CLOSE WINDOW

N1057: rdo rje rnal 'byor ma'i sgrub thabs
Wyliee-texts based on the ACIP/ALL Input

ཁོ་ན་ཉིད་ངེས་པ་ཞེས་བྱ་བ་ཨོཌཡ་ཎ་དུ་གྲུབ་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་དཱི་པཾ་ཀ་རའི་ཞལ་སྔ་ནས་བསྐྱར་ཅིང་གཏན་ལ་ཕབ་པའོ།། །། *། །རྡོ་རྗེ་རྣལ་འབྱོར ་མའི་སྒྲུབ་ཐབས་བཞུགས་སོ།། །།*། །དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །བླ་མ་རྗེ་བཙུན་མངའ་བདག་རི་ཁྲོད་པའི། །ཞབས་ཀྱི་རྡུལ་ལ་བདག་ནི་ཕྱག་འཚལ་ལོ། །རྡོ་རྗེ་རྣལ་འབྱོར་མ་ཡི་མཆོད་པ་ཡི། ཐབས་བླ་མ ་ཡི་གསུང་བཞིན་དྲན་ནས་བྲིས། །རྣལ་འབྱོར་པ་ཡིས་དང་པོར་ནི། །གྲུ་བཞི་ལ་སོགས་དཀྱིལ་འཁོར་བྱ། །མེ་ཏོག་ལྷ་ཡི་གྲངས་བཞིན་དགོད། །མཆོད་སོགས་གཏོར་མ་ཇི་བཞིན་བྱས། །བདག་ཉིད་འདོད་པའི་ལྷ་ཡི་ནི་སྐད་ཅིག་ང་རྒྱལ་གནས ་པ་ལ། །ལག་པ་གཡོན་པས་རེག་བཅས་པས། །དཔའ་པོ་དྲུག་གི་གོ་ཆ་དང། །དཔའ་མོའི་གོ་ཆ་དེ་བཞིན་བྱ། །ོཾ་ཧ་ནི་སྙིང་གར་རོ། །ན་མ:ཧི་ནི་མགོ་བོ་ལའོ། །སྭཱཧཱ་ཧུ་ནི་སྤྱི་གཙིག་ཏུའོ། །བཽ་ཥ་ཌ་ཧེ་ནི་ཕྲག་པ་གཉིས་ལའོ་།ཧཱུཾ་ཧཱུཾ་ཧོ་ནི ་མིག་དག་ལའོ། །མཚོན་ཆ་ཕཊ་ཧཾ་ནི་ཡན་ལག་ཐམས་ཅད་ལའོ། །ོཾ་བཾ་ནི་ལྟེ་བར་རོ། །ཧམ་ཡཾ?་ནི་སྙིང་གར་རོ། །ཧྲིཾ་མོཾ་ནི་ཁ་ལའོ། །ཧྲཾ་ཧྲཱིཾ་ནི་འོག་སྒོ་ལའོ། །ཧཱུཾ་ཧཱུཾ་ནི་སྤྱི་གཙུག་ཏུའོ། །མཚོན་ཆ་ཕཊ་ཕཊ ་ནི་ཡན་ལག་ཐམས་ཅད་ལའོ། །དེ་ལྟར་གོ་ཆ་གཉིས་བགོས་ནས་དང་པོ་སྦྱར་བར་བྱ་བ་ནི། ཡཾ་ལས་རླུང་དང་རཾ་ལས་མེ། །དེ་སྟེང་ཨོཾ་ལས་མགོ་གསུམ་དང། །དེ་ཡི་སྟེང་དུ་ཀ་པཱ་ལ། བྲུཾ་ཨོཾ་ཛིཾ་ཁཾ་ཧཱཾ་དེ་དག་ཡོངས་སུ་གྱུར་པ་ལས། ་བཤད་ལ་སོགས་པ་བདུན་རྩི་ལྔ། །དེ་སྟེང་ཡི་གེ་ལྔ་ཉིད་ལས། །གོ་ཀུ་ལ་སོགས་རྣམ་ལྔར་གྱུར། །ོཾ་གྱི་ཡི་གེས་སྦྱང་པར་བྱ། །ཱ:ཡི་ཡི་གེས་རྟོགས་པར་བྱ། །ཧཱུཾ་གི་ཡཾ་གི་གེས་རབ་ཐུན་མོང་པའི། །གཡོན་པའི་ལག་པའི་མཐིལ་ལ་ནི། །པདྨ་དམར ་གཡོན་པའི་ལག་པས་སྦྱང་བར་བྱ། །གཡས་པའི་ལག་པས་རྟོགས་པར་བྱ། །ཐལ་མོ་བཀབ་པས་འབར་བར་བྱེད། །བྱ་ཁྱུང་ཕྱག་རྒྱས་བདུད་རྩིར་བསྒྱུར། །ཟླ་བ་ཞུ་བའི་རང་བཞིན་ཏེ། དེ་ནས་གཡོན་པའི་མིང་མེད་ཀྱིས། །ཆང་གི ་ཐིགས་པ་བླངས་ནས་སུ་ས་ལ་ཆོས་འབྱུང་གྲུ་གསུམ་བྱ། །དེ་ཡི་དབུས་སུ་ཟླུམ་པོ་ནི། །ཐིག་ལེ་ཡི་ནི་གཟུགས་སུ་བྱ། །དཀྱིལ་འཁོར་འཁོར་ལོ་བསམ་པར་བྱ། །དེ་ནས་ཐིག་ལེ་མཆོད་པར་བྱ། །རང་གི་མགྲིན་པ་མྱོང་བར་བྱ། ་ཨོཾ་ཨཱ:ཧཱུཾ་ཐབས་དང་ཤེས་རབ་ཚིམ་པར་བྱེད་པའི་ཆོ་ག་སྟེ་ཐུན་མོང་པའི། །གཡོན་པའི་ལག་པའི་མཐིལ་ལ་ནི། །པདྨ་དམར་པོ་འདབ་ལྔ་བསྒོམ། །དབུས་སུ་ཨོཾ་བཾ་རྡོ་རྗེ་ཕབ་།གཤིན་རྗེ་ཡུམ་མཚམས་འདབ་མ་ལ། །ཧཾ་ཡོཾ ་དག་ནི་དེ?་མ་ནི། །ཧྲིཾ་མོཾ་དག་ནི་རྨོངས་བྱེད་མ། །ཧྲེཾ་ཧྲིཾ་དག་ནི་བསྐྱོད་བྱེད་མ། །ཕཊ་ཕཊ་དག་ནི་ཙཎྜི་ཀའོ། །རྒན་པོ་ལ་ནི་རྡོ་རྗེ་སེམས། །མཛུབ་མོ་ལ་ནི་རྣམ་སྣང་མཛད། །པདྨ་གར་དབང་གུང་མོ་ལ་།ཧེ་རུ་ཀ་དཔལ་མིང་མེད་ལའོ། །རྡོ་རྗེ་ཉི ་མ་མཐེའུ་ཆུང་ལའོ། །རྟ་མཆོག་རྡོ་རྗེ་སེན་ཕྲེང་ལའོ། །ད་ལྟར་ཡིད་ཀྱིས་བསྒོམ་པ་ནི། །སྔགས་ཀྱི་ཡི་གེའི་གཟུགས་ཉིད་དམ། །ཡང་ན་ཁ་དོག་དབྱིབས་ཀྱི་གཟུགས། །རང་གི་མིང་བརྗོད་མེ་ཏོག་བཅས། །དེ་དག་གིས་ནི་དགོད་པར་བྱ། །དེ་ལ་མེ ་རྟོག་སྒོས་ཀྱིས་མཆོད། །ཆང་གི་ཀྱང་ནི་ཚིམ་པར་བྱ། །དེ་ནས་མཎྜལ་སྟེང་དུ་བླུགས། །སླར་ཡང་རང་གི་མགོ་ལ་བཞག་།ཕྱི་ནས་འཁོར་ལོ་སྡོམ་པ་མཆོད། །དཀྱིལ་འཁོར་འཁོར་ལོ་རྫོགས་པ་འམ། །ཡང་ན་བཅུ་གསུམ་བདག་ཉིད་སོགས།། ་རང་གི་སྙིང་གའི་ས་བོན་ལས། །དམ་ཚིག་འཁོར་ལོ་སྤྲོ་བར་བྱ། །ཡེ་ཤེས་འཁོར་ལོ་དེ་ནས་གཞུག་།མེ་ཏོག་ལ་སོགས་རེ་རེ་ཡང། །སྙིང་པོ་སྔགས་སམ་ཉེ་སྙིང་གིས། །རྡོ་རྗེ་ཕག་མོ་མཆོད་པར་བྱ། །མཁའ་འགྲོ་མ་སོགས་ལྷ་མོ་རྣམས། རང་གི ་མིང་བརྗོད་སྔགས་པ་ནི། །ོཾ་ནི་ཐོག་མར་ཧུཾ་ཧཱུཾ་མཐར། །སྦྱར་བ་ཡིས་ནི་མཆོད་པར་བྱ། །ཕྱོགས་རྣམས་དག་ནི་གཡོན་སྐོར་ཏེ། །མཚམས་རྣམས་དག་ནི་གཡས་སྐོར་དུའོ། །རྐང་པ་བརྒྱད་པའི་བསྟོད་པས་མཆོད་དེ་ལྟར་མཆོད་པ་རྫོགས་པ་དང། །སྣོད ་གཞན་དག་ནི་བྱིན་བརླབ་ལ། སྣོད་གཉིས་གཅིག་ཏུ་བསྲེ་བར་བྱ། །ཙཱ་རུ་བཟའ་བ་དེ་ལ་བཤད། །དེ་ནས་གཏོར་མ་བྱིན་བརླབས་པ། །དང་པོ་སྔགས་པའི་སྙན་གསན་དབབ། །ཁ་ཁ་ལ་སོགས་སྔགས་ཀྱིས་ནི། གཏོར་མ་རྗེས་སུ་དབུལ་བར་བྱ། །དེ་ནས་རྣལ ་འབྱོར་ཚུལ་ཇི་བཞིན། འདོད་པའི་ལོངས་སྤྱོད་རྣམས་ལ་གནས། །གླུ་དང་གར་སོགས་ཐམས་ཅད་བྱ། །བཛྲ་མཎྜལ་མུ:ཞེས་བྱ་བའི། །སྔགས་ཀྱི་མཐར་ནི་གཤེགས་སུ་གསོལ། །ལྷག་མ་རྣམས་ནི་སྔོན་བཞིན་དུ། །གཏོར་མ་བྱིན་གྱིས་བརླབས་པར་བྱ།། ་ཟོས་ཤིང་འཐུངས་བའི་ལྷག་མ་རྣམས། །སོར་མོ་ལྤ་ལས་བདུད་རྩིའོ་རྒྱུན། །འབབ་པར་བསམས་ནས་ཡི་དགས་ཀྱི། །ཚོགས་དག་ལ་ནི་སྦྱིན་པར་བྱ། །དེ་དག་ནི་ཚོགས་ཀྱི་འཁོར་ལོ་དང་ཐུན་མོང་བའི་ཆོ་གའོ། །ཚེས་བཅུ་ལ་སོགས་དུས་དག་ཏུ།། ་གཞན་ཡང་བླ་མའི་གདམས་དུས་སུ། །གོང་བཞིན་མཎྜལ་བྱས་པ་ལ། །རྣལ་འབྱོར་མ་ཡི་མཚན་མ་ཡི། །གཡུང་དྲུང་འཁྱིལ་བ་བྲི་བར་བྱ། །མཚམས་གྱི་ཆར་ནི་ཐིག་ལེ་བྱ། །དེ་ཡི་དབུས་སུ་མཆོད་བྱ་བ། །སླར ་ཡང་དེ་བཞིན་དྲི་མེད་པའི། །སྣོད་དུ་མཛེས་མ་ལེགས་པར་བཅིག་།ཆོས་འབྱུང་ཁ་སྦྱར་འཁོར་ལོ་དབུས། །གསང་སྔགས་མ་སྨད་པ་ཞེས་འདི། །ཆོ་ག་བཞིན་དུ་དབེན་པའི་གནས་སུ་བྲི། །འཁོར་ལོའི་མཚམས་སུ་ཕག་མོ་སོགས། །གོ་ཆའི ་ལྷ་མོ་མཚན་མ་དྲུག་།གཡུང་དྲུང་འཁྱིལ་པའི་མཚན་མ་བྲི། །མེ་ཏོག་དྲཱི?