CLOSE WINDOW

N1056: rigs ldan ma'i de kho na nyid nges pa zhes bya ba
Wyliee-texts based on the ACIP/ALL Input

བསྒྱུར་བའོ།། །།འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག་།*། །རིགས་ལྡན་མའི་དེ་ཁོ་ན་ཉིད་ངེས་པ་བཞུགས་སོ།། །།*། །རྒྱ་གར་སྐད་དུ། ཀུ་ལི་ཀ་མནྟཏ་ཏྭཱ་ནིརྞཱ་མ། བོད་སྐད་དུ། རིགས་ལྡན ་མའི་དེ་ཁོ་ན་ཉིད་ངེས་པ་ཞེས་བྱ་བ། རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །རིགས་ལྡན་མ་སུམ་ཅུ་རྩ་བདུན་པོ་རྣམས་བཤད་དེ། །རིགས་ལྡན་སུམ་ཅུ་རྩ་བདུན་མ་ནི་འདི་ལྟ་སྟེ། རྩ་བའི་རྒྱུད་དུ་གསུངས་པའི་རིགས་ལྡན་མ་རྡོ་རྗེ ་ཕག་མོ་ནི། རིགས་བྱེད་མ་ཌོམྦི་མའོ། །མཁའ་འགྲོ་མ་ནི་དམངས་རིགས་མའོ། །ལཱ་མ་ནི་རྒྱལ་རིགས་མའོ། །དུམ་སྐྱེས་མ་ནི་རྗེའུ་རིགས་མའོ། །དུ་མ་སྐྱེས་མ་ནི་རྗེའི་རིགས་མའོ། །གཟུགས་ཅན་མ་ནི་བྲམ་ཟེ་མའོ། །ཁྲ་གདོད་མ་ནི་ཀླ་ཀློ་མའོ། །འུག?་པའི་གདོད་ཅན་མ་ནི་ཕྱག་དང་མའོ།། ་ཁྱི་གདོང་མ་ནི་གདོལ་པ་ཅན་མའོ། །ཕག་གདོང་མ་ནི་ཉེ་བའི་གླིང་མའོ། །གཤིན་རྗེའི་མཆེ་བ་ཅན་མ་ནི་རི་ཁྲོད་མའོ། །གཤིན་རྗེའི་ཕོ་ཉ་མོ་ནི་ཉ་གསོད་མའོ། །གཤིན་རྗེའི་མཆེ་བ་གཙིགས་མ་ནི་ལྤོས?་བྱེད་མའོ། །གཤིན་རྗེ་བསླབ་བྱེད་མ་ནི་འབར་བ་རི ་མའོ། །རབ་ཏུ་གཏུམ་མོ་ནི་འདྲི་མཁན་མ་དང་ཐགས་མཁན་མའོ། །གཏུམ་བའི་མིག་ཅན་མ་ནི་ཆང་འཆོང་མའོ། །འོད་ལྡན་མ་ནི་ཕྲེང་འཚོང་མའོ། །སྣ་ཆེན་མ་ནི་སྟག་གཟིགས་མའོ། །དཔའ་པོའི་བློ་མ་ནི་མི་སྨིན་མའོ། །མེའུ་ཐུང་མ་ནི་གསུག ་གར་མའོ། །སྲིན་པོའི་དབང་ཕྱུག་མ་ནི་འཁོར་བ་མཁན་མའོ། །ཤིང་འགྲིབ་མ་ནི་ནོར་བུ་མཁན་མའོ། །ས་སྲུངས་མ་ནི་ལྕགས་མཁན་མའོ། །འཇིགས་བྱེད་ཆེན་པོ་མ་ནི་རྒྱ་སྐྱེགས་མཁན་མའོ། །རླུང་གཤུགས་ཅན་མ་ནི་སྲིད་མཁན་མའོ།། ་ཆང་འཐུང་མ་ནི་ཏིལ་མཁན་མའོ། །ལྷ་མོ་སྔོ་བསངས་མ་ནི་འབྲེག་མཁན་མའོ། །ཤིན་ཏུ་བཟང་མོ་ནི་དཔགས་པ་མཁན་མའོ། །རྟ་རྣམ་ནི་ཤིང་འཚོང་མའོ། །བྱ་གདོད་ན་རྩིག?་མ་འཚོང་མའོ། །འཁོར་ལོའི་ཤུགས་ཅན་མ་ནི་ཤན་པ་མའོ།། ་དུམ་སྐྱེས་མ་ནི་ཁུར་བ་མཁན་མའོ། །ཆང་དགའ་མ་ནི་སྲུབས་མཁན་མའོ། །འཁོར་ལོའི་གོ་ཆ་མ་ནི་གར་མཁན་མའོ། །ཤིན་ཏུ་དཔའ་མོ་ནི་ཆོས་མཁན་མའོ། །སྟོབས་ཆེན་མོ་ནི་ཉ་ཤ་འཚོང་མའོ། །འཁོར་ལོས་སྒུར?་མ་ནི་རྫ་མཁན་མའོ།། ་བརྩོན་ཆེན་མ་ནི་རྩིས་མཁན་མའོ། །དེ་རྣམས་ནི་གོ་རིམས་ཇི་ལྟ་བར་ཕྱི་རོལ་ཏུ་ལོངས་སྤྱོད་ཅིང་དུས་ཚོད་ལ་བབ་པའི་ཉིན་པར་ལོངས་སྤྱོད་པ་སྟེ། ལས་ཀྱི་ཚོགས་རྣམས་ཀྱིས་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་དོན་དུ། སྔོན་ལ་རིགས་ཀྱི་ཕོ་ཉ ་མོ་དེ་རྣམས་ལ་མཆོད་པའི་ཆོག་བྱ་བར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ད་ནི་རང་གི་གཟུགས་ཡོངས་སུ་བསྒྱུར་བ་རྣམས་ཀྱིས་དམ་ཚིག་གི་ཕོ་ཉ་མོ་རྣམས་བཤད་དེ། འདིར་རིགས་ལྡན་མ་རྡོ་རྗེ་ཕག་མོ་ནི་ཀུན་གྱི ་གཟུགས་ཐམས་ཅད་ཡོངས་སུ་བསྒྱུར་མའོ། །རྡོ་རྗེ་མཁའ་འགྲོ་མ་ནི་ཁྱི་མའོ། །ལཱ་མ་ནི་རྟ་མོའོ། །དུམ་སྐྱེས་མ་ནི་གླང་པོ་མའོ། །གཟུགས་ཅན་མ་ནི་བའོ། །རབ་ཏུ་གཏུམ་མ་ནི་ལུག་མའོ། །གཏུམ་པའི་མག་ཅན་མ་ནི་ར་མོའོ། །འོད་ལྡན ་མ་ནི་རི་དགས་མའོ། །སྣ་ཆེན་མ་ནི་བོང་མའོ། །དཔའ་པོའི་བློ་མ་ནི་ཕག་མོའོ། །མིའུ་ཐུང་མ་ནི་རང་མོའོ། །སྲིན་པོའི་དབང་ཕྱུག་མ་ནི་ནགས་ཀྱི་ཝ་མོའོ། །ཤིང་བྲིག?