CLOSE WINDOW

N1054: dbu bcad ma'i sgrub thabs zhes bya ba
Wyliee-texts based on the ACIP/ALL Input

*། (།དབུ་བཅད་མའི་སྒྲུབ་ཐབས་བཞུགས་སོ།།)་།། *། །རྒྱ་གར་སྐད་དུ། ཚིནད་མུཎྜ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དབུ་བཅད་མའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །བདེ་སྦྱིན་བཅོམ་ལྡན་འདས་ཕག་མོ། །གཡས ་བརྒྱད་ཞབས་ཀྱིས་ཡང་དག་མནན། །ཁམས་གསུམ་རང་བཞིན་གསུམ་སྤྱན་གསུམ། །དེ་ལ་རྟག་ཏུ་ཕྱག་འཚལ་ལོ། །ཇི་ལྟར་བླ་མའི་མན་ངག་ལྟར། །ཁམས་གསུམ་པ་ཡི་རང་བཞིན་ཕྱིར། །ཉི་མེ་གཞོན་ནུའི་འོད་འཕྲོ་བ། །དེ་ཡི་སྒྲུབ་ཐབས་བདག་གིས་བརྗོད། །མཚན་མ ་གཅིག་པ་འམ་དུར་ཁྲོད་དམ། །ཁང་སྟོང་དུ་ནི་དུས་རྟག་ཏུ། །རིག་མ་སྲིད་གསུམ་མཐར་མཛད་མ། །དེ་ནི་རྣལ་འབྱོར་པས་བསྒྲུབ་བྱ། །འབོལ་བསྟན་འཇམ་ལ་གནས་པ་འམ། །འཇམ་པའི་བསྟན་གཞན་དག་ལ་ཡང། །ཡང་དག་བརྟེན་ཏེ་གནས་ནས་ནི། །དངོས་གྲུབ ་དམ་པ་བསྒྲུབ་པར་བྱ། །དེ་རྗེས་ཡིག་གསུམ་སྔགས་ཀྱིས་ནི། །མངོན་པར་བསྔགས་པའི་དམ་ཚིག་ཆུས། །མཆོད་རྫས་དག་ལའང་བསང་གཏོར་བྱ། །སྔགས་དེ་ཉིད་ཀྱིས་ཁྲུས?་བྱས་ཏེ། །དེ་ཡི་རྗེས་ལ་གོ་བགོའོ། །ཡན་ལག་ཉིད་ལག་ཐམས་ཅད་ལ། །གཡོན ་གྱིས་ལག་པ་ནས་བརྩམས་ནས། །ོཾ་གཾ་ཧཾ་ཡོཾ། ཧྲིཾ་མོཾ་ཧྲེཾ་ཧྲིཾ། ཧཱུཾ་ཧཱུཾ། ཕཊ་ཕཊ། ཅེས་པའི་སྔགས་ཀྱི་ཡི་གེ་རྣམས། །ལག་པ་གཡོན་པའི་རྩེ་མོ་ཡིས། །དང་པོ་ལྟེ་བ་ནས་བརྩམས་ནས། །བརྗོད་བྱ་དེ་ནས་དག་གསུམ་མོ། །ོཾ་སྭ་བྷཱ་བ་ཤུདྡྷ:སརྦབ་དྷརྨམ: ་སྭ་བྷཱ་བ་ཤུདྡྷོ?་ཧཾ། ཨོཾ་བཛྲ་ཤུདྡྷ(རྒྱུད་འགྲེལ་བའི་རྣམ་པའི?་རྣལ་འབྱོར་གྱིས། །དེ་རྗེས་གསུམ་པོ་མཉམ་པར་བཞག། གནས་གསུམ་ལ་ནི་བསྒོམ་བྱའོ། །འོད་ཟེར་རྣམ་པར་སྤྲོས་པ་ལས། །སྲིད་གསུམ་ལ་གནས་སེམས་ཅན་རྣམས། །གསལ་བར་བྱས་ཏེ་དེ་ནས་ཡང། །ཉེ་བར་བསྡུ ་བའི་སྒོམ་པ་ལས། །སྣ་ཚོགས་ཀུན་ཏུ་སྟོང་བར་བྱའོ། །དག་པ་ཡི་ནི་ཤེལ་ལྟ་བུར། །གཉིས་མེད་ཡེ་ཤེས་རང་བཞིན་ནོ། །དེ་རྗེས་སྟོང་སོགས་རང་བཞིན་གྱིས་།རྒྱལ་བའི་སྔགས་ཀྱིས་བྱིན་གྱིས་བརླབས། །དེ་ནས་ནམ་མཁའ་བསྒོམ་བྱ་བ། །ཧྲཱི:དམར་པོ ་ལས་འདམ་སྐྱེས་སོ། །ཡང་ནི་དེ་སྟེང་བསྒོམ་བྱ་བ། །ཟླ་བ་ཉི་མ་མེ་དེར་བལྟ། །དེ་དཀྱིལ་ཡང་ནི་བསྒོམ་བྱ་བ། །བམ་ཡིག་སྣ་ཚོགས་མདོག་ལྟ་བུ། །དེ་ནས་བཾ་སྐྱེས་བལྟ་བྱ་བ། །གྲི་གུག་བཾ་གྱིས་བརྒྱན་པའོ། །གྲི་གུག་ཡོངས་གྱུར་བསྒོམ་བྱ་བ། །སྤྲོས་ལས་བདག་ཉིད ་རྣལ་འབྱོར་ནི། །རྡོ་རྗེ་ཡི་ནི་རྣལ་འབྱོར་མ། །གཟུགས་གསུམ་ཁ་དོག་གསུམ་ལྡན་པ། །ལྗང་གུ་དམར་སེར་སེར་མོ་སྟེ། །གྲི་གུག་ཐོད་པ་འཛིན་པའོ། །དབུ་སྐྲ་གྲོལ་ཞིང་གཅེར་བུ་ལ། །དམར་ཞིང་ཟླུམ་པའི་སྤྱན་གསུམ་པ། །ལང་ཚེ་གཞོན་ནུ་ཡང་དག་ལྡན།། ་ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །ཞལ་གཅིག་ཕྱག་གཉིས་མཛེས་མ་སྟེ། །མི་བཟད་དྲག་ཏུ་བཞད་ཅིང་དཔའ་། །བདེ་བའི་ཞབས་གཡས་བརྐྱང་མི་བཟད། །མགོ་བོའི་ཕྲེད་བ་རབ་ཏུ་སྦྱངས། །རྡོ་རྗེ་གྲི་གུག་གིས་བདག་དབུ། །བཅད་ནས་སྐུ་སྟེང་སྤྱངས་པའོ།། ་གཡས་པ་རྡོ་རྗེ་གྲི་གུག་དང། །གཡོན་པས་སྐྲ་ཕྱེད་ཀྱིས་གཡོགས་པ། །དབུ་ཡི་སྟེང་དུ་ཐོད་པ་དང། །དབུ་སྐྲ་ཕྱེད་བཟུང་འོག་བལྟས་ཞལ། །ཁ་ཊཝཱཾ་ག་འཛིན་སེར་མོ་དང། །གུར་གུམ་དམར་པོ་མཉམ་པར་ལྡན། །དུས་མཚན་མ་ནི་མཉམ་པར་མནན། ། ་རྣལ་འབྱོར་པ་ཡིས་རྟག་བསྒོམ་བྱ། །ལམ་གསུམ་ནས་ནི་ཁྲག་འཛག་ཅིང། །ཟླ་བ་ཉི་མ་ནམ་མཁའ་ལྟར། །གཡོན་དང་གཡས་དང་དེ་བཞིན་དབུས། །རྩ་གསུམ་ནས་ནི་བྱུང་ནས་ནི། །རྟག་ཏུ་འབྱུང་བར་བསྒོམ་པར་བྱ། ། བ་དྷུ་ཏཱི་གྱེན་དུ་འགྲོ་།གཡོན ་དང་གཡས་ཀྱི་རྩ?་གཉིས་ཀྱང། །དེ་ལྟར་མྱུར་དུ་བསྒོམ་པར་བྱ། །སྐུ་གསུང་ཐུགས་ཀྱི་རང་བཞིན་གྱིས། །རྩ་གསུམ་གྱི་ནི་ངོ་བོར་གནས། །ཤེས་རབ་ངོ་བོ་ལ་ལ་ན། །ར་ས་ནཱ་ནི་ཐབས་སུ་གནས། །དབུས་གནས་ཨ་བ་དྷུ་ཏཱི་ནི། །བདེ་ཆེན་རྣམ་པའི་རང ་བཞིན་ནོ། །དེ་དག་ཐུན་མཚམས་གསུམ་དུ་བསྒོམ། །སྣ་ཚོགས་གཟུགས་ནི་རིན་ཆེན་བཞིན། །ཇི་ལྟར་སྡང་ཕྱི་རིམ་བཞིན་དུ། །དེ་ནས་སྔགས་བཏུ་བཤད་པར་བྱ། །སྔགས་པས་གཙང་མའི་ས་ཕྱོགས་སུ། །གནས་ཏེ་དེ་ནས་སྔགS ་བརྗོད་ནས། །རིགས་བྱེད་སྔོན་གསུམ་དང་པོར་གཞག་།འདོད་པའི་སུམ་ཅུ་གཉིས་པ་བླང། །ཉི་ཤུ་གསུམ་པ་དེ་བཞིན་དུ། །ཉི་ཤུ་བདུན་པ་མགོ་སྟེང་སུའོ། །ཡང་ནི་ཉི་ཤུ་གསུམ་པ་བཟུང། །དབྱངས་ཡིག་ལྔ་པ་འོག་ཏུ་སྦྱར།། ་ཐ་རྒྱབ་ཡི་གེ་ཡང་དག་བླང། །ད་རྒྱབ་འོག་ཏུ་སྦྱར་བར་བྱ། །དེ་རྗེས་བཅུ་གསུམ་པ་སྦྱིན་བྱ། །དབྱངས་ཡིག་གཉིས་པ་ཡང་དག་སྦྱར། །དང་པོའི་ཡི་གེ་བླང་བྱས་ལ། །དབྱངས་ཡིག་གསུམ་པ་སྦྱར་བར་བྱ། །དེ་ནས་ཉི་ཤུ་བ་བྱིན་ལ། །དབྱངས་ཡིག་བཞི་པས ་བརྒྱན་པར་བྱ། །དེ་ནས་ཉི་ཤུ་དྲུག་པ་གཟུང། །བཅུ་གཅིག་པ་དང་ལྡན་པར་བྱ། །ཡང་ནི་ཉི་ཤུ་གསུམ་བ་སྦྱར། །བརྒྱད་པ་ཡང་ནི་བླང་བྱས་ལ། །འོག་ཏུ་ཉི་ཤུ་བདུན་བ་སྦྱར། །སུམ་ཅུར་གཅིག་གིས་མ་ཆེད་བ། །བཅོ་ལྔ་པ་ནི་བརྩེགས་པར་བྱའོ། །ཉི་ཤུ ་བདུན་པ་མགོ་བོར་བཞག་།ཡང་ནི་དྷ་རྒྱབ་སྦྱིན་བྱས་ལ། །བཞི་པ་ཡིས་ནི་བརྒྱན་པར་བྱ། །ར་ཡིག་འོག་མ་གཟུང་བྱས་ལ། །བཅུ་གཅིག་པ་ཡིས་བརྒྱན་བར་བྱ། །ཡང་ནི་ཉི་ཤུ་གསུམ་པ་གཟུང། །ཙ་ནས་བགྲངས་པའི་གསུམ་པ་ལ། །འོག་ཏུ་ཉི་ཤུ ་བདུན་པ་སྦྱར། །ཕ་རྒྱབ་ཡི་གེ་བླང་བྱས་ལ། །དབྱངས་ཡིག་བཅུ་གཉིས་པ་ཡིས་བརྒྱན། །པ་ནས་དྲངས་པའི་བདུན་པ་ལ། །བཅུ་གསུམ་པ་ཡིས་བརྒྱན་པར་བྱ། །དྲུག་པ་བཅུ་ཕྲག་གཉིས་པ་སྦྱིན། །རྒྱུ་མའི་ས་བོན་གྱིས་བརྒྱན་བྱ། །དེ་རྗེས་རླུང་གི་ས ་བོན་སྦྱིན། །བཅུ་གཅིག་པ་དང་ལྡན་པར་བྱ། །སུམ་ཅུ་གསུམ་པ་ལན་གསུམ་བྱིན། །དབྱངས་ཡིག་དྲུག་པ་མཉམ་ལྡན་པ། །ནཱ་ད་ཐིག་ལེར་ཡང་དག་ལྡན། །ཕཊ་ནི་ལན་གསུམ་སྦྱར་བར་བྱ། །ཡང་དག་རྫོགས་པའི་དངོས་གྲུབ་སྔགས། །མཁའ་པས ་གསང་བའི་གནས་སུ་ནི། །?