་ཞིམ་ཕྲེང་བས་བསྐོར། །འབྲས་བུ་བཞི་དང་ཁུར་སྣང་བཞི་དག་དང། །ཁྱད་པར་ཅན་གྱི་མཆོད་པ་དྲི་ཞིམ་མེ་ཏོག་དང། །མཆོད་པ་རྣམ་པ་དུ་མས་འཁོར་ལོ་ལེགས ་པར་མཆེད། །གྲོང་ཁྱེར་འཇིག་པར་གྱུར་པ་འདི་ནི་མཆོག་ཡིན་ནོ། །འདིར་ནི་ལྷ་མོའི་སྙིང་པོ་དང། །ཉེ་པའི་སྙིང་པོའི་སྔགས་ནི་རྒྱུན་མི་འཆད་པར་བཟླས་ལ་བརྩོན་པ་ན། །འགྲོ་བའི་དོན་བྱེད་པ་ལ་དཀའ་བ་ཡོད་པ་མ་ཡིན་ཏེ། །ཆོས་དོན ་འདོད་དང་ཐམས་ཅད་འགྲུབ་འགྱུར་ཏེ། །དེ་དག་ནི་ཐུན་མོང་མ་ཡིན་པའི་ཆོ་གའོ།། །།རྣལ་འབྱོར་པ་ཡིས་རྟག་ཏུ་ནི། །གལ་ཏེ་ཡི་དམ་དུ་བྱེད་ན། །དེས་ན་སྔ་དྲོའི་དུས་དག་ཏུ། །ཆོ་ག་བཞིན་དུ་དཀྱིལ་འཁོར་བྱ། །རང་འདོད ་ལྟ་བུ་གྲངས་བཞིན་དུ། །མེ་ཏོག་དག་ནི་དགྲམ་པར་བྱ། །རང་གི་སྙིང་གའི་ས་བོན་ལས། །སྤྲོས་ལ་དམ་ཚིག་སེམས་དཔའ་བཞག་།ཡེ་ཤེས་སེམས་དཔའ་དེ་ལ་གཞུག་།དེ་ནས་མེ་ཏོག་ལ་སོགས་པ། །སྙིང་པོ་སྔགས་དང་ཉེ་སྙིང་པོ ་རྐང་པ་བརྒྱད་པའི་སྔགས་ཀྱི་མཆོད། །མཁའ་འགྲོ་མ་སོགས་ཐམས་ཅད་ནི། །རང་གི་མིང་བརྗོད་སྔགས་ལ་ནི། །ཐོག་མར་ཨོཾ་དང་ཧཱུཾ་ཧཱུཾ་ཕཊ། །མཐར་སྒྱུར་བ་ཡི་སྔགས་ཀྱིས་མཆོད། །དེ་ལྟའི་ཚུལ་དུ་རྒྱས་པར་བྱ། །ཕྱག་རྒྱ་ཆེ་ལ་མཆོག ་?་ཞིང། །དེ་ལྟ་བའི་?་ལ་ཞུགས་པ་དང། །འོག་མའི་ལམ་དུ་མི་འགྲོ་ཞེས། །བདག་གི་བླ་མ་དེ་སྐད་གསུངས། །རྡོ་རྗེ་རྣལ་འབྱོར་མའི་མཆོད་པ་ལ་སོགས་པ་མདོར་བསྡུས། ཤྲཱི་བཛྲ་སཏྭ་ཡེ། བཻ་རོ་ཙ་ན་ཡེ། པདྨ་ནར་ཏེ་ཤྭ་ར་ཡེ། ཤྲཱི་ཧེ་རུ་ཀ་ཡེ། བཛྲ་སཱུ་རྱ ་?