་མ་ནི་ནགས་མཛའ་ཨི་སེང་གེ་མའོ། །ས་སྲུངས་མ་ནི་བསེ་རུ་གཅིག་མའོ།། ་འཇིགས་བྱེད་ཆེན་མོ་ནི་སྟག་མོའོ། །རླུང་གི་ཤུགས་ཅན་མ་ནི་རི་ཁྲོད་མའོ། །ཆང་འཐུང་མ་ནི་ནེའུ་ལེ་མའོ། །ལྷ་མོ་སྔོ་བསངས་མ་ནི་འབྲི་མོའོ། །ཤིན་ཏུ་སྔོ་བསངས་མ་ནི་སྦྱང་མོའོ། །རྟ་རྣམ་ནི་སྲམ་མོའོ། །བྱ་གདོང་མ་ནི་བྱི་ལ་མའོ། །འཁོར ་ལོའི་ཤུགས་ཅན་མ་ཆེན་མོ་ནི་ཆུ་སྲིན་ཀུཾ་བྷི་ར་མའོ། །དུམ་སྐྱེས་མ་ནི་མགྲོན་བུ་མའོ། །ཆང་དགའ་མ་ནི་ཆུ་སྲིན་བྱིས་པ་གསོད་མའོ། །འཁོར་ལོའི་གོ་ཆ་མ་ནི་ཉ་མོའོ། །ཤིན་ཏུ་དཔའ་མོ་ནི་ཆུ་སྲིན་མ་ཀར་མའོ། །སྟོབས་ཆེན་མ་ནི་རུ་སྤལ་ཆུང? ་ཤོས་མའོ། །འཁོར་ལོས་སྒྱུར་མ་ནི་རུ་སྤལ་མོའོ། །བརྩོན་ཆེན་མོ་ནི་དུང་མོའོ། །ཁྭ་གདོང་མ་ནི་སྨིགས་པ་མོའོ། །བུག་གདོང་མ་ནི་བྱི་བ་མའོ། །ཁྱི་གདོང་མ་ནི་མ་ཧེ་མའོ། །ཕག་གདོང་མ་ནི་སྤྲེའུ་མའོ། །གཤིན་རྗེ་མཆེ་བ་ཅན ་མ་ནི་བ་མེན་མའོ། །གཤིན་རྗེ་ཕོ་ཉ་མ་ནི་སྲོག་ཆགས་ཤི་ཀ་ལི་མའོ། །གཤིན་རྗེ་མཆེ་བ་གཙིགས་མ་ནི་མཛེས་ཏ་ཀྲི་མའོ། །གཤིན་རྗེ་བརླག་བྱེད་མ་ནི་རྩངས?་པ་མོའོ། །འདི་དག་ནི་སྐམ་ལ་གནས་པ་དང། གཤེར་ལ་གནས་པ ་དང། ནགས་ན་གནས་པ་རྣམས་ཀྱི་གཟུགས་ཡོངས་སུ་བསྒྱུར་བ་ལྷ་མོ་རྣམས་ཀྱི་དམ་ཚིག་སྟེ་།གང་གི་ཚེ་རྣལ་འབྱོར་པ་རྣམས་རང་རང་གི་རང་བཞིན་གཟུགས་དེ་རྣམས་སུ་ཤེས་ན་རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་གི་དངོས་གྲུབ་དུ་འགྱུར་རོ། །ད་ནི་མཁའ་ ་ལ་སྦྱོང་པ་རྣམས་ཀྱི་གཟུགས་ཡོངས་སུ་བསྒྱུར་བ་བཤད་དོ། འདིར་ཡང་རིགས་ལྡན་མ་རྡོ་རྗེ་ཕག་མོ་ཉིད་ཐམས་ཅད་ཀྱི་གཟུགས་སུ་བསྒྱུར་མའོ། །དེ་ལ་རྡོ་རྗེ་མཁའ་འགྲོ་མ་ནི་ཁུག་རྟ་མའོ། །ལཱ་མ་ནི་ན་ཙ?་མའོ། །དུམ་སྐྱེས་མ་ནི་བྱ་ཤ་རི་ཀ་མོའོ།། ་གཟུགས་ཅན་མ་ནི་བྱ་ཀོ་ཀོ་རི་མའོ། །རབ་ཏུ་གཏུམ་མོ་བྱི་ལ་བི་མའོ། །གཏུམ་པའི་མིག་ཅན་མ་ནི་ཕུག་རོན་མའོ། །འོད་ལྡན་མ་ནི་ཁྭ་མོའོ། །སྣ་ཆེན་མ་ནི་མཆིལ་མ་འོ། །དཔའ་པོའི་བློ་ཅན་མ་ནི་རུལ་པ་མའོ། །མི་ཐུབ་མ་ནི་དང?་པོ་མལ་མིན་? ་ནི་ཆུ་སྲེགས་མའོ། །ཤིང་གྲིབ་མ་ནི་བྱ་ཀོ་རྫི?་མའོ། །ས་སྲུངས་མོ་ནི་ཀྲུང་ཀྲུང་མོའོ། །འཇིགས་བྱེད་ཆེན་མོ་ན་བྱ་རྒོད་མའོ། །རླུང་གི་ཤུགས་ཅན་མ་ནི་བྱ་ཌ་ཀི་མོའོ། །ཆང་འཐུང་མ་ནི་འོལ་བ་མོའོ། །ལྷ་མོ་སྔོ་བསངས་ནི་བྱ་བུ?་ཙ་ལི་ཀ་མའོ། ་ཤིན་ཏུ་བཟང་མོ་ནི་ཁྱིམ་བྱ་མོའོ། །རྟ་རྨ?་མེ་ནི་བྱ་ཀ་ཀ་མ་མཆུ་རིངས་མའོ། །བྱ་གདོང་མ་ནི་ཧ་རི་རྡཀ་ཀི་མོའོ། །འཁོར་ལོའི་ཤུགས་ཅན་མ་ནི་དང་སྐྱ་མོའོ། །དུམ་སྐྱེ་མ་ནི་བྱ་ཀ་ཀི་ལ་ཀི་ཀུ་ཀུ་ཧི་མའོ། །ཆང་དཀའ་མིན་པ་རི་?