མགུལ་བརྒྱན་དང། ལག་གདུབ་དང། སྐེ་རགས་རྣམས་ཀྱིས་བརྒྱན་པའོ། སངས ་རྒྱས་ལྔ་ཞེས་པ་ནི་ཐོད་པ་ལྔས་དབུ་ལ་བརྒྱན་པའོ། །སྐྱིལ་ཀྲུང་ཕྱེད་བ་ཞེས་པ་ནི་བརླ་གཡོན་པའི་ཐད་ཀར་གཡས་པའི་ཞབས་ཀྱི་རྩེ་བཞག་པའོ། །ཟླ་བ་ནི་བརྡའི་སྐད་ཀྱིས་རོའོ། །དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་རོ། །མེ་ཞེས་པ་ནི་ཆོས་འབྱུང་གྲུ་གསུམ་སྟེ། །སྟེང་དུ་རྒྱས་པ ་འོག་ཏུ་ཕྲ་མོའོ། །དཀྱིལ་འཁོར་ཞེས་པ་ནི་ཟླ་བ་དང་ཉི་མ་དང་མེའི་དཀྱིལ་དུ་གནས་པའོ། །ཛ་བ་སིནདྷུ་ར་དང་མཚུངས་ཞེས་པ་ནི་ཨཽ་ཌའི་མེ་ཏོག་དང། སིནདྷུ་ར་ཉིད་དམར་པོ་དང་འདྲ་བའོ། །ལྷ་མོ་ཞེས་པ་ནི་རང་གི་ཕུན་སུམ་ཚོགས་པ་ལ་རྩེ་བར་འགྱུར་པས་ལྷ་མོའོ ་ཞལ་གཉིས་ཞེས་བྱ་བ་ནི་གཡས་ཕག་གདོང་ངོ། །གཡོན་པ་ཁོ་བའི་རོ་དང་ལྡན་པས་ཁྲོ་མོའོ། །ཞལ་གཉིས་ཀྱིས་རྣམ་པར་དག་པ་ནི་ཀུན་རྫོབ་ཅེས་པ་ལ་སོགས་པ་ནི་བདེན་པ་གཉིས་ཀྱི་རྣམ་པར་དག་པས་ཞལ་གཉིས་སོ། །གནས་སྐབས་ཀྱི་དག་པ་གཞན ་བརྗོད་པར་བྱ་བ་ནི་རྡོ་རྗེ་ཕག་མོ་ནི་རྡོ་རྗེ་སེམས་དཔའ་རྣམ་པར་དག་པའམ། རྣམ་པར་སྣང་མཛད་ཀྱིས་སོ། །དེ་བཞིན་ཉིད་ཀྱིས་རྣམ་པར་དག་པས་རྡོ་རྗེ་ཕག་མོའོ། །བདེན་པ་གཉིས་ཀྱིས་རྣམ་པར་དག་པས་ཞབས་གཉིས་དང་ཕྱག་གཉིས་སོ། །ཁམས་གསུམ་ལ་མི་དམིགས ་པར་བསྟན་པའི་དོན་དུ་རྣམ་པར་དག་པས་རྡོ་རྗེའི་སྐྱིལ་ཀྲུང་ཕྱེད་པའོ། །ཐམས་ཅད་སྒྲོ་མ་བཏགས་པའི་སྙིང་རྗེ་ཆེན་པོ་ལ་ཆགས་པའི་རྣམ་པར་དག་པས་གདན་ལ་མཐེ་བོང་ཅུང་ཟད་རེག་པའོ། །མངོན་པར་ཤེས་པ་དྲུག་གི་རྣམ་པར་དག་པས་སྤྱན ་དྲུག་གོ་།ལོག་པར་ལྟ་བ་མངོན་པར་སྤོང་པས་ཁྲོ་མོའི་ཞལ་ལོ། །གཏི་མུག་རྣམ་པར་དག་པས་ཕག་ཞལ་ལོ། །དབང་གི་ལས་དང་སྙིང་རྗེའི་རྣམ་པར་དག་པས་དམར་བའོ། །གཉིས་སུ་མེད་པའི་དེ་ཉིད་ཀྱི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲིའི་སྤྲོ་བའི་རྣམ་པར་དག་པས་དབུ་སྐྲ་གྲོལ ་བའོ། །མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་རྣམ་པར་དག་པས་དཔྲལ་བར་རྡོ་རྗེའི་ཕྲེང་བའོ། །རིགས་ལྔའི་རྣམ་པར་རྟོག་པ་དག་པས་ཐོད་པ་ལྔའོ། །དེ་བཞིན་གཤེགས་པ་ལྔའི་རྣམ་པར་དག་པས་འཁོར་ལོ་ལ་སོགས་པའི་ཕྱག་རྒྱ་ལྔའོ། །རྡོ་རྗེ་སེམས་དཔའ་ཨི་རྣམ་པར་དག་པས ་ཐལ་བའོ། །ཱ་ལི་ཀཱ་ལིའི་རྣམ་པར་དག་པས་མི་མགོ་ལྔ་བཅུའི་དོ་ཤལ་ལོ། །དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་དག་པས་གྲི་གུག་གོ་།བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་དག་པས་ཁ་ཊཝཱཾ་གའོ། །བདེ་བ་ཆེན་པོའི་སྙིང་རྗེའི་རེ་རྣམ་པར་དག་པས་སམ་བདུད་བཞི་བཅོམ་པའི་རྣམ ་པར་དག་པས་ཐོད་པ་ཁྲག་གིས་བཀང་བའོ། །དེ་བཟིན་གཤེགས་པའི་དེ་བཞིན་ཉིད་དང་འགྲོ་བ་མ་ལུས་པའི་དེ་བཞིན་ཉིད་དབྱེར་མེད་པར་བསྟན་པའི་ཕྱིར་འཁོར་བར་གནས་པའི་ཉེས་པས་མགོས་པའི་རྣམ་པར་དག་པས་ཆུ་སྐྱེས་ཀྱི་གདན་ནོ། །ཞི་བ་ལ་སོགས་པའི་ཕྲིན ་ལས་ཐམས་ཅད་ཀྱི་རྣམ་པར་དག་པས་སྣ་ཚོགས་པདྨའོ། །སེམས་ཅན་མ་ལུས་པའི་རྒྱུད་ཀྱིས་མ་རིག་པའི་མུན་པ་རྣམ་པར་འཇོམས་པར་བྱེད་པ་དང། མི་དགེ་བའི་འདམ་སྐེམས་པར་བྱེད་པ་དང་བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུ་རྣམ་པར་སྨིན་པར་བྱེད་པའི་ཤེས་རབ་ཀྱི ་རྣམ་པར་དག་པས་ཉི་མའི་འཁོར་ལོར་གདན་ནོ། །དངོས་པོ་མེད་ཅིང་གཉིས་སུ་མེད་དེ་ཉིད་ལ་ཉེས་པ་བསལ་བའི་རྣམ་པར་དག་པས་རོའི་གདན་ནོ་ཞེས་རྟེན་དང་བརྟེན་པའི་རྣམ་པར་དག་པའོ།། །།ད་ནི་དམ་ཚིག་སེམས་དཔའ་ཨི་ལྷ་རྫོགས་པའི་རྗེས་སུ་ཇི་ལྟར ་བྱ་ཞེ་ན། བླ་མའི་མན་ངག་ཅེས་པ་ལ་སོགས་པ་གསུངས་པ་ནི། བླ་མའི་མན་ངག་ཁོ་ན་ལམ་མོ། །དེས་དངོས་གྲུབ་རྗེས་སུ་འབྲང་བའི་ཕྱིར་རོ། །རིམ་པ་ཞེས་པ་ནི་བསྒོམ་མོ། །རྒྱས་པ་ནི་མང་བའོ། །དེ་ཡང་འདི་ལྟ་སྟེ། ལྟེ་བའི་ཆུ་སྐྱེས་དང་ཉི་མ་ལ་གནས་པའི་འོད་ཟེར ་དམར་པོ་རབ་ཏུ་འབར་བའི་བཾ་གི་ཡི་གེ་ལས་འཕྲོས་པའི་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུས་ཡེ་ཤེས་ཀྱི་རྣལ་འབྱོར་མ་དགུག་ཅིང་དྲང་བའི་ཕྱག་རྒྱ་དང་ཕེཾ་བརྗོད་པས་དགུག་ཅིང་བདག་ཉིད་ལ་རབ་ཏུ་གཞུག་གོ་།ལྷོ?་བ་ལ་སོགས་པར་ཨོཾ་བཾ་ཞེས་པ་ལ་སོགས་པའི་སྔགས ་ཀྱི་ཡི་གེ་བསྐྱེད་ཅིང་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ཏེ། ཡེ་ཤེས་ཀྱི་ལྷ་མོ་དང་ལྷན་ཅིག་ཏུ་འོངས་པའི་རྡོ་རྗེ་རྣལ་འབྱོར་མ་རྣམས་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་ཐོད་པ་དང་ཌ་མ་རུ་འཛིན་པ་རྣམས་ཀྱིས་ཇི་ལྟར་བལྟམ་པ་ཙམ་གྱིས་ནི་ཞེས་པ་ལ་སོགས་པའི་ཚིགས ་སུ་བཅད་པ་བརྗོད་ཅིང་ཕྱག་གཡོན་ན་གནས་པའི་ཐོད་པ་ཅུང་ཟད་དམད་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་ཞིང་བདེ་བ་ཆེན་པོའི་རང་བཞིན་དུ་བདག་ཉིད་རྣམ་པར་བསྒོམས་ལ། ཆུ་ལྷག་མ་ལས་ཡོངས་སུ་རྫོགས་པའི་རང་གི་སྤྱི་བོར་རྡོ་རྗེ་སེམས་དཔའ་ ་འམ་རྣམ་པར་?་མཛད་བསྒོམ་པར་བྱའོ། །ོཾ་སརྦཱ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཧཱུཾ་ཕཊ་ཅེས་བརྗོད་པར་བྱའོ། །དེ་ནས་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད་དེ། འོད་ཟེར་གྱིས་བསྐུལ་བའི་སེམས་ཅན་རྣམས་ཀྱིས་ཕྱག ་བྱ་བ་དང། བསྟོད་པ་བྱ་བ་དང། གསོལ་བ་གདབ་པར་བདག་ཉིད་ལྷག་པར་མོས་ཏེ། དེ་ནས་ཆོ་ག་ཇི་ལྟ་བར་བྱས་པས་བདུད་རྩི་སྦྱངས་ལ་ཧཱུཾ་དཀར་པོ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་ཏུ་གྱུར་པའི་ལྗགས་ཀྱི་འོད་ཟེར་འཇག་མའི་བུ་ག་ལྟ་བུ་ཅན་གྱིས་སམ། ཡིད ་ཀྱིས་བཀུག་ནས་ཆགས་པ་མེད་པ་དེ?་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པའི་དཔའ་བོ་དང་དཔའ་མོ་དབང་ཕྱུག་མའི་གཟུགས་སུ་བདག་ཉིད་ལྷག་པར་མོས་ཤིང་བདུད་རྩི་མྱང་བར་བྱའོ། །དེས་བདེ་བ་ཅན་གྱི་སེམས་ཏིང་ངེ་འཛིན་ལ་གནས་པར་ ་འགྱུར་བར་རིགས་པ་ཡིན་པའི་ཕྱིར་རོ། །གདན་ལ་སོགས་པ་ཡང་དཀྱིལ་འཁོར་གྱི་དེ་ཉིད་བདེན་པ་གཉིས་ཀྱིས་བརྟག་པར་བྱའོ།། །།དེའི་རྗེས་སུ་དངོས་གྲུབ་ཐམས་ཅད་མྱུར་དུ་རྫོགས་པར་བྱ་བའི་ཕྱིར་སེམས་བརྟན་པར་འདོད ་པའི་རྣལ་འབྱོར་པའི་བསྒོམ་གསུངས་པ་ནི་དེའི་པདྨའི་ནང་དུ་ནི་ཞེས་པ་ལ་སོགས་པ་ནི་རྡོ་རྗེ་རྣལ་འབྱོར་མ་དེའི་པདྨའི་ནང་དུ་གནས་པའི་འཁོར་ལོ་ཟུར་གསུམ་པ་ཆོས་འབྱུང་བསྒོམ་པར་བྱའོ། །ཞེས་ལྷག་པར་བཤད་པར་བྱའོ། །འཁོར་ལོ་དེ་ཇི་ལྟ་བུ་ཞེ་ན། དོན་ཀུན་ནི ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མངོན་པར་འདོད་པའོ། །དེ་དག་གི་སྒྲུབ་བྱེད་ནི་ཡོངས་སུ་རྫོགས་པར་སྦྱིན་པར་བྱེད་པའི་ཕྱིར་རོ། །དེན?་ཀུན་སྒྲུབ་སྦྱིན་ནི་འདོད་པའི་དོན་མ་ལུས་པར་རྫོགས་པར་བྱེད་པའི་གནས་ཞེས་བྱ་བའི་དོན་ཏོ། །ཡང་ཇི་ལྟ་བུ་ཞེ་ན། ཡོན ་ཏན་གསུམ་བརྒྱན་མཚན་གནས་སུ་ཞེས་པ་ནི་ལ་ལ་ནཱ་དང། ར་ས་ནཱ་དང་ཨ་བ་དྷུ་ཏིའི་རྩ་རྣམས་ནི་སྙིང་སྟོབས་དང་རྡུལ་དང་མུན་པའི་རང་བཞིན་ནོ། །རང་བཞིན་དེ་དག་གིས་རྣམ་པར་བརྒྱན་པའི་དོན་ཏོ། །ཡང་ཇི་ལྟ་བུ་ཞེ་ན། མཆན་གནས་སུ་ཞེས་པ་ནི་ཕྱག་རྒྱ་ཆེན ་པོའི་བདག་ཉིད་ཆོས་ཐམས་ཅད་བསྐྱེད་པའི་གནས་སུ་གྱུར་པའི་རྐྱེན་ཡིན་པའི་ཕྱིར་རོ། །ཡང་ཇི་ལྟ་བུ་ཞེ་ན། ཁ་དོག་དམར་པོ་ཞེས་པ་ནི་ཛ་བའི་མེ་ཏོག་ལས་ཀྱང་ཤིན་ཏུ་དམར་བའོ། །དེའི་ཕྱིར་འོད་ཆེན་ལྷན་ནེ་འབར་ཞིང་ཤིན་ཏུ་གསལ་བའོ། །ཡང་འཁོར་ལོ་ནི ་ཇི་ལྟ་བུ་ཞེ་ན། སྔགས་ཀྱིས་ཡི་གེ་ཡོངས་སུ་རྫོགས་ཞེས་པ་ནི་མན་ངག་གིས་བཾ་དབུས་སུ་ཡོད་པ་ལ་གོ་བར་བྱའོ། །རྡོ་རྗེ་རྣལ་འབྱོར་མའི་རྩ་སྔགས་ཀྱིས་ཇི་ལྟར་ཡོངས་སུ་གང་བའི་དབུས་སུ་གྱེན་དུ་ལངས་པའི་སྔགས་ཀྱི་ཕྲེང་བས་ཡོངས་སུ་གང་ཅེས་བྱ་བའི་དོན་ཏོ། ། ་ཡང་ཇི་ལྟ་བུ་ཞེ་ན། བསྐོར་ཞེས་པ་ནི་རྫ་མཁན་གྱི་འཁོར་ལོ་བཞིན་དུ་ཤུགས་དྲག་པའི་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུར་འཁོར་ལོ་བསྒོམ་པར་བྱ་ཞེ་ན། སྲིན་པོ་ཞེས་བྱ་བ་ལ་སོགས་པ་ནི་སྲིན་བོ་ནི་གཏུམ་མོ། །དུས་ཀྱི་མེའི་རང་བཞིན་གྱི་ཕུང་པོ་ལྔ་པོ་མི་དམིགས ་པའི་བདག་ཉིད་བཟའ་བར་རུང་བ་དང་མཚུངས་པའི་ཕྱིར་སྲིན་པོའོ། །དེའི་ཞལ་ནི་རྩོལ་རུང་ངོ། །དེའི་ལམ་ནི་གྱེན་དུ་དྲངས་ནས་སུ་ཞེས་སོ། །ཡང་ཇི་ལྟ་བུ་ཞེ་ན། རྣམ་འོད་ཅེས་བྱ་བ་ལ་སོགས་པ་ནི་རྣམ་འོད་དབྱིག་གཉན་ནི་གཏུམ་མོ་སྟེ་མེའི་ངོ་བོ་ཡིན་པའི་ཕྱིར་རོ། །གཏུམ་མོ ་དེ་རབ་ཏུ་འབར་བས་སོ། །འདི་བསྡུས་པའི་དོན་ནི་སེམས་བརྟན་པར་བྱེད་པའི་དོན་དུ་རྣལ་འབྱོར་པས་ལྟེ་བ་དང། སྙིང་ག་དང། མགྲིན་པ་དང། བདེ་བ་ཆེན་པོའི་འཁོར་ལོར་གནས་པའི་མདུང་པའི་བུག?་རྣམས་ལ། ཨོཾ་ཧཱུཾ་ཨོཾ་ཧཾ་ཞེས་པའི་ཡི་གེ་རྣམ་པར་བལྟས་ལ། གསང ་པའི་འཁོར་ལོ་གནས་པའི་རླུང་དང་མེས་བསྐྱོད་པའི་གཏུམ་མོའི་ངོ་བོ་ཨོཾ་ཡི་གེ་འབར་བའི་འོད་ཟེར་གྱིས་འཛག་པར་འགྱུར་པའི་ཧཾ་ལ་སོགས་པའི་ཡི་གེ་གསུམ་དང་ལྷན་ཅིག་ཏུ་དབྱེར་མེད་པའི་ཨོཾ་གྱི་ཡི་གེ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ཐིག་ལེར་གྱུར་པ་རྣམ ་པར་བསྒོམ་ཞིང་སྒོམ་པ་ཡོངས་སུ་སྨིན་པར་ལྷག་པར་མོས་ནས། ཨོཾ་དེ་ཁོ་ན་ལས་འོད་ཟེར་གྱི་རེ་ཁཱ་ཕྲ་མོ་འབར་བ་ཞིག་ཏུ་གྱུར་པར་གནས་པར་བལྟའོ། །དེའི་མཐུས་བདུད་རྩིའི་གོང་དུ་འཛག་པར་འགྱུར་བས་ཁྱབ་བདག་ཕེབས་པར་འགྱུར་ཞིང་འོད་ཟེར་གྱི་རེ་ཁཱ་དེ་ཡང ་བསིལ་བར་འགྱུར་ཏེ། དེ་ནས་ཐིག་ལེ་ལ་སེམས་རྩེ་གཅིག་པས་བལྟ་བར་བྱའོ། །ཇི་སྲིད་དུ་རྟགས་རྣམས་ཀྱིས་ཀྱང་བརྟན་པ་རྙེད་པ་ཉེ་བར་མཚོན་པར་བྱའོ། །བརྟན་པ་རྙེད་ནས་འོད་ཟེར་གྱི་རི་མོ་དེའི་སྣང་བ་སྣ་ཚོགས་གསལ་བར་འབྱུང་བར་རྣམ་པར་བསམས་ལ། སྐུ་རུ་ར ་ལག་མཐིལ་དུ་བཞག་པ་བཞིན་དུ་ཐམས་ཅད་མཐོང་བར་འགྱུར་རོ། །ཏིང་ངེ་འཛིན་ཐམས་ཅད་ཀྱང་མྱུར་དུ་རྫོགས་པར་འགྱུར་རོ་ཞེས་པ་ནི་ཐིག་ལེའི་རྣལ་འབྱོར་རོ།། །།དེའི་རྗེས་སུ་ཕྲ་བའི་རྣལ་འབྱོར་བསྒོམ་པར་བྱེད་བའི་ཐབས་ཀྱིས་མཆོག་གསུངས་པ ་ནི་ཕག་གདོང་ཞེས་པ་ལ་སོགས་པ་ནི་ཕག་གདོང་ལས་མཐོ་གང་གི་སྟེང་དུ་གཡུང་དྲུང་ཡོངས་སུ་འཁོར་བར་བལྟས་ནས་འཁོར་ལོ་བསྒོམ་པར་བྱའོ། །དེ་བཞིན་དུ་འཛག་པར་འགྱུར་བའི་ཧཾ་ལ་སོགས་པའི་ཡི་གེ་རྣམས་རོ་གཅིག་ཏུ་གྱུར་པའི་ལྷན་ཅིག་སྐྱེས་པའི་དགའ་ ་བའི་རང་བཞིན་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཡུངས་འབྲུ་ཙམ་སྐད་ཅིག་མས་སྐྱེས་པའི་རྣལ་འབྱོར་མ་དང་བཅས་པ་རྡོ་རྗེའི་ནོར་བུ་འམ། པདྨའི་ཟེ་འབྲུའི་རྩེ་མོ་ལ་བཞག་ནས་དམིགས་པར་བྱའོ། །ཇི་སྐད་བཤད་པ་བརྟན་པར་གྱུར་ན་རྟགས ་མཐོང་ལ། རྡོ་རྗེ་ཕག་མོ་ལ་སོགས་པ་རྣལ་འབྱོར་མའི་དཀྱིལ་འཁོར་སྤྲོ་བར་བྱའོ། །ཞེས་པ་ནི་ཕྲ་མོའི་རྣལ་འབྱོར་རོ། །ཁ་ཅིག་ནི་རྣལ་འབྱོར་པའི་ཉོན་མོངས་པར་གནོད་པར་འགྱུར་བའི་སེམས་རྒྱུན་ཅན་གཡུང་དྲུང་བསྒོམ་པར་བྱའོ། །དེ་ནས་སེམས་ཏིང་ངེ་འཛིན་ལ ་གནས་པའི་གསང་བའི་གནས་སུ་འཁོར་ལོ་འཁོར་བར་བ་ལྟའོ་ཞེས་ཟེར་རོ། །ཡང་འགའ་ཞིག་ནི་གཡུང་དྲུང་བསྐོར་པར་མཐོང་ནས་སྲིན་པོའི་ཞལ་ཅུང་ཟད་བསྡམས་པས་རྣམ་འོད་དབྱིག་གཉེན་འབར་ནས་འཁོར་ལོ་སྒོམ་ཞེས་ཟེར་རོ། །འདི་ལྟ་སྟེ། གཡུང་དྲུང་ལ ་སེམས་བརྟན་བར་གྱུར་ན་སྲོག་རྩོལ་གྱི་རླུང་བརྟན་པར་འགྱུར་རོ། །རྩོལ་བ་རླུང་བརྟན་པར་འགྱུར་ན་དེས་བསྐྱོད་པའི་གཏུམ་མོས་ཧཾ་ལ་སོགས་པའི་ཡི་གེ་ལས་ཐ་མི་དད་པའི་བདུད་རྩེ་བབ་པས་གསང་བའི་འཁོར་ལོ་དེ་ཡང་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན ་ཐིག་ལེར་གྱུར་པར་བསྒོམ་པར་བྱའོ། །དེ་སྐད་དུ་ཡང་སྒྲུབ་ཐབས་ཆེན་པོ་ལས། དེའི་རྗེས་ལ་མཁས་ཅན་ཁམས་སུ་ནི། །སྒང་གསུམ་རི་བོའི་སུལ་ནང་དུ། །འཁོར་ལོ་དམར་པོ་རབ་ཏུ་འབར་བ་ནི། །མྱུར་བར་སྔར་བཤད་ལྟ་བུར་འཁོར་བར་བསྒོམ། །ལྷག་པའི ་ཤུགས་ཀྱིས་བརྟན་པར་ལྟར་གནས་ཤིང། །རླུང་མེད་མི་གཡོ་མར་མེ་ལྟར་གསལ་ཏེ། །བདེ་བ་ཆེན་པོའི་འཁོར་ལོར་བཞུགས་བྱས་ནས། །བདུད་རྩིའི་ཐིག་ལེ་ཟགས་པས་ཁྲུས་བྱ་ཞིང་ཞེས་པ་ནས་ཕྱག་རྒྱ་ཆེན་པོ་འཐོབ་པར་འགྱུར་བ་ཡིན་ཞེས་པའི་བར་དུ་བཤད་བའོ།། ་འདི་ལྟ་བུ་རྣམ་པར་བསྒོམ་པའི་རྣལ་འབྱོར་པ་ལ་ཅི་འགྲུབ་པར་འགྱུར་ཞེ་ན། ཕྱག་རྒྱ་ཞེས་པ་ལ་སོགས་པ་ནི་དགའ་བ་ལ་འགྲོ་བས་སམ་སྤྲོས་པ་ཐམས་ཅད་དང་བྲལ་བས་སྟོང་པ་ཉིད་ཡོངས་སུ་དག་པའི་ཕྱིར་རོ། །ཕྱག་རྒྱ་གཉིས་ནི་གཡུང་དྲུང་དང་འཁོར་ལོའོ། །དེ་ལ ་མཐར་ཐུག་པའི་སྦྱོར་བ་གཉིས་སུ་མེད་པའི་ཡེ་ཤེས་སོ། །ཡང་ན་སྲིན་པོའི་ཞལ་ཅུང་ཟད་བསྡམས་པ་དང། རྣམ་འོད་དབྱིག་གཉེན་རབ་ཏུ་འབར་བས་ཕྱག་རྒྱ་གཉིས་སོ། །ཡང་ན་བདེ་བ་ཆེན་པོའི་འཁོར་ལོ་དང་སྤྲུལ་པའི་འཁོར་ལོ་གཉིས་ལ་བདེ་བ་ཆེན་པོའི་རོས ་ཕྲད་པ་ནི་ཕྱག་རྒྱ་གཉིས་ཀྱིས་རབ་སྦྱོར་རོ། །དེས་ཁམས་གསུམ་དུ་འགྲུབ་པ་ནི་རྫོགས་པར་འགྱུར་རོ། །ཡང་གི་ཚིག་གིས་དངོས་གྲུབ་ཕྲ་མོ་སྨོས་ཅི་དགོས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་བར་འགྱུར་རོ་ཞེས ་བྱ་བའི་དོན་ཏོ། །འོན་ཏེ་བསྐྱེད་རིམ་ཙམ་ལ་གནས་བས་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་ཟེར་ན། སྐད་ཅིག་གིས་ཞེས་བྱ་བ་ལ་སོགས་པ་ནི་ས་བོན་དང་ཕྱག་མཚན་ལ་སོགས་པ་མེད་པས་སྐད་ཅིག་ནི་ཅིག་ཅར་རོ། །རྣམས་ནི་ལྷའི་རྣམ་པའོ། །དེའི་རྣལ ་འབྱོར་ནི་སྟོང་པ་ཉིད་དང་སྙིང་རྗེ་ཐུང?་དུ་འཇུག་པའོ། །བདག་ཉིད་ནི་ངོ་བོ་གང་ཡོད་པ་དེ་སྐད་ཅིག་རྣམ་པའི་རྣལ་འབྱོར་པ་དག་གོ་།རྣལ་འབྱོར་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་དང་ལྡན་པས་འགྲུབ་པར་འགྱུར་བ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ།། ་རྣམ་གཞན་མིན་ཞེས་བྱ་བ་ནི་རྫོགས་རིམས་ཞེས་བྱ་བའི་དོན?་ཧོ། །འདི་ལྟ་སྟེ། རིམ་པ་གཉིས་ནི་ཡང་དག་བརྟེན། །རྡོ་རྗེ་ཅན་གྱིས་ཆོས་བསྟན་ཏོ། །བསྐྱེད་པའི་རིམ་བ་དང་རྫོགས་པའི་རིམ་པར་གནས་པའི་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མྱུར་དུ ་ཐོབ་པར་འགྱུར་རོ་ཞེས་བསྒོམ་གྱི་ཆོ་གའོ། །སྔགས་བཏུབ་ནི་གོ་སླའོ། །དེ་ནས་གཏོར་མ་བཤད་པར་བྱ་བ་ནི་གཅེར་བུ་ཞེས་པ་ལ་སོགས་པ་ནི་གཅར་བུ་སྐྲ་གྲོལ་བས་སྔར་བཤད་པའི་ནུབ་ལ་སོགས་པའི་ཕྱོགས་སུ་བལྟ་ཞིང་མན་ངག་ཇི་ལྟ་བར་བྱིན་གྱིས ་བརླབ?