CLOSE WINDOW

N1061: slob ma rjes su gzung ba'i cho ga zhes bya ba
Wyliee-texts based on the ACIP/ALL Input

དང། གཏོར་མ་དང། ཕན་ཡོན་ཐུན་མཚམས་ཀྱིས་རྣལ་འབྱོར་དང་བཅས་པའོ།། །ཐཱི?། སློབ་མ་རྗེས་སུ་བཟུང་བའི་ཆོག་བཞུགས། །*། །རྒྱ་གར་སྐད་དུ། ཤིཀྵྱ་ནུ་གྲ་ཧ་བི་དྷི་ནཱ་མ། བོད་སྐད་དུ། སློབ་མ་རྗེས་སུ་གཟུང་བའི་ཆོ་ག་ཞེས་བྱ་བ། རྡོ་རྗེ ་བག?་མོ་ལ་ཕྱག་འཚལ་ལོ། །དེ་ནས་གསང་བ་བཤད་པར་བྱ། །བླ་མའི་བཀའ་ཡི་རྗེས་འབྲངས་ནས་།སྣ་ཚོགས་སྒྲུབས་ཐབས་རྟོགས་དོན་དུ། །སློབ་མ་འབེབས་པའི་ཆོ་ག་མཆོག་།དང་པོར་རེ་ཞིག་སློབ་དཔོན་གྱིས། །སློབ་མ་རྗེས་སུ་བཟུང་དོན་དུ། །ཤྲཱི་ཧེ་རུ ་ཀ་ཞེས་པའི་ཡི་གེ་བཞིའི་དོན་དང་ལྡན་པའི་རྣལ་འབྱོར་པས། རང་གི་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་འཇམ་པའི་སྟན་ལ་གནས་ལ། ལག་པའི་སེར་མོ་རྣམས་ལ་སྔགས་བཀོད་ལ། བདུད་རྩི་ལྔ་དང་ཡང་དག་པར་ལྡན་པའི་བཟའ་བཏུང་བཟང་པོ་པདྨའི་སྣོད ་དུ་བཞག་ལ་ཆོ་ག་ཇི་ལྟ་བ་བཞིན་སྦྱངས་ལ། ཞུ་བའི་རྫས་ཀྱི་བདག་ཉིད་ཁྲུས་བྱའོ། །དེའི་རྗེས་སུ་གནས་དང་བདག་དང་རྣལ་འབྱོར་བསྲུང་བའི་དོན་དུ་སེ་གོལ་གཏོགས་པ་སྔོན་དུ་འགྲོ་བས། སུམ་བྷ་ལ་སོགས་པ་ཞལ་བཞི་བའི་སྔགས་ཀྱི་སྒྲས་མཚམས ་བཅིང་བ་དང། གོ་ཆའི་སྔགས་དྲུག་དགོད་པ་དང། དག་པ་གསུམ་གྱི་སྔགས་བརྗོད་པ་དེ་ཉིད་ཀྱིས་སེམས་བསྲུང་བར་བྱའོ། །དེའི་རྗེས་སུ་ཡོངས་སུ་དག་པའི་ས་གཞི་ཁྲུ་གང་ཙམ་ལ་མཎྜལ་བྱུག་པར་བྱ་སྟེ། ཙན་དན་དམར་པོ་ལ་སོགས་པ་ཟུར་དྲུག་པའི ་འཁོར་ལོ་བྲིས་ཏེ། དེའི་དབུས་སུ་རྣལ་འབྱོར་མའི་ས་བོན་དགོད། ཟུར་དྲུག་ལ་འཁོར་ལོ་སྒྱུར་མའི་སྔགས་དགོད་པ་སྔོན་དུ་འགྲོ་བས་ཇི་ལྟ་བ་བཞིན་དུ་སྐད་ཅིག་གིས་དཔའ་མོ་དྲུག་དང་ལྡན་པའི་བཅོམ་ལྡན་འདས་མའི་དཀྱིལ ་འཁོར་བསྐྱེད་ལ། དེ་ནས་དེའི་ཕྱི་རོལ་ཏུ་ཁྭ་གདོང་མ་ལ་སོགས་པ་རྣམ་པ་བརྒྱད་དང། དུར་ཁྲོད་བརྒྱད་ཀྱིས་བརྒྱན་པ་བསམ་པར་བྱའོ། །དེ་ནས་ཨརྒྷཾ་ལ་སོགས་པས་ཡང་དག་པར་མཆོད་ལ། ཡེ་ཤེས་ཀྱི་འཁོར་ལོ་ཆོ་ག་བཞིན་དུ་དགུག་པ་དང་གཞུག ་པ་དང་བཅིང་བ་དང་དབྱེར་མེད་པར་བྱ་བ་དང། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ལ་སོགས་པ་བྱ། བདུད་རྩི་མྱང་བའི་མཐར་ཐུག་པ་བྱས་ལ་བསྟོད་པ་དང་བཟོད་གསོལ་བྱའོ། །སྔོན་དུ་བསྙེན་པའོ། །དེ་ནས་སློབ་མ་རྗེས་སུ་བཟུང་བའི་དོན་དུ་ཚེས་བཅུ་ལ་དེ ་བཞིན་དུ་མཎྜལ་བྱུག་པའི་དབུས་སུ། ལྷའི་བཏུང་བ་བཟང་པོས་བཀང་བའི་དབྱངས་ཀྱི་སྣོད་ཡང་དག་པར་བཞག་ལ་དེའི་སྟེང་དུ་འཁོར་བའི་སྣོད་དྲི་མ་མེད་པ་གུར་གུམ་ལ་སོགས་པས་བྱུགས་ལ། དེར་སིན་དྷུ་རའི་ཕྱེ་མ་བཙགས་ལ་གསེར་གྱི་སྨྱུ་གུས་ཆོ་ག་བཞིན་དུ་མངོན ་པར་བྲིས་ཏེ། དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱས་ལ་མཆོད་པ་ལ་སོགས་པས་ཡང་དག་པར་མཆོད་ལ། དེའི་རྗེས་སུ་བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མའི་རྐང་པ་བརྒྱད་དང་ལྡན་པ་དང། རྡོ་རྗེ་གསོར་ཞིང་དྲིལ་བུབསལ་བ་སྔོན་དུ་འགྲོ་བས ་བསྟོད་ལ་རས་དམར་པོས་གཡོགས་ལ་བཞག་གོ་།དེ་ནས་ཕྱོགས་སྐྱོང་རྣམས་ལ་གཏོར་མ་བྱིན་ལ་ཡི་གེ་བརྒྱ་པ་ལན་གསུམ་བཏོན་ལ་བཟོད་པར་གསོལ་བར་བྱའོ། །སློབ་མ་རྗེས་སུ་བཟུང་བ་ལས་ཕྱིའི་མཆོད་པའི་ཆོ་གའོ། །དེའི་རྗེས་སུ་མཚན་ཉིད་ཐམས་ཅད་དང་ལྡན ་པའི་བུམ་པ་ཡང་དག་པར་བཞག་ལ་ལྷག་པར་གནས་པར་བྱའོ། །རས་དམར་པོས་མགུལ་བཅིངས་པ་དང། ཁ་རྒྱན་ཙ་ཏ་ལ་སོགས་པའི་ཤིང་ལོ་མ་ཅན་དང། རིན་པོ་ཆེ་ལྔ་དང། སྨན་ལྔ་དང་འབྲུ་ལྔ་དང་ལྡན་པར་བྱས་ལ་དེ་ཉིད་ཀྱིས་གྲུབ་པའི་འཁོར་ལོ་ལ ་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་ལ་སོགས་པ་བྱས་ལ་ཨརྒྷཾ་ལ་སོགས་པའི་མཆོད་པ་མཐར་ཕུལ་ལ། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པ་དང་དབང་བསྐུར་བ་དང། བདུད་རྩི་མྱང་བའི་མཐར་ཐུག་པ་ཆོ་ག་བཞིན་བྱས་ལ། མཆོད་པ་ལ་སོགས་པས་ཡང་དག་པར ་མཆོད་ལ། རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད་པ་བྱའོ། །མེ་ཏོག་དམར་པོའི་ཕྲེང་བ་དང་ལྡན་པའི་རྡོ་རྗེ་བུམ་པའི་ཁར་བཞག་ལ། དེ་དག་གི་སྔགས་ཇི་སྲིད་འདོད་ཀྱི་བར་དུ་བཟླས་ལ་མེ་ཏོག་དམར་པོ་གཏོར་བས་འཁོར་ལོ་དེ་ཉིད་ཆུ་དེ་ཉིད་ཀྱི་ངོ་བོར་བལྟ་བར་བྱའོ། །ཞེས་སློབ ་མ་རྗེས་སུ་བཟུང་བ་ལས་བུམ་པ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་དེའི་རྗེས་སུ་བླ་མ་དང་སངས་རྒྱས་དག་ལ་མི་ཕྱེད་པའི་གུས་པའི་ཡིད་ཅན་སློབ་མ་དམ་པས་མཎྜལ་བྱས་ལ། ཡང་ནས་ཡང་དུ་གསོལ་བ་བཏབ་སྟེ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། ་བླ་མ་ལ་ནི་སྐྱབས་སུ་མཆི། དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མས། །བདག་ནི་བྱིན་གྱིས་བརླབ་ཏུ་གསོལ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་རྟེན་ཇི་ལྟར་གསོལ་བ་ལྟར། །བདག་ཀྱང་རྗེས་སུ་དྲང་བའི་ཕྱིར། །ནམ་མཁའ་ཨི་རྡོ་རྗེ་བདག་ལ་གསོལ་ཞེས་པས་སོ། །ཚེ་བཅུའི ་དུས་སུ་ཐུགས་རྗེ་དང་ལྡན་པའི་བླ་མས་སློབ་མའི་ལག་པ་ནས་བཟུང་ནས་འདི་སྐད་བརྗོད་དོ། །རྟོག་པས་གཡོགས་པའི་སེམས་ཀྱིས་ནི། །ལེགས་པའི་སྔགས་རྒྱལ་ཕྱིར་ཟློས་ལྟར། །དད་པའི་ཆུ་ཡིས་བཀྲུས་པའི་སེམས། །ཕན་པའི་སེམས་ཀྱིས་འདིར་གཞུག་བྱ།། ་དད་པ་མེད་པའི་སེམས་ཅན་ལ། །དཀར་པོའི་ཆོས་ནི་མི་འབྱུང་སྟེ། །དཔེར་ན་ས་བོན་ཚིག་པ་ལ། །མྱུ་གུ་སྔོན་པོ་སྐྱེ་མི་སྲིད། །ཅེས་གསུངས་སོ། །དེ་ཕྱིར་སློབ་མ་དང་ལྡན་གྱིས་།གསང་སྔགས་བྱིན་བརླབས་བསྒྲུབ་པ་ལ། །ཡོན་དང་བཅས་ཏེ་ཕྱག་འཚལ་ན།། ་ཐལ་མོ་སྦྱར་ཏེ་སྤྱི་བོར་བཞག་།དེ་ཡི་རྗེས་སུ་སློབ་དཔོན་གྱིས། །བུམ་པའི་ཆུ་ནི་བཟུང་བྱས་ནས། །ཆོ་ག་བཞིན་དུ་ཁྲུས་བྱས་ལ། །དེ་ནས་རས་དམར་པོས་གདོང་གཡོགས་བཅིངས་ལ་ཐལ་མོ་སྙིང་གར་སྦྱོར་དུ་བཅུག་ལ། །ོ་རྒྱན་གྱི་གནས་སུ་ཁ་བལྟས་ཏེ། ཆོ་ ་ག་བཞིན་སློང་མ་བཞག་།དེ་ནས་སུམ་བྷ་ནི་ལ་སོགས་པའི་སྒྲ་ཡིས་བསྲུང་བ་དང་མཚམས་ཅིང་བ་བྱས་ལ་མཉམ་པར་བཞག་ལ། རྐར་འོག་རླུང་གི་དཀྱིལ་འཁོར་ནི། །གཞུའི་དབྱིབས་ཅན་དུ་བའི་མདོག་།དེ་སྟེང་སྤྲུལ་བའི་འཁོར་ལོ་ཡིས། ། ་གྲུ་གསུམ་མེ་ནི་འབར་བར་བལྟ། །ཕུང་པོ་ལ་སོགས་དྲི་དག་ཕྱིར། །དག་པའི་སྔགས་ནི་བརྗོད་པར་བྱ། །རང་གི་སྔགས་ནི་སྒྱུ་མ་བཞིན། །སྤྲུལ་པ་རུ་ཡང་རྟོགས་པར་བྱ། །སྐད་ཅིག་གིས་ནི་ལྷ་མོ་བསམ། །ཕག་མོ་སྙིང་རྗེའི་བདག་ཉིད་ཅན། །ཀུན་ནས་ཀུན ་ཏུ་སྐད་ཅིག་སྟེ། སྐད་ཅིག་གིS་ནག་སྔ་སྔགས་བརྗོད། །སྤྲུལ་པའི་འཁོར་ལོར་སོང་ནས་སེམས། །གཡུང་དྲུང་འཁྱིལ་པ་དགེ་བར་བལྟ། །སྨིན་མཚམས་གནས་པའི་ཐིག་ལེ་ནི། །དྲག་ཏུ་འཁོར་བའི་འཁོར་ལོ་ལྟར། །ཕྱག་རྒྱ་གཉིས་གྱི་སྦྱོར་བ་ཡིས། །སོ་སོར་བསྡུ ་བའི་རིམ་པ་འམ། །བླ་མའི་མན་ངག་ལམ་གྱིས་ནི། །རིམ་བ་རྒྱས་པར་ཤེས་པར་བྱ། །དེ་ལྟར་བརྟན་པའི་སེམས་ཀྱིས་ནི། །གྲུབ་པའི་རྟགས་ནི་འབྱུང་བར་འགྱུར། །ཡེ་ཤེས་ཐོབ་པའི་སློབ་མ་ལ། །དེ་ཡི་ཚེ་ནི་བ་སྡུ་ལྡང། །མཆིམ་འབྱུང་དང ་ཆུ་འཛག་དང། །ཚ་བ་དང་ནི་གྲང་བ་དང། །འདར་བ་དང་ནི་གཡོ་བ་དང། །ོཾ་ཏེཥྛ་བཛྲ་ཞེས་བརྗོད་དེ། དེ་དུས་བརྟན་པར་གྱུར་ཅིག་ཅེས་བརྗོད་དོ། །རང་བཞིན་དུ་ནི་གནས་པ་ནི། །བསྒོམ་པ་ཕྱི་ནས་བརྟན་པར་བྱ། །མཆོད་པ་སྔགས་དང་ལྷ་མོ་ཡི ་ལྷན་ཅིག་སྐྱེས་པའི་བདག་ཉིད་དོ། །ཞེས་སློབ་མ་རྗེས་སུ་བཟུང་བ་ལས་ཡེ་ཤེས་འབེབས་བའི་ཆོ་གའོ།། །དེ་ནས་ཡང་དག་རབ་བཤད་བྱ། །ཚོགས་ཀྱི་འཁོར་ལོའི་ཆོ་ག་མཆོག་།དད་པ་མེད་པས་མི་བྱ་སྟེ། །སྦྱིན་པ་པོ་རྣམས་སྙིང་རྗེར་ལྡན ་རང་གི་ཁྱིམ་མམ་དབེན་པ་རུ། །ཙན་དན་ལ་སོགས་བྱུག་པར་བྱ། །བླ་ན་མེད་པའི་དོན་དུ་ནི། །ཚོགས་ཀྱི་འཁོར་ལོ་བསྐོར་པར་བྱ། །དད་པ་ཆེན་པོའི་ཡོན་བདག་གིས། །དང་པོར་བླ་མ་ཕྱག་འཚལ་ནས། །ཇི་ལྟར་འབྱོར་པ་ལྡན་པ་ཡིས། །ལྷ་རྣམས་? ་ནི་སྙན་?་?་མཉམ་པར་བཞག་པའི་བླ་མ་ནི། །རྡོ་རྗེ་དྲིལ་བུ་ཡང་དག་ལྡན། །ཐོད་པ་ལ་སོགས་བརྒྱན་པ་ལ་།རྣལ་འབྱོར་བཞི་དང་ཡང་དག་ལྡན། །ཐོག་མར་གཏོང་མ་མདུན་དུ་བཞག། ཆོ་ག་བཞིན་དུ་མཆོད་པར་བགྱི། །སྙན་གསན་ཕབ་པ་བྱིན་པ་ལ་། ་གཙང་མ་ཡིས་ནི་ཞབས་བཀྲུ་བྱ། །ཡོངས་སུ་སྦྱང་བའི་དཀྱིལ་འཁོར་དུ། །དེར་བཞུགས་གདན་གྱི་རིམ་པ་ལ། །རྒན་དང་གཞོན་པའི་རིམ་པ་ཡིས། །བླ་མ་ཕྱག་འཚལ་འདུད་པར་བྱ། །སྐལ་པ་མེད་དང་ང་རྒྱལ་ཅན། །ཚོགས་ཀྱི་འཁོར་ལོར་སྤང?་པར ་བྱ། །བསྒོམ་ལ་ལྡན་པ་ཤེས་བྱས་ལ། །དེ་ཚེ་མཆོད་པའི་ཆོ་ག་བྱ། །ཉེ་བར་སྤྱོད་པ་ལྔ་ཡིས་མཆོད། །ཁྱད་པར་དུ་ནི་ཙན་དན་དང། །གུར་གུམ་ལ་སོགས་ལྡན་པ་དང། །མེ་ཏོག་ཕྲེང་བ་དམར་པོ་དང། །མཆོད་པ་ལྔ་ཡིས་མཆོད་པར་བྱ། །ལས་ཀྱི་རྡོ་རྗེ་མཁས་པ་ཡིས། ། ་དང་པོར་ལྕགས་ཀྱུ་གཟུང་བྱས་ལ། །སྒྲད?་དམ་བུ་རམ་སྦྱར་བ་འམ། །ཇི་ལྟར་རྙེད་པ་གཟུང་བྱས་ལ། །ཆོས་འདི་ལ་ནི་ཁྱོད་ལྟོས་ལ། །མེད་པའི་རྣམS་རྟོག་དོར་ནས་ནི། །ཁྱི་དང་བྲམ་ཟེ་གསོལ་པ་དང། །རང་བཞིན་གཅིག་ཏུ་བཟའ་བར་བགྱིས། །ཞེས་ཚིགས་སུ་བཅད་པ ་འདེས་དབུལ་བར་བགྱིའོ། །རིང་ཐང་མེད་ལས་ལེགས་འོངས་ཆོས། །འདོད་ཆགས་དྲི་མ་དག་པའི་ཕྱིར། །གཟུང་བ་དང་འཛིན་པ་སྤངས། །དེ་ཉིད་ཀྱིས་ནི་ཕྱག་འཚལ་ལོ་།ཞེས་དེས་བླང་བར་བྱའོ། །ལུས་ཀྱི་རྡོ་རྗེ་མཁས་པ་ཡིས། །ཐུན་མོང་?་དབུམ་པར་? ་བཟའ་བ་དང་ནི་བཏུང་བ་ཡང་ངོ། །ཉ་དང་ཤ་དང་དེ་བཞིན་དུ། །བཟའ་པ་ལ་སོགས་རྫོགས་པ་ལ། །སློབ་དཔོན་གྱིས་ནི་བྱིན་བརླབ་བྱ། །ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ། །ཁ་དོག་དྲི་ཡང་དག་པར་བྱེད། །ོཾ་སརྦ་བཛྲ་ཀཱ་མི་ཎི་སརྦབ་དྷ་?་ཕཊ། ?? ་ཧཱུཾ་སྭཱཧཱ་ཞེས་པ་སོ། །དེ་ནས་མདུན་དུ་མཎྜལ་བྱས་ལ། །པུས་མོ་ཕབ་ལ་ཐལ་མོ་སྦྱར། །སེམས་ཅན་ཀུན་གྱི་དོན་དུ་ནི། །དེ་ལ་སྨོན་ལམ་གདབ་པར་བྱ། །གདན་ལ་སོགས་པ་བཅུ་ཡིས་ནི། །སོ་དང་ཕ་རོལ་ཕྱིན་པ་སོགས། །དཔའ་བོ་དཔའ་མོ་དང?་ཕྱུག ་རྣམས། །གུས་པས་བདག་ནི་ཕྱག་འཚལ་ལོ། །ལྷ་མོ་ཚད་མ་དམ་ཚིག་ཚད། །དེ་གསུངས་མཆོག་ཏུ་ཆད་མ་སྟེ། །བདེན་པ་དག་གི་ལྷ་མོ་ཡིས། །དེ་དག་བདག་གིས་རྗེས་འཛིན་ཤོག་།ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ ་རྟོག་པ་འཆིང་གཅོད་ཅིང། །འཇིག་རྟེན་བྱ་བ་རབ་འཇུག་མ། །ཇི་སྙེད་རྣམས་ལ་ཕྱག་འཚལ་ལོ། །དགའ་བར་བཅས་པ་ཚོགས་འཁོར་ལོ། །ཚིགས་བཅད་གསུམ་པོས་བསྟོད་བྱས་ལ། །སྙིང་རྗེ་ལྡན་པའི་སྦྱིན་པ་པོས། །ཇི་ལྟར་དགྱེས་པར་གསོལ ་བར་ཞུ། །དེ་ནས་ལྷ་ཡི་ཕུང་ཕུལ་ནས། །ཆོ་ག་བཞིན་དུ་བཟའ་བར་བྱ། །བཏུང་བས་དགྱེས་པར་གྱུར་པ་ཡི། །རྡོ་རྗེའི་གླུ་ནི་བླང་བར་བྱ། །ཅང་ཏེའུ་ལ་སོགས་སྒྲ་དང་ནི། །སྣ་ཚོགས་ལྔ་ཡིས་ཡིད་འཕྲོག་བྱེད། །སྔགས་དང་ཕྱག་རྒྱ་རྣལ་འབྱོར་གྱིས།། ་མཆོག་ཏུ་དགའ་བས་གར་བྱའོ། །དེ་ནས་ཚོགས་ཀྱི་སློབ་དཔོན་གྱིས། །སྦྱིན་པ་པོ་ལ་ལ་དགེ་སེམས་དང། །རྣལ་འབྱོར་མ་རྣམས་འདུས་པ་ཡིས། །བཀྲིས་དེ་ལ་སྦྱིན་བར་བྱ། །ལག་པ་འཁྲུ་དང་པོ་རྩི་དང། །ཁྱད་པར་དུ་ནི་ཡོན་དང་བཅས། །ཁྲོ་བ་བྲལ ་བའི་ཡོན་བདག་གིས། །ཐུན་མོང་དུ་ནི་དབུལ་བར་བྱ། །རྫོགས་སངས་རྒྱས་དང་ལྷ་རྣམས་དང། །དེ་སྲས་བཅས་དང་ཚངས་ལ་སོགས། །འཇིག་རྟེན་སྐྱོང་དང་ངེས་འབྱུང་བ། །ཆོ་ག་འདི་ལ་བཟོད་པར་གསོལ། །ཞེས་པའི་རིམ་པས་བཟོད་གསོལ ་ཏེ། །ལྷ་མོ་ཚོགས་ཀྱི་འཁོར་ལོ་ལ། །ལྷག་མ་བསྡུ་བའི་གཏོར་མ་ནི། །འབྱུང་པོ་ཡི་དག་ཀུན་ལ་སྦྱིན། །ཞེས་སློབ་མ་རྗེས་སུ་བཟུང་བ་ལས་ཚོགས་ཀྱི་འཁོར་ལོའི་ཆོ་གའོ།། །།དེ་ནས་ཡང་དག་བཤད་པར་བྱ། །གཞོན་ནུམ་འམ ་རྣལ་འབྱོར་མ། །རྡོ་རྗེ་རྣལ་འབྱོར་མ་ཡི་དངོས། །ཆོ་གར་ལྡན་པས་མཆོད་པར་བགྱི། །ནག་པོའི་ཕྱོགས་ཀྱི་ཚེས་བཅུ་འམ། །དཀར་པོ་ལ་ཡང་དེ་བཞིན་དུ། །དད་པའི་སེམས་ཀྱིས་སྙན་གསན་དབང། །གུས་དང་བཅས་པས་ཁྲུས་སོགས་བྱ། །གཅིག ་གམ་གཉིས་སམ་བཞི་འམ་ལྔ། །དྲུག་པ་གཉིས་ནི་དེ་བཞིན་དུ། །ཇི་སྲིད་ཉི་ཤུ་རྩ་བཞི་དང། །མཆོད་པ་ལ་སོགས་གནས་ནས་ལ། །ཡིད་འོད་གནས་སུ་ཚུར་བཀུག་ནས། །དྲི་དང་མེ་ཏོག་ལ་སོགས་ལྡན། །ཀུ་ཤའི་ཆུན་པོ་གཟུང་བྱས་ནས། །དེ ་ཡི་མདུན་དུ་སྟན་དུ་འབུལ། །གནས་ལ་སོགས་པ་བསྲུང་དོན་དུ། །སུམ་བྷ་ལ་སོགས་སྔགས་བརྗོད་བྱ། །ནུབ་ཕྱོགས་ཁ་ནི་བལྟར་བཅུག་ལ། །ཆོ་ག་བཞིན་དུ་ལྷ་བསྐྱེད་ལ། །སིན་དྷུ་ར་ཡིས་དཔྲལ་བར་བསྐུ། །གླ་རྩི་གུར་གུམ་ག་པུར་དང། ་ཁྱད་པར་དུ་ན་ཙན་དན་བཅས། །ལག་པ་རྐང་པ་གདོད་པ་དང། །རྐང་མཐིལ་ལག་མཐིལ་བསྐུར་བར་བྱ། །མེ་ཏོག་དམར་པོའི་ཕྲེང་བས་བརྒྱན། །དེ་བཞིན་ན་བཟའ་དམར་པོ་དང། །མིག་སྨན་ནག་པོ་སྤྱན་ལ་བསྐུ། །སྤོས་ཀྱི་དུ་བས་?་བར་བ། །ལྷ་ཡི་བཏུང་བ ་ལྡན་པ་དང། །བཟའ་དང་བཅའ་བ་ཡང་དག་ལྡན། །གཏོར་མ་སྔོན་དུ་འགྲོ་བྱས་ལ། །ཙཱ་རུ་སྤྲོན་མ་དབུལ་བར་བྱ། །རྡོ་རྗེ་རྣལ་འབྱོར་མ་མཆོད་ལ། །སྔགས་ཀྱི་ནུས་པ་ལྡན་པ་ཡིས། །དགེ་དང་མི་དགེ་ལས་བྱུང་བས། །དེ་ལ་བརྟགས་པ་རྟོགས་པར་འགྱུར ་བདེ་མཆོག་རྒྱུད་ལས་གསུངས་པ་བཞིན། །རིམ་པ་རྒྱས་པར་ཤེས་པར་བྱ། །དེ་ཕྱིར་ཀུན་ནས་འབད་པ་ཡིས། །རྣལ་འབྱོར་ཤེས་པས་མཆོད་པར་བགྱི། །ཡོངས་སུ་རྫོགས་པའི་བྱང་ཆུབ་ཏུ། །ལོག་པའི་དོན་དུ་ཡོངས་སུ་བསྔོ། །སོ་རྩི་ཡོན་ཀྱང་ཕུལ་བྱས་ནས། །ཚ ་ག་བཞིན་དུ་གཤེགས་སུ་གསོལ། །ཞེས་སློབ་མ་རྗེས་སུ་གཟུང་བའི་ཆོ་ག་ལས་གཞོན་ནུ་མ་མཆོད་པའི་ཆོ་གའོ།། །།དེ་ནས་ཡང་དག་པར་བཤད་བྱ། །གཏོར་མའི་ལས་ཀྱི་ཆོ་ག་ནི། །གཏོར་མ་ལས་དང་བྲལ་བ་ལ། །དངོས་གྲུབ་མཆོག་ནི་དེ་ལ་མེད ་དེའི་ཕྱིར་ཀུན་ནས་འབད་པ་ཡིན། །གཏོར་མ་མཆོད་པར་བྱེན་པ་ལ། །འདོད་པའི་དོན་ནི་དེ་ཡི་ཐོབ། །ཐམས་ཅད་རྒྱུད་ལས་གསུངས་པ་བཞིན། །དང་པོར་དེ་ཞིན་རྣལ་འབྱོར་པས། །དཔལ་རྡོ་རྗེ་རྣལ་འབྱོར་མའི་རྣལ་འབྱོར་དང་ལྡན་པས། །ཁ་ཟས་ལ་སོགས་པ་མདུན ་དུ་ཡང་དག་པར་བཞག་ལ་སྦྱང་བར་བྱའོ། །ཡཾ་ལས་རླུང་གི་དཀྱིལ་འཁོར། །དེའི་སྟེང་དུ་རཾ་ལS་མེའི་དཀྱིལ་འཁོར། །དེ་ནས་ཨ་ཡིག་དཀར་པོ་ལས་པདྨའི་སྣོད་དཀར་པོ་མགོ་བོ་གསུམ་གྱི་སྒྱེད་པོའི་ཁར་བཞག་གོ། དེ་དམ་ཚིག་རྫས་ཀྱིས་བཀང ་བ་ལ། །ོཾ་ཨཱ(རྒྱུད་འགྲེལ་ཞུ་བར་གྱུར་པས་ཉི་མ་གཞོན་ནུའི་ཁ་དོག་འདྲ་བར་བལྟས་ལ། ཨོཾ་ཨཱ(རྒྱུད་འགྲེལ་ཧཱུཾ་ཡིག་ལ་སོགས་པ་རིམ་པ་བཞིན་དུ་ཞུགས་པར་བལྟའོ། །འབྲུ་གསུམ་གྱིས་བྱིན་གྱིས་བརླབ་པར་བྱ། །དེ་ནས་འབར་བའི་ཕྱག་རྒྱ་བཅིངས་ལ། །དེའི་སྔགས་དང་བཅས་པས་ཡེ་ཤེས་གྱི་འཁོར་ལོ་མདུན་དུ་ཡང་དག་པར་བཞག་ལ། མཆོད་ཡོན་ལ ་སོགས་པས་ཡང་དག་པར་མཆོད་ལ་བདུད་རྩི་མྱང་པའི་ཆོགས་མཆོད་པར་བྱའོ། །མངོན་པར་འདོད་པའི་དོན་དུ་གདོན་པར་བྱ་སྟེ། །།ལྷ་མོ་ཚད་མ་དམ་ཚིག་ཚད། །དེས་གསུངས་མཆོག་ཏུ་ཚང་མ་སྟེ། །བདེན་པ་བདག་གིས་ལྷ་མོ ་ཡིས། །དེ་དག་བདག་ལ་རྗེས་འཛིན་ཤོག་། མཆོད་པའི་མཆོད་བྱ་མཆོད་པ་རྣམས། མི་ཕྱེད་པར་ནི་བལྟ་བར་བྱ། །དེ་ནས་རྡོ་རྗེ་ཐལ་མོ་ཁ་ཕྱེ་ལ། བདུད་རྩིའི་སྣོད་ལག་མཐིལ་དུ་བཞག་ལ་གཡོན་དང་གཡས་སུ་བསྐོར་བའོ། །ལྕེ་ནི་རྡོ་རྗེར་སྦྱོར་བ་ཡིས། །ལྷ་མོའི་ཚོགས ་ནི་ཚིམ་པར་བྱ། །དེ་ནས་དུར་ཁྲོད་ཆེན་པོ་བརྒྱད་ལ་གནས་པའི་ཕྱོགས་སྐྱོང་རྣམས་ལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ལ་སོགས་པའི་སྔགས་ཀྱིས་ཕྱོགས་ལ་གཡོན་བསྐོར་མཚམས་རྣམས་ལ་གཡས་སྐོར་དུ་ཕུལ་བས། །དེ་རྣམས་ཀྱིས་བདུད་རྩི་མྱངས་པས། །བདེ་བ་ཆེན་པོ ་ཐོབ་པར་བསམས་ལ། དེ་ནས་མཆོད་པ་ལ་སོགས་པས་ཡང་དག་པར་མཆོད་པ་དང། རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད་ལ་འདོད་པའི་དོན་ལ་གསོལ་བ་གདབ་བོ། །ལྷག་ཆད་ཁ་བསྐང་བར་བྱ་བའི་དོན་དུ་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་དོ། །དེའི་རྗེས་སུ་ཨོཾ་བཛྲ་སུ: ་ཞེས་བརྗོད་ལ་པདྨའི་ཕྱག་རྒྱ་བསྐོར་བས་དགྱེས་པར་བྱས་ལ་།དེ་ནས་སེ་གོལ་གཏོགས་པ་སྔོན་དུ་འགྲོ་བས་ལྷག་མའི་གཏོར་མ་བསྡུས་པ་ལ་དམ་ཚིག་གིས་ནི་ཁ་བསྐང་ནས། །འབར་བའི་ཕྱག་རྒྱས་བཅིང་བར་བྱ། །དྲག་པོའི་ཧཱུཾ་ཡིག་གདོན་བྱས་ནས། ། ་ལྷག་མའི་གཏོར་མའི་སྡོད?