་ཀི་མའོ ་འཁོར་ལོའི་གོ་ཆམ་ནི་ཁྲག་མོའོ། །བཅོམ་ལྡན་འདས་ཤིན་ཏུ་དཔའ་མོ་ནི་སྲེག་པ་མོའོ། །སྟོབས་ཆེན་མ་ནི་བྱས་ངས་མོའོ། །འཁོར་ལོས་སྒྱུར་མ་ནི་ཆུ་བྱ་མོའོ། །བརྩོན་ཆེན་མ་ནི་ཆུ་སྦྱར་མོའོ། །ཁྭ་གདོད་མ་ནི་བྱ་ལ་ཚ་ནི་ཚ་མོའོ། །འུག ་གདོང་མ་ནི་བྱ་བང་མོའོ། །ཕྱི་གདོང་མ་ནི་བྱ་འུག་ནག་མོའོ། །ཕག་གདོང་མ་ནི་འུག་པ་མོའོ། །གཤིན་རྗེ་མཆེ་བ་ཅན་ནི་བྱ་ཀ་ལི་ར་མོའོ། །གཤིན་རྗེ་ཕོ་ཉ་མོ་ནི་བྱ་ཏི་ཏི་བི་མོའོ། །གཤིན་རྗེ་མཆེ་བ་གཙིགས་མ་ནི་བྱ་མགོ་གཉིས ་མའོ། །གཤིན་རྗེ་འཇོམས་མ་ནི་བྱ་ཨམ་བ་ར་ཀི་མོའོ། །འདི་དག་ནི་ནམ་མཁའ་ལ་སྤྱོད་པ་རྣམས་ཀྱི་གཟུགས་ཡོངས་སུ་བསྒྱུར་བ་རྣམས་ཏེ། རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་རྣམས་སོ། །སྐམ་ལ་གནས་པ་དང། ཆུ་ལ་གནས ་པ་དང། ནམ་མཁའ་ལ་གནས་པ་རྣམས་གཅིག་ལ་གཅིག་བསྣུན་ཏེ། ཤི་བ་དེ་དག་གི་ཤ་ཁ་ན་མ་ཐོ་བ་མེད་པ་ཇི་ལྟར་རྙེད་པ་དང། བདུད་རྩི་ལྔ་མཉམ་པར་བྱས་ལ། འོག་ནས་བཤད་པའི་རིམ་པས་དུར་ཁྲོད་ཀྱིས་གཞིར་རི་ལུར་བྱས ་ཏེ་།གསུང་གི་རྡོ་རྗེ་ལ་སོགས་པའི་མཆོད་པའི་རྫས་རྣམས་ཀྱི་སྦགས་ཏེ་བསྒྲུབ་པར་བྱའོ། །དེ་ནས་ཇི་ལྟར་རྙེད་པའི་དམ་ཚིག་གི་རྫས་རྣམས་རྟོགས་པས་རབ་ཏུ་སྤང་ཏེ་ཤུ?་རྩིར་བྱས་ཏེ་སྦྱངས་བས་རྡོ་རྗེ?་མཆོད་པའི་དུས་སུ་ནི་རྣལ་འབྱོར་མ་རྣམས་ལ་སྔགས་པས། ་དབུལ་བར་བྱའོ། །བསྒོམ་པའི་དུས་སུ་ནི་ཡང་དག་པར་སྤྱོད་པའོ། །ཡང་དག་པར་སྤྱོད་པའི་དུས་སུ་སྙོམས་པར་འཇུག་པར་བྱའོ། །སྙོམས་པར་འཇུག་པའི་དུས་སུ་ནི་རི་ལུ་དེ་བདག་ཉིད་ཀྱི་ཁར་བཞག་ཅིང་ཤེས་རབ་ཀྱི་ཁར་ཡང་གཞུག་གོ་།དཔའ་ ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་ཀྱི་ཁར་ལར་གཞུག་པར་བྱའོ། །འདི་དག་ནི་དམ་ཚིག་གི་མཆོད་པའི་ངེས་པའི་ཚིག་གོ། ད་ནི་མཆེད་པའི་ཆོ་ག་བཤད་དེ། འདིར་ཕྱི་དང་ནང་གི་རིགས་པྲལ་མ་རྡོ་རྗེ་ཕག་མོ་ནི་མི་འགྱུར་བ་ཆེན་པོ་བདེ་པའི ་འབྲས་བུ་ཡིན་པས་ན། འབྲིང་དང་མཆོག་གི་དབུགས་ཀྱི་དུས་ཀུན་ཏུ་མཆོད་པར་བྱ་སྟེ། སྔགས་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱི་དོན་དུའོ། །འཇིག་རྟེན་པའི་དངོས་གྲུབ་ཀྱི་དོན་དུ་ནི་རྡོ་རྗེ་ནམ་མཁར་འགྲོ་མ་ལ་སོགས་པ་རྣམས་བོ།། ་རི་?་ཇི་ལྟ་བའི་ཁྱད་པར་གྱིས་མཆོད་པར་བྱའོ། །ཕྱི་རོལ་དུ་ཆུ་སྲིན་མ་ཀ་རར་ཡང་དག་པར་འཕོས་པ་ནི་ཞལ་ཤར་ཕྱོགས་མ་སྟེ་རྡོ་རྗེ་མཁའ་འགྲོ་མ་ལ་བསད་པའི་ལས་བྱ་བའི་དོན་དུ་མཆོད་པར་བྱའོ། །འོག་ཏུ་ཡང་དག་པར ་འཕོས་པ་ལ་གཡས་པའི་ཞལ་ཏེ་ལཱ་མ་ལ་དབང་གིས་ལས་བསྒྲུབ་པའི་དོན་དུའོ། །ཉ་ཁྱི་བར་ཡང་དག་པར་འཕོས་པ་ན་ནུབ་ཀྱི་ཞལ་ཏེ། དུམ་སྐྱེས་མ་ལ་རེངས་པའི་དོན་དུའོ། །གྲང་དུ་ཡང་དག་པར་འཕོས་པ་ལ། །གཡོན་གྱི་ཞལ་ཏེ་གཟུགས་ཅན་མེ་ལ་ཞི་བར ་བྱེད་པའི་དོན་དུ་སྟེ། ཟླ་བ་དེའི་རྒྱུ་སྐར་ས་རི་ཡང་དག་པར་འཕོས་པ་ནི་སྔགས་པས་མཆོད་པར་བྱའོ། །གཞན་རྣམས་ནི་ཟླ་བ་དག་གིས་ཐ་མར་རོ། །ལོའི་དུས་ཀྱི་ཆར་སད་པ་རྣམས་བཞི་པོ་ནོར་དང། ནོར་གྱི་ལན་དང། འཕེལ་བ་དང་འཇོམས་པ་ཞེས་བྱ ་བར་ཕེ་བདེ་རྣམས་ཀྱི་ཡང་དག་པར་འཕོས་པའི་ཉིན་པར་རིམས་བཞིན་རྣམས་ལ?་།ཇི་ལྟར་བཤད་པའི་རིམ་པས་མཁའ་འགྲོ་མ་བཞི་པོ་རྣམས་སུ་ལོངས་སྤྱོད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཐུགས་གསུངས་སྐུ་ཞལ་གྱི་དབྱེ་བས་ཤར་དང་ལྷོ་དང ་ནུབ་དང། བྱང་ཕྱོགས་ཀྱི་ལྷ་མོ་རྣམས་ཁོང་དུ་ཆུད་པར་བྱའོ། །བསང་པ་ལ་སོགས་པའི་ལས་སྒྲུབ་པར་བྱེད་པ་ལ་སོགས་པའི་ཁམས་ཀྱི་དབྱེ་བས་ངེས་པར་ཡིན་ནོ། །དེ་ལྟར་ཐམས་ཅད་དུ་ཞལ་གྱི་དབྱེ་བས་བཤད་པའི་ལས་ཀི་ཚོགས་རྣམས ་བསྒྲུབ་པ་ལས་ལྷ་མོ་དེ་རྣམས་མཆོད་པའོ། །དེ་ནི་དུར་ཁྲོད་ཀྱི་ལྷ་མོ་རྣམས་ཀྱི་མཆོད་པ་བཤད་དེ། འདིའི་ཆུ་སྲིན་མ་ཀར་ར་?