་པདྨ་ཨ་ཤྭ་ཡེ་དེ་ནས་དཔའ་པོ་དྲུག་གིས་ནི། །སྔགས་ནི་ཡན་ལག་ལ་དགོང་བྱ། །སེམས་ཅན་ཁམས་ན་གནས་ཀྱང་དབང་ཕྱུག་ཁྱོད་ནི་ཐུགས་རྗེའི་ཐུགས་ཞེས་བྱ་བ་ལ་སོགས་པས་བསྐུལ་ཞིང་གསོལ་བ་བཏབ་ལ། །དང་པོར་ཚོགས་ཀྱིས་ཁང ་པར་འཇུག་པ་ནི། །ཁྲོ་བོ་སྔོན་པོ་མཛེས་པ་སྟེ། །ཁྱོད་ནི་དམ་ཚིག་ཡིད་དུ་འོང། །མེ་ཏོག་རིན་ཆེན་གཙོས་བཅིངས་པའི། །དབྱུག་པ་ཕྱག་ན་འཛིན་པའི་དཔལ། །བདག་ནི་འཁོར་བ་ལས་བསྒྲལ་བར། །དཔའ་བོས་གནང་གིས་གཏང་དུ་གསོལ། །རྣལ་འབྱོར ་མ་ཡི་ཚོགས་དབུས་སུ། བཟང་པོ་སྒོ་འདི་ཕྱེ་སྟེ་ཐོད། །ཞེས་སློབ་མའི་གཙོ་བོས་བརྗོད་ལ། །ལས་ཐམས་ཅད་པའི་ཆུ་ལ་ཞལ་བཞི་པ་བརྗོད་ཅིང་བསངས་ཏེ་འཇུག་པར་བྱའོ། །དང་པོར་བླ་མའི་མཆོད་པ་བྱ་སྟེ། །གཤེགས་གསོལ་གྱིས་བྱས་ལ་གཤེགས ་སུ་གསོལ། །དེ་ནས་དཀྱིལ་འཁོར་གྱི་ལྷ་བསྐྱེད་ལ། །ཕྱི་ནང་གསང་བའི་མཆོད་པ་བྱས་ཏེ། བསྟོད་པ་བྱས་ནས་ཡི་གེ་བརྒྱ་པས་བརྟན་པར་བྱས་ལ་བཞག། དེ་ནས་སྔགས་ཀྱི་གཟུགས་ཅན་རྣལ་འབྱོར་མ་མན་ངག་བཞིན་མཆོད་ཅིང་བསྟོད་ནས། ཆང་བྱིན་གྱིས ་བརླབས་ནས་བདུད་རྩིས་མཆོད། །དེ་ནས་ལག་པའི་མཆོད་པ་བྱ་སྟེ། ནང་གི་རྣལ་འབྱོར་བྱས་ལ་རང་གི་འཁོར་ལོ་མཆོད་ཅིང་བསྟོད་ནས་དེ་ཁོ་ན་ཉིད་ལ་མཉམ་པར་བཞག་ཅིང་སྔགས་བཟླས། །དེ་ནས་མཆོད་ཅིང་བསྟོད་ནས་ཆང་གིས་རོ་གཅིག་པར་མཆོད་པར་བྱ་སྟེ། ་གཏོར་མ་བཏང་ནས་གནས་པ་ལ། ལས་ཀྱི་སྐྱེས་བུས་བླ་མ་དང་རྣལ་འབྱོར་མ་ཀུན་ལ་མེ་ཏོག་གཏོར་ནས་གསོལ་བ་གདབ་པ་དང། བླ་མས་ལས་ཐམས་ཅད་པའི་ཆུས་བསངས་ཏེ། འབྱུང་བ་རིམ་རྩེགས་རི་རབ་དང་བཅས་པའི་སྟེང་དུ་དཔའ་བོ་དང་རྣལ་འབྱོར་མ ་ཀུན་འཁོར་ལོ་གསུམ་གྱི་ལྷར་བསྐྱེད། རང་རང་གི་ས་བོན་གྱིས་ཀྱང་སོ་སོའི་རྣལ་འབྱོར་དུ་ཞུགས་ལ་བླ་མས་ཨརྒྷ་སྔོན་དུ་འགྲོ་བའི་མཆོད་པ་བྱ་སྟེ་བསྟོད། དེའི་ཚེ་ལས་ཀྱི་སྐྱེས་བུས་མཆོད་པ་ལྔའི་མཆོད་པ་འོག་ཏུ་ཐབས་དང ་ཤེས་རབ་ཐོགས་ཏེ་ཚིགས་བཅད་བརྗོད་ཅིང་དྲང། པདྨའི་བསྐོར་བས་བླ་མས་བླངས་ཏེ་བྱིན་གྱིས་བརླབས་ལ། བླ་མའི་མཆོད་པ་ལ་སོགས་པ་བཞི་བྱས་ནས་དེ་ཉིད་བརྗོད་དེ་བཏད། དེ་ནས་པདྨའི་སྐོར་བས་བླངས་ཏེ་གཞན་ལ་རིམ་པ་བཞིན་བྱའོ། །ལྟོས ་ཤིག་མཛེས་ལྡན་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱར་མི་རུང། །བྲམ་ཟེ་ཁྱི་དང་གདོལ་བ་གསུམ། །རང་བཞིན་གཅིག་ཏུ་དགོངས་ཏེ་གསོལ་ཞེས་དྲང་ཞིང། །འདོད་ཆགས་དྲི་མ་བྲལ་པའོ། །རིན་ཐང་མེད་ལ་ལེགས་འོངས་ཆོས། །གཟུང་འཛིན་རྣམ་པར་སྤངས ་པ་ཡི། །དེ་བཞིན་ཉིད་ལ་ཕྱག་འཚལ་འདུད། །ཞེས་པས་བླངས་ཏེ། སྦྱོར་བའི་དངོས་གྲུབ་དོན་དུ་ནི། སྤྱོད་ཀུན་དེ་ཉིད་ཇི་བཞིན་དུ། རྣལ་འབྱོར་པ་ཡིས་ཀུན་ཏུ་སྤྱོད་།ཇི་ལྟར་འདོད་པར་རོལ་པར་བྱོས་ཞེས་བརྗོད་དེ་གཏད་དོ། །གཏོང་བ་དང་ལེན་པ་ཀུན་ཏུ་གར་གྱི་ཕྱག ་རྒྱས་བྱའོ། །དེ་ནས་ལྷ་བཤོས་ལ་སོགས་པ་རིམ་བཞིན་དྲངས་ཏེ། ཀུན་གྱིས་ཕུད་བསྡུས་པ་བླ་མས་ཆ་གཉིས་སུ་བཅད་དེ། གཅིག་ཐོགས་ལ་དྲིལ་བུ་གསིལ་ཞིང་བསྟོད་པ་དང་བཅས་པས་དཀྱིལ་འཁོར་ལ་དབུལ། ཆ་གཅིག་བྱིན་གྱིས་བརླབས་ལ་གཏེར ་མར་དབུལ། དེ་ནས་ཡོན་བདག་གིས་མཎྜལ་བྱས་ལ་ཡ་ཐཱ་སུ་ཁ་ཞེས་བརྗོད་དེ་ཕྱག་བྱས་པ་དང་ཇི་ལྟར་བདེ་བར་རོལ། བཟའ་བ་ལ་སོགས་བདུད་རྩི་མྱང་བའི་ཚུལ་སྙིང་ཀའི་ཡེ་ཤེས་སེམས་དཔའ་ལ་རོ་མཉམ་པར་མཆོད། །ཚིམ་པར་གྱུར་ན་རྡོ་རྗེ་གླུ་དང ་གར་གྱིས་གཡེང་བར་བྱ། དེ་ནས་ཙཱ་རུ་དང་ཀུན་ཏུ་རུ་ཡིས་རྡོ་རྗེ་མངའ་བདག་ལ་མཆོད་ཅིང་གླུ་དང་གར་གྱིས་མཉམ་པར་བཞག། དེ་ནས་སྐྱོ་བར་གྱུར་ན་མཆོད་པ་སྣ་ཚོགས་ཀྱིས་ཐམས་ཞབས་ཀྱི་སྒྲུབ་པའི་ཐབས། དཔལ་རྡོ་རྗེ་རྣལ་འབྱོར་མ་ལ ་སྨོན་ལམ་བཏབ་ནས་ལྷག་མའི་གཏོར་མ་བཏང། བཤགས་པ་བྱ། །བཟོད་པར་གསོལ། བྱིན་བརླབས་ཞུ་གཤེགས་སུ་གསོལ། དེ་ནས་གཏེར་སྐྱེལ་ལོག་པ་དང། མེ་ལོང་བསྟན་ལ་བཞིན་མ་གྱུར་ན། ཟས་མཆོག་གིས་མཆོད་།དེ་ནས་དཀྱིལ་འཁོར་བསྡུ?་ཐོགས?་སོ།། ་