་དུ་དབུལ། །ོཾ་སརྦབ་བྷཀྵ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུཙྪིཥྚ་བྷཀྵེ་བྷཡ(རྒྱུད་འགྲེལ་མཆོད་པའི། །ཕྱི་དང་ནང་གིས་དབྱེ་བ་ཡིས། །སྦྱིན་སེག་ཡང་ནི་གཉིས་སུ་འབྱུང། །ཕྱི་ཡི་ལས་ཀྱིས་དབྱེ་བ་ཡིས། །སྦྱིན་སྲེག་ཡང་ནི་བཞི་རུ་བཤད། །ནང་གི་སྦྱིན་སྲེག་གཉིས་སུ་ཤེས། །རོ་དང་ཚིམ་བར་བྱ་བའོ། །ཕྱིན་འདི་རུ་བཤད་པར་བྱ། །རྡོ་རྗེ་རྣལ་འབྱོར་མ ་སྒྲུབ་པའི། །དེ་བཞིན་ཆོ་ག་ལྷག་ཆད་ལ། །སྦྱིན་སྲེག་གིས་ནི་བསྐང་བར་བྱ། །རྣལ་འབྱོར་ནུབ་ཏུ་ཁ་བལྟས་ལ། །རྒྱན་ཆ་དམར་པོ་ཡིས་བརྒྱན་ལ། །སྐྱེ་གནས་ལྟ་བུའི་ཐབ་ཁུང་དུ། །ཕྱེད་ནི་བསྐོར་ཏེ་དམར་པོར་བྱ། །སོར་གསུམ་དོར་བའི་དབུས་སུ་ནི། །རྡོ་རྗེ་དམར་པོ ་འབར་བ་དགོད། །ཕྱི་རོལ་རྡོ་རྗེ་ཕྲེང་བས་བསྐོར། །ཁྱད་པར་དུ་ནི་གྲི་གུག་བསྐོར། །གསང་སྔགས་བཞི་ཡིས་སྲུང་བྱ་དང། །མཚམས་ཀྱང་དེ་བཞིན་བཅིང་བར་བྱ། །མཆོད་ཡོན་ལ་སོགས་སྣོད་ཀྱང་ནི། །སྲོག་པའི་རྫས་རྣམས་གཡོན་དུ་བཞག་།ཡ་མ་ཤིང་འོ་མ ་ཅན་ནི་བརྩིག་།ཆོ་ག་ཡིས་ནི་བསམ་པར་བྱ། །མེ་ནི་རཾ་ཡིག་ལས་བྱུང་བ། །རླུང་ཡབ་ཀྱིས་ནི་གཡབ་པར་བྱ། །ཞལ་ཅིག་པ་ལ་ཁ་དོག་དམར། །སྤྱི་བླུགས་མཆོད་སྦྱིན་དབྱུག་པ་དང། །བགྲང་ཕྲེང་དེ་བཞིན་འཛིན་པ་ལ། །ལག་པ་གཡས་དང་གཡོན་པ་ཡི? ་མཐེ་བོང་གཉིས་ནི་དགུག་བར་བྱ། །ོཾ་ཨེ་ཧཡེ་ཧི་མ་ཧཱ་བྷུ་ཏ་དེ་པ་རི་ཥི་དྭི་ཛ་སཏྭ་མ་གྲི་ཧཱི་ཏྭ་མཧཱ་ར་སྨིན་སིནྣ་ཧི་ཏོ་བྷ་བ་ཅེས་བྱ་བས། ཡེ་ཤེས་མེ་ནི་དེ་ལ་གཞུག། དེ་ལ་འཐོར་འཐུང་མཆོད་ཡོན་སོགས། །ཁྲུས་ཀྱི་ཆོག་དེ་བཞིན ་དབུལ། །རཾ་ཡིག་ས་བོན་ལྕེ་ལ་བསམ། །དེ་ལ་དགང་བླུགས་དབུལ་བར་བགྱི། །ོཾ་ན་མ(རྒྱུད་འགྲེལ་གྱིས་བསྲེག་པའི་སྲེག་རྫས་ནི། །དོན་གྱི་ཁྱད་པར་བསྒྲུབ་པར་བྱེད། །ོཾ་ཨགན་ཡེ་སྭཱཧཱ། མར་གྱིའོ། །ོཾ་སརྦབ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། ཏིལ་གྱིའོ། །ོཾ་ཨཱ་ཡུ(རྒྱུད་འགྲེལ་སྭཱཧཱ་ཞོ་ཟན་གྱིའོ། །ོཾ་བཛྲ་བེ་ག་ཡེ་སྭཱཧཱ། གྲོའི་འོ། །ོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱཧཱ། ཀུ་ཤའི་འོ། །ོཾ་བཛྲ་བོ་དྷི་བབྲིཀྵ་ཡེ་སྭཱཧཱ། ཡ་མ་ཤིང་གིའོ། །ལྷག་མ་ཀུན་དེ་ཉིད་གསུམ་གྱིས་སྲེག་པར་བྱའོ། །དེ་ནས་དགང་བླུགས་ཕུལ་ལ་མཆོད་པ་དང་བསྟོད་པས ་བསྟོད་ལ། དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ། །སྙིང་རྗེའི་བདག་ཉིད་ཕག་མོ་ནི། །ཆོ་ག་བཞིན་དུ་བསམ་པར་བྱ། །ཆོ་ག་ཡི་ནི་ཡེ་ཤེས་དགུག་།དམ་ཚིག་ལ་ནི་ཡང་དག་གཞུག་།འཐོར་འཐུང་མཆོད་ཡོན་བླ་སོགས་དང། །ཆོ་གའི་རིམ་པས་དེ་ལ་དབུལ ་ལྕེ་ལ་རཾ་ཡིག་བྱུང་བ་ལས། །དེ་ལ་དགག་བླུགས་དབུལ་བར་བྱ། །ལས་ཀྱི་དངོས་གྲུབ་བྱེ་བྲག་གིས། སྲེག་རྫས་ཀུན་གྱིས་བསྲེག་པར་བྱ་།མཆོད་པ་དང་ནི་བསྟོད་པས་བསྟོད། །བཟོད་པར་གསོལ་ལ་དངོས་གྲུབ་བླང། །ཡང་དང་ཡང་དུ་གསོལ་བྱས་པ། །ོཾ ་བཛྲ་མུ(རྒྱུད་འགྲེལ་དེ་ནས་སྲུང་འཁོར་རབ་བཤད་བྱ། །རྡོ་རྗེ་སེམས་དཔའ་ཉིད་གསུངས་པ། །གང་ལ་རྟགས་པ་ཙམ་གྱིས་ནི། །ནང་ཀུན་དང་ནི་བྲལ་བར་བྱེད། །གུར་གུམ་དང་ནི་གི་ཝང་བསྲེས། །རྒྱལ་གྱི་ཉི་མ་དགེ་བ་ལ། །རྩིབས་དྲུག་འཁོར་ལོ་བྲི་བར་བྱ། །གོ་ཆའི་སྔགས་ནི་མཁS ་པས་དགོད། །སུམ་བྷ་ལ་སོགས་སྔགས་དང་ནི། །རྡོ་རྗེ་ཕྲེང་བས་བསྐོར་བར་བྱ། །གཙང་མའི་རས་སམ་དང་ལ་འམ། །ཡང་ན་སྨྱུག་ཤུན་གྲོ་ག་ལ། །དབུས་སུ་མིང་ཡི་གསུང་བ་དང། །དྲུག་པོ་ལ་ནི་དེ་བཞིན་དུ། །འབད་བ་ཡིས་ནི་བྲི་བར་བྱ། །ཡེ་ཤེས་འཁོར་ལོ ་གཞུག་པར་བྱ། །མགྲིན་པ་འམ་ནི་དཔུང་པ་ལ། །ཡང་ན་སྤྱི་བོའི་གཙུག་ཏུ་ནི། །དུས་རྟག་ཏུ་ནི་བཅང་བར་བྱ། །འབྱུང་པོ་ལ་སོགས་འཇིགས་དང་བྲལ། །ཚེ་ནི་རིང་བ་ཐོབ་པར་འགྱུར། །ཡང་ན་བུམ་པ་དཀར་པོ་ལ། །ཙན་དན་ཆུ་ཡིས་དགང་བར་བྱ། དམ་པའི་འཁོར ་ལོ་དེར་བཅུག་ལ། །ཆོ་ག་བཞིན་དུ་བསྒོམ་པར་བྱ། །གང་གི་ཁྱིམ་དུ་བཞག་པ་ལ། །དེ་ཡི་སྡུག་བསྔལ་ཞི་བར་བྱེད། །མེ་ཏོག་དམར་པོས་དུས་གསུམ་དུ། །ཆོ་ག་བཞིན་དུ་རྟག་ཏུ་མཆོད། །ཅེས་སློབ་མ་རྗེས་སུ་བཟུང་བ་ལས་སྲུང་བའི་འཁོར་ལོའི་ཆོ་གའོ། ། ་གང་གིས་དགེ་བས་ལེགས་གནས་ཆོས་ཀྱི་མཆོག། ཐོབ་ནས་རི་ཁྲོད་ཞབས་ཀྱིས་འགྲོ་བའི་དོན། །རྫོགས་མཛད་རྡོ་རྗེ་ཕག་མོའི་སྐུར་གྱུར་ཅིག་།སྒོ་མ་རྗེས་སུ་བཟུང་བའི་ཆོག་ཅེས་བྱ་བ་གྲུབ་ཐོབ་ཤ་བ་རི་པ་དེས་མཛད་པ་རྫོགས་སོ།། །། ་ཡུལ་མ་ག་དྷའི་པཎྜི་ཏ་གཽ་ཏ་མ་བྷ་དྲའི་ཞལ་སྔ་ནས་ལེགས་པར་མཉན་ཏེ། ལོ་ཙ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་གཙང་ཉིད་རོ་ཚོང་དུས་ཀྱི་སའི་ཆ་ལ་ཚས་གནས་ཆེན་པོ་གཉལ་སྦེར་ལེགས་པར་བསྒྱུར་བའོ།། །།ས་སྟེང་ཉི་ཟླ་ལྟར་གྱུར ་ཅིག་།འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག། །།རྡོ་རྗེ་རྣལ་འབྱོར་མའི་དབང་མདོར་བསྡུས་པ་བཞུགས་སོ།། །།*། །རྒྱ་གར་སྐད་དུ། བཛྲ་ཡོ་གི་ནྱཱ་བྷི་ཥེ་ཀ་སཾ་ཀྵེ་པཱ་ནཱ་མ། བོད་སྐད་དུ། རྡོ་རྗེ་རྣལ་འབྱོར་མའི་དབང་མདོར་བསྡུས་པ་ཞེས་བྱ་བ། རྡོ་རྗེ ་