་བའི་ཉིན་པར་ཁྲ་གདོང་མ་སྟེ་བསྐྲད་པའི་དོན་དུའོ། །བུམ་པར་དགུག་པའི་དོན་དུའོ། །ལུག་ཏུ་འཕོས་པའི་ཉིན་པར་ཁྱི་གདོང་མ ་དགུག་པའི་དོན་དུའོ། །ལུག་ཏུ་འཕོས་པའི་ཉིན་པར་ཁྱི་གདོང་མ་སྟེ་ཕུར་པའི་དོན་དུའོ། །བླང་དུ་འཕོས་བས་ཕྱེད་ཀྱི་ཉིན་པར་ཕག་གདོང་མ་སྟེ་རྒྱས་པའི་དོན་དུའོ། །ཉ་ཕྱི་པར་ཡང་དག་པར་འཕོས་པའི་ཉིན་པར་གཤིན་རྗེ་མཆེ་བ་ཅན་ཏེ་དུག ་མེད་པར་བྱ་བའི་དོན་དུའོ། །སེང་གེར་འཕོས་པའི་ཕྱེད་ཀྱི་ཉིན་པར་གཤིན་རྗེ་ཕོ་ཉ་མོ་སྟེ་རྨོངས་པར་བྱ་བའི་དོན་དུའོ། །སྲང་དུ་ཡང་དག་པར་འཕོས་པའི་ཉིན་པར་གཤིན་རྗེ་མཆེ་གཙིགས་མ་སྟེ་རེངས་པར་བྱ་པའི་དོན་དུའོ། །སྡིག་པར་ ་འཕོས་པའི་ཕྱེད་ཀྱི་ཉིན་བར་གཤིན་རྗེ་འཇོམས་མ་སྟེ་དབྱེ་བར་བྱ་བའི་དོན་དུའོ། །ལོ་གཅིག་ལ་ཟླ་བ་ཕྱེད་དང་རེངས་པ་ལ་རྣལ་འབྱོར་པས་མཆོད་པའི་དོན་དུའོ། །ཐུན་མཚམས་བརྒྱད་ཀྱི་ཐ་མ་ལ་སོགས་པར་ཕྱེ་བའི་ཉིན་བར་ཇི་སྐད ་བཤད་པའི་རིམ་པས་རྣལ་འབྱོར་པ་བརྒྱད་པོ་རྣམས་ལོངས་སྤྱོད་པ་སྟེ། ཇི་སྲིད་ཟླ་བ་ཕྱེད་དང་ཟླ་བ་རྫོགས་པར་རྣལ་འབྱོར་མ་འདི་དག་ཏུ་ངེས་སོ། །ད་ནི་ཐུགས་དང་གསུང་དང་སྐུའི་འཁོར་ལོ་རྣམས་ཀྱི་ལྷ་མོ་རྣམས་ལ་མཆོད་པར་བཤད་དོ། །འདིར་དགུན་ཟླ་ར་བར ་འཕོས་པ་ལ་རབ་ཏུ་གཏུམ་མོ་དང་ཐོད་པའི་དུམ་བུ་ལ་བསད་པར་བྱ་བའི་དོན་དུ་ལོ། །ཉའི་ངོར་འཕོས་པ་ལ་གཏུམ་པའི་མིག་ཅན་མ་དང། ཀེང་རུས་ཆེན་པོ་ལ་དབང་གི་དོན་དུའོ། །དགུན་ཟླ་འབྲིང་པོ་འཕོས་པའི་དཽ་ལ་ནི་འོད་ལྡན་མ་དང་ཀེང་རུས་ལ་རེངས་པར་བྱ་བཱི ་དོན་དུའོ། །ཉའི་ངོར་འཕོས་པ་ལ་ནི་སྣ་ཆེན་མོ་དང་མཆེ་བ་རྣམ་བར་གཙིགས་མ་ལ་རྒྱས་པར་བྱ་བའི་དོན་དུའོ། །དགུན་ཟླ་ཐ་ཆུང་ལ་ནི་དཔའ་བོའི་བློ་ཅན་མ་དང། ཆང་དགའ་ལ་ཞི་བའི་དོན་དུའོ། །ཉའི་ངོར་འཕོས་པ་ལ་ནི་མེའུ་ཐུང་མ་དང། འོད་དཔག་མེད་ལ་རྨོངས་པའི ་དོན་དུའོ། །དཔྱིད་ཟླར་བར་འཕོས་པའི་ངོ་ལ་ནི་སྲིན་པོའི་དབང་ཕྱུག་མ་དང་།རྡོ་འོད་ལ་དགུག་པའི་དོན་དུའོ། །ཉར་འཕོས་པའི་ངོ་ལ་ནི་ཤིང་གྲིབ་མ་དང་རྡོའི་སྐུ་ལ་དབྱེ་བའི་དོན་དུའོ། །འདི་དག་ནི་དགུན་ཟླར་བ་ལ་སོགས་པའི་ཟླ་བ་བཞི་པོའི་ངོ་བརྒྱད་ཀྱི་ཉིན་པར་རྣམས་ལ་ཇི་ལྟར ་གསུངས་པའི་རིམ་བས་ཐུགས་ཀྱི་འཁོར་ལོའི་དཔའ་བོ་དང་དཔའ་མོ་རྣམས་ལོང་སྤྱོད་པའོ།། །།ད་ནི་གསུང་གི་འཁོར་ལོའི་མཆོད་པ་བཤད་དེ། འདིར་དཔྱིད་ཟླ་འབྲིང་པོ་འཕོས་པའི་དོ་ལ་ནིས་སྲུངས་མ་དང་རྡོ་མྱུ་གུ་ལ་བསྐྲད་པའི་དོན་དུའོ། །ཉར་འཕོས ་པའི་རོལ་ནི་དཔའ་བོ་ཆེན་མོ་དང། རྡོ་རལ་པ་ཅན་ལ་མཛཱ་བར་བྱ་བའི་དོན་དུའོ། །དཔྱིད་ཟླ་ཐ་ཆུང་དུ་འཕོས་པའི་ངོལ་ནི་རླུང་གི་ཤུགས་ཅན་མ་དང། དཔའ་བོ་ཆེན་པོ་ལ་སྡེ་དབུང་རེངས་པར་བྱ་བའི་དོན་དུའོ། །ཉ་རུ་འཕོས་པའི་དོ་ལ་ནི་ཆད་འཐུང་མ་དང། རྡོ་ཧཱུཾ་མཛད་ལ་སྤྲིན་ལས་ཆར་དབབ་པའི་དོན ་དུའོ། །དབྱར་ཟླར་བར་འཕོས་པའི་དོ་ལ་ནི་།ལྷ་མོ་སྔོ་བསངས་མ་དང་ཤིན་ཏུ་བཟང་མོ་ལ་རིམས་བསལ་བའི་དོན་དུའོ། །ཉར་འཕོས་པའི་ངོ་ལ་ཤིན་ཏུ་བཟང་མོ་དང་།རྡོ་རྗེ་བཟང་མོ་ལ་བཅིང་བ་དབྱེ་བའི་དོན་དུའོ། །དབྱར་ཟླ་འབྲིང་པོ་འཕོས་པའི་ངོ་ལ་ནི་རྟ་རྣམ་དང་འཇིགས་བྱེད་ཆེན་མོ་ལ་དབབ ་པར་བྱ་བའི་དོན་དུའོ། །ཉར་འཕོས་པའི་ངོ་ལ་ནི་བྱེ་གདོང་མ་དང་མིག་མི་བཟང་ལ་སྤྲིན་དྲལ་བའི་དོན་དུའོ། །འདི་དག་ནི་དཔྱིད་ཟླ་འབྲིང་པོ་ལ་སོགས་པ་བཞི་པོ་ངོ་བརྒྱད་ཀྱི་ཉིན་པར་རྣམས་ལ་ཇི་ལྟར་བཤད་པའི་རིམ་པས་གསུང་གི་འཁོར་ལོའི་དཔའ་པོ་དཔའ་མོ་རྣམས་ལ་ལོངས་སྤྱོད ་པའོ། །ད་ནི་སྐུའི་འཁོར་ལོའི་མཆོད་པ་བཤད་དེ་།འདིར་དབྱར་ཟླ་ཐ་མར་འཕོས་པའི་ངོ་ལ་ནི་འཁོར་ལོའི་ཤུགས་ཅན་མ་དང། སྟོབས་པོ་ཆེ་ལ་རལ་གྲི་ཆེན་པོ་བསྒྲུབ་པའི་དོན་དུའོ། །ཉར་འཕོས་པའི་ངོ་ལ་ནི་དུམ་སྐྱེས་མ་དང། རིན་ཆེན་རྡོ་རྗེ་ལ་སྔགས་ཀྱི་དངོས་གྲུབ་ཀྱི་དོན་དུའོ། །སྟོན་ཟླར ་བར་འཕོས་པའི་ངོ་ལ་ནི། ཆང་དགའ་མ་དང་རྟ་མགྲིན་ལ་ཀླུའི་རྒྱལ་པོ་རེངས་པར་བྱ་བའི་དོན་དུའོ། །ཉར་འཕོས་པའི་ངོ་ལ་ནི་འཁོར་ལོའི་གོ་ཆ་མ་དང། ནམ་མཁའ་ཨི་སྙིང་པོ་ལ་བཅུད་ཀྱི་ལེན་ཆེན་པོ་བསྒྲུབ་པའི་དོན་དུའོ། །སྟོན་ཟླ་འབྲིང་པོ་འཕོས་པའི་དོ་ལ་ནི། ཤིན་ཏུ་དཔའ་མོ་དང་ཧེ་རུ ་ཀ་ལ་འབྲས་བུ་བདུད་རྩིར་བསྒྲུབ་པའི་དོན་དུའོ། །ཉན་འཕོས་པའི་ངོ་ལ་ནི་སྟོབས་ཆེན་མ་དང། པདྨ་གར་གྱི་དབང་ཕྱུག་མ་ལ་གཏེར་བསྒྲུབ་པའི་དོན་དུའོ། །སྟོན་ཟླ་ཐ་ཆུང་འཕོས་པའི་ངོ་ལ་ནི། འཁོར་ལོ་སྒྱུ་མ་ངང་རྣམ་པར་སྣང་མཛད་ལ་རིན་པོ་ཆེ་བསྒྲུབ་པའི་དོན་དུའོ། །ཉར་འཕོས་པའི་ངོ ་ལ་ནི་བརྩོན་ཆེན་མ་དང་རྡོ་སེམས་དཔའ་ལ་འཇིག་རྟེན་གསུམ་གྱི་གནས་སུ་བགྲོད་པར་བྱ་བའི་དོན་དུའོ། །འདི་དག་ནི་དབྱར་ཟླ་ཐ་རླུང་ལ་སོགས་པའི་ཟླ་བ་བཞི་པོའི་ངོ་བརྒྱད་པོའི་ཉིན་པར་རྣམས་ལ། ཇི་ལྟར་བཤད་པའི་རིམ་པ་སྐུའི་འཁོར་ལོའི་དཔའ་བོ་དང་དཔའ་མོ་རྣམས་ལ་ལོངས་སྤྱད་པའོ། །ཡང་ན་སྡིག ་པར་འཕོས་པའི་ཉིན་པར་ལ། སྡིག་པར་འཕོས་པའི་ཉིན་པར་ཕྱེད་དག་དང་གཞུང?་མའི?་འཕོས་པ་ལ་གཞའི?་ཕྱེད་དང་དང་ཆུ་སྲིན་མ་ཀ་?་འཕོས་པ་ལ། ཆུ་སྲིན་མ་།?་རི་ཕྱེད་ག་དང། བུམ་པར་འཕོས་པ་ལ་བུམ་པཱི་ཉིན་པར་ཕྱེད་དུ་བྱས་པ་སྟེ། ཉན་པར་བརྒྱད་པོ་དེ་རྣམས་ལ། ཐུགས་ཀྱི་འཁོར་ལོའི་དཔའ་བོ་དང་དཔའ་མོ་རྣམས་ལ་ལོང་སྤྱོད་པའོ། །དེ་བཞིན ་དུ་ཉར་འཕོས་པ་ལ་ཉའི་ཉི་མ་ཕྱེད་དང་དང། ལུག་ཏུ་འཕོས་པ་ལ་ལུག་གི་ཉི་མ་ཕྱེད་དག་དང། གླང་དུ་འཕོས་བ་ལ་གླང་གི་ཉི་མ་ཕྱེད་དག་དང། སྦྱོར་བར་འཕོས་པ་ལ་སྦྱོར་བའི་ཉི་མ་ཕྱེད་དག་དང་།ཉིན་པར་བརྒྱད་པོ་འདི་རྣམས་ལ ་ཇི་ལྟར་བཤད་པའི་རིམ་པས། གསུང་གི་འཁོར་ལོའི་དཔའ་བོ་དང་དཔའ་མོ་རྣམས་ལ་ལོངས་སྤྱོད་པའོ། །དེ་བཞིན་དུ་ཉ་ཁྱི་བར་འཕོས་པའི་ཉིན་པར་ལ་ཉ་ཁྱི་པའི་བྱེད་ངག་དང། སེང་གེར་འཕོས་པའི་ཉིན་པར་ལ་སེང་གེའི་ཕྱེད་ངག་དང། བུ་མོར་འཕོས་པའི ་ཉིན་པར་རྣམས་ལ་བུ་མོའི་ཕྱེད་དག་དང་།སྲང་དུ་འཕོས་པའི་ཉིན་པར་ལ་སྲང་གི་ཕྱེད་དག་སྟེ། ཉིན་པར་བསྐྱད་པོ་དེ་རྣམས་ལ་ཇི་ལྟར་བཤད་པའི་རིམ་པས་སྐུའི་འཁོར་ལོའི་དཔའ་བོ་དང་དཔའ་མོ་རྣམས་ལ་ལོངས་སྤྱོད་པའོ། །དེ་ལྟ་བུའི་མཐུ་རྣམས ་ཀྱིས་ལོ་གསུམ་དུ་ཕྱེ་བས་ལེར?་གུར་དང་པོར་ཡི་གེ་ཨོཾ་མཆོད་ཅིང་ཡི་གེ་ཨོཾ་མཆོད་པར་འགྱུར་སྟེ། དེ་ནས་ལོ་དང་པོར་ནི་ལྷ་མོ་བཞི་མིང་དང་སྤེལ་པའི་ཞལ་བཞི་པའི་སྔགས་ཟླ་བ་གསུམ་གསུམ་དུ་ཕྱེ་བས་བཟླ་བར་བྱའོ། །ལོ་གཉིས་པ་ལ ་ནི་རྣལ་འབྱོར་མ་བརྒྱད་པོ་རྣམས་ཀྱིས་མིང་སྤེལ་བའི་རྐང་པ་བརྒྱད་པོའི་སྔགས་ཟླ་བ་ཕྱེད་དང་གཉིས་གཉིས་སུ་ཕྱེ་བས་བཟླའོ། །ལོ་གསུམ་པ་ལ་ནི་ལྷ་མོ་ཉི་ཤུ་རྩ་བཞི་པོ་རྣམས་ཀྱི་མིང་དང་སྤེལ་བའི་རང་རང་གི་སྔགས་ཀྱི་ཕྲེང་བར་རྣམས་བཟླས་ཏེ། ་སྔོན་དུ་བཤད་པའི་བསྒྲུབ་པའི་དོན་དུའོ། །ཇི་ལྟར་ལོ་གསུམ་དང་ལོ་དྲུག་དང་ལོ་དགུ་རུ་མཁའ་འགྲོ་མ་སུམ་ཅུ་རྩ་དྲུག་པོ་རྣམས་བསྒྲུབས་ཏེ། དེ་ནས་འཇིག་རྟེན་པའི་ལས་ཚོགས་རྣམས་ཀྱི་དངོས་གྲུབ་བསྒྲུབ་ན་སྔགས་པ་གྲུབ་པར་བྱེད་དོ་ཞེས་དེ་བཞིན ་གཤེགས་པས་ངེས་པ་གསུངས་སོ། །དེ་བཞིན་དུ་ནང་ལ་ཡང་ཟུང་བཞི་དང་ཐུན་མཚམས་བརྒྱད་དེ་ཆུ་ཚོད་ཕྱེད་དང་གསུམ་གྱི་བདག་ཉིད་ཕྱོགས་རེ་རེར་སྦྱར་ན་ཉི་ཤུ་རྩ་བཞིའོ། །དུས་ཚོད་དེ་རྣམས་སུ་སོ་སོའི་ཉིན་པར་རྣམས་ལ་རྡོ་རྗེ་མཁའ་འགྲོ་མ ་ལ་སོགས་པ་རྣམས་ལ་མཆོད་པ་བྱས་ཏེ། སྔར་བཤད་པའི་དངོས་གྲུབ་རྣམས་བསྒྲུབ་བོ། །དུས་ཀྱི་ཁྱད་པར་གྱིས་ཕོ་ཉ་མོ་རྣམས་ལ་མཆོད་བའི་ཆོ་ག་ངེས་པའོ། །ད་ནི་ཐེག་པ་ཆེན་པོའི་རྒྱུད་ལས་གསུངས་པའི་འབྲས་བུའི་ཁྱད་པར་བཤད་པ་དང། འདིར ་དུས་ཀྱི་ཁྱད་པར་བཅོམ་ལྡན་འདས་ཀྱིས་རྒྱུད་གཞན་དང་གཞན་ལས་གསུངས་པ་དེ་འདིར་སྡུད་པ་ཙམ་གྱིས་བཤད་དེ། འདིར་རྒྱུད་ལས་གསུངས་པའི་དགོངས་པ་རྣམས་ཁོང་དུ་ཆུད་པར་བྱ་བ་ནི་རྒྱུད་དེ་དང་དེས་ཁོང་དུ་ཆུད་པར་བྱའོ། །ཞེས་དེ་བཞིན ་གཤེགས་མས་གསུངས་སོ་།དེ་ལྟ་བུ་འདི་ནི་དུས་ཀྱི་ཁྱད་པར་རོ། །ད་ནི་དང་པོ་ཁོ་ནང་ཆུ་སྲིན་མ་ཀ་ར་ལ་སོགས་པར་གང་སྦྱར་བ་དེ་གདན་བཞིར་ནི་རོ་ཧི་ཏ་ལ་སོགས་པ་བཅུ་གཉིས་དང་ཆུ་ཚོད་རྣམས་དང། དགུན་ཟླ་ཐ་ཆུང་ལ་སོགས་པ་བཅུ ་གཉིས་པོ་གང་ཡིན་པ་རྣམས་དང། འདིར་མ་རིག་པ་ལ་སོགས་པ་བཅུ་གཉིས་པོ་རྣམས་ནི་དེ་བཞིན་དུ་ཕྱི་དང་ནང་གི་ལ་སོ་སོ་དང་ཉི་མ་སོ་སོ་ལ་འབྱོར་བ་བཅུ་གཉིས་ཏེ་ཆུ་ཚོད་ལན་ལྔའི་བདག་ཉིད་ནི་འབྱོར་པ་རེ་རེའོ། །ཆུ་ཚོད་དྲུག་ཅུ་ཐམ་པ་ལ ་ཆུ་ཚོད་ནི་དབུགས་དྲུག་ཙུ?་ཕྲག་དྲུག་ཅུའི་ཚད་ཀྱི་ཆུ་ཆུ་ཚོད་ཀྱི་སྣོད་གང་བའི་བདག་ཉིད་དོ། །འདི་ལྟར་ཉིན་མཚན་གཅིག་གིས་ནི་དབུགས་ཀྱི་འབྱུང་རྡུབ་རྣམས་བརྒྱ་ཕྲག་དྲུག་དང། སྟོང་ཕྲག་ཉི་ཤུ་རྩ་གཅིག་པོ་ནི་ཕྱི་རོལ་ཉི་མའི་ཆུ་ཚོད ་དང་དབུགས་རྣམས་ཏེ་དེ་ལྟར་ཉིན་མོ་དང་མཚན་མོའི་ཆུ་ཚོད་དྲུག་ཅུ་རྩ་བཞིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀྱེའི་རྡོ་རྗེས་གསུངས་པ་འདིར་ནི་ཆུ་ཚོད་ཀྱི་དབུགས་དྲུག་ཕྲག་ལྔ་བཅུ་རྩ་དྲུག་ལ་བཞི་བཞི་ལ་དགོངས་སོ། །དེ་ལ ་ཆུ་ཚོད་དྲུག་ཅུ་རྩ་བཞི་ནི་སྤྲུལ་པའི་འཁོར་ལོའི་བདག་ཉིད་དོ། །ཅུང་ཟད་སུམ་ཅུ་རྩ་གཉིས་ནི་བདེ་བ་ཆེན་པོའི་འཁོར་ལོའོ། །ཡང་དག་པར་འཕོ་བ་བཅུ་དྲུག་ནི་ཅུང་ཟད་གཉིས་གཉིས་ཀྱི་བདག་ཉིད་དོ། ལོངས་སྤྱོད་རྫོགས་པའི་འཁོར་ལོའི ་བདག་ཉིད་དོ། །ཐུན་མཚམས་བརྒྱད་ནི་ཆོས་ཀྱི་འཁོར་ལོའོ། །ལོངས་སྤྱོད་རྫོགས་པའི་འཁོར་ལོ་དང་།བདེ་བ་ཆེན་པོའི་འཁོར་ལོར་རིམ་པར་མ་སྨྲས་པ་རིམ་པར་སྦྱར་བ་ནི་འདིར་བླ་མའི་མན་ངག་ལས་ཤེས་པར ་བྱའོ། །དེ་ལྟ་བུ་ཉིན་མཚན་གྱི་དུས་ཀྱི་ཁྱད་པར་རྣམས་བསྡུས་པའི་རྒྱུད་དེ་དང་དེ་ལས་རིགས་པར་བྱའོ། །རྩ་བའི་རྒྱུད་རྒྱ་མཚོ་ཆེན་པོའི་མཚན་གྱི་མཆོག་ཅེས་བྱ་བ་ནི་རྒྱུད་ཁྲི་ལ་ལ་སོགས་བ་རྣམས་སུ་ཡང་གསུངས་པ་འདི་ལྟ་སྟེ། ཕྱི་རོལ་གྱི་ཉི ་མའི་ལོ་སོ་སོའི་ཉིན་བར་ཡང་དེ་བཞིན་ཏེ། ཉིན་མཚན་དེ་ནི་དུས་ཀྱི་ཁྱད་པར་བརྒྱ་ཕྲག་དྲུག་དང་སྟོང་ཕྲག་ཉི་ཤུ་རྩ་གཅིག་གི་དབུགས་ནི་ཕྱི་རོལ་གྱི་ཉིན་མཚན་གྱི་ཆུ་ཚོད་ཀྱི་ཚད་དོ། །དེ་དག་གི་ནང་གི་ནི་ཉི་ནས་མཚན་མོའི་དབུགས་ཏེ་ལུས་ཅན ་རྣམས་ཀྱིའོ། །དེ་ལྟ་བུའི་ཆུའི་ཚོད་དྲུག་ཅུ་པ་ཉིད་བརྒྱ་ཕྲག་གསུམ་དང་དྲུག་ཅུ་ནི་ཕྱི་རོལ་གྱི་ལོའི་ཉིན་མཚན་གྱི་ཚད་དོ། །ནང་གི་ནི་དྲུག་ཅུ་དྲུག་ཅུ་པ་སུམ་བརྒྱ་དྲུག་ཅུའི་དབུགས་ཀྱི་བདག་ཉིད་དོ། །དེ་དག་འདི་ལྟར་ཟླ་བའི་ངོ་བོ་ཉི་ཤུ་རྩ་གཉིས ་ལ་ཆུ་ཚོད་དགུ་བརྒྱ་དགུ་བརྒྱའི་བདག་ཉིད་དོ། །ནང་གི་ཡང་དེ་ལྟར་དབུགས་ཀྱི་ཆུ་ཚོད་དགུ་བརྒྱ་དགུ་བརྒྱའི་བདག་ཉིད་དོ། །དེ་དག་འདི་ལྟ་སྟེ། ཕྱི་རོལ་གྱི་བརྒྱ་ཕྲག་བཅོ་བརྒྱད་པོ་རྣམས་ནི་ཟླ་བ་བཅུ་གཉིས་སོ། །ཕྱི་རོལ་གྱི་སུམ་བརྒྱ་དྲུག་ཅུ ་བོ་ནི་ཆུ་ཚོད་དྲུག་ཅུ་པ་ཕྲག་སུམ་བརྒྱ་དྲུག་ཅུ་སྟེ་ལོའི་འོ། །ནང་གི་ནི་དབུགས་ཀྱི་ཆུ་ཚོད་དྲུག་ཅུ་པའི་བདག་ཉིད་དོ། །ཕྱི་རོལ་གྱི་ཆུ་ཚོད་པ་ནི་དང་ལྔ་དང་དྲུག་བསྡོམས་པའི་བདག་ཉིད་ཀྱིའོ། །ནང་གི་ནི་དབུགས་ཀྱི་ཆུ་ཚོད་བཞི་དང་ལྔ་དང་དྲུག ་ཏུ་བསྡོམས་པ་སྟེ། དབུགས་ཀྱི་བདག་ཉིད་ཀྱི་ཆུ་ཚོད་བཞི་དང་ལྔ་དང་དྲུག་པའོ། །ཕྱི་རོལ་གྱི་ཆུ་ཚོད་བདུན་ཕྲག་གཉིས་དང་དྲུག་གི་བདག་ཉིད་ནི་ཐུན་གསུམ་མོ། །ནང་གི་ཡང་བདུན་ཕྲག་གཉིས་དང་དྲུག་ཏུ་བསྡོམས་པ་སྟེ། དབུགས་ཀྱི ་ཆུ་ཚོད་བདུན་ཕྲག་གཉིས་དང་དྲུག་པའོ། །ཕྱི་རོལ་གྱི་སྟོང་ཕྲག་བཅུ་དང་དེ་ལས་གཞན་པའི་བརྒྱད་བརྒྱ་ནི་ཆུ་ཚོད་ཀྱི་བདག་ཉིད་དེ། བགྲོད་པ་གཉིས་པ་སོ་སོར་རེ་རེའོ། །ནང་གི་ཡང་སྟོང་ཕྲག་བཅུ་པོ་དེ་ལས་གཞན་པ་བརྒྱད་བརྒྱ་སྟེ། དབུགས་ཀྱི ་ཆུ་ཚོད་ཀྱི་བདག་ཉིད་དོ། །དེ་ལྟར་ཉིན་མོ་དང་མཚན་མོ་ཡིས་བརྒྱ་ཕྲག་དྲུག་དང་སྟོང་ཕྲག་ཉི་ཤུ་རྩ་གཅིག་ནི་ཕྱི་རོལ་གྱི་ཉིན་མཚན་སོ་སོའི་ཆུ་ཚོད་རྣམས་སོ། །ནང་གི་ཡང་ལུས་ཅན་རྣམས་སོ་སོའི་ཉིན་མཚན་གྱི་དབུགས་རྣམས་ཏེ། འདིར ་ནི་མི་རྣམས་གྱི་ལུས་པོ་དབུགས་འབྱུང་བ་དང་སྒྲུབ?་པའི་བསྐྱེད་བྱ་རིགས་དང། དབྱིབས་སྣ་ཚོགས་ཅན་རྣམས་ཀྱི་ཉིན་མཚན་གྱིའོ། །དེ་ལྟར་བུ་ནི་འདིར་དུས་ཀྱི་ཁྱད་པར་དུ་མངོན་པར་རྟོགས་པར་བྱའོ། །འདི་རྣམས ་ཀྱི་ཟླ་བ་གཅིག་ལ་ཡི་དགས་རྣམས་ཀྱི་ཉིན་མཚན་གཅིག་གེ། ལྷ་མ་ཡིན་རྣམས་ཀྱི་ལོ་གཅིག་ནི་ནོར་སྦྱིན་རྣམས་ཀྱི་ལོ་དྲུག་ཅུ་ཐམ་པར་འདུ་ཤེས་ཏེ། སེམས་ཅན་རྣམས་ཀྱི་དབུགས་ཀྱི་འཁོར་ལོ་བསྡུས་པའོ། །ལོ་དང་ཉིན་མཚན་དེ་ལྟ་བུའི་བདག་ཉིད་གསུངས་ཤིང་བཤད་སེམས ་ཅན་རྣམས་ཀྱི་དོན་གྱི་བྱ་བ་བྱེད་པའོ། །དེ་ལྟ་བུའི་དུས་གྱི་ཁྱད་པར་ཐམས་ཅད་ཀྱི་ཉོན་པར་སོ་སོ་པར་ཁོར་དུ་?་པར་བྱ་བ་རྒྱུད་དེ་དང་དེ་ལས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །འདི་ལྟར་རྩ་བའི་རྒྱུད་དུ་ཐོབ་པར་མ་གྱུར་ན་ཡང། འཁོར་ལོ ་སྡོམས་པར་གདན་བཞི་པའི་ལྷ་མོ་རྣམས་ཀྱི་དུས་ཀྱི་བྲེ་བྲག་ཤེས་པར་བྱ་སྟེ། རྒྱུད་འདིར་གསུངས་པ་ནི་གནས་ལ་སོགས་པར་རྣལ་འབྱོར་པ་རྣམས་ཀྱི་སྤྱོད་པ་ནི། ལོངས་སྤྱོད་པ་དང་ཐིམ་པ་དང། འཇུག་པ་རྣམས་སུ་མཁས་པ་རྣམས་ཀྱིས། ག ་པར་བྱ་སྟེ། ཕྱི་དང་ནང་གི་དུས་སུ་ཁྱད་པར་མཆོད་པའི་ཆོ་ག་ངེས་པ་ནའོ། །དེ་ནས་འོག་གི་གཞི་དང། མི་དང་།རླུང་དང། ཆུའི་དབུས་སུ་རི་རབ་པོ། །ཕྱོགས་བརྒྱད་ནི་མའི་ཐོད་པ་ཆེན་པོ་དང་ཤིན་ཏུ་དྲག་པའི་དུད་པ་ཅན་ནི་དུར་ཁྲོད་ཆེན་པོ་བརྒྱད་དེ། གསལ ་ཤིང་གི་རྩེ་མོར་བསྐྱོན?