་གཏོར་མ་གཏང་ཞེས་དགུགས་ནས་བཤད་པར་བྱའོ། །འདི་ནི་ཡཾ་ལས་བསྐྱེད་པའི་རླུང་གི་འཁོར་ལོའི་སྟེང་དུ་རཾ་ལས་བསྐྱེད་པའི་མེའི་དཀྱིལ་འཁོར། དེའི་སྟེང་དུ་ཀཾ་ལས་བྱུང་བའི་མི་མགོ་གསུམ་ལ་ཨ་ལས་བྱུང་བའི་པདྨའི་སྣོད་ཀྱི་བདུད་རྩི ་ལྔ་དང། སྒྲོན་མ་ལྔ་དང། ཧ་ཧོ་ཧྲཱི(རྒྱུད་འགྲེལ་བཾ་ལས་སྐྱེས་བ་ཁ་ཊཝཱཾ་ག་མགོ་ཐུར་དུ་བསྟན་པས་དགུགས་ནས་ཞུ་ཞིང་དེའི་འོག་ཏུ་ཨོཾ་ཨཱ:ཧཱུཾ་བསྒོམས་པའི་འོད་ཟེར་གྱི་རྒྱ་མཚོ་ལ་སོགས་པའི་བདུད་རྩི་ཡང་བཀུག་པར་བྱས་ལ། གྲུབ་པའི་དངུལ་ཆུ་ལྟར་བདུད་རྩི་ཡང་རབ་ཏུ་གྲུབ་ལ། ཡི་གེ་གསུམ ་གྱིས་འདོད་པ་ཇི་ལྟ་བར་བྱིན་གྱིས་བརླབས་ནས་སྔགས་དང་ཕྱག་རྒྱས་བཀུག་པའི་རྡོ་རྗེ་རྣལ་འབྱོར་མ་ལ་སོགས་པའི་ཚོགས་མདུན་དུ་བཞག་ཅིང་ཡང་དག་པར་མཆོད་དེ། ཧཱུཾ་དཀར་པོ་ལས་རྡོ་རྗེའི་ལྗགས་ཀྱི་བུ་ག་དང་ལྡན་པའི་རྡོ་རྗེ་མཁའ་འགྲོ་མ་ལ། ་ཨོཾ་བཛྲ་ཌཱ་ཀི་ནི། ཨི་མཾ་བ་ལི། གྲིཧྞ་གྲིཧྞ་ཧཱུཾ་ཕཊ། ཨོཾ་ཛ:ཧཱུཾ་བཾ་ཧོ། ས་མ་ཡ་སྟཝཾ་དྲི་ཤྱ་ཧོ(རྒྱུད་འགྲེལ་འདིས་ལན་ཅིག་གམ་གཉིས་སམ་གསུམ་མམ་བཞི་འམ་ལྔར་བརྗོད་པར་བྱའོ། །དེ་ནས་དུར་ཁྲོད་བརྒྱད་ལ་གནས་པའི་ཕྱོགས་སྐྱོད་རྣམས་ལ་དབུལ་པ་ནི་ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦབ་ཡཀྵ་རཱཀྵ་ས། བྷཱུ་ཏ། པྲེ་ཏ་པི་ཤཱ་ཙ། ཨུནམཱད་ཀུཥྞཱ་ཎ་ཌ། ཨ་པསྨཱ? ་ར། ཌཱ་ཀི་ནྱ་ད་ཡ། ཨི་མཾ་བ་ལིཾ། གྲིཧྞ་ཧུ། ས་མ་ཡཾ་རཀྵནྟུ?། མ་མ་སརྦབ་སིདྡྷི་མམེ། པྲ་ཡཙྪནྟུ། ཡ་ཐེ་བཾ། ཡ་ཐེཥྚཾ། བྷུཉྫ་ཐ། པི་བ་ཐ། མཱ་ཏི་ཀྲ་མ་ཐཱ། མ་མ་སརྦབ་ཀརྟ་ཡསཚུ་ཁ། པི་པྲཱིདྡྷ་ཡེ། ས་ཧ་ཡིག་བནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པ་འདི་ལན་བདུན ་བརྗོད་པས་དབུལ་ལོ། །བདུད་རྩི་མྱངས་ནས་བདེ་བ་ཆེན་པོ་ཐོབ་པར་འགྱུར་བའི་རྡོ་རྗེ་རྣལ་འབྱོར་མ་ལ་སོགས་པའི་ལྷ་རྣམས་བསྒོམ་པར་བྱའོ། །དེ་ནས་རང་གི་ས་བོན་ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱིས་ཡང་དག་པར་མཆོད་ཅིང་རྐང་པ་བརྒྱད ་པའི་སྔགས་གྱིས་བསྟོད་དེ་འདོད་པའི་དངོས་གྲུབ་ལ་གསོལ་པ་བཏབ་ནས་ལྷག་ཆད་ལ་སོགས་པའི་ཉེས་པ་སྤངས་ནས་བཟོད་པར་གསོལ་ཏེ། སྲིན་ལག་དང་མཐེ་བོང་གིས་སེ་གོལ་གཏོགས་ཅིང་ཨོཾ་བཛྲ་མུ(རྒྱུད་འགྲེལ་ཉིད་ཀྱི་ས་བོན་ལ་བསྟིམ་པར་བྱའོ། །བཅོམ་ལྡན་འདས་མའི་གཏོར་མའོ། །དམ་ཚིག་ཅེས་པ་ནི་འགལ་བར་མི་བྱ་བའི་ཕྱིར་དམ་ཚིག་ནི་སྲོག་གཅོད་པ་ལ་སོགས་པ་ཁ་ན་མཐོ་བའི་ལས་སྡོམ་པའོ། །ཡང་དམ་ཚིག་ནི་ཤེས་རབ་མ་བསྟེན་པ་ལས་བྱུང་པའི་དགའ་ ་པ་བཅུ་དྲུག་གི་ཐིག་ལེའི་བདག་ཉིད་རོ་གཅིག་ཏུ་གྱུར་ནས་རྡོ་རྗེ་ནོར་བུ་རབ་ཏུ་འཇུག་པ་ནི་ཚངས་པར་སྤྱོད་པའོ། །ཡང་དམ་ཚིག་ནི་དགའ་བ་བཅུ་དྲུག་གི་ཐིག་ལེ་དེ་ཉིད་འཛག་པར་མི་འགྱུར་པའི་ཚུལ་ཁྲིམས་ཀྱི་རང་བཞིན་ནོ། །དེ་ཇི་ལྟར་ཞེ་ན། རྡོ་རྗེ་ནོར་བུ ་ལས་གྱེན་དུ་གསང་བ་དང། ལྟེ་བ་དང། སྙིང་ག་དང། མགྲིན་པ་དང། དཔྲལ་བའི་ཟེ་འབྲུས་འདེན་པ་ནི་གསང་བའི་དམ་ཚིག་གོ་།བཟའ་བ་ནི་གོ་ཀུ་ད་ཧ་ན། སྒྲོན་མ་ལ་སོགས་པ་ཆོ་ག་ཇི་ལྟ་བུས་བདུད་རྩིད་བསྒྱུར་བའི་བཟའ་བའོ། །དམ་ཚིག་ཉམས་པ་ལ ་ཀླད་གཟེར་དང་མཛེ་ནང་ལ་སོགས་པ་རྣམ་པ་སྣ་ཚོགས་འབྱུང་བར་འགྱུར་རོ། །དམ་ཚིག་གཉིས་བསྲུངས་པ་ཁོ་ནས་དངོས་གྲུབ་འགྲུབ་པར་འགྱུར་རོ།། །།རྡོ་རྗེ་ཕག་མོར་ཕྱག་འཚལ་ནས། །ཚེས་བཅུའི་ཆོ་ག་རྒྱས་པ་རུ། །སྒྲུབ་པ་པོ་ལ་ཕན ་པའི་ཕྱིར། །སྟོབས་ཆེན་རབ་ཏུ་བརྗོད་པར་བྱ། །ཉོན་མོངས་དྲ་བས་རྣམ་གཅོད་པའི། །མར་གྱི་ཚེས་བཅུ་ངེས་པ་སྟེ། །ཤཱཀྱ་སེང་གེ་སྔར་བྱང་ཆུབ། །སྙིང་པོ་བྱང་ཆུབ་ཐོབ་པར་འགྱུར། །དང་པོའི་སངས་རྒྱས་མདང་གར། །མར་གྱི་ཚེས་བཅུ་སངས་རྒྱས་གྱུར། ། ་མར་ངོ་སྨྲས་པས་ཅི་ཞིག་བྱ། །དེ་ཀུན་དེ་བཞིན་གཤེགས་ལས་འབྱུང། །ལུ་ཨི་བི་རུ་ལ་སོགས་རྣམས། །གྲུབ་ཐོབ་གྲུབ་ཉིད་ཐོབ་པར་གྱུར། །ཚེས་བཅུ་དེ་ཉིད་དེས་ན་དེ། །ཚེས་བཅུ་མཚུངས་མེད་བསོད་ནམས་ཅན། །དེ་ལ་བསམ་གཏན་བཟླས་བརྗོད ་པ། །དེ་བཞིན་གཏོར་མ་སྦྱིན་སྲེག་གོ་།མཛའ་མེད་འབྲས་བུ་བསྟན་པ་ནི། །སྲོད་ལ་ཁྱད་པར་འཕགས་པས་སུ། །དཔའ་བོ་རྣལ་འབྱོར་མ་འཁོར་ལོ། །གཞོན་ནུའི་འཁོར་ལོ་གཅིག་པུ་འམ། །གྲུབ་ཐོབ་རིམ་པའི་ཆོ་ག་ཡིས། ། ་མཆོད་ན་དངོས་གྲུབ་ཐོབ་པར་འགྱུར། །རྣལ་འབྱོར་རོལ་པས་རབ་ཞུགས་པའི། །རིམ་གྱིས་ཐིམ་པའི་རླུང་སེམས་ཀྱིས། །སེམས་ཀྱི་སྤྲོས་པ་ཚེས་བཅུ་སྟེ། །རང་རིག་ཚེས་བཅུར་རབ་ཏུ་གྲགས། །བླ་མ་མན་ངག་གིས་གནས་པའི། །མི་ཤིགས་པ་ཡི་སྒྲ་ལས ་བྱུང། །ལྷན་སྐྱེས་ཚེས་བཅུ་ཚིག་ཏུ་བཤད། །སྲོག་གི་རྣལ་འབྱོར་ཚེས་བཅུ་ཡིན། །དབུས་མའི་ལམ་དུ་རོལ་པ་ཡིས། །གཏུམ་མོ་གྱེན་དུ་འགྲོ་བ་སྟེ། །སྤྱི་བོར་འཁོར་ལོ་ཀུན་ནས་གནོད། །ལུས་ཀྱི་ཚེས་བཅུ་དྲན་པ་ཡིན། །དེ་ནས་ཚེས་བཅུར ་ཏིལ་དང་ནི། །སྐྱུ་དུར?་དང་ཡུངས་འབྲུ་སྟེ། །བཀྲུས་ནས་སྒྲུབ་བོ་མཉམ་གཞག་ནས། །མཆོད་པའི་བྱེ་བྲག་འགྲུབ་པར་འགྱུར། །གསང་འདུས་ལ་སོགས་རིམ་པ་ཡིས། །རང་རང་ཡི་དམ་མཆོད་པར་བྱ། །ཁྱད་པར་དུ་ནི་སྲོང་ལ་སྟེ། །སྒྲུབ་བོས་དེ་ཉིད ་བསྒོམ་པར་བྱ། །རང་གི་རྟོག་པར་བཤད་པ་འམ། །གྲུབ་ཐོབ་ལ་མ་གསུངས་གཏོར་མ་དབུལ། །སྤྱི་ཡི་རིམ་པ་རབ་ཏུ་བཤད། །ད་ནི་ཁྱད་པར་བརྗོད་པར་བྱ། །ཡར་གྱི་ཚེས་བཅུར་མཆོད་སྦྱིན་གཉིས། །མར་ངོ་སྦྱིན་སྲེག་མཆོད་པ་གཉིས། །སྟོན་ཟླ་ཐ ་ཆུང་ཚེས་བཅུ་ལ། །གྲུབ་ཐོབ་རྒྱུད་པའི་དཔའ་བོ་རྣམས། །སྤོབས་པའི་རང་བཞིན་སེམས་ལྡན་ལ། །ཆང་གི་མཆོག་གི་མཆོད་པར་བྱ། །ཀུན་དའི་མེ་ཏོག་རབ་བརྒྱུས་པའི། །མེ་ཏོག་དམར་པོ་མཆོད་པར་བྱ། །ཡིད་ཀྱི་བཟླས་པར་རོལ་པ་ནི། །ས་འོག་ལ་ནི ་དམིགས་གྱུར་པ། །མར་དོར་ཏིལ་ལ་དམར་པོ་ཡིས། །ནནྟི་ནི་ཡིས་ཁུ་བས་སྤངས། །དང་པོའི་སྲོད་ལ་སྦྱིན་སྲེག་བྱ། །དབེན་པའི་གནས་སུ་བསྒོམ་གནས་སོ། །དགུན་ཟླ་ར་བར་སྣམ་བུ་འམ། །རས་བལ་འབྱུང་གོས་དབུལ་བར་བྱ། །མེ་ཏོག་སེར་པོ་རབ ་བརྒྱུས་པའི། །མེ་ཏོག་དམར་པོའི་ཕྲེང་བས་མཆོད། །ཉིད་ལག་རོལ་པས་བཟླས་པ་དང། །ས་སྟེངས་འོག་རྗེས་འབྲེངས་པའི། །ཟླ་བ་མར་དོ་ཏིལ་ནག་གིས། །ལྷག་པར་གོང་བཞིན་སྦྱིན་སྲེག་བྱ། །གོང་བཞིན་འབྲིད་པོར་བ་མར་དང། །ཀེཾ་ཀི་ར་ཏས་འདྲེས་མཆོད་པ། །གོང ་བཞིན་དུ་ནི་སྤྱད་པར་བྱ། །གསང་སར་ཚིག་གིས་བཟླས་བ་དང། །མི་ཡི་འཇིག་རྟེན་གནས་རོལ་ནི། །ཟག་པ་ཀུན་ནས་རྣམ་འཇིག་པ། །དེ་བཞིན་ཏིལ་དཀར་སྦྱིན་སྲེག་ནི། །མཚན་ཕྱེད་དག་ལ་ཡང་དག་སྤྱོད། །དགུན་ཟླ་ཐ་ཆུང་ཡར་ཚེས་བཅུར། །ཞོ་ནི་དྲི་ཞིམ ་དངུལ་བར་བྱ། །གསེར་གྱི་སྙེམ་མེ་ཏོག་འདྲེས། །མཆོད་པ་སྔར་བཞིན་སྤྱད་པར་བྱ། །ཡིད་ཀྱི་ཟླས་པ་རོལ་པ་ནི། །སྨིན་མཚམས་གནས་ལ་གནས་གྱུར་པའི། །མར་ངོ་ཡི་ནི་ཚེས་བཅུ་ལ། །པྲི་ཡང་ཀུ་ནི་སྦྱིན་སྲེག་ནི། །དང་པོའི་ཐུན་ལ་དྲན་པ་ཡིན། ་དབྱིད་ཟླར་བའི་མར་ངོ་ལ། །བུ་རམ?་བཅའ་སྒ་དབུལ་བར་བྱ། །ཕཊ?