་སུ་ཕྲེང་ལ་བསྒོམ་པ། །སྤྲོ་དང་བསྡུ་བའི་རྣལ་འབྱོར་གྱིས། །སྔགས་མཆོག་ཡང་དག་བཟླ་བར་བྱ། །སྔགས་རྣམས་གསལ་བའི་རྣལ་འབྱོར་ནི། །ལས་ཇི་བཞིན་དུ་སྦྱར་བར་བྱ། །ཁྱོད་ནི་ན་སྐྱེས་པ་བསྒྲུམ་པ་བཞིན། །འབད ་པ་ཡིས་ནི་གསང་བར་བྱ། །སྦྱིན་མིན་གང་སུ་གང་ལ་ལར། །ཤིན་ཏུ་གསང་སྟེ་དེ་བཞིན་དུ། །ལེགས་བར་བརྟགས་ཏེ་སྦྱིན་པར་བྱ། །གུས་མེད་གཡོ་དང་ལྡན་ཞིང་གཏུམ། །སློབ་དཔོན་བླ་མ་གཞན་སྨོད་ལ། །གཏོང་དང་མི་ལྡན་རྟོག་བ་ཆེ། །བརྟགས་ཏེ ་སྦྱིན་པར་མི་བྱའོ། །བླ་མ་ལ་གུས་རྟོག་པ་མེད། །རྟག་ཏུ་ཆོས་ལ་དགའ་ཞིང་གཙང། །དད་བས་ཡང་དག་གང་གྱུར་ཅིང། །བཟོད་ལྡན་བློ་དང་ལྡན་པ་ལ། །བསྒྲུབ་པའི་རྣལ་འབྱོར་ཆོས་གསུངས་པ། །སྔགས་བཏུབ་ནི་སྦྱིན་པར་བྱ། །རྣལ་འབྱོར་སྤྱོད་པའི་རྗེས ་འབྲངས་ཏེ། །དེ་ནས་མཆོད་པའི་ཆོ་ག་བཤད། །ཕྲེང་བ་གསུམ་གྱིས་བསྐོར་བ་ཡིས། །སུམ་འགྱུར་གྱིས་མཚན་མཚན་པ་སྟེ། །ེ་ཡི་ལྟེ་བའི་དཀྱིལ་འཁོར་དུ། །ལེགས་པར་རྫོགས་ཤིང་གྲུབ་སྔགས་དགོད། །རྣལ་འབྱོར་པ་ཡིས་བརྟག་བསམས ་པ། ཁྱད་པར་དུ་ནི་མཆོད་པའི་དུས། །དཀར་ནག་དུས་ཀྱིས་ཚེས་བཅུ་དང། །བརྒྱད་དམ་ཡང་ན་བཅུ་བཞི་ལ། །མཆོད་པ་ལྔ་དང་ལྡན་པ་ཡིས། །ལག་གཡོན་གྱིས་ནི་མཆོད་པར་བྱ། །བཟའ་དང་སྟོན་མོ་དེ་བཞིན་བཏུང། །ཕྱི་དང་གསང་བ་དེ་བཞིན ་དུ། ཙན་དན་དམར་པོས་ལེགས་པར་བྱུག་།གུར་གུམ་ག་བུར་ཨ་ཀ་རུས། །བསྒོས་པ་ཡིས་ནི་དམ་ཚིག་ཆུས། །ལེགས་པར་གསེར་སོགས་སྣོད་དག་ཏུ། །སིནདྷུ་ར་བཟང་བྱེ་མ་ནི། །རས་ཀྱི་ནང་དུ་བཙགས་ཏེ་དགྲམ། །གསེར་ལས་བྱས་པའི་མྱུ་གུ་ཡིས?།། ་མཁས་པ་ཡིས་ནི་ཆོས་འབྱུང་གིས། །དཀྱིལ་དུ་སྔགས་ཀྱི་རྒྱལ་པོ་ནི། །ཕྲེང་བ་གསུམ་ནི་ལེགས་པར་བྲི། །ཕྱི་རུ་མི་བཟའ་འཁོར་བ་ཡི། །ཁ་དོག་སྣ་ཚོགས་ཆེར་འབར་བའོ། །ཤིན་ཏུ་གསང་བས་དུས་གསུམ་ཏུ། །སྐྲ་བཤིག་གཅེར་བུར་བྱས ་ནས་ནི། །སྔགས་པས་ནུབ་ཕྱོགས་ཁ་བལྟས་ཏེ། །རྩོལ་བས་བསམ་གཏན་ལ་བརྟེན་ནས། །གྲོལ་བས་གྲུབ་པའི་དོན་གྱི་ཕྱིར། །འབད་པ་ཡིས་ནི་མཆོད་པར་བྱ། །དྲི་དང་སྤོས་ནི་དྲི་ཞིམ་སོགས། །དེ་བཞིན་ལྷ་བཤོས་རབ་དབྱེས་མཆོད། ་ཨཱ་ལི་ཕལ་གུ་ཕལ་དྲ་ནེ། །ཁ་ཆེ་ཙན་དན་དམར་པོ་དང། །དྲི་ཞིམ་པ་ཡི་ཙན་དན་དང། །དེ་བཞིན་ཨ་ཤྭ་ཀའི་མེ་ཏོག་།ཀུ་མུ་ཏ་ཀ་ན་བི་ར། །དེ་བཞིན་མེ་ཏོག་སྣ་ཚོགས་པ། །ཁ་དོག་དན་དུ་ལ་འབྲས་བུ། །སྐུད་པ་མེ་ཏོག་རབ་དབྱེ་བS། །མཆོད་པར་བྱའོ ་གནས་རིམ་བཞིན། །དྲི་ཞིམ་སྤོས་དང་མེ་ཏོག་ཀྱང། །དེ་ཚེ་ཇི་ལྟའི་རིམ་བཞིན་མཆོད། །བཏུང་དེ་བསྟོད་པའི་དབྱེ་བ་དང། །ཕྱག་འཚལ་ནས་ནི་བཟོད་པར་གསོལ། །དེར་ནི་དེ་བཞིན་རྣལ་འབྱོར་པས། །དེ་བཞིན་གཞོན་ནུ་མ་མཉེས་བྱས། །རྣལ་འབྱོར ་གྲུབ་པའི་དོན་གྱི་ཕྱིར། །གཏོར་མའི་སྔགས་ནི་རབ་བརྗོད་བྱ། །ོཾ་ཨ་རལླི་ཧེ:ཛ:ཧཱུཾ་བཾ་ཧོ:བཛྲ་ཌཱ་ཀི་ནི་ས་མ་ཡ་སྟཝཾ་དྲི་ཤྱ་ཧོ་ཞེས་པ་ལན་གསུམ་མམ། བཞི་འམ། ལྔའི་བར་དུ་བརྗོད་པར་བྱའོ། །རིམ་དང་རིམ་པ་མིན་པ་ཡིས། །ཐོད་པ་རུ་ནི ་སྦྱིན་པར་བྱ། །རྡོ་རྗེ་ཐལ་མོ་ཁ་གྱེན་དུ། །ཕྱེ་ལ་སྔགས་འདི་བརྗོད་པར་བྱ། །ོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦབ་ཡཀྵ་ཡཀྵ་ས་ཕུ་ཏ་པྲེ་ཏ་པི་ཤཱ་ཙ་ཨུནྣ་ད་ཨ་པ་སྨྲ་ར་ཌཱ་ཀི་ནྱ་ད་ཡ། ཨི་མཾ་པ་ལིཾ་གྲིཧྞ་མ་མ་ས་མ་ཡ་རཀྵ་རཀྵཾ་དུ་ཡ་ཐེ་བཾ་ཡ་ཐེཥཌཾ་བྷུཉྫ་ཐ་པི་བ་ཐ་ཛི་གྲ ་ཐ་མ་ཏི་ཀྲ་མ་ཐཱ་མ་མ་སརྦ་ཀརྟ་ཡ་སཚུ་ཁཾ་བི་བྲིདྡྷི་ཡེ་ས་ཧ་ཡི་ཀཱ་བྷ་བཾ་ཧུ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཆོས་བརྒྱད་དང་ནི་བཅུ་བཞི་ལ། །ཐུན་མཚམས་གསུམ་དུ་རབ་ཏུ་དབུལ། །བློ་དམན་གྱུར་ཀྱང་སྒྲུབ་པའི་ཐབས། །སྡོམ་པ་རྒྱ་མཚོ་ལ་བཏུད་ནས། །དོན་སྒྲུབ ་ཐབས་ནི་འདི་ཁོ་ནི། །བི་རྦ་པ་ཡིས་འདི་བྱས་ཏེ། །སྐྲ་ཡིག་ལེགས་པར་མ་རྫགས་ཀྱང། །མཁའ་འགྲོ་མ་རྣམས་བཟོད་པར་རིགས། །འདི་ནི་རྣལ་འབྱོར་མའི་མན་ངག་གསང་བ་ལས་ཤིན་ཏུ་ཆེས་གསང་བ་ཤིན་ཏུ་སྦ་བར་བྱའོ། །དབུ ་བཅང་མའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་བིརྦ་པས་མཛད་པ་རྫོགས་སོ།། །།བལ་པོའི་པཎྚི་ཏ་བྷ་རེནྡྲ་རུ་ཙེ་དང། བོད་ཀྱི་ལོ་ཙ་བ་རྨ་ཆོས་འབར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།སརྦ་མངྒ་ལཾ།། ་