་པ་ནི་ཁའི་སྒོ་སྟེ་ཁྭ་གདོང་མའོ། །ལྷོར་ནི་རོ་ཚོགས་མ་སྟེ། སྣ་བུག་གཡས་པར་ནི་འུག་པའི་གདོང་མའོ། །ནུབ་ཕྱོགས་སུ་ནི་དྲིང?་བཅན་ཏེ། བཤད་པའི་སྒོར་ནི་ཁྱི་གདོང་མའོ། །བྱང་ཕྱོགས ་སུ་ནི་འཇིགས་པ་ཅན་ཏེ། སྣ་བུག་གཡོན་པའི་སྒོར་ནི་ཕག་གདོད་མའོ། །འདི་དག་ནི་གཡས་བསྐོར་དུ་བསྐོར་བར་བྱའོ། །དེ་ནས་དབང་ལྡན་དུ་ནི་བྱིས་པ་སྦས་པ་སྟེ། རྣ་བ་གཡོན་གྱི་སྒོར་ནི་གཤིན་རྗེ་མཆེ་བ་ཅན་མའོ། །རླུང་དུ་ནི་སྦྲུལ ་གྱིས་ཟིན་པ་སྟེ། རྣ་བ་གཡས་པའི་སྒོར་ནི་གཤིན་རྗེ་ཕོ་ཉ་མོའོ། །བདེན་བྲལ་དུ་ནི་དྲག་ཏུ་འཐབ་པ་སྟེ། མིག་གཡས་པར་གཤིན་རྗེ་མཆེ་བ་གཙིགས་མའོ། །མེ་མཚམས་སུ་ནི་མེ་ལྕེ་གྱེན་དུ་འབར་པ་སྟེ། མིག་གཡོན་པའི་སྒོར་ནི་གཤིན་རྡེ་འཛོམས ་མའོ། །རྣལ་འབྱོར་མ་འདི་དག་ནི་གཡོན་བསྐོར་དུ་བསྐོར་རོ། །དེ་ལྟ་བུར་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་རྣལ་འབྱོར་མ་རིམས་དང་རིམ་པ་མ་ཡིན་པར་གཡས་བསྐོར་དང་གཡོན་བསྐོར་དུའོ། །འཁོར་ལོ་འདུས་པ་ནི་འདི་དག་མཆོད་པ་ནི། འདི ་ལྟར་ལྟེ་བ་དང་སྙིང་གདང་མགྲིན་པ་དང་དཔྲལ་དབྱེས་རྣམས་སུ་ཡེ་ཤེས་དང་ཐུགས་དང་གསུང་དང་སྐུའི་འཁོར་ལོ་རྣམས་དང། ཁའི་སྒོ་ལས་སོགས་པའི་སྒོ་བརྒྱད་པོར་སྒོ་སྐྱོང་མ་རྣམས་ལའོ། །དེ་ལྟར་རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་པོ་རྣམས ་ཀྱི་ཕྱི་དང་ནང་གི་གནས་ཀྱི་བདག་ཉིད་རྣམས་བསྟན་ཏོ། །ད་ནི་ལོངས་སྤྱོད་པ་དང། ཐིམས་པ་དང། གནས་པ་དང། འཇུག་པ་དང། ཁྱབ་བདག་རྣམས་བཤད་དེ་འདིར་རིགས་ལྡན་མ་ལ་སོགས་པ་རྣམས་ཀྱི་ཐམས་ཅད་དུ་རིགས་ལྡན་མའི་ལོངས ་སྤྱོད་པ་དང། ཐིམ་པ་དང། འཇུག་པ་དང། ཁྱབ་བདག་རྣམས་ནི་བདག་གི་གདན་ལ་སོགས་པ་དང་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱི་རིམ་པ་ཇི་ལྟ་བར་བདག་གི་གདན་ལ་སོགས་པའོ། །འདིར་བདག་གི་གདན་ནི་ལོངས་སྤྱོད་པའོ། །གཞན ་གྱི་གདན་ནི་ཐིམ་པའོ། །དེ་ཁོ་ན་ཉིད་ཀྱི་གདན་ནི་འཇུག་པའོ། །སྔགས་ཀྱི་གདན་ནི་ཁྱབ་བདག་གོ་།གཞན་གྱི་གདན་ནི་ལོངས་སྤྱོད་པའོ། །སྔགས་ཀྱི་གདན་ནི་ཐིམ་པའོ། །བདག་གི་གདན་ནི་འཇུག་པའོ། །དེ་ཁོ་ན་ཉིད་ཀྱི་གདན་ནི་ཐིམ་པའོ།། ་གཞན་གྱི་གདན་ནི་འཇུག་པའོ། །བདག་གི་གདན་ནི་ཁྱབ་བདག་གོ་།དེ་ཁོ་ན་ཉིད་ཀྱི་གདན་ནི་ལོངས་སྤྱོད་པའོ། །བདག་གི་གདོན་ནི་ཐིམ་པའོ། །སྔགས་ཀྱི་གདན་ནི་འཇུག་པའོ། །གཞན་གྱི་གདན་ནི་ཁྱབ་བདག་གོ་།དེ་ཁོ་ན་ཉིད་ཀྱི་བདག་ཉིད ་ཀྱི་གདན་ནི་ཁྱབ་བདག་གོ་།སྔགས་ཀྱི་གདན་ནི་ལོངས་སྤྱོད་པའོ། །འདི་དག་ནི་ཐུན་མཚམས་བཞིར་ཕྱེ་བས་ཕོ་ཉ་མོའི་ཀུན་ཏུ་སྤོང་པ་འཁོར་ལོ་འདུས་པ་སྟེ། ལྟེ་བར་ཡེ་ཤེས་ཀྱི་འཁོར་ལོ་ལ་གཡས་སྐོར་དུ་སྐོར་བའོ། །རིགས་ལྡན་མའི་དེ ་ཁོ་ན་ཉིད་ངེས་པ་ཞེས་བྱ་བ་ཨོཌཡ་ཎ་དུ་གྲུབ་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་དཱི་པཾ་ཀ་རའི་ཞལ་སྔ་ནས་བསྐྱར་ཅིང་གཏན་ལ་ཕབ་པའོ།། །། *། །རྡོ་རྗེ་རྣལ་འབྱོར ་