་ལིའི་མེ་ཏོག་འདྲེས། །མེ་ཏོག་དམར་པོས་མཆོད་པ་དང། །བཟླས་པའི་འོག་མིན་རབ་གནས་པའི། །རོལ་པ་དྲག་པོའི་རོ་དང་བཅས། །མར་ངོར་ལ་ཕུག་ས་བོན་གྱིས། །ཐོ་རངས་ཐུན ་ལ་སྦྱིན་སྲེག་བྱ། །དབྱིད་ཟླ་འབྲིང་པོའི་ཡར་ཚེས་བཅུར། ། ཤྭ་ཀ་ནི་དམར་པོ་ཡིས། །དེ་བཞིན་རྣལ་འབྱོར་མཆོད་པར་བྱ། །ཚིག་གིས་བཟླས་དང་རོལ་པ་ནི། །རབ་ཏུ་མི་གནས་གནས་གྱུར་པ། །ཀ་ར་དང་བཅས་མ་ཧེའི་ཞོ། །དྲི་མ་མེད་པ་སྦྱིན་པར་བྱ། ། ་མར་ངོར་མེ་ཏོག་སུ་མ་ཀའི། །སྦྲང་རྩི་མར་བཅས་སྦྱིན་སྲེག་བྱ། །དཔྱིད་ཟླ་ཐ་ཆུང་ཡར་ངོ་ལ། །ཀ་ར་བཱི་ར་མ་ལུས་མཆོད། །ཡིད་ཀྱི་བཟླས་དང་རོལ་པ་ནི། །རི་རབ་བསྐྱོད་བྱེད་མཆོག་གྱུར་པ། །རྐེད་དགྲིས་ཡོངས་སུ་གྱོན་ནས་སུ། །གཡོགས་པའི་གོས་ཕྲ་སྦྱིན ་པར་བྱ། །མར་ངོ་མར་དང་འདྲེས་པ་ཡིས། །གུ་གུལ་གྱི་ནི་སྦྱིན་སྲེག་བྱ། །དབྱར་ཟླ་ར་བའི་ཡར་ངོ་རུ། །མར་མེ་རླུང་སྨན་བཙོས་ཏིལ་མར། །མེ་ཏོག་དམར་པོས་རབ་བརྒྱུས་པའི། །སྙེ་མའི་མེ་ཏོག་རྣམས་ཀྱིས་མཆོད། །གསད་པའི་བཟླས་དང་རོལ་པ་ནི། ། ་སྟོང་ཉིད་ལམ་ནི་མཐོང་བྱེད་མ། །མར་ངོ་འོ་ཐུག་མར་དང་བཅས། །རྟག་བར་དེས་ནི་སྦྱིན་སྲེག་བྱ། །དབྱར་ཟླ་འབྲིང་པོ་མར་ངོ་ལ། །ཀ་ར་བཱི་རས་མཆོད་པར་བྱ། །ཚིག་གིས་བཟླས་དང་རོལ་པ་ནི། །ཉིད་ལག་ཀུན་ཏུ་བལྟ་བར་བྱ། །སྦྲང་རྩིས ་བཀང་བའི་འཁར་སྡེར་དང། །ཡང་ན་རལ་གུ་དབུལ་བར་བྱའོ། །མར་ངོ་གྲུབ་པའི་རྗེས་བཅས་པའི། །འབྲས་ཡོས་ཀྱིས་ནི་སྦྱིན་སྲེག་བྱ། །དབྱར་ཟླ་ཡར་ངོར་ཛ་བ་དང། །བནདྷུམ?་མ་དང་ཡན་ཏིས་མཆོད། །རྣལ་འབྱོར་བཟླས་དང་རོལ་པ་ནི། །སྣ་ཡི་རྩ་བར་རབ་གཟིགས་པ། །གདུགས ་དང་གཙུག་ཏོར་དཀར་པོ་འམ། །བྲ་ཚིལ་བྱུགས་པའི་རས་སྦྱིན་བྱ། །མར་ངོས་ནས་ཀྱི་སྦྱིན་སྲེག་བྱ། །ཏིལ་མར་མར་དཀར་འདྲེས་པས་སོ། །སྟོན་ཟླར་བར་ཙམ་པ་ཀ། ནཱ་ག་གི་སར་ཆུ་སྐྱེས་དང། །ུཏཔལ་ཀུ་མུ་ཏ་ཡིས་མཆོད། །རང་གིས་ཐོས་བཟླས་རོལ་བ་ནི། །ནམ་མཁའ་ཨི་སྐར་མ ་དམིགས་པར་བྱ། །ཙུན་ཙུག་ལྷམ་ཞོ་ཆུ། །རབ་ཏུ་གྲངས་པ་སྦྱིན་པར་བྱ། །མར་ངོར་དུ་རྦ་མ་བཅད་པའི། །སྦྱིན་སྲེག་ཚེས་ཀུན་ཕན་པར་གྲགས། །སྟོན་ཟླ་འབྲིང་པོའི་ཡར་ཚེས་བཅུར། །ིནྡྲི་བར་དམར་པོས་མཆོད། །དྲི་ཞིམ་མདོག་བཟང་མེ་ཏོག་གིས། །ཡི་དམ་ལྷ་ནི ་མཉེས་པར་བྱ། །གསང་སར་བཟླས་པ་ཚིག་བརྗོད་བྱུང། །རོ་མ་དང་ནི་བཅས་པ་ཡི། །ཕྱག་རྒྱ་རི་རབ་རྣམ་འཇིག་པ། །ཡོངས་སུ་གྲགས་པར་ཤེས་པར་བྱ། །རྣལ་འབྱོར་གོས་དང་རྣལ་འབྱོར་དབྱུག། རྣལ་འབྱོར་བསྒོམ་ཐག་ཁོ་ན་ཉིད། །སྔོན་དུ་བཤད་གཟུགས་བླ་མ་ཡི། །ཡང ་དག་ཏིང་འཛིན་གནས་པས་དབུལ། །མར་དོར་དྲི་ཞིམ་རྫས་རྣམས་ནི། །མར་བཅས་ཨ་ཀ་?་བསྲེག་བྱ། །ཏིལ་རྣམས་དང་ནི་གྲུབ་པའི་རྫས། །ཐམས་ཅད་དག་ལ་ཐམས་ཅད་སྦྱོར། །པ་ལ་ཤ་དང་ཨརྐ་དང། །ཀསྨི་རི་དང་པ་ཏྲ་དང། །ུ་དུམ་བར་ཁ་དིར། །པ་ལཀྵ་དང་ཨ་ཤུཏྠ། །ཀ ་བེད་དུརྒ་ཥ་ན་རྣམས། །སྟོན་ཟླ་ཐ་ཆུངས་ལ་སོགས་སུ། །ཡམས་ཤིང་འདི་རྣམས་རིམ་པས་སྲེག། །ཡང་ན་ཇི་ལྟར་རྙེད་པས་སུ། །གྲུབ་པའི་རྫས་དང་བཅས་པ་ཡི། །ཐམས་ཅད་ཀུན་ལ་སྲེག་པར་བྱ། །དངོས་གྲུབ་ཡིད་དུ་འོང་འདོད་པས། །སྐྱེས་པའམ་ནི་བུད་མེད་ཀྱིས། །དཔའ་བོའི་ཕྱེ་མ ་དང་བཅས་པའི། །འཁར་བའི་སྣོད་དུ་སྦྱིན་པར་བྱ། །རྣལ་འབྱོར་དངོས་གྲུབ་བསྒྲུབ་པ་དང། །བདུད་འདུལ་ཕྱིར་ནི་སོ་རྩིས་དབུལ། །བུ་འདོད་ཕྱིར་ནི་དགའ་བ་ཡིས། །ཆད་ནི་སྦྲང་རྩི་འདྲེས་པ་དབུལ། །གང་དང་གང་དུ་ཁྱད་པར་འདོད། །ཁྱད་པར་འཕགས་པ་གང་ཡིན་པ། །མི ་ཟད་འབྲས་བུ་འདོད་པ་ཡི། །དེ་དེར་ཆོས་བཅུར་དབུལ་བར་བྱ། །དེར་ནི་གསང་བའི་སྦྱིན་པ་ནི། །སྦྱིན་བ་ཀུན་གྱི་མཆོག་གི་མཆོག་།སེམས་ནི་རྣམ་རྟོག་ལས་བྱུང་བ། །དགའ་རྫས་རྣམ་པ་ཇི་སྙེད་པ། །སྒྲུབ་པ་པོས་ནི་མྱོང་གྱུར་པ། །དེ་དག་དངོས་གྲུབ་ས་བོན་འགྱུར། །དེ ་ཕྱིར་གསང་བའི་སྦྱིན་པ་ནི། །དོན་ཀུན་སྒྲུབ་བྱེད་ཁྱད་པར་འགྱུར། །ཟླ་མཚན་མྱོང་བ་དངོས་གྲུབ་ལ། །མ་རྒྱས་པ་ཡི་རྣལ་འབྱོར་ལ། །དར་མས་སྡིག་པ་ཟད་བྱེད་མ། །སངས་རྒྱས་ཆོས་རྣམས་འཕེལ་འགྱུར་མ། །གང་ལ་གང་དག་འདོད་གྱུར་པ། །དེ་ལ་དེ་ལྟར་སྦྱིན་པར ་བྱ། །གང་གིས་བླ་མཚན་བྱུང་བ་ཡི། །སྐྱེས་པ་གང་དུ་སྦྱིན་བྱས་པ། །འདས་པའི་སྐྱེ་བ་བཅུ་ཐམ་པར། །ཁྱབ་བདག་དེས་ནི་སངས་རྒྱས་འགྱུར། །སྐྱེ་བ་དགུ་ལ་ལུ་ཡི་པ། །བི་རཱུ་པ་ཡང་དགུ་ལས་བྱུང། །སྐྱེ་བ་དྲུག་ལ་དཱ་རིག་གོ་།མང་པོས་ཅི་བྱ་ཐམས་ཅད་ནི། །གྲུབ ་ཐོབ་རྣམས་ནི་ཐོབ་པར་འགྱུར། །མར་ངོའི་ཚེས་བཙུར་ཟླ་མཚན་ཅན། །སྦྱིན་པར་རབ་ཏུ་ནུས་པ་ནི། །གྲུབ་ཐོབ་སྒྲུབ་མཛའ་ཨི་ཕྲེང་བ་རུ། །གཏམ་ནི་རྒྱས་པར་བརྗོད་པ་ཡིན། །ཁྭ་དའི་སྐད་ནི་མི་གྲགས་པར། །ཚེས་བཅུར་སྒྲོལ་མའི་ཡི་གེ་བཅུ། །བྱ་རོག་མ་ཡི་ཕྱག་རྒྱག? ་གནས། །ཏིང་ངེ་འཛིན་གྱི་སྔགས་བཟླས་པས། །འཆི་བ་འམ་བར་ཆད་ཉིད་གྱུར་ཀྱང། །རྒྱལ་བར་འགྱུར་བར་ཐེ་ཚོམ་མེད། །དེ་ཉིད་ཁོ་ནའི་དུས་ཚོད་དུ། །ཡི་གེ་གསུམ་གྱི་སྔགས་བརྗོད་ཅིང། །ཆུ་ནི་སྙིམ་པ་བརྒྱ་ཕུལ་ནས། །ལོ་གཅིག་ནང་དུ་ནོར་རྙེད་འགྱུར། ། ་ཡིད་དུ་འོང་བར་འདོད་བྱེད་པའི། །མཁའ་འགྲོ་མ་འམ་ཕག་མོའི་འདྲེས། །འདིར་ནི་མང་སྒྲ་ཅི་ཞིག་བྱ། །དེ་ཚེ་ཐམས་ཅད་འགྲུབ་པར་འགྱུར། །དངོས་གྲུབ་རྟོག་པའི་ཕག་མོ་ཡི། །ཆོ་གས་ནནྟཱ?་དང་བཅས། །མཚན་མོར་ཏིལ་གྱི་སྦྱིན་སྲེག་གིས། །དངོས་གྲུབ ་མཆོག་ནི་རྙེད་པར་འགྱུར། །གྲུབ་ཐོབ་གྲུབ་མཛའ་ཨི་མཁའ་འགྲོ་མའི། །སྦྱིན་སྲེག་ཆོ་གས་དེ་ཚེ་རུ། །སྦྱིན་སྲེག་བྱེད་པས་སྐྱེ་བོ་དཀྲུགས། །ལ་སོགས་དངོས་གྲུབ་ཐོབ་པར་འགྱུར། །བསམ་གཏན་སྦྱིན་པ་བྱ་སྦྱིན་སྲེག་།མཆོད་པས ་འཁོར་ལོ་ཚིམ་པར་བྱེད། །གཞན་ལས་ཚེས་བཅུར་སྟོང་འགྱུར་བ། །འབྲས་བུ་ཡང་དག་སྐྱེ་བར་འགྱུར། །གུར་གུམ་དང་སིནདྷུ་ར། །ཀཽ་སུམ་པ་གོས་བཟང་མདོག་།ཟླ་མཚན་བྱུང་བའི་སྦྱིན་པ་དག་།ཚེས་བཅུར་ཁྱད་པར་འཕགས་པར་འགྱུར། །བླ་གབ? ་མེད་པའི་ས་ཕྱོགས་སུ། །མཁས་པས་བྱ་རོག་གཏོར་མ་དབུལ། །ཕྱིར་སོང་ཉི་མའི་གུང་དག་ལ། །ཀུ་ཀུར་ལ་གཏོར་མ་སྦྱིན། །ཉི་མ་ནུབ་པར་འབྱུང་པོ་རྣམས། །དགའ་བའི་ཆེད་དུ་གཏོར་མ་དབུལ། །མཚན་མོར་གཏོར་མ་སྦྱིན་ནས་སུ། །སྤྱད་ཀུའི་ཚོགས ་རྣམས་དགའ་བར་བྱ། །ཚེས་བཅུར་ཁྱད་པར་གཏོར་མ་འདི། །དངོས་གྲུབ་ཆེན་པོ་འབྱུང་བར་འགྱུར། །སྟོང་ཕྲག་ཉི་ཤུ་རྩ་བཞི་ལས། །སྙིང་པོའི་དོན་ནི་བཀུག་ནས་སུ། །ཚེས་བཅུའི་རྟོག་པ་འདི་ཡིན་ཏེ། །སྙིང་རྗེ་ཅན་གྱི་མཁས་པས་བྱ། །མ་ཐུལ་བ་ཡི་སློབ་མ ་རྣམས། །ནོར་བདག་ཡིན་ཀྱང་སྦྱིན་མི་བྱ། །གྲུབ་ཐོབ་བརྒྱུད་པར་གནས་པ་ཡིས། །དབང་པོ་དུལ་བ་རྣམས་ལ་སྦྱིན། །དེ་མ་ཡིན་ན་གྲུབ་ཐོབ་བརྒྱུད། །སྣོད་དང་བྱང་ཆུབ་ཉམས་པར་འགྱུར། །དངོས་གྲུབ་རྒྱ་མཚོ་ཁྱད་པར་དུ། །མཆོད་པ་སྦྱིན་སྲེག་ཆོག་ནི། །གཞུང ་དེ་བདག་གིས་རྒྱས་པར་བཤད། །དེ་ཕྱིར་མཁས་པས་ཉམས་སུ་ལོང། །སེམས་ཅན་ཕན་འདོད་བདག་གིས་ནི། །བྱས་པའི་བསོད་ནམས་གང་ཐོབ་དེས། །རྟག་ཏུ་ཉོན་མོངས་བྲལ་བ་ཡི། །སེམས་ཅན་ཚོགས་རྣམས་ཡིན་པར་གྱུར། །དཔལ་རྡོ་རྗེ་རྣལ ་འབྱོར་མའི་འགྲེལ་པ་ཚེས་བཅུའི་མཆོད་པའི་རྟོག་པ། གྲུབ་ཐོབ་ཆེན་པོ་དཱ་རི་ཀ་པས་མཛད་པ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཛ་ག་ཏ་ལའི་པཎྜི་ཏ་དཔལ་མཁས་པ་ཆེན་པོ་ད་ན་ཤི་ལས་བོད་ཡུལ་གྱི་དབུས་དྲང་སྲོང་སྲིན ་པོ་རིད་ལྷའི་སྐད་ལས་བོད་ཀྱི་སྐད་དུ་འཁྲུལ་པ་མེད་དུ?་འགྱུར་དུ་མཛད་པ་རྫོགས་སོ།། །།དེ་ནས་བྱ་རོག་ལ་སོགས་པའི་གཏོར་མའི་སྔགས་བྲི་བ་ནི། ཨོཾ་ཀླཾ་ཀླཾ་ཀླཾ་།དྷརྨམ་ཏ། ཨཱ་ཀཱ། ཤཱ་ཙཱ་རི་ཎ(རྒྱུད་འགྲེལ་