CLOSE WINDOW

N1055: dpal rdo rje rnal 'byor ma'i sbyin sreg gi cho ga
Wyliee-texts based on the ACIP/ALL Input

རྡོ་རྗེ་རྣལ་འབྱོར་མའི་སྦྱིན་སྲེག་གི་ཆོ་ག་བཞུགས་སོ།། །།*། །རྒྱ་གར་སྐད་དུ། ཤྲཱི་བཛྲ་ཡི་གེ་ནི་ཧོ་མ་བི་དྷི། བོད་སྐད་དུ། དཔལ་རྡོ་རྗེ་རྣལ་འབྱོར་མའི་སྦྱིན་སྲེག་གི་ཆོ་ག་།དཔལ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ། །དང་པོར་རེ་ཤིག ་དཔལ་རྡོ་རྗེ་རྣལ་འབྱོར་མའི་བཞེད་པས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལས་ཀྱི་ཚོགས་དང། དངོས་གྲུབ་བསྒྲུབ་པའི་དོན་དུ་སྦྱིན་སྲེག་གི་བྱ་བ་བྱེད་པར་འདོད་པའི་སྔགས་པས། གྲུ་གསུམ་པའི་རྣམ་པ་ཅན་གྱི་ཐབ་ཁུང་གི་རྒྱ་ཁྱོན་གྱི ་ཕྱེད་ཐུར་དུ་བརྐོས་པ་ཕྱི་སྐོར་དང་བཅས་པ་དམར་བ་ལ་སོགས་པའི་མདོག་དང་ལྡན་པ་ལེགས་པར་འཕྱོས?་པ་བྱས་ལ། ནུབ་ལ་སོགས་པར་བལྟས་པའི་ཚུལ་གྱིས་འདུག་ལ། མཆོད་གྱིས་ཡོ་བྱད་ལྔས་མཆོད་དེ་ཐབ་ཁུང་དུ་བསྲེག་ཅིང་བཀོད་ནས་ཡི ་གེ་རཾ་གྱི་ས་བོན་ལས་སྐྱེས་པའི་མེ་ལྷ་མདོག་དམར་པོ་རིལ་པ་སྤྱི་བླུགས་དང་མི་འཇིགས་པ་སྦྱིན་པ་དང། དབྱིག་པ་དང་བགྲང་ཕྲེང་ལག་ན་འཛིན་པ་རྣམ་པར་བསྒོམ་པར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་དགུག་པ་ལ་སོགས་པ་བྱས་ནས་ཡང ་དག་པར་མཆོད་དེ། དེའི་ལྕེའི་རྩེ་མོར་རི་བཀོད་ནས་བདུད་རྩི་ལྔ་ལ་སོགས་པའི་རྫས་དང། འཇིག་རྟེན་པའི་རྫས་རྣམས། ཨོཾ་ཨགནེ་དེ་བ་ཏ་སྭཱཧཱ་།ཞེས་བྱ་བའི་སྔགས་འདིས་སྦྱིན་སྲེག་བྱས་ནས་སྔགས་དེ་ཉིད་ཀྱིས་དགང་བླུགས་དབུལ་པར་བྱའོ།། ་དེ་ནས་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་སྔགས་ཀྱི་མེ་ལྷའི་དཀྱིལ་འཁོར་དུ་དཀྱིལ་འཁོར་གྱི་འཁོར་ལོ་ལྷག་པར་མོས་པར་བྱས་ནས་མཆོད་པ་ལ་སོགས་པ་བྱས་ཏེ། བདུད་རྩི་ལྔ་ལ་སོགས་པའི་རྫས་རྣམས་ཀྱི་ལྷ་མོ་འམ་ལྷ་རྣམས་ལ ་སྔགས་ཀྱིས་སྦྱིན་སྲེག་བྱའོ། །ཞི་ལ་སྲེག་རྫས་དམར་སོགས་ཏེ། །རྒྱས་བ་ལ་ནི་མངར་ཉིད་དོ། །དབང་ལ་དངར་དང་ལན་ཚྭ་ཉིད། །དྲག་པོ་ཚྭ་ཉིད་ཁ་སོགས་ཀྱིས། །ཞི་ལ་གཟུགས་ནི་དཀར་པོ་སྟེ། །རྒྱས་པ་ལ་ནི་སེར་པོ ་བསྒོམ། །དབང་ལ་དམར་པོ་ཞེས་བྱར་བརྗོད། །དྲག་པོ་ནག་པོར་རབ་ཏུ་གྲགས། །དངོས་གྲུབ་སྒྲུབ་པའི་དུས་སུ་ནི། །ཁ་དོག་དམར་པོ་རྣམ་པར་བསྒོམ། །དེ་ལྟར་བྱས་ནས་དཀྱིལ་འཁོར་གྱི་འཁོར་ལོ་རང་གི་ལུས་ལ་བཅུག་ནས། །གཏོར་མ་བཏང ་ཏེ་ཚོགས་ཀྱི་འཁོར་ལོའི་ཚུལ་དུ་འཇིག་རྟེན་ལས་འདས་པའི་མཆོད་པ་བྱས་ནས། རང་མངོན་པར་འདོད་པའི་དངོས་གྲུབ་ཞུ་བར་བྱའོ། །བསྟན་པར་བྱ་མིན་སྦྱིན་སྲེག་འདི། །རབ་ཏུ་འབད་པས་སྦ་བར་བྱ། །དེས་ན་དངོས་གྲུབ་སྐྱེ་འགྱུར་གྱིས། ་གཞན་དུ་གྲུབ་ལ་བརྟེན་མི་འགྱུར། །ཡང་དག་དང་པས་རྗེས་སྦྱར་བ། །ཡིད་བཞིན་ནོར་བུ་ལྟ་བུའི་སྔགས། །ཕྱག་རྒྱ་ཆེན་པོ་འདོད་པ་ཡིས། །དད་ལྡན་རྣམས་ལ་བསྟན་པར་བྱ། །དཔལ་རྡོ་རྗེ་རྣལ་འབྱོར་མའི་བཞེད་པ་ལས་གསང་བའི ་སྦྱིན་སྲེག་གི་ཆོ་ག་སློབ་དཔོན་ཆེན་པོ་གསོད་སྙོམས་པའི་སློབ་མ་རྒྱལ་བས་བྱིན་གྱིས་ཚ་བ་སངས་རྒྱས་བྱིན་གྱིས་མཛད་པ་རྫོགས་སོ།། །།བལ་པོའི་པཎྜི་ཏ་བྷ་རེནྡྲ་རུ་ཙེ་དང། བོད་ཀི་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས ་བསྒྱུར་བའོ།། །།འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག་།*། །རིགས་ལྡན་མའི་དེ་ཁོ་ན་ཉིད་ངེས་པ་བཞུགས་སོ།། །།*། །རྒྱ་གར་སྐད་དུ། ཀུ་ལི་ཀ་མནྟཏ་ཏྭཱ་ནིརྞཱ་མ། བོད་སྐད་དུ། རིགས་ལྡན ་